CLOSE WINDOW

Gpb034.026: yi ge 'bru bshad las kyi 'khor lo
Wyliee-texts produced with BDRC’s OCR application

མངོན་སུམ་དུ་སྙིང་འབྱིན་ནོ།། །། རྒྱ་གར་སྐད་དུ། དུན་ཏེ་མི་ལེ་ཀར་མ་ཙཀྲ། བོད་སྐད་དུ།། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ། དཔལ་ཀུན་ཏུ་བཟང་པོ་རྟོག་པ་མངོན་དུ་གྱུར་པའི་སངས་རྒྱས་ལ་ཕྱག་འཚལ ་ལོ།། འདས་པའི་དུས་མ་བྱོན་པའི་སྔོན་རོལ་ན།། གཞི་ལྷུན་གྱིས་གྲུབ་པ་རྒྱ་ཡོངས་སུ་མ་ཆད་པ་ཞེས་བྱ་བ།། ཀུན་གྱི་གཞི་ས་ཆེན་པོ། མི་ཟད་པའི་མཛོད་ཆེན་པོ། སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས།། ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་སྒོ། ལོངས་སྐུ་འབྱུང་བའི་དུས་ས། རྒྱུད་ལུང་ཐམས་ཅད་བསྐྱེད་པའི་མ། བསྟན་པ་བསྐྱེད་པའི་ཕྱེ་མོ། སྟོན་པ་འབྱུང་བའི་འབྱུང་ས། མ་རྨོས་པའི་ལོ་ཏོག། མ་བསྐྱེད་པའི་འབྲས ་བུ།། དུས་གསུམ་གྱི་ཕ་མ། ཅང་ཤེས་ཀྱི་རྟ་ཕོ། རང་བྱུང་གི་མི་ཕོ། སྟོབས་ཀྱི་གླང་པོ། ནོར་བུ་རིན་པོ་ཆེ། ཐམས་ཅད་སྐྱེད་པའི་བཙུན་མོ་དམ་པའི་དཔལ། དེ་སྤྲུལ་ནས་སྤྱོད་པའི་འཁོར་ལོ། ཐམས ་ཅད་འཁོར་ལོ་སྒྱུར་བའི་བློན་པོ།། བདེ་བ་ཆེན་པོའི་འབྱུང་གནས།། འགག་པ་མེད་པ་ཆེན་པོ་དེ་ནས། དང་པོའི་སངས་རྒྱས་གཞི་མ་དེ་ནི་ཡི་གེ་ཨ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། སྣང་བ་དབྱིབས་ཀྱི་ཨ་དང་གྲག་པ་སྒྲ་ཡི་ཨ།། མཚོན་པ་ཚིག་གི་ཨ་དང་བཀོད་པ་ཡི་གེའི་ཨ།། ཡེ་ཤེས་ཡང་དག་གཞི་ཡི་ཨ།། འདི་ནི་ཡང་དག་གཞི་ཡི་ཨ།། ཨ་ནི་སྐྱེ ་མེད་ནམ་མཁའ་དྲ།། ནམ་མཁའི་ངང་ལས་ཨ་བྱུང་བས།། ཨས་ནི་ཚིག་འབྲུ་ཐམས་ཅད་བསྐྱེད།། ཚིག་གི་ཨ་ནི་མ་ཡིན་དོན་གྱི་ཨ།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ ་གསལ་བར་བྱེད།། ཅེས་གསུངས་སོ།། དེ་ལ་དང་པོ་ཐོག་མ་མེད་པའི་དུས་ཉིད་ན།། ཨ་ཡི་གཞི་རུ་གནས་པ་ཡིན།། ཨ་ཤེས་ཤ་ཡི་གཞི་རུ་གནས།། ཡེ་ནས་ཡོད་པས་ང་རུ་གནས།། སྐུ་གསུང་གཞི་ཡིན་ཀ་རུ ་གནས།། ཐམས་ཅད་གཅིག་པས་མ་རུ་གནས།། ཐམས་ཅད་མ་འགག་ཧ་རུ་གནས།། ཡི་གེ་དྲུག་པ་གཞི་ལ་གནས།། དབྱིངས་དང་སྒྲུབས་བྱེད་གཞན་སེལ་དང་།། ཕན་པའི་རྐྱེན་དང་གཞི་ཚང་ན།། ཡི་གེའི་ངོ་སྤྲོད ་འབྲུ་བཤད་པས།། རྩལ་དང་ལས་དང་འཁོར་ལོ་གསུམ།། དེས་ན་ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ཡིན།། ཐོག་མ་ལས་ཀྱི་གཞི་མེད་ན།། ལས་ཀྱིས་འཁོར་བར་མི་འགྱུར་རོ།། ཐོག་མ་ལས་ཀྱི་གཞི་མེད་ན།། རང ་གྲོལ་དགོངས་པ་འཆར་མི་སྲིད།། དེ་ཉིད་གཞི་ལས་མ་གྲུབ་ན།། འཁོར་བ་རྣམ་དག་འབྱུང་མི་སྲིད།། དེ་ལ་འཁོར་བའི་ཡིག་འབྲུ་བཤད་པར་བྱ།། དང་པོ་བཞི་ལྔ་རྒྱུ་དྲུག་རྐྱེན་ལྔ་ལས།། བསགས་པའི་ལས་ནི་མ་ཡིན། ་ཏེ།། རྒྱུ་བཞི་ཡི་ལས་སུ་འཁྲུལ་པ་ཡིན།། རྒྱུ་དྲུག་རྐྱེན་ལྔས་འདུས་བྱས་ཕུང་པོ་གྲུབ།། ཐོག་མའི་རྒྱུ་དྲུག་ཕུང་པོ་ལ།། ཡིད་ལུས་འོད་ལུས་ཤ་ཁྲག་ལུས།། ལུས་སུ་འོང་བར་རང་བཞིན་ལུས་ཀྱིས་ལེན།། ལེན་པ་ལུས ་སུ་འཁྲུལ་བ་ཡིན།། ལུས་ཀྱི་འབྲས་བུ་དེ་ལ་ཚེ་ཚད་ལུང་བསྟན་མེད།། རྒྱུ་དང་རྐྱེན་དང་རིག་པ་སེམས་བཙལ་གསུམ།། དེ་གསུམ་རིང་ཐུང་ཆེ་ཆུང་དུས་ཚོད་མཚུངས།། ཡི་གེ་འབྲུ་བཤད་འཁོར་ལོ་ལས།། གཞི ་དང་རྒྱུའི་ངོ་བོ་བཤད་པ་དང་པོའོ།། །། དེ་ནས་འབྲས་བུའི་འབྲུ་བཤད་བསྟན་པ་ནི།། འབྲས་བུ་བསྡུ་ན་རྣམ་པ་གསུམ།། འགྲོ་དྲུག་ལོངས་སྐུ་ཆོས་སྐུ་གསུམ།། འགྲོ་དྲུག་དག་ལ་རྣམ་པ་གཉིས།། མཐོ་རིས ་ངན་འགྲོ་རྣམ་པ་གཉིས།། ངན་འགྲོ་དམྱལ་ཁམས་བཅོ་བརྒྱད་བཞི།། ཡི་དྭགས་རྣམ་སྨིན་གནས་དང་རྒྱུ་བ་དྲུག། བྱོལ་སོང་སྤྲུལ་པ་རྣམ་སྨིན་རང་རྒྱུད་གསུམ།། མཐོ་རིས་མི་ལ་རྣམ་པ་བཞི།། གླིང་བཞི་ཚེ་ཚད་ལུས ་ཚད་བཞི།། འཛམ་བུ་གླིང་ན་མི་རིགས་ལྔ།། ཚེ་ཚད་ལུང་དུ་བསྟན་དང་ལུང་མ་བསྟན།། ལུས་ཀྱང་ལུང་བསྟན་ལུང་མ་བསྟན།། འབྲས་བུ་ལུང་བསྟན་ལུང་མ་བསྟན།། དེ་ཡང་འཁོར་བ་རྣམ་པ་བཞི་རུ ་འདུས།། རྒྱུ་དང་དཀར་ནག་འབྲས་བུ་བཞི།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། བསྡུས་ཏེ་བཤད་པ་སྟེ་གཉིས་པའོ།། །། དེ་ཡང་དཀར་པོ་ལྟར་འཁོར་བ།། ལྷ་དང་མི་དང་ལྷ་མ ་ཡིན།། རྣམ་པ་གསུམ་དུ་བཤད་པ་ཡིན།། ལྷ་ལ་རྣམ་པ་གསུམ་དུ་བསྟན།། གཟུགས་ཁམས་གཟུགས་མེད་འདོད་པ་ཁམས།། དེ་ལ་གཟུགས་མེད་མུ་བཞི་ནི།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི།། བསམ་གཏན ་འདུ་ཤེས་ཀུན་སྤངས་ནས།། ཆོས་རྣམས་ནམ་མཁའ་ལྟ་བུར་སྒོམ།། དེ་ཤི་ནས་ནི་འོད་གསལ་ཤར།། ནམ་མཁའ་ལྟ་བུའི་ལས་འཕྲོ་སད།། འོད་གསལ་ནམ་མཁའ་མཐའ་ཡས་སྒོམ།། ནམ་མཁའ་མཐའ་ཡས་མཉམ ་བྱེད་པས།། ཚེ་ལོ་བསྐལ་པ་ཉི་ཤུ་ཐུབ།། ནམ་མཁའ་མཐའ་ཡས་ཞེས་སུ་བརྗོད།། དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི།། ནམ་མཁའ་ལྟ་བུ་དེ་ཡང་རྣམ་ཤེས་ནམ་མཁའི་མཐའ་མཉམ་སྒོམ།། དེ་ཤི་འོད་ལ་ལས ་འཕྲོ་འཐུད།། ཚེ་ཚད་བསྐལ་པ་ཉི་ཁྲི་ཡིད་ལུས་ཡིན།། རྣམ་ཤེས་མཐའ་ཡས་ཞེས་སུ་བཤད།། ཅི་ཡང་མེད་པའི་སྐྱེ་མཆེད་ནི།། རྣམ་ཤེས་མཐའ་ཡས་དེ་ཡང་བརྟགས་ནས་ཅི་ཡང་མེད་པར་སྒོམ།། དེ་ཤི་འོད་ལ་ལས ་འཕྲོ་འཐུད།། ཚེ་ཡི་ཚད་ནི་བརྒྱད་ཁྲི་ཐུབ།། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་སུ་བརྗོད།། ཡོད་མིན་མེད་མིན་སྐྱེ་མཆེད་ནི།། འདུ་ཤེས་ཡོད་པ་ཡང་མ་ཡིན།། མེད་པའང་མ་ཡིན་ནོ་སྙམ་དུ་སྒོམ།། དེ་ཤི་འོད་ལ་ལས ་འཕྲོ་འཐུད།། ཚེ་ཡི་ཚད་ནི་བརྒྱད་ཁྲི་ཐུབ།། ཡོད་མིན་མེད་མིན་ཞེས་སུ་བཤད།། ཏིང་འཛིན་དེ་ཡི་སྐྱེས་ཚད་དང་།། མཐའ་བཞི་དྲས་མཐས་མ་མཆོད་པས།། དཀར་པོ་ལྟར་དུ་འཁོར་ཞེས་བརྗོད།། དེ་ལྷུང་དམྱལ་བར ་སོང་གྱུར་ཡང་།། ཏིང་འཛིན་དེ་ཡི་ཁྱད་པར་གྱིས།། གྱང་ལ་སྲན་མ་བྲིམས་པ་འདྲ།། དེ་ནས་ཐར་པ་ཐོབ་འགྱུར་བས།། བསམ་གཏན་སྒོམ་པ་ཤིན་ཏུ་གཅེས།། ཞེས་གསུངས་སོ།། ཡི་གེ་འབྲུ་བཤད་འཁོར་ལོ་ལས།། ་སྐྱེ་མཆེད་མུ་བཞི་བསྟན་པ་དེ་གསུམ་པའོ།། །། དེ་ནས་འདོད་ཁམས་གནས་རིག་བཅུ་བདུན་ཡང་།། འབྲུ་བཤད་འདི་ལས་ཤེས་པར་བྱ།། རྣམ་པར་སྨིན་པའི་ཡིད་ལུས་ནི།། ཆུ་བུར་ཅན་དུ་སྐྱེ་བའི་ལས་དག ་དང་།། དེ་ཡི་འོད་གསལ་འཕྲོ་འཐུད་དང་།། དེ་ཡི་ཚེ་ཚད་ལུས་པོ་ཚད།། ཆུ་བུར་རྡོལ་པར་སྐྱེ་བའི་ལས་མཐའ་དང་།། དེ་ཡི་འཕྲོ་འཐུད་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། ཨ་ཅུ་ཟེར་བར་སྐྱེ་བའི་ལས ་དག་དང་།། དེ་ཡི་འཕྲོ་འཐུད་ལས་དག་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། ཀྱི་ཧུད་ཟེར་བར་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འཐུད་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། སོ་ཐམས་སྐྱེ་བའི་ལས་དག ་དང་།། དེ་ཡི་འཕྲོ་འདུད་ལས་དག་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། ཨུཏྤལ་ལྟར་གས་པ་ཡི་ལས།། དེ་ཡི་ལས་ཀྱི་སོ་མཚམས་འཐུད།། དེ་ཡི་ཚེ་ཚད་ལུས་ཚད་དང་།། པདྨ་ལྟར་གས་སྐྱེ་བའི ་ལས།། དེ་ཡི་ལས་འཕྲོ་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་དང་།། པདྨ་ལྟར་ཆེར་གས་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འདུད་དུས་ཚོད་དང་།། དེ་ཡི་ཚེ་ཚད་ལུས་ཚད་རྣམས།། འབྲུ་བཤད་འདི་ལ་གསལ ་བར་བཤད།། ཅེས་གསུངས་སོ།། གྲང་བ་དམྱལ་བའི་སྐབས་ཏེ་བཞི་པའོ།། །། དེ་ནས་ཡང་བཀའ་རྩལ་པ། ཡང་སོས་སྐྱེ་བའི་ལས་དག་དང་།། དེ་ཡི་ལས་ཀྱི་འཕྲོ་འབྲུ་དང་།། ཚེ་དང་ལུས་ཚད་བསྟན ་པའོ།། ཐིག་ནག་སྐྱེས་པའི་ལས་དག་དང་།། དེ་ཡི་བར་དོ་འཐུད་པ་དང་།། དེ་ཡི་ཚེ་དང་ལུས་བོང་དང་།། བསྡུས་འཇོམ་སྐྱེ་བའི་ལས་དག་དང་།། དེ་ཡི་བར་དོ་ལས་འཕྲོ་འཐུད།། འཐུད་པའི་འབྲས་བུ་ལུས་དང་ཚེ ་ཚད་དང་།། ངུ་འབོད་སྐྱེས་པའི་ལས་དག་དང་།། དེ་ཡི་བར་དོ་འཕྲོ་འཐུད་དང་།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་དང་།། ངུ་འབོད་ཆེན་པོར་སྐྱེད་པའི་ལས་དག་དང་།། དེ་ཡང་བར་དོ་འཕྲོ་འཐུད་དང་།། དེ་ཡི ་འབྲས་བུ་ལུས་དང་ཚེ་ཡི་ཚད།། ཚ་བར་སྐྱེ་བའི་ལས་དག་དང་།། དེ་ཡང་བར་དོ་ལས་འཕྲོ་འཐུད་པ་དང་།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་དང་།། རབ་ཏུ་ཚ་བར་སྐྱེ་བའི་ལས་དག་དང་།། དེ་ཡི་བར་དོར་མདུད་པ ་དང་།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་དང་།། མནར་མེད་པར་ནི་སྐྱེ་བའི་ལས་དག་དང་།། དེ་ཡི་བར་དོར་འཕྲོ་འཐུད་དང་།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་བརྒྱད།། ཉི་ཚེ་ཉེ་འཁོར་ལས་ཀྱི་སྐྱེ་བ་དང་།། དེ་ཡི་ཚེ ་ཚད་པར་དོའི་ས་མཚམས་དང་།། རྡོ་རྗེ་དམྱལ་བར་སྐྱེ་བའི་ལས་དག་དང་།། བར་དོ་མེད་པར་འབྲས་བུ་འབྱུང་བའི་ཚེ་ལུས་དང་།། གསང་བའི་འབྲུ་བཤད་འདི་ནས་གསལ་བར་བཤད།། ཅེས་གསུངས་སོ།། ཚ་བ ་དང་ཉི་ཚེ་ཉི་འཁོར་རྡོ་རྗེ་དམྱལ་བའི་སྐབས་སྟེ་ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། མི་དག་ཡིད་ཀྱི་གཟུགས་ལ་བགེགས་རིས་སྟོང་ཕྲག་བརྒྱད་ཅུ་སྟེ།། ལྷ་མ་ཡིན་གཡུལ་བཟློག་ནང་ནས་རྒྱས་པར ་བཤད།། རྩ་བ་སྡེ་བརྒྱད་འདྲེ་ལྔ་འདྲེ་གཅིག་ཉོན་མོངས་སེམས།། དངོས་པོ་མེད་པས་གཟུགས་དབྱིབས་ཁ་དོག་མེད།། དེ་ཕྱིར་ཡིད་ཀྱི་ལུས་ཞེས་བརྗོད་པ་ཡིན།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་།། རྩ་བ ་བཅུ་དང་བརྒྱད་དུ་འདུས།། སྟེང་ལྷའི་གདོན་དང་འོག་ཀླུའི་གདོན།། ཤར་ཕྱོགས་དྲི་ཟ་ལ་སོགས་བཅུ་རྣམས་ཡིན།། དེ་ཡང་ལྷ་སྲིན་སྡེ་བརྒྱད་ཡིན།། ཀླུ་ཡང་བྱང་ཆུབ་སེམས་དང་ལྡན།། དེ་ཡི་ལས་དང་སྐྱེ་བའི་ལས ་འཕྲོ་དང་།། དེ་ཡི་འབྲས་བུ་ས་མཚམས་ཕྱི་ཡི་ནད།། མཁའ་ལ་རྒྱུ་དང་གནས་པའི་ཡི་དྭགས་རྣམས།། འབྲུ་བཤད་འཁོར་ལོ་འདི་ལས་ཤེས་པར་བྱ།། ཞེས་གསུངས་སོ།། མཁའ་ལ་རྒྱུ་བ་དང་གནས་པའི་ཡི་དྭགས་ཀྱི ་སྐབས་ཏེ་དྲུག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྣམ་པར་སྨིན་པའི་ཡི་དྭགས་བཤད་བྱ་བ།། ཕྱི་ཡི་སྒྲིབ་པ་ཅན་དུ་སྐྱེ་བ་ཡིས།། དེ་ཡི་ལས་དང་འཕྲོ་འཐུད་པས།། འབྲས་བུ་ཚེ་དང་ལུས ་ཚད་དོ།། ནང་དུ་སྒྲིབ་པ་ཅན་དུ་སྐྱེ་བའི་ལས་དང་ནི།། དེ་ཡི་འཕྲོ་འཐུད་དུས་ཚོད་དང་།། དེའི་འབྲས་ལུས་ཀྱི་ཚེ་ཚད་དང་།། སྤྱི་མཐུན་དག་ཏུ་སྐྱེ་བའི་ལས་དག་དང་།། དེ་ཡི་འཕྲོ་འཐུད་དུས་ཚོད་དང་།། དེ་ཡི་འབྲས ་བུ་ལུས་དང་ཚེ་ཚད་བསྟན་པའོ།། སྒོ་ཁྱུད་དག་ཏུ་སྐྱེ་བའི་ལས་དང་ནི།། དེ་ཡི་ལས་འཕྲོ་འཐུད་པའི་དུས་དང་ནི།། འབྲས་བུ་ལུས་དང་ཚེ་ཚད་ནི།། འབྲུ་བཤད་འཁོར་ལོ་འདི་ལས་བཤད་པ་ཡིན།། ཞེས་གསུངས ་སོ།། རྣམ་པར་སྨིན་པའི་ཡི་དྭགས་ཀྱི་སྐབས་ཏེ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འོད་ཀྱི་ལུས་ལ་བསམ་གྱིས་མི་ཁྱབ་སྟེ།། བསྡུས་པའི་འོད་ལུས་རྣམ་པ་བཞི་རུ་བཤད་པར་བྱ།། རྒྱལ་བ་ལོངས ་སྐུ་འོད་ལ་བཞུགས་པ་དང་།། བྱང་ཆུབ་སེམས་དཔའ་འོད་ཀྱི་ལུས་ལ་བཞུགས་པ་དང་།། འོད་གསལ་ལྷ་རྣམས་འོད་ཀྱི་ལུས་ལ་བཞུགས་པ་དང་།། འདྲེ་འོད་ཀྱི་ལུས་ལ་བཞུགས་པ་ཡིན་ཞེས་བྱ།། དེ་ལ་རྒྱལ་བ་འོད ་ཀྱི་ལུས་སུ་བཞུགས་པ་ཡིན།། ལས་ནི་བསྐྱེད་རྫོགས་ཟུང་དུ་འབྲེལ་པ་ཡིན།། འཕྲོ་ནི་བར་དོར་འཐུད་པ་ཡིན།། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་རུ་སྨིན་པ།། བསྐྱེད་པའི་འབྲས་བུ་སྐུ་རུ་གྲུབ།། རྫོགས་པའི་འབྲས་བུ་ཡེ ་ཤེས་ཡིན།། ཏིང་འཛིན་གསུམ་དང་ཚད་མེད་བཞི།། དེ་ནས་བསྲུང་མཚམས་ལ་སོགས་ཡན་ལག་བདུན།། མྱ་ངན་མི་འདའ་གསོལ་གདབ་སོགས། སྒྱུ་མ་ལྟ་བུར་ཐབས་ཀྱི་ལམ།། དོན་དམ་རྟོགས་པ་ཤེས་རབ ་ལམ།། དེ་ལྟར་འབྲས་བུ་བསྒྲུབས་པས་ཡེ་ཤེས་རྩེ་གཉིས་གཅིག། རང་ལུས་མཚན་དང་དཔེ་བྱད་རྫོགས།། འོད་ཟེར་ཕུང་པོ་བྱེ་བ་ཁྲག་ཁྲིག་འོད་དུ་འབར།། ཞིང་ཁམས་འོད་དུ་སྣང་བ་ནི།། ལོངས་སྐུ་སྒྱུ་མ་ཉིད་ཀྱི ་སྦུབས། སྤྱན་ལྔ་ཆགས་པ་མེད་པའི་བདག་ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སངས་རྒྱས་ལྔ་བདག་ཅོད་པན་ཅན།། སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། རང་བཞིན་གྱིས་ནི་མྱ་ངན ་འདས།། ཞེས་གསུངས་སོ།། འབྲུ་བཤད་ཀྱི་འཁོར་ལོ་ལས། ལོངས་སྐུ་འོད་ཀྱི་ལུས་སུ་གྲུབ་པ་སྟེ་སྐབས་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བྱང་ཆུབ་སེམས་དཔའ་འོད་ཀྱི་ལུས་སུ་འཇུག་པ ་ནི།། རྣལ་འབྱོར་རྣམ་གསུམ་ཉམས་སུ་བླངས་པ་ཡིས།། རབ་ཀྱིས་ལོངས་སྐུ་དངོས་སུ་གྲུབ་པ་ཡིན།། འབྲིང་གིས་བྱང་ཆུབ་སེམས་དཔར་གྲུབ་པའི་ལས།། འབྲས་བུ་ཕྱག་རྒྱ་ཆེན་པོ་མ་གྲུབ་བྱང་ཆུབ་སེམས་དཔའ ་འོད་ཀྱི་ལུས་སུ་གྲུབ།། མཚན་དང་དཔེ་བྱད་རྒྱན་ཆ་ལྷུན་མཛེས་པ་ཡིན།། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལས་ནི།། ལོངས་སྐུ་སངས་རྒྱས་མཚན་དང་དཔེ་བྱད་ལྡན།། དེ་ནས་ཡང་ཞི་བ་མྱ་ངན་ལས་འདས་ནས་འཚང ་རྒྱ་བར་འགྱུར་རོ།། ཤེས་བྱའི་སྒྲིབ་པ་ཕྲ་མོ་མཆོད་ནས།། ཕྱིར་བཟློག་པ་ཡང་ཡོད་དོ།། དེ་ཕྱིར་འབྲུ་བཤད་འདི་ལས་ཤེས།། ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་འོད་ཀྱི་ལུས་སུ་འཇུག་པའི ་སྐབས་ཏེ་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གཟུགས་ཁམས་ལྷ་ལ་རྣམ་པ་བཅུ་བདུན་ཏེ།། གཟུགས་ཀྱི་འདོད་ཆགས་དང་ནི་མ་བྲལ་ཞིང་།། གཞལ་ཡས་ཁང་ཆགས་པའོ།། དེ་ཡང་ཚངས་པར ་སྐྱེ་བའི་ལས་ནི་གང་ལྟར་སྤྲད།། དེ་ཡིས་འཐུད་པའི་ལས་འཕྲོ་གང་དུ་སྦྱོར།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཀྱི་ཚད།། ཚངས་རིག་སྐྱེ་བའི་ལས་ནི་ཇི་ལྟར་སྤྱད།། དེ་ཡི་ལས་འཕྲོ་ཇི་ལྟར་འཐུད་པ་ཡིན།། དེ་ཡི་འབྲས་བུ ་ལུས་དང་ཚེ་ཚད་གང་།། ཚངས་པ་མདུན་ལ་འདོན་དགུའོ།། །། འོད་ཆུང་སྐྱེ་བའི་ལས་ནི་ཇི་ལྟར་བཤད།། དེ་ཡི་འཐུད་པའི་ལས་འཕྲོ་ཇི་ལྟ་བུ།། དེ་ཡི་འབྲས་བུ་ལུས་ཀྱི་ཚེ་ཚད་དོ།། ཚད་མེད་འོད་དུ་སྐྱེ་བའི ་སནི་ཇི་ལྟར་བཤད།། དེ་ཡི་ལས་འཕྲོ་གང་དུ་སྣང་།། དེ་ཡིས་ལུས་དང་ཚེ་ཚད་ཇི་ལྟར་ལགས།། འོད་གསལ་སྐྱེ་བའི་ལས་འཕྲོ་གང་དུ་འགྲུབ།། དེ་ཡིས་འཐུད་པའི་འབྲས་བུ་ཚེ་ཡི་ཚད།། ཚད་མེད་དགེ་བའི་ལས ་ནི་གང་དུ་གྲུབ།། དེ་ཡི་འཕྲོ་འཐུད་ལས་འཕྲོ་ཇི་ལྟར་སྦྱོར།། དེ་ཡི་འབྲས་བུ་ཚེ་ཚད་གང་ལྟ་བུ།། དགེ་རྒྱས་སྐྱེས་པའི་ལས་ནི་གང་ལས་གྲུབ།། དེ་ཡི་ལས་འཕྲོ་ཇི་ལྟར་འཐུད་པ་ཡིན།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད ་གང་ལྟ་བུ།། དགེ་ཆུང་སྐྱེ་བའི་ལས་ནི་གང་ལས་གྲུབ།། ལས་འཕྲོ་བར་དོར་ཇི་ལྟར་འཐུད་པ་དང་།། དེ་ཡི་ཚེ་ཚད་ལུས་ཚད་ཇི་ལྟར་ཡིན།། སྤྲིན་མེད་སྐྱེ་བའི་ལས་ནི་ཇི་ལྟར་བཤད།། དེ་ཡིས་བར་དོར་འཐུད་པའི ་ལས་ལྟ་བུ།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་གང་།། བསོད་ནམས་སྐྱེ་བའི་ལས་ནི་ཇི་ལྟར་བཤད།། དེ་ཡི་བར་དོར་འཐུད་པའི་ལས་ནི་གང་།། འཐུད་པའི་འབྲས་བུ་ལུས་དང་ཚེ་ཚད་གང་།། འབྲས་བུ་ཆེ་བའི་ལྷར ་སྐྱེ་བའི་ལས་ནི་གང་།། དེ་སྤྱད་བར་དོར་འཐུད་ཚུལ་ཇི་ལྟ་བུ།། དེ་ཡི་འབྲས་བུ་ཚེ་ཚད་ལུས་ཚད་གང་ལྟ་བུ།། བསམ་གཏན་གོལ་སྒྲིབ་འདུ་ཤེས་མེད།། གཙང་མ་རིགས་ཀྱི་ལྷ་ལྔ་བལྟ་བར་བྱ།། མི་ཆེ་བའི་ལྷ་རུ་སྐྱེ ་བའི་ལས་ནི་གང་།། དེ་ཡི་ལས་འཕྲོ་བར་དོར་ཇི་ལྟར་འཐུད།། འཐུད་པའི་འབྲས་བུའི་ལུས་དང་ཚེ་ཚད་དང་།། གཟུགས་ཁམས་སྡུག་བསྔལ་གདུང་བའི་སྐྱོན་མེད་ཕྱིར།། མི་གདུང་བའི་ལྷ་རུ་སྐྱེ་བའི་ལས་ནི་ཇི ་ལྟར་སྤྱད།། དེ་ཡི་ལས་འཕྲོ་འཐུད་པའི་དུས་ཚོད་གང་།། དེ་ཡི་འབྲས་བུ་ལས་དང་ཚེ་ཚད་གང་།། ཤིན་ཏུ་མཐོང་དུ་སྐྱེ་བའི་ལས་ནི་ཇི་ལྟར་སྤྱད།། དེ་ཡི་བར་དོར་འཐུད་པ་ཇི་ལྟར་ཡིན།། འཐུད་པའི་འབྲས་བུ་ལུས ་དང་ཚེ་ཚད་གང་།། གྱ་ནོམ་སྣང་དུ་སྐྱེ་བའི་ལས་ནི་ཇི་ལྟར་སྤྱད།། དེ་ཡི་ལས་འཕྲོ་བར་དོར་ཇི་ལྟར་འཐུད།། དེ་ཡིས་འབྲས་བུ་ལུས་ཚད་ཚེ་ཚད་གང་དུ་འགྲུབ།། འོག་མིན་ལྷ་རུ་སྐྱེ་བའི་ལས་ནི་གང་ལས་གྲུབ།། དེ ་ཡིས་ལས་འཕྲོ་བར་དོར་ཇི་ལྟར་སྦྱོར།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་གང་ལྟ་བུ།། མི་ཆེ་བ་ཞེས་སུ་གྲུབ་པའི་མཚན་ཉིད་དང་།། མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་བ་དང་།། འོག་མིན ་ལྷ་ཞེས་རྒྱུ་མཚན་ཇི་ལྟ་བུ།། བདག་གཞན་འོད་ལ་གནས་པས་བདེ་བར་སྤྱོད།། སྐུ་ཡི་འོད་གསལ་སྒྱུ་མ་ལྟ་བུའི་སྐུ།། ཏིང་ངེ་འཛིན་གྱི་རིམ་པའི་ཁྱད་པར་གྱིས།། དེ་ཡིས་འབྲས་བུ་རིམ་པར་གྲུབ་པའོ།། ཞེས་གསུངས ་སོ།། འབྲུས་བཤད་ལས་ཀྱི་འཁོར་ལོ་ལས།། གཟུགས་ཀྱི་ལྷ་བསྟན་པ་སྟེ་སྐབས་བཅུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། འདྲེ་འོད་ཀྱི་ལུས་སུ་གྲུབ་པར་བསྟན་པ་ནི།། འདྲེ་ཡང་འོད་ལུས་གྲུབ་པའི ་ལས།། ཧེ་རུ་ཀ་དང་འཕྲ་མེན་མ་དང་།། འོད་ལུས་སྒོ་མ་མོ་སྒོམ།། རྟག་པ་ཐེར་ཟུག་ལྷ་དང་སྔགས་དང་ཕྱག་རྒྱ་དང་།། དམ་རྫས་མཆོད་རྫས་དགྲ་དང་བདག་ཉིད་བརྟག་པ་རུ།། དེ་ལྟར་སྒོམ་པའི་ལས་དང་འབྲས་བུ ་ཚེ་དང་ལུས་ཚད་རྣམས།། མ་ངེས་སྲོག་ཟན་སྐྱེས་ནས་དམྱལ་བར་འགྱུར།། རིག་སྔགས་གསང་སྔགས་གཟུགས་སྔགས་རྣམས།། གོལ་བའི་འབྲས་བུ་འོད་ལུས་རུ་དྲ་སོགས།། བགེགས་རིག་སྟོང་ཕྲག་བརྒྱད་ཅུར ་སྐྱེ།། དེ་ཡི་ཚེ་འཕོས་དམྱལ་བར་འགྱུར།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། འདྲེའི་འོད་ལུས་ཀྱི་སྐབས་ཏེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཤ་ཁྲག་ལུས་ལ་རྣམ་པ ་གཉིས།། མཐོ་རིས་ངན་སོང་རྣམ་པ་གཉིས།། མི་ལུས་ཤ་ཁྲག་མངལ་དུ་སྐྱེ་བ་དང་།། ལྷ་ཡི་ལུས་ཀྱིས་མངལ་དུ་འཇུག་པ་དང་།། བྱོལ་སོང་མངལ་དུ་འཇུག་པའོ།། ལུས་འཕགས་སྐྱེས་པའི་ལས་ནི་གང ་ལྟར་སྤྱད།། དེ་ཡི་ལས་འཕྲོ་ཇི་ལྟར་འཐུད་པ་ཡིན།། འཐུད་པའི་འབྲས་བུའི་ལུས་ཚད་ཚེ་ཚད་གང་།། ལྷོ་ཡི་འཛམ་བུ་གླིང་དུ་སྐྱེ་བའི་ལས་ནི་གང་ལྟ་བུ།། དེ་ཡི་ལས་འཕྲོ་བར་དོར་འཐུད་པ་གང་།། དེ་ཡི ་འབྲས་བུ་ལུས་ཚད་ཚེ་ཚད་གང་།། ནུབ་ཀྱི་བ་གླང་སྤྱོད་དུ་སྐྱེ་བའི་ལས་ནི་གང་ལྟ་བུ།། དེ་ནི་བར་དོར་འཐུད་པའི་འབྲས་བུ་ཇི་ལྟར་ཡིན།། དེ་ཡི་འབྲས་བུ་ལུས་དང་ཚེ་ཚད་གང་།། བྱང་གི་སྒྲ་མི་སྙན་དུ་སྐྱེ་བའི ་ལས་ནི་ཇི་ལྟ་བུ།། དེ་ཡིས་པར་དོར་འབྲས་བུ་ཇི་ལྟར་འགྲུབ།། ལས་འཕྲོ་འཐུད་པའི་ལུས་དང་ཚེ་ཚད་ཇི་ལྟ་བུ།། རྒྱལ་ཆེན་རིགས་བཞིར་སྐྱེ་བའི་ལས་ནི་ཇི་ལྟ་བུ།། དེ་ཡང་བར་དོར་འཕྲོ་འཐུད་ཇི་ལྟ་བུ།། དེ་ཡི ་འབྲས་བུ་ལུས་ཚད་ཚེ་ཚད་གང་།། སུམ་ཅུ་རྩ་གསུམ་སྐྱེ་བའི་ལས་ཀྱི་འབྲས་བུ་འཐོབ་པར་སྤྱོད་པ་གང་།། དྲག་པོ་དགུ་དང་ཉེ་དབང་བཅུ།། ཉི་མའི་བུ་དང་དགུ། ནོར་ལྷ་བརྒྱད་ཟག་སྐར་གྱི་བུ་བཟངས་རིས་ཀྱི ་གསུམ་སྟེ།། སུམ་ཅུ་རྩ་གཉིས། དེ་ཡི་ལས་འཕྲོ་ཇི་ལྟར་འཐུད་པ་ཡིན།། འབྲས་བུ་ལུས་ཚད་ཚེ་ཚད་གང་དུ་གྲུབ།། འཐབ་བྲལ་སྐྱེ་བའི་ལས་ནི་གང་ལ་གྲུབ།། དེ་ཡི་ངེས་ཚིག་ཇི་ལྟ་བུ།། དེ་ཡི་ལས་འཕྲོ་ཇི ་ལྟར་གྲུབ།། དེ་ཡི་འབྲས་བུའི་ལུས་ཚད་ཚེ་ཚད་གང་།། དགའ་ལྡན་སྐྱེ་བའི་ལས་ནི་གང་དང་གང་ལས་གྲུབ།། དེ་ཡི་ལས་འཕྲོ་གང་དུ་སྦྱོར།། དེ་ཡི་འབྲས་བུ་ལུས་ཚད་ཚེ་ཚད་གང་།། འཕྲུལ་དགར་སྐྱེ ་བའི་ལས་ནི་གང་ལས་གྲུབ།། དེ་ཡི་ལས་འཕྲོ་འཐུད་པའི་ལུས་དང་ཚེ་ཚད་གང་།། གཞན་འཕྲུལ་དབང་བྱེད་སྐྱེ་བའི་ལས་ནི་གང་ལས་གྲུབ།། དེ་ཡིས་པར་དོར་འཕྲོ་འཐུད་ཇི་ལྟ་བུ།། དེ་ཡི་ལུས་དང་ཚེ་ཚད་གང་ལས ་གྲུབ།། མཐོ་རིས་ངན་སོང་གར་སྐྱེ་བ།། རིག་པའི་རྒྱལ་པོ་རང་དབང་གང་།། གཞན་འཕྲུལ་དབང་ཆེ།། རྒྱུ་རྐྱེན་དུས་འཛོམ་ལས་ལ་རག། འབྲས་བུ་ཅི་བྱུང་ལས་ལ་ལྟོས།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི ་འཁོར་ལོ་ལས། མཐོ་རིས་མི་ཤ་ཕྲག་གི་ལུས།། ལྷ་ཤ་ཁྲག་གི་ལུས་ཏེ་སྐབས་བཅུ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། བྱོལ་སོང་ཤ་ཁྲག་སྐྱེ་བ་འདི་ལྟ་བུ་དང་།། རྐང་གཉིས་བྱ་རུ་སྐྱེ་བ་འདི་ལ་ཇི ་ལྟར་ལགས།། དེ་ཡིས་བར་དོ་ལས་འཕྲོ་ཇི་ལྟར་འཐུད།། དེ་ཡི་འབྲས་བུ་འདབ་ཆགས་ལུས་དང་ཚེ་ཚད་དང་།། འདབ་ཆགས་ལུས་ལ་རྣམ་པ་གསུམ།། འདབ་ཆགས་ཆོས་སྐུ་རྡོ་རྗེ་ཁྱུང་།། སྤྲུལ་པ་བྱང་ཆུབ་སེམས ་དཔའ་ངན་འགྲོ་ཡིན།། རྐང་བཞིར་ལས་ཀྱིས་སྐྱེ་བའི་ཁྱི་ཕག་ཇི་ལྟར་སྤྱད།། དེ་ཡང་བར་དོར་ལས་འཕྲོ་ཇི་ལྟར་འཐུད།། དེ་ཡི་འབྲས་བུ་ཚེ་ཐུང་བ།། ཁྱད་པར་རྟ་དང་གཡག་ཁྱི་ལ་སོགས།། དེ་ཡི་འབྲས་བུ་བསོད ་ནམས་ལུས་ཚད་དོ།། རྐང་མངས་སྐྱེ་བ་ཡང་ནི་ལས་ཅི་ལགས།། རྟ་བླ་སྡིག་པ་སྡོམ་དང་འབུ་སྲིན་རྣམས།། སྡུག་བསྔལ་ཆེ་ཆུང་མི་འདྲ་ལས་འཕྲོ་ཇི་ལྟར་འཐུད།། དེ་ཡི་འབྲས་བུ་ནར་ནར་འཇོང་འཇོང་པོ།། ཚེ་ཚད ་ལུས་ཚད་མ་ངེས་གནས།། རྐང་མེད་སྦྲུལ་ལ་སོགས་པ་སྐྱེ་བའི་ལས་ནི་གང་།། དེ་ཡི་འབྲས་བུ་ལུས་ཚད་ཚེ་ཚད་རྣམས།། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ལ།། ཤ་ཁྲག་ལུས་བསྟན་པའི་སྐབས་ཏེ་བཅུ་གསུམ ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། མཐོ་རིས་ངན་སོང་གར་འགྲོ་བ།། རང་གིས་སྤྱད་པའི་ལུས་ལ་ལྟོས།། ལུས་ཀྱི་ལས་ནི་འདི་ལྟ་སྟེ།། སྲོག་གཅོད་མ་བྱིན་ལེན་ཞིང་འདོད་ལོག་སྤྱོད།། དེ་ཡི་ལས་འབྲས ་བསྟན་པར་བྱ།། སྲོག་གཅོད་པ་ལ་རྣམ་པ་གསུམ།། གཏི་མུག་ལུང་མ་བསྟན་གྱི་ཆད་པ་ལ།། ཉེས་བྱས་དེ་ཡི་ལྟུང་བ་མེད་པ་ལ།། ཕམ་པའི་སྡིག་དང་ལྕི་བ་ཡོད་པ་ཡིན།། གཏི་མུག་ལས་ཀྱིས་སེམས་ཅན་ཤི།། དེ་ཡི ་སྡིག་པའི་རྣམ་སྨིན་ཅི།། བར་དོའི་འོད་སྣང་ངོ་མ་ཤེས།། དེ་རུ་ཕམ་མའི་ལས་འཕྲོ་ཡིས།། འབྲས་བུ་མངལ་གྱི་འབྲུ་སྲིན་སྐྱེ།། མྱུར་དུ་འབྱུང་ཞིང་ཚེ་ཐུང་བ།། ཤིག་དང་ཚེ་ཐུང་ལུས་སུ་སྐྱེ།། ཁྱི་དང་ཕག་ཏུ་སྐྱེ་བར ་བཤད།། དེ་ནས་ཡི་དགས་དམྱལ་ཁམས་བརྒྱུད།། ཐར་བའི་ས་བོན་སྤངས་པ་ཡིན།། ལུང་མ་བསྟན་གྱི་སྡིག་པ་ལྕི།། ལུང་དུ་བསྟན་པས་སྡིག་པ་འཇོམ།། སྙིང་རྗེས་སེམས་ཅན་སྐྱོབ་པ་ཡིན།། དེ་ལ་བྱམས་པའི་དོན ་གྱིས་ཚང་།། བྱམས་དང་སྙིང་རྗེའི་ཁྱབ་པ་ན།། འབྲས་བུ་མི་ལུས་གཙང་མ་ཐོབ།། འཛམ་བུ་གླིང་དུ་སྐྱེ་བར་འགྱུར།། དེ་ནས་ལས་ཀྱི་འཕྲོ་འཐུད་དེ།། དེ་ཡི་འབྲས་བུའི་དུས་ཚོད་བསྟན།། ཅེས་གསུངས ་སོ།། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། གཏི་མུག་གི་སྒོ་ནས་སྲོག་གཅོད་པའི་ལས་འབྲས་བསྟན་པའི་སྐབས་ཏེ་བཅུ་བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཞེ་སྡང་གི་སྒོ་ནས་སྲོག་གཅོད ་པ།། དེ་ལས་རྣམ་པ་གསུམ་དུ་བསྟན།། བསྐྱེད་ནས་གསོད་པར་བྱེད་པ་ཡིན།། བུ་དང་ཚ་བོ་གཉེན་ལ་སོགས།། དེ་བསྐྱེད་གསད་པའི་ལས་བྱས་པས།། གསོད་དུ་འཇུག་དང་བསད་པ་དང་།། གསོད་པ་རྣམས་ལ་རྗེ ་ཡི་རང་།། དེ་ཡིས་པར་དོར་འོད་ལས་ཞེ་སྡང་སྐྱེས།། འོད་འགྱུར་ཚ་བའི་དམྱལ་བར་སྐྱེ།། ལུས་དང་ཚེ་ཚད་གོང་ལྟར་རོ།། དེ་ནས་ཡི་དགས་གནས་སུ་སྐྱེ།། ཕྱི་ནང་སྒྲིབ་པ་ཅན་དུ་སྐྱེ།། བརྒྱུད་ནས་གསོད་པར་བྱེད་པ ་ཡང་།། གཉིས་ཀ་ཉི་ཚེ་ཉེ་འཁོར་སྐྱེ།། དེ་ནས་ཕྱི་ཡི་སྒྲིབ་པ་ཅན་དུ་སྐྱེ།། དངོས་པོ་སྣང་ཐུགས་བསད་པ་ནི།། གྲང་བའི་དམྱལ་བའི་ཆུ་བུར་ཅན།། དེ་འཕོས་ཕྱི་ནང་སྒྲིབ་པ་ཅན་དུ་སྐྱེ།། ཞེས་གསུངས་སོ།། ཕ་མའམ ་བླ་མ་མཆེད་གྲོགས་ལ།། གོང་མ་གསུམ་པོ་ཅི་བསད་ཀྱང་།། ངེས་པར་རྡོ་རྗེ་དམྱལ་བར་སྐྱེ།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། ཞེ་སྡང་གི་སྒོ་ནས་སྲོག་བཅད་པའི་སྐབས་ཏེ་བཅོ་ལྔ ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། འདོད་ཆགས་སྒོ་ནས་སྲོག་བཅད་པ།། བསྐྱེད་ནས་བཅད་པས་ཕྱི་ནང་སྒྲིབ་པ་ཅན་དུ་སྐྱེ།། བརྒྱུད་ནས་བཅད་པས་ནང་སྒྲིབ་ཅན་དུ་སྐྱེ།། དངོས་པོ་ཤ་ཁྲག་འདོད་ཕྱིར ་བསད།། ཕྱི་ཡི་སྒྲིབ་པ་ཅན་དུ་སྐྱེ།། དེ་རྣམས་སྤངས་ནས་ཆོས་སྤྱད་ན།། བྱམས་དང་སྙིང་རྗེར་ལྡན་པས་ན།། མཐོ་རིས་མི་དང་ལྷ་རུ་སྐྱེ།། དེ་ཡི་ལས་འཕྲོ་འཐུད་པས་ནི།། ཚེ་རིང་ནད་མེད་བདེ་དང་ལྡན།། དེ་ལྟར ་སྡོམ་པ་ཐུབ་པ་ཡིས།། ཉེས་བྱས་མེད་པས་ཕམ་པར་མེད།། ལྕི་བ་མེད་པས་ལྟུང་བ་མེད།། ཅེས་གསུངས་སོ།། སྲོག་གཅོད་པ་དང་།། དེའི་འབྲས་བུ་དང་། དེ་སྤངས་པའི་ལས་ཀྱི་འབྲས་བུ་བསྟན་པ།། འབྲུ་བཤད ་ལས་ཀྱི་འཁོར་ལོ་ལས། སྐབས་ཏེ་བཅུ་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། མ་བྱིན་པར་ནི་ལེན་པ་ལ།། རྣམ་པ་བཞི་རུ་ཤེས་པར་བྱ།། བརྒྱུད་ནས་མ་བྱིན་ལེན་པ་ཡིས།། བྱོལ་སོང་ཁྱི་ཡི་ལུས་སུ ་སྐྱེ།། དངོས་པོས་མ་བྱིན་བླངས་པ་ནི།། ཕོ་རོག་སྟོང་ཐུབ་བྱ་ལྟོགས་སྐྱེ།། བྱིན་གྱིས་བརླབས་ནས་མ་བྱིན་བླངས།། འོལ་བ་བྱ་གག་མ་ཡི་ལུས་འདྲར་སྐྱེ།། རྐུས་ཏེ་མ་བྱིན་བླངས་གྱུར་ན།། སེམས་ཅན་བྱི་བའི་ལུས ་དང་ལུས་སྲུལ་པོ།། སྐྱུགས་པ་ཟ་བ་རྣམས་སུ་སྐྱེ།། ཡང་ན་དེ་དག་ཐམས་ཅད་ནི།། ཕྱི་ས་ཟ་བའི་འབུ་སྲིན་སྐྱེ། དེ་ཚེ་སྤངས་པའི་འབྲས་བུ་ནི།། མཐོ་རིས་ལྷ་དང་མིར་སྐྱེ་ནས།། ཚེ་རིང་བསོད་ནམས་ཆེ་བ ་དང་།། ནོར་རྣམས་གཞན་དབང་མི་འགྱུར་ཞིང་།། དམ་པའི་ཆོས་དང་ཕྲད་པར་འགྱུར།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། མ་བྱིན་བླངས་པའི་སྐྱོན་ཡོན་གྱི་སྐབས་ཏེ་བཅུ་བདུན ་བའོ།། །། དེ་ནས་ཡང་བཀའ་སྩལ་བ། འདོད་པའི་ལོག་པར་གཡེམ་པ་ནི།། རུས་གཅིག་པ་ལ་སྤྱད་གྱུར་ན།། བྱོལ་སོང་འདབ་ཆགས་བྱ་རུ་སྐྱེ།། མ་ལ་འདོད་ཆགས་སྤྱད་གྱུར་ན།། ཚ་བའི་དམྱལ་བ་དག་ཏུ ་འགྲིམ།། དགེ་སློང་དགེ་ཚུལ་ལ་སྤྱད་ན།། རོ་མྱགས་འདམ་དུ་ཡང་ཡང་སྐྱེ་བར་འགྱུར།། རྒྱལ་པོའི་བུ་མོ་སྤྱད་གྱུར་ན།། ཞེ་སྡང་སྦྲུལ་གྱི་ལུས་སུ་སྐྱེ།། སློབ་དཔོན་ཇོ་མོ་སྤྱད་གྱུར་ན།། ཚ་བའི་དམྱལ་བ་དག་ཏུ་སྐྱེ།། ཚེ ་འདིར་མི་བདེ་སྣ་ཚོགས་འབྱུང་།། ཕྱི་མ་རྡོ་རྗེ་དམྱལ་བར་སྐྱེ།། མཆེད་ལྕམ་ཁྱོ་དང་ཆུང་མ་སྤྱད།། ངེས་པར་ཡང་སོས་ལུས་སུ་སྐྱེ།། འདི་ལ་ཚེ་ཐུང་འབྲས་དང་ལྷོག་པ་འབྱུང་།། བླ་མས་སློབ་མའི་ཆུང་མ་སྤྱད།། རོ ་གས་འདམ་དུ་སྐྱེ་བར་འགྱུར།། སྡོམ་པ་སྲུན་པས་སྐུད་བྱས་ན།། ཕག་གི་ལུས་སུ་ཡང་ཡང་སྐྱེ་ཞིང་བརྒྱུད།། ལྷ་ཁང་གཉན་སར་སྨད་བྱས་ན།། ངན་སོང་གནས་ལས་ཐར་མི་སྲིད། ཁའམ་ལྟེ་བ་འཕོངས་ལ་སྤྱད།། ཡི ་དགས་ལྟོ་འཕྱེའི་ལུས་སུ་སྐྱེ།། ཡང་ན་བོང་བུར་སྐྱེ་བར་འགྱུར།། འདོད་ཆགས་སྤངས་ནས་ཆོས་ལ་གཞོལ།། ལས་འབྲས་མཐོ་རིས་ལྷ་མིར་སྐྱེ།། ཐམས་ཅད་ཀུན་གྱི་སྙིང་དུ་སྡུག། བྱས་པ་མེད་པར་ཐམས་ཅད ་རྩི།། དམ་པའི་ཆོས་དང་འབྱོར་པར་སྐྱེ།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། འདོད་ཆགས་ལས་འབྲས་ཀྱི་སྐབས་ཏེ་བཅོ་བརྒྱད་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཕྲ་མ་བྱས་པ ་རྣམ་པ་གསུམ།། དངོས་པོར་ཕྲ་མ་དབྱེན་བཅུག་ལ། ཁ་བརྒྱད་ལུས་སུ་སྐྱེ་བར་འགྱུར།། དེ་ཡང་སྤངས་པའི་འབྲས་བུ་ནི།། མི་ལུས་ཐོབ་ནས་ངག་བཙུན་འགྱུར།། བཙན་ཕྲ་བཀོག་ཕྲ་གཞོག་ཕྲ་ཡང་།། དེ་ཡི་འབྲས་བུ ་གོང་དུ་འབྱུང་།། ངག་འཁྱལ་ལ་ཡང་རྣམ་པ་གཉིས།། དགའ་དང་མི་དགའ་གཉིས་སུ་འསྡུག། དེ་སྤངས་འབྲས་བུ་མཐོ་རིས་ཐོབ།། ཚིགས་བསྔལ་དལ་ཞིང་ཁ་གསག་ཆུང་།། ཚུལ་དང་ལྡན་པའི་ཆོས་པར་སྐྱེ།། ངག ་བཙུན་སྤང་བ་མ་བྱས་ན།། དག་དང་གཉེན་དུ་བྱོལ་སོང་ལ།། ངག་རྩུབ་བྱས་པའི་འབྲས་བུ་ནི།། རྒུར་ཞར་རྣམ་པ་གསུམ་ལྡན་པའི།། ཡི་དྭགས་འདྲེ་ཡི་ལུས་སུ་སྐྱེ།། དེ་སྤངས་མཐོ་རིས་ལྷ ་མིར་སྐྱེ།། ཚིག་བཙན་སེམས་ཅན་མི་སླུ་ཞིང་།། བྱམས་སེམས་གཉིས་ལ་གནས་པར་སྐྱེས།། མྱུར་དུ་བྱང་ཆུབ་འགྲུབ་པར་འགྱུར།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས།། ངག་གི་ཡན་ལག་གི།། ་སྐབས་ཏེ་བཅུ་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ་བ། དེ་རྣམས་རྩ་བ་བདུན་ཡིན་ཏེ།། རྫུན་ལས་དེ་གསུམ་འཕྲོས་པ་ཡིན།། ཐམས་ཅད་རྫུན་ལས་འཕྲོས་པ་ཡིན།། ཕན་པའི་རྫུན་དང་གནོད་བའི ་རྫུན།། ལུང་དུ་བསྟན་པའི་རྫུན་དང་གསུམ།། ཕན་པ་སེམས་ཅན་སྐྱོབ་པས་ནི།། འབྲས་བུ་མི་ལུས་མི་འཇིག་སྐྱེ།། ཀུན་གྱིས་སྐྱེལ་སུ་བྱེད་པའི་མིར་སྐྱེ་སྟེ།། བྱང་ཆུབ་མྱུར་དུ་འགྲུབ་པར ་འགྱུར།། གནོད་པའི་རྫུན་ཚིག་མང་བྱས་ན།། སེམས་ཅན་དགྲ་མང་ལུས་སུ་སྐྱེ།། དེ་ནས་བྱང་ཆུབ་རིང་བར་འགྱུར།། ལུང་མ་བསྟན་པ་ངག་འཁྱལ་རྫུན།། ཆུ་སྲིན་མགོ་བོ་སུམ་ཅུ་རྩ་གཉིས་སམ།། ཡང་ན་གཙང་བ ་མགོ་གཉིས་སྐྱེ།། ལྟོགས་པའི་སྡུག་བསྔལ་གྱིས་གདུངས་ནས།། ངན་སོང་གསུམ་དུ་འཁོར་བར་འགྱུར།། དེ་དག་སྤངས་ནས་བྱང་སེམས་ལྡན།། མཐོ་རིས་ལྷ་དང་མིར་སྐྱེས་ནས།། ཚིག་བདེན་དོན་ལྡན་བྱང ་ཆུབ་ཐོབ།། ཅེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། ངག་གི་སྒྲིབ་པ་དང་དེའི་ཡོན་ཏན་བསྟན་པའི་སྐབས་ཏེ་ཉི་ཤུ་པའོ།། །། དེ་ནས་ཡང་བཀའ་སྩལ་བ། ཡིད་ཀྱི་སྒྲིབ་པ་རྣམ་པ ་གསུམ།། གནོད་སེམས་བརྣབ་སེམས་ལོག་པར་ལྟ་བ་གསུམ།། གནོད་སེམས་ལ་ཡང་རྣམ་པ་གསུམ།། བདག་ལ་གནོད་པ་མི་དགེ་བཅུ་སྤྱོད་དང་།། གཞན་ལ་གནོད་པས་དེ་སློབ་པ་དང་།། གཉིས་ཀ་ལ་གནོད་ཟུང ་དུ་སྤྱོད།། ཚེ་རབས་ཀུན་ཏུ་ངན་སོང་སྐྱེ།། སྤྱང་ཁུ་ཤ་ཟ་ཁྲ་སོགས་སྐྱེ།། དེ་ནས་དམྱལ་བར་སྐྱེ་བར་འགྱུར།། བརྣབ་སེམས་ཞེས་པ་ཆགས་པ་བྱུང་།། བདག་ལ་ཆགས་དང་གཞན་ཆགས་གཉིས་ཀ་ལ།། ཆགས་ཏེ་སྦྱིན ་པའི་གེགས་བྱས་ནས།། འབྲས་བུ་ཡི་དྭགས་སྐྱེ་བར་འགྱུར།། གནོད་སེམས་སྤངས་པའི་འབྲས་བུ་ནི།། མཐོ་རིས་ལྷ་དང་མི་ལུས་སྐྱེ།། ཕན་འདོགས་དགེ་བའི་སེམས་ལྡན་ཏེ།། བྱང་ཆུབ་མྱུར་དུ་འགྲུབ་པར ་འགྱུར།། བརྣབ་སེམས་སྤངས་པའི་འབྲས་བུ་ནི།། མཐོ་རིས་ལྷ་དང་མིར་སྐྱེ་ལ།། ཚེ་རབས་མང་པོར་ནོར་དང་འབྲུ།། བསགས་མི་དགོས་པར་འབྱོར་པར་འགྱུར།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ ་ལས།། ཡན་ལག་གི་སྐབས་ཏེ་ཉེར་གཅིག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། རྩ་བ་ལོག་ལྟ་བཤད་པར་བྱ།། ལོག་ལྷ་རྣམ་པ་བཞི་རུ་བཤད།། རྟག་དང་ཆད་དང་འཁོར་དང་འཁོར་བ་དང་།། རང་གི་ལྟ་བ ་གོལ་བ་རྣམས།། ལོག་པ་རང་གི་ངོ་བོ་འཁོར་བའོ།། ངེས་པའི་ཚིག་ནི་མ་གྲོལ་བ།། དབྱེ་བ་རྣམ་པ་བཞི་རུ་ཤེས།། མཐུན་མའི་དཔེ་ནི་ཟག་སྦྲུལ་འདྲ།། དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་པས་ལོག་པ་མུ ་སྟེགས་དང་། དགེ་བའི་བཤེས་གཉེན་བྱུང་བ་ལ་སྐུར་བ་འདེབས་པ་སོ་སོའི་སྐྱེ་བོ་ལོག་པ་སྤྱོད་པ་ལོག་པ་དང་། རང་གི་དུག་ལྔ་ལ་རང་རྒྱུད་དུ་བལྟས་ནས། འཆི་བ་མི་དྲན་ཅིང་དམ་པའི་ཆོས་ལ་མི་མཉེས་པ་ལོག་པ ་དང་།། དམ་པའི་ཆོས་མཉན་གྱིས་ཤེས་ན་རང་ལ་བསྟོད་གཞན་ལ་སྨོད་པས་ལོག་པ་དང་།། དེ་ལྟར་ལོག་པ་ལ་ནི་གང་ཟག་ལོག་པར་ཁྲིད་པ་བདུད་ཀྱི་ལས་ཞེས་བྱའོ།། དེ་ཚོ་སྤངས་པ་ལ་འབྲས་བུ་འཚང་རྒྱ་ལ། མ ་རྒྱས་ཀྱི་བར་དུ་གང་ཟག་དེ་དོན་དང་ལྡན་ཞིང་།། སངས་རྒྱས་དཀོན་མཆོག་དྲན་པ། དེ་བླ་མས་བསྟན་པས་སྔོན་ལ་བླ་མ་དྲན་པ། དེས་བསྟན་པའི་ཆོས་དྲན་པ། ཆོས་ཀྱི་སྤྱོད་པ་དྲན་པས་ཉམས་བླངས ་ཤེས་པ། དེ་ཡི་སྐྱོན་ཡོན་ལས་འབྲས་བུ་དྲན་པ། དེ་རྣམས་མི་དྲན་པའི་རང་དབང་མེད་པས་འཆི་བ་དྲན་པའོ།། འཆི་བ་མ་དྲན་པས་བླ་མ་མི་དྲན།། འཁོར་བ་རང་རྒྱུད་དུ་ལྟ། དཀོན་མཆོག་གསུམ་མ་དྲན་པས། དུག ་ལྔ་མི་ཤི་བར་འདོད།། རང་རྒྱུད་པར་ལྟ། དེ་མི་དྲན་ན་ཆོས་མི་དྲན། ཆོས་མ་དྲན་པས་མི་དགེ་བཅུ་སྤྱོད་པས་ལོག། དུག་ལྔ་རང་རྒྱུད་དུ་ལྟ། དེ་མ་དྲན་པས་ཉམས་སུ་མ་མྱོང་བས་ལོག། སྡུག་བསྔལ་ལ་ལོངས་སྤྱོད་དུ ་ལྟ། དེའི་སྐྱོན་ཡོན་ལས་འབྲས་དུ་མ་དྲན་པས་ལོག། འགྲོ་དྲུག་གི་འཁྲུལ་པ་འབའ་ཞིག་ལ་རང་རྒྱུད་པར་ལྟ། དེའི་འབྲས་བུ་ནི་ལོག་པར་ལྟ་བས་སེམས་ཅན་དམྱལ་བར་འགྱུར་རོ།། ཞེས་གསུངས་སོ།། ལོག་པར་ལྟ ་བ་ལ་ངོ་སྤྱོད་པའི་སྐབས་ཏེ་ཉེར་གཉིས་པའོ།། །། ཡང་བཀའ་སྩལ་པ། དེ་དག་ཐམས་ཅད་ཀྱི་རྩ་བ་ནི་མ་དད་པས་ལན། མ་དད་པ་ནི་ཡིད་མ་ཆེས་པ་དང་ཆོས་མི་འདོད་པས་ལན་ནོ།། མ་དད་པ་ནི་མ ་མོས་པས་ལན། མ་མོས་པ་འཁོར་འམ་མ་རིག་པས་ལན། མ་རིག་པ་བླ་མ་དམ་པ་དང་མ་ཕྲད་པས་ལན། བླ་མ་དང་ཕྲད་པ་རྐྱེན། མོས་པ་རྒྱུ། དད་པ་གུས་པ་གཉིས་འདོམས་དགོས། དེ་ལྟར་འདོམས་ནས་གདམས ་པ་བསྟན་ནོ།། དེས་ཐེབས་སོ།། ཐེབས་ནས་མི་བྱེད་པ་དེ་ཅིས་ལེན།། དེ་ལེ་ལོས་ལན། ལེ་ལོར་འགྲོ་བ་དེ་བརྩོན་འགྲུས་མེད་པས་ལན། བརྩོན་འགྲུས་མི་བྱེད་པ་དེ་ཅིས་ལན། འཆི་བས་མི་འཇིགས་པས་ལན། ང ་རྒྱལ་དང་གཡེང་བས་ལན། དེ་སྔ་མའི་ངན་གོམས་ཀྱིས་ལན། དེ་ནི་ཝ་གསང་བ་ཡིས་ལན་ནོ།། ཀྱེ་རིགས་ཀྱི་བུ། འཁོར་བ་འདི་ལ་བལྟ་མ་ཤེས།། སྐྱེ་རྒ་ན་འཆི་འདོར་མ་ཤེས།། ཆུ་བོ་བཞི་ལ་གྲུ་མ་ཚུགས།། རང ་རིག་ཉི་མ་འདྲེ་མ་ཤེས།། མ་རིག་མུན་པ་སེལ་མ་ཤེས།། ཐོས་པ་མང་པོའི་ཆོས་ཀྱིས་རྒྱགས།། གང་ལ་སྤྱད་ཀྱི་ས་ཟིན་མེད།། མན་ངག་མང་བས་ཉམས་མྱོང་རྒྱགས།། གཟུང་བའི་རྩ་བ་གཅིག་ཀྱང་མེད།། གྲུབ ་མཐའ་མངས་པས་ལྟ་བ་རྒྱགས།། མཐའ་བཞི་དྲས་ཐག་ཆོད་དུས་མེད།། ཉམས་མྱོང་མང་པོས་ཞེན་པ་རྒྱགས།། ཞེན་མེད་རང་གྲོལ་གཅིག་ཀྱང་མེད།། ལྟ་བ་ཁ་རྐྱངས་མངས་པས་དུག་ལྔ་རྒྱགས།། འགྲོ་དྲུག་རང ་གྲོལ་གཅིག་ཀྱང་མེད།། ཚིག་ཚོགས་མང་པོས་རིག་པ་རྒྱགས།། སྐྱེ་མེད་རང་གྲོལ་གཏན་ལ་ཕེབས་པ་མེད།། དཔེ་ཆ་མང་པོ་ལུང་རིགས་རྒྱགས།། མཐའ་བཞི་རང་གྲོལ་གཅིག་ཀྱང་མེད།། ཨེ་མ་ཧོ། སྟོང་པའི་བདག ་པོས་སྟོང་པར་བཤད།། འདས་པ་ལྔ་པོ་མ་ཤེས་ན།། སྟོང་པའི་བདག་པོ་སྟོང་པར་འགྲོ།། མཚན་མས་མཚན་མ་བཤད་པ་ཡིས།། མཚན་མའི་བདག་པོ་མཚན་མས་ཁྱེར།། ཕྱུག་པོ་ལྟོགས་ཏེ་འཆི་བ་ནི། ཁེ་ཡོགས་མང ་པོས་ཆོག་ངོམས་མེད།། ཕྱུག་པོ་ལྟོགས་དྲིར་འཆི་བ་སྲིད།། མི་ལྟོགས་དུས་གཅིག་ཟོས་པས་ལྟོགས་ནས་འཆི་མི་འགྱུར།། ཟོས་མང་སྒྲ་ཚད་མང་པོས་ནམ་ཡང་འཆིང་།། གྲོལ་བ་ཐར་པར་དཀའ་བར ་འཆི།། གདམས་པས་ལམ་སྣ་ཟིན་པས་གྲོལ་བ་ཐར་པ་ཐོབ།། དེས་ནི་འབྲས་བུ་རང་གྲོལ་ཐོབ།། ཅེས་གསུངས་སོ།། ཡི་གེ་འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། མ་རིག་པ་དང་ལོག་ལྟ་གེགས་སེལ་གྱི་སྐབས་ཏེ་ཉེར ་གསུམ་པའོ།། །། ཡང་བཀའ་སྩལ་པ། སྔོན་ཨུ་རྒྱན་གྱི་ཡུལ་དུ་བྲམ་ཟེ་ཉི་མ་ཞེས་བྱ་བ་གཅིག་ཡོད་པ་ལ།། དེ་ལ་ཕ་བྲམ་ཟེ་རྒན་པོ་གཅིག་ཡོད་པ་ལ། དེ་ཨུ་རྒྱན་གྱི་དབུས་སུ་རྒྱལ་པོ་རིག་བྱེད་ཀྱི་འཁོར་གྱིས ་བཟུང་བས། གསེར་མང་པོས་བསླུས་པས་མ་སྟེར་བར། དེར་བྲམ་ཟེ་དེ་ཅིས་བསླུས་པས་མ་ཕན་ནས། བྲམ་ཟེ་དེ་ལ་གྲོགས་རིག་བྱེད་ལ་མཁས་པ་གཅིག་ཡོད་དེ། མིང་ཀུན་དགའ་གསལ་ཞེས་བྱ་བ་དེ་ལ་བཟླས ་པས། བུ་ཐབས་ཡོད་ཟེར་ཏེ། ནགས་ཀྱི་དགོན་པ་ན་བྲམ་ཟེ་རྒན་པོ་དེ་ཀ་འདྲ་བ་མགོ་དཀར་བ། གདོང་བ་དམར་བ། ལུས་ནག་པ། མིག་རྣོ་བ། ལག་པ་རྩུབ་པ། སྐད་སྣ་ཚོགས་བསྒྱུར་བ། ལུས་མི་ཅིག་ཡོད་པས། ་དེ་ལ་འབྲས་ཆང་བླུད་ལ་ཟུང་དང་།། སྒྲ་དེའི་མིང་ནི་ཨ་ཅོ་བདེ་སྤུངས་ཞེས་བྱ་བ་ཡིན་ནོ་བྱས་ནས། དེ་ལྟར་བྱས་ཏེ་བསླུས་པས་མ་འདོད་པ་དེ་བརྫེས་པས། འདི་ང་ཡི་མེས་པོ་ཡིན་པས་བརྗེ་དགོས་བྱས་པས་རུང ་ཟེར་ཏེ། དེར་ཁོང་པོ་ནི་ཨ་ཅོ་བརྗེ་ཡམ་བྱས། བུ་རང་ཤེས་ཟེར་རོ།། བརྗེས་པའི་རྟིང་ལ་འཁྱིག་གོ་བྱས་པས་ཀྱང་བུ་རང་ཤེས་ཟེར་རོ།། དེ་ནས་ལྔར་མ་འདོད་ནས་གསོད་དོ་བྱས་པས་ཀྱང་བུ་རང་ཤེས་ཟེར ་རོ།། དེར་བརྗེས་ནས་གཅིག་ནི་བདེ་བ་དང་ལྡན། བཙོན་ལས་ཐར་ཏེ་ཆོས་བྱས་པས་སངས་རྒྱས་སོ།། སྒྲ་ལ་ལྔ་པ་མེད་དེ་ཇི་སྐད་བྱས་ཀྱང་ཁྱོད་རང་ཤེས་ཟེར་ཏེ། མཐའ་གཞུག་ཏུ་ན་ན་གསལ་བསྐུལ་ཏེ། བྲག་ལ ་གཏད་དེ་ཐར་པའི་དུས་མེད་དོ།། དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་ཡང་མི་འདའ་ཡང་བུ་རིགས་ཀྱི་བུ་ཚ་རྣམས་ཤེས་སོ།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། སྲིད་པ་ལྟོ་བཟློག་པའི ་སྐབས་ཏེ་ཉེར་བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ལས་འབྲས་སྤྱི་ཡིན་རྣམ་པ་འདི་དག་ཡིན།། བྱ་བ་དང་ནི་སྤངས་པའི་རིགས།། ཆགས་སྡང་ཞེ་སྡང་གཏི་མུག་གིས།། བསྐྱེད་བརྒྱུད་དངོས་སུ་ཟད་གྱུར ་ན།། ངེས་པར་དམྱལ་བར་སྐྱེ་བར་འགྱུར།། མ་རྟོགས་ལས་ཀྱི་རྐྱེན་གྱིས་ཤི།། ངེས་པར་བྱོལ་སོང་ཚེ་ཐུང་འགྱུར།། འདོད་ཆགས་སྐྱེ་བརྒྱད་དངོས་པོས་བསད།། ཡི་དྭགས་འཇིག་རྟེན་ངེས་པར་སྟེ།། མི་དགེ་བཅུ ་སྤངས་ཚུལ་ཁྲིམས་ཡིན།། མི་འཚེ་བ་ཡི་ལྷ་མིར་སྐྱེ།། ཚེ་ཡང་རིང་ཞིང་བདེ་དང་ལྡན།། འཚེ་བས་ཕྱི་མར་ཚེ་ཐུང་འགྱུར།། མི་དང་འབྱུང་པོ་དུད་འགྲོས་བརྡུངས།། མཛེ་ལ་སོགས་པའི་ནད་རྣམས་འབྱུང་།། ནོར་འཕྲོག ་པ་ཡི་དབུལ་པོར་འགྱུར།། མི་འཕྲོག་པ་ནི་རྫས་དང་ལྡན།། གང་ཞིག་ཟས་དང་ནོར་སྦྱིན་པ།། ཚེ་རིང་མདངས་ལྡན་སྟོབས་ལྡན་ཞིང་།། དཔལ་དང་ལྡན་ཞིང་ནད་མེད་ཅིང་།། རྟག་པར་བདེ་དང་ལྡན ་པར་འགྱུར།། གོས་བྱིན་པས་ནི་ལོངས་སྤྱོད་ལྡན།། གོས་ཀྱང་རྣམ་པ་སྣ་ཚོགས་རྙེད།། མལ་སྟན་བྱིན་པས་བདེ་ལྡན་འགྱུར།། ས་གཞི་བྱིན་པས་ནོར་དང་ལྡན།། འབྲུ་བྱིན་པས་ནི་ཕུན་སུམ་ཚོགས། ཁྲིམས་བཙུན ་འདོད་ཆགས་སྤངས་པས་སྐྱེས་པ་ཐོབ།། ཆགས་ཆེ་ཁྲིམས་སྲུན་བུད་མེད་འགྱུར།། ཆང་འཐུང་བ་ནི་མི་བསྟེན་པ།། ཤེས་རབ་གསལ་ཞིང་དྲན་པ་བསྟེན།། རྨོངས་མེད་བདེན་པར་སྨྲ་བར་འགྱུར། ཁྲིམས་བསྲུངས་ཁྲོ། ་བའི་སེམས་ལྡན་ནས།། ལྷ་མ་ཡིན་གྱི་རིག་གནས་སུ་སྐྱེ།། དེ་ཡང་ལྷ་མ་ཡིན་དུ་སྐྱེ་བའི་ལས་དག་དང་།། དེ་ཡི་ལས་འཕྲོ་འཐུད་པ་དང་།། འཐུད་པའི་འབྲས་བུ་ལུས་དང་ཚེ་ཚད་རྣམས།། དེ་དག་བདག་གིས ་འདིར་སྤྱད་དོ།། ལྷ་མ་ཡིན་དུ་སྐྱེ་བ་ཡང་།། རྟག་པར་གཡོ་དང་སྒྱུ་བྱེད་ཅིང་།། སྡིག་པ་དག་ནི་མ་བྱས་ལ།། འཐབ་ལ་དགའ་ཞིང་སྦྱིན་བྱེད་པ།། དེ་ནི་ལྷ་མིན་དབང་ཕྱུག་འགྱུར།། ལྷ་མ་ཡིན་གྱི་རྒྱལ་པོ་རྣམས།། དེ་ཡི ་བློན་པོ་འཁོར་དག་རྣམས།། འཐབ་པ་དང་ནི་འཐབ་ལ་དགའ།། འཐབ་ལ་མོས་དང་བྲལ་བ་དང་།། རྩོད་པ་དང་ནི་ཆེར་རྩོད་དང་།། འོད་དང་ཉེ་བའི་འོད་དང་ནི།། སྣང་བ་དང་ནི་སྣང་གསལ་དང་།། བྱིན་ནས་བདེ ་དང་བསོད་ནམས་སྐྱེས།། བདེ་ལྡན་དང་ནི་བཟང་སྐྱོང་དང་།། འདྲ་བ་ཅན་དང་འདྲ་འོད་དང་།། ཉི་མ་ལྷ་དང་ཉི་མེད་འོད།། ཤིང་ཆེན་ལོ་མ་འབྲས་བུ་དང་།། རྐེད་པ་རྩ་བ་རྣམས་ལ་གནས།། ནང་ནི་སྲོག་པའི་རྩ་ལ ་གནས།། དེ་རྣམས་ལྷ་མ་ཡིན་གྱི་ལས་འབྲས་ཡིན།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། ལྷ་མ་ཡིན་གྱི་སྐབས་ཏེ་ཉེར་ལྔ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། གང་ཞིག་ཆོས་ལ་རྟག་ཏུ་མོས།། བླ་མ ་རྣམས་ཀྱི་བཀའ་བཞིན་བྱེད།། ཕན་དང་མི་ཕན་སྟོན་པ་སྟེ།། དེ་ཡི་ཚིག་བཙུན་དོན་དང་ལྡན།། འདྲི་བ་བརྫུན་དུ་མི་སྨྲ་བ།། དེ་ཡི་ངག་ལ་བདེན་པར་འཛིན།། འབྲས་བུ་རྣམས་ལ་རྟག་ཏུ་མོས།། བྱང་སེམས་ལྡན་པས ་བྱང་ཆུབ་འགྲུབ།། ཅེས་གསུངས་སོ།། འདོད་ཆགས་ཅན་ནི་ངང་པ་དང་།། ཕུག་རོན་བོང་བུ་རྣམས་སུ་སྐྱེ།། རྩ་རླུང་བརྟེན་པ་ཐབས་ཀྱིས་འཆིང་།། མངལ་གྱི་འབུ་སྲིན་ལྕི་སྲིན་སྐྱེ། ཁོ་བ་རང་རྒྱུད་སྦྲུལ་དུ་སྐྱེ།། ང་རྒྱལ ་རང་རྒྱུད་སེང་གེར་སྐྱེ།། ཆེ་བའི་ང་རྒྱལ་ཁྲི་དང་བོང་བུར་སྐྱེ།། སེར་སྣ་ཕྲག་དོག་སྤྲེའུར་སྐྱེ།། གཏི་མུག་རྨོངས་པ་དོམ་དུ་སྐྱེ།། ཞེ་སྡང་གདུབ་རྩུབ་སྟག་ཏུ་སྐྱེ། ཁོང་ཁྲོ་ངར་འཛིན་སྒྲ་རུ་སྐྱེ།། ཕྲག་དོག་ངར་འཛིན་གཟིག ་ཏུ་སྐྱེ།། གཏི་མུག་མི་སྙན་གླང་པོར་སྐྱེ།། གཏི་མུག་བརྫུན་དགའ་མ་ཧེར་སྐྱེ།། གཏི་མུག་ཞེ་སྡང་སྤྲེའུར་སྐྱེ།། གཏི་མུག་སྦྱིན་པས་རྟ་རུ་སྐྱེ།། རང་བཞིན་མི་བརྟན་བྱ་ཁྲར་སྐྱེ།། གཏི་མུག་སྲོག་ལ་གཅོད་བྱེད་པ།། བ་གླང ་ཁྱི་སོགས་རྐང་བཞིར་སྐྱེ།། མི་བསྲུན་ཞེ་སྡང་གཏི་མུག་ཅན།། སྡིགས་པ་འབྲུ་སྲིན་ལ་སོགས་སྐྱེ། ཁྲོ་དང་སེར་སྣས་བྱི་ལར་སྐྱེ།། འདོད་ཆགས་ཤ་ལ་དགའ་བ་ནི།། བྱ་རྒོད་སྦྱང་ཀི་ལ་སོགས་སྐྱེ།། ཚུལ ་ཁྲིམས་བསྲུང་ཡང་གཏི་མུག་ཆེ།། བྱོལ་སོང་ཀླུ་ཡི་རིགས་སུ་སྐྱེ།། ཞེས་གསུངས་སོ།། འབྲུ་བཤད་ཀྱི་འཁོར་ལོ་ལས། སྐབས་ཉེར་དྲུག་པའོ།། །། དེ་ནས་ཡང་བཀའ་རྩལ་པ། ཆོས་ལ་མི་དགེའི་ཆོ་ག ་ལོག་སྤྱོད།། ཡི་དགས་ལུས་སྲུལ་པོ་རུ་སྐྱེ།། བཟའ་བ་བགོ་བ་འཕྲོག་བྱེད་པ། ཁོང་པའི་དྲི་མ་ཟ་བར་སྐྱེ།། ཆགས་པ་སྤྱོད་པས་སེར་སྣས་བཅིངས་ནས་ནི།། ཡི་དྭགས་རྒུར་ཞར་ལྦ་བ་ཅན་དུ་སྐྱེས།། སློང་བ་མི་སྟེར ་སྦྱིན་པ་འཕྲོག། སྐྱུགས་པ་ཟ་བར་སྐྱེ་བར་འགྱུར།། གང་ཞིག་བླ་མའི་ཆོས་བྱེད་ལ། ཁྲོ་སྟེ་མི་ཉན་མཚང་འབྲུ་སྨྲ།། ཡི་དྭགས་ཁང་པར་སྐྱེ་བར་འགྱུར།། སྲོག་ཆགས་བསད་ནས་སྦྱིན་པ་འགྱེད།། སྲིད་པོ་གདོང་དམར ་ལུས་སུ་སྐྱེ།། ཕ་མ་འམ་བླ་མ་གཞན་ལ་སྐྱེལ་བསུ་བྱེད།། སུམ་ཅུ་རྩ་གསུམ་ཉེ་དབང་སྐྱེ།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། སྐབས་ཏེ་ཉེར་བདུན་པའོ།། །། དེ་ནས་ཡང་བཀའ་སྩལ ་པ། ལུས་ཅན་གཡུལ་དུ་གསོད་བྱེད་པ།། རལ་གྲི་སེན་མོ་ཅན་དུ་སྐྱེ།། གཅིག་ལ་གཅིག་གཅོད་སྐྱེ་བར་འགྱུར།། མི་རྣམས་རྐུ་བྱས་བསད་པ་ན།། ལྕགས་ཀྱི་རལ་གྲི་སོར་བཅུ་དྲུག། ངུ་ཞིང་སྟོབས་ཀྱིས་འཛེག་པར ་འགྱུར།། གཞན་གྱི་བུད་མེད་ཕྲོགས་བྱས་ན།། ལྕགས་ཀྱི་ཁྱི་ནི་སྲེ་པོ་ཡིས།། ཡང་དང་ཡང་དུ་འཛིན་པར་འགྱུར།། ཕག་དང་སྦྱང་ཀི་བསད་གྱུར་ན།། སྤུ་གྲི་ལམ་སོགས་འགྲོ་བར་འགྱུར།། གཞན་གྱི་ནོར་རྣམས་བརྐུས ་ཕྲོགས་ན།། ལྕགས་ཀྱི་ཐུ་ལུམ་ཟ་བར་སྐྱེ།། ཟངས་ཀྱང་བཀོལ་བ་འཐུང་བར་འགྱུར།། ཆོས་པ་རྣམས་ཀྱི་སྟེགས་བཤིགས་ནས།། སྤུ་གྲི་འབར་བས་གཏམས་པར་འགྲོ།། སོར་མོས་ཤིག་ནི་བཙེམ་གྱུར་ན།། བྲག ་གཉིས་པར་དུ་བསྟིམ་པར་འགྱུར།། ཚུལ་ཁྲིམས་ལེགས་གནོད་མི་སྲུན་པ།། ཤ་རུས་མེ་མར་མུར་དུ་སྲེག། ཆོས་ཀྱི་ལོག་ཚོ་བཙལ་བྱས་ན།། འབུ་དང་སྲིན་བུར་ཡང་ཡང་སྐྱེ།། འབྲུ་ཡི་ནང་གི་སྲོག་ཆགས་གསོད།། དེ ་ནི་ལྕགས་ཀྱི་གཏུན་ཤིང་གིས།། ཡང་དང་ཡང་དུ་བརྡུང་བར་འགྱུར།། སྡུག་བསྔལ་ས་བོན་སྡིག་པའི་ལས།། ཆ་དང་ཆུང་ངུ་ནས་སུ་སྤང་།། ཞེས་རྒྱལ་བས་གསུངས་སོ།། དེ་ཡི་ལས་འབྲས་ཀྱི་སྐབས་ཏེ་ཉེར་བརྒྱད ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། ཆོས་ཀྱི་ལས་དང་འབྲས་བུ་འདི་བཤད་པས།། བར་དོ་མི་དྲིན་པའི་རང་དབང་མེད་པས་དེ་དྲན་པ་ལ་བླ་མ་དགོས་པས། བླ་མ་སངས་རྒྱས་ཀུན་པས་གཉེན།། ཆོས་ཤེས ་བཀྲ་ཤིས་བཀྲ་ཤིས་འབྱུང་།། དེ་ལ་གདམ་ངག་འདི་བསྟན་པས།། ཐམས་ཅད་མཚན་མ་རང་གྲོལ་འགྱུར།། འགྲོ་དྲུག་ལས་འབྲས་དྲན་པས་བླ་མའི་གདམས་པ་ཡིན།། དེ་ཡི་མཚན་མ་རང་གྲོལ་བླ་མའི་ངོ་སྤྱོད ་ཡིན།། གཞི་ནི་ལྷུན་གྱིས་གྲུབ་པས་ཀུན་གྱི་གཞི་མ་ཡིན།། འཁྲུལ་བ་མི་འགས་གཞི་ཡི་འཕྲིན་ལས་ཡིན།། ཕྱོགས་མེད་མཁྱེན་པས་ལམ་གྱི་གདམས་པ་ཡིན།། འབྲས་བུ་རང་གྲོལ་ཆོས་ལས་འདས་པ ་འབྲས་བུ་གདམ་པ་ཡིན།། ངོ་སྤྱོད་རྣམ་གསུམ་རོ་སྙོམས་ལམ་གྱི་ཡིད་ཆེས་ཡིན།། ཆོས་མེད་ཆོས་ཅན་གྲུབ་མཐའ་ཕྱོགས་མེད་མཁྱེན་པས་ལམ་གྱི་ངེས་ཤེས་ཡིན།། འགྱུ་བ་རང་གྲོལ་ཟང་ཐལ་གྱི་འབྲུས་བུ ་ཡིན།། དུག་གསུམ་སྐུ་གསུམ་དོ་སྤྲད་ལམ་གྱི་དབང་བ་ཡིན།། འགྱུ་བ་ཡེ་ཤེས་ལྔར་ཤར་ལམ་གྱི་ཡོན་ཏན་ཡིན།། གཟུང་འཛིན་གཉིས་ལ་ངོ་སྤྲོད་ལམ་གྱི་དུས་ཚོད་ཡིན།། འགྲོ་དྲུག་སྤྱི་དང་རང་གི་མཚན་ཉིད་ཤེས་པ ་དྲོད་ཚད་ཡིན།། མ་རིག་བདར་ཤ་ཆོད་པས་ཆོས་ཀྱི་སྒྲོ་འདོགས་ཆོད།། ཆོས་རྣམས་རང་གྲོལ་ཡེ་ཤེས་གདེང་དང་ལྡན།། གྲུབ་མཐའི་འབྲས་བུ་ཕྱོགས་མེད་མཁྱེན་པས་ལམ་ཤེས་ཞེས་སུ་བརྗོད།། ཐེག་པའི་རང ་གཞུང་བསམ་པའི་ཁྱད་པར་ཡིན།། ཡེ་ཤེས་རང་བྱུང་བསམ་དབང་དངོས་དབང་གྲོལ།། ཅི་སྟེ་ལས་སྐྱི་དབང་སྒྱུར་ན།། གྲོལ་བ་རང་བྱུང་ག་ལ་སྣང་།། ལྟ་བ་ཡེ་ལྷ་ཆེན་པོའི་གདེང་མེད་ན།། བྱས་ཆོས་ལས་ཀྱི་འབྲས ་བུ་སངས་རྒྱས་དཀའ།། ཡེ་སྒོམ་འོད་གསལ་རྟོག་མེད་ཟང་ཐལ་གདེང་མེད་ན།། ཉམས་མྱོང་མང་པོ་སྐྱེས་ཀྱང་བྱིས་པའི་འདྲིད་པ་འདྲ།། ཡེ་སྤྱད་ཚོགས་དྲུག་ཀུན་གྲོལ་གནད་མེད་ན།། ཚིགས་སྤྱོད་རིགས་སྤྱོད ་གསང་སྤྱོད་བརྟུལ་ཞུགས་སྤྱོད།། སྤྱི་དང་ཁྱད་པར་རང་གྲོལ་མ་ཤེས་ན།། དུག་འཐུངས་ཏི་སྟི་འདྲ་སྟེ་སྤྱོད་པར་འགྱུར།། ཡེ་གྲོལ་ཆེན་པོ་འབྲས་བུའི་རྣམ་དག་གནད་མེད་ན།། ཐོབ་འདོད་ལྟོགས་འདྲེ་འདྲ་སྟེ་ཐོབ་པའི ་དུས་མ་མཆོས།། འདོད་པ་གདུངས་ཏེ་ལྟོགས་འགོང་ཡིན།། ལྟོགས་འགོང་རྩད་ནས་མཆོད་ན།། ཕུང་འདྲེ་ལས་ལ་ཟད་པ་མེད།། ཕུང་བྱེད་སྲོག་རྩ་གཅོད་པ་ལ།། སྣང་བ་རོ་སྙོམས་གདམས་པའི་མཆོག། གལ ་འགེགས་གཟེ་རུ་བསམ་ཡས་ཀྱང་།། རྟོགས་ཐོབ་ངོ་སྤྱོད་རོ་སྙོམས་ཡིན།། འབྲས་བུ་ཕྱི་ནང་མེད་པ་ལ།། དུས་ལ་ལྟོས་པ་འཁྲུལ་པའི་ལམ།། ཡང་དག་རང་སར་གྲོལ་བ་ལ།། ལྟ་བའི་གནད་དང་ལྟ་བའི་ས།། ལྟ་བའི ་དུས་དང་མ་མཐོང་སྐྱོན།། མེ་མཐོང་རང་དབང་མེད་པ་དང་།། མཐོང་བའི་ཚད་དང་ངེས་ཤེས་དང་།། སྤང་པོ་དུན་རྟོགས་དྲོད་རྟགས་དང་།། འབྲས་བུ་ཡིད་ཆེས་གདེང་མེད་པ། ཁ་རྐྱངས་དོན་མ་མཐོང་བར་བཞི་ལ ་དགོངས།། སྐྱེ་མེད་བརྗོད་མེད་བློ་ལས་འདས།། ཡུལ་དུ་རྩད་ནས་ཉམས་སུ་མྱོང་བ་མེད། ཁ་གཏམ་ཚུལ་འཆོས་མཁན་པོ་ཉོན་རེ་མོངས།། དེ་ནས་ཉམས་སུ་ལེན་ཟེར་བ།། སྐྱེ་མེད་ལ་སོགས་ཉམས་སུ་ལེན་པ ་ནི།། ཉམས་མྱོང་བློ་ཡི་བློ་ལས་འདས་པར་དཀའ།། དེ་ཕྱིར་གནད་ཀྱི་ངོ་སྤྲོད་གདམས་པ་དཀོན།། དཀོན་པས་ལྟ་བ་ཡུལ་དུ་ཤོར།། ལ་ལ་བློ་ལ་བརྟེན་པར་བྱེད།། ལ་ལ་མོང་ཟེར་སྐུར་པ་འདེབས།། ངོ་སྤྲོད་སྐུར་པར ་འགྱུར་གྱིས་གསང་བར་གྱིས།། རྩེ་གཅིག་སྒོམས་པས་སངས་རྒྱས་ཤིན་ཏུ་དཀའ།། སྐུ་གསུམ་ཞི་ལ་གནས་པའི་དུས།། སྒོམ་སྒྲུབ་ལྟ་བ་ལ་སོགས་པ་སུ་ཡིས་མཐོང་།། འགྱུ་བ་སྐུ་གསུམ་ཤར་བ་ལ།། ལྷ ་སྒོམ་ལ་སོགས་བྱས་པ་སུ་ཡིས་མཐོང་།། འོད་དང་འབྱུང་ལྔ་སྐུ་གསུམ་ཤར་བ་ལ།། ལྷ་སྒོམ་སྤྱོད་པ་བྱས་པ་སུ་ཡིས་མཚོན།། སྐུ་གསུམ་ངོ་སྤྱོད་ལམ་གྱི་རྒྱལ་པོ་ཡིན།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར ་ལོ་ལས། སྐབས་ཏེ་ཉེར་དགུ་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། དམ་ཚིག་དམ་ཚིག་ཅེས་བྱ་བ།། མདོར་བསྡུས་རྣམ་པ་བརྒྱད་དུ་བསྟན།། རྩ་བ་ཡན་ལག་རྣམ་པ་བརྒྱད།། རྩ་བ་སྐུ་གསུང་ཐུགས ་ཀྱི་ཡིན།། ཡན་ལག་མི་སྤང་མི་དོན་དང་།། སྤྱད་པར་བྱ་དང་ཤེས་པར་བྱ།། གྲུབ་པར་བྱ་དང་རྣམ་པ་ལྔ།། སྐུ་ཡི་དམ་ཚིག་བླ་མ་སྤུན་ལ་གདུང་སེམས་ལྡན།། དམ་ཚིག་དབང་དང་ཤེས་རབ་བརྒྱུད།། མན་ངག་ལུང ་འབེགས་སློབ་དཔོན་ལ།། མངན་དང་དཔྱ་སེམས་སྤང་བར་བྱ།། གདམ་ངག་ནོད་པར་བྱ་བའི་ཕྱིར།། རྟག་ཏུ་ཕྱིར་འབྲེང་བེའུ་ལྟ་བུའོ།། གསུང་གི་དམ་ཚིག་ཅེས་བྱ་བ།། བཟླས་བརྗོད་གྲངས་མང་མི་རྫོགས ་པས།། སྒྲ་ཆེ་མ་ཡིན་ཆུང་བ་མིན།། མགྱོགས་པ་མ་ཡིན་བུལ་བ་མིན།། དྲག་པ་མ་ཡིན་ཞན་པར་མིན།། ཡིག་འབྲུ་ཡན་ལག་མ་ཉམས་བཟླས།། ཡེངས་ན་བར་ཆོད་འབྱུང་བར་འགྱུར།། ཆུ་བོའི་རྒྱུན་ལྟར་བཟླས་པ ་ཡིན།། ཐུགས་ཀྱི་དམ་ཚིག་ཅེས་བྱ་བ།། སྤྱི་གསང་བཞི་དང་བར་གསང་བཞི།། གསང་བར་འོས་དང་གསང་བར་གཉེར་གཏད་པའོ།། བུམ་པ་ནང་གི་མར་མེ་ལྟར།། ལྐོག་ཏུ་སྟོན་ན་འཆི་བ་ལྟར།། རྒྱུན་དུ་སངས་ན ་དངོས་གྲུབ་འབྱུང་།། མི་སྤང་དུག་ལྔ་སངས་རྒྱས་ལྔ།། ཡེ་ཤེས་ལྔ་ཡི་ངོ་བོ་ཡིན།། སྤངས་ན་དོན་དང་ལྡན་པར་དཀའ།། མི་བོར་བདུད་རྩི་རྣམ་པ་ལྔ།། རང་བྱུང་བདུད་རྩི་རྨད་དུ་བྱུང་།། བོར་ན་རྣལ་འབྱོར་དོན་དང ་འགལ།། སྤྱད་པར་བྱ་བ་སྦྱོར་སྒྲོལ་དང་།། མ་བྱིན་ལེན་དང་ངག་རྩུབ་སྲོག་གཅོད་རྣམས།། དོན་དང་རྣལ་འབྱོར་པ་ཡིས་སྤྱད།། ཤེས་པར་བྱ་བ་འབྱུང་བ་ལྔ།། ཡེ་ཤེས་ལྔ་དང་རིགས་ལྔར་ཤེས།། ཤེས་པ་སྲིད་གསུམ ་སྐྱེ་གནས་མེད།། གྲུབ་པར་བྱ་བའི་དམ་ཚིག་ནི།། སངས་རྒྱས་ལྔ་རུ་གྲུབ་པར་བྱ།། ཤེས་ན་མི་སྒྲུབ་དོན་དང་འགལ།། རྩ་བའི་དམ་ཚིག་ཉམས་གྱུར་ན།། བསྐལ་པ་ཆེན་པོ་གྲངས་མེད་དུ།། དམྱལ་བ་མི་བཟད་པ་རུ ་ལྟུང་།། རྒྱ་མཚོའི་ཐིགས་པ་བགྲང་བར་ནུས།། དེ་ཡི་རྣམ་སྨིན་བགྲང་མི་ནུས།། ཤིན་ཏུ་མི་བཟད་སྡུག་བསྔལ་ཏེ།། སྲིད་གསུམ་སེམས་ཅན་གསད་པའི་ས།། བླ་མའི་བཀའ་འཆག་ཆར་མི་ཕོད།། རྡོ་རྗེ་སྤུན་ལ་སྨད་པ ་ནི།། ཉམས་པའི་སྐྱོན་ལ་བརྗོད་མི་ལང་།། བསྐལ་པ་གཅིག་ཏུ་དམྱལ་ཆེན་སྟོང་།། ཚེ་འདིར་བསྒྲུབས་ཀྱང་དངོས་གྲུབ་ཡལ།། གསུང་གི་དམ་ཚིག་ཉམས་གྱུར་ན།། བསྒྲུབས་ཀྱང་དོན་རྣམས་མི་འབྱུང་བས།། ཡི ་དྭགས་གནས་སུ་སྐྱེ་བར་འགྱུར།། ལྐུགས་པའི་གནས་སུ་བརྒྱུད་ཅིང་སྐྱེ།། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། ཡི་དྭགས་ཁྱི་ཡི་ལུས་སུ་སྐྱེ།། ཟོང་གཤོལ་ལྔ་བརྒྱ་འབར་བ་ཡིས།། དེ་ཡི་ལྕེ་ལ་གཤོག ་པར་བྱེད།། དངོས་གྲུབ་འབྲས་བུ་མེད་པར་འགྱུར།། ཡི་དམ་ལྷ་ཡིས་སྙིང་ཁྲག་འཐུང་།། མི་སྤོང་དམ་ཚིག་ཉམས་གྱུར་ན།། དངོས་གྲུབ་ཐམས་ཅད་སྤངས་པར་འགྱུར།། མི་དོར་དམ་ཚིག་ཉམས་གྱུར་ན།། དངོས་གྲུབ ་འབྲས་བུ་མི་ཐོབ་ཅིང་།། ཡི་དྭགས་སྤྲེའུའི་ལུས་སུ་སྐྱེ།། སྤྱད་པའི་དམ་ཚིག་ཉམས་གྱུར་ན།། འདུ་ཤེས་མེད་པའི་འགོག་པར་ལྟུང་།། ཤེས་པའི་དམ་ཚིག་ཉམས་གྱུར་ན།། འདུ་ཤེས་མེད་པའི་ཁྲོད་དུ་ལྟུང་།། གྲུབ་པའི ་དམ་ཚིག་ཉམས་གྱུར་ན།། བདུད་ཀྱི་འཇིག་རྟེན་གནས་སུ་སྐྱེ།། རྟོགས་པའི་དམ་ཚིག་ཉམས་གྱུར་ན།། རུ་དྲའི་ལུས་སྐྱེས་དམྱལ་བར་ལྟུང་།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། དམ་ཚིག་བསྟན ་པའི་སྐབས་ཏེ་སུམ་ཅུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། དེ་ཡི་ཉམས་པའི་སྐོངས་ཐབས་ནི།། སྐུ་ཡི་དམ་ཚིག་ཉམས་གྱུར་ན།། བླ་མ་འམ་རྡོ་རྗེ་སྤུན་ལ་བཤགས།། དེ་ཡིས་ཉམས་པ་སྐོངས་པ ་ཡིན།། ཕྱིས་ནི་བསྐོང་བར་མི་འགྱུར་རོ།། གསུང་གི་དམ་ཚིག་ཉམས་གྱུར་ན།། བཟླས་པ་འབུམ་ཚོ་གསུམ་དུ་བསྐྱལ།། བླ་མ་ལས་ནི་ལུང་བླངས་སོ།། དེས་ནི་སྐོང་བར་འགྱུར་བ་ཡིན།། ཐུགས་ཀྱི་དམ་ཚིག་ཉམས ་གྱུར་ན།། སྡིག་པ་སྦྱང་ཕྱིར་སྦྱིན་སྲེག་འབུམ་ཚོ་གསུམ།། དེ་ཡིས་དེ་ཡི་ཉམས་པ་སྐོང་།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། རྩ་བའི་དམ་ཚིག་ཉམས་པ་གསོ་བའི་ལེའུ་སྟེ་སྐབས་སོ་གཅིག ་པའོ།། །། དེ་ནས་ཡང་བཀའ་རྩལ་པ། ཡན་ལག་ཉམས་པ་བསྐང་བ་ནི།། མིང་སྤང་དམ་ཚིག་ཉམས་གྱུར་ན།། ལྟ་བ་གདེང་དང་ལྡན་བྱས་ན།། དེ་ཡིས་བསྐོང་བར་འགྱུར་བ་ཡིན།། མ་རྟོགས་འཁོར་བའི ་གནས་སུ་འཁྱམས།། མི་འདོར་དམ་ཚིག་ཉམས་གྱུར་ན།། བདུད་རྩི་བཅུད་ལེན་སྦྱར་བྱས་པས།། དེ་ཡིས་བསྐོངས་པར་འགྱུར་བ་ཡིན།། དེ་མ་བྱས་ན་བདུད་དབང་འགྱུར།། ཤེས་བྱའི་དམ་ཚིག་ཉམས་གྱུར་ན།། སྐུ ་ལྔ་ཡེ་ཤེས་ལྔ་ཉིད་དུ།། སྒྲ་བཅད་ལོ་མངས་བསྒྲུབས་པས་སྐོང་།། དེ་ལྟར་མ་བྱས་དམྱལ་ཁམས་བརྒྱུད།། བསྒྲུབ་པར་བྱ་བའི་དམ་ཉམས་ན།། སྲིད་གསུམ་སྐུ་གསུམ་ངོ་བོར་སྒྲུབ།། མ་བསྒྲུབས་ཡི་དྭགས་གནས་སུ ་སྐྱེ།། སྤྱད་པར་བྱ་བ་ཉམས་གྱུར་ན། ཁམས་གསུམ་སེམས་ཅན་སྲོག་གཅད་ལ།། ངོ་བོ་རང་བཞིན་དངོས་པོའི་སྦྱོར་སྒྲོལ་བྱ།། དེ་ཡིས་ཉམས་པ་བསྐོངས་པར་འགྱུར།། དེ་ལྟར་མ་བྱས་ཁམས་གསུམ་འཁོར།། བླ་མ ་མཉེས་པར་བྱས་པས་ནི།། སྐུ་ཡི་དམ་ཚིག་ཉམས་པ་མེད།། གདམས་ངག་ཚུལ་བཞིན་སྤྲད་བྱས་ན།། གསུང་གི་དམ་ཚིག་ཉམས་པ་མེད།། དགོངས་པ་མཉམ་པའི་དོན་གནས་ན།། ཐུགས་ཀྱི་དམ་ཚིག་ཉམས་པ ་མེད།། འདོད་ཡོན་ལྔ་ལ་ལོངས་སྤྱད་ན།། ཡན་ལག་དམ་ཚིག་ཉམས་པ་མེད།། དེ་ལྟར་དམ་ཚིག་མ་ཉམས་ན།། དམྱལ་བའི་མེ་ལྕེ་འཕྲེང་བ་ཡང་།། རང་སྣང་སྐུ་གསུམ་ཉིད་དུ་འཆར།། དེ་ལས་འདས ་ས་ཡོང་མི་སྲིད།། དོན་རྟོགས་དགོངས་པའི་ངོ་སྤྲད་ན།། སངས་རྒྱས་ཐུགས་རྗེ་དམྱལ་བའི་སྣང་བ་ཡིས།། ཕན་གནོད་གཉིས་སུ་བྱུང་བ་མེད།། དགེ་སྡིག་ལས་འབྲས་རང་སར་གྲོལ།། གྲོལ་པ་རང་བྱུང་གཞན ་ལས་མིན།། ཅེས་གསུངས་སོ།། དམ་ཚིག་མདོ་རྒྱས་ཀྱི་སྐབས་ལས། གསོ་བའི་སྐབས་ཏེ་སོ་གཉིས་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། སྔོན་འདས་པའི་དུས་ན།། བྲམ་ཟེ་བདེ་བའི་བློ་གྲོས ་དང་།། སློབ་དཔོན་བཟང་པོ་སྤྱོད་པ་ཡིས།། དགོན་པ་བཟུང་ན་བྲམ་ཟེ་ལ་གདམས་ངག་བཏབ་པས། བྲམ་ཟེས་ཆོས་ཐོབ་ནས། བླ་མ་ལ་རྒྱབ་ཀྱིས་ཕྱོགས་པས་རྩ་བའི་དམ་ཚིག་ཉམས་པས། ཐར་པའི་དུས་མེད་ཟེར ་བ་དེ་ཡ་ཆ། སྔོན་འདས་པའི་དུས་ན། སློབ་དཔོན་རིག་བྱེད་གྲགས་པའི་དཔལ་དང་།། སློབ་མ་དགེ་བའི་དཔལ་གཉིས་ཡོད་པ་ལ། སློབ་དཔོན་གྱི་བཀའ་བཅག་ནས་རྩ་བའི་དམ་ཚིག་ཉམས་པ་དང་།། སླར་དད་པ ་སྐྱེས་ནས་དབང་ཞུས་གསོས་པས་སངས་རྒྱས་སོ།། སློབ་དཔོན་ལ་ཉམས་གྲིབ་ཕོག་ནས་འཁོར་བར་འཁྱམས་པ་དེ་ཡ་ཆ། སློབ་དཔོན་ཀུན་པ་རིས། སློབ་མ་སུ་རི་སི་ཏི་ཀ་ལ་ཡན་ལག་དམ་ཚིག་ཉམས་པ་ཕོག་སྟེ་དེ ་མ་གསོས་པས། ཡི་དྭགས་མཁའ་ལ་རྒྱུ་བའི་ཤ་ཟར་སྐྱེས་ཏེ། དེ་ནས་དམྱལ་བར་ལྟུང་སྟེ་བདེ་བའི་སྐབས་མེད་ཟེར་བ་དེ་ཡ་ཆ། སྔོན་སློབ་དཔོན་ཀ་མ་ལ་ཤི་ལ་མུ་ཏྲ། སློབ་མ་ལེགས་པའི་དཔལ་གཉིས་ཡོད་པ་ལས། ་ཡན་ལག་དམ་ཚིག་ཉམས་པ་ལས་གསོས་པས་སློབ་མ་སངས་རྒྱས། སློབ་དཔོན་ལ་ཉམས་ཀྱི་གྲིབ་མ་ཕོག་ནས་སྤྱན་ལོང་ཟེར་བ་དེ་ཡ་ཆ། སློབ་དཔོན་ཆེན་པོ་འཛིན་ན་མི་ཏྲ་དང་།། དེའི་སློབ་མ་མུ་ཏྲ་འཛིན་མི་ཏྲ་བྱ ་བཔ་གཉིས་ཡོད་པས། སློབ་དཔོན་མྱ་ངན་འདས་སོ།། དེ་ནས་སློབ་མ་དམ་ཚིག་ཉམས་པ་ལས། མདུན་གྱི་ནམ་མཁའ་ལ་བླ་མ་སྤྱན་དྲངས་ནས། མཆོད་པ་ལ་སོགས་པ་བྱས་ཏེ་གསོས་པས། བླ་མའི་ཞལ་ནམ་འཁའ ་ནས་དངོས་སུ་བསྟན་ནས། གཉིས་ཀ་སངས་རྒྱས་ཟེར་ཏེ་དེ་ཡ་ཆ། ཞེས་ཟེར་གསུངས་སོ།། འབྲུ་བཤད་ལས་སྐྱི་འཁོར་ལོ་ལས། དམ་ཚིག་བརྡའི་ལེའུ་སྟེ་སོ་གསུམ་པའོ།། །། ཡང་བཀའ་སྩལ་པ། གསང ་སྔགས་བླ་ན་མེད་པ་བྱིན་བརླབས་འདི་ལྟ་བུ་བྱུང་སྟེ། སྔོན་རི་རབ་རིའི་རྩེ་མོར་ང་རྒྱལ་ཅན་གྱི་ཉེ་དབང་ལ། ལྷའི་དབང་པོས་ཡང་དག་པའི་དོན་བསྟན་པས། སྟེང་གི་ལྷའི་གནས་ན་ལྷའི་དྲི་མ་མེད་པ་འདོད་ཆགས་ལ ་དགའ་བ་དེས། རྣ་བར་སྒྲ་གྲགས་པ་ཙམ་གྱིས་སངས་རྒྱས་ཟེར་ཏེ་དེ་ཡ་ཆ། སྔོན་ལྷ་མ་ཡིན་གྱི་དབང་པོས། ལྷ་མ་ཡིན་གྱི་རྒྱལ་བློན་རྣམས་ལ་ཡང་དག་པའི་དོན་བསྟན་པས། ལྷ་མ་ཡིན་གྱི་སྡེ་རྩོད་འགྱུར་རྩོད་པའི ་འཕྲོ་ལ། དེ་ཀར་སངས་རྒྱས་ཟེར་ཏེ་དེ་ཡ་ཆ། དེ་ནས་སེང་གེ་རབ་ཏུ་བརྟན་པ་ཞེས་བྱ་བས། བྱོལ་སོང་རྣམས་ལ་ཡང་དག་པའི་དོན་བསྟན་པས། གཏི་མུག་ཕག་རྒོད་གཉིས་མུན་པ་ལ་ཁ་སྦྱར་ནས ་ཉལ་བའི་རྣ་བར་ཐོས་ནས། གནས་དེ་ཉིད་དུ་སངས་རྒྱས་ཟེར་ཏེ་དེ་ཡ་ཆ། སྔོན་མར་མེ་མཛད་ཀྱི་བསྟན་པ་ལ། ཤཱཀྱ་འོད་དང་ཐུབ་པར་སྤྲུལ་ཏེ། མེ་རུ་རྩེའི་སྒོ་འགྲམ་དུ་འབྱུང་པོ་རྣམས་ལ་འབྱུང་པོ་བུམ་སྣར་སྤྲུལ ་ནས་ཡང་དག་པའི་དོན་བསྟན་པས། ལྷ་མོ་ཨེ་ཀ་ཛ་ཊི་དང་། ལྷ་མོ་ནག་མོ་དང་། མ་རུ་རྩེ་དང་། བདུད་ཐོད་པ་འཕྲེང་བ་དང་།། དཀར་པོ་སྦྱིན་གཅིག་སྒྲ་ཐོས་པས་དེ་ཀར་སངས་རྒྱས་སོ།། དེ་ཡ་ཆ། སྔོན་བཅོམ་ལྡན ་དས་ཀྱིས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་འགྲོ་བ་མི་ལ་ཆོས་བཤད་དེ།། གླང་པོ་ཆེ་མཆེ་བ་དྲུག་པ་གཉིས་ཀྱིས་གསེར་གྱི་ཕ་བོང་བརྩེགས་པའི་སྟེང་ན་ཉལ་བས་ཐོས་པས། གནས་དེར་སངས་རྒྱས་ཟེར་བ་དེ་ཡ ་ཆ། སྔོན་གྱི་ཡི་དགས་ཁ་ལ་མེ་འབར་མས་ཡི་དྭགས་སྡེ་གསུམ་ལ་ཡང་དག་པའི་དོན་བཤད་པས། འདོད་ཆགས་བྱ་གཉིས་ཟངས་ཀྱི་ཕ་བོང་བརྩེགས་པ་ལ་ཁ་སྤྲད་པའི་རྣ་བར་གྲགས་པས་གནས་དེ་རུ་སངས་རྒྱས ་སོ།། དེ་ཡ་ཆ། སྔོན་ཆོས་ཀྱི་རྒྱལ་པོས་དམྱལ་བ་སྡེ་བཞི་ལ་ཆོས་བཤད་པས། ཞེ་སྡང་སྦྲུལ་གཉིས་གངས་དཀར་སྟོངས་ན་ཉལ་བའི་རྣ་བར་གྲགས་པས། གནས་དེར་དགོངས་པ་ཤར་ནས་སངས་རྒྱས་ཟེར་ཏེ་དེ་ཡ་ཆ།། ་སྔོན་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་རིགས་ངན་གྱི་ཡུལ་དུ་སྤྱོད་པ་ལ་བྱོན་པས། གཏི་མུག་ཕག་གཅིག་ལ་མདའ་བརྒྱབ་པས་ཤན་པ་མ་རུ་རྩེ་ལ་དགོངས་པ་ཤར་ནས་སྐད་ཅིག་མ་ལ་སངས་རྒྱས་སོ།། དེ་ཡ་ཆ། ་སློབ་དཔོན་དེས་བྱ་བ་ཀུན་འདུལ་དུ་སྤྲུལ་ནས། ཁྱིམ་བྱ་རྒན་རྒོན་གཉིས་བྱེའུ་ཕྲུག་དྲུག་སྟེ་བརྒྱད་ལ་མདའ་གཅིག་བརྒྱབ་སྟེ་བཏང་པས། དུས་གཅིག་ཏུ་ཐུམས་ཏེ་སོང་བ་དང་། བྱ་བ་རྒན་པོ་སྐྱེ་སྤུངས་ཏེ་དེ་ཀར ་སངས་རྒྱས་ཟེར་ཏེ་དེ་ཡ་ཆ། ཡང་སློབ་དཔོན་དེས་ཞེ་སྡང་སྐྱེས་པའི་ཚུལ་གྱིས།། སྡང་མིག་ཏུ་བལྟས་པས་རྒྱལ་པོས་མ་བཟོད་དེ། སྣ་བུག་གཉིས་ནས་སྦྲུལ་དཀར་ནག་གཉིས་ཀྱི་མགོ་བོ་བྱུང་བ་དང་།། དེ་སྤུ་གྲིས་སྐེ ་བཅད་པས་དུས་དེར་རྒྱལ་པོ་དམག་མི་ཉི་ཁྲི་ཆིག་སྟོང་ལ་སོགས་པ་སངས་རྒྱས་པ་དེ་ཡ་ཆ། སྔོན་ཡང་ཁྱིམ་བདག་བཟང་པོ་ཁང་པ་ལས་འཁུབ་ཏུ་མ་འདོད་དེ། འགྲོན་པོ་དང་མི་ལ་སྙིང་རྗེ་མི་བྱེད་པར་འཇུག་པ་ལ། ་སློབ་དཔོན་གྱིས་ཁང་པ་ལ་མེ་སྟག་གཅིག་སྦྱར་བས། ཁྱིམ་བདག་དང་ཁང་པ་ཐམས་ཅད་དུས་གཅིག་ཏུ་ཚིག་ནས། རྒྱལ་ཁང་འོད་དུ་འབར་ཟེར་ཏེ་དེ་ཡ་ཆ། སྔོན་རྒན་རྒོན་གཉིས་ལ་བུ་ཚ་མང་དུ་ཡོད་ཀྱང་། བུ་ཟོན ་བུ་ལ་ནོར་ཡོ་ཕོག་པས་བུ་ཚ་གཞན་གྱིས་ནོར་འཕྲོག་ས་མེད་ནས་བཙལ་ཀྱང་བགྲངས་པར་མི་འདུག་ནས། སློབ་དཔོན་གྱིས་བུ་ཐོན་བུ་བསད་པས་ཕ་མ་ཤི་གཞན་རྒྱལ་ནས། དེའི་ཚེ་རངས་པ་དུས་གཅིག་སངས ་རྒྱས་ནས་འཁོར་བ་དོང་སྦུགས་ཟེར་བ་དེ་ཡ་ཆ། སྔོན་དྲང་སྲོང་རྒན་པོ་རླུང་གི་རྟ་སྐྱའོ་སྲབ་མེད་ལ་ཞོན་ནས་གྲོང་ཁྱེར་ཐམས་ཅད་སྒོ་ཚངས་ལ་འོངས་ཏེ། དེ་ཅི་འདུག་པ་འདོད་དུ་འོང་བ། སུས་ཀྱང ་རྒན་པོ་བསད་པས་མ་སོད་པས། སློབ་དཔོན་དེས་རྟ་སྐྱའོ་དེ་སྒྲོག་སུམ་སྦྲེལ་དུ་བཅུག་པས་རྒན་པོ་ཀུན་དགའ་གསལ་སྐུ་གསུམ་བརྩེགས་པའི་བརྩེ་མོར་སོང་ནས། འཁོར་བའི་སྒོ་རུ་འཇུག་ཟག་ཚོད་ཟེར་ཏེ་དེ་ཡ་ཆ། ་ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། འཁོར་ལོ་རྒྱུན་གཅོད་བརྡའི་སྐབས་ཏེ་སོ་བཞི་པའོ།། །། འབྲུ་བཤད་ལས་ཀྱི་འཁོར་ལོ་འདི།། གསང་བར་འོས་ཀྱིས་མི་ལ་མ་བསྟན་ཅིག། གསང ་བར་གཉེར་སྣོད་སྣོད་མེད་ཀུན་ལ་གསང་།། ཕྱི་རུ་གསང་བའི་ལས་འབྲས་འདི་ནས་བཀྲལ།། ནང་དུ་གསང་བའི་བསྐྱེད་རྫོགས་ལས་འབྲས་འདི་རུ་བསྟན།། གསང་བའི་གསང་བ་བླ་མེད་ལས་འབྲས་རང་གྲོལ ་འབྲས་བུ་བསྟན།། གསང་བ་དང་ནི་ཕྱི་ནང་གསང་བ་གསུམ།། གབ་པ་ལ་ནི་ཕྱི་ནང་གསང་བ་གསུམ།། སྦས་པ་ལ་ནི་ཕྱི་ནང་གསང་བ་གསུམ།། ཐིག་ལེ་ལ་ཡང་ཕྱི་ནང་གསང་བ་གསུམ། དེ་བཞིན་འདི་རུ་ཐམས ་ཅད་འདུས་པ་ཡིན།། ཞེས་གསུངས་སོ།། འབྲུ་བཤད་ལས་ཀྱི་འཁོར་ལོ་ལས། འཁོར་བ་རྒྱུན་གཅོད་རྒྱུན་འབྱུང་ལས་གདམས་པའི་སྐབས་ཏེ་སོ་ལྔ་པ་རྫོགས་སོ།། །། བྱང་ཆུབ་སེམས་བདེ་བ་ཆེན་པོ་ལ་ཕྱག ་