CLOSE WINDOW

Gpb034.022: byang chub kyi sems kyi rgya mtsho klong dgu'i rgyud ces bya ba
Wyliee-texts produced with BDRC’s OCR application

ཀྱི་དབྱིངས།། རྡོ་རྗེ་སེམས་དཔས་གསུངས་པའོ།། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི་སིང་ཧ་དང་།། བོད་ཀྱི་ལོ་ཙ་བ་བཻ་རོ་ཙ་ནས་བསྒྱུར་བའོ།། ཨ་ཧཾ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། ཤུ་བྷཾ།། །། རྒྱ་གར ་སྐད་དུ། བོ་དྷི་ཙིཏྟ་ཨ་ལང་ཀ་ར་ཨ་མན་ཏ་བྷ་བ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོ་ཀློང་དགུའི་རྒྱུད་ཅེས་བྱ་བ།། བཅོམ་ལྡན་འདས་རྩོལ་བྲལ་དད་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས ་གཅིག་ན། དེ་བཞིན་གཤེགས་པ་རང་བྱུང་གསལ་བའི་སངས་རྒྱས།། ཐམས་ཅད་རང་རིག་གསལ་བའི་ངོ་བོ།། ཡེ་ཤེས་འོད་གསལ་བདེ་བ་ཆེན་པོར་རྫོགས་པ་ཉིད། རིག་པ་མཐའ་དབུས་མེད་པའི་གཞལ་ཡས་ཁང་།། ་རང་རིག་གསལ་བའི་དཀྱིལ་འཁོར་ཡེ་ཤེས་ཆེན་པོའི་ཀློང་གི་གནས་ན། རང་བཞིན་གྱི་འཁོར་དང་། རང་བཞིན་ལྟ་བ་དང་། རང་བཞིན་རྟོགས་པ་དང་། དུས་གསུམ་གྱི་སངས་རྒྱས་རིལ་རིག་པའི་ཀློང་དུ་ཐབས་ཅིག ་པའི་ཚུལ་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ། ཕྱག་ན་རྡོ་རྗེས་ཐམས་ཅད་ཀྱི་རང་བཞིན་འདི་སྐད་ཅེས་གསོལ་ཏོ།། ཚོགས་ཆེན་བྱང་ཆུབ་སེམས་ཉིད ་ནི།། བསྟན་པ་ཐམས་ཅད་ཀུན་འདུས་པ།། རིག་པ་བསྟན་པ་ཀུན་གྱི་ཀློང་།། བྱ་བྲལ་རྫོགས་ལུང་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀློང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ཏེ།། ཐམས་ཅད་ཡེ་ཤེས་ཆེན་པོའི་ཀློང་དུ་གཅིག་པར་གྱུར་ཏེ་བཀའ་སྩལ་བ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། རང་བྱུང་རིག་པ་མཆོག་གི་ཀློང་།། གསང་བ་རང་བྱུང་སྙིང་པོར་རྫོགས།། འོད ་གསལ་རིག་པ་ཀུན་ལ་ཁྱབ།། རང་བཞིན་ངོ་བོས་ཞི་བའི་ཕྱིར།། མཚན་མ་དག་པའི་ཆོས་ཉིད་ནི།། མ་བཅོས་གསང་བ་ཐུགས་ཀྱི་ཀློང་།། གསང་བ་རང་བྱུང་སྙིང་པོར་རྫོགས།། འོད་གསལ་རིག་པ་ཀུན་ལ ་ཁྱབ།། རང་བཞིན་ངོ་བོས་ཞི་བའི་ཕྱིར།། མཚན་མ་དག་པའི་ཆོས་ཉིད་ནི།། མ་བཅོས་གསང་བ་ཐུགས་ཀྱི་ཀློང་།། རིག་པའི་དབྱིངས་ལས་གཞན་མིན་པས།། ཚིག་དང་ཡི་གེ་ཀུན་ལས་འདས།། འབྱུང་འཇུག་མེད ་པའི་རིག་པ་ལ།། གཉིས་པ་མི་གནས་གཅིག་མོས་ཀྱང་།། བརྗོད་པ་སྒྲ་ཡི་ཚུལ་གྱིས་བསྟན།། ཞེས་གསུངས་སོ།། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དེས་འདི་སྐད་ཅེས་ཞུས་སོ།། རང་བྱུང་རིག་པའི་དབྱིངས་ཀྱི ་ཀློསློང་།། ཐམས་ཅད་གསལ་བའི་སྙིང་པོ་ལྟར།། རྐྱེན་བྲལ་ཡོན་ཏན་མཐར་ཕྱིན་ཡང་།། རྒྱལ་པོའི་ཕྲུག་གུ་འཁྱམས་པ་ལྟར།། སྤྱི་ཡི་རང་མཚན་མ་རྟོགས་པས།། རང་རྟགས་ལོག་པའི་ལྟ་བ་ཡིས།། གཉིས་མེད་དོན་ལ ་གཉིས་པར་གཟུང་།། བརྗོད་བྲལ་དོན་ལ་བརྗོད་པས་ནོར།། དམིགས་མེད་དོན་ལ་དམིགས་འཛིན་བྱས།། ཕྱོགས་བྲལ་དོན་ལ་ཕྱོགས་སུ་བལྟས། ཁམས་གསུམ་འཁོར་བའི་ངོ་བོར་སྨིན།། འོན་ཀྱང་རིན་ཆེན་གླིང ་བཞིན་དུ།། གཉིས་པའི་ཚུལ་དེ་མི་གནས་ན།། སྐལ་ལྡན་རྣམས་ཀྱི་དོན་སླད་དུ།། ཀློང་ཆེན་བསྟན་པ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། སེལ་མེད་གསང་བ་རྒྱ ་མཚོའི་ཀློང་།། དབྱེར་མེད་ཡེ་འབྱམ་རྨད་དུ་གྲགས།། ཐམས་ཅད་སངས་རྒྱས་མཐར་ཕྱིན་པས།། རང་བྱུང་བྱང་ཆུབ་སེམས་ཀྱི་ལུང་།། སྒྲིབ་མེད་འོད་གསལ་སྙིང་པོ་ལྟར།། རྒྱུ་རྐྱེན་བྲལ་བའི་དབྱིངས་ལ་རྫོགས།། དུང་ལ་སེར་པོར་འཛིན་པ ་ལྟར།། རང་རྟོག་ལོག་པའི་འདུ་ཤེས་ཀྱིས།། བརྟགས་ཀྱང་དངོས་ལ་མི་གནས་ལྟར།། གདོད་ནས་རང་བྱུང་སྙིང་པོ་མཆོག། སྦྱངས་བསགས་མེད་པར་ལྷུན་གྱིས་གྲུབ།། སངས་རྒྱས་སེམས་ཅན་གཅིག་པའི་ལུང་།། སེམས་ཉིད་རིག་པའི་ཀློང ་གི་དོན།། གསང་བའི་ཡང་གསང་རིག་པའི་ཉམས།། བརྗོད་བྲལ་བཤད་པ་ཀུན་ལས་འདས།། མཐའ་དབུས་བསམ་པ་ཀུན་དང་བྲལ།། ཡེ་ཤེས་སྙིང་པོ་གསང་བའི་དབྱིངས།། ཐམས་ཅད་རང་བྱུང་ཀློང་རྫོགས ་པས།། བྱ་བའི་མཚན་མ་ཀུན་ལས་གྲོལ།། སྙིང་པོ་མི་ཕྱེད་ཡུལ་ལས་བྲལ།། བྱམས་པས་ནམ་མཁའི་མཐའ་ལྟར་བརྡལ།། དགའ་བ་རང་བྱུང་གསལ་བའི་ཉམས།། བཏང་སྙོམས་འཛིན་བྲལ་ཡེངས་པ་མེད།། ཀློང ་ཆེན་བྱ་བྲལ་རྫོགས་ལུང་ལ།། གདོད་ནས་རྒྱུ་འབྲས་མཐར་ཕྱིན་པས།། བཙལ་མེད་ལྷུན་གྱིས་གྲུབ་པར་གནས།། སེམས་ཉིད་ཡེ་ཤེས་གསང་བ་ནི།། ཕྱོགས་འཛིན་ཞེན་པའི་ཡུལ་མིན་པས།། སྐལ་ལྡན་རྫོགས་པའི ་རྣལ་འབྱོར་པས།། སྤོང་འགེགས་མེད་པའི་ཚུལ་གྱིས་གནས།། ཀློང་ཆེན་གསང་བའི་ཐིག་ལེ་ནི།། ཐམས་ཅད་ཡིན་པས་དགག་སྒྲུབ་མེད།། རང་བྱུང་ཡིན་པས་རྒྱུ་རྐྱེན་བྲལ།། ལྷུན་གྱིས་གྲུབ་པས ་བཙལ་དུ་མེད།། གདོད་ནས་དག་པས་སྦྱང་དུ་མེད།། གཉིས་མེད་ཡེ་ཤེས་གསལ་བ་ལ།། ཕྱོགས་འཛིན་འཁྲུལ་འཁོར་ལོག་པའི་ལམ།། སྐལ་ལྡན་རྒྱལ་སྲས་དམ་པ་ཉིད།། མ་བསྐྱོད་དུས་གཅིག་རྫོགས་བྱའི ་ཕྱིར།། གསང་བའི་རིག་པ་ཀློང་དགུའི་རྒྱུད།། དུས་མཐའི་སྐད་ཅིག་ཙམ་ལ་གསུངས།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས།། གླེང་གཞི་གསང་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་སེམས་དཔའ ་རྡོ་རྗེས།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། རང་བཞིན་གསང་བ་ཀློང་གི་བདག། རིན་ཆེན་འབར་བ་ལྷུན་གྲུབ་ལྟར།། འཕེལ་འགྲིབ་མེད ་འི་རང་བཞིན་ཁྱོད།། རིན་ཆེན་སེམས་ཀྱི་རང་བཞིན་གང་།། རྒྱ་མཚོ་ཀློང་གི་ཡོན་ཏན་ལྟར།། ཕྱོགས་རིས་མི་མངའ་གཅིག་གི་ངང་།། སྐལ་ལྡན་གསལ་བའི་དོན་དུ་གསུངས།། ཞེས་ཞུས་སོ།། དེ་ནས་དེ་བཞིན ་གཤེགས་པས་བཀའ་སྩལ་པ། རིན་ཆེན་རྒྱ་མཚོ་གསང་བའི་རྒྱུད།། གསང་བ་སེམས་ཀྱི་རང་བཞིན་ཏེ།། ཀུན་གྱི་སྙིང་པོ་གསང་བའི་དོན།། རིན་ཆེན་ཀློང་དགུ་ཐུགས་ལ་རྫོགས།། གསང་བའི་ལམ་དགུ་ཉི་མར ་འཆར།། འབྲས་བུ་རིན་ཆེན་ཕུང་པོ་ལྟར།། བཙལ་སྒྲུབ་མེད་པར་རང་ལ་འཆར།། ཡོན་ཏན་རོལ་པ་བསམ་མི་ཁྱབ།། དངོས་གཅིག་ཆོས་ཚུལ་བསམ་པས་ཕྱེ།། དོན་དུ་ཡེ་ཤེས་རྫོགས་པར་གནས།། འོད་གསལ་རིག ་པའི་མེ་ལོང་ལ།། རོལ་པའི་གཟུགས་བརྙན་འཆར་བ་ལྟར།། མ་བཅོས་གསང་བའི་མེ་ལོང་ནི། ཁྱབ་པར་གསལ་ལ་རང་བཞིན་མེད།། རང་བྱུང་གསལ་བའི་མེ་ལོང་ནི།། རང་གསལ་རིག་པའི་དབྱིངས་ལ ་གསལ།། མཚན་མ་ཐབས་ཀྱི་མེ་ལོང་ནི།། རང་ལ་རྫོགས་པའི་གཉེན་པོ་མེད།། འདུ་འབྲལ་མེད་པའི་མེ་ལོང་ནི།། གཉིས་མེད་འདྲེས་པས་གཅིག་ཏུ་གསལ།། སྣང་སྲིད་འཕྲུལ་གྱི་མེ་ལོང་ནི།། མ་འདྲེས་རིག་པའི ་དོན་དུ་རྫོགས།། རང་བཞག་རིག་པའི་མེ་ལོང་ནི།། གང་ཡིན་པ་དེ་དེ་ལྟར་ཡིན།། ཀུན་འདུས་རྫོགས་པའི་མེ་ལོང་གིས།། བརྒྱད་པོ་སེམས་ལ་གསལ་བར་རྫོགས།། དགུ་བསྐོར་རིག་པ་དབྱིངས་ལ་སྡུད།། ཐམས ་ཅད་སེམས་ཉིད་རྫོགས་པ་ལ།། གཉིས་མེད་རིག་པར་དོན་དུ་གསལ།། མཁའ་ལྟར་གསལ་བའི་རང་བཞིན་ལ།། སྙིང་པོ་རང་གསལ་དོན་དུ་མཐོང་།། སྣང་སྲིད་རྒྱལ་བའི་སྤྱོད་པ་ལ།། རང་བྱུང་ཀློང་དུ་ཡེ་ཤར ་བས།། རང་བྱུང་ཀློང་གི་སྤྱོད་པ་ནི།། རང་བྱུང་རིག་པའི་ངང་ན་སྤྱོད།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ།། འཁོར་ལོ་མཚན་མའི་མིང་བྲལ་བ།། སྐུ་གསུམ་ལྷུན་གྲུབ་སེམས་ཉིད་ཀློང་།། རང་བྱུང་གསང་བའི ་དཀྱིལ་འཁོར་རོ།། རང་བྱུང་རང་གསལ་གདོད་ནས་རྫོགས།། མ་བཙལ་རིག་པ་ལྷུན་རྫོགས་པས།། གཉིས་པ་མེད་པར་ཡེ་རྫོགས་པས།། རང་དབང་སེམས་ཉིད་རྫོགས་པའི་ལུང་།། ཐམས་ཅད ་སེམས་ལས་གཞན་མེད་དོ།། ཕྱོགས་རིས་མེད་པའི་ཡེ་ཤེས་ཉིད།། རང་གསལ་སེམས་ཉིད་གཅིག་པུར་འདུས།། འདའ་མེད་མ་བཅོས་ལྷུན་གྲུབ་པོ།། བྱ་བྲལ་རིག་པ་ལྷུན་རྫོགས་ལ།། གཉིས་མེད་དུས་གཅིག་ལྷུན ་རྫོགས་པས།། ལས་མཐར་བྱོན་པའི་སེམས་ཉིད་ལ།། བྱ་བྲལ་རྫོགས་པའི་འཕྲིན་ལས་ཉིད།། བཙལ་བྲལ་འོད་ཀྱི་སྙིང་པོ་ལྟར།། ཡེ་ཤེས་དུས་གཅིག་ཁྱབ་པར་གསལ།། གསང་བའི་ཡེ་ཤེས་མ་བཅོས་སེམས།། མ ་བཅོས་ཡེ་ཤེས་གསང་བའི་ཀློང་།། མཐའ་བྲལ་བགྲོད་མེད་སེམས་ཉིད་ལ།། ཡོན་ཏན་ལྷུན་རྫོགས་བགྲོད་མེད་དེ།། རང་བྱུང་གསང་བ་དབྱིངས་ཀྱི་ལམ།། འབྱུང་འཇུག་བྲལ་བའི་བགྲོད་མེད་ས།། རྫོགས་ཆེན་ལྷུན ་གྲུབ་སེམས་ཉིད་ལ།། འབད་རྩོལ་མེད་པར་ཀུན་འཆར་བས།། འབྲས་བུ་ཉིད་ལས་འབྲས་བུ་འབྱུང་།། རིན་ཆེན་ལྷུན་གྲུབ་ལྟ་བུར་གསལ།། ཟབ་མོ་གསང་བའི་རང་བཞིན་ནི།། ཀུན་འབྱུང་གཅིག་འདུས་རྒྱ་མཚོའི ་ཀློང་།། རང་བྱུང་རོལ་པ་བསམ་མི་ཁྱབ།། ཐམས་ཅད་འདུས་པའི་སྙིང་པོ་ཡིན།། ཡོན་ཏན་ལྷུན་གྲུབ་ཕྱོགས་རིས་མེད།། མཁའ་གསལ་འོད་ཀྱི་རང་བཞིན་ལྟར།། རང་བཞིན་བྱིན་རླབས་མཆོག་ཏུ་ཤར།། ཐམས་ཅད ་རང་བྱུང་སྙིང་པོ་བས།། འདུ་འབྲལ་མེད་པར་གཅིག་ལ་རྫོགས།། ཡོན་ཏན་དུས་ན་ཕྱོགས་རིགས་མེད།། ལྷུན་གྲུབ་དུས་ན་གཅིག་ཏུ་གསལ།། བརྗོད་མེད་རིག་པའི་སྙིང་པོ་ལ།། རིག་པའི་ཆོ་འཕྲུལ་ཡོངས་ཀྱིས ་འབྱུང་།། སེལ་མེད་ཡེ་ཤེས་གསལ་བའི་ཀློང་།། ནམ་མཁའ་གསལ་བའི་ཀློང་ཡངས་ལྟར།། འབྱུང་འཇུག་མེད་པས་སྒྲོ་སྐུར་བྲལ།། ཡངས་པས་དགག་སྒྲུབ་ཀུན་བྲལ་རྒྱན།། མཐའ་དབུས་མེད་པའི་དེ་བཞིན་ཉིད།། ་ཁྱབ་པས་ཀུན་ལ་སྙོམས་པར་གནས།། རྒྱུ་རྐྱེན་བྲལ་བས་སྐྱེ་འཇིག་མེད།། མ་སྤངས་དང་དུ་ཅིར་མ་བླངས།། ཀུན་གྱི་འབྱུང་གནས་སེམས་ཉིད་ནི།། རང་བྱུང་དགོངས་པ་རྒྱ་མཚོའི་ཀློང་།། རྒྱལ་བའི་དགོངས་པའི ་ཕུགས་ཡིན་ནོ།། མཁའ་མཉམ་རིག་པའི་ཀློང་འདི་ལ།། སངས་རྒྱས་སེམས་ཅན་གཉིས་མེད་པས།། གཉིས་མེད་རིག་པའི་ཀློང་ཞེས་བྱ།། འཁོར་དང་མྱ་ངན་འདས་མེད་པས།། བྱང་ཆུབ་སྙིང་པོ་ཉིད་ཀྱི་ཀློང་།། བདེ ་དང་སྡུག་བསྔལ་དབྱེར་མེད་པས།། བདེ་ཆེན་གསང་བའི་ཀློང་ཞེས་བྱ།། འདོད་འབྱུང་བཙལ་བྲལ་ལྷུན་གྲུབ་པས།། རིན་ཆེན་རིག་པ་དབྱིངས་ཀྱི་ཀློང་།། ཡོན་ཏན་ནམ་མཁའི་མཐའ་ལྟར་འབྱུང་།། མན་ངག་ཀློང་གི ་རང་བཞིན་ནི།། གང་ཡང་མི་མཁྱེན་རང་གསལ་མཁྱེན།། སྙིང་པོ་མཐའ་དབུས་ལས་འདས་པས།། སྒྲ་ཚད་བརྗོད་པའི་ཡུལ་ལས་འདས།། དམིགས་པའི་དོན་དུ་མི་འགྱུར་བས།། བསམ་དཔྱད་མཚོན་པའི་ཡུལ་དང ་བྲལ།། ཀུན་གསལ་རིག་པ་གཅིག་ལ་རྫོགས།། འོད་གསལ་ལྷུན་གྲུབ་ཆེན་པོ་ལ།། ཞེན་པའི་རྟགས་པ་གདོད་ནས་མེད།། ཀུན་གསལ་ཡེ་ཤེས་གསང་བའོ།། ཕྱོགས་མེད་ཡེ་ཤེས་ལྷུན་གྲུབ ་ནི།། བཙལ་བ་མ་ཡིན་བསྒྲུབས་པ་མིན།། དམིགས་པས་མ་ཡིན་བསམ་པ་མིན།། རང་གསལ་མ་ཡིན་གཞན་པ་མིན།། རང་བྱུང་རིག་པ་ཅིར་མི་དགོངས།། ཆོས་ཉིད་མ་བཅོས་གསང་བའི་མཆོག། འཁོར་བ་ཡེ ་སངས་རྒྱས་པས་ན།། མྱ་ངན་འདས་ལ་རེ་བ་མེད།། སྐུ་གསུམ་བརྟགས་པས་མཚན་མ་པས།། སངས་རྒྱས་རྣམ་རྟོག་འཁྲུལ་པའི་ལམ།། ཐམས་ཅད་བྱང་ཆུབ་སེམས་སུ་གསལ།། སེམས་ཉིད་མ་བཅོས་ཀློང་གི ་དོན།། མ་བསྒྲིབས་གསལ་ལ་རང་བཞིན་འཆར།། འགྲོ་དྲུག་ཡེ་ཤེས་སྙིང་པོ་བས།། བྱང་ཆུབ་སེམས་ཀྱི་ཀློང་དུ་བད་ལ།། ཅིར་སྣང་སེམས་ཉིད་རྫོགས་པའི་ཀློང་།། ཡིན་པས་གཉིས་པ་རྣམ་པར་བཅད།། མ་བཙལ ་མ་བསྒྲུབས་རང་བཞིན་གནས།། མ་བཅོས་མཁའ་ལྟར་དག་པའོ།། རིན་ཆེན་ཀློང་དགུའི་རྒྱུད་ལས། རང་བཞིན་ཀློང་གི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས། དེ་བཞིན ་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་བྱང་ཆུབ་སེམས་སུ་གསལ།། རང་བྱུང་དག་པའི་སྙིང་པོ་ལ།། ཀློང་དགུའི་བསྟན་པ་ཇི་ལྟར ་འཆར།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། རང་བྱུང་རིག་པ་ཉག་གཅིག་ལ།། ཡོན་ཏན་ཆ་དགུར་གཞི་ལ་རྫོགས།། དེ་ཉིད་གསལ་བར་མཚོན་པའི་ལུང་།། བསྟན་པ་ཀློང་དགུ་ཐུགས ་ལས་ཤར།། རིག་པ་བྱང་ཆུབ་སེམས་ཀྱི་ཀློང་།། འཕྲོ་འདུ་རིག་པ་དབྱིངས་ལ་གསལ།། བསྟན་པ་རྒྱ་མཚོ་སེམས་ཀྱི་ལུང་།། ངེས་པ་གཅིག་ཏུ་གསལ་བ་ཡིན།། རིན་ཆེན་ཀློང་གི་རང་བཞིན་ནི།། མ་བཅོས་སེམས་ཀྱི ་རང་བཞིན་ཡིན།། དེ་ཉིད་མཚོན་པ་ཐབས་ཀྱི་སྒོ།། མ་བཅོས་ཐབས་ཀྱི་ཀློང་དགུ་ཉིད།། བརྗོད་བྲལ་རྟོགས་པ་བྱ་ཕྱིར་བསྟན།། མ་བཅོས་གསང་བའི་ཀློང་དགུ་ལ།། ལམ་གྱི་ཀློང་དགུས་མཉམ་སྦྱར་ནས།། འབྲས་བུ ་ལྷུན་རྫོགས་གཅིག་ཏུ་སྣང་།། ལྟ་བ་གཟའ་བྲལ་རིག་པའི་ཀློང་།། མཐའ་དབུས་བྲལ་བའི་དཀྱིལ་འཁོར་ཉིད།། ཡེ་ཤེས་རང་གསལ་འགག་མེད་ཀློང་།། བླང་དོར་མེད་པ་ཀུན་ཏུ་བཟང་།། བསམ་བྲལ་མ་ཡེངས ་དགོངས་པའི་ཀློང་།། བསྐུར་ཐོབ་མེད་པར་རྫོགས་པའི་དབང་།། མ་བགྲོད་མཐར་ཕྱིན་གསང་བའི་ལམ།། མ་བཅོས་བསྲུང་བྲལ་དམ་ཚིག་ཀློང་།། རང་སྣང་ལྷུན་གྲུབ་འབྲས་བུའོ།། རང་བྱུང་ཀློང་གི་དོན་རྟོགས ་པས།། ཀུན་ཀྱང་བྱང་ཆུབ་སེམས་སུ་གསལ།། རང་བྱུང་མཆོག་གི་སྙིང་པོ་ལ།། ཆོས་ཀུན་འདུས་པས་ལུས་པ་མེད།། གསང་བའི་དཀྱིལ་འཁོར་གྲངས་མེད་པ།། འདུས་པའི་ཐབས་ལ་བསྟན་པ་ཡིན།། གཅིག་འདུས ་རྫོགས་པའི་རང་བཞིན་ལ།། ཐ་དད་རྟགས་པ་ཀུན་གྱིས་སྟོང་།། གཅིག་པོ་ཀུན་གྱི་སྙིང་པོ་ཉིད།། མ་ཟིན་པ་ཡི་ཆོས་རྣམས་མེད།། རྫོགས་པའི་ཡེ་ཤེས་མ་བཅོས་པ།། རང་གསལ་སྙིང་པོ་དོན་དུ ་མཐོང་།། གཅིག་སྟེ་རྣམ་པ་མི་གནས་པས།། དག་པའི་ཡེ་ཤེས་གཏི་མུག་པས།། རང་བྱུང་གསང་བའི་སྙིང་པོ་ལ།། རྣམ་པར་དབྱེ་བའི་ཆོས་མི་གནས།། བསམ་བྲལ་རིག་པའི་དཀྱིལ་འཁོར་ལ།། མ་བཅོས་རིག་པའི ་སྟོབས་ཀྱིས་གསལ།། མ་བཅོས་རང་བྱུང་རོལ་པ་ལ།། རྣམ་རྟོག་མཐའ་ཡི་ཞེན་པ་མེད།། རང་གསལ་དྲི་མེད་དག་པ་ལ།། མཐའ་ཡི་སྒྲིབ་པ་ཀུན་དང་བྲལ།། བྱ་བསམ་གཉེན་པོ་ཀུན་བྲལ་བ།། འཛིན་བྲལ་སྙིང་པོ ་རང་བྱུང་ཡིན།། ཡེ་ཤེས་གསལ་བའི་རང་བཞིན་ནི།། གཉིས་མེད་སེམས་ལས་གཞན་པ་མེད།། རང་བྱུང་མཐའ་གསལ་ཐིག་ལེར་དག། མཐའ་དབུས་མེད་པའི་དེ་བཞིན་ཉིད།། བཅོས་པ་མ་ཡིན་རང་བཞིན ་གསལ།། སྦྱངས་པ་མ་ཡིན་གདོད་ནས་དག། ཀུན་འདུས་རྫོགས་པའི་སེམས་ཉིད་ཀློང་།། གདོད་ནས་སྤྲོས་མེད་སྙིང་པོར་གནས།། རང་གསལ་སྒྲིབ་མེད་ཆོས་ཀྱི་དབྱིངས།། གཉིས་པ་མེད་དོ་ཡེ་སངས་རྒྱས།། མ ་བཅོས་གསང་བའི་རང་བཞིན་འདི།། ཕྱོགས་བྲལ་མཁའ་ལྟར་ཁྱབ་པར་བད་ལ།། ཚིག་དང་ཡི་གེ་ལས་འདས་པས།། མཚོན་བྲལ་ཆོས་དབྱིངས་གསང་བ་ལ།། ཇི་ལྟར་བརྟགས་པ་ཕྱིན་ཅི་ལོག། རང་གསལ་སྙིང་པོ ་དག་པ་ལ།། གཞན་བྱུང་རྒྱུ་རྐྱེན་ནོར་བའི་ལམ།། ཀུན་གྱི་མཉམ་ཉིད་གསང་བ་ལ།། སྒྲོ་སྐུར་ཕྱོགས་བལྟས་མཐོང་བ་མེད།། གསང་བ་རྒྱུ་འབྲས་དག་པ་ལ།། དེ་དག་མཚན་མ་འཁོར་བའི་ལམ།། ཕྱོགས་འཛིན་ཞེན ་པའི་སྒྲ་ཚིག་གིས།། ཞེན་པའི་ངག་སོགས་གཏན་ཚིགས་ཀྱིས།། བྱིས་པས་མཐའ་བྲལ་ལྟ་བ་ལྟར།། དེ་དག་རིག་པའི་གཏན་ཚིགས་མིན།། གཉིས་མེད་གསང་བའི་རང་བཞིན་ལ།། ཞེན་པའི་ཐ་སྙད་བརྗོད་དུ ་མེད།། གསང་བའི་ཡང་གསང་དགོངས་པ་ནི།། བྱ་བྲལ་རིག་པ་བརྫོགས་ལུང་ལ།། རང་ཟད་བློ་ཡིས་ཡུལ་མ་ཡིན།། རྒྱུད་དག་རིག་པས་མི་མཐོང་ཞིང་།། རང་བྱུང་རྫོགས་པ་མཆོག་གིས་ཤེས།། འདི་ལྟར་གསང ་བའི་རང་བཞིན་འདི།། ལུང་དང་མན་ངག་ཉམས་ཀྱིས་ནི།། བརྗོད་བྲལ་གསང་བའི་དོན་ཡིན་ཀྱང་།། བརྗོད་པའམ་གསང་བའི་ཚུལ་གྱིས་བཤད།། རང་རིག་གསང་བའི་ཉམས་ཀྱིས་གོ། རྡོ་རྗེ་གསང་བའི་ལུང་གིས ་ཤེས།། ངེས་པའི་རིག་པ་ཐེ་ཙོམ་བྲལ།། གསང་བའི་མེ་ལོང་རང་གསལ་ལ།། བཅོས་མེད་རང་བཞག་ཚུལ་གྱིས་བལྟ།། རང་གསལ་རྫོགས་པའི་ལྟ་བ་ནི།། ཅི་ཡང་ཡིན་ནོ་གང་ཡང་རུང་།། སེམས་ཉིད་གསང་བར ་ལྷུན་གྱིས་རྫོགས།། མ་བཅོས་རིག་པ་ལྷུན་རྫོགས་ལ།། མ་སྤྱད་རང་གཞག་དགོངས་པས་གཞག། རང་བྱུང་རྫོགས་པའི་ལྟ་བ་ལ།། མཚན་མའི་གཟའ་གཏད་ཀུན་དང་བྲལ།། ཡུལ་མེད་རིག་པ་རང་གསལ ་ལ།། འཛིན་དང་ཞེན་པ་ཀུན་གྱིས་སྟོང་།། རང་བྱུང་དག་པའི་དབྱིངས་ལ་གསལ།། འབྱུང་འཇུག་ཡུལ་དང་དབང་པོས་སྟོང་།། གསང་བའི་རང་བྱུང་ཤེས་པ་ཉིད།། རང་བྱུང་རིག་པ་མཆོག་གིས ་ཤེས།། གསང་བའི་ཐིག་ལེ་ཉི་མ་ཤར།། རང་གསང་སྙིང་པོ་དོན་ལ་དགོངས།། རིག་པ་འོད་འབར་མཆོག་ལ་གནས།། གསང་བ་རིག་པ་གཏེར་ལ་གོམས།། རྡོ་རྗེ་གསང་བ་ལུང་གིས་ཤེས།། རྡོ་རྗེ་སྙིང་པོ་བྱང་ཆུབ ་ལུང་།། རིག་པའི་དོན་ལ་དེ་མ་ཐག། མ་བཙལ་རིག་པའི་ཡེ་ཤེས་ཉིད།། རྒྱུ་རྐྱེན་བྲལ་བས་རང་བཞིན་གསལ།། རྟོགས་ཏེ་རང་བྱུང་གསལ་བ་ཤེས།། དམིགས་གསལ་བྲལ་བའི་དབྱིངས་ལ་འཇུག། གསང་བ་རང ་རིག་ལུང་གིས་རྟོགས།། གཉིས་མེད་རིག་པ་གཅིག་ཏུ་འབར།། རྒྱུ་བ་རིག་པའི་མངོན་སུམ་ལུང་།། དྲན་རྟོག་མ་ཡིན་སྙིང་པོར་རྫོགས།། རང་བྱུང་རིག་པའི་ཐིག་ལེར་འབྲེལ།། རྩ་བྲལ་སྙིང་པོར་དེ་མ་ཐག། བྱང་ཆུབ ་མཆོག་གི་སྙིང་པོར་འབྱུང་།། རང་བྱུང་རིག་པ་མ་ཡིན་པ།། གང་ཡང་མི་གནས་དྲན་རྟོག་སྤངས།། བསམ་བྲལ་རིག་པའི་སྒྲ་ཚིག་གིས།། བརྗོད་བྲལ་ཆོས་ཀྱི་དབྱིངས་ཉིད་བཤད།། ཅི་ཡང་རུང་བའི་མཚན་ཉིད ་ནི།། རང་གི་རང་བཞིན་གསལ་བར་ཤེས།། ཇི་ལྟར་གནས་པའི་རྣལ་འབྱོར་པས།། མཚན་མའི་བརྡ་བྲལ་མངོན་སུམ་རིག། རྒྱུ་མཚན་རྣམ་རྟོག་ཀུན་དང་བྲལ།། མི་གནས་ཁྱབ་པའི་རང་བཞིན་ནི།། གདོད་ནས་རྣམ ་གྲོལ་རྫོགས་པ་ལ།། མ་བཙལ་ལྷུན་གྱིས་གྲུབ་པར་གནས།། རང་བྱུང་གསང་བའི་མེ་ལོང་ལ།། ཕྱོགས་མེད་གསལ་བའི་གཟུགས་བརྙན་འཆར།། མ་བསྒྲིབས་རིག་པ་འོད་གསལ་ལ།། རང་བཞག་སྙིང་པོར་རང ་བཞིན་རྟོགས།། རང་བྱུང་གསང་བའི་སྙིང་པོ་ལ།། གསལ་བར་ཤེས་ཤིང་གོམས་པར་རྟོགས།། རང་རིག་མཆོག་གི་སློབ་དཔོན་གྱིས།། མ་བསླབས་མཁྱེན་པ་དུས་གཅིག་རྫོགས།། མཁའ་གསལ་རིག་པའི་རྗེས་མི ་འབྲང་།། བསམ་སྤྱོད་དགོངས་པ་ཀུན་གྱི་ལུང་།། རྒྱལ་བའི་དགོངས་པ་ཡེ་ཤེས་ཉིད།། འབྱུང་འཇུག་སྤངས་པའི་ཚུལ་གྱིས་ནི།། རང་བྱུང་གསང་བའི་ཚུལ་གྱིས་གསལ།། རང་བྱུང་རིག་པ་རང་ཤར་བ།། ཡེ་ཤེས་སྣང ་བའི་མཚན་ཉིད་ནི།། རང་བྱུང་ཀློང་གི་དགོངས་པ་ཡིན།། གསལ་བ་རང་བྱུང་རྫོགས་པ་ལ།། གཉིས་མེད་རིག་པའི་ཐིག་ལེར་གསལ།། སྤྲོས་པའི་མཚན་མ་ཀུན་གྱིས་གསལ།། རྩོལ་བའི་རྣམ་གྲངས་གང་སྣང ་ཡང་།། རང་བྱུང་སེམས་ལས་གཞན་མ་ཡིན་ཅེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས།། ལྟ་བའི་ཀློང་གི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་དེས། དེ་བཞིན་གཤེགས་པ་རྡོ་རྗེ ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་འཁོར་ལོ་བསམ་མི་ཁྱབ།། སྐུ་གསུང་ཐུགས་ཀྱི་རང་བཞིན་ནི།། བདག་ལ་གསལ་བར་གསུང་དུ་གསོལ།། ཞེས་ཞུས ་སོ།། དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། དཀྱིལ་འཁོར་གསལ་བའི་རང་བཞིན་ནི།། ནམ་མཁའ་བཞིན་དུ་ཁྱབ་པར་བདལ།། རང་བྱུང་རྫོགས་པའི ་དཀྱིལ་འཁོར་དུ།། མ་རྫོགས་པ་ཡི་ཆོས་མི་གནས།། སྙིང་པོ་འོད་འབར་ཐིག་ལེ་ལ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས།། ཀུན་འབྱུང་རིག་པའི་དཀྱིལ་འཁོར་ལ།། མཐའ་དབུས་ཞེན་པའི་བརྟགས་པ ་མེད།། རང་རིག་གསང་བ་མཆོག་གི་ཉམས།། བརྗོད་བྲལ་རིག་པའི་དོན་ལ་རྫོགས།། རང་བྱུང་མཆོག་གི་སྙིང་པོ་ནི།། འདུ་ཤེས་བྲལ་ལ་རིག་པས་གནས།། ཆོས་རྣམས་ཀུན་གྱི་ངོ་བོར་ཤར།། རང་བྱུང་རྫོགས་པའི ་དཀྱིལ་འཁོར་དུ།། མ་རྫོགས་པ་ཡི་ཆོས་མི་གནས།། སྙིང་པོ་འོད་འབར་ཐིག་ལེ་ལ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས།། ཀུན་འབྱུང་རིག་པའི་དཀྱིལ་འཁོར་ལ།། མཐའ་དབུས་ཞེན་པའི་རྟགས་པ ་མེད།། རང་རིག་གསང་བ་མཆོག་གི་ཉམས།། བརྗོད་བྲལ་རིག་པའི་དོན་ལ་རྫོགས།། རང་བྱུང་མཆོག་གི་སྙིང་པོ་ནི།། འདུ་ཤེས་བྲལ་ལ་རིག་པས་གནས།། ཆོས་རྣམས་ཀུན་གྱི་ངོ་བོ་ཤར།། མཚན་མ་རིག་པས ་མཚོན་དུ་མེད།། མ་སྐྱེས་རིག་པའི་དཀྱིལ་འཁོར་ལ།། མཐའ་དབུས་བྲལ་བའི་རྩོལ་བ་མེད།། སྐུ་གསུང་རིག་པའི་འཁོར་ལོ་ཅན།། བསམ་སྦྱོར་བློ་ཡིས་རྗེས་སུ་དཔགས།། མ་འཕྲོས་ཉི་ཟླའི་དཀྱིལ་འཁོར ་ལྟར།། རང་བྱུང་རིག་པ་མཆོག་ཏུ་གསལ།། མ་བསྐྱེད་དཀྱིལ་འཁོར་ཡེ་ནས་རྫོགས།། འཇུག་པ་གསང་པར་མཉམ་སྦྱོར་བ།། འདུ་འབྲལ་མེད་པའི་དབྱིངས་ལ་གསལ།། རང་བྱུང་གསང་བའི་དགོངས་པས ་གནས།། སྤྱན་དྲངས་མ་ཡིན་ཡེ་ནས་གནས།། རང་བྱུང་གཡོ་མེད་དཀྱིལ་འཁོར་ལས།། ཐུགས་རྗེའི་བྱིན་རླབས་འོད་ལྟར་འཕྲོ།། ཐུགས་རྗེའི་བྱིན་རླབས་འགྲོ་འོད་མེད།། འགྲོ་ལྔ་མ་བསྒྲལ་ཡེ་ཤེས་ཀློང་།། ཡེ་ཤེས ་ཀློསློང་རྫོགས་དཀྱིལ་འཁོར་ནི།། ཐིག་ལེ་ཀློང་རྫོགས་བརྡལ་བ་ཡི།། སྙིང་པོ་རང་བྱུང་ཐིག་ལེ་བས།། ཐིག་ལེ་ཉིད་ལ་ཐིག་ལེ་རྫོགས།། བསམ་བྲལ་རིག་པའི་དཀྱིལ་འཁོར་ལ།། རང་བཞག་མ་བཅོས་དགོངས་པས ་གནས།། སྐལ་ལྡན་རིག་པས་ཁྱད་པར་དུ།། དགོངས་པ་ཀློང་བརྡལ་ཐུགས་སུ་གསལ།། ཅིར་སྣང་སེམས་སུ་ལྷུན་རྫོགས་པས།། རང་རིག་གསང་བའི་དཀྱིལ་འཁོར་ཡིན།། དེ་དག་གོམས་རྟགས་མཚན་ཉིད་ནི།། མ ་བཙལ་ཀླུངས་སུ་ཞུགས་པས་རྟོགས།། རང་རིག་གསང་བའི་ཉམས་མྱོང་ཡང་།། རྗེས་འཛིན་རྣམ་རྟོག་ཀུན་དང་བྲལ།། རང་གསལ་བློ་ལ་ཡེ་གནས་པ།། འཇུག་དང་འབྱུང་བའི་རྩོལ་བ་མེད།། མཉམ་ཉིད་གསང་བའི ་དཀྱིལ་འཁོར་ནི།། རྡོ་རྗེ་གསང་བའི་དུས་ཀྱིས་ཤེས།། རྐྱེན་བྲལ་རིག་པ་རང་གསལ་ལ།། དྭངས་མ་ཡིན་པས་རྙོག་མ་མེད།། རང་བཞིན་ཆེད་དུ་བྱས་པ་དང་།། བཏང་སྙོམས་བྲལ་བའི་དངས་མ་ནི།། མཁའ་གསལ ་དྲི་མེད་ཇི་བཞིན་ཏེ། ཁྱད་པར་ཉམས་མྱོང་གསལ་འཛིན་མེད།། གཞོན་ནུའི་བདེ་བའི་ཉམས་མྱོང་ལྟར། ཁྱབ་པར་གསལ་ལ་དམིགས་དང་བྲལ།། རང་བྱུང་བརྗོད་བྲལ་གསང་བའི་ཉམས།། བརྗོད ་པས་མ་ཡིན་གོམས་པས་ཤེས།། དཔེར་ན་མྱོང་བའི་རང་བཞིན་ལྟར།། ཚིག་ཏུ་མ་ཡིན་དོན་ལ་རྫོགས།། བཏང་བཞག་བྲལ་བའི་རིག་པ་ནི།། བསམ་བྲལ་རིག་པའི་དཀྱིལ་འཁོར་ཡིན།། དེ་བཞིན་ཉིད་དབྱིངས ་གསང་བ་ཡིས།། བདེ་མཆོག་ཡེ་ཤེས་དཀྱིལ་འཁོར་བས།། མཐའ་དབུས་ཆེ་ཆུང་ཡོངས་ཀྱི་མེད།། བསྐྱེད་བྲལ་གསང་བའི་དཀྱིལ་འཁོར་ལ།། ཡེ་ནས་སྐུ་གསུམ་ལྷུན་གྱིས་རྫོགས།། ནམ་མཁའ་མི་འགྱུར་རྟག་པ ་ལྟར།། བདེ་མཆོག་རྟག་ཆེན་མཆོག་གི་སྐུ།། གསང་བ་ངོས་གཟུང་མི་མངའ་ཡང་།། བསམ་དབང་འདུལ་ཐབས་མཚོན་དགོས་པས།། ཐུན་མོང་ཁྱད་པར་སྣ་ཚོགས་པས།། ཡེ་ཤེས་ངོས་གཟུང་མན་ངག ་བཤད།། གསང་སྔགས་རྡོ་རྗེ་ཐབས་ཀྱི་ལུང་།། ཡེ་ཤེས་གསང་བ་མཚོན་པའི་ཐབས།། མ་ཡིན་དེ་དག་ཡོད་མ་ཡིན།། ཕྱོགས་མེད་རང་གསལ་དཀྱིལ་འཁོར་ལ།། ཡེངས་པ་མེད་པའི་སེམས་ཀྱིས་འཇུག། རང་བྱུང ་རིག་པའི་ལྟ་བ་ནི།། མཐའ་བྲལ་དབུ་མ་དྲང་པོའི་ལམ།། མཚན་བྲལ་དབྱིངས་ཉིད་གསང་བ་ལ།། རང་རྟགས་ལོག་པའི་བསམ་པ་ཡིས།། བསྐྱེད་བསྒྲུབ་དཀྱིལ་འཁོར་ལོག་པའི་ཆོས།། ཕྱོགས་འཛིན་ལོག་པའི་རྩོལ ་བ་ཡིས།། གང་ལྟར་བརྟགས་པ་ལོག་པའི་ལམ།། འདོད་པའི་དངོས་པོ་གང་མཐོང་ཚོར།། འོད་གསལ་དཀྱིལ་འཁོར་ཉིད་དུ་ཤེས།། ཀུན་འབྱུང་མཐའ་དབུས་ཀུན་བྲལ་ལ།། བློ་ཡི་འཇུག་ཚུལ་ཅིར་མ་བརྟགས།། རྡོ ་རྗེ་ནམ་མཁའ་གསང་བའི་སེམས།། རང་རིག་འོད་གསལ་རྣམ་པར་དག། ཆོས་རྣམས་ཀུན་གྱི་རང་བཞིན་དུ།། རང་བྱུང་རིག་པའི་རྒྱལ་པོ་ཤར།། ཆོས་དབྱིངས་འགྱུར་མེད་དབྱིངས་ཀྱི་ལུང་།། དངོས་བསམ་ཇི་བཞིན ་བཞག་པས་རྟོགས།། རྣམ་རྟོག་དཀྱིལ་འཁོར་གྲངས་མེད་པས།། འཐུན་འཇུག་ངོ་ལ་དེ་ལྟར་གསལ།། རང་གསལ་རིག་པར་ཤུགས་ཀྱིས་གཅིག། ཆོས་ཀུན་གསང་བའི་རང་བཞིན་པས།། ཀུན་གྱིས་མཐོང་ཐོས་ཡུལ ་དང་བྲལ།། གཉིས་མེད་རིག་པ་ཅིག་ལ་ཐིམ།། གསལ་འགྱུར་མི་དམིགས་དོན་གྱིས་ཤེས།། མ་ཡེངས་བསམ་བྲལ་རིག་པའི་ཀློང་།། མི་བསམ་མི་བཤད་ཆོས་ཀྱི་དབྱིངས།། ཤེས་རིག་ཡེ་ཤེས་ཉིད་དུ་འཆར།། དྲན་པ ་ཀུན་སྤངས་ཡེ་ཤེས་ཉིད།། མི་འབྱེད་བློ་ཉིད་གསང་བའི་སེམས།། ཆོས་ཅན་མ་ཡིན་ཆོས་ཉིད་མིན།། ཅི་ཡང་མ་ཡིན་འོད་གསལ་ཡིན།། མཐའ་ཡི་འདུ་ཤེས་ཀུན་བྲལ་ཏེ།། ཏིང་འཛིན་རིག་པ་གསལ་བའི ་ཉམས།། གསལ་ལ་འབྱུང་འཇུག་མེད་པ་ནི།། དེ་བཞིན་ཉིད་ཀྱི་རྣལ་འབྱོར་རོ།། རིན་ཆེན་གསང་བའི་དཀྱིལ་འཁོར་འདི།། ཀུན་ལ་ཁྱབ་པའི་ཚུལ་གྱིས་གནས།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུ་གསང་བའི ་རྒྱུད་ལས། དཀྱིལ་འཁོར་ཆེན་པོའི་ཀློང་གི་ལེའུ་སྟེ་བཞི་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ལ།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་ཡེ་ཤེས་སྒྲིབ་པ་མེད་པའི་ཀློང་འདི་གསུངས ་སོ།། ཡེ་ཤེས་གསང་བའི་རང་བཞིན་ནི།། མ་རིག་ཡེ་ཤེས་གཉིས་མེད་གཅིག། རང་གསལ་རིག་པའི་ཐུགས་སུ་གཅིག། གཉིས་མེད་སེམས་ཀྱི་ཡེ་ཤེས་ལ།། གྲངས་དང་རྣམ་པ་བགྲང་དུ་མེད།། བགྲང་ན་མཐའ་ཡས ་བརྗོད་མི་ལང་།། གདོད་ནས་རང་བྱུང་ཡེ་ཤེས་པས།། རྒྱུ་དང་རྐྱེན་ལས་རག་མ་ལས།། རང་རིག་ཉིད་པས་གཞན་དང་བྲལ།། རང་གསལ་ཉིད་པས་ཡུལ་དང་བྲལ།། ཡེ་ནས་ཤེས་པས་ཡེ་ཤེས་ཡིན།། རང་གསལ ་རིག་པའི་ངོ་བོ་ལ།། གཉིས་དང་ཐ་དད་མི་གནས་ཏེ།། རྣམ་པར་བརྟགས་པའི་དབང་གིས་ན།། ཇི་ལྟར་བརྟགས་པ་བཞིན་དུ་མཐོང་།། ཡེ་ནས་དམིགས་འཛིན་ཞེས་པའི་ཕྱིར།། གང་དང་གང་དུ་ཅི་བྱུང་བ།། དེ་ཡི ་རྣམ་གྲངས་ཉིད་ཡིན་པས།། དེ་ལས་གཞན་པ་རྣམ་པར་བཅད།། མ་སྐྱེས་འཁོར་ལོ་མཉམ་དུ་གསལ།། རང་གསལ་རིག་པ་མ་ཡིན་པ།། མཚན་མ་དམིགས་པ་ཀུན་དང་བྲལ།། ཕྱོགས་རིས་མེད་པའི་ཡེ་བརྡལ ་བས།། མཚན་བྲལ་དབུ་མའི་ལམ་པོ་ཆེ།། དཔེ་ནི་ནམ་མཁའ་ལྟ་བུ་སྟེ།། མཐའ་དང་དབུས་མེད་དེ་བཞིན་ཉིད།། མ་བཙལ་རང་བྱུང་རྒྱལ་པོ་ལ།། ཤེས་དང་མི་ཤེས་ཀུན་དང་བྲལ།། ལྷུན་གྲུབ་ཡེ་ཤེས་ཕྱོགས་རིས ་མེད།། མཉམ་ཉིད་ཡེ་ཤེས་ཆེ་ཆུང་མེད།། མེ་ལོང་གསལ་ལ་རྟོག་པ་མེད།། སོ་སོར་རྟོག་པ་མ་འདྲེས་པ།། བྱ་བ་གྲུབ་པ་མཐར་ཕྱིན་པ།། མཁྱེན་པའི་ཡེ་ཤེས་ཉག་གཅིག་ལ།། ཡོན་ཏན་ཆ་རེ་གྲངས་སུ་བསྟན།། སྣང ་སྲིད་སྣོད་བཅུད་རང་བཞིན་ནི།། བྱང་ཆུབ་སེམས་སུ་མངོན་སངས་རྒྱས།། ཀུན་གྱི་རང་བཞིན་བདག་ཡིན་པས།། ཐམས་ཅད་བྱང་ཆུབ་སེམས་སུ་གསལ།། མི་རྟོག་བརྡ་འཇལ་གསང་བའི་ཐུགས།། ལྡན་པ་དེ་ཉིད ་ཙམ་དུ་ཟད།། རྫོགས་པའི་ཡེ་ཤེས་དུས་གཅིག་གོ། ཡེ་གསལ་རིག་པ་ཕྱོགས་མེད་གསལ།། འཛིན་བྲལ་རིག་པ་དབྱིངས་ལ་བཞུགས།། སྣང་སྲིད་ཆོས་རྣམས་མི་ཤེས་པས།། སྣང་བ་མ་བཅོས་རང་བཞིན་ཡིན།། དེ ་དག་མ་ཡིན་ཐམས་ཅད་ཡིན།། ཕྱོགས་བྲལ་གསལ་བའི་ཡེ་ཤེས་ཡིན།། བསམ་ཞིང་མི་སྤྱད་ལེགས་པ་ཡིན།། འཛིན་ཆགས་མེད་པར་རང་སྣང་བ།། རོལ་པ་ཉིད་དུ་ཤེས་པར་བྱ།། ཡེ་ཤེས་རྒྱུ་བའི་དུས་ཉིད ་དང་།། རྣམ་རྟོག་རྒྱུ་བའི་དུས་ཉིད་དང་།། བཏང་སྙོམས་དུས་དང་རང་བཞིན་དུས།། ངེས་པར་བརྟགས་ཏེ་ཤེས་པར་བྱ།། དེ་དག་ལེགས་པར་ཤེས་པ་ལས།། གསང་བའི་ཡེ་ཤེས་རང་བཞིན་འཆར།། དགོངས་པ ་གསང་བ་རང་བྱུང་བ།། རྡོ་རྗེ་རིག་པའི་ཀློང་ལ་གསལ།། རྡོ་རྗེ་ཉི་མ་ཕྱོགས་མེད་གསལ།། བརྡ་སྤྲད་དུས་དང་ཕྲད་པའི་དུས།། ཕྲལ་དང་ཀླུང་ཞུགས་དུ་ཉིད་ཀྱིས།། གང་ལ་དེ་ལྟར་མཚན་པ་ཡི།། སྤྱོད་པ་ལེགས ་པར་སྤྱད་པར་བྱ།། སྒོམ་དང་གོམས་དང་བཏང་སྙོམས་ཀྱིས།། རང་ཉམས་གསང་བའི་རིག་པ་སྦྱར།། དེ་དག་གོམས་ཟིན་མངོན་གྱུར་པས།། ལྷུན་གྲུབ་གསུམ་དུ་རྫོགས་པ་ཡིན།། བྱང་ཆུབ་སེམས་ཀྱི ་ངོ་བོ་ནི།། བསམ་པ་འདུལ་བའི་ཁྱད་པར་དུ།། ཡེ་ཤེས་གྲངས་སུ་མཐུན་པར་བསྟན།། ཀུན་ཀྱང་རང་བྱུང་གསང་བའི་དབྱིངས།། རང་བྱུང་རོལ་པ་དུས་གཅིག་གསལ།། རིམ་པ་མ་ཡིན་གདོད་ནས་རྫོགས།། ཉི་མ ་ཤར་བའི་འོད་དང་མཚུངས།། གྲངས་མེད་གསང་བའི་ཡེ་ཤེས་ནི།། མཐའ་དབུས་གྲངས་ཀྱི་ཆོས་དང་བྲལ།། གསང་བ་ཁུ་བྱུག་ཀློང་དགུའི་རྒྱུད།། དུས་གཅིག་བསྟན་པ་ཉིད་ཀྱི་ལུང་།། སྒྲོ་སྐུར་བྲལ་བའི་བསྟན་པ ་རྫོགས།། རང་རིག་གསལ་བ་རིག་པའི་ཉམས།། རིག་པ་འཕོ་འགྱུར་མེད་པའི་གཏེར།། ཀུན་འདུས་སྙིང་པོ་མཆོག་གི་ལུང་།། མ་བརྗོད་གོ་བར་རིག་པའི་གསུང་།། བསྟན་པའི་མེ་ལོང་ཐུགས་ལ་གསལ།། རང་བྱུང ་གསང་བའི་བརྡ་དོན་མ་སྤྲད་ན།། བདེ་ཆེན་རང་གསལ་དོན་དང་ཤིན་ཏུ་འགལ།། ཆོས་སྐུ་མ་བཅོས་སྙིང་པོ་ནི།། ཡེ་ཤེས་གསང་བ་འདུ་འབྲལ་མེད་པར་བརྗོད།། རང་རིག་གསང་བ་ལྷུན་གྲུབ་པས།། མཐོ་དམན་ཆ ་ཆུང་ཡོངས་ཀྱི་མེད།། རང་རིག་བདག་གཞན་མི་གནས་པས།། འཛིན་བྲལ་ཡེ་ཤེས་ཀུན་བདག་ཉིད།། ནམ་མཁའ་ལྟ་བུའི་ཆོས་ཉིད་ནི།། སྣང་སྲིད་བྱང་ཆུབ་སེམས་སུ་གཅིག། ཞེན་བརྟགས་འཇིག་རྟེན་ཆོས་དང ་བྲལ།། འགྱུར་མེད་རང་བྱུང་ཡེ་ཤེས་ལ།། བདེན་བརྫུན་མི་མངའ་དབྱིངས་ཉིད་གཅིག། གང་སྣང་མི་གནས་དབྱིངས་ཉིད་ལུང་།། ཆོས་སེམས་གཉིས་མེད་ཡེ་ཤེས་གསལ།། ཀུན་མཁྱེན་རིག་པ་མཉམ་དུ ་ཤེས།། འཛིན་བྲལ་རིག་པ་འོད་གསལ་བས།། སྟོང་ཆེན་འོད་གསལ་ཡེ་ཤེས་ཡིན།། ཇི་ལྟར་སྣང་གྲགས་ཆོས་ཀུན་ནི།། གཉིས་མེད་གདོད་ནས་དག་པ་ལ།། ཡེ་ཤེས་མོས་པ་མ་འདྲེས་གསལ།། སྤྲོས་བྲལ་རང་བྱུང ་རིག་པ་ལས།། རོལ་བའི་འཁོར་ལོ་ཡོངས་ཀྱི་འབྱུང་།། འོད་འབར་ཡེ་ཤེས་རྨད་པོ་ཆེ།། རང་གསལ་རིག་པའི་དོན་དུ་མཐོང་།། མ་འདྲེས་རང་གསལ་ཡེ་ཤེས་སོ།། སྙིང་པོ་སྤྲོས་བྲལ་ཐིག་ལེ་དྲུག། མི་འགྱུར་སྙིང་པོ ་དོན་དུ་གནས།། མ་བཅོས་རང་གསལ་ཀུན་ཏུ་བཟང་།། གཉིས་མེད་རང་རིག་དམིགས་ཡུལ་གྲོལ།། མ་འགགས་མི་བསམ་ཅིར་མི་དགོངས།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས། ཡེ་ཤེས་སྒྲིབ་པ ་མེད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་དེས།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བླང་དོར་མེད་པའི ་རང་བཞིན་དག། རྣམ་རྟོག་སྤོང་ལེན་མི་མངའ་བ།། འདུས་པའི་ཚོགས་ལ་གསལ་བར་གསུངས།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པས་སྤྱོད་པ་བླང་དོར་མེད་པའི་ཀློང་འདི་གསུངས་སོ།། སྒོ་གསུམ་རྡོ་རྗེ ་མ་བཅོས་པ།། ནམ་མཁའ་རྡོ་རྗེ་གསང་བ་ལུང་།། འགྲོ་འདུལ་ཐབས་ཀྱི་སྤྱོད་པ་ཡིས།། མ་ངེས་དེ་ལྟ་ཉིད་དུ་བལྟ།། ལུས་ཀྱི་རྡོ་རྗེ་མ་བཅོས་པ།། ཆེད་དུ་སྤྱད་པ་གང་མི་བྱེད།། ཕྱག་དང་བསྐོར་བའི ་ལས་མི་བྱེད།། ཕྱག་རྒྱས་བཅིང་བའི་ལས་མི་བྱའོ།། གང་ལྟར་བཞག་པ་དེ་ལྟར་བདེ།། མ་བཅིངས་གྲོལ་བ་གསང་བའི་ལུས།། མ་བཅོས་ཡལ་བ་ཉིད་དུ་བདེ།། ཐོགས་མེད་གསང་བའི་སྤྱོད་པ་ནི།། མ་བཅོས་གསང ་བའི་ངང་ལ་སྤྱོད།། རང་བྱུང་ལུས་ཀྱི་སྤྱོད་པ་ལ།། ཡེངས་པ་མེད་པས་མ་བཅོས་སྤྱོད།། ཞེན་པའི་ངག་སོགས་གང་ཡང་མེད།། བཟླས་དང་ཁ་ཏོན་ལ་སོགས་པ།། བཅོས་མ་ཡིན་ཕྱིར་དེ་ཉིད་མིན།། ཞེན་པའི་ངག ་བརྟགས་དག་རྟོགས་ན།། ཀུན་ཀྱང་བཟླས་པའི་ངོ་བོར་གནས།། ཟིན་དང་མ་ཟིན་སྒྲ་ཀུན་ནི།། རང་བྱུང་གསང་བའི་གསུང་དུ་གནས།། རང་བྱུང་གསང་བའི་མཚན་ཉིད་ནི།། རྡོ་རྗེ་སྒྲ་ཚིག་རྣམ་པར་སྤངས།། མ ་བཅོས་གསང་བ་གསུང་གི་སྤྱོད་པར་བཤད།། བསམ་བྲལ་སྤྱོད་པའི་འདུ་ཤེས་སྤངས།། ཐ་དད་སྤྱོད་པའི་ཤེས་པ་ནི།། ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང་།། མ་བཅོས་གསང་བའི་སེམས་ཀྱིས་གནས།། རྒྱ་མཚོ་ཆེན ་པོའི་རང་བཞིན་ལྟར།། འདུ་འཕྲོ་དབྱིངས་གཅིག་ངོ་མཚར་ཆེ།། གསང་བའི་ཐིག་ལེ་མ་བཅོས་སེམས།། རང་གསལ་ཉམས་མྱོང་གཅིག་ཏུ་ཟད།། རང་རིག་གསལ་བ་བདེ་བའི་ཉམས།། མ་བཙལ་རང་གཞག་རིག ་པས་རྙེད།། མ་བཙལ་ལྷུན་གྲུབ་སྤྱོད་པ་ཡིས།། ཐམས་ཅད་མ་བཅོས་གསང་བ་ཡིས།། འདུ་འཕྲོ་བདེ་གནས་ཆོས་ཀྱི་དབྱིངས།། མ་ལུས་ཐིག་ལེ་ཆེན་པོ་ཉིད།། ཡེ་ཤེས་འོད་གསལ་སྤྱོད་པ་ལ།། ཞེན་པའི་རྟོག་པ་རྣམ ་པར་བཅད།། རྣམ་རྟོག་རྒྱུ་བའི་ཡུ་བ་བཅད།། མ་བཅོས་ནམ་མཁའ་རྡོ་རྗེ་ལ།། སྒོ་གསུམ་སྤྱོད་མེད་སྙིང་པོར་སྤྱོད།། རང་བཞིན་ཐབས་མཁས་སྤྱོད་པ་ནི།། གང་ཡང་དགག་སྒྲུབ་ཀུན་དང་བྲལ།། དྲན་རྟོག་རྒྱུ་བའི ་བསམ་པ་མཐའ་ཡས་པ།། རྩོལ་བྲལ་རྣམ་པར་བལྟ་བར་བྱ།། རང་བྱུང་ཀློང་ལ་ཡེ་གནས་པས།། དགོངས་པ་དེ་དག་ཉིད་དུ་བཞག། མ་བཅོས་ལྷུན་གྲུབ་སྤྱོད་པ་ལ།། སྤྱོད་པའི་སྤྱོད་པ་ཕྱིན་ཅི་ལོག། མ་བཙལ་རིག ་པ་ལྷུན་གྲུབ་ལ།། རྩོལ་བའི་སྤྱོད་པ་ལོག་པའི་ཆོས།། བསམ་གྱིས་མི་ཁྱབ་སྤྱོད་པ་ལ།། རང་བཞིན་མཉམ་པའི་སེམས་ཀྱིས་ལྟ།། ཇི་ལྟར་གནས་པའི་སེམས་ཉིད་ལ།། ཡེངས་པ་མེད་དོ་ཐམས་ཅད་ཡིན།། འགྲོ ་འདུལ་མཛད་པའི་ཁྱད་པར་གྱིས།། ཇི་ལྟར་འདུལ་བ་དེ་ལྟར་བསྟན།། རང་རིག་དབྱིངས་ལས་མ་གཡོས་ཀྱང་།། འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་སྟོན།། ཐམས་ཅད་རང་བྱུང་ཐབས་ཀྱི་ལམ།། བཀག ་ད་ཐབས་མཁས་གཡོ་མེད་ཀྱིས།། འགྲོ་དྲུག་ཐུགས་རྗེས་ས་ལ་སྦྱོར།། གྲོལ་ཐར་གསང་བ་སེམས་ཀྱི་དབྱིངས།། འགྲོ་དྲུག་རང་ཐད་སྤྱོད་པ་ཡང་།། ཐབས་མཁས་ཡེ་ཤེས་སྤྱོད་པ་ཡིན།། ཐབས་ལྡན་རིག་པའི ་གདེང་ལྡན་ན།། དགེ་སྡིག་ཁྱད་པར་མི་གནས་པས།། འདུལ་ཐབས་དེ་ལྟ་ཉིད་དུ་བཤད།། ཐབས་ལ་མཁས་པའི་སྤྱོད་པ་ཡིན།། གསང་སྦྱོར་རིག་པའི་དོན་མེད་ན།། ཆགས་སྡང་ཞེན་པའི་ལས་མི ་བྱེད།། གསང་བ་ཐབས་མཁས་སྤྱོད་པ་ཡིས།། རྫོགས་ཆེན་ཐུགས་ཀྱི་རྣ་བརྒྱུད་འདི།། གུ་ལང་གུང་གི་གསེར་གཟོ་རུ།། ལེགས་པར་བརྟགས་པའི་ཚུལ་གྱིས་བསྟན།། ཐམས་ཅད་རང་རིག་ཡུལ་མེད་པས།། རང་ལ ་རང་གི་བྱེ་བྲག་བསྟན།། འོད་གསལ་ཐུགས་ལ་གཉིས་མེད་ཀྱང་།། རྣམ་རྟོག་བརྟགས་པ་འདུལ་དབང་གིས།། ཐུགས་རྗེའི་བྱིན་རླབས་འོང་ལྟར་འཕྲོ།། ཀུན་ཀྱང་རང་གསལ་དབྱིངས་ལ་ཐུག། སུ་ཞིག་ཐུགས་ཀྱི་རང ་བཞིན་ལས།། འདུལ་བའི་སྐུ་གསུང་གྲངས་མེད་པ།། འདུལ་བའི་ཐབས་ལ་བསྟན་པ་ཡིན།། རང་གསང་བྱང་ཆུབ་སེམས་ཀྱི་ལོང་།། རྟོགས་པའི་བློ་ལ་གཉིས་སུ་མེད།། རིན་ཆེན་རྟོགས་པའི་གདེང་མེད་པར།། རྣམ ་རྟོག་རྩོལ་བས་ཅི་བཙལ་ཡང་།། རང་གསལ་རིག་པའི་འོད་ནུབ་པས།། དོན་མེད་ལོག་པའི་ལམ་དུ་ལྟུང་།། རིན་ཆེན་གསང་བའི་སེམས་ཉིད་ནི།། གང་ལྟར་བརྟགས་པ་བཞིན་དུ་མཐོང་།། དེ་དག་ཐམས་ཅད་མ ་བཅོས་པས།། བཏང་བཞག་མི་གནས་མཉམ་པར་མཐོང་།། ཐོགས་མེད་ཐབས་མཁས་རྣལ་འབྱོར་བས།། རྩོལ་མེད་གསང་བའི་དོན་གོམས་ནས།། རྣམ་གྲོལ་ས་ལ་འགྲོ་བར་འགྱུར།། སྐལ་ལྡན་རྫོགས་པའི་རྣལ ་འབྱོར་པས།། རིམ་པ་མེད་པར་དུས་གཅིག་སྨིན།། རྣམ་གྲོལ་ངེས་པའི་གདེང་མེད་པར།། སྤྱོད་པ་ཆགས་སྡང་མངོན་འཆིལ་བ།། ངན་འགྲོའི་གནས་སུ་འཁྱམས་པར་འགྱུར།། ཞེས་གསུངས་སོ།། རིན་ཆེན་ཀློང ་དགུའི་རྒྱུད་ལས། སྤྱོད་པ་གསང་བ་ཀློང་གི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེས།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐམས་ཅད ་ཀྱི།། རང་གཞག་རིག་པ་དགོངས་པའི་ཀློང་།། མ་ཡེངས་དྲན་གསལ་རིག་པའི་ཐུགས།། འདུས་པའི་ཚོགས་ལ་བཤད་དུ་གསོལ།། ཞེས་ཞུས་པ་ལས། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་རང་བཞག། ་དགོངས་པའི་ཀློང་འདི་གསུངས་སོ།། དུས་གསུམ་རྒྱལ་བ་ཐུགས་ཀྱི་ཐུགས།། མ་བཅོས་ཐིག་ལེ་ཡེངས་པ་མེད།། གསང་བ་མི་གཡོ་རྣམ་པར་དག། ཇི་བཞིན་རང་བཞིན་རིག་པ་ལས།། དེ་མ་ཐག་ཏུ་གསལ་བར ་འཆར།། རྣ་བརྒྱུད་ཐུགས་བརྟོལ་བདུད་རྩི་ཡིས།། རིག་པ་མངོན་སུམ་གསལ་བར་བསྟན།། མི་འབྱེད་རང་རིག་མཆོག་གི་ལུང་།། གསལ་ལ་མི་གཡོ་མཆོག་གིས་ཤེས།། འབྱུང་འཇུག་མི་གནས་དབྱིངས་ལ ་གསལ།། རང་གསལ་ཇི་བཞིན་རྣལ་འབྱོར་ལ།། མཚན་མའི་སྒྲོ་སྐུར་ཀུན་དང་བྲལ།། ཚིག་དང་ཡི་གེ་ལས་འདས་ཤིང་།། སྙིང་པོ་འབྱེད་པ་གང་ཡང་མེད།། འཛིན་པའི་རྣམ་རྟོག་གང་ཡང་མིན།། མི་གནས་གསལ ་བར་གོམས་པ་ཡིས།། ཤར་བས་འོད་གསལ་ཆེན་པོ་ཡིན།། གདོད་ནས་ལྷུན་གྲུབ་ཕྱོགས་མེད་ལ།། བཅོས་པས་རྣམ་རྟོག་འཁོར་བའི་ལམ།། བཙལ་མེད་མི་གཡོ་བདེ་མཆོག་འདི།། མ་བཙལ་རང ་བཞིན་གཞག་པས་གོ། སེམས་ཉིད་དྲག་ད་ལ་གང་སྒོ་ནས།། དེ་ལྟར་མཐུན་པའི་ཐབས་ཀྱིས་བསྟན།། ཐུག་ཕྲད་ཤེས་པས་འདུ་འབྲལ་མེད།། གསང་བའི་རིག་པ་ཉམས་མྱོང་མེད།། ཇི་ལྟར་ཆུ་ལ་ཆུ་བཞིན ་ནོ།། གསང་བ་ལམ་གྱི་དཔེ་བཞི་ལྟར།། གོམས་པས་ལྷུན་གྲུབ་ངོ་མཚར་འབྱུང་།། མ་བཙལ་ཉི་མའི་འོད་བཞིན་འཆར།། ཞེས་གསུངས་པ་ལས།། སེམས་དཔའ་རྡོ་རྗེས་ཞུས་པ།། གསང་བ་རང་བྱུང་རིག་པའི ་ཉམས།། བརྗོད་བྲལ་རིག་པའི་ཆོས་དབྱིངས་ལ།། མ་ཡེངས་རིག་པ་རང་གཞག་པས།། དུས་གཅིག་རིག་པ་འོད་འབར་ལ།། ཡེ་ཤེས་གསང་བ་ཇི་ལྟར་བལྟ།། རང་བྱུང་རིག་པ་ཇི་ལྟར་མཐོང་།། ཞེས་ཞུས་སོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ལུས་དགོངས་པ་གསང་བའི་ཉམས།། མཐའ་དབུས་མེད་པའི་སྙིང་པོ་འདི།། མ་བཙལ་གསང་བ་ཉམས་ཀྱིས་ཤེས།། ཡེ་ཤེས་རྫོགས་པར་གསལ་ལྡན་པས།། ཤེས་པ ་གཡོ་བ་ཀུན་དང་བྲལ།། བཙལ་བྲལ་ཡེ་སངས་རྒྱས་པ་ནི།། ཤེས་པ་རྣམ་གྲངས་གང་སྐྱེས་པ།། དེ་དག་གསང་བར་མཉམ་པར་གསལ།། རྣམ་བྱང་ཤེས་པ་རང་གནས་པ།། ཡེ་ནས་མ་བཙལ་གྲུབ་པ་ཡིན།། ཡུལ་གྱི ་ཁྱད་པར་ཅི་སྣང་ལ།། རང་བཞག་རིག་པར་གནས་པར་བྱ།། མི་གཡོ་གསང་བའི་ཉམས་ལྡན་པས།། དོན་ཀུན་ལྷུན་གྱིས་གྲུབ་པར་བྱེད།། རིག་པ་གནས་པ་ལྷུན་རྫོགས་ལ།། བཅོས་མེད་བརྟགས་པས་མངོན་སངས ་རྒྱས།། མི་སྤྲོ་མི་བསྡུ་བཏང་བཞག་བྲལ།། དམིགས་བྲལ་བསམ་པའི་འདུ་ཤེས་མེད།། ལྷུན་གྲུབ་ཞེན་པའི་ཆོས་མེད་པས།། དེ་ཉིད་ཙམ་ཡང་བྲལ་བ་ཡིན།། ཐམས་ཅད་རང་རིག་གསང་བའི་ལུང་།། ཡེ་ཤེས་མཚན ་མ་རྣམ་པར་དག། རྒྱལ་བའི་དགོངས་པ་མ་བཅོས་པ།། མཁྱེན་པ་ཐམས་ཅད་བཅིག་ཏུ་གསལ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། ཡེ་ཤེས་བརྟགས་བྲལ་ཆེན་པོ་ལ།། རྟོག་དང་མི་རྟོག་ཅི་ཞིག་ནད།། ཞེན་པའི ་རྟག་པ་མ་ལུས་པ།། རྡོ་རྗེ་རང་རིག་ལུང་གིས་གཅོད།། གཟེར་ཆེན་རང་བྱུང་གསང་བའི་དོན།། ཐམས་ཅད་ཕེབས་པས་གཡོ་བ་མེད།། དགོངས་པ་རང་བྱུང་གསང་བའི་ཐུགས།། འདི་དག་རང་རིག་ཡེ་ཤེས ་ཏེ།། བསམ་བྲལ་དགོངས་པ་ཉིད་ལ་གནས།། མ་བཅོས་སེམས་ཉིད་གསང་བ་ནི།། གསང་བ་རིག་པ་མཉམ་དུ་སྐྱེས།། འོད་གསལ་རིག་པ་མཆོག་ཏུ་དག། དྲི་མེད་རང་བཞག་གསང་བའི་དོན།། ཚིག་ཏུ་མ་ཡིན་དོན ་ལ་རྫོགས།། འདི་ནི་རང་བཞིན་མཆོག་གི་ཉམས།། རྣམ་རྟོག་མ་ཡིན་མི་རྟོག་མིན།། མི་གཡོ་རྣམ་དག་ཀུན་ཏུ་བཟང་།། བརྗོད་བྲལ་མཉམ་པའི་དོན་ལ་སྦྱོར།། ཉམས་མྱོང་རིག་པས་གསལ་བར་ཤེས།། ཤེས་འཇུག ་ཡེ་ཤེས་བསམ་མི་ཁྱབ།། རྣ་བརྒྱུད་ཐུགས་ཀྱི་ལུང་བྱིན་པས།། སྙིང་པོ་རང་བྱུང་བླ་ན་མེད།། མ་བཅོས་གསང་བ་ཐུགས་ཉིད་ནི།། ཀུན་དང་མཐུན་པ་ཉིད་དུ་འབྱུང་།། དེ་ལྟར་རིག་པ་གདོད་ནས ་དག། མ་བཅོས་རིག་པ་ཅིག་ཅར་འབྱུང་།། ཡེ་ནས་རིག་པ་བསམ་བྲལ་ལུང་།། འཛིན་པའི་དྲི་མ་ཀུན་དང་བྲལ།། ཆོས་ཉིད་གསང་བའི་དོན་ཉིད་ནི།། མཚན་མ་ཀུན་བྲལ་གསང་བའི་ཉམས།། འདི་དག་རིག་པའི་ཡེ ་ཤེས་སོ།། དགོངས་པའི་རང་བྱུང་དོན་འདི་ལ།། སྒྲ་དང་རྗེས་དཔགས་གཏན་ཚིགས་ཀྱིས།། མི་རྟོག་ཟབ་མོ་རང་གསལ་འདི།། བླ་མའི་ཞལ་ལས་བླང་བར་བྱ།། དེ་ལྟར་གང་རུང་ཐོབ་ནས་ནི།། དེ་ཡི་དོན་ལ་གོམས ་པར་བྱ།། ངེས་པའི་དོན་ལ་དེ་མ་ཐག། ཡིད་ཆེས་རང་བྱུང་རིག་པ་སྐྱེ།། མཚན་མ་བརྡལ་བྲལ་དོན་གྱི་ལུང་།། དེ་ཁོ་ན་ཉིད་གསང་བར་བཤད།། རང་གསལ་ཀློང་ལ་ཡེ་གནས་པས།། གཞན་ལ་མི་རྩོལ་རང་བཞིན ་དག། སེམས་ཉིད་ཀློང་ལ་གནས་བཅས་པས།། རིག་པའི་ཐིག་ལེ་འོད་དུ་འབར།། གསང་བའི་ཐིག་ལེ་གཅིག་གི་དང་།། མི་གཡོ་རང་ལ་གནས་པར་བྱ།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད ་ལས།། དགོངས་པ་གསང་བའི་ཀློང་གི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་དེས།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ།། དུས་གསུམ་སངས་རྒྱས་ཐམས་ཅད ་ཀྱི།། རང་བྱུང་ཡེ་ཤེས་ཆེན་པོ་ལ།། རྒྱལ་ཐབས་རིག་པ་དབང་གི་ཀློང་།། འདུས་པའི་ཚོགས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ།། དུས་གསུམ་སངས་རྒྱས་ཐམས ་ཅད་ཀྱི།། རང་བྱུང་གསང་བ་རྒྱ་མཚོའི་ཀློང་།། རང་བྱུང་རིག་པ་མུ་མཐའ་མེད། ཁྱབ་པར་གསལ་ལ་དངོས་པོ་མེད།། རྒྱལ་ཐབས་གསང་བ་དབང་གི་ཀློང་།། མ་བསྐུར་རིག་པ་རང་བཞིན་གསལ།། གདོད་ནས ་རང་བྱུང་རིག་པའི་དབང་།། བསྐུར་ཐོབ་མི་གནས་ཡེ་ནས་འཕགས།། གསང་བར་རང་བྱུང་རིག་པའི་ལུང་།། དུས་མཐའ་གསལ་བའི་ངང་བཞིན་ལ།། ཡེ་ནས་ཁྱབ་པས་བསྐུར་ཐོབ་བྲལ།། ཞེས་གསུངས་སོ།། དེ ་ནས་སེམས་དཔའ་རྡོ་རྗེས་སླར་ཞུས་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། རྡོ་རྗེ་དབང་གི་རང་བཞིན་ལ།། བསྐུར་ཐོབ་ཁྱད་པར་མི་གནས་ན།། གྲོལ་ཞིང་ཐར་པ་མེད་པ་དང་།། ཡང་ན་འཁོར་བ་སྟོང་པ ་དང་།། འདུལ་ཐབས་མེད་པར་མི་འགྱུར་རམ།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། བརྡ་དོན་སྤྲད་པའི་ཁྱད་པར་གྱིས།། ཐིག་ལེ་ཆེན་པོའི་དབང་བསྐུར་ལ།། འགྱུར་བ་མེད་པའི་མན ་ངག་སྦྱིན།། མི་འགྱུར་བརྟན་པའི་དབང་བསྐུར་ལ།། སྤྱོད་ལམ་རིག་པའི་མན་ངག་སྦྱིན།། སྒྲ་ཚིག་རིག་པའི་དབང་བསྐུར་ལ།། ཡེ་ཤེས་ངོས་འཛིན་མན་ངག་སྦྱིན།། སྐུ་གསུམ་ལྷུན་གྲུབ་དབང་བསྐུར་ལ།། ལྷུན་གྲུབ ་གསུམ་གྱི་མན་ངག་སྦྱིན།། གཉིས་མེད་འབྲེལ་བའི་དབང་བསྐུར་ལ།། ཕྱག་རྒྱ་ཆེན་པོའི་མན་ངག་སྦྱིན།། རྡོ་རྗེ་ལུང་གི་དབང་བསྐུར་ལ།། རྒྱལ་ཚབ་གཏད་པའི་མན་ངག་སྦྱིན།། རིན་ཆེན་གཏེར་ཁ་ཕྱེ ་ནས་ཀྱང་།། རྡོ་རྗེ་གསང་བའི་བཅུད་ཀྱི་སྒོ།། མན་ངག་བཅུད་འཛིན་བླ་མ་ཡིས།། ང་དང་དད་པ་དམ་ཚིག་ཅན།། བསྙེན་བཀུར་དུལ་བ་སྙིང་རྗེ་ཅན།། ལུས་དང་སྲོག་ལ་མི་བལྟ་ཞིང་།། ཟང་ཟིང་མི་ཆགས་འབྲེལ་མི ་དོན་མི་བྱེད།། གྲགས་པའི་ཆོས་བརྒྱད་རྣམས་སྤངས་དམ་པའི་སྲས།། གསང་བ་མི་འཕེལ་ཐུགས་རིགས་གསང་བའི་སྣོད།། གསང་བ་མི་འཕེལ་རིག་པའི་གཏེར་དུ་བཞག། དངོས་ལ་ཁྱད་པར་མི་གནས་ན།། གང ་ཟག་བསམ་པའི་དབང་གིས་ན།། བརྡ་དོན་དགྲོལ་བའི་མན་ངག་ཅེས།། མ་བཅོས་རིག་པའི་ཐུགས་སྲས་ལ།། བརྡ་དོན་དགྲོལ་བའི་དབང་བསྐུར་ནས།། གཏེར་ཁྱིམ་གསལ་བྱེད་རྐྱེན་བཞིན་དུ།། རིག་པ་འཛིན་པའི ་ས་ལ་བཞག། ཅེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་ཞུས།། རྒྱལ་ཐབས་གསང་བའི་ཁྱད་པར་གྱིས།། སྣོད་ལྡན་རིག་པའི་རྒྱལ་སྲས་ལ།། པྲ་ཀྲིད་སེམས་ཀྱི་དབང་བསྐུར་ན།། ཡོན་ཏན་འབྲས་བུ་ཇི་ལྟར ་འཆར།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྒྱལ་ཐབས་གསང་བའི་ཁྱད་པར་གྱིས།། སྐལ་ལྡན་རྣལ་འབྱོར་ཆེན་པོ་ལ།། ཕྲ་ཀྲིད་སེམས་ཀྱི་ངོ་བསྟན་ལ།། གཉིས་མེད ་ཡེ་ཤེས་དྲོད་ཚད་བསྟན།། དུས་ཚོད་གསལ་བའི་ངོས་གཟུང་ལ།། རྙོག་པ་བསལ་བའི་ཐབས་ཆེན་བསྟན།། དང་པོར་སྤྲད་ནས་བསྟན་པའི་རིམ།། འཕེལ་བའི་རིམ་པ་རྗེས་སུ་བསྟན།། དངོས་ལ་འཕེལ་འགྲིབ་མི ་གནས་ཀྱང་།། གང་ཟག་བློ་ལ་བསྟན་མི་བསྟན།། ནུས་པ་གནས་ཕྱིར་བསྟན་པ་ཡིན།། དཀའ་ཐུབ་མི་བྱ་བདེ་བར་སྤྱད།། མ་བཅོས་རྒྱལ་ཐབས་གསང་བའི་དབང་།། རིག་པ་སྤྲད་པས་རྫོགས་པ་ཡིན།། རང་བྱུང ་གསང་བའི་བསྟན་པ་འདི།། རྣམ་པ་ཀུན་ཏུ་རང་བཞིན་གནས།། གཉིས་མེད་ཡེ་ཤེས་རང་བྱུང་ལུང་།། རྒྱུ་རྐྱེན་བྲལ་བའི་རིག་པས་རྟོགས།། ཅིས་ཀྱང་མི་ཤིགས་སྙིང་པོ་ཅན།། རྡོ་རྗེ་འོད་གསལ་རྣམ་པར་དག། འབྱུང ་འཇུག་མཚན་མའི་རྗེས་མི་འབྲེང་།། རང་གསལ་རིག་པ་ལྷུན་གྱིས་རྫོགས།། རང་རིག་གཉུག་མ་རྣམ་པར་དག། བརྗོད་དང་བརྗོད་བྱའི་དུ་ཤེས་མེད།། མ་བསྒོམས་རིག་པ་གསལ་བར་འབྱུང་།། དྲོད་དང་རྟགས་ལ་མི ་རྟེན་ཏེ།། མངོན་སུམ་ཡེ་ཤེས་ཆེན་པོ་ལ།། སྲེད་དང་ཞེན་པའི་ཆོས་མེད་པས།། ཐམས་ཅད་འོད་གསལ་བདེ་ཆེན་པོ། ཞེན་རྟགས་ཆོས་ཀུན་མི་གནས་པས།། ཡེ་ཤེས་ཀློང་ཆེན་གསང་བའི་ལུང་།། སྲིད་གསུམ་ཐིག ་ར་རྫོགས་པའི་ཕྱིར།། ཡེ་ཤེས་ཕྱག་རྒྱ་འདའ་བ་མེད།། ཡེ་ནས་རྩོལ་བྲལ་ལྷན་གྲུབ་ལ།། གྲུབ་བསྒྲུབ་ཁྱད་པར་ཀུན་དང་བྲལ།། ཐམས་ཅད་ཆོས་སྐར་རྫོགས་པས་ན།། གཟུགས་སྐ་མ་བསྒོམས་རང་བཞིན ་ཚང་།། རིག་པ་གཅིག་ལ་ཀུན་རྫོགས་པས།། བདག་གཞན་དབྱེ་བསྲིང་ཀུན་དང་བྲལ།། རང་གསལ་ཀློང་ལས་མ་ཉམས་པས།། རྣམ་བཞི་གང་སྤྱད་བདེ་བའི་ཀློང་།། ཆོས་ཀྱི་སྐུ་ཡང་ཐ་དད ་པས།། མཚན་འཛིན་རྟགས་པ་རྣམ་པར་གྲོལ།། སྐལ་ལྡན་གང་དང་གང་དག་གིས།། གང་དང་གང་ལ་མངོན་བརྟགས་པས།། དུས་དེར་ཚང་དབང་མཆོག་ཡིན་པར།། རྒྱལ་བ་ཀུན་གྱིས་མཐུན་པར་གསུངས།། རིན ་ཆེན་ཀློང་དགུ་ཐུགས་ཀྱི་མཛོད།། བསྟན་པ་ཀུན་གྱི་རྩ་བར་བཤད།། རིན་ཆེན་ཀློང་དགུའི་རྒྱུད་ལས། རྒྱལ་ཐབས་ཚངས་པ་དབང་གི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས།། ་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ།། དུས་གསུམ་རྒྱལ་བ་ཐམས་ཅད་ལ།། ལམ་མེད་རིམ་མེད་ཅིག་ཆར་འཇུག། དམ་པ་རྣམས་ཀྱིས་རྟོགས་པ་བཞིན།། སྐལ་ལྡན་རྣམས་ལ་བསྟན་དུ ་གསོལ།། ཞེས་ཞུས་སོ།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་བ།། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། རྫོགས་ཆེན་གསང་བའི་རང་བཞིན་ལ།། འཇུག་པའི་ལམ་ནི་གཉིས་ཡོད་དོ།། ཚིག་གི ་ལམ་དང་དོན་གྱི་ལམ་མོ།། ཚིག་ལམ་རྐྱེན་དང་མི་ལྡན་པར།། དོན་ལམ་རིན་ཆེན་དོན་མི་རྟོགས།། ཡི་གེ་ཚིག་དང་སྒྲ་དོན་གྱིས།། དེ་དག་ངེས་པར་མཚོན་པ་ཡིས།། གཏེར་དང་སྒྲོན་མ་ཇི་བཞིན་དུ།། དེ་དག་ཉིད ་ཀྱིས་མངོན་སངས་རྒྱས།། སྐལ་ལྡན་འདུས་པ་ཆེན་པོའི་ཚོགས།། རང་བྱུང་གསང་བ་ཉིད་ཀྱི་ཉམས།། ཤེས་རབ་ཉམ་མྱོང་ཆེན་པོ་དེ།། བར་ཆེད་མེད་པར་ཉམས་མྱོང་བས།། དེ་ཉིད་འཇུག་པའི་ལམ་ཡིན་ནོ།། དོན ་ལམ་གསང་བ་རིག་པའི་གཏེར།། ཚིག་དོན་མ་ལུས་འཛིན་པའི་གནས།། ཚིག་མེད་རིག་པས་མཉམ་པར་རྟོགས།། སྐལ་ལྡན་སྒྲ་ལ་བརྟེན་པ་ཡིས།། བརྗོད་པས་བརྗོད་མེད་གསལ་བར་རྟོགས།། པྲ་ཀྲིད་ཐབས་ཀྱི ་ཁྱད་པར་གྱིས།། ཤེས་རབ་ཆེན་པོའི་ཐོབ་པ་ཡིས།། རྟགས་པའི་བུམ་པ་རྣམ་བཅག་ན།། ཡེ་ཤེས་སྣང་བ་མཆེད་པར་འགྱུར།། འབྱུང་འཇུག་མེད་པའི་དོན་ལམ་འདི།། གང་ལྟར་གསལ་བ་དེ་ལམ་ཡིན།། རྣམ་པར་རྟོག་པ ་ཀུན་གྱིས་སྟོང་།། ལམ་ལྔ་སྦྱོར་བ་འཕྲུལ་བའི་ནད།། ཡེ་ནས་དག་པས་སྦྱང་དུ་མེད།། ལྷུན་གྱིས་གྲུབ་པས་བཙལ་དུ་མེད།། རང་ལ་རྫོགས་པས་བདག་གཞན་མེད།། ས་བཅུ་བགྲོད་པ་རྟོགས་པའི་གྲངས།། བགྲང ་མེད་ནམ་མཁའི་ངོ་བོ་ལ།། མཐར་འཛིན་གྲངས་ཀྱི་ཅི་རྩོལ་བ།། ནམ་མཁའི་མཐའ་ལ་སྤྱོད་པ་འདྲ།། མ་བགྲོད་མ་སྦྱོངས་ཡུལ་མ་ཚོལ།། སྒོ་གསུམ་མ་བཅོས་ཡལ་བར་གནས།། དམ་པའི་འདུ་ཤེས་ཉེར་ཞི་བ།། སྒོ ་འདོགས་སྐུར་འདེབས་རྣམ་པར་གཅོད།། དམིགས་འཛིན་རྩོལ་བ་ཀུན་གྱིས་སྟོང་།། བསམ་པ་མ་ཡིན་མི་བསམ་ཡིན།། གཉིས་ཀར་འཛིན་པའི་སེམས་བྲལ་བས།། བརྟགས་པའི་འདུ་ཤེས་ཀུན་གྱིས་དབེན།། ཤེས་ཡུལ ་བརྟགས་པ་ཀུན་བྲལ་བ།། ནམ་མཁའ་དྲི་མེད་ཤིན་ཏུ་གསལ།། བརྟག་ཏུ་མེད་ཅིང་སྤྱད་དུ་མེད།། བསམ་མེད་བརྗོད་པ་ཀུན་ལས་འདས།། འཇུག་དང་མི་འཇུག་གཉིས་བྲལ་བས།། རིག་པའི་ཡེ་ཤེས ་ཆེན་པོ་ལ།། མ་བཅོས་ངང་ལ་ལྷུན་གྱིས་རྫོགས།། མ་བཅོས་གསང་བ་དབྱིངས་ཀྱི་ལམ།། འབྱུང་འཇུག་མེད་པའི་ཚུལ་གྱིས་ཤེས།། རྩེ་སྤྲད་མ་སྤྱོད་དབྱིངས་ལ་འདུས།། རྩིས་ལས་འདས་པའི་བྱང་ཆུབ་སྐུ།། འདུ་འཕྲོ ་མི་མངའ་དབྱིངས་ལ་གསལ།། འབྱུང་འཇུག་རིག་པའི་རྗེས་མི་འབྲེང་།། གཟའ་བྲལ་ཡུལ་དང་དབང་པོས་སྟོང་།། མ་བཅིངས་མ་གྲོལ་ཇི་བཞིན་གནས།། ཕྱོགས་འཛིན་རྩོལ་བའི་ལམ་བརྒྱུད་ཀྱིས།། རང་རིག་བདེ། ་ཆེན་དོན་དང་འགལ།། རྩོལ་བའི་ཆུ་བོ་རབ་འབོགས་པས།། བཙལ་མེད་ལྷུན་གྲུབ་དོན་མི་མཐོང་།། ཅི་ཡང་ཡིན་ནོ་གང་ཡང་རུང་།། དགག་སྒྲུབ་མེད་པར་རང་གསལ་ཞིང་།། རང་བཞིན་མ་བཅོས་ཞི་བ་ཡིན།། ལུས ་ག་སེམས་ཀྱི་བྱ་བཙལ་མེད།། འདི་ནས་རང་བྱུང་རིག་པའི་ལམ།། དོན་ལ་སྦྱོར་ཞིང་ཚིག་ཏུ་མིན།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས།། བགྲོད་དུ་མེད་པ་ས་དང་ལམ་གྱིས་ཀློང་གི་ལེའུ་སྟེ་དགུ ་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ཀྱི་དམ་ཚིག ་དང་།། བསྲུང་དང་མི་བསྲུང་གཉིས་མེད་པའི།། རིག་པའི་དམ་ཚིག་ལེགས་པར་བསྲུངས།། ཞེས་ཞུས་སོ།། དེ་ནས་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་བསྲུང་བྲལ་རིག་པའི་དམ་ཚིག་གི་དོན་གསུངས་པ།། དུས ་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་སུ་བདག་གནས་པས།། འདའ་བ་མེད་པའི་དམ་ཚིག་གསུམ།། རང་བཞག་ཡིད་ཀྱིས་ལེགས་པར་ཟུང་།། དྲན་པ་རྐྱེན་གྱིས་མ་ཤོར་ཏེ།། དེ་ཉིད་ཚོད་དུ ་ལྐུགས་པར་ཞོག། མ་བཅོས་གསང་བའི་དམ་ཚིག་གསུམ།། ནམ་མཁའ་རྒྱས་པའི་མཐའ་བཞིན་དུ།། ཐོབ་དང་མ་ཐོབ་མེད་པར་གནས།། བསྲུང་བྲལ་རིག་པའི་དམ་ཚིག་ལ།། བསྲུང་བའི་ཤེས་པ་ཕྱིན་ཅི་ལོག། དེ ་ནས་ཁྱབ་པའི་དམ་ཚིག་ལ།། ད་བཟོད་རྩོམ་པ་ལོག་པའི་ལམ།། ནམ་མཁའ་ས་དང་ཆུ་དང་རླུང་།། རང་རང་དོན་ལས་མི་འདའ་བཞིན།། སྣང་གྲགས་ཆོས་རྣམས་མ་ལུས་པ།། བདེ་ཆེན་དང་ལས་འདའ་མི ་སྲིད།། བདེ་ཆེན་གསང་བ་དམ་པ་སྟེ།། དེ་ལས་འདས་ན་འཚིག་པར་འགྱུར།། གང་ཞིག་གནས་པ་ཙམ་གྱིས་ནི།། དྲི་མ་ངན་པ་ཚིག་པ་ཡིན།། ས་མ་ཡ་ཡིས་གང་བསྒྲུབས་པ།། རྒྱལ་པོ་བཀའ་བརྟགས་ཇི་བཞིན ་དུ།། རང་བྱུང་གསང་བའི་དོན་རྟོགས་པས།། ཀུན་ཀྱང་དེ་ལས་འདའ་མི་འགྱུར།། མ་བཅོས་ལྷུན་གྲུབ་དམ་པ་ཡིས།། བཅོས་པའི་སྤྱོད་ལ་རྣམ་པར་བཅད།། ཞིན་རྟགས་འཛིན་པའི་ཆོས་དག་པས།། ལྷུན་གྲུབ་རང ་རིག་ཆེན་པོ་ཉིད།། འདུས་པའི་རྒྱུ་རྐྱེན་རྣམ་དག་པས།། འོད་གསལ་ཡེ་ཤེས་སྐྱེ་འགག་མེད།། བརྗོད་བྲལ་རིག་པའི་དམ་ཚིག་ལ།། ལྷག་པའི་དམ་ཚིག་རྣམ་བཞི་པོ།། མ་བཙལ་ལྷུན་གྱིས་གྲུབ་པར ་གནས།། མ་བྱུང་མ་སྐྱེས་ཇི་བཞིན་ཉིད།། རྒྱུ་འབྲས་བྲལ་བའི་དམ་ཚིག་གོ། མཐའ་བྲལ་ནམ་མཁའི་དམ་ཚིག་ལ།། མཐའ་དབུས་རྣམ་རྟོག་གང་འཇུག་པ།། དེ་བཞིན་ཉིད་ཀྱི་དམ་ལས་འདས།། བདེ་ཆེན་གསང་བའི ་ལམ་དང་བྲལ།། གཟུང་འཛིན་ཆགས་པའི་གཟེབ་ཀྱིས་བཅིངས།། རྒྱུད་དྲུག་འཁོར་བའི་ལམ་དང་འབྲེལ།། རང་བྱུང་ཡེ་ཤེས་དོན་ལས་གོལ།། བསམ་འདས་བརྗོད་མེད་ཆོས་ཀྱི་དབྱིངས།། ཇི་བཞིན་རང་བཞིན་རྣམ ་པར་དག། རིག་པ་མ་བཅོས་རླུང་དུ་འཇུག། བརྒྱ་ཕྲག་བསམ་གྱིས་མི་ཁྱབ་པ།། སྙིང་པོ་གཅིག་སྟེ་རྫོགས་པའི་ལུང་།། རང་གསལ་རིག་པ་རྗེས་སུ་འཇུག། ཐེག་པའི་སྙིང་པོ་རྫོགས་པའི་ལུང་།། རྒྱུད་དང་བྱ་བྲལ ་རྫོགས་པ་དང་།། མཁའ་ཁྱབ་རིག་པ་སེམས་ལུང་གིས།། བསམ་གྱིས་མི་ཁྱབ་དུས་གཅིག་མཁྱེན།། རྒྱལ་བ་ཀུན་གྱི་ཐུག་རིག་པ།། རྒྱལ་བ་ཀུན་གྱི་ཐུགས་ཀྱི་མཆོག། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། གདོད ་ནས་དག་པས་དྲི་མ་མེད།། ཀུན་ལ་སྣང་ཞིང་ཐེར་ཟུག་མིན།། རང་སྣང་ཆོས་ཉིད་དམ་ཚིག་ལ།། ཅི་ཡང་མིན་ལ་ཅིར་ཡང་འབྱུང་།། བསམ་སྤྱོད་མཚན་འཛིན་རྟོག་ལས་འདས།། ཡེ་ཤེས་རྫོགས་ལུང་རྣམ་པར ་དག། རིག་པའི་ཐུགས་ཏེ་ཐུགས་ཀྱི་མཆོག། མ་བཅོས་ཇི་བཞིན་ཉིད་ལ་གནས།། ཆོས་ཀུན་མ་བཅོས་རྒྱུད་འཚངས་པ།། གསང་བའི་གསང་བ་རིག་པའི་ཉམས།། འདའ་བར་དཀའ་སྟེ་རིག་པའི་གནས།། ཐེག་པའི ་སྙིང་པོ་གཅིག་ལ་འདུས།། འདའ་དཀའ་རིག་པའི་དམ་ཚིག་ལ།། ཀུན་ཏུ་ཁྱབ་པར་གནས་པར་བྱའོ།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས།། བསྲུང་མེད་དམ་ཚིག་ཀློང་གི་ལེའུ་སྟེ། བཅུ ་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱིས། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ།། དུས་གསུམ་མ་བཙལ་ལྷུན་གྲུབ་པས།། མ་བསགས་གདོད་ནས་རྫོགས་པ ་ཡིས།། བྱང་ཆུབ་སེམས་ཀྱི་རང་བཞིན་ལས།། ལྷུན་གྲུབ་འབྲས་བུ་ཇི་ལྟར་འཆར།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་གསུངས་པ།། ཏཀྐ་ཀ་ཡི་སྙིང་པོ་བཞིན།། མ་བསགས་གདོད ་ནས་རྫོགས་པའི་ཕྱིར།། ཇི་ལྟར་ཉི་མའི་འོད་ཟེར་བཞིན།། ཀུན་ལ་ཇི་ལྟར་མཐུན་པ་འབྱུང་།། ས་དང་ཆུ་དང་མེ་དང་རླུང་།། འདོད་ལྔ་ཀུན་ཏུ་སྦྱོར་བ་ཡང་།། སངས་རྒྱས་ཐུགས་རྗེ་རོལ་པ་ཤར།། ཐུགས་རྗེ་ནམ ་མཁའི་མཐའ་ལྟར་བདེ་ལ།། གང་དང་གང་དག་དེ་དག་ལ།། ཐུགས་རྗེ་ཆེན་པོ་མི་སྣང་ན།། སྐྱོབ་པའི་ཐུགས་རྗེ་ཡལ་ལམ་ཅི།། སེམས་ཅན་ཁྱད་པར་ཅི་ཞིག་ཡོད།། དངོས་ལ་ཐུགས་རྗེའི་ཡུལ་མེད་པས།། སྐྱེ་དང་མི ་སྐྱེ་མི་གནས་ཀྱང་།། ཕྱོགས་རིས་དུ་ཤེས་མི་མངའ་བས།། བསམ་པའི་ཁྱད་པར་སོ་སོར་སྣང་།། དམྱལ་བ་ཡི་དྭགས་བྱོལ་སོང་དང་།། ལྷ་དང་ལྷ་མིན་སྲིན་པོ་མི།། བདེ་སྡུག་ཁྱད་པར་ཅིར་སྣང་བ།། དེ ་དག་ཐུགས་རྗེ་ཆེན་པོ་ཡིན།། ནད་དང་མུ་གེ་མཚོན་ཉིད་དང་།། མེ་ཆུ་རླུང་དང་ནམ་མཁའ་སྟོངས།། དེ་དག་རིམ་པ་ཅིར་བསྟན་པ།། ཐུགས་རྗེ་རྨད་བྱུང་རོལ་པ་ཡིན།། ཇི་ལྟ་ཇི་ལྟར་དེ་དག་ཏུ།། འདུལ་བའི་ཐབས་སུ ་བསྟན་པ་ཡིན།། རྒྱལ་བ་གང་དང་གང་དག་གིས།། འདུལ་བའི་ཐབས་སུ་གང་བསྟན་པ།། ཕྱོགས་མཐོང་ལོག་པའི་འདུ་ཤེས་ཀྱིས།། སྡང་སེམས་གནོད་སྦྱོར་ཉིད་དུ་མཐོང་།། གནོད་སྦྱོར་ཕན་པའི་གཟི་བརྗིད ་ཀྱིས།། གྲོལ་བའི་ལམ་ལ་དགོད་པར་བྱ།། ཐུགས་རྗེ་ཆེན་པོས་མ་ཁྱབ་ན།། ལས་དང་ཐུགས་རྗེ་འབྲེལ་བ་མེད།། དེ་དག་མེད་པར་གྱུར་ན་ནི།། གྲོལ་ཐར་མེད་པའི་སྐྱོན་དུ་འགྱུར།། ལྷུན་གྲུབ་རིན་ཆེན་ཕུང་པོ ་ལ།། རྩོལ་བྲལ་རིག་པར་མཉམ་སྦྱར་ཞིང་།། ངེས་པར་བརྡ་དོན་ཕྲད་པ་ཡིས།། འབྲས་བུ་རིན་ཆེན་ལྷུན་གྱིས་རྫོགས།། རྩོལ་བ་མ་ཡིན་ལྷུན་གྱིས་གྲུབ།། སྤྱན་དྲངས་མ་ཡིན་ཡེ་ནས་གནས།། སྦྱངས་པ་མ་ཡིན་གདོད ་ནས་དག། རིམ་པ་མ་ཡིན་དུས་གཅིག་རྫོགས།། ཕྱོགས་རིས་མ་ཡིན་ཁྱབ་པར་བད་ལ།། མཛད་པ་ཕྱོགས་མེད་དུས་གཅིག་གྲུབ།། གདོད་ནས་འབྲས་བུར་ལྷུན་གྲུབ་ལ།། མཐོང་དང་མ་མཐོང་ཁྱད་པར་གྱིས།། སངས ་རྒྱས་སེམས་ཅན་གཉིས་སུ་བྱུང་།། དངོས་པོ་ཉིད་ལ་གཅིག་ཏུ་མཉམ།། སྐུ་དང་དཔེ་བྱད་འོད་འབར་བ།། འདུལ་བའི་ངོ་ལ་བསྟན་པ་ཡང་།། དྲང་དོན་འཇིག་རྟེན་སངས་རྒྱས་ཏེ།། འདུལ་དབང་དངོས་པོ་གནས་པ ་མིན།། རང་བྱུང་རིག་པ་འོད་འབར་བ།། ཀུན་ཀྱང་དེ་ཉིད་མཚུངས་པར་ལྡན།། དེ་ཉིད་ཆོས་སྐུ་ཆེན་པོར་བཤད།། རང་ལ་བསྟན་ཅིང་རང་ལ་འགྲེལ།། རང་བྱུང་གསང་བ་རང་ལ་འཆད།། རང་བྱུང་འཁོར་ལོ་རང་ལ ་བསྐོར།། གཞན་དུ་བྱ་བའི་ཡུལ་མེད་པས།། དེ་བཞིན་ཉིད་ལ་རྟག་ཏུ་བཞུགས།། སྟོན་པ་ཡིད་བཞིན་ནོར་བུ་བཞིན།། ལས་དང་རྐྱེན་ལས་མི་སྣང་བས།། དེ་ཡི་སྐུ་གསུང་རྡོ་རྗེ་ནི།། བྱིན་རླབས་བསམ་གྱིས་མི་ཁྱབ ་འདོད།། གང་དང་གང་སྣང་དེ་དང་དེ།། མཐུན་འཇུག་འཚམ་པའི་ཐབས་སུ་བསྟན།། དེ་ཉིད་རྒྱལ་བའི་ཐུགས་སུ་འདུས།། རང་བྱུང་ལྷུན་རྫོགས་སྙིང་པོ་ནི།། ཇི་ལྟར་སྣང་བ་དེ་ལྟར་ཡིན།། ཞེས་གསུངས་སོ།། རིན ་ཆེན་ཀློང་དགུའི་རྒྱུད་ལས། འབྲས་བུ་རིན་པོ་ཆེ་ལྷུན་གྱིས་གྲུབ་པའི་ཀློང་གི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། དུས་གསུམ་རྒྱལ་བའི་ཟུག་ཀྱི ་མཛོད།། གསང་བ་ཀློང་དགུའི་བསྟན་པ་འདི།། གང་ཟག་གང་གིས་བསྟན་པ་བཟུང་།། མགོན་པོ་དཔའ་བོས་བཤད་དུ་གསོལ།། ཞེས་ཞུས་པ་ལས།། དེ་བཞིན་གཤེགས་པས་འདི་སྐད་ཅེས་གསུངས་སོ།། དུས ་གསུམ་རྒྱལ་བ་ཐམས་ཅད་ཀྱི།། གསང་མཛོད་རིག་པའི་ཀློང་དགུ་འདི།། གསུངས་གི་བདུད་རྩི་ཀུན་གྱི་བཅུད།། ཐེག་པའི་ཡང་རྩེ་དོན་གྱི་མཆོག། ཕྱོགས་ཀུན་གསལ་འབྲེལ་ངེས་པའི་མདོ།། རིན་ཆེན ་སྙིང་པོ་འཕྲུལ་གྱི་སྒོ།། སྐལ་ལྡན་རབ་ཀྱི་དོན་དུ་བསྟན།། གཞན་གྱི་དོན་དུ་མ་གསུངས་སོ།། རིན་ཆེན་གཏེར་གྱི་སྙིང་པོ་འདི།། ཐེག་པའམ་བསྟན་པ་མ་ལུས་པ།། ཀློང་དགུའི་ནང་དུ་མ་འདུས་མེད།། དེ་ཉིད་བྱང ་ཆུབ་སེམས་ཉིད་ཀློང་།། ཐབས་ཆེན་རིག་པའི་སྒྲོན་མ་འདི།། དད་དང་དམ་ཚིག་སྙིང་རྗེ་ཆེ།། བླ་མ་ལ་གུས་བརྩོན་འགྲུས་ཅན།། བསྐལ་པར་སྦྱངས་པའི་ཤེས་རབ་ཅན།། སྐྱེ་བ་བདུན་པའི་གང་ཟག་དེ།། སྐལ་ལྡན ་མཆོག་གི་རྣལ་འབྱོར་པ།། རྒྱལ་ཚབ་ངེས་པ་གཅིག་ལ་གཏད།། ཆོས་ལ་དད་པ་ཆུང་བ་དང་།། དམ་ཚིག་ཕྱལ་བར་གཏོང་བ་དང་།། སྙིང་རྗེས་སེམས་ཅན་མི་སྐྱོབ་དང་།། ཐེག་པའི་རིགས་སུ་མ་ངེས་དང་།། བརྩོན ་འགྲུས་མྱུར་བའི་སྟོབས་མེད་ཅིང་།། འཇིག་རྟེན་གྲགས་པ་གཙོར་བཞག་ནས།། རྡོ་རྗེ་བླ་མ་མི་བཀུར་དང་།། ཤེས་རབ་འབྱེད་པ་མེད་པ་དང་།། ཟང་ཟིང་གུས་པར་མི་འབུལ་བའི།། འཇིག་རྟེན་འཆལ་པ་གང་དག ་ལ།། གསང་བའི་གཏེར་འདི་གང་གཏོད་པ།། མཁའ་འགྲོ་འདུས་ནས་ཟོས་པ་དང་།། རྡོ་རྗེ་ཁབ་ཏུ་ལྟུང་བར་འགྱུར།། གང་ཡང་གསུམ་ལ་མི་བསྟན་ཅིང་།། རྒྱལ་ཚབ་ངེས་པ་གཅིག་ལ་གཏད།། ཅེས་གསུངས ་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས། རྒྱུད་གཟུང་ཞིང་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་དང་། དགེ་སློང་བེ་རོ་ཙ་ནས་བསྒྱུར་བའོ།། རྫོགས་པ་ཆེན་པོ་རིན་ཆེན་ཀློང ་དགུའི་རྒྱུད་གསང་བ་རྫོགས་སོ།། །། རྒྱུད་འདིའི་སྣོད་མདོ་བྱང་བདུན་པར་ལྟོས་ཤིག།། ་