| Wylie | e-texts produced with BDRC’s OCR application |
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཁམས་གསུམ་ལས་འདས་ཡིད་བཞིན་ནོར་བུ་རིན་པོ་ཆེ།། བགྲོད་མེད་རྣམ་པར་གྲོལ་བའི་ལམ་སྟོན་པ།། གཞན་ནས་བཙལ་བར་རྙེད ་པར་མི་འགྱུར་ཏེ།། ཐིག་ལེ་ཆེན་པོ་ཀུན་ལ་ཁྱབ་པར་གནས།། རང་བྱུང་ཡེ་ཤེས་མ་བཅོས་འོད་གསལ་བ།། བདེ་ཆེན་བཙལ་དུ་མེད་པས་སྙིང་པོའི་དོན།། སྣང་མཛད་ཉིད་ནི་རྟག་པར་ཀུན་ཏུ་བཟང་།། གཉིས་མེད ་བདེ་བའི་ངང་སྟེ་ལྷུན་གྱིས་གྲུབ།། གཡུང་དྲུང་ཆེན་པོའི་ཀློང་དུ་ཤར་བ་ཡིས།། བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པ་ཡང་།། རྟོག་དཔྱོད་མཚན་མ་ཀུན་ལས་འདས་པའི་ཕྱིར།། དྲང་སྲོང་ཆེན་པོ་ཉིད་ཀྱི་སྤྱོད་ཡུལ ་ཡིན།། ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།། ཤེས་ཏེ་རྟོག་པའི་ཀློང་དུ་མཉམ་གཞག་ནས།། གྲུབ་པའི་ཁྱད་པར་མངོན་དུ་ཤར་བའི་ཚེ།། ཁམས་གསུམ་ཀུན་ཀྱང་བདག་གི་ཞབས་ལ་འདུད།། བྱང་ཆུབ ་ཀྱི་སེམས་ཁམས་གསུམ་སྒྲོན་མ་རྫོགས་སོ།། །། ་