| Wylie | e-texts produced with BDRC’s OCR application |
མན་ངག་དང་།། ཕྱོགས་དང་གལ་པོར་བསྟན་པ་ཡི།། མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་འདི།། དེ་བ་གནོད་འདུལ་ཁྱོད་ཀྱིས་བསྡུས།། འཇིག་རྟེན་གསུམ་དུ་གྲགས་པར་གྱིས།། ལྷ་སྤྱོད་སྒྲུབ་པ་ཚང་བ་ཡི།། མ་མོ་སྲིད ་པའི་ཏནྟ་འདི།། དེ་བ་གནོད་འདུལ་ཁྱོད་ཀྱིས་ཟུང་།། རྩ་བ་གསུམ་དུ་སྦས་པར་གྱིས།། ཞེས་བཀའ་སྩལ་པས། གསེར་གྱིས་གླེགས་བམ་དུ་བྲིས་ནས། ལྷ་གནོད་འདུལ་ལ་གཏད་དོ།། ལྷ་གནོད་འདུལ་གྱིས་རྩ་བ་ཆེན ་པོ་གསུམ་དུ་སྦས་སོ།། དེ་སྐད་ཅེས་སྟོན་པས་བཀའ་སྩལ་པས། ཡེ་ཤེས་ཀྱི་མ་མོ་དང་། ཕྲ་མེན་རྒྱ་མཚོ་ལ་སོགས་པ་རང་བཞིན་གྱི་མ་མོ་དང་། ཨ་ཕྱི་ཆེན་མོ་ལ་སོགས་པ་སྲིད་པའི་སྨན་མོ་རྣམས་ཀྱིས། སྐྱེ་བ་མེད་པ ་ཆོས་ཀྱི་རོ་མྱོང་ནས། གསང་བ་དགྱེས་པའི་མཆོད་པ་ཕུལ་ནས། རང་རང་གི་དམ་ཚིག་ནོས་ནས། ཞབས་སྤྱི་བོ་ལ་བླངས་སོ།། མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ལྷ་གནོད་འདུལ་ལ་རྒྱུད་གཏད་པའི་ལེའུ་སྟེ་ལྔ ་བཅུ་གཉིས་པའོ།། །། མ་མོའི་སྲིད་པའི་རྫོགས་ལུང་ཆེན་མོ་འབྲས་བུ་ངེས་པར་བསྟན་པའི་མཆོག། ཀུན་བཟང་ཐུགས་ཀྱི་ལུང་ཆེན་འདི།། སྐྱེས་མཆོག་འགའ་ཡི་ལས་ཡིན་ཏེ།། ཀུན་ལ་སྤེལ་བར་མ་གསུངས ་སོ།། མ་མོའི་ཆོས་འདི་སྤྱི་གབ་སྦས་ཆེ་ཞེས་འབྱུང་ན་ཡང་། བོད་ཡུལ་དུ་བསྒྱུར་བ་ལ། འདི་ལས་ལྷག་མ་མ་ལུས་པར་ཡིད་ཆེས་པའི་རྒྱུད་ཁུངས་དང་། དབུ་སྙུང་བཞེས་སོ།། མ་མོ་སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མའི ་དཔེ་རྫོགས་སོ།། །། དཔལ་ཁྲག་འཐུང་གི་རྒྱལ་པོ་དང་། ཡུམ་རིག་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་བྱིན ་གྱིས་བརླབས་པ་ལས།། སངས་རྒྱས་སྟོང་རྩ་གཅིག་འཇིག་རྟེན་དུ་འབྱུང་བས་ན། སྔར་འདས་པའི་སངས་རྒྱས་རབས་བདུན་དང་། བརྒྱད་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། བར་གྱི་བསྐལ་པ་བརྒྱད་ཅུ་རུ་འབྱུང་སྟེ། དེ ་ཡང་སྟོང་གསུམ་དུ་གནས་པ་ལས། སྟོང་ཆུང་ངུ་དང་། སྟོང་པར་མ་དང་། སྟོང་སྤྱི་ཕུད་དོ།། དེ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེའི་སྣང་བ་ལས། རིའི་རྒྱལ་པོ་རི་རབ་གཅིག་གི་དོན་བཤད་ན། ཤེས་རབ་ཆེན ་པོའི་རྒྱུ་ལས་རླུང་རྡོ་རྗེ་རྒྱ་གྲམ་གཡས་སུ་འཁྱིལ་ཅིང་འཚུབས་པ་ལས། དབུས་རྡོ་རྗེ་རྒྱ་གྲམ་ལ། མཐའ་མ་གཞུ་འོད་མའི་དབྱིབས་ལྟར་གནས་པ། སྟེང་འོག་དང་ཕྱོགས་མཚམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ཡོད ་པ། ཐུགས་རྗེའི་བྱིན་གྱིས་བརླབས་ལས། རིན་པོ་ཆེའི་ཆར་གྱི་རྒྱུན་གཉའ་ཤིང་ཙམ་ནམ་མཁའ་ལ་བབས་པས། ཆུའི་དཀྱིལ་འཁོར་ཟླུམ་པོ་འབུམ་ཕྲག་གཅིག་ཏུ་ཆགས་ཏེ། ཤེས་རབ་ཀྱི་རླུང་དང་སྙིང ་རྗེའི་ཆུ་གཉིས་བསྲུབས་པ་ལས།། དབང་ཆེན་གསེར་གྱི་ས་གཞི་དཔག་ཚད་ཁྲི་དྲུག་སྟོང་པར་ཆགས་ཏེ། དེའི་སྟེང་དུ་རི་རབ་དང་གླིང་བཞིར་གནས་པ་ནི། རིའི་རྒྱལ་པོ་རི་རབ་ནི་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་སྟེ། རྒྱ ་མཚོ་ལ་མར་དཔག་ཚད་བརྒྱད་ཁྲི་ནུབ་པ། ཡར་དཔག་ཚད་བརྒྱད་ཁྲི་ཡོད་པ། མཆུར་དཔག་ཚད་འབུམ་དྲུག་ཁྲི་ཡོད་པ། ཞེང་དུ་དཔག་ཚད་བརྒྱད་ཁྲི། མཐའ་སྐོར་དུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་པ། དེ་ལ ་གསེར་གྱི་རི་བདུན་གྱིས་བསྐོར་ལེགས་ཏེ། གཉའ་ཤིང་འཛིན་ལ་དཔག་ཚད་བཞི་ཁྲི་ཡོད་པ།། གཤོལ་མདའ་འཛིན་ལ་ཉི་ཁྲི། སེང་ལྡེང་ཅན་ལ་ཁྲི། ལྟ་ན་སྡུག་ལ་སྟོང་། རྟ་རྣ་འཛིན་ལ་ཉིས་བརྒྱ་ལྔ་བཅུ། མུ་ཁྱུད་འཛིན ་ལ་བརྒྱ་ཉི་ཤུ་རྩ་ལྔ། རྣམ་མདུད་འཛིན་ལ་དྲུག་ཅུ་རྩ་ཕྱེད་དང་གསུམ་ཡོད། གླིང་ཆེན་པོ་བཞི་ནི། ཤར་གྱི་ལུས་འཕགས་པོ་དཔག་ཚད་སུམ་བརྒྱ་ལྔ་བཅུ་པ།། བ་གླང་སྤྱོད་ནི་སྟོང་ཕྲག་ཕྱེད་དང་བརྒྱད། སྒྲ་མི་སྙན་ནི་སྟོང ་ཕྲག་དྲུག། འཛམ་བུ་གླིང་གི་ངོས་གསུམ་ལ་སྟོང་ཕྲག་གཉིས་གཉིས་གནས་པ་སྟེ། དེའི་བར་གྱི་གླིང་བརྒྱད་ནི།། ལུས་དང་ལུས་འཕགས་སྒྲ་མི་སྙན།། སྒྲ་མི་སྙན་གྱི་ཟླ་དང་ནི།། རྔ་ཡབ་དང་ནི་རྔ་ཡབ་གཞན།། གཡོ་ལྡན ་དང་ནི་ལམ་མཆོག་འགྲོ།། སྟོང་ཕྲག་ཕྱེད་དང་གཉིས་གཉིས་གནས།། རི་རབ་བུམ་པའི་སྟེང་ན་ནི།། སུམ་ཅུ་རྩ་གསུམ་ལྷ་རྣམས་ཀྱི།། གྲོང་ཁྱེར་ལྷ་ན་སྡུག་ཅེས་བྱ།། མཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ལ།། ཞེང་དུ་དེ་ཡི ་ཚད་དུ་གནས།། མཐའ་སྐོར་དཔག་ཚད་ཉི་ཁྲི་ཡོད་པ། གསེར་གྱི་ར་བས་བསྐོར་ཏེ། ར་བའི་དབང་དུ་དཔག་ཚད་ཕྱེད་དང་གསུམ་ཡོད་པ། གྲོང་ཁྱེར་དེ་ལ་སྒོ་སྟོང་དུ་གཅིག་གིས་མ་ལོངས་པ་ཡོད་དོ། མེ་ཏོག་མན་ད་ར ་བའི་གཅལ་བཀྲམ་པ། མནན་ན་ནེམ་ལ་བཏེག་ན་འཕར་བ་ལ་སོགས་སྤྱོད་དོ།། དེའི་སྟེང་དཔག་ཚད་ཕྱེད་དང་བཞི་ན། ཁང་བཟང་རྣམ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། མཆུ་ཞིང་དུ་དཔག་ཚད་བརྒྱ་ལྔ་བཅུ་ཡོད་པ། ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དེའི་ཐེམ་སྐས་དང་། ཀ་ལོ་དང་། ཀ་རྒྱན་དང་། གདུང་དང་། དྲལ་བུ། ཐམས་ཅད་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་གྲུབ་པའོ།། དེ་ལ་གསེར་གྱི་ཀ་བ་སུམ ་ཅུ་རྩ་གཉིས། གཡུ་ཡི་ལྕོག་དང་སུམ་ཅུ་རྩ་གསུམ་གནས་ཏེ། བ་གམ་རེ་རེ་ནང་ན་ཀ་བ་སུམ་ཅུ་རྩ་གཉིས། གཡུའི་ལྕོག་ལ་ལྷའི་དབང་པོ་བརྒྱ་བྱིན་གནས་སོ།། གྲོང་ཁྱེར་དེའི་སྒོ་ན་གླང་པོ་ཆེ་རབ་བརྟན་ཞེས་བྱ་བ ་ཡོད་དེ། དེ་ལ་གསེར་གྱི་མགོ་སུམ་ཅུ་རྩ་གཉིས། གཡུའི་མགོ་བོ་དང་སུམ་ཅུ་རྩ་གསུམ་ཡོད་པ། དེ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྐྱོད་ཅིང་བཞོན་པའི་གླང་ཡིན་ཏེ། མཐའ་སྐོར་ལ་དཔག་ཚད་སྟོང་ཡོད།། གྲོང ་ཁྱེར་དེའི་ཤར་ཕྱོགས་ན་ཤིང་ཀེ་ཀེ་རུ་ཙནྡན་ཞེས་བྱ་བ་ཡོད་དེ། དེའི་རྩ་ན་གླང་པོ་ཆེ་ས་སྲུང་ཞེས་བྱ་བ། ཁ་རླངས་ཀྱིས་ལྷ་མ་ཡིན་གྱི་རྒྱལ་པོ་རི་ནག་པོ་ཐལ་བ་རྡུལ་དུ་རླག་པ་དང་། སྣ་ནས་འོད་མའི ་རལ་གྲི་ཆུ་ཞེང་རྒྱང་གྲགས་ཡོད་པས།། ལྷ་མ་ཡིན་གྱི་གཡུལ་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ནོ།། ལྷའི་དབང་པོ་བརྒྱ་བྱིན་གྱི་ཤར་ལྷོ་མཚམས་ན། ཆོས་བཟང་ལྷའི་མདུན་ས་ཞེས་བྱ་བ་ཡོད་དེ། མཆུ་ཞིང་དུ ་དཔག་ཚད་སུམ་བརྒྱ་ལ། མཐའ་སྐོར་དུ་དཔག་ཚད་དགུ་བརྒྱ་ཡོད་དོ།། རྒྱན་ནི་གོང་དང་འདྲ་ལ། དེ་ནི་ལྷའི་མདུན་ས་ཡིན་ནོ།། དེ་ན་ལྷ་གྲགས་ལྡན་མཆོག་སྐྱོང་ཞེས་བྱ་བ་གནས་ཏེ། མིག་གཡས་གཡོན་གཉིས་ཉི་མ ་དང་ཟླ་བ་རུ་གནས་ཏེ། དེའི་འོད་ཟེར་གྱིས་ལྷ་ཐམས་ཅད་ཀྱི་མདུན་མ་སྡུད་པ། ཐུགས་ཀ་ནས་བདུད་རྩིའི་བུམ་པ་དཔག་ཚད་བཅུ་གཉིས་པ་གཅིག་གི་ནང་ནས།། ལྷ་རྣམས་ལ་བདུད་རྩིའི་ལོངས་སྤྱོད་འགྱེད་པ་ཞིག ་ཡོད་དོ།། ལྷོ་ནུབ་མཚམས་ན་ཤིང་སྣ་ཚོགས་ཀྱི་ཚལ་ཞེས་བྱ་བ་ཡོད་དེ། མཆུ་ཞིང་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པར་བདུད་རྩིའི་འཁྲུས་ཀྱི་རྫིང་བུ་ཡང་ཡོད་དེ། ཤིང་རྟ་ཆེན ་པོའི་སྟེང་ན་ལྷའི་རྒྱལ་པོ་མདོག་བཟང་ཞེས་བྱ་བ་གནས་ཏེ། ལྷའི་བུ་མོ་ཨུཏྤ་ལ་ཞེས་བྱ་བས། ལྷའི་རྒྱལ་པོ་ལ་ཁྲུས་བྱེད་ཅིང་མེ་ཏོག་མན་ད་ར་བ་ཞེས་བྱ་བ། ཆུ་ཞེང་དུ་རྒྱང་གྲགས་རེ་ཡོད་པའི་མཆོད་པ་འབུལ ་ལོ།། ནུབ་བྱང་གི་མཚམས་ན་ས་གཞི་བཟང་པོ་ཞེས་བྱ་བ་ཡོད་དེ།། ཆུ་ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་པ།། མཐའ་སྐོར་དུ་སྟོང་ཡོད་པ།། དེ་ན་ཀླུའི་རྒྱལ་པོ་བརྗིད་གནོན་ཞེས་བྱ་བ་གནས་ཏེ། འཁོར་ལྷའི ་གྲོང་ཁྱེར་བདུན་གྱིས་བསྐོར་བ། ས་གཞི་དེ་ལས་ཡིད་བཞིན་གྱི་བདུད་རྩིའི་ལོངས་སྤྱོད་ནང་ནུབ་ཏུ་མི་འདྲ་བ་བརྒྱ་བརྒྱ་རེ་སྤྲུལ་པའོ།། བྱང་ཤར་མཚམས་ན་རྩུབ་འགྱུར་གྱི་ཚལ་ཞེས་བྱ་བ་ཡོད་དེ། ཆུ་ཞེང་དུ་དཔག ་ཚད་བཞི་བརྒྱ་ལྔ་བཅུ་ཡོད་པ། དཔངས་སུ་དཔག་ཚད་བརྒྱ་བརྒྱ་ཡོད་པ།། དེ་ན་གནོད་སྦྱིན་ལྕང་ལོ་ཅན་གྱི་བདག་པོ་ཞེས་བྱ་བ་ཡོད་དེ། དེའི་སྤྱི་བོ་ནས་མཚོན་ཆའི་འཁོར་ལོའི་ཆར་ལྷ་མ་ཡིན་ལ་འབེབས ་པའོ།། ནུབ་ཕྱོགས་ན་འདྲེན་པའི་ཚལ་ཞེས་བྱ་བ་ཡོད་དེ་དེ་ན་ཆུ་བདག་གི་རྒྱལ་པོ་མ་ག་ཏ་ཞེས་བྱ་བ་གནས་པས། ཤིང་ཨ་ཤྭ་ག་ཞེས་བྱ་བ་ལ་ལྷའི་བུ་ཕོ་དང་། བུ་མོ་ཐམས་ཅད་བརྫུས་ནས་སྐྱེས་ཏེ། ལོངས་སྤྱོད་མི ་འདྲ་བ་སྣ་ཚོགས་ཀྱིས་མཆོད་པར་བྱེད་དོ།། བྱང་ཕྱོགས་ན་དགའ་བའི་ཚལ་ཞེས་བྱ་བ་ཡོད་དེ།། གནོད་སྦྱིན་གྱི་རྒྱལ་པོ་དགའ་བ་ཞེས་བྱ་བ་ཡོད་དེ། ལྷའི་བུ་མོ་མང་པོ་ལ་མིག་བལྟས་པ་ཙམ་གྱིས་འཁྲིག་པའི་དགའ ་བས་ཚིམ་པ་ཡོད་དོ། བྱང་ཕྱོགས་ན་ཤིང་ཡོངས་འདུ་ས་རྟོལ་ཞེས་བྱ་བའི་ཚལ་ཡོད་དེ། རྩ་བ་དཔག་ཚད་ལྔ་ཐུར་དུ་ཟུགས་པ། འཕང་དུ་དཔག་ཚད་བརྒྱ་ཡོད་པ། ཡལ་ག་ལ་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་སྐོར ་དུ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པ། དེ་ན་ལྷའི་བུ་སྲིན་པ་བྱན་མཁན་ཞེས་བྱ་བ་གནས་ཏེ། བདུད་རྩི་དེ་ལ་ལྷ་ཐམས་ཅད་ཀྱིས་ལོངས་སྤྱོད་བྱེད་དོ།། ཤིང་དེའི་རྩ་བ་ན་ཨ་མོ་ལི་གའི་རྡོ་ལེབ་ཅེས་བྱ ་བའི་ཚལ་གནས་ཏེ། མཆུ་ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་ཉིས་བརྒྱ་ཡོད་པ། དེ་ནས་ལྷའི་མགར་བ་བི་ཤྭ་ཀར་མ་བྱ་བ་ཡོད་དེ། ཉི་མ་མེ་ཤེལ་ལས་ཉི་མའི་འཁོར་ལོ་བརྡུངས་ཏེ། ལྷ་མ་ཡིན་གྱི་དབང ་པོ་ཐགས་ཟངས་རིས་ཀྱི་སྐེད་པ་གཅོད་པ། ཟླ་བ་ཆུ་ཤེལ་ཞེས་བྱ་བས་ལྷའི་སྨས་མ་ཐམས་ཅད་གསོ་བར་བྱེད་པའོ།། ཤར་ཕྱོགས་གསེར་གྱི་རི་གཉའ་ཤིང་འཛིན་གྱི་ཁ་ན། རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་། ཤེལ ་དཀར་པོ་ལས་གྲུབ་པ། ཆུ་དུ་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་སྐོར་དུ་ཉིས་བརྒྱ་ཡོད་པའོ།། ལྷོ་ཕྱོགས་ན་འཕགས་སྐྱེས་པོའི་ཕོ་བྲང་། བཻ་ཌཱུརྱ་ལས་གྲུབ་པ། ཆུ་ཞེང་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་པ། མཐའ ་སྐོར་དུ་དཔག་ཚད་སྟོང་ཡོད་པ། ནུབ་ཕྱོགས་ན་སྤྱན་མིག་བཟང་གི་ཕོ་བྲང་། པདྨ་རཱ་ག་དམར་པོ་ལས་གྲུབ་པ། ཆུ་ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། མཐའ་སྐོར་སྟོང་ཡོད་པ། བྱང་ཕྱོགས་ན་རྣམ་ཐོས་སྲས་ཀྱི ་ཕོ་བྲང་། ཨིན་དྲ་ནཱི་ལ་ལས་གྲུབ་པ། ཆུ་ཞེང་དུ་དཔང་ཚད་སུམ་བརྒྱ་དྲུག་ཅུ་ལ་མཐའ་སྐོར་དུ་སྟོང་ལྔ་བརྒྱ་ཡོད་པའོ།། ཁང་བུ་དེ་རྣམས་ལས། ཤར་ཕྱོགས་ཀྱི་ཕོ་བྲང་ན་བང་མཛོད་གསུམ་ཡོད་པ། ལྷོ་ཕྱོགས་ན ་བཞི་ཡོད་པ། ནུབ་ཕྱོགས་ན་དྲུག་ཡོད་པ། བྱང་ཕྱོགས་ན་བདུན་ཡོད་པ། ཤར་ཕྱོགས་ཀྱི་རྒྱལ་པོ་དྲི་ཟའི་འཚོ་སྐྱོང་། ལྷོ་ཕྱོགས་ནི་གཤིན་རྗེའི་འཚོ་སྐྱོང་། ནུབ་ཕྱོགས་ཀླུའི་འཚོ་སྐྱོང་། བྱང་ཕྱོགས་གནོད་སྦྱིན་གྱི་འཚོ ་སྐྱོང་། རྒྱལ་པོ་སྡེ་བཞི་པོ་དེ་དག་གིས་རང་བཞིན་གྱིས་བསྟན་པ་སྐྱོང་ཚུལ་དུ་གནས་སོ།། སྲིད་པ་ཆགས་ལུགས་ཀྱི་གླེང་གཞིའི་ལེའུ་སྟེ་དང་པའོ།། །། ནང་བཅུད་ཀྱི་འཇིག་རྟེན་གྱི་གླེང་གཞི་འདི་ལྟ་སྟེ། ་འདོད་ཁམས་གནས་རིགས་ཉི་ཤུ། གཟུགས་ཁམས་གནས་རིགས་བཅུ་བདུན། གཟུགས་མེད་པ་ནི་བཞིའོ།། འདོད་ཁམས་ཀྱི་བྱེ་བྲག་འདི་ལྟ་སྟེ། དེ་ལ་དང་པོ་དམྱལ་བའི་སྡུག་བསྔལ་བརྒྱད་ནི།། ཡང་སོས་དང ་ནི་ཐིག་ནག་དང་།། བསྡུས་འཇོམས་དང་ནི་ངུ་འབོད་གཉིས། མནར་མེད་མནར་མེད་ཆེན་པོ་དང་།། ཚ་བ་དང་ནི་རབ་ཏུ་ཚ། དམྱལ་ཁམས་བརྒྱད་པོ་འདི་དག་ནི།། ཐར་བར་དཀའ་བར་བསྟན་པའོ།། བྱོལ་སོང་ལ ་ཡང་འདི་ལྟ་སྟེ།། གནས་ན་གནས་དང་འཐོར་བའོ།། ཡི་དྭགས་ཕྱི་སྒྲིབ་ནང་སྒྲིབ་ཅན།། ངན་སོང་གནས་བཅུའི་དོན་ཡིན་ན།། མཐོ་རིས་གནས་བཅུའི་དོན་ནི་འདི་ལྟ་སྟེ།། ཤེས་རབ་ཚུལ་ཁྲིམས་ཁྱད་པར་ལས།། མི ་དང་ལྷ་ཡི་འབྲས་བུ་སྨིན།། ཚེ་དང་ཁྲུ་ཚད་ལ་སོགས་ཀུན།། དང་པོ་དཔག་ཏུ་མེད་པ་ནས།། ལོ་བཅུ་ཁྲུ་བྱེད་བར་དུ་ནི།། འཕེལ་འགྲིབ་མཚོན་ཆ་བཞིན་དུ་འགྱུར།། རེ་ཞིག་བསྟན་པ་འདི་ཉིད་ལ།། འཛམ་བུ་གླིང་དུ ་ཁྲུ་བཞི་སྟེ།། ཤ་མདོག་སྔོ་ལ་བྱད་དབྱིབས་ནི།། སོག་ཁ་ལྟ་བུར་གནས་པ་སྟེ།། ཤར་གྱི་ལུས་འཕགས་པོ་དག་ནི།། ཁྲུ་བརྒྱད་པ་རུ་གནས་པ་སྟེ།། ཤ་མདོག་དཀར་ལ་ཟླ་གམ་དབྱིབས།། བ་གླང་སྤྱོད་ན ་བཅུ་དྲུག་ལ།། དབྱིབས་ནི་ཟླུམ་ལ་བྱད་མདོག་དམར།། སྒྲ་མི་སྙན་ན་སུམ་ཅུ་གཉིས།། གྲུ་བཞིའི་དབྱིབས་ལ་ཤ་མདོག་སེར།། ལྷ་ཡི་རིགས་དྲུག་བྱེ་བྲག་ནི།། རྒྱལ་ཆེན་རིགས་བཞི་རྒྱང་གྲགས་གཉིས།། སུམ་ཅུ་རྩ ་གསུམ་རྒྱང་གྲགས་བཞི།། མཐའ་བྲལ་དཔག་ཚད་གཅིག་ཡིན་ཏེ།། དགའ་ལྡན་འཕྲུལ་དགའ་དཔག་ཚད་གཉིས།། གཞན་འཕྲུལ་དབང་བྱེད་ཕྱེད་དང་གཉིས།། གཟུགས་ཁམས་བཅུ་བདུན་འདི་ལྟ་སྟེ།། ཚངས་རིས ་དཔག་ཚད་གཉིས་པ་སྟེ།། མདུན་ན་འདོན་ནི་གསུམ་པ་སྟེ།། ཚངས་ཆེན་དཔག་ཚད་ཕྱེད་དང་གསུམ།། འོད་ཆུང་དཔག་ཚད་ཕྱེད་དང་གཉིས།། ཚད་མེད་འོད་ནི་ཕྱེད་དང་བཞི།། འོད་གསལ་དཔག་ཚད་བརྒྱད་པ ་སྟེ།། དགེ་ཆུང་བཅུ་དྲུག་དག་ཏུ་འདོད།། ཚད་མེད་དགེ་ནི་སུམ་ཅུ་གཉིས།། དགེ་རྒྱས་དྲུག་ཅུ་རྩ་བཞི་པའོ།། སྤྲིན་མེད་བརྒྱ་ནི་ཉི་ཤུ་ལྔ།། བསོད་ནམས་སྐྱེས་ནི་ཉིས་བརྒྱ་ལྔ་བཅུ་པའོ།། འབྲས་བུ་ཆེ་ནི་སུམ་བརྒྱ་ཉི། ་ཤུའོ།། མི་ཆེ་བ་ནི་སྟོང་དུ་འདོད།། མི་གདུང་པ་ནི་ཉིས་སྟོང་སྟེ།། གྱ་ནོམ་སྣང་ནི་བཞི་སྟོང་ངོ་།། ཤིན་ཏུ་མཐོང་བ་བརྒྱད་སྟོང་པ།། འོག་མིན་ཁྲི་ནི་དྲུག་སྟོང་ངོ་།། གཟུགས་མེད་པ་ཡི་ལྷ་རྣམས་ནི།། ནམ་མཁའ་མཐའ ་ཡས་སྐྱེ་མེད་དང་།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་།། ཅི་ཡང་མེད་པའི་སྐྱེ་མཆེད་དང་།། ཡོད་མིན་མེད་མིན་སྐྱེ་མཆེད་དོ།། བཅུད་ཀྱི་འཇིག་རྟེན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། སྤྲུལ་པའི་གནས ་ལུགས་འདི་ལྟ་སྟེ།། ཕྱི་སྣོད་ལོ་ཀ་རི་རབ་ཀྱི།། སྟེང་ན་ཀླུའི་རྒྱལ་པོ་རིགས་བཞིའི་ཁྲི་ལ།། རྣམ་པར་རྒྱལ་བའི་ཁང་བཟང་ནས།། གཉིས་འགྱུར་གྱེན་དུ་འཕགས་པ་ནི།། ཡུམ་མུ་ཁ་ལེའི་ཞལ་གྱི་སྟེང་ན། བཅོམ་ལྡན ་འདས་ཆེ་མཆོག་ཧེ་རུ་ཀ། དབུ་དགུ་ཕྱག་བཅཝོ་བརྒྱད། ཞབས་བརྒྱད་དུ་གཏམས་པ། ཁྲོ་ཚུལ་དྲུག་ཅུ་རྩ་བཞི་དང་ལྡན་པ་སྟེ། དེ་ལ་དྲ་བས་བརྒྱན་པའི་འཁོར་ལོ་ནི་འདི་ལྟ་སྟེ། ཆེ་མཆོག་དབུ་ཡི་འཁོར་ལོ་ལ།། སྤྱི ་དཔལ་ཁྲོ་བོ་བཅུ་ལྡན་ཏེ། ཁྲོ་བོ་ཆེན་པོ་ག་ར་བི་ལའི་གྲ་ལའི་རྒྱལ་པོ་དང་། ཁྲོ་བོ་ཆེན་པོ་རིན་པོ་ཆེ་འཇིགས་བྱེད་དང་། ཁྲོ་བོ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་དང་། ཁྲོ་རྒྱལ་གར་མཛད་རྒྱལ་པོ་དང་། ཁྲོ་བོ་ཆེན ་པོ་སྲེག་པའི་འོད་ཆེན་དང་། ཁྲོ་བོ་ཆེན་པོ་སྲིད་པོ་འཇོམས་བྱེད་དང་། ཁྲོ་བོ་ཆེན་པོ་སྐྱོད་བྱེད་རྒྱལ་པོ་དང་། ཁྲོ་ཆེན་འཇིགས་བྱེད་སྐྱབས་ཀྱི་རྒྱལ་པོ་དང་། ཁྲོ་ཆེན་གསོད་བྱེད་རྒྱལ་པོ་དང་། ཁྲོ་ཆེན་འཇིགས་བྱེད ་རྒྱལ་པོ་རྣམས་ཀྱིས་བསྐོར་བའོ།། ཆེ་མཆོག་ཧེ་རུ་ཀའི་གསུང་གི་འཁོར་ལོ་ལ། གདེང་ཆེན་ཁྲོ་བོའི་བསྐོར་བ་ནི་འདི་ལྟ་སྟེ། ཁྲོ་ཆེན་འཇིགས་བྱེད་ཧཱུཾ་སྒྲ་ཅན་དང་། ཁྲོ་ཆེན་གནོད་མཛེས་རྒྱལ་པོ་དང་། ཁྲོ་རྒྱལ་མེ་ལོང ་སྣང་བྱེད་དང་། ཁྲོ་རྒྱལ་ཡོན་ཏན་སྙིང་པོ་དང་། ཁྲོ་ཆེན་གཟི་ལྡན་འབར་བ་ཅན་དང་། ཁྲོ་ཆེན་ལྷུན་གྲུབ་སྣང་བྱེད་དང་། ཁྲོ་ཆེན་མེའི་འཁོར་ལོ་ཅན་དང་། ཁྲོ་ཆེན་ཟ་བྱེད་བརྟུལ་ཞུགས་ཅན་དང་། ཁྲོ ་ཆེན་སྐྱོང་བྱེད་རླུང་གི་བང་བ་ཅན་དང་། ཁྲོ་ཆེན་གཟི་ལྡན་འབར་བ་རྣམས་ཀྱིས་བསྐོར་བའོ།། འཇིགས་བྱེད་ཆེན་པོའི་ཐུགས་ཀྱི་འཁོར་ལོ་ལ་བསྐོར་བ་ནི། གསང་ཆེན་ཁྲོ་བོ་བཅུ་སྟེ། ཁྲོ་ཆེན་ཧཱུཾ་ཀཱ་ར་དང་། ཁྲོ་ཆེན ་རྣམ་པར་རྒྱལ་བ་དང་། དབྱུག་པ་སྔོན་པོ་དང་། གཤིན་རྗེ་གཤེད་པོ་དང་། མི་གཡོ་མགོན་པོ་དང་། རྟ་མཆོག་དཔལ་དང་། གཞན་གྱིས་མི་ཐུབ་པ་དང་། བདུད་རྩི་འཁྱིལ་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བ ་དང་། སྟོབས་པོ་ཆེ་རྣམས་ཀྱིས་བསྐོར་བའོ།། འཇིགས་བྱེད་ཆེན་པོ་ཡོན་ཏན་གྱི་འཁོར་ལོ་རྫོགས་ཆེན་གྱི་ཁྲོ་བོ་བཅུས་བསྐོར་བ་ནི་འདི་ལྟ་སྟེ། ཁྲོ་ཆེན་བིཥྞུ་འཇོམས་པའི་རྒྱལ་པོ་དང་། ཁྲོ་ཆེན་སྟོབས་བཟང་འཇིགས ་བྱེད་མགོན་དང་། ཁྲོ་ཆེན་གཟི་ལྡན་འོད་ཟེར་ཅན་དང་། ཁྲོ་ཆེན་འཇིག་རྟེན་འོད་ཟེར་གྱིས་འགེངས་པ་དང་། ཁྲོ་ཆེན་སྟོང་ཁྲི་ཁྱབ་བྱེད་དང་། ཁྲོ་ཆེན་ཧཱུཾ་སྒྲ་ཅན་དང་། ཁྲོ་ཆེན་ཁམས་གསུམ་ཤུགས་སྒྲོལ་དང་། ཁྲོ་བོ ་ཆེན་པོ་འཇིགས་བྱེད་སྐར་མདའ་གདོང་དང་། ཁྲོ་བོ་ཆེན་པོ་མེ་ཁྱེར་གློག་མ་སྤྲིན་དང་། ཁྲོ་བོ་ཆེན་པོ་ནམ་མཁའི་མདངས་ཕྲོག་ལ་སོགས་པས་བསྐོར་བའོ།། མངོན་རྫོགས་རྒྱལ་པོའི་སྒལ་ཚིགས་ཀྱི་འཁོར་ལོ་ལ ་གནས་པ་ནི་འདི་ལྟ་སྟེ། དཀར་པོ་མིག་གཅིག་ཞེ་སྡང་ཅན་དང་། ཁྱབ་འཇུག་འཁོར་ལོ་ཞེ་སྡང་ཅན་དང་། བརྒྱ་བྱིན་སེར་སྐྱ་ཞེ་སྡང་ཅན་དང་། སྐོས་རྗེས་དྲང་དཀར་གཏི་མུག་ཅན་དང་། ཀཱ་ལ་ཡཀྐ་གཏི་མུག་ཅན ་དང་། འབྱུང་རིགས་སྤུན་དགུ་གཏི་མུག་ཅན་དང་། ས་བདག་ཕག་མགོ་འདོད་ཆགས་ཅན། ཀླུ་བདག་དྲེགས་པ་འདོད་ཆགས་ཅན་དང་། ནོར་ལྷ་ཆེན་པོ་འདོད་ཆགས་ཅན། རྒྱལ་ཆེན་རིགས་བཞི་ང་རྒྱལ་ཅན་དང་། ་གཤིན་རྗེ་འཇོམས་བྱེད་ང་རྒྱལ་ཅན། རཱ་ཏྲ་གདུག་རྩུབ་ང་རྒྱལ་ཅན་ནོ།། ཚངས་པ་ཆེན་པོ་ཕྲག་དོག་ཅན་དང་། བྷྲྀ་གི་རི་ཏི་ཕྲག་དོག་ཅན་དང་། དགའ་བྱེད་དབང་ཕྱུག་ཕྲག་དོག་ཅན་དང་། བྱང་སྤྲིན་དམར་པོ་གཡོ ་སྒྱུ་ཅན་ཏེ་བཅུ་དྲུག་གནས་སོ།། སངས་རྒྱས་ཁྲོས་པའི་རྒྱལ་མོའི་ཆ་ལུགས་ནི་འདི་ལྟ་སྟེ། སྐུ་ཤིན་ཏུ་བརྗིད་པ་རི་རབ་ལྟ་བུ་ལ་ཞབས་བརྒྱད་ཀྱིས་ཀླུ་བརྒྱད་བརྫིས་པའོ།། འོག་གཞི་རུ་སྦལ་ཁོག་པའི་བྲག་གཏམས་པ། ་ཕྱག་དྲུག་ཕྱག་ཆས་འགྲོ་བ་རིགས་དྲུག་གི་སྐྱེ་ཤི་སྒྲོལ་བ། སྤྱན་གཉིས་ཁྲག་དང་། རིན་པོ་ཆེའི་མཆི་མ་འཐོར་བ། སྤྱི་བོའི་གཙུག་ནས་ཁྲག་གི་རལ་པས་སྟོང་གསུམ་དབང་དུ་སྡུད་པ། གསང་བའི་མཁའ་བཞི་དབུས ་དང་ལྔ་ལ་ས་བཞི་ཆ་སྙོམས་ཤིང་འབྱུང་བ་ལྔ་དབང་དུ་སྡུད་པ། མཐིང་ནག་ནམ་མཁའི་གོ་ཟུ་ལ། འཇའ་ཚོན་སྣ་ལྔའི་ཆ་ག་བཏགས་པ། དེ་ལྟ་བུའི་ཡུམ་ལས་སྤྲུལ་པའི་འཁོར་གྱིས་བསྐོར་བ་ནི་འདི་ལྟ་སྟེ། དབུ་ལ ་ཡུལ་གྱི་དཀར་མོ་བཅུ་གསུམ་གྱིས་བསྐོར་བ་ནི་འདི་ལྟ་སྟེ། འབྱུང་བ་ལྔ་ལས་ཤར་བའི་བུ་མོ་ལྔ་དང་། ཐོག་མཐའ་མེད་པའི་ཡུམ་མཆོག་ཉིད་དང་། མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། དབྱིངས་ལས ་ཤར་བའི་བུ་མོ་གསུམ་དང་། ཡི་དམ་བསྒོམས་ལེགས་མ་དང་མ་མོ་བདུན་ཏེ་བཅུ་གསུམ་གྱིས་བསྐོར་བའོ།། ཐུགས་ལ་ནག་མོ་བཅོ་བརྒྱད་ཀྱིས་བརྒྱན་པ་ནི་འདི་ལྟ་སྟེ། ཤེས་རབ་ཆེན་པོ་ལས་གྱུར་པ་ཕྲ་མེན་རྒྱ་མཚོ ་དང་། སྙིང་རྗེ་ཆེན་པོ་ལས་གྱུར་པ་ཉི་ཟླ་ཐོད་ཕྲེང་དང་། ཡེ་ཤེས་བཞིའི་ཟེར་ལས་གྱུར་པའི་ཁྲོས་པའི་དབང་ཆེན་བཞི་དང་། དངས་མ་བཞི་ལས་གྱུར་པའི་སྦས་པའི་མ་བཞི་དང་། ཡུལ་བཞི་ལས་ཤར་བའི་ཐུགས་ཀྱི ་དགྱེས་སྡེ་བཞི་དང་། དུས་བཞི་དབྱིངས་ལས་ཤར་བའི་རྒྱལ་མོ་བཞིས་བསྐོར་བའོ།། ཡུམ་གྱི་ཆགས་པ་ལྟེ་བའི་འཁོར་ལོ་ལ་བསྐོར་བ་ནི་འདི་ལྟ་སྟེ། སྐྱེད་བྱེད་ཆེན་མོ་ཞེས་བྱ་སྟེ། སྲིད་པ་ཆགས་བྱེད་མ་དང་། ་ཉུལ་བྱེད་ཆེན་མོ་ཞེས་བྱ་སྟེ། ནམ་མཁའི་རྒྱལ་མོ་དང་། འཇོམས་བྱེད་ཆེན་མོ་ཞེས་བྱ་སྟེ། གླིང་བཞི་སྤྱི་ཕུད་མ་དང་། ཆགས་བྱེད་ཆེན་མོ་ཞེས་བྱ་སྟེ། འདོད་ཁམས་ནི་མཚན་དང་། འཛིན་བྱེད་ཆེན་མོ་ཞེས་བྱ་སྟེ། ཨེ ་ཀ་ཙ་ཏི་སྤུན་དྲུག་དང་། ཟ་བྱེད་ཆེན་མོ་ཞེས་བྱ་སྟེ། སྲིན་མོ་བདུན་དང་། གདུག་བྱེད་ཆེན་མོ་ཞེས་བྱ་སྟེ། ལས་ཀྱི་སྲིང་བཞི་དང་། ཕོ་ཉ་ཆེན་མོ་ཞེས་བྱ་སྟེ། དམག་གི་རྒྱལ་མོ་བཞི་དང་། ལས་བྱེད་ཆེན་མོ་ཞེས་བྱ་སྟེ། ་དབང་ཕྱུག་མའི་ཚོགས་ཀྱིས་བསྐོར་བའོ།། ཁྱབ་པ་སྤྱི་རྒྱུག་གི་ཕོ་ཉ་ནི་འདི་ལྟ་སྟེ། ཤར་ཕྱོགས་དུང་གི་མ་མོ་དྲུག་ཅུ་དང་། ལྷོ་ཕྱོགས་མཐིང་གི་མ་མོ་དྲུག་ཅུ་དང་། ནུབ་ཕྱོགས་ཟངས་ཀྱི་མ་མོ་དྲུག་ཅུ་དང་། བྱང་ཕྱོགས ་གསེར་གྱི་མ་མོ་དྲུག་ཅུ་དང་། སྟེང་ལྕགས་ཀྱི་མ་མོ་དྲུག་ཅུ་དང་།། འོག་བྱི་རུའི་མ་མོ་དྲུག་ཅུ་སྟེ་རྡོ་རྗེ་གུར་གྱི་ཕྱི་རོལ་ན་གནས་སོ།། སྤྲུལ་པ་གནས་ལུགས་ཀྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡབ་མངོན ་རྫོགས་རྒྱལ་པོ་ལ་སྤྱན་གཡོན་པ་ཕབ་པའི་བརྡ་ཞིག་མཛད་ནས།། ལྗགས་གཡས་ནས་གཡོན་དུ་དྲིལ་བའི་བརྡ་ཞིག་མཛད་དེ་བསྐུལ་བ་ལས། མངོན་རྫོགས་རྒྱལ་པོས་ཅང་མི་གསུང་བར་ཡུམ་གྱི་མཁའ་ལ་ཡི་གེ་ཕྱེད ་དང་དྲུག་ཏུ་ཞུ་བ་ལས། འབྲུ་བཅུའི་སྙིང་པོའི་སྒྲ་ཡིས་ཡུམ་གྱི་སྣམ་ཞལ་དུ་ཐོན་ཏེ། སྤྲུལ་པའི་བྱ་ཁྱུང་བཅུའི་རྒྱན་དུ་སྟོན་ནས། དུར་ཁྲོད་གཡང་གཞི་རུ་མཚོན་ཕྱར། རྡོ་རྗེ་རྩེ་དགུས་ས་དགུ་གནོན་པའི་བརྗིད་སྟོན། ་འབྲུ་བཅུའི་སྙིང་པོས་ས་བཅུ་རིམ་གྱིས་བགྲོད་པའི་མཛད་པ་ལ་བཙུད་སྟེ་བཞུགས་པ་ལ། དེ་ནས་རི་རབ་ཆེན་པོའི་སྟེང་ན་ཚལ་བརྒྱད་ཉུལ་བར་བྱེད་པའི།། ཡུམ་ཕྲ་མེན་རྒྱ་མཚོའི་ཐུགས་ག་ནས།། སངས་རྒྱས་ཐམས ་ཅད་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེའི་སྐུ་བཏོན་ཏེ། རྡོ་རྗེ་རྒྱ་གྲམ་བྲག་གི་གདན་སྟེང་ནས་མི་ཞུམ་པའི་བརྗིད་བག་གིས་གྱད་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་ཏེ། རྡོ་རྗེ་རྩེ་ལྔ་འབར་བའི་ཕྱག་མཚན་ལ། འཁོར་ལོ་འབར་བའི ་རྩིབས་བཞི་མུ་ཁྱུད་དབུ་ལ་ལན་ལྔ་རུ་བསྐོར་ཏེ། དུག་ལྔ་འཇོམས་པར་བྱེད་པའི་ཡེ་ཤེས་ལྔའི་དོན་དགོངས་པས་ཞུས་པ་ལས། མངོན་རྫོགས་རྒྱལ་པོས་ཡི་གེ་ཧ་ལྔའི་དོན་གསུངས་ཏེ། བི་ས་མུ་རན་ཧཱུཾ ་ཧ། ཛ་ལ་པ་ར་མ་ཧ། བི་ཤ་སན་ཏེ་ཧ། མ་ཧཱ་ལང་ཏེ་ཧ། བི་ཡང་ཡང་ཏེ་ཧ། དེ་ནས་ཕྱག་ན་རྡོ་རྗེས་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་ཟངས་རིས་ཀྱིས་ཉོན་མོངས་པའི་བག་ཆགས་ལྔ། འབྱུང་བ་ལྔའི་བག་ཆགས་ཀྱིས་སྦྱང ་བར་མཁྱེན་ནས། དེ་ནས་ཕྱག་ན་རྡོ་རྗེས་རཱུ་ཏྲའི་ཙིཏྟ་བཅུ་གཅིག་རིན་པོ་ཆེའི་འོད་འབར་བར་སྤྲུལ་ནས། མངོན་རྫོགས་རྒྱལ་པོ་ལ་བསྟབས་ནས་ཕུལ་ལོ།། དེ་ནས་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་ཚལ་ན་བཞུགས་པ་ལ ་ལྷོའི་འཛམ་བུ་གླིང་གི་ནུབ་ཕྱོགས་རི་ནག་པོ་ཧ་ས་ཞེས་བྱ་བ་ལ། སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ། ཁྱེའུ་མ་ཏྲི་ཆུང་ངུ་ཞེས་བྱ་བ། སྲིད་པའི་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་སྐྱེ་བའི་རིགས་སོ་སོར་འབྱེད་ཤེས་པ ་ཞིག་བྱུང་སྟེ།། དེས་ཕྱག་ན་རྡོ་རྗེ་ལ་ཞུས་ཏེ།། ལུང་བཞི་མན་ངག་མཁྱེན་པའི་སྟོན་པ་པོ།། ད་ལྟ་དགོངས་སྤྱོད་འབྲས་བུ་ཇི་སྙམ་བྱེད། ཅེས་ཞུས་པ་ལ། ཕྱག་ན་རྡོ་རྗེས་ལན་གསུངས་པ།། སྣང་སྲིད་སོ་སོར་འབྱེད ་པའི་རིག་པ་ཅན།། ལུང་བཞི་དོན་གྱི་གཏན་ཚིགས་འདི་ལྟ་སྟེ།། མན་ངག་ཉིད་ན་ཚིག་གི་དོན་ཅི་ཡོད། ཁྱེའུ་མེ་ཏྲི་ཆུང་ངུས་གསོལ་པ། ལུང་བཞི་དོན་གྱི་གཏན་ཚིགས་ཇི་ལྟར་ལགས། དེ་ནས་ཕྱག་ན་རྡོ་རྗེས་གསུངས ་པ། ལུང་བཞི་དོན་གྱི་གཏན་ཚིགས་འདི་ལྟ་སྟེ། གནས་པ་རྩའི་ལུང་། བཀོད་པ་ཐིག་ལེའི་ལུང་། གཡོ་བ་རླུང་གི་ལུང་། རིག་པ་སེམས་ཀྱི་ལུང་དང་བཞི་རུ་བཤད་དོ།། དེ་ནས་ཁྱེའུ་མེ་ཏྲི་ཆུང་ངུས་བཤད་པ། མན་ངག ་ཉིད་ན་ཚིག་གི་དོན་ཡོད་པ།། ཚིག་གི་དོན་གཅིག་རྒྱལ་བས་བཤད་དུ་གསོལ།། ཞེས་ཞུས་པ་ལ། དེ་ནས་ཕྱག་ན་རྡོ་རྗེས་གསུངས་པ། རྒྱུད་ཀྱི་དོན་འདི་མན་ངག་ཉིད་དུ་དགྲོལ།། མན་ངག་དོན་གྱི་ངོ་བོ་འདི་ལྟ ་སྟེ།། པྲ་ཁྲིད་ལག་ཆ་གབ་པ་སྡེ་གསུམ་དང་།། མ་བཞི་གཅོད་པའི་འཁོར་ལོ་ཉིད་དུ་བཤད།། མེ་ཏྲི་ཆུང་ངུས་གསོལ་པ། གབ་པ་སྡེ་གསུམ་དོན་ནི་ཇི་ལྟ་བུ།། མ་བཞི་གཅོད་པའི་འཁོར་ལོ་ཇི་ལྟར་ལགས།། ཞེས ་བསྙད་པ་ལ། ཕྱག་ན་རྡོ་རྗེས་གསུངས་པ། གབ་པ་སྡེ་གསུམ་དོན་ནི་འདི་ལྟ་སྟེ། གཏིང་དཔག་མེད་པའི་འཁོར་ལོ་ལ་གབ་པ་དང་། བསྲེག་པ་མེའི་འཁོར་ལོ་ལ་གབ་པ་དང་། མཁའ་ཀློང་ཐུན་གྱི་འཁོར་ལོ་ལ་གབ་པ ་དང་། གཅོད་པ་འཁྲུལ་འཁོར་ལས་ལ་གབ་པ་དང་བཞི་རུ་བཤད། གཙོ་འཁོར་གླེང་དུ་བསླང་བའི་ལེའུ་སྟེ་བཞི་པའོ།། །། སྤྲུལ་པ་རྒྱན་གྱི་དོན་ནི་འདི་ལྟ་སྟེ།། རཱ་ཏྲ་བསྒྲལ་བའི་ས་གཞི་ལ།། ཁྲག་གི་རྒྱ་མཚོ་གྲུ ་གསུམ་སྟེ།། ལྷ་མ་ཡིན་གྱི་གཟུགས་སྣང་སྟེ།། སྲོག་རྩ་དམར་པོ་སྤྱི་ནས་དྲངས།། རྡོ་རྗེ་སྤྲུལ་པ་བྱ་ཁྱུང་གིས།། བསྒྲལ་བའི་ཚུལ་དུ་གནས་པ་སྟེ།། དེ་ནས་ཆེ་མཆོག་ཧེ་རུ་ཀས།། ཡུམ་གྱི་དབུ་རུ་སྐུ་སྟོན་ཏེ།། དབུ་ཡི ་སྤྲུལ་པའི་ཕོ་བྲང་ལ།། ལྷ་སྲིན་ལ་སྩོགས་སྦྲུལ་བྱས་ནས།། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ། ལི་ཁྲ་ཁ་དུར་ཛ་དུར་ཕཊ། ཡབ་ཀྱི་ཐུགས་ལས་འོད་འཕྲོས་པས།། འོག་གི་ཡུམ་ལ་བསྐུལ་བྱས་པས།། ཡུམ་གྱི ་སྤྲུལ་པས་ལྷ་སྲིན་བསྐུལ།། ཁྲི་ཕྲག་འབུམ་གྱི་འཕྲོ་འདུ་བྱས།། སྤྲུལ་པའི་ཕོ་ཉ་ལས་ལ་མངགས།། ཐགས་ཟང་རིས་ཀྱི་འཁོར་རྣམས་བསྡུས།། སྲོག་རྩ་དམར་པོ་སྤྱི་ནས་དྲངས།། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲི་ཏཱི་རཱ་ཛ་དུར་ཛ་ཛ། ་དྲངས་ནས་ཞལ་དུ་བསྟིམ་པར་བྱ།། ཁོང་དུ་བསྒྲལ་བའི་ལས་བྱ་སྟེ།། བཅུ་དྲུག་འཁོར་ལོས་གཏུབ་པར་བྱ།། ཏྲི་ཏ་ཁ་ཏི་རུ་ཙ་ཁད་དྷཱ་ཏུ་པི་ནི་ལ་ཆུམ་ཙཀྲ་རྦད་ཕཊ། བསྒྲལ་ཐབས་དགུ་ཡི་སྔགས་ཀྱིས་གཞོམ། ཁ་ཐུན ་སྙིང་ལ་ཡམ། ཛ་ལ་རཾ་ཁ་ཐུན་ཟད། ལི་ཀྲ་ཧཱཾ། ཁ་ཊ་ཕཊ། དུ་ར་ཡ་ཕཊ། རུ་སི་ཕཊ། ལི་ཀྲ་ཛ་ཛ་ཧཱཾ། ཏ་གྲ་ཏ་གྲ་ཧཱུཾ་ཕཊ། ལཱུ་དུམ་ཕྲལ་ལ་བསྟབས་པས་མཉེས། གཏིང་དཔག་མེད་པའི་གཉེན་པོ་སྒྲུབ་པའོ།། མ་མོ་ཀྲོ ་ཏི་ཤྭ་རཱི་རུ་ལུ་རུ་ལུ་ཛ་ཛ་བྷྱོ།། མ་མོ་ལི་ཏ་ཁྲག་ལ་བྷྱོ་རྣི་ལ་ཛ་ཧཱུཾ་ཕཊ། ཀྲོ་ཏིའི་ཙ་ལ་མ་ཐུམ། རྣི་ལ་ཛ་ཤ་ལ་བྷྱོ། རུས་ལ་ཆོམ། དུག་ཏྲི་ཙ་ལ་ཡཾ་ཡཾ་ཕཊ། འབོད་པ་རྦད་པ་བསད་པ་གསུམ།། ཁྱམས་གསུམ་དག་ལ ་གསལ་བར་དགོད།། བཞི་པ་དྲེགས་པའི་ཁྱམས་སུ་གསལ།། དཔའ་བོའི་རས་ལ་འཁོར་ལོ་བཅའ།། དེ་ནས་འཁོར་ལོ་བསྐྱེད་བྱ་སྟེ།། ཧཱུཾ་བསྐྱེད་མ་བསྐྱེད་ནརྀ་རུ་བསྐྱེད།། བདུད་རྩིའི་གཏོར་མས་མཆོད་བྱས་ཏེ།། རྦད ་པའི་སྔགས་ཀྱིས་ནརྀ་ལ་དགུག། བསད་པའི་དྲེགས་པས་བསྒྲལ་བྱས་ཏེ།། སྲིན་པོའི་ཤུན་ལ་འཁོར་ལོ་བཅའ།། དྲེགས་པའི་རལ་པས་བཏགས་ནས་ནི།། མུན་པའི་སྟོང་ལ་བཏགས་ནས་ནི།། ཁྲག་མཚོ་གསུམ་གྱི ་དཀྱིལ་དུ་བཞག། མཚོ་ཡི་འཁོར་ལོའི་སྒྲུབ་པའོ།། ཨོཾ་ནཱ་ག་རཱ་ཙ་ཛ་ཛ། ཨིན་ཏྲ་ཡེ་ཛ་ཛ། ཨག་ནེ་ཡེ་ཛ་ཛ། བག་ཤ་ཡེ་ཛ་ཛ། བྲི་གཞི་རུས་སྦལ་པགས་པ་ལ།། ཐིག་ལེ་བཞི་ལ་རང་སྔགས་བསྐོར།། རྩ་བའི་སྔགས ་ཀྱིས་བསྐྱེད་བྱས་ཏེ། སྤྱན་དྲངས་པ་ཡི་བསྙེན་པ་ནི།། རྒྱལ་བའི་ཐུགས་ལས་འོད་སྤྲོས་ཏེ།། རིགས་བཞི་སྤྲུལ་པའི་སྲོག་སྙིང་དྲང་།། དམ་ཚིག་ཀླུ་ལ་བསྟིམ་བྱས་ཏེ།། དཀར་གསུམ་རྫས་ཀྱིས་མཉེས་པར་བྱ།། མནའ ་བསྒག་དམ་དབོག་ལས་བཅོལ་བྱ།། རིགས་བཞི་ཀླུ་ཡི་སྒྲུབ་པའོ།། དྷིཥྚ་རཥྚ་པ། བི་རུ་དྷཱ་ཀཱ་ཡ། ཨ་དྷི་པ་ཏ་ཡེ། བཻ་ཤྲཱ་མ་ཎཱ་ཡ་ཛ་ཧཱུཾ་ཛ་ཧཱུཾ་ཛ་ཧཱུཾ་ཛ་ཧཱུཾ། ཤར་ཕྱོགས་དཀར་པོ་ཟླ་གམ་སྟེ།། ལྷོ་ནི་སེར་པོ་སོག་ཁ ་ལ།། ནུབ་ནི་དམར་པོ་ཟླུམ་པོའོ།། བྱང་ནི་ལྗང་གུ་གྲུ་བཞི་ཡིན།། བུམ་པའི་ནང་དུ་བསྐྱེད་བྱ་བ།། ཧཱུཾ་སྭཱ། ཨཾ་ཧཱ། རྒྱལ་ཆེན་རིགས་བཞི་རིམ་བཞིན་བསྐྱེད།། དཀར་པོ་རྡོར་འཛིན་རྣམ་སྣང་རྒྱ།། སེར་པོ་རལ་གྲི་རིན ་ཆེན་རྒྱ།། དམར་པོ་པད་འཛིན་མཐའ་ཡས་རྒྱ།། ལྗང་གུ་རྒྱ་གྲམ་གྲུབ་པའི་རྒྱ།། སྤྱན་དྲངས་བསྟིམ་ལ་མཆོད་པའི་རྒྱ།། བསྒོ་བའི་ཚིག་གིས་ལས་བཅོལ་བྱ།། གཉེན་པོ་རྒྱལ་ཆེན་བཞི་ཡི་སྒྲུབ་པའོ།། དྷཱིཥྚ་རུ་ཥྚ་མ་རཱ་ཛ ་ཙཀྲ་ཕཊ། བི་རུ་དྷ་ཀ་ཡ་རཱ་ཛ་ཙཀྲ་ཕཊ། ཨ་དྷི་པ་ཏ་ཡེ་ར་ཛ་ཙཀྲ་ཕཊ། བེ་ཐཱ་མ་ཎྜ་ཡ་ར་ཛ་ཙཀྲ་ཕཊ།། ཡུམ་གྱི་སྤྱན་གསུམ་གྱེན་དུ་གཟིགས།། གཙོ་བོའི་ཐུགས་ལ་བསྐུལ་བྱས་ཏེ།། ཀྲོ་དྷཱི་ཤ་ཪྴརྞྞཿ ་ས་མ་ཡ་ཕཊ། གཙོ་བོའི་སྤྱན་གསུམ་གྱེན་དུ་གཟིགས། ཤྲཱི་ཧེ་རུ་ཀ་ཏྲི་ཏོ་ཕཊ། འཁོར་ལོ་དང་པོ་བསྐོར་བྱས་ཏེ།། གོང་མའི་སྔགས་ཀྱིས་བསྐུལ་བྱས་པས།། རྒྱལ་ཆེན་བཞི་ཡི་སྲོག་རྩ་བསྐུལ།། གྲངས་ནི་སྟོང་རྩ་བཞི ་ཡིས་སོ།། བྷྲྀཥྚ་རཿ། ནཱ་ག་ཏ་ཡི་རཱ་ཙ་ཐུ་ལུ་མ་ར་ཡ་བཱི་རུ་ཌྷ་ཀ། ཨིནྡྲ་ཡ་ཡེ་ཐུ་ལུ་མ་ར་ཡ། ཨ་ཏི་ཨག་ནེ་པ་ཏ་ཡེ་ཡེ་ཐུ་ལུ་མ་ར་ཡ།། བེ་ཤ་མ་ཎ་ཡེ་ཐུ་ལུ་མ་ར་ཡ། འཁོར་ལོ་གཉིས་པ་བསྐོར་བའི་དོན།། རྒྱལ་ཆེན ་བཞི་ཡི་སྦྱོར་བ་ཡིས།། ཀླུ་རྒྱལ་བཞི་ལ་ཙཀྲ་བསྐོར།། ནཱ་ག་རཱ་ཙ་ཏྲི་ཏ་རྣི་ཞུ་ཞུ་བྲུཾ། ཨིན་ཏྲ་ཡེ་རྣི་ལ་ཆུ་ཆུ། ཨག་ནེ་ཡེ་རྣི་ལ་ཉག་ཉག་རག་ཤ་ཡེ་རྣི་ལ་སྤུར་སྦྱར། ཡ་ཏ་ཨ་ཏས་དུག་གསུམ་རྣི་རུ་བསྒྲལ།། གཉིས་པས ་རྟེན་ཆེན་བསྐམ་པར་བྱ།། གསུམ་པས་ཁྲག་གི་ལེའུ་བསྡུ།། ཐ་མས་རྩ་ཆེན་བཞི་པོ་གཅོད།། བསྐོར་བ་གསུམ་གྱི་སྒྲུབ་པའོ།། ཆུ་དང་ས་ལ་ཕོ་བྲང་བརྟག། མིག་དང་རྣ་བ་སྣ་དང་ཡིད།། ཉམས་ནི་ཤིན་ཏུ་བརྟག་པར ་བྱ།། ཅི་ཡང་མེད་ན་གཞན་དུ་སྤྲོ།། དེས་ནི་མཚན་ཉིད་བརྟག་པར་བྱའོ།། ཨོཾ། བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། སྟོང་པའི་ངང་ལས་རྟ་མཆོག་བསྐྱེད།། ཧྲཱི་ཡིས་བདུད་རྩི་སྦྱང་བྱས་ཏེ།། སྔགས་ཀྱིས་མཆོད་ཏེ ་བཟླས་པ་བྱ།། སྟོང་རྩ་བརྒྱད་དུ་བསྙེན་པ་བྱ།། བཛྲ་ཛཿཧཱུཾ་བཾ་ཧོཿ། ག་རུ་ཊ་པཱུ་ཙ་སྭཱ་ཧཱ། ཨོཾ་པ་ཁྲི་སྭཱ་ཧཱ།། སྟོང་རྩ་བརྒྱད་བརྒྱད་བཟླས་པ་ཡིས།། ཀླུ་ཡི་གཟི་བྱིན་འཕྲོག་པར་བྱེད།། ཡི་གེ་རུམ་ནི་ངང་ཉིད་ལས།། སྦྲུལ ་པ་གསེར་གྱི་མདོག་ཅན་ནི།། མཆུ་སྡེར་གནམ་ལྕགས་ཕྱར་འདྲར་བསྐྱེད།། ནཱ་ག་རཱ་ཙ།། ཨོཾ་བཛྲ་ཀྲོ་ཏ་ག་རུ་ཊ། མ་ཧཱ་ག་རུ་ཊ། ཨ་མྲྀ་ཏ་ག་རུ་ཊ། མ་ཧཱ་ཙིཏྟ་ག་རུ་ཊ། ཁྱུང་གི་སྤྲུལ་པས་གཙོ་བོ་མ་དྲོས་པ་བསྐུལ་བྱས ་ཏེ། སྦྲུལ་མགོ་བདུན་པ་ལྕགས་ཀྱི་གའུ་ཡི་ནང་དུ་བཅུག་སྟེ། འཚེ་བའི་འཁོར་ལོའི་སྟེང་དུ་བཞག། ཀླུ་སྨན་སྣ་ཚོགས་ཀྱིས་མཆོད། སྔགས་ཀྱི་འཕྲོ་འདུ་ཁྲི་ཕྲག་ལྔ་རུ་བྱ།། ཀླུ་ཆེན་སྤྱི་ཡི་སྔགས་ཀྱི་འཕྲོ་འདུ་བྱ།། ཨོཾ་ནཱ ་ག་རཱ་ཙ་བ་སུ་ཀི་མཾ་ཛ་ཛ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། རྒྱལ་པོ་མ་དྲོས་པ་བསད་པའི་དྲག་སྔགས་ནི། ནཱ་ག་དུ་ན་དུ་ན་ནཱ་ག་ཤ་ན་དུ། ཧི་ལི་ཧི་ལི་ནཱ་ག་འདུས་འདུས། རུས་སྦལ་ནག་པོའི་འཇུག་སྒོ་ནས།། ཀླུ་གདུག་ཟེར་གྱིས ་དྲེགས་པ་བསྒྲལ། ནག་པོ་བཻ་ཙི་ཙི་རྒྱས་དྲག་ཐུལ་སྙིང་ལ་གུལ་གུལ། མྱག་མྱག་རྩ་བཞི་སྐུམས། ཤན་ཤན་ནི་སྲོག་ལ་ཤན་ཐུ་སོང་སྭཱ་ཧཱ། རིགས་བཞི་ཀླུ་ཡི་དྲེགས་པའི་རྩ་བཞི་གཞོམ་པའོ།། དེ་ནས་འཁོར་ལོ་གསུམ ་གྱི་རྗེས་ལ་སྦྱོར་བ་གསུམ་གྱི་དྲག་སྔགས་ཀྱི་སྦྱོར་བའོ།། གྲུབ་པའི་རྟགས་ཀྱི་བྱེ་བྲག་ནི།། གདུག་པ་གཉེན་གྱི་གྲུབ་རྟགས་དང་།། གནོད་སྦྱིན་རྒྱལ་པོའི་གྲུབ་རྟགས་དང་།། གཟའ་གོད་དྲེགས་པའི་གྲུབ་རྟགས ་དང་།། རིགས་བཞི་ཀླུ་ཡི་གྲུབ་རྟགས་དང་།། རུས་སྦལ་ནག་པོའི་གྲུབ་རྟགས་དང་།། གྲུབ་པའི་རྟགས་རྣམས་གང་འཕྲད་ཀྱང་།། གང་ཡིན་ཕྱོགས་ནས་ལས་རྣམས་བརྩམ།། ཁ་འབར་ནག་པོའི་བརྟག ་པའོ།། མ་མ་རུ་ལུ་ཏིཥྛ་ནན།། གཉེན་གྱི་གཞལ་ཡས་འཁོར་ལོ་དང་།། ཡུམ་གྱི་སྦྱོར་བའི་མཁའ་དང་སྦྱར།། ཡུམ་གྱི་ཞབས་བརྒྱད་ཀླུ་ལ་བརྫིས།། ཡུམ་གྱི་དབུ་བཞི་ཡབ་ཀྱིས་བརྫིས།། ཁྱུང་གི་གཤོག་པས་རྒྱ་མཚོ ་རླབས།། རུས་སྦལ་ནག་པོའི་ཁོག་པ་གཤེགས།། པ་ཁྲི་ཁ་ས་གུར་ཁ་རུ་ཁད་ཀན་ཕཊ། ཏ་ཀྲ་དུ་ཁན་དྷ་ཕཊ། ཁྱུང་གཤོག་རལ་གྲི་འབར་བས་གཤེགས།། སྲིན་མོ་དམར་པོའི་གཟུགས་ཉིད་ལ།། གཉེན་གྱི་ཁ་རླངས ་དུག་མདའ་འབར།། ཁྲག་མདའ་མཛེ་ཡི་དུག་རླབས་འབབ།། གཉན་གྱི་ལྟོ་བ་དཀྲུགས་པ་དང་།། རུས་སྒལ་ཁོག་པ་གཤེགས་པའོ།། པ་ཀྲི་སྭཱ་ཧ། ན་ག་རཱ་ཙ་ཛཿ། ནཱ་ག་ཨིན་དྲ་ཛཿ། ན་ག་ཨག་ནེ་ཛཿ། ན་ག་བག་ཤ ་ཛཿ། རིགས་བཞིའི་སྲོག་སྙིང་སྦྲུལ་དུ་དྲང་།། ཀླུ་རིགས་བཞི་ཡི་སྲོག་དྲང་བའོ།། ཀླུ་རྒྱལ་རིགས་བཞིའི་ངན་སྔགས་ཀྱིས།། ལྕགས་ཀྱི་མདོ་སྟོད་ནག་པོ་བཅད།། སྤུ་གྲི་ཀླད་ལ་བསྐོར་བྱས་ཏེ།། ན་ད་དུ་ན་རྦད། ན་ད ་རྦད། མ་ཀྲི་ད་རྦད། མ་གྲྀ་བྱ་ཨོཾ་རྦད། གཡུ་འབྲུག་སྔོན་མོ་མེ་རུ་འབར།། སེང་ཕྲུག་འབར་བའི་ཁོག་པར་གཞུག། མདོ་སྟོད་ནག་པོ་བཅད་པའོ།། གཟའ་རྒོད་གཉེན་རྒོད་ཁོག་པར་ཞུགས།། གཟའ་ཡི་དྲེགས་པ་ཞལ ་དུ་བཅོམ། ཤ་ལ་ཧུར། ཁྲག་ལ་ཐུམ། རུས་ལ་ཆོམ། གཟའ་ཡི་དྲེགས་པ་བསྒྲལ་བའོ།། ཡུམ་དང་ཁྱུང་གི་སེང་གེས་བསྒྲལ།། པྲ་ཀྲི་ཁ་ས་ཆེམ་ཆེམ། མ་མ་ཀྲོ་ཏ་ལི་ཙ་ཐུམ་ཁ་ད་ཁ་ད་ཕཊ། ཞེ་སྡང་རུས་པ་གཏི་མུག ་ཤ། འདོད་ཆགས་ཁྲག་གི་ཕུང་པོ་ཞིག། སེང་གེ་བསྒྲལ་བའི་ངན་ཐབས་སོ།། ལོག་ནོན་ཐུགས་ཀྱི་ཙཀྲ་བསྐོར་བ་ནི།། བདག་ཉིད་གཟི་བརྗིད་ཆེན་པོའི་སྐུར་གསལ་ཏེ།། དབུ་ལ་ཐོགས་པ་མེད་པས་བརྒྱན ་པའོ།། པླཀྵའི་ཤིང་ལ་རྡོ་རྗེའི་སྐུ་བསྟན་པ།། བརྒྱད་ཅུ་རྩ་གསུམ་སྤྲུལ་པ་བཀོད་ནས་ནི།། ཕྱག་ན་འདྲིལ་ཞིང་རང་སྔགས་འཁོར་ལོ་བསྐོར།། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཙཀྲ་དྷཱིཥྚ་རཥྚ་རྦད། བྷུ་རུ་ཏ་བི་རུ་དྷ་ཀཱ་ཡ། ཀྲ ་ཡེ་རྦད། ཨ་ཨ་དྷི་པ་ཏ་ཡ། བྷི་པ་ཏི་ཡེ་རྦད། བཻ་བཻ་ཤྲ་མ་ཎཱ་ཡ། ཤྭ་ར་མ་ན་ཡེ་རྦད། རྒྱལ་ཆེན་དབུ་ཡི་འཁོར་ལོ་བསྐོར།། རྒྱལ་ཆེན་རིགས་བཞིའི་བྱིན་བརླབས་ཀྱིས།། ཀླུ་རྒྱལ་བཞི་ཡི་འཁོར་ལོ་བསྐོར།། ཨོཾ་ཤྲཱི་ཧེ་རུ ་ཀ་ཀྲོ་ཏི་ཤྭ་རཱི་དྷྭཾཥྚ་རཥྚ་རྦད། བྷུ་རུ་ཏ་ཏྲ་ཡེ་རྦད། ཨ་ཏི་པ་ཏི་ཡེ་རྦད། བེ་ཤྲ་ར་མ་ན་ཡེ་རྦད། ནཱ་ག་རཱ་ཙ་རྦད། ནཱ་ག་རཱ་ཙ་རྦད། ཨིན་ཏཱ་ཡ་རྦད། ཨ་ཏི་པ་ཏ་ཡེ་རྦད། ཨག་ནེ་ཡེ་རྦད། བག་ཤ་ཡེ་རྦད།། རེ་རེ་ལ་ཡང ་སྟོང་རྩ་བརྒྱད། ཀླུ་རྒྱལ་བཞི་ཡི་སྦྱོར་བ་ཡིས།། དྲེགས་པ་ཅན་ལ་འཁོར་ལོ་བསྐོར།། ཧཱུཾ་ཤྲཱི་ཧེ་རུ་ཀ་ཀྲི་ཏཱི་ཤྭ་རཱི་ནཱ་ག་རཱ་ཙ།། ཆོ་གེ་མོའི་ཤ་ལ་ཙཀྲ་ཙཀྲ་རྦད། ཨིན་ཏྲ་ཡེ་ཆེ་གེ་མོའི་རྩ་ལ། ཙཀྲ་ཙཀྲ་རྦད། ཨག་ན་ཡེ་ཆེ ་གེ་མོའི་ཁྲག་ལ་ཡ། ཙཀྲ་ཙཀྲ་རྦད། བག་ཤཱ་ཡ་ཆེ་གེ་མོའི་སྲོག་ལ། ཙཀྲ་ཙཀྲ་རྦད། རུས་སྦལ་ནག་པོའི་འཇུག་སྒོ་བཞི།། ཀླུ་རྒྱལ་གདུག་པའི་སྔགས་ཀྱིས་གཞོམ།། རེ་རེ་ལ་ཡང་ཁྲི་ཁྲིའོ།། ལོག་ནོན ་ཕུར་ནག་གི་སྒྲུབ་པའོ།། བྱོལ་སོང་གཙོ་བོ་བཞི་དང་། གདུག་པ་མགོ་མངས་དང་། རུས་སྦལ་ནག་པོ་དང་། གནོད་སྦྱིན་གྱི་གཙོ་བོ་ཁྱབ་འཇུག་ཆེན་པོ་རྣམས་དང་། རྔམ་ཞིང་ལྡོག་པའི་དུས་ལ་བབ་སྲིད་ན།། དེའི ་ནུས་པ་མནན་པའི་ཐབས་ནི་འདི་ལྟ་སྟེ། གང་དུ་དམིགས་པའི་ས་དེ་རུ།། ཀེང་རུས་རི་རབ་མེ་དཔུང་དབུས་ཉིད་དུ།། རྡོ་རྗེ་སྤྲུལ་པའི་ལྷ་དང་ཆེ་མཆོག་ཡབ་ཡུམ་བསྐྱེད།། ཁྲག་མདའ་ནག་པོ་སྔགས་ཀྱི་དུག་ཟེར ་འདིས། པྲ་ཁྲི་ཁ་ས། ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རཱི། དྷཱིཥྚ་རཥྚ་ཡ། བི་རུ་བྷ་ཀ་ཡ། ཨ་དྷི་པ་ཏ་ཡེ།། བེ་ཤྲཱ་མ་ཎཱ་ཡ། རཀྐ་ཁྲག་ཐུན། མྱོགས་མྱོགས། དེས་དེད་དཔོན་བཞི་གཟིར་བའོ།། ནཱ་ག་རཱ་ཙ། ཨིནྡྲ་ཡེ། ཨག་ན་ཡེ། ་བྷཀྵ་ཡེ། ཟི་ར་ཁ་ཐུན་ཁྲག་ལ་དུན་ཏིང་བྷྱོ། བྱོལ་སོང་གི་གཙོ་བོ་བཞི་མྱོས་ཤིང་རླག་པར་འགྱུར་རོ།། བཀྐུ་ག་ཀུར་པ་ཧི་ཁྲག་ལ་རྦད། གདུག་པ་མགོ་མངས་མྱོས་པར་འགྱུར་རོ།། ཨོཾ་རཱ་ཧུ་ལ་ཛ་བྲིང་། དུན་ཀྲུང་ཁྲི་ཁྲྀ ་ཀླུང་ཁྲག་ལ་ཤཾ་ཤཾ་སྭཱ་ཧཱ། ག་ལ་ཧུར་ཧུ་ར། རཱ་ཧུ་ལ་རླགས་པར་འགྱུར་རོ།། དུག་ཏི་ཉུངས་སྭཱ་ཧཱ། གློག་མ་སྲིན་མྱོས་པར་འགྱུར་རོ།། རྒྱན་གྱི་སྤྲུལ་པར་བསྒོམ་ཞིང་ནམ་མཁའ་གསེགས་སུ་བཅད། ཕོ་བྲང་གནས་སར ་ཧཱུཾཧཱུཾ་སུཾ་རུཾ། རྡོ་རྗེའི་གུར་དང་རི་རབ་མེ་དཔུང་འབར་བར་བསམ། འཁྱམས་པ་བཟློག་པའོ།། ཧཱུཾ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ། མཐིང་ནག་འཇིགས་པའི་ཆ་ལུགས་ཅན།། ཁྲོ་ཚུལ་དྲུག་ཅུ་རྩ་གཉིས་ལྡན།། ཁྲོ་བོ་ལྔ ་བཅུ་རྩ་དྲུག་སྐུ་ཡི་ཁྱོན་དུ་རྫོགས།། ཞབས་བརྒྱད་རྣམ་ཐར་ཡུམ་གྱི་དབུ་ལ་བརྫིས།། ཕྱག་དྲུག་མཚོན་ཆས་སྐྱེ་ཤི་རྩད་ནས་གཅོད།། དྲེགས་པ་འཇོམས་པའི་ཕྲིན་ལས་མཛད་དུ་གསོལ།། སྣང་སྲིད་ལྷུན་རྫོགས་ཀུན་ཏུ ་བཟང་མོའི་སྐུ།། ནམ་མཁའ་མཐིང་ནག་རྒྱན་གྱི་གོ་ཟུ་གསོལ།། ཡུལ་དང་དངས་མ་རྩ་ཡི་མཁའ་འགྲོ་རྣམས།། ཡུམ་ཆེན་སྐུ་ཡི་ཁྱོད་དུ་རང་བཞིན་རྫོགས།། ཞབས་བརྒྱད་ཀླུ་ཆེན་བརྒྱད་ལ་ཐབས་ཀྱིས་བརྫིས།། ཕྱག ་དྲུག་སྤྲུལ་པས་གསང་སྔགས་སྤྲོ་བར་མཛད།། སངས་རྒྱས་ཁྲོས་པའི་རྒྱལ་མོ་སྐུ་བསྐྱོད་ཅིག་ཧཱུཾ་བྱ་ཆེན་འདི་ཡི་དཔྲལ་བ་ནི།། རི་རབ་བུམ་པའི་གཏོས་དང་མཉམ།། དབུ་ལ་གཡུ་ཡི་རྭ་འབར་བ།། ནམ་མཁའི་ཁམས ་ཀྱི་གཏོས་སུ་སླེབ།། ཞབས་ཀྱིས་ཀླུ་དྲུག་དྲེགས་པ་འདྲེན།། སྤྱན་ནི་ཉི་ཟླ་འབར་བ་སྟེ།། ཀླུ་བརྒྱད་ཟིལ་གྱིས་གནོན་པར་བྱེད།། གཡུ་སྡེར་ལྕགས་ཀྱུ་འབར་བ་ཡིས།། ཟགས་ཟངས་རིས་ཀྱི་སྙིང་ནས་འདྲེན།། ཁ ་རླངས་ན་བུན་བཞིན་དུ་ཆགས།། དུང་གི་གཤོག་འདབ་འབར་བ་ལས། གཡུ་ཡི་གཤོག་རྩེ་འོད་འཕྲོ་འབར།། ཐགས་ཟངས་རིས་ཀྱི་མགོ་བོ་གཅོད།། གཡས་ཀྱི་གཤོག་པ་བརྐྱང་པ་ཡིས།། ལྷ་ཡི་དབང་པོའི་གནས་ལ ་ཁྱབ།། གཡོན་གྱི་གཤོག་པ་བརླབ་པ་ཡིས།། གསེར་གྱི་ས་གཞི་འབར་བ་གཤོག། ལྷོ་ནས་གཡུ་འབྲུག་འབར་བ་འཁྲུག། ལྗགས་ལ་གློག་འཁྲུག་ལྡིབས་སོ་ལྡིབ།། ལྗགས་ཀྱི་རྩེལ་ཐོག་ཆེན ་འབེབས།། སྤྱན་ནས་ལྕགས་ཀྱི་སེར་ཆེན་འབེབས།། ཤངས་ནས་བུ་ཡུག་འཆུབ་མར་འཐོར།། ཙིཉྩ་ཐུགས་ཀྱི་གསང་སྒོ་ནས།། ཟུར་ཕུད་ལྔ་ཡི་ཆོ་འཕྲུལ་འགྱེད།། དཀར་མོ་བཅུ་གསུམ་དབྱིངས་ནས ་བཞེངས།། ཐུགས་ལས་བཅོ་བརྒྱད་ཆོ་འཕྲུལ་འགྱེད།། གཡས་ནས་ཁྲོ་བོའི་རོལ་པ་མཛད།། གཡོན་ནས་མ་མོའི་འོད་ཟེར་འཕྲོ།། སྤྲུལ་པ་ཕྲ་ཐབས་སྣ་ཚོགས་མཛད།། དྲེགས་པ་བཅུ་དྲུག་གནས་ནས ་བསྐྱོད།། མངགས་པ་ཕོ་ཉའི་ལས་བྱའོ།། ཁ་འབར་ནག་པོ་ལས་རྒྱ་མཚོའི་རྒྱུད་ལས། འཁོར་ལོ་ལ་དབབ་པའི་ལེའུ་སྟེ་ལྔ་པའོ།། །། མེ་ལ་སོགས་པའི་དོན་བཤད་པ།། ས་ཡི་མཎྜལ་སྦྱངས་པ་རུ།། རྒྱལ་མོ་ལྔ ་ཡི་ཞལ་བྱ་སྟེ།། ཤར་ཕྱོགས་སེང་གེ་བགྲད་པའི་ཞལ།། དབུས་སུ་ཧོམ་ཁུང་མཐིང་ནག་བྱ།། ལྷོ་རུ་གླང་ཆེན་བརྗིད་པའི་ཞལ།། དབུས་སུ་རིན་ཆེན་འབར་བར་བྱ། ནུབ་ཏུ་རྨ་བྱ་མཛེས་པའི་ཞལ།། དབུས་སུ་པདྨ་འོད ་ཅན་བྱ།། བྱང་དུ་ཁྱུང་ཆེན་འབར་བའི་ཞལ།། སྲིན་པོ་ཁ་གདེངས་དབུས་སུ་བྱ།། དབུས་སུ་རྡོ་རྗེ་གདེངས་པའི་ཞལ།། གསེར་གྱི་འཁོར་ལོ་རྩིབས་བཞིར་བྱ།། གཟས་པའི་དུག་ལྔའི་མཚན་བྱང་ནི།། སྙིང་ཚན་ལྔ་ཡི ་ནང་དུ་གཞུག། ཁ་དོག་ལྔ་ཡི་དར་གྱིས་གྲིལ།། རྣོག་པ་ཐུར་དུ་བསྟན་ལ་བསྲེག། ཞལ་གསུམ་དག་གི་བར་དག་ཏུ།། ཆེ་མཆོག་སྐུ་ཡི་ཐུགས་ཀ་ནས།། རྟེན་གྱི་ཕུར་པ་ལྔ་པོ་ལ།། རྒྱལ་མོ་ལྔ་རུ་བསྐྱེད་བྱ་སྟེ།། ཡེ ་ཤེས་སྤྱན་དྲང་གཉིས་མེད་སྦྱར།། རཀྟ་བདུད་རྩིས་མཉེས་བྱས་ཏེ། ཡུམ་ལྔའི་བསྙེན་པ་དུས་གཅིག་དྲངས།། གི་ས་མུ་ར་ཧཱུཾ་ཧ། བི་ཤ་སན་ཏི་ཧཱུཾ། ཛ་ལ་བ་རཾ་ཧཱུཾ་ཧ་ཨ། མ་ཧཱ་ལཾ་ཏེ་ཧཱུཾ་ཧ། བི་ཡང་ཡང་ཏེ་ཧཱུཾ་ཧ། སྟོང་རྩ ་བརྒྱད་བརྒྱད་བཟླས་པ་བྱ།། དེ་ནས་ཕོ་ཉའི་ལས་བྱ་སྟེ། ཧཱུཾ་ཤར་གྱི་ཕྱོགས་ནས་བསྐུལ་བ་ནི།། དུང་གི་གླང་པོ་ཆེན་པོ་ལ།། ཡར་རྐན་གནམ་ལ་མར་རྐན་ས།། མཆེ་བ་གངས་རི་རྣོན་པོ་འདྲ།། དེ་འདྲའི་སེམས་ཅན ་ཆེན་པོ་ལ།། མ་མོ་ཤེལ་གྱིས་མདངས་ཅན་ཞོན།། ས་འདྲིལ་ཆེན་མོ་ཤ་ནས་འདྲིལ།། ཧཱུཾ་ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི།། ཡིད་བཞིན་སྔོན་པོའི་རྟ་ཕོ་ལ།། ཡར་རྐན་མེ་ལ་མར་རྐན་དྲོད།། མཆེ་བ་མེ་ཟོར་དམར་པོ ་ལ།། ལྕེ་ནི་མུན་གྱི་གློག་པས་གསལ།། དེ་འདྲའི་སེམས་ཅན་ཆེན་པོ་ལ།། མ་མོ་མེ་ཡི་མདངས་ཅན་ཞོན།། མེ་འདྲིལ་ཆེན་མོ་དྲོད་ནས་འདྲིལ།། ཧཱུཾ་ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི།། ཡིད་འོང་རྨ་བྱའི་རྟ་ཕོ་ལ།། ཡར ་རྐན་རྦ་ལ་མར་རྐན་ཆུ།། མཆེ་བ་ཆུ་གྲི་གཏམས་པ་འདྲ།། དེ་འདྲའི་སེམས་ཅན་ཆེན་པོ་ལ།། མ་མོ་ཆུ་ཡི་མདངས་ཅན་ཞོན།། ཁྱོད་ནི་ཆུ་འདྲིལ་ཆེན་མོ་སྟེ།། ཆུ་འདྲིལ་ཆེན་མོ་ཁྲག་ནས་འདྲིལ།། ཧཱུཾ་བྱང་གི་ཕྱོགས་ནས ་བསྐུལ་བ་ནི།། གར་མཁན་ཤང་ཤང་རྟ་ཕོ་ལ།། ཡར་རྐན་རླུང་ལ་མར་རྐན་དད་།། མཆེ་བ་ཉི་ཟེར་འཛིངས་པ་འདྲ།། ལྕེ་ནི་མུན་གྱི་གློག་པས་གསལ།། དེ་འདྲའི་སེམས་ཅན་ཆེན་པོ་ལ།། མ་མོ་རླུང ་གི་མདངས་ཅན་ཞོན།། ཁྱོད་ནི་རླུང་འདྲིལ་ཆེན་མོ་སྟེ།། རླུང་འདྲིལ་ཆེན་མོ་དབུགས་ནས་འདྲིལ།། ཧཱུཾ་དབུས་ཀྱི་རི་བོ་ཁོང་སེང་ལ།། གསེར་གྱི་སེང་གེ་ཆེན་པོ་ལ།། ཡར་རྐན་བྲག་ལ་མར་རྐན་རྡོ།། མཆེ་བ་ཁྲོ་ཆུང ་གཏམས་པ་འདྲ།། དེ་འདྲའི་སེམས་ཅན་ཆེན་པོ་ལ།། མ་མོ་ནམ་མཁའི་མདོག་ཅན་ཞོན།། ཁྱོད་ནི་གནམ་འདྲིལ་ཆེན་མོ་སྟེ།། གནམ་འདྲིལ་ཆེན་མོ་བཀྲག་ནས་འདྲིལ།། ཙིཏྟ་ལྔ་ཡི་རྟེན་ལ་བསྟིམ།། རྒྱལ་མོ་ལྔ་ཡི ་ཕུར་པས་གདབ།། ཤར་དུ་རྒྱ་ཤུག་དཀར་པོ་ལ།། ལྷོ་རུ་ཙནྡན་དམར་པོ་གཅིག། ནུབ་ཏུ་འོམ་བུ་ལྟ་བུ་སྟེ།། བྱང་དུ་ཚེར་མ་ཅན་གྱི་ཤིང་།། དབུས་སུ་བླག་ཤ་སེང་ལྡེང་ངོ་།། ཙང་ག་ལི་ལས་མེ་བླངས་ཏེ།། སྦར་ཏེ་རཾ ་ལས་མེ་ལྷ་བསྐྱེད།། ཨག་ནི་དེ་བས་མེ་ལྷ་མཆོད།། མེ་ལྷ་དེ་ཡི་ལྟོ་བ་རུ།། ཧ་ལས་ས་ཡི་ལྷ་མོ་བསྐྱེད།། འབྲུ་ནག་སྲན་མའི་ཆན་དག་ལས།། ཆུ་དང་མ་འདྲེས་དངས་མའི་ཁྲག། ལིངྒའི་དུམ་བུ་ཤ་ཆེན་དང་།། མར་གྱི ་དགང་བླུགས་དག་ལ་བསྲེག། གི་ས་མུ་རན་ཧཱུཾ་ཧ། ཆེ་གེ་མོའི་ཤ་ལ་ཁཱ་ཧི།། ཡལ་ག་མེད་ལས་མེ་བླངས་ཏེ།། རཾ་ལས་མེ་ལྷ་གོང་བཞིན་བསྐྱེད།། ཧ་ལས་མེ་ཡི་ལྷ་མོ་སྟེ།། བསྲེག་རྫས་གང་དང་ལྡན་པའོ།། ཛ་ལ་པ ་རཾ་ཧཱུཾ་ཧ། ཆེ་གེ་མོའི་དྲོད་ལ་ཁཱ་ཧི།། གྲངས་ནི་གོང་མ་བཞིན་དུ་བཤད།། སྡོང་གཅིག་མ་ལས་མེ་བླངས་ཏེ།། ཧ་ལས་ཆུ་ཡི་ལྷ་མོ་བསྐྱེད།། བསྲེག་པའི་རྫས་ནི་གོང་མ་བཞིན།། བི་ཤ་སན་ཏི་ཧ། ཆེ་གེ་མོའི་ཁྲག་ལ་ཁཱ ་ཧཾཧི།། གྲངས་ནི་གོང་བཞིན་ལྡན་པ་སྟེ།། མེས་རེག་མ་ལས་མེ་བླངས་ཏེ།། མེ་ལྷ་གོང་བཞིན་བསྐྱེད་བྱས་ཏེ།། བསྲེག་རྫས་གོང་དང་ལྡན་པ་ཡིས།། བི་ཡང་ཡང་ཏེ་ཧ། ཆེ་གེ་མོའི་དབུགས་ལ་ཁཱ་ཧི། གྲངས་ཀྱི་ཐུན་ཚོད ་གོང་མ་བཞིན།། རྒྱལ་པོའི་ཁྱིམ་ནས་མེ་བླངས་ལ།། རཾ་ལས་གོང་བཞིན་བསྐྱེད་བྱས་ཏེ།། ཧ་ལས་ནམ་མཁའི་ལྷ་མོ་བསྐྱེད།། མ་ཧཱ་ལང་ཏེ་ཧ། ཆེ་གེ་མོའི་ཁྲག་ལ་ཁཱ་ཧི། ཐལ་བ་ཚོམ་བུ་ལྔ་པོ་དེ།། ཁ་དོག་ལྔ་ཡི་དལ ་གྱིས་གཏུམས།། གོང་གི་ཡུམ་ལྔའི་སྙིང་པོ་ལ།། ཙཀྲ་ལྔ་ཡི་མཐའ་རྒྱས་ཅན།། རྒྱ་མཚོའི་རྨངས་ལ་འཁོར་ལོ་བསྐོར།། པྲ་ཁྲིད་ཆ་ལག་གབ་པ་སྡེ་གསུམ་ལས་བསྲེག་པ་མེའི་འཁོར་ལོ་ལ་གབ་པའི་ལེའུ་སྟེ་དྲུག ་པའོ།། །། མཁའ་ཀློང་རྣམ་དག་ཡུམ་གྱི་བྷ་ག་ལས།། རྒྱུ་བཞི་ནད་ཀྱི་ཆར་པ་འབེབས་མཛད་མ།། ཐུགས་ལས་མྱོས་པའི་སྤྲིན་དུ་འབར།། ཞལ་ནས་གཅོད་པའི་རྣོ་རུ་སྣང་།། སྤྲུལ་པ་དུ་མའི་སྒྲས་མདའ ་འབེབས།། གསང་བ་ཁྲག་གི་ནད་མདའ་འབར།། དང་པོ་མ་བཞི་སྙིང་ལས་བྱུང་།། བདུན་ནི་ཞལ་ནས་བྱུང་བ་སྟེ།། ཆགས་པའི་ལྟེ་བ་ཉིད་ལས་སྦྲུལ།། གསང་བ་ནས་ནི་རེ་མ་ཏི།། སྐད་ཅིག་མ་ལས་ཆེ་མཆོག ་སྟེ།། འཁོར་ལོ་རྩིབས་བཞི་ཉི་ཟླར་བཅས།། ཆེ་མཆོག་བསྙེན་པ་རྫོགས་བྱས་ནས།། དེ་ནས་ཤར་དུ་འཁོར་ལོ་ལ།། ལྕགས་ཁང་འབར་བའི་སྟེང་དུ་བཞག། གཙོ་བོའི་ཐུགས་ལས་འོད་ཟེར་འཕྲོས་པས།། ་མུ་ཏྲི་ནི་རྦད། ཤན་ཏྲི་ནི་རྦད། བྷ་ག་དུན་ཏྲི་རྦད། ཁ་མུན་དན་ཏྲི་ནི་རྦད།། སྙིང་ཀོར་ནད་ཀྱི་སྤྲིན་དུ་འབར།། ཧཱུཾ་ཀ་རི་ཀ་རྦད། བ་དོར་བ་དོར་རྦད། ནི་ལ་ཆུ་ནི་ཏ་རྦད། ཁ་ཊྭཱཾ་ག་ཀ་ཛ་ལ་ཛ་ལ་ཙ་པ་ལ་རྦད། མ་གུ་རག ་ཏོ་རྦད། དང་སམ་དིང་སམ་རྦད། ཨེ་ཨ་ར་ལི་རྦད། མཚོན་ཆའི་འཁོར་ལོ་ཆར་བཞིན་དབབ། ཟང་འགྲམ་མུ་རཾ་པྲཾ་རྦད། གསུམ་པ་དུ་བའི་མཚོན་སྤྲིན་འཁྲིགས། ནུ་པི་རུ་ལུ་རུ་ལུ་ཏྲག་ཤ་རྦད། བཞི་པ་ཁྲག་གི་ནད ་མདའ་འབར།། དེ་ནས་གྲུབ་པའི་རྟགས་བསྟན་པ།། མིག་དང་རྣ་བ་སྣ་དང་ཡིད། འཇའ་ཚོན་ལྟ་བུ་དང་པོའི་རྟགས།། སྤུ་རིས་བྱུང་ན་གཉིས་པ་སྟེ།། སྦྲུལ་དུ་འཁྱིལ་ན་གསུམ་པའོ།། དམར་ལ་གདངས་ན་བཞི་པར ་བཤད།། མཐོ་བར་རྩུབ་ན་དང་པོ་སྟེ། ཟུང་བར་རྩུབ་ན་གཉིས་པའོ།། འཇམ་ལ་རིང་ན་གསུམ་པ་ཡིན།། འཁོར་བའི་སྒྲ་ནི་བཞི་པར་བཤད།། དྲི་ཞིམ་ངད་ལྡན་དང་པོ་ཡིན།། སར་ཟིང་བྱུང་ན་གཉིས་པ ་སྟེ།། འཇའ་རིས་ལྟ་བུ་གསུམ་པར་ཤེས།། སྨན་དྲི་དང་ལྡན་ཐ་མའི་རྟགས།། དགའ་བ་དང་པོ་འཐབས་ན་གཉིས།། འཚིག་ན་གསུམ་པ་འཚོ་ན་བཞི།། པྲ་ཁྲིད་ཀྱི་ཆ་ལུགས་ལས་ཐུགས་ལས་གབ་པའི་འཁོར་ལོའི ་ལེའུ་སྟེ་བདུན་པའོ།། །། ལྕགས་ཁང་གྲུ་གསུམ་འབར་བའི་སྟེང་།། དུར་ཁྲོད་རས་ཀྱི་ས་གཞི་ལ།། རུས་སྦལ་ནག་པོའི་གཟུགས་སུ་བྲི།། དེ་སྟེང་དྲེགས་པའི་གཟུགས་བཞག་སྟེ།། དྲེགས་པའི་ཡན་ལག ་བཞི་པོ་ལ།། འབྱུང་བ་བཞི་ཡི་འཁོར་ལོ་དགོད།། འཁོར་ལོའི་སྟེང་དུ་བསྐྱེད་བྱ་བ།། ཀླུ་ཆེན་བཞི་ཡི་གཟུགས་སུ་བྱ།། དེ་སྟེང་སྦས་པའི་མ་བཞི་དགོད།། ཡུམ་གྱི་ཞབས་བརྒྱད་འབར་བ་ཡིས།། མ་ཆེན་བཞི་ཡི་དབུས ་ནས་བརྫིས།། དབུ་ལ་ཡབ་ཀྱིས་དབུ་བརྒྱན་པ།། ཡབ་ཀྱི་ཕྱག་ན་བསྣམས་པ་ནི།། པླཀྵའི་ཤིང་ལ་རྡོ་རྗེའི་གཟུགས།། ཕྱག་ན་འདྲིལ་ཞིང་འཁོར་ལོ་བསྐོར།། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རི་མུ་ཏྲི་ནི་རྦད། ཤན་ཏྲི་ནི་རྦད། བྷ ་ག་དུན་ཏྲི་ནི་རྦད། ཁ་མུན་དུན་ཏྲི་ནི་རྦད། ཡབ་ཡུམ་འོད་ཟེར་འབར་བ་ཡིས། མ་བཞིའི་ཐུགས་ལས་རྒྱུད་བསྐུལ་བས།། རུས་སྦལ་ཁོག་པའི་འཇུག་སྒོ་བཞིར།། ཡིག་འབྲུ་ནད་ཀྱི་མཚོན་སྤྲིན་ནི།། སོལ་དུམ་ཚྭ་ཚྭ ་འཁྲུག་པ་ལྟར།། དམ་སྲིའི་སྲོག་རྩ་ཆེན་པོ་བཞི།། འོད་ཟེར་ཚ་ཚ་འཁྲུག་པར་སྤྲོ།། དམ་སྲི་རྣམ་ཤེས་བརྒྱད་ཀྱི་རྟེན།། སྲིན་བུ་མེ་ཁྱེར་འདྲ་བ་དེ།། སྔགས་གཟེར་ནག་པོས་གཅོད་ཅིང་གསོད།། རེ་རེ་ལ་ཡང་སྟོང་རྩ ་བརྒྱད།། འཁོར་ལོ་གནད་ལ་ཕེབ་པ་དང་།། འཁོར་ལོའི་དབུས་སུ་དྲིལ་བྱས་ཏེ།། དུར་སོལ་ས་སྦྱིན་འདྲེས་པ་ཡི།། པུ་ཏྲ་ཟླ་བ་མོན་པའི་གཟུགས།། གཉིས་ཀྱི་ལྟོ་བར་དྲིལ་ལ་གཞུག། མཆོད་རྟེན་ནག་པོའི་རྨང་གི ་འོག། གོང་བཞིན་མནན་ལ་འཁོར་ལོ་བསྐོར།། ཁ་འབར་ནག་པོ་ལས་རྒྱ་མཚོའི་རྒྱུད་ལས།། གཅོད་པའི་འཁོར་ལོའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་གིས ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། གནོད་སྦྱིན་ལྕང་ལོ་འདུས་པའི་ཕོ་བྲང་ནས།། དྲེགས་པ་འཇོམས་པའི་རྒྱ་གྲམ་འབར་བ་ཅན།། བསྟན་པ་མི་ནུབ་ཆོས་ཀྱི་འཁོར་ལོ་བསྐོར།། དམ་སྲི་རྡུལ་དུ་བརླག་པའི ་ལས་གྱིས་ཤིག། ཅེས་བསྐུལ་ཞིང་གཏད་པའོ།། དེ་ནས་ཕྱག་ན་རྡོ་རྗེས་རང་རྟགས་ཀྱི་འཁོར་ལོ་བསྐོར་ཞིང་། ཁྱེའུ་མི་ཏྲི་ཆུང་ངུ་ལ་བསྐུལ་བ། རི་ནག་པོ་ཐེ་སེ་ལ་གནས་པའི་རིག་པ་ཅན།། གནམ་ས་གཉིས་ཀྱི་བར ་ནས་སྤྲུལ་པ་ཁྱོད།། ལུང་བཞིའི་དོན་ལ་མཁས་པའི་རིག་པ་ཅན།། གསང་སྔགས་དོན་འདི་ཡལ་བར་མ་བཏང་ཞིག། ཅེས་བསྟོད་དོ། ཁ་འབར་ནག་པོ་ལས་རྒྱ་མཚོའི་རྒྱུད་ལས། རྒྱུད་གདམས་ཤིང་གཏད་པའི་ལེའུ ་སྟེ་དགུ་པའོ།། །། སྲིད་པ་རྒྱུད་ལུང་གི་རྒྱུད་ཕྱི་མ་ཁ་འབར་ནག་པོ་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། ་