CLOSE WINDOW

Gpb034.016: rdo rje sems dpa' nam mkha' che'i rgyud ces bya ba
Wyliee-texts produced with BDRC’s OCR application

པའོ།། །། རྒྱལ་པོ་རྒྱས་རྒྱུད་སྙིང་པོར་གྱུར་པའོ།། རྫོགས་སོ།། །། རྒྱ་གར་སྐད་དུ།། བཛྲ་སཏྭ་ག་ག་ས་མེ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་སྐུ་མདུན་དང་རྒྱབ་མེད་པ། རྣམ་པར་ཐར་པའི་དབུ་གསུམ་དང་ལྡན་པ། ་ཕྱག་དྲུག་གིས་ནོར་བུ་རིན་པོ་ཆེ་འོད་འབར་བ་ཟུར་བརྒྱད་པ་འཛིན་པ་སྟེ། ཡུམ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ཡུམ་གྱི་གཞལ་ཡས་ཁང་ན། ་གདན་གླང་པོ་ཆེ་ལ་སོགས་པའི་སྟེང་ན་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དཀོན་མཆོག་འབྱུང་གནས་དང་། སྣང་བ་མཐའ ་ཡས་དང་། གདོན་མི་ཟ་བར་གྲུབ་པ་ལ་སོགས་པ་བཙུན་མོ་དང་བཅས་པ་དང་། འཁོར་གྱི་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་ལ་སོགས ་པ་བཙུན་མོ་དང་བཅས་པ་དང་།། བྱང་ཆུབ་སེམས་དཔའ་བྱམས་པ་དང་།། ཀུན་ཏུ་བཟང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། འཇམ་པའི་དབྱངས་ལ་སོགས་པ་བཙུན་མོ་དང་བཅས་པ་དང་། གཞན་ཡང་ཁྲོ་བོ ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། སྟོབས་པོ་ཆེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་ལ་སོགས་པ་བཙུན་མོ་དང་བཅས་པ་དང་ཐབས་ཅིག་ཏུ་བཞུགས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ། ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ། བདག་ཉིད་ཆེན ་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཇི་ལྟར་བསྐྱེད་པ་ལགས། གནས་ནི་ཇི་ལྟར་བསྐྱེད་པ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྡོ་རྗེ་སེམས ་དཔའ་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་གནས་ནི།། སྐད་ཅིག་མ་གཅིག་གམ་ཐང་ཅིག་ལ་ཡུམ་གྱི་མཁའ་དག་པའི་གཞལ་ཡས་ཁང་དུ་བསྐྱེད ་དོ།། དེ་ལ་བདག་ཉིད་ཆེན་པོ་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ལ་གཉིས་ཏེ། དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། བདག་ཉིད་ཆེན་པོ་ལུས་ཀྱི་དཀྱིལ་འཁོར་རོ།། གླེང་བསླང་བའི་ལེའུ་སྟེ་གཉིས ་པའོ།། །། དེ་ནས་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཇི་ལྟར་ལགས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བདག་ཉིད་ཆེན་པོ་ལུས་ཀྱི་དཀྱིས་འཁོར་ཇི་ལྟར་ལགས།། ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག། རིག་པའི་སྐད ་ཅིག་མ་དེ་ཉིད་ལ་རིགས་ལྔ་དང་། རིགས་ཀྱི་ཡུམ་ལྔ་དང་། སེམས་དཔའ་བརྒྱད་དང་། སེམས་མ་བརྒྱད་དང་། ཁྲོ་བོ་དང་ཁྲོ་མོ་བརྒྱད་དུ་གསལ་བར་ང་རྒྱལ་བྱས་པ་ཉིད་དོ།། བདག་ཉིད་ཆེན་པོ་ལུས ་ཀྱི་དཀྱིལ་འཁོར་ནི། ལྷ་རྣམས་རྩ་རྣམས་ལ་གསལ་བར་བྱས་པ་སྟེ། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ།། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། གཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཀུན་ཏུ་བཟང་པོ།། ལུས་ཀྱི་རྩ་རྣམས་ཇི་ལྟར་ལགས། ཞེས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས་པ ་རྣམས་ཉོན་ཅིག། ལུས་ཀྱི་རྩ་རྣམས་ནི། རྒྱ་མདུད་ཟེར་སྦུབས་བཞི་དང་སེང་དཀར་བསྒྲིལ།། བདེ་ཆེན་རྩ་དང་སྲོག་རྩ་དྲུག། སྲོག་རྩ་སྒྲིལ་མར་གནས་པ་སྟེ།། གཅིག་ནི་ཡིད་རྩ་ཀུན་ཏུ་བཟང་།། མིག་རྩ་གཉིས་དང་རྣ ་རྩ་གཉིས།། སྣ་རྩ་གཉིས་དང་ལྕེ་རྩ་གཉིས།། རྣམ་ཤེས་བཞི་ཡི་རྩ་བཞི་དང་།། དབང་པོ་བཞི་ཡི་རྩ་བཞིའོ།། རྣམ་ཤེས་བཞི་ཡི་ཡུལ་རྩ་རྣམས།། རྩ་རྣམས་ཁོང་གཟུགས་ཅན་ནོ།། དེ་ལ་དུས་བཞི་ལྷ་མོའི་རྩ།། ཐོག ་མར་རྩ་རྣམས་སྲིད་པར་ཆགས།། སྲིད་པ་གནས་དང་ཆགས་པ་དང་།། ཚེ་འཕོས་པ་ནི་འཇིག་པའི་རྩ།། ཞིག་པས་སྟོངས་པར་གྱུར་པའི་རྩ།། དུས་བཞི་ལྷ་མོའི་རྩ་རུ་ཤེས།། སྲིད་པ་སྦྱོར་ཚེ་རེག་པར་ཤེས།། དེ་ན ་དབང་པོ་ལོང་གའི་རྩ།། རེག་བྱའི་མཚན་ཉིད་གང་ཡིན་ཤེས།། དེ་ནི་ལུས་ཀྱི་དབང་པོ་རྩ།། རེག་བྱ་རང་གི་ངོ་བོ་ཉིད།། ལུས་ཀྱི་རྩ་རུ་ཤེས་པར་བྱ།། ཉམས་སུ་མྱོང་བའི་མཚན་ཉིད་དེ།། ཡུལ་དང་དབང་པོ་རྣམ་ཤེས ་གསུམ།། འདུས་པ་ལས་ནི་བྱུང་བའི་རྩ།། རྩ་རྣམས་མ་ལུས་མུ་སྟེགས་པས།། བདག་ཏུ་བཏགས་པ་མ་ཡིན་དང་།། རྟག་པར་བཏགས་པ་མ་ཡིན་དང་།། ཆད་པར་བཏགས་པ་མ་ཡིན་དང་།། མཚན་མར་བཏགས་པ ་མ་ཡིན་པ།། དེ་ནི་ལུས་ཀྱི་རྩ་རྣམས་ཡིན།། རྩའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ།། ་རྩ་དེ་རྣམས་ཚུལ་ཇི་ལྟར་གནས་པ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག། སེང་དཀར་རྩ་ནི་སྒྲིལ་མ་ལ།། ཨ་དང་ཀྵ། བདེ་ཆེན་རྩ་ཡི་ཚུལ་ལ ་གནས།། སྲོག་པ་རྩ་ནི་སྒྲིལ་མ་ལ།། མི་བསྐྱོད་རྩ་དང་ཀུན་བཟང་རྩ།། ཐ་དང་ཀྵ་རུ་ཤེས་པར་བྱ།། རྩ་གཉིས་པ་ཡི་རང་བཞིན་ཏེ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། ཀུན་ཏུ་བཟང་པོའི་རྩ་ཤེས་བྱ།། དེ་ཡང་ཐ་དད ་ཨ་རུ་བཏགས།། རྒྱ་སྡུས་བཞི་ནི་ཊ་ཏ་དང་།། ཌ་ད་དང་ནི་ཌྷ་དྷ་དང་། ན་ཎ་བཞིན་ནི་ཤེས་པར་བྱ།། ཀ་ཁ་དང་ནི་ག་གྷ་དང་།། པ་ཕ་དང་ནི་བ་བྷ་བརྒྱད།། མིག་རྩ་གཉིས་དང་སྣ་རྩ་གཉིས།། ལྕེ་རྩ ་གཉིས་དང་རྣ་རྩ་གཉིས།། རྣམ་ཤེས་བཞི་དང་དབང་པོ་གཟུགས་ཅན་བཞི།། མིག་དང་རྣ་བ་སྣ་དང་ལྕེ།། དབང་པོ་བཞི་ཡི་རྩ་ལ་ནི། ཙ་ཚ་ཛ་ཛྷ་བཞི་དང་ནི།། ཡ་ར་དང་ནི་ཝ་ལ་བཞི།། གསང་བའི་དབང་པོ་ལིང ་གའི་རྩ།། ང་ཉོ་མ་ཨོཾ་བཞི་དང་ནི། ཤ་ཥ་ས་ཧ་བཞི་པོ་དང་།། དེ་དག་ཁ་དོག་དབྱིབས་ཀྱི་ཚུལ།། རྩ་རྣམས་ཡི་གེའི་ཚུལ།། རྩ་རྣམས་ཡི་གེའི་ཚུལ་དུ་གནས་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་འཁོར་གྱི་བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་ཀུན་ཏུ་བཟང་པོ་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། སེམས་ཅན་ཐམས་ཅད་ཀྱི་རང ་བཞིན་ཇི་ལྟ་བུར་གནས་པ་ལགས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག། འབྱུང་བ ་ཆེན་པོ་བཅོམ་ལྡན་འདས།། ཆུབ་པར་གནས་པས་བཅོམ་ལྡན་འདས།། འགྲོ་བ་ཀུན་ལ་རང་བཞིན་གནས།། ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཉིད།། ཕྱིན་ཅི་ལོག་ཏུ་རྣམ་བཏགས་ཀྱང་།། གྲོལ་བ་རང་བྱུང་གཞན ་ལས་མིན།། རང་བཞིན་གྱིས་གནས་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ།། རྫོགས་པ་ཆེན་པོའི་དོན་ཐབས་གང་གིས་རྟོགས་པར་བགྱི། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས ་པ་རྣམས་ཉོན་ཅིག། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། ཆོས་སྐུ་ནམ་མཁའ་ལྟ་བུ་ལས།། འཇའ་ཚོན་ལྟ་བུའི་སྐུར་བཞེངས་པ།། གཟུང་བ་མ་ཟིན་ཆུ་ཟླ་འདྲ།། ཐབས་དང་ཤེས་རབ་རྩ་གཉིས་ལ།། ཨཱ་ལི་ཀཱ་ལི་ཡི་གེ། ་གསལ།། འཁོར་ལོ་བཞི་ཡང་གསལ་བ་ལས།། གཉིས་སུ་མེད་པར་གྱུར་པ་ལས།། ཀུན་ཏུ་བཟང་པོའི་རོལ་པ་ཡིས།། ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན།། དེ་ནི་ཨི་དང་མཛེས་པའི་ཏ།། པ་དང་ཡན་ལག་སྤྲོས་པ ་བཞིན།། འཇིག་རྟེན་ཡོངས་ཀྱི་སྤྱི་ཡུལ་ལ།། སངས་རྒྱས་གསུང་གི་ཟབ་མོ་འབྱུང་།། ཨེ་མའོ་སངས་རྒྱས་སྤྱོད་ཡུལ་འདི།། བཙལ་བས་རྙེད་པའི་གནས་མེད་དོ།། དྲུག་གི་ཆོས་བཞིན་མི་འགྲུབ་པས།། ལྡོངས་པས ་ནམ་མཁའ་བསྙེགས་པ་བཞིན།། གོང་ནས་གོང་ཏུ་ཚངས་པའི་ལམ།། བྱ་བྲལ་ཆོས་དང་མཐུན་པ་མིན།། ཅི་སྟེ་ལམ་ལས་གྲོལ་འགྱུར་ན།། ནམ་མཁའི་མཐའ་བཞིན་འཐོབ་པ་མེད།། མངོན་པར་བྱང་ཆུབ་པའི་ལེའུ་སྟེ ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཀུན་ཏུ་བཟང་པོའི་རོལ་པ་ལས།། རྫོགས་པ་ཆེན་པོ་ཇི་ལྟར ་བྱུང་།། ཞེས་གསོལ་བ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཀུན་ཏུ་བཟང་པོའི་རོལ་པ་ལས།། རྫོགས་པ་ཆེན་པོ་ཇི་ལྟར་བྱུང་།། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཅིར ་མི་གནས་མི་རྟོག་པ།། ཨཱ་ལི་ཀ་ལི་ལས་བྱུང་བ།། དེ་ལྟར་དེ་བཞིན་དེ་ཡི་ཕྱིར།། དེ་ལ་དེ་བསྟན་དེ་ཡང་ཐོབ།། དེ་ནི་སྙིང་པོ་དེ་བས་ན།། དེ་ལས་དེ་བྱུང་ངོ་མཚར་ཆེ།། སྔོན་གྱི་དེ་དང་ད་ལྟའི་དེ།། དེ་བཞིན་དེ་ཡི ་གནས་སུ་ཆེ།། དེ་ལྟར་དེ་ཡིས་ལམ་འདྲ་བར།། དེ་ནི་དེ་ཡི་རང་བཞིན་ནོ།། དེ་དང་འདྲ་བ་ཡོངས་ཀྱི་ལམ།། ཟླ་བ་ལས་བྱུང་རྟེན་དང་བཅས།། ཀུན་གྱི་མཉམ་ཉིད་ཡིན་པ་ལ།། ཕྱོགས་སུ་བལྟས་པས་མཐོང་བ ་མེད།། གདོད་ནས་རང་བཞིན་རྣམ་པར་དག། ཡོངས་སུ་རྫོགས་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན ་ཏུ་བཟང་པོ།། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ལ།། ཐབས་ཤེས་རབ་ལ་བརྟེན་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་འཁོར་གྱི་དེ་བཞིན ་གཤེགས་པ་རྣམས་ཉོན་ཅིག། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། མིང་ཙམ་གཞན་ལ་བསྟན་འདྲ་ཡང་།། མངོན་སུམ་བདེ་བ་རང་ལས་འབྱུང་།། རང་བཞིན་ཆེ་བ་ལ་གནས ་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་རྫོགས་པ་བྱ་བཙལ་དང་བྲལ་བའི་དོན་ཇི་ལྟར ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག། བཅོམ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས། རྫོགས་པ་ཆེན་པོ ་བྱ་བཙལ་དང་བྲལ་བའི་དོན་ནི།། དབྱིངས་ཉིད་གཏིང་མཐའ་མེད་པ་ནས། ཡིད་རང་བྱུང་གི་ཡེ་ཤེས་ཆེན་པོ་བཙལ་བ་མེད་པར་ཡེ་ཉིད་རང་ཤར་བ་སྟེ་གདོད་མ་ནས་རྩོལ་སེམས་དང་བྲལ་བའི་དོན་ནོ།། བཅོམ་ལྡན ་འདས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་གསོལ་བ། རྫོགས་པ་ཆེན་པོ་ཡེ་རྩོལ་སེམས་དང་བྲལ་བ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། སངས་རྒྱས་ཀྱི་ཆེ་བའི་ཡོན ་ཏན་སྟོབས་དང་། མི་འཇིགས་པ་དང་། མཚན་དང་། དཔེ་བྱང་རྒྱུ་ཅི་ལས་བྱུང་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་འཁོར་གྱི་དེ་བཞིན་གཤེགས ་པ་རྣམས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ནི། ཐེག་པ་འོག་མ་པའི་སྐབས་ཉིད་ཀྱང་། རྫོགས་པ་ཆེན་པོ་བྱ་བཙལ་དང་བྲལ་བ་དེ་ཉིད་བྱ་བཙལ་བྱ་བའི་དཀའ ་བླས་མེད་པར་རྫོགས་པ་ཆེན་པོའི་དོན་རྟོགས་པ་ཟག་ཏུ། བྱ་བཙལ་དང་བྲ་བའི་རྫོགས་པ་ཆེན་པོ་རང་ལས་བྱུང་ངོ་།། ཞེས་བཀའ་སྩལ་ཏོ།། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན ་འདས་རྫོགས་པ་ཆེན་པོའི་དོན་དེ། མ་འོངས་པའི་རྣལ་འབྱོར་གྱིས་བསྒོམ་ན་ཇི་ལྟར་བསྒོམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གྱི་དེ་བཞིན་གཤེགས་པ་རྣམས། རྫོགས་པ་ཆེན་པོའི་དོན་མ་འོངས་པའི ་རྣལ་འབྱོར་པས་བསྒོམ་ན་ཆོས་ཉིད་གདོད་མ་ནས་མ་སྐྱེས་པ་ལ་རང་གི་བློ་མ་སྐྱེས་པ་བཞག་ནས་བསྒོམ་པ་ཡིན་ནོ།། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཉིད་མ ་སྐྱེས་པར་བཞག་པ་ལས། ཆོ་འཕྲུལ་ཆེན་པོ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཇི་ལྟར་འབྱུང་བ་ལགས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན།། ཡོན ་ཏན་ཀུན་དང་སྟོབས་ཀྱི་རྣམས།། ཇི་བཞིན་རྟོག་པ་ཕྲ་བ་ཡིས།། དེ་མ་ཐག་ཏུ་རང་ལས་འབྱུང་།། སྣང་བ་མེད་པའི་ཆོས་ཉིད་ལ།། མ་བཙལ་བཞག་ན་བསྒོམ་པ་ཡིན།། དེ་དང་དེར་ནི་རྣམ་བཙལ་ན།། དེ་ལས་དེ ་བཞིན་དེ་མི་འབྱུང་།། བྱ་བཙལ་དང་བྲལ་བའི་ལེའུ་སྟེ་བཅུ་པའོ།། །། བཅོམ་ལྡན་འདས་ལ། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ།། ་ཆོས་ཉིད་རང་བཞིན་གྱིས་གནས་པའི་དོན་ཇི་ལྟར་ལགས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གྱི་དེ་བཞིན་གཤེགས་པ་རྣམས། ཆོས་ཉིད་རང་བཞིན་གྱིས་གནས་པ་ནི། རྡོ་རྗེ ་སེམས་དཔའ་ནམ་མཁའ་ཆེ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར།། མི་སྐྱེ་མི་འགག་ཅིར་མི་དགོངས།། བྱམས་པས་དོན་ཉིད་རྣམ་སྦྱང་ཕྱིར།། སྙིང་རྗེ་ཆེན་པོ་ཅིར་མི ་མཛད།། ཆེ་བ་ཆེ་བའི་ཟབ་མོ་ཉིད།། ཡོན་ཏན་ཅིར་ཡང་བསྔགས་པ་མེད།། དོན་རྣམས་ཇི་བཞིན་མི་བསྐྱེད་དེ།། བྱ་བ་མེད་པས་གྲོལ་བ་དགྲོལ།། རང་བྱུང་ཡེ་ཤེས་བཙལ་མེད་པས།། གྲོལ་ནས་གྲོལ་བའི་ལམ་ཡང ་སྟོན།། ཆོས་ཉིད་རང་བཞིན་གྱིས་གནས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། རང་གི་བྱང ་ཆུབ་ཀྱི་སེམས་བརྗོད་པ་དང་བྲལ་བའི་དོན་ཇི་ལྟར་ལགས། ཞེས་གསོལ་བ་དང་། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་བཀའ་སྩལ་པ། རང་གི་བྱང་ཆུབ་ཀྱི་སེམས་བརྗོད་པ་དང་བྲལ་བ་ནི། ཀུན་གཞིའི་ཆོས ་ཉིད་གདོད་མ་ནས་མ་སྐྱེས་པ་སྟེ། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལ་ཟོས་མི་འགྱུར།། དེ་བཞིན་ལྕེ་ཡི་དབང་པོས་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཅེས་བཀའ་སྩལ ་ཏོ།། རང་གི་བྱང་ཆུབ་ཀྱི་སེམས་བརྗོད་པ་དང་བྲལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ།། ་རང་གི་བྱང་ཆུབ་ཀྱི་སེམས་དེ་ལས་ཀྱིས་འཁོལ་བ་ལགས་སམ། མི་འཁོལ་བ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས།། ཀུན་ཏུ་ཆུབ་པས་རྣམ ་པར་རོལ།། དེ་ལ་བསྐྱེད་པ་མེད་བཞིན་དུ།། ནམ་མཁའི་མཐའ་དང་མཉམ་པར་གནས། ཁྱད་པར་ཅིར་ཡང་མཚུངས་པ་ལ།། ལས་སོ་ཞེས་ནི་རྣམ་པར་བཏགས།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། རང་བྱུང་ཡེ་ཤེས ་ཡོད་མ་ཡིན།། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ།། མ་སྐྱེས་པས་ན་འཇིག་པ་མེད།། གདོད་ནས་སྙིང་པོ་བྱང་ཆུབ་ལ།། རྩལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་ཀྱི་སེམས་འགྲོ་བ་ལས་ཀྱིས་མི་འཁོལ་བའི་ལེའུ ་སྟེ་བཅུ་གསུམ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་རྩོལ་སེམས་དང་བྲལ་བ་དེ་རེ་བ་འཇོག་པ ་དང་སྨོན་ལམ་གནས་ལགས་སམ། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་ཏན་ཆེན་པོའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མེད།། མ་བསམ་མ་སྦྱངས་ཆོས་བཞིན ་དུ།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། འཕྲ་བའི་སྒོ་མོར་མིང་བཏགས་ཤིང་།། སེམས་ཀྱི་དབེན་པས་ལམ་ཚོལ་ཞིང་།། དགོན་པའི་རྒྱུད་དུ་དབེན་འཛིན་ཞིང་།། བཏགས་ན་རྣམ་པར་རྟོག་འགྱུར་བསྒོམ།། རྒྱུ་དང ་འབྲས་བུར་མིང་བཏགས་ཤིང་།། དགེ་སྡིག་གཉིས་ཀ་རྣམ་པར་སེལ།། འཇིག་རྟེན་འདི་ལ་འབྱུང་ངོ་ཞེས།། བླང་དོར་བྲོད་པ་མཆོག་ཏུ་བསྐྱེད།། ཅེས་བཀའ་རྩལ་ཏོ།། བྱང་ཆུབ་ཀྱི་སེམས་རྩོལ་སེམས་དང་བྲལ་བའི ་ལེའུ་སྟེ་བཅུ་བཞི་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་རྩོལ་སེམས་དང་བྲལ་བ། བསམ་དུ ་མེད་པ་དེ་ཉིད་གཉིས་སུ་མེད་པའི་སྐྱོན་དང་བྲལ་བ་ལགས་སམ་མ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆགས་དང་མ་ཆགས་ཚིག་གི་ལམ། དབུ་མ་བཞིན་ཏེ་བྲག་ཆ་འདྲ། བདེ ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་སྐྱོན་དང་བྲལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་བདག་ཉིད་ཆེན་པོ་དེ། རང་ལས་ཡེ་ཤེས་བྱུང་བ་ལགས་སམ་མ་ལགས། ཞེས་གསོལ་བ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་།། བྱང་ཆུབ་ཆེན་པའི་ལམ་ལས་བྱུང་།། ཀུན་སྤྱོད་ཡོད་ཏན་རྣམ་ལྔ་ཡང་།། ཆོས་ཉིད་མ་སྐྱེས་ཉིད་ཀྱི་རྒྱན།། ཅེས་བཀའ་སྩལ་ཏོ།། ཡེ་ཤེས་ཆེན་པོ ་རང་ལས་བྱུང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཐབས་དང་ཤེས་རབ་གཉིས་སུ་མེད ་པའི་ལྟ་བ་དང་། ཡོངས་སུ་རྫོགས་པའི་དགོངས་པའི་དོན་ཇི་ལྟར་བུ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་།། རྟོག་པ་དེ་ཉིད་ནམ་མཁའ་འདྲ།། མ ་ཆགས་ནམ་མཁའ་སྔོ་བ་ལགས།། རང་དོན་ཆེན་པོ་ནམ་མཁའ་འབྱུང་།། ཞེས་བཀའ་སྩལ་ཏོ།། ཡོངས་སུ་རྫོགས་པ་དང་སྦྱོར་ཟབས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཐབས་དང་ཤེས་རབ་ཀྱི་སྦྱོར་ཐབས་ཆགས་པ་དང་བྲལ་བ་ལགས་སམ་མ་ལགས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ད་ལྟའི་བདེ་དང་ཕྱི་མའི་བདེ།། མངོན་སུམ་པ་དང་རྒྱབ་ལ་འབྱུང་།། དེ་ཡང་རྣམ་པའི་སྐྱོན་ཡིན་པའི།། དེ་ལ་བརྟེན་པར་མི་བྱའོ།། ཞེས་བཀའ་སྩལ་ཏོ།། ཆགས་པ་དང་བྲལ་བའི་ལེའུ་སྟེ་བཅོ་བརྒྱད ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཆགས་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དེ་གདོད་མ་ནས་ཆེ་བའི་སྙིང་པོ ་ལ་རང་བཞིན་གྱིས་གནས་པ་ལགས་སམ་མ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་།། ཆོས་སྐུས་ཁྱབ ་པས་གཅིག་པའི་ཕྱིར།། ཆེ་བས་ཆེན་པོ་རང་བཞིན་གནས།། ཞེས་བཀའ་སྩལ་ཏོ།། གདོད་མ་ནས་ཆེ་བའི་སྙིང་པོ་རང་བཞིན་གྱིས་གནས་པའི་ལེའུ་སྟེ་བཅུ་དགུ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། རང་བཞིན་གྱིས་གདོད་མ་ནས་མ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་དེ་སྨོན་ལམ་དང་བྲལ་བ་ལགས་སམ་མ་ལགས། ཞེས་གསོལ་བ ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་པ་གསུམ་ན་སྦྱོར་བ་ཡང་།། མིང་ཙམ་སྒྱུ་མར་སྣང་བ་སྟེ།། འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་།། སྒྱུ་མ་སྦྱོར་བའི་བསྟི་གནས་ཡིན།། རྣམ་སྤྱོད་དུས་ལ་བལྟས ་པ་རྣམས།། དུས་འདི་འབྱུང་བར་མི་འགྱུར་ཏེ།། བྱ་བྲལ་སྨོན་པ་སྤྱོད་པས་ན།། སྟོང་པའི་མཚན་ཉིད་གསུངས་པ་བཞིན།། ཞེས་བཀའ་སྩལ་ཏོ།། ཀུན་ཏུ་སྨོན་ལམ་དང་བྲལ་བའི་ལེའུ་སྟེ་ཉིད་ཤུ ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་སྨོན་ལམ་དང་བྲལ་བ་དེ་ལ། ལུང་བསྟན་པ་མཆིས་སམ ་མ་མཆིས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་སྟེ་རྣམ་པ་ཡོངས་ཀྱི་མེད།། རྣལ་འབྱོར་ནམ་མཁའ་བྱ་ལམ་གནས།། མ་བྱུང་མ་སྐྱེས་སྙིང་པོ་ལ།། སྒྲོ་བཏགས་ཆོས་ཀུན་ག་ལ ་ཡོད།། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་།། ཟབ་མོའི་ཆ་ཤེས་རྟོགས་ཡུལ་མེད།། སྲིད་པའི་མིང་ཙམ་ལོག་པའི་སྟོབས།། དེ་བས་ཏིང་འཛིན་མཉམ་དང་བྲལ།། དེ་ལ་ཐ་ཚིག་སྔ་ཕྱི་དང་།། རང་བཞིན་ཕུང་པོ་ཁམས ་བཞིན་གནས།། དུས་གསུམ་དེ་དང་མི་འབྲལ་བས།། ཐ་ཚིག་མིང་དུ་བཏགས་པ་མེད།། ཡེ་ཤེས་ཆེན་པོའི་ཐིག་ལེའོ།། ཞེས་བཀའ་སྩལ་ཏོ།། བྱང་ཆུབ་ཀྱི་སེམས་ལ་ལུང་བསྟན་དུ་མེད་པའི་ལེའུ་སྟེ་ཉི་ཤུ་གཅིག ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ལ་དབང་སྒྱུར་དུ་མཆིས་སམ་མ་མཆིས། ཞེས ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཡོ་བ་ནི་སྐུ་ཡི་རྒྱ།། མི་བསྐྱོད་པ་ནི་ཡེ་ཤེས་ཏེ།། མི་ལེན་པས་ན་བདག་མེད་ཅིང་།། མི་བདེ་ཚིག་བྲལ་མཉམ་ཉིད་དོ།། གང་དང་གང་གི་ཡུལ་དུ ་ཡང་།། ཀུན་འཁོལ་ཀུན་སྤྱོད་བདག་ལས་བྱུང་།། འདི་ལ་སྐྱེས་པ་འམ་བུད་མེད།། ཅེས་བཀའ་སྩལ་ཏོ།། མཉམ་པ་ཉིད་ལ་དབང་སྒྱུར་དུ་མེད་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། ཡང་འཁོར་གྱི་དེ་བཞིན ་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ལ་དབང་བསྐུར་དུ་མཆིས་སམ་མ་མཆིས་པ་ལགས། སྤོང་ལེན་མཆིས་སམ་མ ་མཆིས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་སྡུག་བསྔལ་དྲག་ཤུལ་གྱིས།། གནས་པར་བྱ་བའི་གཞི་མེད་དེ།། ཨ་དང་པར་ནི་རྣམ་ལྡན་ན།། སྒྱུ་མ་བདེ་བ་བསྐྱོད་པར་འདོད།། དེ ་ཡང་འཛིན་པའི་སྐྱོན་ཡིན་ཏེ།། རང་བཞིན་གཅིག་ཏུ་མ་ངེས་པས།། ཇི་ལྟར་བལྟས་པ་དེ་ལྟར་སྣང་།། སྣང་འདོད་རྩོལ་སེམས་བདེ་བ་ཡང་།། དེ་ནི་སྒྲིབ་པའི་སྐྱོན་ཆེན་ཡིན།། བྱང་ཆུབ་ཡན་ལག་ཀུན་གྱི་སྒོ།། ་ལུགས་བསྒོམས་པས་ཆུ་ཟླ་བཞིན།། མ་ཆགས་མ་གོས་འབྱུང་འགྱུར་ཡང་།། བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན།། དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱི། ཁྲོ་བདག་ཆེན་པོའི་གཟུགས་བཟུང་ནས།། ཡི་གེ ་མངོན་དུ་གྱུར་ན་ཡང་།། ཞི་བ་དེ་ཉིད་མཐོང་བ་མིན།། ཏ་ལའི་མགོ་བོ་བཅད་པ་དང་།། ས་བོན་མེ་ཡིས་བསྲེགས་པ་ཡང་།། དེ་ཡི་དབང་དུ་མི་འགྱུར་གྱི།། རྣམ་གྲངས་བརྒྱ་སྟོང་མཐའ་ཡས་པ།། གང ་ལྟར་བསྐྱེད་ཀྱང་མེ་ཏོག་སྐྱེ།། མཚན་མ་མེད་པའི་དབང་གིས་ན།། བསྟི་གནས་དེ་ལས་འབྱུང་མི་འགྱུར།། ཞེས་བཀའ་སྩལ་ཏོ།། བྱང་ཆུབ་མཉམ་པ་ཉིད་ལ་སྤོང་ལེན་མེད་པའི་ལེའུ་སྟེ་ཉི་ཤུ་གསུམ ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། བྱང་ཆུབ་ཀྱི་སེམས་སྤོང་ལེན་མེད་པ་ལ་བདེ་བ་ཆེན་པོ་ཐོབ་པར་བྱ ་བའི་ཐབས་མཆིས་སམ་མ་མཆིས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླེང་བྲལ་འདི་ལ་གནས་པ་ཡི།། རྣལ་འབྱོར་དེ་ཉིད་སྐལ་བ་བཟང་བདག་དང་གཞུན་དུ་མི་འབྱེད་པས།། སྒྱུ་མ་ལྷུན ་གྲུབ་ཡུལ་ལ་རོལ།། ཞེས་བཀའ་སྩལ་ཏོ།། བྱང་ཆུབ་ཀྱི་སེམས་སྤོང་ལེན་མེད་པ་ལས། སྒྱུ་མ་ཙམ་དུ་བདེ་བ་ཆེན་པོ་ཐོབ་པར་བྱ་བའི་ཐབས་བསྟོན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། ཡང་འཁོར་གྱི་དེ་བཞིན ་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ། སྒྱུ་མ་ཙམ་དུ་བདེ་བ་ཆེན་པོ་ཐོབ་པར་བྱ་བའི་ཐབས་མཆིས་ན། འགྲོ་བ་ཐམས་ཅད་ལ་རང་བཞིན་གྱིས་སངས་རྒྱས་པ་མཆིས་སམ། ་ཞེས་གསོལ་པ་དང་། བྷ་ག་ཝན་གྱིས་བཀའ་སྩལ་པ། གོ་བའི་ཡུལ་ན་བདེ་བ་ཆེ།། འདི་ཉིད་རྣམ་དག་འཇིག་རྟེན་ཡིན།། དེ་ལ་ཕྱོགས་ཀྱི་འོད་འདུས་པས།། ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ།། མ་ངེས་འཇའ ་ཚོན་ཁ་དོག་ལས།། རིགས་ཀྱི་ཁྱད་པར་མངོན་དུ་སྣང་།། དེ་བཞིན་གཡོ་རྡུལ་མི་གཡོ་བར།། འབྱུང་བ་ལྔ་ལས་གཙོ་ཆེན་ཡིན།། ཞེས་བཀའ་སྩལ་ཏོ།། འགྲོ་བ་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་པའི་ལེའུ་སྟེ་ཉི ་ཤུ་ལྔ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། འགྲོ་བ་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་པ་ལ། ཚོགས ་དབུལ་བ་དང་རང་བཞིན་གྱིས་ཡོངས་སུ་རྫོགས་པ་མཆིས་སམ་མ་མཆིས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདས་དང་མ་བྱོན་ད་ལྟར་གྱི།། ཐ་སྙད་མིང་ལ་མི་གནས་ཏེ།། སྐྱེ་འགག ་མེད་པ་རྣམ་བརྟགས་ན།། འདི་ནི་དུས་གསུམ་ཆེན་པོར་སྦྱོར།། མཉམ་པའི་རིག་པས་བཀོད་པ་མེད།། གཅིག་པའི་ཕྱོགས་སུ་བསྔོ་དང་བྲལ།། ཚོགས་ཀྱི་རྒྱན་དུ་དགྲམ་པ་ཡང་།། རང་བཞིན་གནས་པས་འདྲིམ་པ ་མེད།། ལྷུན་གྱིས་གནས་པས་མི་བསྔོ་ཞིང་།། གདོད་ནས་དག་པས་བདུད་རྩི་ཡིན།། འདུ་བྱེད་བཅུ་གཉིས་ཁྱད་པར་དུ།། རང་བཞིན་ལྷུན་གྱིས་གྲུབ་པ་ལ།། སྐུ་གསུམ་ཡེ་ཤེས་ཤར་བས་ན།། ལྷག་པའི་བསམ་པས ་གཟུང་དུ་མེད།། ཅེས་བཀའ་སྩལ་ཏོ།། ཚོགས་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་དང་ཡོངས་སུ་རྫོགས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཚོགས་ཀྱི་བདག་པོ་དང་རྒྱན་རང་བཞིན་གྱིས་གྲུབ་པར་གནས་པ་མཆིས་སམ་མ་མཆིས། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཡིད་ཀྱི་བསམ་པ་ཡོན་བདག་སྟེ།། བསྟབས་པའི་སྟོབས་ནི་བཀྲམ་པའོ།། མཐོང་བར་གྱུར་པ་དངོས་གྱུར་ལ།། དེ་ནི་མཉམ་གཞག་རྫོགས་པའོ།། ཡུད་ཙམ་བཟུང་བས་སྦྱོར་བ་ཡིན།། དགའ་བར་གྱུར་པས ་དམ་ཚིག་སྟེ།། ཐབས་ཀྱི་གར་སྟབས་བསྐྱོད་པ་ཡིས།། གཉིས་མེད་སྦྱོར་བས་ཕུལ་བ་ཡིན།། ཅེས་བཀའ་སྩལ་ཏོ།། ཚོགས་ཀྱི་བདག་པོ་དག་རྒྱན་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་བདུན ་པའོ།། །། ཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། གཏོར་མ་ལ་སོགས་པའི་ལས་རྒྱ་མཚོ་ལ་མཉམ་པར་གཞག་པས་གྲུབ་པ་མཆིས ་སམ་མ་མཆིས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་འདས་ཀྱིས་བཀའ་བསྩལ་པ། མི་གཟུང་གཏོང་བས་གཏོར་མ་ཡིན། བྱ་བ་མེད་པས་ལས་རྣམས་ཟིན། མི་རྟོག་ཡེ་ཤེས་བགེགས་བསལ་ནས། མི་གསུང ་མཉམ་བཞག་སྔགས་ཚིག་གོ། ཞེས་བཀའ་སྩལ་ཏོ།། གཏོར་མ་ལ་སོགས་པའི་ལས་རྒྱ་མཚོ་བྱ་མི་དགོས་པར་མཉམ་པར་བཞག་པས་འགྲུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །། ཡང་འཁོར་གྱི་དེ ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་བཤེགས་པ་ཀུན་ཏུ་བཟང་པོ། གཏོར་མ་ལ་སོགས་པའི་ལས་བྱས་པས་ཉོན་མོངས་པར་འགྱུར་བ་མཆིས་སམ་མ་མཆིས།། ཞེས་གསོལ་པ ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། བླ་མ་མཆོད་དང་གཏོང་བ་དང་།། དེ་བཞིན་བསོད་ནམས་ཐམས་ཅད་དང་།། མ་ཆགས་མི་གཡོའི་སེམས་མེད་ན།། བྱས་ན་འཆིང་བ་ཆེན་པོར་འགྱུར།། ཞེས་བཀའ ་སྩལ་ཏོ།། གཏོར་མ་ལ་སོགས་པའི་ལས་བྱས་ན་ཉོན་མོངས་འཆིང་བ་ཆེན་པོར་བསྟན་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཀུན་ཏུ་བཟང་པོ། རང་བཞིན་ལྷུན་གྱིས་གྲུབ་པ་ལགས་སམ། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་དེ་བྱར་སྒྲིབ་པར་འགྱུར།། ཇི་ལྟར་དེ་ལ་དེ་རྟོགས་ན།། དེ་ལ་དེ་ཉིད ་གྲུབ་པ་མེད།། ཅེས་བཀའ་སྩལ་ཏོ།། རང་བཞིན་ལྷུན་གྱིས་གནས་པའི་ལེའུ་སྟེ་སུམ་ཅུ་པའོ།། །། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ ་བཟང་པོ། རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་མི་འགྱུར་བར་གནས་པའི་དོན་ཇི་ལྟར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷག་མ་མེད་པས་ཡོངས་སུ་རྫོགས། འགྱུར་བ་མ་ཡིན ་དྲང་པོར་གནས།། ནམ་མཁའ་བཞིན་དུ་མཉམ་འགྱུར་ཞིང་།། གཞན་ལས་སྟོབས་འགྱུར་ཆོས་མ་ཡིན།། མཚུངས་པ་མེད་པའི་ཡེ་ཤེས་ཀྱི།། ལྷུན་གྱིས་གནས་པའི་བདེ་ཆེན་དེ།། རང་གི་མཐུ་ཡིས་རིག་པ་ལས།། ཆོས ་ནི་གཞན་ནས་འབྱུང་མི་འགྱུར།། སླ་ཞིང་དཀའ་ལ་སླ་ཕྱིར་དཀའ། མངོན་གསུམ་མི་གནས་ཀུན་ཏུ་ཁྱབ།། མངོན་སུམ་འདི་ཞེས་བརྟན་པར་ནི།། རྡོ་རྗེ་སེམས་དཔས་མཚོན་དུ་མེད།། ཅེས་བཀའ་སྩལ་ཏོ།། ཆོས་ཉིད ་ཀུན་ཏུ་མི་འགྱུར་བར་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། རྣམ་པར་རྟོག་པའི ་དགའ་བ་ལ་ཆགས་ན་སྐྱོན་དུ་འགྱུར་བ་མཆིས་ལགས་སམ།། ཞེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོ་མཚར་རྨད་བྱུང་རོལ་པ་འདི།། བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ།། ཅིར་ཡང་མི ་དམིགས་གཏི་མུག་ལས།། དེ་མ་ཐག་ཏུ་རང་ལས་འབྱུང་།། འདི་ནི་སེམས་ཅན་མཚངས་པའི་ལམ།། འགྲོ་བ་ཀུན་ལ་རང་བཞིན་གནས།། བྱིས་པས་བསླད་པའི་འཁྲུལ་བའི་ཕྱིར།། སྨན་ཉིད་སྨན་པ་འཚོལ་བ ་བཞིན།། ཞེས་བཀའ་སྩལ་ཏོ།། རྣམ་པར་རྟོག་པའི་དགའ་བ་ལ་ཆགས་ན། སྐྱོན་དུ་འགྱུར་བར་བསྟན་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྫོགས་པ་ཆེན་པོའི་དོན་ཉམས་སུ་ཇི་ལྟར་བླང་བར་བགྱི། ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཉོན་ཅིག། མ་འོངས་པའི་རྣལ་འབྱོར་པས་རྫོགས་པ་ཆེན་པོའི་དོན་ཉམས་སུ་འདི་ལྟར་བླང་བར་བྱའོ།། རྫོགས་པ་ཆེན་པོའི་དོན་ནི། རྒྱུ་དང་། རྐྱེན་དང་། འབྲས་བུ ་གང་ལ་ཡང་མི་ལྟོས་ཏེ། ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ།། མ་བཙལ་མ་ཡེངས་པར་ནི་གནས་པར་བྱའོ།། དེ་ཉིད་མངོན་དུ་གྱུར་པ་སངས་རྒྱས་ཡིན།། རྫོགས་པ་ཆེན་པོའི་རང་བཞིན་ནི།། ཅི་ཡང་མི ་དམིགས་གཏི་མུག་ཆེན་པོ་ལ།། མ་ཡེངས་བཏང་སྙོམས་ཆེན་པོར་གནས་པ་ལས།། དེ་མ་ཐག་ཏུ་སངས་རྒྱས་རང་ལས་འབྱུང་།། ཡུལ་དུ་སྣང་བ་མེད་པའི་ཆོས་ཉིད་ལ།། བློ་ཡིས་བཙལ་དུ་མེད་དེ་རྩོལ་སེམས ་མེད།། དེ་ཡི་ངང་ལ་མ་ཡེངས་ཡུན་རིངས་མནོས།། དེ་ཉིད་འབྲས་བུ་ཆོས་ཀྱི་སྐུ།། བསམ་མེད་བརྡལ་བའི་ངང་ཉིད་ལ།། ཡེ་ཤེས་གདེང་དུ་མ་བསགས་མཉམ་གཞག་ན།། སྦྱངས་པ་མེད་པའི་འབྲས་བུ་ལྷུན་གྱིས ་གྲུབ།། མ་འདས་པའི་རྣལ་འབྱོར་པས་རྫོགས་པ་ཆེན་ཟའི་དོན་ཉམས་སུ་བླང་བར་བསྟན་པའི་ལེའུ་རྩ་སུམ་ཅུ་གསུམ་པའོ།། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཚེའི་རྒྱུད་རྫོགས་སོ།། ་