CLOSE WINDOW

Gpb028.003: rdo rje phur pa zhe sdang yongs su dag pa'i rgyud kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

པའོ།། །། @#།། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་དྭེ་ཥ་པ་རི་ཤུདྡྷ་རཱ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སོ་སོ་མ་ཡིན་པའི་རང་བཞིན་ཏེ། དེ་ཉིད་ཀྱི ་ངོ་བོས་མཐའ་དབུས་མེད་པའི་གསང་བ་ནས་དྲག་པོ་ཟུར་གསུམ་སྟེ། འཇིགས་བྱེད་དྲག་པོའི་རྒྱན་མང་པོས་བཀླུབས་པ། དེ་ཉིད་རིགས་དང་རྡོ་རྗེ་དང་གྲངས་དང་རྣམ་པ་ཐམས་ཅད་ཀྱི་ཁྱད་པར་དང་ལྡན་པ། ཡེ་ཤེས་ཀྱི ་ཕུར་པའི་ངོ་བོར་བཞུགས་སོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ཕུར་པ་གསང་བ་འདི་ལྟ་བུ།། ཨེ་མ་འཁོར།། ཨེ་མ་ཧེ་རུ་ཀ་ལེགས་སོ། ་ལེགས་སོ།། སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་ཆེན་པོ་དམ་ཚིག་ཆེན་པོ་སྙིང་པོ་རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པ་ཞེས་བྱ་བ་ཉོན་ཅིག། ཀརྨ་ཧེ་རུ་ཀས་གསོལ་པ། བྱང་ཆུབ་སེམས་འདི་སྙིང་རྗེ་ཇི་ལྟར་འགྱུར།། རྣལ ་འབྱོར་དབང་ཕྱུག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་གསུངས་པས།། ལུས་དབུས་ཡེ་ཤེས་རོས་གང་བ།། མྱོང་བ་བྱང་ཆུབ་སེམས་སུ་བཤད།། ཕྱག་རྒྱ་ཆེ་ལ་རབ་གནས་པ།། ཐིག་ལེ་དབུས་ནས་འདྲེན་པ ་ནི།། རྣལ་འབྱོར་དབང་ཕྱུག་ཆེན་པོར་གསུངས།། ཀརྨ་ཧེ་རུ་ཀས་གསོལ་པ། བཛྲ་ཞེས་པ་ཇི་ལྟར་འགྱུར།། དེ་ཡི་མཚན་ཉིད་ཇི་ལྟ་བུ།། ཀི་ལ་ཡ་ཞེས་ཅི་ཞིག་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།། བཛྲ་ཞེས་པ་རྡོ་རྗེར་གསུངས།། ཀཱི་ལ་ཡ་ཞེས་ཕུར་པ་སྟེ།། རྡོ་རྗེ་ཕུར་པ་བདག་ཉིད་རྒྱུད།། ང་ཡིས་བཤད་ཀྱི་ཁྱོད་ཉོན་ཅིག། དགུག་དང་དཔྲལ་དང་གསད་པ་དང་།། རེངས་པ་ཉིད་དང་བསྐྲད་པ་དང་།། སྡེ ་དཔུང་ཕམ་དང་མངོན་སྤྱོད་པའོ།། ཇི་ལྟར་གསུངས་པའི་རིམ་པ་དག། བརྟུལ་བཞུགས་བཅས་ལས་མཉན་པར་གྱིས།། ཡེ་ཤེས་ཆེན་པོ་ལུས་ལ་གནས།། ཀུན་ཏུ་རྟོག་པའི་འཆིང་བ་བཅོམ།། ལུས་ལ་ཡེ་ཤེས་སྐྱེད་མི ་གྱུར།། ཀརྨ་ཧེ་རུ་ཀས་གསོལ་པ། ཀྱེ་ཁྲག་འཐུང་གི་རྒྱལ་པོ་བཅོམ་ལྡན་འདས་ཉིད་ཀྱི་ལུས་ལ་བྱང་ཆུབ་སེམས་ཀྱི་གནས་སུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟེན་གནས་སུམ་ཅུ་རྩ་གཉིས་པོ།། སུམ་ཅུ ་རྩ་གཉིས་འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་བདེ་བ་འཛག་པའི་མཚན་ཉིད་ཅན་ཁོ་ནའོ།། དེ་ལ་གཙོ་བོ་གསུམ་སྟེ།། ལ་ལ་ནཱ་དང་།། ར་ས་ན་དང་། ཨ་བ་དྷཱ་ཏཱིའོ།། ལ་ལ་ནཱ་ནི་གཡས་ཉིད་གནས།། ར་ས་ནཱ་ནི་གཡོན་དུ ་ཤེས།། ཨ་བ་དྷཱ་ཏཱི་དབུས་ན་འཛག། གཟུང་དང་བྲལ་ཞིང་དྲི་མ་མེད།། ཤིན་ཏུ་ཕྲ་བའི་བདག་ཉིད་ཅན།། ཨ་བྷེདྱཱ་སུཀྟཱ་རཱུ་པཱ་དང་། དི་བྱཱ་དང་། བཱ་མཱ་དང་། བཱ་མི་ནཱི་དང་། ཀུ་ར་མ་ཛཱ་དང་། བྷ་བ་ཀཱི་དང་། ཤེ་ཀ་དང་། དོ ་ཥཱ་དང་། ཥྚ་ཛཱ་དང་། མཱ་ཏ་རཱ་དང་། སརྦ་རཱི་དང་། ཤཱི་ཏ་དཱ་དང་། ཨུཥྨཱ་དང་། ལ་མ་ནཱ་དང་། ཨ་བ་དྷ་ཏཱི་དང་། ར་ས་ནཱ་དང་། བྲ་བ་ཎཱ་དང་། ཀྲྀཥྚ་དང་། སུ་རཱུ་བི་ཎཱི་དང་། སྭ་མཱ་ནྟ་དང་། ཧེ་ཏུ་དཱ་ཡི་ཀཱ་དང་། བི་ལོ་ཀཱ་དང་། ་པྲེ་མ་ཎཱི་དང་། སིདྡྷི་དང་། སྭ་བ་ཀཱི་དང་། སུ་མ་ནཱ་སྠཱ་དང་། ཏྲྀ་བྲིཏྟ་དང་། ཀ་མ་ནི་དང་། གེ་ཧཱ་དང་། ཙཎྜ་ཀཱ་དང་། མཱ་ར་ད་རི་ཀའོ། སུམ་ཅུ་རྩ་གཉིས་པོ་འདི་དག་ཁྲག་འཐུང་གི་རྒྱལ་པོས་ཇི་ལྟར་བལྟ། བཅོམ་ལྡན ་འདས་ཁྲག་འཐུང་གི་རྒྱལ་པོས་བཀའ་སྩལ་པ།། ཁམས་གསུམ་པོ་ནི་ཁུ་བའི་གཟུགས།། དྲི་བྲལ་ཐིག་ལེའི་གཟུགས་ཅན་ཉིད།། རྟག་ཏུ་རྣམ་སྤངས་བདེ་བའི་གཟུགས།། ཕྱི་དང་ནང་གི་དབྱེ་བ་གསུམ།། ཨཱ་ལི་དང་ནི ་ཀཱི་ལི་དང་།། ཟླ་བའི་ཉི་མ་གཡས་དང་གཡོན།། ཐབས་དང་ཤེས་རབ་བདག་ཉིད་དོ།། ཆོས་ཀྱི་ཐིག་ལེ་དང་། ལོངས་སྤྱོད་ཀྱི་ཐིག་ལེ་དང་སྤྲུལ་པའི་ཐིག་ལེ་དང་། བདེ་བ་ཆེན་པོའི་ཐིག་ལེའོ།། ཡི་གེ་བཞི་ནི། ཨེ་བཾ་མཱ་ཡཱ ་འོ།། སྤྲུལ་པའི་རྟེན་ལ་ཐིག་བཞི་གནས།། ཤིང་ནི་དྲུག་ཅུ་རྩ་བཞིའོ།། ཆོས་ཀྱི་ཐིག་ལེ་ལ་བརྒྱད་དོ།། ལོངས་སྤྱོད་ཐིག་ལེ་ལ་བཅུ་དྲུག་གོ། བདེ་བ་ཆེན་པོའི་ཐིག་ལེ་ནི་སུམ་ཅུ་རྩ་གཉིས་སོ།། མཚོན་པ་ནི་བཞི་སྟེ། སྣ ་ཚོགས་དང་། སྨིན་པ་དང་། བཙིར་བ་དང་། བྲལ་བ་རྣམས་སོ།། གནས་ལུགས་ཀྱི་དེ་ཁོ་ན་ཉིད་བཞི་ནི། བདག་དང་སྔགས་ཀྱི་དེ་ཁོ་ན་ཉིད་དང་།། ལྷ་དང་ཕུར་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ།། ས་བཞི་ནི། བདེ་བའི ་ས་དང་། དྲི་མ་དང་བྲལ་བའི་ས་དང་། འབྲས་བུ་དང་བཅས་པའི་ས་དང་། ཐམས་ཅད་མཁྱེན་པའི་སའོ།། ཟླ་བ་དང་ཉི་མ་དང་ཨཱ་ལི་དང་ཀཱ་ལི་བཞི་རུ་ཡང་དག་པར་འཕོ་བའོ།། དེ་ལྟར་ཐམས་ཅད་ནི་བཞི ་བཞི་དང་སྡེར་དབྱེ་བའོ།། སྤྲུལ་པའི་ཐིག་ལེ་སྦར་བས་ཐིག་ལེ་རྣམས་བསྲེགས་པས།། བདེ་བ་ཆེན་པོའི་ཐིག་ལེ་འཛག་པས་ཕྱག་རྒྱ་ཆེན་པོ་བསྐྱེད་པ་ཉིད་དོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་བྱང་ཆུབ ་སེམས་ཀྱི་ལེའུ་སྟེ་དང་པོའོ།། །། དེ་ནས་བྱིན་རླབ་སྔགས་ཀྱི་ལེའུ་བཤད་པར་བྱ་སྟེ། ཡི་དྭགས་རྣམས་ཀྱི་གཏོར་མའི་སྔགས་ནི།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏཱ་ཏ། ཨོཾ་ཨཿཧཱུཾ་ཕཊ་སྭཱ་ཧཱ། ཁྲག་འཐུང ་རྣམས་ཀྱི་ས་བོན་ནི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱཾ་བཾ་ཧཱུཾ་ཕཊ། རྡོ་རྗེ་གཞོན་ནུའི་སྙིང་པོའོ། སྔགས་ཀྱི་ཚིག་ཐམས་ཅད་ལ་ཡི་གེ་ཨོཾ་ལ་སོགས་པ་དང་། སྭཱ་ཧཱ་ནི་མཐར་རོ།། ཧཱུཾ་དང་ཕཊ། ་ནི་བར་དུ་གཞུགས་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ཀ་ཙ་ཌ་ཏ་བ་ཡ་ཤ་སྭཱ་ཧཱ།། གནས་ནས་བསྐྲད་པའི་སྔགས་སོ།། ལྷ་མོ་རྣམས་ཀྱི་ས་བོན་ནི།། ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ།། ས་བོན་ནི་འདི་རྣམས་སོ།། ཨོཾ་བཛྲ ་ཀྲོ་ཏ་ཧཱུཾ་ཀཱ་ར་གརྫ་གརྫ་ཧཱུཾ་ཕཊ་སྭཱ་ཧཱ། ཧཱུཾ་ཀཱ་ར་ན་ཏ་རི་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དངོས་གྲུབ་དོན་ནི་དབྱེ་བའོ།། སྔོན་དུ་བསྙེན་པ་ནི་སུམ་འབུམ་མོ།། དེར་བསྒྲུབ་བྱ་དེ་རྣམ་པར་བསམ་ཏེ་སྨན་ཆེན་པོ་དེས་བསྐོར ་ནས་བསྒྲུབ་བྱ་ཐམས་ཅད་ཀྱི་གོ་བཅད་པར་འགྱུར་རོ།། རྡོ་རྗེ་སྨན་གྱི་ཆོ་གའོ།། ཚ་བའི་རིམས་ཀྱིས་ཐེབས་པར་འདོད་ན།། གནོད་སྦྱིན་གྱི་ཤིང་ཨརྒ་ཏའི་འདབ་མ་ལ་དུག་དང་སྐྱེ་ཚེ་དང་ཤིང་ཙི་ཏྲ་ཀའི་ཁུ་བས་གདུག་པ ་ཅན་གྱི་མིང་བྲིས་པ།། དུར་ཁྲོད་ཀྱི་མེར་བཅུག་ལ་སྔགས་བཟླས་པ་ཁྲིར་བྱ་བ་ནི།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་བྷྲཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། ཁྲི་རུ་བཟླས་པས་འགྲུབ་པའོ།། བུད་མེད་དབང་དུ་བྱ་བར་འདོད་པས། ་དཔྱིད་ཟླ་ར་བའི་ཡར་གྱི་ངོའི་ཚེས་བརྒྱད་ལ་ཤིང་ཨ་ཤྲ་ཀའི་དྲུང་དུ་གོས་དམར་པོ་གྱོན་ལ་ཤིང་མ་ག་ཏའི་ཀཏྟ་ཡང་འབྲས་བུ་བཟའ་ཤིང་ཀ་མ་ཙི་ཀའི་ཐིག་ལེ་བྱས་ཏེ་སྔགས་བཟླས་པ་ནི།། ཨོཾ་ཨ་མ་ཡོ་གི་མི་ཧྲི་བྷ་ཤི་དྷ་རུ ་སྭཱ་ཧ། བྲིས་ཁུགས་སོ།། དེ་ནས་དུད་འགྲོ་རྣམས་ཀྱི་སྙིང་པོ་དབྱེ་སྟེ།། ཨོཾ་བཛྲ་ཀི་ལ་ཡ་བྷེ་ལུ་བ་ཨུ་ཙྪ་ཊ་ཏ་ཨུ་ཕཊ། ཞེས་བརྗོད་ནས་གླང་པོ་ཆེའི་མཆེ་བའི་ཕུར་བུ་དྲིལ་བས་གླང་རྒོད་འབྲོས་པར་འགྱུར་རོ།། ཨོཾ་བཛྲ་ཀཱི་ལ ་ཡ་པ་ད་མ་མ་ཨུཙྪ་ཊ་ཏ་ཧཱུཾ་ཕཊ་ཅེས་བརྗོད་པས། སྟག་གི་མཆེ་བ་གཡས་པའི་ཕུར་པ་དྲིལ་བས་སྟག་མི་གཟན་འབྲོས་པར་འགྱུར་རོ།། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཨི་ལི་མི་ལི་ཕུ་ཕུ་ཨུཙྪ་ཊ་ཏ་ཧཱུཾ་ཕཊ། ཅེས་བརྗོད་ནས་སྦྲུལ ་ཆེན་པོའི་མཆེ་བ་དྲིལ་བས། སྦྲུལ་མི་གཟན་འབྲོས་པར་འགྱུར་རོ།། གནོད་སྦྱིན་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་བསྟན་ན།། ཁྱི་རྒོད་འབྲོས་པར་འགྱུར་རོ།། རྡོ་རྗེ་རིན་ཆེན་ལས་རྣམས་ཀྱིས།། སོ་སོ་ཐ་དད་ལས་སོགས་བྱ།། རྡོ་རྗེ ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཁྲག་འཐུང་འབར་བའི་ལེའུ་བཤད་པར་བྱ་སྟེ། དང་པོ་བྱམས་པ་བསྒོམ་བྱས་ཏེ།། གཉིས་པ་སྙིང་རྗེ་རྣམ ་པར་བསྒོམ།། གསུམ་པ་དགའ་བ་བསྒོམ་པ་ཉིད།། བཏང་སྙོམས་ཀུན་གྱི་མཇུག་ཏུའོ།། དེ་ནས་ཡང་ནི་འདི་ལྟར་ཏེ།། སྟོང་པའི་བདེ་བ་བྱང་ཆུབ་དང་།། གཉིས་པས་དངོས་པོ་ས་བོན་བསྡུས།། གསུམ་པས་ཁྲག་འཐུང ་གཟུགས་རྫོགས་པའོ།། བཞི་པས་ཁྲོ་བོའི་དབང་པོ་དགོད།། རཾ་ནི་ཉི་མ་མངོན་དུ་བསྒོམ།། ཉི་མ་དེ་རུ་སྣ་ཚོགས་རྡོ་རྗེ་དངོས།། རྡོ་རྗེའི་དེ་ཉིད་བསྒོམ་པར་བྱ།། ར་བ་དང་ནི་ཐོག་གིས་བཅིངས།། དང་པོར་བསྒོམ་བྱ་དབང ་ཕྱུག་ཆེན་པོ་ཉིད།། བློ་ལྡན་ཆོས་ཉིད་རང་བཞིན་ནོ།། རྣལ་འབྱོར་དེ་སྟེང་གནས་པ་ནི།། ཁྲག་འཐུང་འབར་བ་བསྒོམ་པར་བྱའོ།། རང་ཉིད་ཉི་མའི་སྙིང་པོ་བསྒོམ།། དངོས་པོ་དེ་ནི་ས་བོན་དཀྱིལ་འཁོར་རོ།། ཡི་གེ་ཧཱུཾ་བྱུང ་འཇིགས་ཆེན་པོ།། ཤེས་རབ་རང་བཞིན་ཆེར་རྙེད་ཉིད།། ཁ་དོག་ནག་པོ་འཇིགས་ཆེན་པོ།། ཡི་གེ་ཧཱུཾ་ལས་རྡོ་རྗེ་བྱུང་།། རྡོ་རྗེ་ལྟེ་བའི་དབུས་ན་གནས།། ཧཱུཾ་ཉིད་ཡོངས་སུ་ཞུ་བ་ལས།། ཞེ་སྡང་བདག་པོར་རྣམ་པར ་བསྒོམ།། ནག་པོ་ཆེན་པོ་རྡོ་རྗེ་ཀྱེ།། རྒྱན་རྣམས་ཀུན་གྱི་འཆང་བྱེད་པའི།། ལྷ་མོ་ལྔ་ཡིས་ཡང་དག་མཆོད།། ནག་མོ་ལག་ན་གཟུགས་འཛིན་མ།། ཆགས་པའི་ལག་ན་དྲི་འཛིན་མ།། འཇིགས་བྱེད་མ་ནི་སྒྲ་འཛིན་མ།། སྔོ ་བསངས་མ་ནི་རོ་འཛིན་མ།། འཇིགས་ཆེན་མོ་ནི་འཁྱུད་བྱེད་མའོ།། ལྷ་མོ་ལྔ་ཡི་ཁྱད་པར་གྱིས།། བདེ་ཆེན་འཇིགས་པའི་གཟུགས་མཆོད་པའོ།། དཔའ་བོ་འཇིགས་པའི་གཟུགས་ཅན་ལ།། བསྡུས་ཏེ་སྙིང་གར་རབ ་ཞུགས་པས།། རྣལ་འབྱོར་པ་བདག་ཞེ་སྡང་འགྱུར།། སྔོན་པོ་ཅུང་ཟད་དམར་མདངས་མདོག། རྡོ་རྗེ་ཁྲོས་པའི་གཟུགས་འཆང་ཞིང་།། དམར་ནག་རལ་པ་གྱེན་དུ་བརྫེས།། རྒྱན་ལྔ་ཡིས་ནི་རྣམ་པར་བརྒྱན།། རུས་པའི ་འཁོར་ལོ་སྦྲུལ་གདུབ་དང་།། སྐྲ་ཡི་སྐེ་རགས་ཐལ་ཆེན་ཚོམ་བུ་དང་།། རཀྟའི་ཐིག་ལེས་རྣམ་བརྒྱན་པ།། འདི་དག་རྒྱན་ལྔར་རབ་ཏུ་གྲགས།། རྣམ་པར་དག་པ་ཁྲག་འཐུང་ལྔ།། ལོ་ནི་བཅུ་དྲུག་ལོན་པ་ཡི།། ལུས་འདྲ ་ཁྲོས་པའི་ལྟ་སྟངས་མཛད།། གཡོན་གྱི་དང་པོ་མེ་དཔུང་སྟེ།། བར་པ་ཁ་ཊྭཱཾ་རྩེ་གསུམ་འཛིན།། གཡས་ན་རྡོ་རྗེ་ནག་པོ་སྟེ།། བར་བ་རྩེ་ལྔ་ཐུགས་ཀར་བསྟན།། ཐ་མ་རི་རབ་ཕུར་པ་བསྟན།། ཧཱུཾ་ཕཊ་སྒྲོག་པའི་བདག་ཉིད ་ཅན།། མགོན་པོ་དུར་ཁྲོད་ཁྲག་རློན་གསོལ།། ཁྲོ་རྒྱལ་ཁྲག་འཐུང་བཅུས་བསྐོར་ཞིང་།། མི་བཟད་གར་ཟབས་རོལ་པའི་ཚུལ།། ཤེས་རབ་རྡོ་རྗེ་རྒྱས་འདེབས་ནི།། ཆགས་པའི་ཚུལ་འཛིན་ཡབ་ལ་འཁྱུད།། གཡས་པ་ལྔ ་མིན་རཀྟ་སྟོབ།། ཕྱག་དྲུག་ཞལ་གསུམ་འཇིགས་པའི་གཟུགས།། ཧཱུཾ་གསལ་ལྷ་ཡི་འཁོར་ལོ་རྫོགས།། ཞབས་འོག་དབང་ཕྱུག་ཆེན་པོ་མནན།། ངེས་པར་རྣམ་པར་རྫིས་པའོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད ་ལས་ལྷ་ཉིད་ཀྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དབང་བསྐུར་བའི་ལེའུ་བཤད་པར་བྱ་སྟེ།། སྙིང་གར་འོད་ཟེར་འབར་འཕྲོ་འཁྲུག། བྱུང་བས་སྔོན་པོ་ལྕགས་ཀྱུའི་གཟུགས།། བདུད་རྩི་འཁྱིལ་པའི ་ཕྱག་ན་གནས།། སྤྱན་འདྲེན་མཆོད་བསྟོད་དང་པོ་ཡིན།། འོག་མིན་སངས་རྒྱས་སྤྱན་དྲངས་ཏེ།། ནམ་མཁར་འཇིགས་པའི་གཟུགས་ཅན་བསམས།། དེ་ནས་ཁྲོ་མོ་ལྔས་མཆོད་དེ།། ཁྲག་འཐུང་རྗེས་སུ་བསྐུལ་ནས ་ནི།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་བཛྲ་ཀ་ཐ།། དེ་ནས་སངས་རྒྱས་ཐམས་ཅད་ནི།། ཁྲག་འཐུང་གཟུགས་སུ་གྱུར་ནས་ནི།། མཁའ་གསང་སྦྱོར་བའི་བྱིན་རླབ་ལས།། བྱང་ཆུབ་སེམས་དཔའ་སྤྱི ་བོར་བསྐུར།། ལྔ་ཡི་དབང་བསྐུར་ཆགས་ཆེན་ལ།། གུར་གུམ་ཆར་དང་གླུས་བསྟོད་ནས།། མགོ་སྟེང་རང་གི་བདག་པོར་བཞུགས།། དེ་ལྟར་ཁྲག་འཐུང་སྐུར་རྫོགས་ནས།། ཐུན་མཚམས་བཞིར་ནི་བྱིན་གྱིས ་རློབས།། བསྒོམ་པ་བྱས་ནས་ལངས་ནས་སུ།། ཁྲག་འཐུང་གཟུགས་སུ་གནས་པར་བྱའོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་ལྷ་ལ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་གནས་ཀྱི་ལེའུ ་བཤད་པར་བྱ་སྟེ།། ཤིང་གཅིག་དྲུང་དང་མ་རུངས་པ།། དུག་ཤིང་གདུག་པ་ཡོད་པ་དང་།། མ་བདུན་གནས་པའི་ཁྱིམ་རྣམས་དང་།། སྲོག་ཆགས་ར་དང་ཆུ་སྲིན་ཁ།། གཡུལ་ངོ་བཀྱེ་དང་མཚོན་ཕོག་དང་།། བསད་བཅད ་པ་དང་མ་རུངས་པ།། འདི་ནི་དྲག་པོ་སྒྲུབ་པའི་གནས།། སྲིན་པོ་བསྒྲལ་བའི་ས་མཁར་དང་།། སྲོག་ཆགས་བསད་པའི་ཁྲག་རྗེས་དང་།། མ་བདུན་འདུས་པའི་ས་དག་ཏུ།། ཞི་བ་སྒྲུབ་པའི་གནས་སུ་གསུངས།། མེ་ཏོག ་འབྲས་བུ་ལྡན་པའི་རི།། གཅན་གཟན་གདུག་པ་ཡོད་པ་དང་།། ངང་པ་བཞད་དང་སྐད་སྙན་བྱ།། མཚོ་གླིང་དང་ནི་རྒྱལ་པོའི་གནས།། བྲམ་ཟེའི་ཁྱིམ་དང་མུ་སྟེགས་གྲོང་།། གླིང་བཟང་དག་དང་ལྷ་ཡི་གནས།། ལྷ་རྟེན ་དྲུང་དང་དུར་ཁྲོད་དུ།། འདིར་ནི་རྒྱས་པ་བསྒྲུབ་པར་བྱའོ།། སྟག་གི་སོ་འདྲ་སྦྲུལ་གྱི་ལྕེ།། བྲག་ནི་སྲིན་མོའི་མགོ་བཅད་འདྲ།། ལུང་པ་ཟངས་རི་འདྲ་བ་དང་།། སྟོན་པའི་ཞབས་ཀྱིས་བཅགས་པའི་གནས།། འདི་རྣམས ་བཀྲ་ཤིས་བདེ་བའི་གནས།། འདིར་ནི་དབང་གི་ལས་སྒྲུབ་གསུངས།། འདི་དག་གནས་ཀྱི་རིམ་པ་སྟེ།། ཕྱེ་བས་རྣམ་པ་བཞི་རྣམས་ནི།། སྒྲུབ་པའི་གནས་སུ་གསུངས་པའོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད ་ལས་གནས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཕུར་བུའི་རྒྱུ་བསྟན་པའི་ལེའུ་བཤད་པར་བྱ་སྟེ། ཀཱི་ལ་ཡ་ཡི་རྒྱུ་རྣམས་ནི།། རྣོ་ཞིང་གདུག་པའི་མཚོན་ཤིང་ལ།། ཟངས་སམ་ལྕགས་སམ་རིན་ཆེན་རྣམས།། བཀྲ ་ཤིས་པ་ཡི་རྒྱུ་རུ་གསུངས།། དྲག་པོ་ལྕགས་ཀྱི་ཕུར་པ་ལ།། གྲི་ལྕགས་མདེའུ་རྙིང་རྟགས་ཕྱིན་དང་།། གནམ་ལྕགས་ཐོག་གི་ལྕགས་དག་དང་།། གཅོད་དང་རྣོ་དང་བྲ་ལ་སོགས།། ལྕགས་སྣ་ལྔ་པོ་དག་ལ་ནི།། དྲག་པོ་མི ་བཟད་ཕུར་པ་བྱ།། བསོད་ནམས་ཅན་གྱི་རུས་པ་ལ།། ཀི་ལ་ཡ་ཡི་རྒྱུར་གསུངས་པའོ།། དབང་ལ་ཟང་དམར་ཉིད་ཀྱིས་བྱའོ།། རྒྱས་པ་གསེར་ལ་སོགས་པས་བྱ།། ཞི་བ་ཙན་དན་དཀར་པོས་བྱ།། རྩེ་མོའི ་དབྱིབས་ནི་སོ་སོར་བྱེད།། གཞན་ཡང་ཚེར་མ་ཅན་གྱི་ཤིང་།། རབ་ཏུ་མི་སྲུན་གནས་དག་ནས།། གང་དག་སྐྱེས་པ་གང་ཡིན་པ།། དུག་དང་བཙན་དུག་གནས་པ་དང་།། རབ་ཏུ་གཏུམ་པའི་གནས་དག་ནས།། སྐྱེས་པའི ་ཤིང་མཆོག་ཚེར་མ་ཅན།། གང་དག་སྐྱེར་ལྡེང་དུག་ཤིང་དང་།། སྲིན་པོའི་མཆོག་ཕུར་གཡས་པ་ལ།། རྩ་བའི་ལོགས་སུ་རྒྱ་མདུད་བྱའོ།། རྩེ་མོའི་ཕྱོགས་སུ་ཟུར་གསུམ་བྱ།། གཞུང་མཐུན་དེ་དག་མ་རྙེད་ན།། ཡི་གེ་གསུམ ་གྱིས་བྱ་བར་གསུངས།། དེ་དག་ཚད་ལ་མི་ལྡན་ཡང་།། ལས་རྣམས་འགྲུབ་པར་བཤད་པ་ཡིན།། སོར་བཞི་པ་དང་སོར་བརྒྱད་པ།། བཅུ་གཉིས་དག་ཏུ་གསུངས་པ་སྟེ།། དེ་བས་རིང་བར་མ་གསུངས་སོ།། ཐུང་བར་ཡང ་ནི་ཡོངས་མ་གསུངས།། ཕུར་བུའི་ཚད་ཀྱི་དབྱེ་བ་ནི། དགུག་པ་ཟངས་ཀྱི་ཕུར་བུ་ཡིན། དབྱེ་བ་སེང་ལྡེང་ཕུར་པ་ཡིན།། བསྐྲད་པ་དུག་ཤིང་ཕུར་པའོ།། མཱ་ར་ཡ་ཡི་ལྕགས་ཕུར་ཉིད། མནན་པ་གསེར་གྱི་ཕུར་བུས་བྱའོ།། ་ཕུར་བུ་དེ་རྣམས་རྒྱུ་རྣམས་ལ། སོར་གཅིག་པ་ནི་རྒྱ་མདུད་བྱ། སྟོད་ནི་ཟུར་བརྒྱད་མཚན་ཉིད་ལ།། སྨད་ནི་ཟུར་གསུམ་ཉིད་དུ་བྱ།། རི་རབ་ཆེ་ལྟར་བརྗིད་ཆགས་པ།། འབར་སྤྲིན་འཁྲུགས་པས་རྣམ་བརྒྱན་པས།། ཤིན ་ཏུ་འཇིགས་པའི་ཚུལ་འཆང་ཞིང་།། གསལ་བ་ཕྱེ་བ་དེ་ཁོ་ནའོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་རྒྱུ་དང་ཚད་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བྱིན་གྱིས་རློབ་པའི་ལེའུ་བཤད་པར ་བྱ་སྟེ། ཐོག་མར་སྐུ་གསུམ་དུ་བྱིན་གྱིས་བརླབ་པར་བྱའོ།། དང་པོ་སྟོང་པ་ཉིད་བསྒོམ་ནས།། ཆོས་ཉིད་སྐུར་བྱིན་གྱིས་རློབ་པའོ།། རྒྱ་མདུད་གཞལ་མེད་ཁང་དམིགས་ཏེ།། ཕྱོགས་བཞི་དབུས་དང་ལྔ་རྣམས་སུ།། རྣོ་མྱུར ་ཡི་གེ་ཧཱུཾ་ལྔ་བཞག། དབུས་སུ་ཁྲག་འཐུང་འབར་བ་ཉིད།། ཤར་དུ་ཁམས་གསུམ་རྣམ་པར་རྒྱལ།། ལྷོ་རུ་གཤིན་རྗེ་གཤེད་པོ་ཉིད།། ནུབ་ཏུ་རྟ་མགྲིན་རྒྱལ་པོ་སྟེ།། བྱང་ཉིད་དུ་ནི་སྟོབས་པོ་ཆེ།། འདི་རྣམས་སོ་སོའི་སྙིང་པོ ་དྲན་ཙམ་གྱིས་བསྐུལ་ཏེ།། གཟུགས་དང་གཉིས་སུ་མེད་མཆོད་དེ།། དཀྱིལ་འཁོར་རྒྱས་པར་རབ་དམིགས་ཏེ།། ཕྱི་ནང་མཆོད་པ་མ་ལུས་འབུལ།། དེ་ནས་དམ་ཚིག་ཉིད་བསྐུལ་ནས།། གཉིས་སུ་མེད་པར་ལྷ་རྣམས ་རྫོགས།། གསལ་བ་ལྷ་ཡི་དཀྱིལ་འཁོར་རོ།། ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབ་པའོ།། དེ་ནས་སྲས་མཆོག་ཀི་ལ་ཡར་བསྐྱེད་པ་ནི།། ལྟེ་བ་ཡན་ཆད་མཐིང་ནག་ལ།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ།། སྦྲུལ་ནག ་བརྒྱན་ཅིང་ཐོད་ཕྲེང་བཅིངས།། སྤྱན་གསུམ་པ་ནི་སྡང་མིག་བགྲད།། གཡོན་པའི་ཕུར་བུ་དག་ལ་གཟིགས།། མཆེ་བ་རྣམ་པར་གཙིགས་པ་སྟེ།། རབ་ཏུ་རྔམ་པའི་ཞལ་དང་ལྡན།། དུར་ཁྲོད་མེ་དཔུང་དབུས་ན ་འགྱིང་།། ལྟེ་བ་ཡན་ཆད་ཆས་རྣམས་ནི།། ལྕགས་ཀྱི་ཕུར་པ་ཟུར་གསུམ་པ།། ཨེ་ཡི་ནང་དུ་བརྟན་པར་བཞུགས།། ཕྱག་བཞི་གཡས་ཀྱི་དང་པོ་ན།། རྡོ་རྗེ་ཆེན་པོའི་དབྱུག་ཐོ་འཛིན།། དེ་འོག་རྡོ་རྗེ་རྒྱ་གྲམ ་འཛིན།། གཡོན་གྱི་དང་པོ་ཁ་ཊྭཱཾ་འཁྲོལ།། ཁྲོ་བོས་བདུད་དཔུང་རྣམ་པར་འཇོམས།། དེ་འོག་ཕུར་པ་ཟུར་གསུམ་པ།། འདེབས་པའི་ཚུལ་དུ་འཛིན་པ་ཡིས།། ངན་སོང་གསུམ་དག་འཇིགས་བྱེད་པའོ།། སྟོབས་དང་མཐུ ་དཔུང་རྩལ་ཆེན་དྲག། ཐམས་ཅད་འདུས་ཏེ་ལྷག་པར་འཇིགས།། ཐུགས་ལས་ཕྱུང་སྟེ་རྟག་པ་ཆེན་པོར་བཞུགས།། འདི་ནི་སྦྲུལ་སྐུའི་བྱིན་གྱིས་རློབ་པའོ།། གནས་ལྔ་འབྲུ་ལྔ་གཞག་སྟེ་བརླབ།། སྐུ་གསུང་ཐུགས་སུ་བྱིན ་བརླབ་པ།། སྤྱི་བོར་ཨོཾ་ལ་སྐེད་པར་ཧྲཱི།། རྩེ་མོར་ཕཊ་ནི་བསམ་པར་བྱའོ།། ཤེས་འོག་ཐུགས་ཀྱི་ཡེ་ཤེས་ནི།། རྩེ་གཅིག་པ་རུ་བྱིན་གྱིས་བརླབས།། ཟུར་གསུམ་དུ་ནི་ཕཊ་གསུམ་བཞག། ངོས་གསུམ་དུ་ནི་ཧཱུཾ་གསུམ ་སྟེ།། དེ་ཡི་རིགས་རྣམས་སོ་སོའོ།། ཁྲོ་བོ་རྣམས་ཀྱིས་དབང་བསྐུར་ཏེ།། ཁྲོ་རྒྱལ་དཀྱིལ་འཁོར་ཕྱོགས་བཅུར་སྤྲོས།། བསྡུས་པས་གཟུགས་རྣམས་ཐམས་ཅད་ཀུན།། ཧཱུཾ་དང་ཕཊ་ཀྱི་སྒྲ་འབྱིན་པ།། སྐུ་ཡི་ཚོགས་ལ་རྣམ ་པར་བསྟིམ།། བདག་ཉིད་བདག་ཉིད་ཆེན་པོ་ཡིན།། ཕུར་པ་ཡང་བདག་ཉིད་ཆེན་པོ་ཉིད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱ་སྟེ། ལག་པ་གཡས་པའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམ། ་གཡོན་པར་ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་ཨ་བསམ། གུང་མོ་ལ་ཨོཾ་བསམ།། མཐེ་བོང་ལ་ཧཱུཾ། མཛུབ་མོ་ལ་ཏྲཾ། སྲིན་ལག་ལ་ཧྲི་བསམ། མཐེ་ཆུང་ལ་ཨ་བསམ།། འདི་རྣམས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར ་གནས་པར་བསམ།། དེ་ནས་རྡོ་རྗེ་ཐལ་མོ་མཉམ་པར་གཞག་པར་བྱ་སྟེ། ཨོཾ་བཛྲ་ཨཉྫ་ལི་ཧཱུཾ་ཞེས་བརྗོད་པས། སོར་མོ་ཅུང་ཟད་བསྣོལ་ཏེ།། བཛྲ་བྷནྣ་ཧཱུཾ་ཞེས་བརྗོད་པས་སོར་མོ་རྒྱབ་སྦྱར་ཏེ་བསྡམ། དེ་ནས་ས་མ་ཡ་སྟྭཾ ་ཞེས་བརྗོད་པས་ཕུར་པ་བླང་ཏེ་ལག་པར་བཅུག་ལ། ལག་པ་རྟིང་པ་ཕྱེ་སྟེ་མཐེ་བོང་གཉིས་དང་སྲིན་ལག་གཉིས་དང་མཐེའུ་ཆུང་གི་ཕྲག་ཏུ་བཅུག་ལ།། མཐེ་བོང་ཡང་བསྐུལ་ཞིང་བསྒྲིལ་ལོ།། ཨོཾ་བཛྲ་ཨཱ་བེ་ཤཱ་ཡ་ཨ་ཞེས ་བརྗོད་པས།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཞེ་སྡང་རྗེས་སུ་དྲན་པའི་སྐུ་ཡུངས་འབྲུ་ཙམ་གྲངས་མེད་པར་བསྡུ་ཞིང་བསྟིམ་མོ།། དེ་ནས་བྱིན་གྱིས ་བརླབས་ཤིང་དབང་ཡང་བསྐུར་རོ།། གུ་གུལ་བདུག་ཅིང་ཉུང་དཀར་བརྡེག། ར་ཁྱི་ཁྲག་དང་གསུར་ཆེན་གྱིས།། སོ་སོའི་སྙིང་པོ་གདོན་ཅིང་བྱུག། བྱིན་བརླབ་དབང་བསྐུར་མཆོག་ཏུ་གསུངས།། བདེ་གཤེགས་རིན་ཆེན ་གསལ་བ་ཡིས།། རྨད་བྱུང་བྱིན་གྱིས་བརླབ་པ་ཡི།། རིམ་པ་ཚུལ་སྦྱིན་ལ་སོགས་བྱ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས། བྱིན་གྱིས་རློབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ལྷ་རྣམས་ཡོངས་སུ ་དག་པའི་ལེའུ་བཤད་པར་བྱ་སྟེ། ངེས་པའི་དངོས་པོ་ཐམས་ཅད་ཀུན།། ཀུན་ནས་དག་པར་བརྗོད་པའོ།། ཕུང་པོ་ལྔ་དང་དབང་པོ་དྲུག། སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ།། རང་བཞིན་གྱིས་ནི་རྣམ་པར ་དག། ཉོན་མོངས་ཤེས་བྱའི་སྒྲིབ་པ་བྱང་།། རང་ཉིད་བདག་ཉིད་དག་པ་ཉིད།། དག་པ་གཞན་གྱིས་དགྲོལ་བ་མེད།། ཡུམ་གྱི་དངོས་པོ་དག་པའི་ཕྱིར།། རང་རིག་དག་པའི་བདེ་བ་བཟུང་།། གཟུགས་ལ་སོགས་པའི་ཡུལ ་རྣམས་དང་།། ཕྱིར་རོལ་དངོས་པོ་ཐམས་ཅད་ཀུན།། དངོས་པོ་ཀུན་ལས་དག་པ་སྟེ།། འདི་ལྟར་དག་པས་ཁྲག་འཐུང་ཁྲོ་རྒྱལ་ཉིད།། ཀྱེ་ཁྲོ་རྒྱལ་ཁྲག་འཐུང་གཙོ།། རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས ་ཁྲག་འཐུང་གཙོ་བོས་བཀའ་སྩལ་པ། གཟུགས་ལ་སོགས་པའོ།། དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོ་ལ་ཞེན་པའི་ཕྱིར་རོ།། ཀརྨ་ཧེ་རུ་ཀས་གསོལ་པ།། ཁྲོ་བོའི་རྒྱལ་པོ་གཟུང་བ་དང་འཛིན་པ་གང ་ལགས།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། མིག་གིས་གཟུང་བར་བྱ་བ་དང་།། སྣ་ཡིས་ཚོར་བར་བྱ་བ་དང་།། ལྕེས་ནི་རོ་ལ་མྱོང་བ་དང་།། དག་པ་དུག་མེད་བསྟེན་བྱ་ཉིད།། གཟུགས་ནི་རྣམ་པར་རྒྱལ་བའོ།། ཚོར་བ ་གཤིན་རྗེའི་གཤེད་པོ་ཉིད།། འདུ་ཞེས་ཧ་ལ་གྲི་པའོ།། འདུ་བྱེད་བདུད་རྩི་འཁྱིལ་པའོ།། རྣམ་ཤེས་ཕུང་པོ་ཞེ་སྡང་བདག། རུས་པ་དབྱུག་པ་སྔོན་པོ་སྟེ།། ཁྲག་ནི་མི་གཡོ་མགོན་པོའོ།། དྲོད་ནི་གཞན་གྱིས་མི་ཐུབ ་པའོ།། དབུགས་ནི་ཁམས་གསུམ་རྣམ་རྒྱལ་ཉིད།། པགས་པ་ཁྲོ་བོ་སྟོབས་པོ་ཆེ།། རྩ་རྒྱུས་ཁྲོ་བོ་ཧཱུཾ་ཀཱ་ར།། རྣམ་པར་རྒྱལ་དང་གཤིན་རྗེའི་གཤེད།། ཧ་ཡ་གྲཱི་དང་བདུད་རྩི་འཁྱིལ།། དབྱུག་སྔོན་ཅན་དང་མི་གཡོ ་མགོན།། གཞན་གྱིས་མི་ཐུབ་ཁམས་གསུམ་རྒྱལ།། ཧཱུཾ་ཀཱ་ར་དང་སྟོབས་པོ་ཆེ།། བསྐྱེད་པའི་རིམ་པ་ཉིད་ཀྱི་ཕྱོགས།། སྲིད་པ་རང་གི་ངོ་བོ་ཡིས།། ལྷ་འདི་རྣམས་ཀྱི་ངོ་བོར་གནས།། ཡུལ་གྱི་དངོས་པོར་སྣང་བ ་ཡི།། གཟུགས་ཀྱི་རྡོ་རྗེ་སྙེམས་མ་ཉིད།། སྒྲ་ཡི་ཆ་ལ་སྒྲ་འབྱིན་མའོ།། དྲི་ལ་རྡོ་རྗེ་སྡེར་མོར་གསུངས།། རོ་ལ་དུར་ཁྲོད་བདག་མོར་གྲགས།། རེག་ལ་རྡོ་རྗེ་གཏུན་ཁུང་ཉིད།། ཆོས་ཁམས་རྡོ་རྗེ་མདའ་སྙེམས་མ།། རང ་བཞིན་དངོས་པོ་དག་པ་སྟེ།། ཕྱི་ཡི་དངོས་པོ་རྡོ་རྗེ་རླུང་འབྱིན་མའོ།། ནང་གི་ཆ་ལ་རྡོ་རྗེ་གསོད་མའོ།། གོ་རོ་ཙ་ན་རྡོ་རྗེ་བསྐྱོད་ཆེན་མ།། ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག། ཞབས་བཞི་བདུད་བཞི་རྣམ་རྒྱལ་ཉིད།། ཁམས ་གསུམ་རྣམ་པར་ཐར་པ་ཉིད།། རྡོ་རྗེ་གསུམ་ནི་སྤྱན་གསུམ་མོ།། ཆགས་པ་ཡིས་ནི་ལྷ་ཚོགས་ནི།། དབང་པོ་རྣམ་གསུམ་རྣམ་པར་གྲོལ།། འདི་ནི་ཕུང་པོ་རྣམ་པར་སྦྱངས།། གང་དང་གང་གིས་འཇིག་རྟེན་བཅིངས་གྱུར ་པ།། དེ་ནི་བཅིངས་པ་ལས་དགྲོལ་ཏེ།། དེ་ཉིད་མི་ཤེས་འཇིག་རྟེན་གྲོལ་མ་ཡིན།། དེ་ཉིད་རྣམ་སྤངས་དངོས་གྲུབ་རྙེད་མི་འགྱུར།། དེ་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད།། རོ་དང་སེམས་ཀྱི་རྣམ་པར་དག་པ ་མེད།། རེག་པ་མེད་ཅིང་ཆོས་ཀྱི་དངོས་པོ་མེད།། གནས་ལྔ་རང་བཞིན་དག་པས་རྣམ་གྲོལ་ཉིད།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་རྣམ་པར་དག་པའི་ལེའུ་སྟེ་བརྒྱད་པའོ།། །། དེ ་ནས་སློབ་མ་ལ་དབང་བསྐུར་པའི་ལེའུ་བཤད་པར་བྱ་སྟེ། དང་པོར་ལྷ་ཡི་རྣལ་འབྱོར་འབད་པས་ཧཱུཾ་བཟླས་ནས།། ཕྱིས་ནི་དཀྱིལ་འཁོར་འཇིགས་པ་བྲི།། ཚལ་དང་སྐྱེ་བོ་མེད་གནས་དང་།། དུར་ཁྲོད་གནས་དང་མ ་བདུན་གྱིས།། དཀྱིལ་འཁོར་དམ་པ་རབ་ཏུ་བཞེངས།། རུས་པ་ལ་སོགས་དྲུག་ཚན་དམ་པ་དང་།། རིན་ཆེན་ལྔ་ཡི་ཕྱེ་མ་དང་།། ནས་དང་འབྲུ་ལ་སོགས་པའོ།། དེ་ནས་དཀྱིལ་འཁོར་ཁྲུ་གསུམ་དང་།། མཐེ་བོང་བདུན ་གྱིས་ལེགས་པར་བྱ།། རྡོ་རྗེ་རིགས་ཀྱི་མཚན་མའོ།། རིག་མ་བཟང་པོ་རྣམ་པར་གཞུག། ཡང་ན་ཇི་ལྟར་གང་རྙེད་དེ།། ལོ་ནི་བཅུ་དྲུག་ལོན་པ་ཉིད།། གང་འདི་ཁུ་བར་ལྡན་འགྱུར་བ།། དེ་སྲིད་ཕྱག་རྒྱ་བསྟེན་པར ་བྱ།། ཕྱག་རྒྱ་གདོང་ཡང་བཅིངས་པ་ལ།། ཐབས་ཀྱི་གདོང་ཡང་དེ་བཞིན་ནི།། པདྨ་རིན་ཆེན་བུ་གའི་རྩ།། རྡོ་རྗེ་ཁྲོས་པའི་ཁ་དྲལ་ནས།། རིན་ཆེན་ཐིག་ལེ་དབུས་ན་དྲངས།། ཤིན་བྱའི་ཁ་རུ་མུ་ཁ་འདྲེན།། རོ་མཉམ་བདེ ་བའི་སྤྱོད་ཡུལ་ཉིད།། རྨི་ལམ་འདྲ་བ་ཁོ་ནར་འགྱུར།། དངོས་སུ་མཚན་ཉིད་མི་ཕྱེད་པ།། ཕྱག་རྒྱ་རྣལ་འབྱོར་འདི་ཡིས་འགྲུབ།། སྟོན་པས་དཀྱིལ་འཁོར་འདི་གསུངས་པ།། གྲུ་གསུམ་ཡང་དག་འབར་བ་ཉིད།། སྒོ་བཞི ་གཟི་བརྗིད་ཆེན་པོ་སྟེ།། ཐོད་ཕྲེང་རྡོ་རྗེ་ར་བར་བཅས།། རྡོ་རྗེ་མེ་འོད་འབར་བར་ལྡན།། དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན།། ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན།། ཞིང་གི་རྐང་ཆེན་བརྒྱད་ཀྱིས་བརྒྱན།། རྡོ་རྗེ་སྲད་བུ་མཉམ ་པར་ལྡན།། མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན།། བདུག་པ་མར་མེ་ཉེ་བར་བྲི།། བུམ་པ་བཅུ་གཅིག་སོགས་པར་ལྡན།། དེ་ཡང་ཡལ་ག་ལ་སོགས་བརྒྱན།། མགྲིན་པ་ཞིང་གིས་བཀབ་པ་དང་།། རིན་ཆེན་སྣ་ལྔ་ཡོངས་སུ ་གཞུག། རྣམ་པར་རྒྱལ་བ་ཤར་དུ་སྦྱིན།། རང་འདོད་ཁྲག་འཐུང་གཟུགས་ཀྱིས་ནི།། དུར་ཁྲོད་སྐྲ་ཤད་མ་སྤྱད་པ།། སར་པ་ལེགས་པར་བཀལ་བ་དང་།། ཤིན་ཏུ་ཚད་མ་མཛེས་པ་ཡིས།། མཁས་པས་ཐིག་ལེར་ཐིག ་གདབ་བོ།། འཁོར་ལོའི་བདག་པོའི་བཟླས་པ་འབུམ།། དཀྱིལ་འཁོར་གཞན་གྱི་དེ་བཞིན་ཁྲི།། གོང་དུ་གསུངས་པའི་སྔགས་ཉིད་ཀྱིས།། མཁས་པས་ས་ཡི་བདག་པོ་སྦྱར།། གོང་གི་ཨ་སོགས་སྔགས་ཀྱིས་ནི།། དེ ་ལ་གཏོར་མ་རྣམ་པར་སྦྱིན།། ཇི་ལྟར་བསམ་གཏན་དེ་བཞིན་འདིར།། བསྲུང་བ་ཇི་ལྟར་གསུངས་པ་ཉིད།། གང་ཞིག་དབང་ནི་རབ་ཕྱེ་བ།། རང་གི་དཀྱིལ་འཁོར་ཆོ་ག་བཞིན།། མཆོད་དང་གསོལ་པ་གདབ་པ་དང་།། ཇི ་ལྟར་བཤད་པ་དེ་བཞིན་འདིར།། བསྲུང་བ་ཇི་ལྟར་གསུངས་པ་ཉིད།། དབང་ནི་རིམ་པས་སྦྱིན་པར་བྱ།། དབང་སྟེགས་རིམ་གཉིས་དཀྱིལ་འཁོར་བྲི།། དཀྱིལ་འཁོར་ཆེན་པོའི་དབུས་སུ་ནི།། རྡོ་རྗེ་ནག་པོའི་དཀྱིལ་འཁོར ་བྲི།། བརྒྱ་བྱིན་ཕྱོགས་སུ་རྡོ་རྗེ་ཁ་ཊྭཱཾ་བྲི།། མེར་ནི་རྡོ་རྗེ་རིན་ཆེན་བྲི།། གཤིན་རྗེའི་ཕྱོགས་སུ་རྡོ་རྗེ་མདའ་ཉིད་བྲི།། བདེན་བྲལ་ཕྱོགས་སུ་རྡོ་རྗེ་གཞུ་ཉིད་བྲི།། ཆུ་བདག་ཕྱོགས་སུ་རྡོ་རྗེ་ཀྱོ་བ་བྲི།། རླུང་གི ་ཕྱོགས་སུ་རྡོ་རྗེ་མེ་ཉིད་བྲི།། གནོད་སྦྱིན་ཕྱོགས་སུ་རྡོ་རྗེ་དབྱུག་ཐོ་བྲི།། དབང་ལྡན་ཕྱོགས་སུ་རྡོ་རྗེ་རྩེ་གསུམ་བྲི།། ཤར་སྟོད་དུ་ནི་རྡོ་རྗེ་ཐོད་པ་བྲི། ནུབ་སྨད་དུ་ནི་རྡོ་རྗེ་རྐང་པ་བྲི།། ཤིན་ཏུ་འཇིགས་པའི་གཟུགས་ཅན ་བྲི།། སོ་སོར་ཐར་པ་དང་པོ་སྦྱིན།། དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན།། དེ་ནས་དབུ་མའི་ཆོས་རྣམས་བཤད།། མཐར་ནི་འབྲས་བུའི་ཐེག་ཆེན་གྱི།། དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད།། དེ་ནས་རྡོ་རྗེ་སྙེམས་བཅས ་ནས།། རྐང་པ་གཡས་པ་བརྐྱང་བྱས་ནས།། ལག་གཉིས་ཕྱག་རྒྱ་ཆེན་པོར་སྦྱོར།། སློབ་དཔོན་དཀྱིལ་འཁོར་འཇུག་པ་ཉིད།། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས།། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན།། ཧཱུཾ་སྙེམས ་བྱམས་པའི་སྒྲ་ཡང་སྒྲོགས།། ཧི་ཧི་འཇིགས་པའི་སྒོ་ཕྱི་ནས།། དཀྱིལ་འཁོར་ཆེར་པོར་གཞུག་པར་འགྱུར།། དེ་ལ་སློབ་དཔོན་མཚན་ཉིད་ནི།། ལུས་སེམས་གཟུང་བ་མེད་པའོ།། ཤ་དང་ཁྲག་ཀྱང་མེད་ཅིང་བཤད ་གཅི་མེད།། སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མེད།། ཆགས་མེད་སྡང་བ་མེད་པའོ།། སེར་སྣ་མེད་ཅིང་ཕྲག་དོག་མེད་པའོ།། རྒྱལ་མེད་ཕམ་པ་མེད་པའོ།། ཁྲོ་བ་མེད་པའི་སློབ་དཔོན་གྱིས།། སློབ་མ་ལ་ནི་དབང་སྦྱིན ་ནོ།། བུམ་པ་རྡོ་རྗེ་ཅོད་པན་དབང་།། རྡོ་རྗེ་དྲིལ་བུ་ཕུར་པ་རིན་ཆེན་དབང་།། མི་དབང་དེ་བཞིན་བདག་པོའི་དབང་།། མཐར་གྱིས་བཀྲ་ཤིས་བརྗོད་པའོ།། རིན་ཆེན་ཐིག་ལེ་སེམས་དབང་ངོ་།། དབྱིངས་ཕྱུག་རྩ ་ནས་དྲངས་ཏེ་བསྐུར།། ཡིད་བཞིན་པ་ནི་རིན་ཆེན་མཆོག། དབང་སྦྱིན་པ་ཡི་སློབ་མ་དེས།། དེར་ནི་འདི་རྣམས་མ་བྱིན་ན།། མི་བདེ་སྣ་ཚོགས་འབྱུང་བ་དང་།། མ་འོངས་མནར་མེད་འབྱུང་བ་ནི།། ཞེ་སྡང་བདག་པོ ་ཉིད་ཀྱིས་གསུངས།། དེ་བས་འདི་རྣམས་དབུལ་བར་བྱའོ།། ཀཪྴ་པ་ན་སྟོང་རྣམས་དང་།། བུ་དང་ཆུང་མ་རྒྱན་གྱིས་བརྒྱན།། རིན་ཆེན་རྣམ་པ་སྣ་ཚོགས་དང་།། གཞན་ཡང་ཡིད་དུ་འོང་བའི་རྫས།། བྲན་ཕོ་བྲན་མོ་འཁོར ་དང་བཅས།། དབང་བསྐུར་བླ་མ་དེ་ལ་དབུལ།། དེ་མེད་དབང་རྣམས་མི་ཐོབ་བོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་དབང་གི་རིམ་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་སྤྱོད་པའི་ལེའུ་བཤད ་པར་བྱ་སྟེ། གང་གི་དངོས་གྲུབ་མཐར་འགྲོ་བ།། རྡོ་རྗེ་གཞོན་ནུའི་དངོས་གྲུབ་རྒྱ།། སྒྲུབ་པ་པོ་ཡིས་བཅང་བྱ་བ།། རྣ་བར་རུས་པའི་རྣ་ཆ་ཉིད།། སྤྱི་བོར་རུས་པའི་འཁོར་ལོ་བཟང་།། ལག་པར་རུས་པའི་ཕྲེང་བ ་ཉིད།། སྐེད་པར་སྐྲ་ཡིས་སྐེ་རགས་གཉིས་བསྐོར་བ།། རྐང་པར་དེ་བཞིན་རུས་གདུབ་དང་།། དཔུང་པའི་རྩ་བར་རུས་ཕྲེང་ཉིད།། མགྲིན་པར་རུས་པའི་ཕྲེང་བ་སྟེ།། བགོ་བ་གླང་ཆེན་པགས་པ་ཉིད།། ཁྲག་འཐུང་ཧེ ་རུ་སྐྱེས་བུ་ཉིད།། སྤྱོད་པ་དངོས་གྲུབ་དོན་དུ་བྱེད།། སྨན་ཆེན་པོ་ནི་བཟའ་བར་བྱ།། རྡོ་རྗེའི་ཆུ་ཉིད་བཏུང་བར་བྱ།། རིམས་ཀྱི་ནད་ཀྱིས་འཆི་མི་འགྱུར།། མི་རོའི་སྒྲ་ཡིས་ཅོད་པན་བྱ།། ཧཱུཾ་ཟློས་ཁྲོ་བོའི ་སྦྱོར་བ་ཅན།། ཁྲག་འཐུང་ལྔ་ཡི་ཐོད་པས་བརྒྱན།། བརྟུལ་ཞུགས་སྤྱོད་པ་རྣམ་པར་འཛིན།། ཐོད་པ་སོར་ལྔའི་ཚད་དུ་བྱ།། སྒྲ་ཡི་སྐེ་རགས་ཉིས་བསྐོར་ནི།། ཐབས་དང་ཤེས་རབ་རང་བཞིན་ཡིན།། ཐལ་རྒྱུ་ཞགས ་མཆོག་ཕྱི་རུ་ཐོགས།། རྡོ་རྗེ་རྩེ་དགུ་བཟླས་ཕྱིར་ཐོགས།། ཁ་ཊྭཱཾ་ཤེས་རབ་རང་བཞིན་ཏེ།། རྡོ་རྗེ་ཐོད་ཐོགས་བརྟུལ་ཞུགས་འཛིན།། སྐལ་མེད་རྣམས་ཀྱིས་དེ་མི་ཤེས།། བཟའ་དང་དེ་བཞིན་བཏུང་བ་ཉིད།། ཇི་ལྟར ་རྙེད་པ་རབ་ཏུ་བཟའ།། བཟའ་དང་མི་བཟའ་དཔྱད་མི་བྱ།། བཟའ་བ་མ་ཡིན་ཐམས་ཅད་གཟབ།། གཙང་དང་བཙོག་པའི་རྣམ་རྟོག་མེད།། འགྲོ་དང་མི་འགྲོ་རྣམ་རྟོག་མེད།། ཕྱག་རྒྱ་རྙེད་པའི་སློབ་མ་ཡང་།། བླ་མ ་ལ་ནི་སྔོན་ཕྱག་འཚལ།། དུར་ཁྲོད་ཤ་ཁྲག་ཟ་བྱེད་ཅིང་།། བརྟུལ་ཞུགས་ཆེན་པོས་རྒྱུ་བར་བྱ།། ཕྱག་ན་རྡོ་རྗེ་ཕུར་པ་འཛིན།། གུ་གུལ་ཁྲག་དང་ཤ་ཆེན་འཛིན།། ཉུང་དཀར་རྒྱལ་པོ་ཁྲག་ཆེན་བསྣམས།། གནོད ་གདུག་རྣམ་གཉིས་བསྒྲལ་སླད་དུ།། རྣལ་འབྱོར་སྤྱོད་པ་སེང་གེ་ལྟ་བུར་བྱ།། འཇིགས་མེད་སྤྱོད་པ་མཆོག་ཏུ་གསུངས།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་སྤྱོད་པའི་ལེའུ་སྟེ་བཅུ་པའོ།། །། དེ ་ནས་རཀྟས་བྱུགས་པ་གཟུགས།། མཐིང་ནག་གུར་ཆེན་རྒྱན་གྱིས་བརྒྱན།། འབྲུབ་ཁུང་མཚན་ཉིད་འདི་ལྟར་གསུངས།། གཞན་ཡང་སྒྲུབ་པའི་མཚན་ཉིད་ནི།། ལྷ་ཡི་དཀྱིལ་འཁོར་རྫོགས་པ་དང་།། ཕྱག་བརྙན ་དཀྱིལ་འཁོར་དབང་བསྐུར་དང་།། ཕྱག་རྒྱའི་དཀྱིལ་འཁོར་རྫོགས་པ་དང་།། ཕྱག་བརྙན་རྣམས་ནི་བསྐུལ་བ་དང་།། སྙིང་པོ་བཟླས་བརྗོད་འདོན་པ་དང་།། བསྒྲུབ་པའི་ཆོ་ག་ཞེས་སུ་བཤད།། རྒྱས་འདེབས་མ ་ཡིས་དོན་འདི་གསོལ།། དགུག་པའི་མཚན་ཉིད་ཇི་ལྟར་ལགས།། དགུག་པའི་མཚན་ཉིད་བཀའ་སྩལ་པ།། རླུང་གི་རྔ་མོའི་སྟེང་དུ་ནི།། ཟླ་བའི་དཀྱིལ་འཁོར་རྒྱ་གྲམ་བསམ།། དམར་སྨུག་རླུང་གི་ཚོགས་ཀྱིས ་གཏམས།། དེ་ཡི་སྟེང་དུ་བསྒྲུབ་བྱ་ནི།། གཅེར་བུ་རལ་བསྙིལ་འདར་བ་བསམ།། རྡོ་རྗེ་ཁྲོ་བོས་སྐྲ་ནས་བཟུང་།། ལྕགས་ཀྱུ་འབར་བས་རབ་དྲངས་ཏེ།། དམར་སྨུག་འབར་བའི་རལ་པ་ཅན།། རྡོ་རྗེ་ཞགས་པས་འཛུད ་པར་བསམ།། ནག་པོའི་ལྕགས་སྒྲོག་སྡང་སྒྲ་ཅན།། ཤིན་ཏུ་འབར་བས་བསྡམ་པར་མཛད།། སྔོ་སངས་དགྱེས་པའི་ཚུལ་བཞིན་གནས།། རྡུལ་ཕྲན་དྲིལ་བུའི་ཕྱག་རྒྱ་བསྟན།། དགུག་པའི་མཚན་ཉིད་འདི་ལྟར ་བཤད།། རྒྱས་འདེབས་མ་ཡིས་ཡང་གསོལ་པ།། དབྱེ་བའི་མཚན་ཉིད་ཇི་ལྟར་ལགས།། བྷ་གར་ལིངྒ་བཞག་ནས་ཀྱང་།། སྣ་རྩེ་རྡོ་རྗེས་བྲུད་ནས་ནི། ཁྲོ་བོ་རྒྱལ་པོས་བཀའ་སྩལ་པ།། ཁྭ་ཏ་འུག་པའི་སྙིང་ག་རུ།། ལྷ ་དང་བསྒྲུབ་བྱ་རྣམས་པར་བསམ།། རྡོ་རྗེའི་རླུང་ཆེན་འཁྲུགས་ནས་ནི།། དེ་ནི་རྣམ་པར་འཐབ་པར་བསམ།། ནག་པོ་དུག་གཏོར་གཏོར་བས་ནི།། དེ་ཉིད་རྣམ་པར་དབྱེ་བར་བསམ།། དབྱེ་བའི་མཚན ་ཉིད་འདི་ལྟར་གསུངས། རྒྱས་འདེབས་མ་ཡིས་ཡང་ཞུས་པ།། རིན་ཆེན་པདྨ་ཁ་ཕྱེ་ནས།། བུམ་པ་རིན་ཆེན་ཕྱག་གིས་བཟུང་།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། སྤྱི་བོར་མགྲིན་པ་སྙིང་ག་དང་།། ལྟེ་བ་གསང་བ ་རྐང་མཐིལ་དུ།། སྲས་མཆོག་ཕུར་པས་ཕུག་ནས་ནི།། ཁྲོ་བོའི་ཚོགས་ཀྱི་སེམས་དྲངས་ཏེ།། བཀའ་ཉན་རྣམས་ཀྱིས་ཁྲག་འཐུངས་པས།། བསྒྲུབ་བྱ་དེ་ནི་བརྒྱལ་བར་འགྱུར།། ཕྱི་ཡི་གདབ་པ་དེ་ལྟར་བཤད།། རྒྱས ་འདེབས་ཕྱག་རྒྱ་ཡང་དག་འཛིན།། ཁྲོ་རྒྱལ་ཁྱོད་ལ་དོན་འདི་ཞུའོ།། རྡོ་རྗེ་རིན་ཆེན་བཟུང་ནས་ནི།། རྒྱས་འདེབས་མ་ལ་དོན་འདི་བཤད།། ལྕགས་ཀྱུས་བསྒྲུབ་བྱ་བཀུག་ནས་ནི།། གཅེར་བུ་སྤྱིའུ་ཚུགས་འདར་བར ་བསམ།། གསང་བའི་རྡོ་རྗེ་རྩེ་ལྔ་འོད་ཟེར་འབར།། སྤྱོད་པ་རིན་ཆེན་བཏབ་པ་ཡིས།། སངས་རྒྱས་ཡིན་ཡང་བརླག་པར་འགྱུར།། གསང་བའི་གདབ་པ་དེ་ལྟར་བཤད།། རྒྱས་འདེབས་མ་ཡིས་ཡང་ཞུས་པ།། བརྡུང ་བའི་མཚན་ཉིད་ཇི་ལྟར་ལགས།། རི་དྭགས་ལྟེ་བ་མནན་ནས་ནི།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། མཐིང་ནག་འབར་བའི་གཏུན་ཁུང་དུ།། ལྷུ་དུམ་གྱུར་པའི་གཟུགས་དག་ལ།། སྨུག་ནག་ཁྲོ་བོ་ཐོ་བ་ཅན།། རྡུལ ་ཕྲན་བཞུགས་པ་ཐམས་ཅད་ཀྱིས།། བརྡུངས་ཏེ་ཤ་ཁྲག་ཞལ་དུ་གསོལ།། དགྱེས་ཏེ་ཧ་ཧ་བཞད་མོར་བཅས།། དུམ་བུ་ཁྲག་འཐུང་ཚོགས་ལ་བསྟབ།། བརྡུང་བའི་མཚན་ཉིད་དེ་ལྟར་བཤད།། རྒྱས་འདེབས་མ་ཡིས ་ཡང་ཞུས་པ།། གནས་སྤསྦར་རིམ་པ་ཇི་ལྟར་ལགས།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་ཅིག། མགྲིན་པའི་ཐིག་ལེ་མནན་ནས་ནི།། རྒྱས་འདེབས་མ་ལ་བཀའ་སྩལ་པ།། རྡོ་རྗེ་རླུང་གི་རྔ་མོ་ལ།། ཟླ་བའི་དཀྱིལ་འཁོར ་གནས་པར་བསམ།། སྲས་མཆོག་རྩེ་མོ་བསྡུས་པའོ།། བསྒྲུབ་བྱའི་སེམས་དེ་ཟླ་དཀྱིལ་བཞག། ཕཊ་ཀྱི་ཚོགས་ཀྱིས་རྣམ་པར་འཕང་།། འོག་མིན་བདེ་གཤེགས་སྤྱི་གཙུག་ནས།། ཧཱུཾ་གིས་བཞུ་སྟེ་རྡོ་རྗེའི་ལམ།། འཁོར ་བཅས་རྡོ་རྗེའི་སྐུར་གྱུར་ནས།། དབང་བསྐུར་སངས་རྒྱས་སྲས་སུ་བྱས།། གནས་སྦར་རིམ་པ་དེ་ལྟར་བྱ།། ཁྲོ་མོ་ཆེན་མོས་ཡང་ཞུས་པ།། གསོ་བའི་མཚན་ཉིད་ཇི་ལྟར་ལགས།། ཁྲོ་བོའི་རྒྱལ་པོས་བཀའ་སྩོལ ་ཅིག། ཉོན་ཅིག་ལྷ་མོ་རིན་ཆེན་མ།། དབུས་ཀྱི་ཐིག་ལེ་དྲངས་ནས་ནི།། འབར་བའི་གནས་སུ་ཐིམ་ནས་ནི།། རོ་མྱོང་བདེ་བའི་གཟུགས་ཅན་ནི།། བདག་ཉིད་གསོ་བར་གསུངས་པའོ།། བྷ་གའི་ཐིག་ལེ་དྲངས་ནས ་ནི།། ཆུ་སྲིན་ཁ་རུ་ཐིམ་པར་བསམ།། བ་ཟག་རྒྱུན་གྱི་ཐིག་ལེ་དག། ཟླ་བའི་དཀྱིལ་འཁོར་སྟེང་གནས་པའི།། ཐིག་ལེ་གཟི་བརྗིད་ཆེན་པོར་འབར།། འོད་ཟེར་སྤྲིན་ཕུང་རྣམ་པར་འཁྲུགས།། གཟི་བརྗིད་ཆེན ་པོར་བརྟེན་པར་བཞུགས།། ཕུར་པ་གསོ་བའི་མཚན་ཉིད་དོ།། པདྨ་ཐིག་ལེ་དྲངས་ནས་ནི།། བསྒྲུབ་བྱའི་ལྟེ་བའི་དབུས་སུ་བསྣུན།། བསྒྲུབ་བྱ་གསོ་བའི་མཚན་ཉིད་དོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ ་དག་པའི་རྒྱུད་ལས་བསྒྲུབ་བྱའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཐིག་ལེ་དབྱེ་བའི་ལེའུ་བཤད་པར་བྱ་སྟེ།། གང་གིས་རྣམ་པར་ཤེས་ཙམ་གྱིས།། བསྒྲུབ་པའི་དངོས་གྲུབ་ཐོབ་པར་འགྱུར།། བསྒྲུབ་བྱའི་ལྟེ ་བའི་རྩ་དག་ལ།། འཇིགས་པ་སྲིན་པོའི་གཟུགས་ཅན་བསམ།། སྙིང་གར་བྱིན་ཟའི་ས་བོན་ཉིད།། གཅེར་བུ་སྐྲ་གྲོལ་ཁྲག་སྐྱུག་ཅིང་།། འདར་ཞིང་སྤྱིའུ་ཚུགས་གནས་པར་བསམ།། བཤང་པ་རྡོ་རྗེའི་ལམ་དུ ་ནི།། བདུད་རྩི་འཁྱིལ་བ་འཇིགས་པའི་གཟུགས།། བཤང་བའི་ལམ་དུ་ཕུག་ནས་ནི།། ཤ་ཁྲག་མནར་ཏེ་སྲིན་པོས་ཐོས།། མ་ཕུག་པར་ནི་མྱོང་མི་འགྱུར།། ཕུག་པས་དགའ་བ་འབྱིན་པའོ།། གང་ཡང་དམིགས་པ་སྐད ་ཅིག་གིས།། ཡུད་ཙམ་གྱིས་ནི་གསོད་པར་བྱེད།། རྒྱུད་འདི་ལ་ནི་སྦྱིན་སྲེག་མེད།། ཕྱག་རྒྱ་བཅིང་བར་བྱ་བའང་མེད།། རྒྱུད་འདི་བཀླགས་པས་གྲུབ་པ་ཡིན།། བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར།། རྣམ་རྟོག ་མེད་པའི་རྣལ་འབྱོར་དག། བསྟན་པ་ལ་ནི་གནོད་བྱེད་དང་།། བླ་མ་ལ་ནི་སྨོད་བྱེད་པ།། བླ་མ་ཐུབ་པ་ལ་ཞུས་ནས།། སྙིང་རྗེས་གསད་པར་བྱ་བ་ལས།། གཞན་དུ་བྱ་བར་མ་གསུངས་སོ།། རྡོ་རྗེ་ཕུར་པ་ཞེ་སྡང ་ཡོངས་སུ་དག་པའི་རྒྱུད་ལས་ཐིག་ལེ་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ལྟ་སྟངས་ཀྱི་ལེའུ་བཤད་པར་བྱའོ།། མཉམ་པ་མ་རུངས་དཔྲལ་བ་ཅན།། དཀྱིལ་འཁོར་བྱེད་པའི་བལྟ་བས་ནི།། གསོད ་པའི་ལྟ་བ་མཆོག་ཏུ་བཤད།། པུས་མོ་ཟླུམ་པོར་བཙུགས་ནས་ནི།། དབང་གིས་ལྟ་སྟངས་གཡོན་ན་གནས།། གཡས་པ་གཡོན་དུ་ལྡོག་ནས་ནི།། གཡོན་པའི་ཆ་ལ་རྣམ་པར་གཟིགས།། དབང་གི་བལྟ་བ་ཡིན་པར ་བཤད།། དཔུང་པའི་འདུག་སྟངས་ལེགས་གནས་ནས།། མིག་ཕུར་གཉིས་ནི་ལྡོག་ནས་ནི།། སྣ་ཡི་རྩེ་མོར་བལྟ་བ་ནི།། རྒྱས་པའི་ལྟ་སྟངས་ཡིན་པར་བཤད།། མིག་ཕུར་གཉིས་ནི་ལེགས་བཞག་ནས།། དབུས་སུ ་མཉམ་པོར་བལྟ་འདྲ་ནི།། ཞི་བའི་ལྟ་སྟངས་ཡིན་པར་བཤད།། འདི་ལ་འཁྲུག་པར་མི་བྱ་སྟེ།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ།། ལྟ་སྟངས་ཆེན་པོ་འདི་ཡིས་ནི།། དྲེགས་པ ་ཅན་རྣམས་བརྟན་པར་བཟུང་།། སེམས་ཅན་བྱ་བ་སྤང་ནས་ནི།། བྱ་བ་མ་ཡིན་ཐམས་ཅད་བྱ།། དེ་ལ་དམ་ཚིག་བཟའ་བ་དང་།། ན་དྷ་ག་ཧ་དང་པོ་དང་།། ཟ་ཡི་ཤ་དང་དང་པོའི་ཤ། ཞེ་སྡང་བདག་པོས་དངོས་གྲུབ ་འགྲུབ།། ཐམས་ཅད་བདུད་རྩིའི་རང་བཞིན་ཏེ།། ལྟ་སྟངས་བཞི་ཡིས་ཀུན་བལྟས་ནས།། ཐམས་ཅད་ཀུན་ནས་བཟའ་བར་བྱའོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་ལྟ་སྟངས་ཀྱི་ལེའུ་སྟེ་བཅུ་གསུམ ་པའོ།། །། དེ་ནས་སྲིན་མོའི་ལེའུ་བཤད་པར་བྱའོ།། དང་པོ་བྱམས་པ་བསྒོམ་པར་བྱ།། གཉིས་པ་ལ་ནི་སྙིང་རྗེ་སྟེ།། གསུམ་པར་དགའ་བ་མཆོག་ཏུ་གསུངས།། ཐམས་ཅད་ཐ་མར་བཏང་སྙོམས ་ཏེ།། དེ་ནས་ཡང་ནི་འདི་ལྟ་སྟེ།། སྟོང་པའི་རིན་ཆེན་བྱང་ཆུབ་སེམས།། གཉིས་པ་ཨ་གཟུགས་ཉོན་མོངས་འཇོམས།། གསུམ་པ་རིན་ཆེན་གཟུགས་རྫོགས་པའོ།། བཞི་པ་རིན་ཆེན་ཕྲེང་བ་དགོད།། རཾ་ནི་ཉི་མ་རྣམ ་པར་བསྒོམ།། ཉི་མ་སྣ་ཚོགས་རྡོ་རྗེའི་དངོས།། ར་བ་དྲ་བར་རབ་བཅིངས་ནས།། དང་པོ་སྒོམ་བྱ་རླུང་ཉིད་དེ།། དེ་འོག་རིན་ཆེན་ས་གཞི་སྟེ།། བཞི་པ་ཐོད་པའི་གཞལ་ཡས་ཁང་།། ལྔ་པ་མེ་རི་སྨུག་ནག ་འཐིབ།། དབུས་སུ་བསྒོམ་བྱ་རོ་ཉིད་དེ།། ཉི་ཟླ་རྣམ་གཉིས་དབུས་སུ་ནི།། དེ་ཡིས་དབུས་སུ་ཨ་ཉིད་གནས།། ཨ་ལས་ཁ་ཊྭཱཾ་གར་བྱུང་སྟེ།། ཁ་ཊྭཱཾ་དབུས་ལ་ཨ་ཡིས་མཚན།། ནག་པོ་ཆེན་མོ་སྟོབས་ཆེན་མོ།། ཞུ་བ ་ལས་ནི་འཁྲུངས་པའོ།། མེ་ཏོག་འབར་རུའི་དམར་སྤྱན་ཅན།། དམར་སེར་དབུ་སྐྲ་གྱེན་དུ་བརྫེས།། ཁ་ཊཾ་ཐོད་པ་ལག་ན་འཛིན།། རཀྟའི་ཞག་དང་ཐིག་ལེས་བརྒྱན།། རྒྱས་འདེབས་ནག་མོ་འཇིགས་ཆེན་མ།། ལྷ་མོ ་འདི་བཅུས་བསྐོར་ཏེ་གནས།། སྟེང་དུ་ལྷ་མོ་སྒྲ་འབྱིན་གནས།། བརྒྱ་བྱིན་ཕྱོགས་སུ་སྙེམས་མ་གནས།། གཤིན་རྗེའི་ཕྱོགས་སུ་རྡོ་རྗེ་དུར་ཁྲོད་གནས།། ཆུ་བདག་ཕྱོགས་སུ་རྡོ་རྗེ་གཏུམ་ཆེན་གནས།། གནོད་སྦྱིན ་ཕྱོགས་སུ་རྡོ་རྗེ་རླུང་འབྱིན་མ།། མེ་ལྷའི་ཕྱོགས་སུ་སྡེར་མོ་སྟེ།། བདེན་བྲལ་ཕྱོགས་སུ་རྡོ་རྗེ་གཏུན་ཁུང་མ།། རླུང་ལྷའི་ཕྱོགས་སུ་རྡོ་རྗེ་མདའ་སྙེམས་མ།། དབང་ལྡན་ཕྱོགས་སུ་རྡོ་རྗེ་གསོད་ཆེན་མ།། ས་བདག་སྟེང་དུ ་རྡོ་རྗེ་བསྐྱོད་ཆེན་མ།། ལྷ་མོ་འདི་རྣམས་བསྐོར་ཏེ་གནས།། ཧ་ཧ་སྒྲོག་པའི་བདག་ཉིད་ཅན།། འཇིགས་པའི་གཟུགས་ཅན་ལྷ་མོ་ཚོགས།། སྲིན་མོའི་ཚོགས་ནི་དྲི་འཛིན་མོའོ།། མི་བཟད་སྲིན་མོའི་དཀྱིལ་འཁོར་ཕོ ་བྲང་རྫོགས། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་རྡོ་རྗེ་སྲིན་མོའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་མེའི་མཚན་ཉིད་ཀྱི་ལེའུ་བཤད་པར་བྱ་སྟེ།། མེ་ལ་རྣམ་པ་དུ་ཞིག་མཆིས།། ཁྲོ་བོའི་རྒྱལ ་པོས་བཀའ་སྩོལ་ཅིག། རྒྱས་འདེབས་མ་ལ་དམ་འཁྱུད་ནས།། མེ་ཡིས་མཚན་ཉིད་རྣམ་གཉིས་གསུངས།། དེ་ལྟར་ཕྱི་དང་ནང་ཉིད་དོ།། ནང་གི་མཚན་ཉིད་ཇི་ལྟར་ལགས།། ལྷ་མོ་བདག་ནི་ཁྱེད་ལ་ཞུ།། ཉོན་ཅིག ་ལྷ་མོ་རིན་ཆེན་མ།། ཀླུ་དབང་ཐིག་ལེ་ཕུག་ནས་ནི།། སྙིང་གར་རིན་ཆེན་འབར་བ་སྟོན།། འབར་བ་དག་གི་གཟུགས་ཅན་ཉིད།། དྲི་བྲལ་ཐིག་ལེའི་གོང་བུའོ།། ཕྲ་མོར་དམིགས་པའི་ཐིག་ལེ་ཉིད།། བརྟན་པར་བྱེད ་པ་ཕྲ་མོའོ།། གསལ་བྱེད་འོད་ཀྱིས་གཟུགས་ཅན་ཉིད།། ཐིག་ལེ་དབུས་ནས་འདྲེན་པ་ཉིད།། དྲི་བྲལ་དངོས་པོ་སྲེག་པའི་མཆོག། ནང་གི་སྦྱིན་སྲེག་དེ་ལྟར་གསུངས།། ཕྱི་ཡི་སྦྱིན་བསྲེག་ཇི་ལྟར་བྱ།། རྣལ་འབྱོར། ་མཉམ་གཞག་ཆོས་ཉིད་ཀྱིས།། དཀྱིལ་འཁོར་གཙོ་བོར་མངོན་སྤྲུལ་ནས།། མཆོད་པ་ལྔ་དང་ལྡན་པར་བྱ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་བཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གན་དྷེ ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནི་ཝི་དྱ་ཨཱཿཧཱུཾ་སྭཱ་ཧཱ། སྣ་ཚོགས་ཧཱུཾ་ནི་བརྗོད་པ་དང་།། མེ་ཏོག་ལ་སོགས་འབུལ་བ་ནི།། གོང་མའི་ཆོ་གའི་རིམ་པ་ཡིས།། མཆོད་པ་ཞབས་བསིལ་གོང་མ་བཞིན།། ཞི་བར་ཐབ་ཁུང་ཟླུམ་པོ ་ཉིད།། རྒྱས་པ་ལ་ནི་གྲུ་བཞི་པ།། དབང་ཉིད་ལ་ནི་ཟླ་གམ་སྟེ།། བསད་པ་ལ་ནི་གྲུ་གསུམ་བརྗོད།། འདི་ཉིད་ལ་ནི་ལྷག་མ་བསྒྲུབ།། ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད།། ཞི་བའི་སྟེང་དང་འོག་ཏུ་ཡིན།། ཁྲུ་གང་དང་ནི་ཁྲུ་དོ ་ཉིད།། རྒྱས་པའི་སྟེང་དང་འོག་ཏུ་བརྗོད།། སོར་ནི་ཉི་ཤུའམ་དེ་ཡི་ཕྱེད།། བསད་པའི་སྟེང་དང་འོག་ཏུ་ཡིན།། ཞི་བ་ཁ་དོག་དཀར་པོར་བསྒྱུར།། རྒྱས་པ་སེར་པོ་དེ་བཞིན་ནི།། བསད་པ་ལས་ནི་ཁ་དོག་ནག། དབང ་ལ་དམར་པོར་རབ་ཏུ་གྲགས།། དེ་ལ་དེ་བཞིན་དེ་ལྟར་དགུག། བསད་པ་ཇི་ལྟར་སྲན་ལ་སོགས།། ཞི་བ་ཏིལ་དང་རྒྱས་པའོ།། བསད་པ་ཚེར་མ་དེ་བཞིན་ནི།། སྡང་ལ་ཚེར་མ་དེ་བཞིན་བརྗོད།། དབང་ལ་དགུག་པ ་ཨུཏྤ་ལ།། ཞི་བ་འོ་མ་ཅན་གྱི་ཤིང་།། རྒྱས་ལ་གསེར་འདྲའི་ཤིང་ཉིད་དོ།། དབང་ལ་ཙནྡན་ཡམ་ཤིང་ཉིད།། གསོད་ལ་དུག་ཤིང་ནག་པོ་ཉིད།། ཨོཾ་ཨག་ན་ཡེ་མ་ཧཱ་ཙན་ཧེ་དེ་བ་རཱ་ཛ་སརྦ་ཀརྨ་པྲ་ས་ཏ་ཀ། ཨ་ཀུ་རུ་བྱ ་ཀྲི་ཏ་སརྦ་དྷ་ཨ་ས་སི་སྨི་ན་ནི། ཧི་ཧི་ཏོ་བྷ་ཝ། མེ་དགུག་པའོ།། ཁྲག་འཐུང་རྒྱལ་པོ་མཆོད་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། ཆེ་གེ་བདག་ནི་དཀྱིལ་འཁོར་བྲི།། སརྦ་ནེ་ཙ་ཁྲ་སརྦ་ར་པཉྩ་པ་དྷི་ཏཾ་གྷཙྪ་ཝ་ཧཱ་བྷྱོ་བྷུ ་ཀྲ། ཨ་ག་པ་མི་པི། པྲ་ས་ཡཱ་ཐ་ཀ་ལེ། སརྦ་སིདྡྷི་ཀུ་རུ། མེ་དག་པར་བྱེད་པའི་སྔགས་སོ།། ཛཿཧཱུཾ་བཾ་ཧོ་ན་རཾ་བཾ།། མཆོད་ཡོན་གྱི་སྔགས་སོ།། ཨོཾ་ནི་རི་ཏི་ཧཱུཾ་ཁཾ། ཞལ་བསིལ་བའི་སྔགས་སོ། ཨོཾ་འདྲ་འདྲ། བ་ལིའི ་སྔགས་སོ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་མེའི་མཚན་ཉིད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་གནན་པའི་ལེའུ་བཤད་པར་བྱ་སྟེ། ཕུང་བྱེད་ས་ལ་གཟུགས་བྱས་ཏེ།། དྲི་ཆེན་པོ་ཡིས་བྱུགས ་ནས་སུ།། ར་མ་ཡ་ཡི་དུད་པས་བདུག། མེ་ཆེན་པོ་ཡི་དྲུང་དུ་བཞག། དུར་ཁྲོད་རོ་ཡི་ཤུན་ལྤགས་ལ།། འཁོར་ལོ་བཅུ་གཅིག་རྩིབས་མཚན་བྲི།། དབུས་སུ་བསྒྲུབ་བྱའི་མིང་གིས་བརྒྱན།། མཐར་ནི་མ་ཧཱ་པ་ཧར ་ལྡན།། ཕོ་རོག་སྒོ་ཡི་སྨྱུ་གུ་ཡིས།། གདུག་པ་ཅན་གྱི་གཟུགས་བྲིས་ལ།། བྷན་དྷ་ཁ་སྦྱར་དབུས་སུ་གཞུག། ཁྲག་ཆེན་པོ་ཡིས་བྱུག་པར་བྱ།། གཟུགས་བརྙན་དེ་ཡི་སྙིང་གར་གཞུག། ཙནྡན་མེ་ལ་དྲོས་པར་བསྲོ།། ལམ ་ཆེན་རྒྱ་གྲམ་དག་ཏུ་མནན།། རྡོ་རྗེ་ཁྲོས་པས་མནན་པར་བསམ།། ཙནྡན་ཤིང་གི་ཤུན་པ་ལ།། ཁྲག་ཆེན་པོ་ཡིས་མིང་བྲིས་ལ།། ཧ་དང་ཤ་དང་བཅས་པ་རུ།། གདུག་པའི་ཤིང་ལ་སྦྱིན་བསྲེག་བྱ།། བསྒྲུབ་བྱ་དེ་ནི་ཁྲིད ་པར་འགྱུར།། གྲོག་མཁར་ས་དང་དྲི་ཆུ་དང་།། རྒྱ་མཚོའི་འགྲམ་གྱི་ས་དག་ལ།། གཟུགས་བརྙན་སོར་ནི་བཅུ་གཉིས་ལ།། དྷ་དུ་ར་ཡི་ཁུ་བས་བྱུག། ཙནྡན་སྨུག་པོའི་མེ་ཡིས་བསྲོ།། བདུད་རྩི་འཁྱིལ ་པའི་སྦྱོར་བ་ཡིས།། དུམ་བུར་གཏུབས་ནས་སྦྱིན་བསྲེག་བྱ།། ཐལ་བ་རྒྱ་མཚོར་དོར་བསྒྱུར་ན།། ངེས་པ་ཁོ་ནར་སྨྱོ་བར་འགྱུར།། མཐིང་ནག་དཀྱིལ་འཁོར་དབུས་སུ་ནི།། བསྒྲུབ་བྱ་འདར་ཞིང་འཇིགས་པར ་བསམ།། སྙིང་གར་བྱིན་ཟའི་ས་བོན་ཏེ།། རྡོ་རྗེ་ཁྲོ་བོ་འཇིགས་ཆེན་གྱིས།། ལྟེ་བ་སྙིང་ག་ཕུག་ནས་ནི།། ཁྲག་དང་རྒྱུ་མ་མནར་བར་བསམ།། སྲིན་པོ་འཇིགས་པའི་གཟུགས་ཅན་གྱིས།། ཤ་ཁྲག་རྒྱུ་མ་ཟོས་པར ་བསམ།། བྱིན་ཟའི་གཟུགས་ཅན་འབར་བ་ཡིས།། དེ་ནི་ངེས་པར་བསྲེག་པར་འགྱུར།། དེ་ནི་བསད་པའི་ལས་སུ་གསུངས།། ཁྱི་ཡི་ཁྲག་དང་རྔ་མོའི་ཤ། དུག་གི་མེ་ལ་བསྲེག་གྱུར་ན།། ངེས་པ་ཁོ་ནར་ཁུགས་པར ་འགྱུར།། ཙིཏྟའི་ཁྲག་དང་དུར་ཁྲོད་ས།། ཤྭ་ནའི་རཀྟ་བསྲེས་པ་ཡིས།། གཟུགས་བརྙན་སོར་ནི་བཞི་པ་བྱ།། བྷན་དྷ་སྲུབས་མེད་ནང་དུ་གཞུག། མ་ཏ་ཁ་ཡི་ཁུ་བས་བྱུག། དུར་ཁྲོད་ཤིང་ལ་བསྲོས་གྱུར་ན།། བསྒྲུབ་བྱ ་ཚ་བའི་རིམ་གྱིས་འདེབས།། དུར་ཁྲོད་དག་གི་གསོལ་བ་ལ།། བསྒྲུབ་བྱའི་གཟུགས་བརྙན་ནག་པོར་བྱ།། ར་ཡི་ཁྲག་གིས་བྱུགས་ནས་ནི།། དུར་ཁྲོད་ཤིང་གི་མེ་ཡིས་བསྲོ།། ན་རའི་ཕུར་པ་ལྔ་པོས་བདུག། ཧིར་ཧིར ་བཞད་ཅིང་ཐལ་བརྡབས་པས།། བསྒྲུབ་བྱའི་ལུས་ནི་འགས་པར་འགྱུར།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་མནན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་ཚོགས་ཀྱི་ལེའུ་བཤད་པར་བྱ ་སྟེ།། བྷ་གར་ལིངྒ་རབ་གནས་ནས།། ཡང་ནས་ཡང་དུ་འོ་མཛད་ནས།། བདེ་ཆེན་མཉམ་པ་མྱོང་མཛད་དེ།། རྡོ་རྗེ་ཅན་གྱིས་བཟའ་བར་བསྟན།། ཚོགས་ཀྱི་དཀྱིལ་འཁོར་བཟའ་བར་ནི།། ཉོན་ཅིག་ལྷ་མོ་རིན་ཆེན ་མ།། གང་དུ་ཟོས་པས་འདོད་དོན་ཀུན། སྒྲུབ་པ་ཅན་གྱིས་དངོས་གྲུབ་འགྱུར།། དུར་ཁྲོད་རི་ཡི་བྱང་སྐྱོབས་དང་།། དེ་བཞིན་མི་མེད་གྲོང་ཁྱེར་དང་།། ཡང་ན་དབེན་པ་རྒྱ་མཚོའི་མཐར།། བཟའ་བ་འདི་ནི་རབ་ཏུ ་བཟའ།། དེ་ལ་སྟན་དུ་བརྟག་པ་ནི།། རོ་ནི་གཟུགས་ཅན་བཅུ་གཅིག་དང་།། ཡང་ན་སྟག་གི་པགས་པ་དང་།། དུར་ཁྲོད་རས་ནི་དེ་བཞིན་ནོ།། དབུས་སུ་རྡོ་རྗེ་གཞོན་ནུའི་གཟུགས།། ཇི་ལྟར་སྣང་བཞིན་གནས ་བཞེངས་ནས།། ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་།། ཁྲོ་བོ་བཅུ་རྣམས་ལེགས་པར་དགོད།། དམ་ཚིག་མ་ལི་ཏན་དྷ་ནམ།། སྟག་གི་པགས་པའི་སྟེང་དུ་བཟའ།། འབལ་ནས་རྒྱལ་པོའི་དྲི་ཆེན་པོ།། བཟའ་བ་དེ་ཉིད ་བཟའ་བ་ཉིད།། དེར་ནི་ཟོས་ནས་ཡང་དང་ཡང་།། སྲིན་མོའི་ཚོགས་ནི་མཆོད་པར་བྱ།། ཚོགས་ཀྱི་འཁོར་ལོ་སྒྲུབ་པར་འགྱུར།། སྐྱེས་པའི་ཐོད་པ་ཆ་གཅིག་པ།། ཆང་ནི་བཟང་པོས་ཡོངས་བཀང་སྟེ།། བླ་མ་ལ་དབུལ ་སྐལ་ཆེན་པོ།། ཕྱག་བཙལ་ནས་ནི་རང་ཡང་བཏུང་།། པདྨའི་ལག་པས་བླང་བ་དང་།། དེ་ཉིད་ཀྱིས་ཀྱང་སླར་ལ་དབུལ།། ཡང་ནས་ཡང་དུ་བཏུད་ནས་ནི།། ཚོགས་ཀྱི་ཡུམ་གྱི་དོན་ཉིད་ཞུ།། འཇིགས ་བྱེད་རྒྱལ་པོས་བཀའ་སྩལ་པ།། ཤིན་ཏུ་རིང་མིན་ཐུང་བ་མིན།། པདྨའི་རྣམ་པའི་འདབ་འདྲ་བ།། དེ་ཡི་དབུས་སུ་དྲི་ཞིམ་ལྡན།། རྡུལ་དང་དྲི་ཞིམ་ལྡན་གྱུར་པ།། རི་དྭགས་ལྟེ་བའི་དྲི་དང་མཚུངས།། པདྨ་ལ་ཡང ་འདབ་མཆོག་དྲི།། སྐད་ཅིག་པདྨ་ལྟ་བུར་འབྱུང་།། དེ་ཡི་ག་བུར་སིཧླ་དག། ལག་པས་དྲི་བཟང་མཚོན་པར་བྱ།། ཨུཏྤ་ལ་ཡི་དྲིར་འགྱུར་ཞིང་།། ཨ་ག་རུ་ནི་ནག་པོར་མཚུངས།། དལ་ཞིང་མི་གཡོ་མ་ཉིད་དང་།། སྙན ་པར་སྨྲ་ཞིང་ཡིད་འོང་བ།། སྐྲ་བཟང་དབུས་སུ་གཉེར་མ་གསུམ།། ཕལ་པས་པདྨ་ཅན་དུ་བརྗོད།། ལྷན་ཅིག་སྐྱེས་པའི་གཟུགས་འཛིན་ལ།། དེར་སྐྱེས་ནས་ནི་དངོས་གྲུབ་འགྱུར།། དེ་ནས་རྒྱས་འདེབས་རྣལ་འབྱོར ་མས།། གསོལ་པ་ཁྲོ་བོའི་རྒྱལ་པོ་ཡིས།། སྨོན་ལམ་ཇི་ལྟར་གདབ་པར་བགྱི།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། ཁྲག་འཐུང་རིགས་སུ་སྐྱེས་པ་ཡི།། བསྙེམ་མེད་རྡོ་རྗེ་གཞོན་ནུ་ཉན།། བླ་མ་ལ་གུས་སྙིང་རྗེ ་ལྡན།། སྐྱེ་ཤི་མེད་པར་འགྱུར་བར་ཤོག། ལག་ན་རྡོ་རྗེ་ཕུར་འཛིན་ཅིང་།། ཟབ་མོའི་ཆོས་ནི་ཀློག་པ་དང་།། བཙུན་མོའི་ཁུ་བ་མཉམ་ཟས་ཅན།། སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག། དེ་ནས་ལྷ་མོ་དགྱེས་ནས་ནི།། ཚིག། ་ནི་འདི་ཉིད་ཡང་ཞུས་པ།། སྐལ་མེད་སེམས་ཅན་གང་གིས་འདུལ།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། གསུམ་པ་རྩ་ཡི་སྦྱོར་བ་ཡིས།། གདུག་དང་བསད་དང་དབྱེ་བ་དང་།། ད་ཧའི་སྒྲ་ཡིས་འདུལ་བར་འགྱུར།། ལྷ ་མོ་གཞན་གྱིས་འདུལ་མི་འགྱུར། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་ཚོགས་ཀྱི་ལེའུ་བཅུ་བདུན་པའོ།། །། དེ་ནས་ཡང་ཕྱག་རྒྱ་ཆེན་པོའི་ལེའུ་བཤད་པར་བྱ་སྟེ། ཐིག་ལེ་ཨེ་བཾ་རིན་ཆེན ་གཟུགས།། དབུས་སུ་བཾ་གིས་རྒྱས་པར་བརྒྱན།། ཐིག་ལེའི་རིན་ཆེན་གནས་ཉིད་དོ།། སངས་རྒྱས་རིན་ཆེན་ཐིག་ལེའི་གཟུགས།། རྩ་རྣམས་ཀུན་ནས་དྲངས་ནས་ནི།། ཕྲ་བའི་བདག་ཉིད་སྙིང་གར་བསྒོམ།། ཕྲ་བ ་བ་ཐག་ཚུལ་བཞིན་གནས།། ཤིན་ཏུ་འབིགས་པའི་བདེ་བའི་གཟུགས།། འབར་བའི་རྩ་རུ་ཐིམ་གྱུར་ཏེ།། ཡོ་གོཏྟ་ར་ཕྲ་བའི་གཟུགས།། གཏུམ་མིག་མར་ནི་བདེ་བ་ཅན།། ཀ་ཏ་ར་ཡ་ན་ཕྲ་གཟུགས་ཏེ།། བདེ་བ་འཛིན ་དུ་རྡོ་རྗེ་འཛིན།། ཕྲད་པ་ཐུབ་པའི་བདེ་བ་མཆོག། བྷ་གར་རིན་ཆེན་འདྲེན་པར་བྱེད།། པདྨ་རིན་ཆེན་རྩ་ཁ་ཕྱེད།། རིན་ཆེན་བདེ་བ་ཕྲ་བའི་གཟུགས།། ཐིག་ལེ་བདེ་བ་ཐིམ་གྱུར་ཏེ།། ཕྲ་མོའི་ཡེ་ཤེས་སྐྱེ་བར ་འགྱུར།། ཐིག་ལེ་གང་བུའི་གཟུགས་ཅན་དེ།། རྡོ་རྗེ་ནོར་བུའི་རྩེ་མོར་འདྲེན།། བདེ་བ་ཕྲ་མོ་ཕྲད་པའོ།། འཁོར་ལོ་འབར་བ་དྲངས་པ་ཡིན།། ཤིན་ཏུ་བདེ་བའི་གཟུགས་ཅན་ནོ།། དང་པོ་བདེ་བའི་ཡེ་ཤེས་སོ།། འཁོར ་ལོ་རིན་ཆེན་ལྟེ་དབུས་དྲངས།། གཏུམ་མོ་བདེ་བའི་གཟུག་ཅན་ལ།། མཆོག་གི་ཡེ་ཤེས་དང་པོ་ཡིས།། སྙིང་གའི་དབུས་སུ་ཐིག་ལེ་འདྲེན།། རྩེ་གནས་བུ་ག་གསལ་བྱེད་པ།། ཐིག་ལེ་རིན་ཆེན་ཕྲེང་བར ་གནས།། བདེ་བའི་ཡེ་ཤེས་གསང་མཛད་མཆོག། རིན་ཆེན་དབུགས་འདྲེན་གཉིས་པའོ།། འབར་བའི་ཐིག་ལེ་རིན་ཆེན་འདྲེན།། ཀ་ཧ་ཡ་ནར་ཐིག་ལེའི་གཟུགས།། རིན་ཆེན་བདེ་བ་མཆོག་གི་མཆོག། གསང་བའི ་བདེ་བ་གསུམ་པར་གསུངས།། མཆོག་གི་ཡེ་ཤེས་སེལ་མཛད་པའི།། བུ་ག་རྩ་ཡི་ཐིག་ལེ་འདྲེན།། དབུས་སུ་ཕྲ་བའི་གཟུགས་ཅན་དེ།། ཐིག་ལེ་བ་ཐག་རྒྱུན་བཞིན་གནས།། ནཱ་ད་ཐམས་ཅད་ཐིམ་གྱུར་ནས།། མཐར ་ཕྱིན་ཡེ་ཤེས་འབྲས་བུའི་མཆོག། ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར།། འཕར་དང་དགའ་དང་དགོད་པ་དང་།། ས་ལ་འདི་དག་འབྱུང་བར་འགྱུར།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུ་ལས་ཕྱག་རྒྱའི་ལེའུ་སྟེ་བཅོ ་བརྒྱད་པའོ།། །། དེ་ནས་མཚོན་པ་དབྱེ་བའི་ལེའུ་བཤད་པར་བྱ་སྟེ།། གང་གིས་ངེས་པ་ཤེས་འགྱུར་ནས།། གྲོགས་དང་བྲན་མོར་ཐེ་ཚོམ་མེད།། གང་གིས་སོར་མོ་གཅིག་སྟོན་པ།། ངེས་པར་ལེགས་པར་འོང ་བ་ཡིན།། གཡོན་པའི་མཐེ་བོང་བཅས་པ་ལ།། བསྐྲུན་མེད་ཕྱག་རྒྱར་ཤེས་པར་བྱ།། གང་གི་མཐེབ་སྲིན་སྟེར་བ་ལ།། དེ་ཡི་ཐ་ཆུང་སྦྱིན་པར་བྱ།། གང་གིས་མཛུབ་མོ་སྟོན་པ་ལ།། དེ་ཡིས་འོག་མ་བསྟན ་པར་བྱ།། གང་གིས་སྲིན་ལག་སྟོན་པ་ལ།། དེ་ཡིས་མགྲིན་པའི་རུས་ཕྲེང་བསྟན།། གང་གིས་སོ་ནི་སྟོན་པ་ལ།། དེ་ཡིས་དབྱུག་ཏོ་བསྟན་པར་བྱ།། གང་གིས་ནུ་མ་སྟོན་པ་ལ།། དེ་ཡིས་གསང་བའི་རྡོ་རྗེ་བསྟན།། གང ་ཞིག་རུས་པ་སྟོན་པ་ལ།། དེ་ཡིས་ཁ་ནི་རབ་ཏུ་བསྟན།། གང་ཞིག་བྷྲྀ་གུ་སྟོན་པ་ལ།། དེ་ཡིས་སྤྱི་གཙུག་འཁོར་ལོ་དགྲོལ།། གང་ཞིག་ཁྲོ་གཉེར་སྟོན་པ་ལ།། དེ་ཡིས་ལག་མཐིལ་བསྟན་པར་བྱ།། གང་ཞིག་རྐང ་མཐིལ་སྟོན་པ་ལ།། དེ་ཡིས་བརྩེ་བའི་མཚན་ཉིད་འཛིན།། རྡོ་རྗེ་ཕྱག་རྒྱའི་ལན་གྱིས་ནི།། བུས་ནི་དམ་ཚིག་ཤེས་པར་འགྱུར།། ཨེ་མ་ཧོ་བུ་ནི་སྙིང་རྗེ་ཆེ།། བརྟུལ་ཞུགས་ཕྱག་རྒྱར་ལྡན་པའི་མཆོག། དམ་ཚིག་དབང ་གིས་སྲིན་མོ་འདུ།། རུས་ཆེན་ཕྲེང་བ་ཐོགས་ནས་ནི།། དེ་ལ་དབང་བསྐུར་བྱིན་རླབས་འགྱུར།། ཀྱེ་ཁྲག་འཐུང་གི་རྒྱལ་པོ་དེ་རྣམས་འདུ་བའི་གནས་གང་ལགས།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། གནས་དང་ཉེ ་བའི་གནས་དང་། ཚནྡོ་དང་འདི་བརྒྱད་པྲ་པ་ནི་དང་། པུ་རྩེ་ཀ་དང་། ལི་ཧེད་ཏ་དང་། འདུ་བ་དང་ཉེ་བའི་འདུ་བ་དང་། དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་དང་། འཐུང་སྤྱོད་དང་། ཉེ་བའི་འཐུང་སྤྱོད་ཉིད་དང་། འདི ་རྣམས་ནི་སྲིན་མོ་འདུ་བའི་གནས་སོ།། འདུ་བའི་དུས་གང་ལགས།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། ཡི་དྭགས་ཟླ་བ་བྱེ་བཅུ་བཞི།། དེ་བཞིན་དུ་ཡང་བརྒྱད་པ་ཉིད།། རྩང་ཆེན་སུག་དང་མཚོན་བསྣུན ་ཉིད།། ལྕེབས་དང་འདུན་པ་བཟའ་བར་བྱ།། ཁྲོ་བོ་རྣམ་རྟོག་རྣམ་སྤངས་ཏེ།། སྙིང་རྗེ་ལྡན་པའི་སེམས་ཀྱིས་ནི།། བསད་པའི་ཤ་ནི་བཟའ་བར་བྱ།། སྙིང་རྗེ་མེད་པས་དེ་མི་རུང་།། ཁྲོ་བ་སྤངས་པས་ཤ ་རྣམས་བཟའ།། མཚན་མ་རྣམས་ནི་རྟོག་མི་བྱ།། སྲིན་མོའི་ཚོགས་ལ་གཏོར་མ་སྦྱིན།། སྒྲུབ་པས་དངོས་གྲུབ་ཐོབ་པར་འགྱུར།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་མཚོན་བྱེད་ཀྱི་ལེའུ་སྟེ་བཅུ་དགུ ་པའོ།། །། དེ་ནས་རིགས་བརྟག་པའི་ལེའུ་བཤད་པར་བྱ་སྟེ། རྒྱས་འདེབས་མ་ལ་དམ་འཁྱུད་ནས།། ཚེམས་ཀྱིས་མ་མཆུ་བཟུང་ནས་སུ།། རིགས་ཅན་རྣམས་ཀྱི་རིགས་གཟུགས་ཞུ།། འཁོར་ལོའི་གཙོ་བོས ་བཀའ་སྩལ་པ། ལུས་ཅན་རྣམས་ཀྱི་རིགས་བཤད་ཀྱི།། ལྷ་མོ་ཚུལ་ཅན་མཆོག་ཉོན་ཅིག། སྐྱེས་པ་བུད་མེད་གང་ཞིག་གི། མཐེབ་སྲིན་གྱི་ནི་རྩ་བ་ལ།། རྡོ་རྗེ་ནག་པོ་རྩེ་དགུ་པ།། དེ་ཡི་རྩ་བར་དེ་གནས་པ།། རྡོ་རྗེ ་རིག་ཆེན་མཆོག་ཏུ་བཤད།། དེ་ཡི་རྩ་བར་འཁོར་ལོའི་རིགས།། རིན་ཆེན་ཁ་གཉིས་གྱེས་པ་ནི།། རིན་པོ་ཆེ་ཡི་རིགས་སུ་གསུངས།། པདྨའི་སྡོང་པོ་ཆགས་པ་ནི།། པདྨའི་མེ་ཡི་སྡོང་པོའི་འོད།། དཔག་མེད་པ་ཡི ་རིགས་ཉིད་དོ།། རྒྱ་གྲམ་རལ་གྲིས་མཚན་པ་ནི།། ལས་ཀྱི་རིགས་སུ་གསུངས་པ་ཡིན།། རྣལ་འབྱོར་གང་དག་ཁ་དོག་ནག། དེ་ཡི་ལྷ་ནི་ཞེ་སྡང་སྦྱིན།། རྣལ་འབྱོར་པ་གང་དཀར་པོ་ནི།། དེ་ཡི་ལྷ་ནི་གཏི་མུག ་སྦྱིན།། རྣལ་འབྱོར་པ་གང་སེར་ཆེན་པོ།། དེ་ཡི་ལྷ་ནི་ང་རྒྱལ་སྦྱིན།། རྣལ་འབྱོར་པ་གང་ཧཱུཾ་སྔོ་ཆེ།། དེ་ཡི་ལྷ་ནི་ཕྲག་དོག་སྦྱིན།། རྣལ་འབྱོར་པ་གང་དཀར་དམར་ཉིད། ཆགས་པའི་ལྷ་ནི་དེ་ལ་སྦྱིན།། རྣལ་འབྱོར་པ ་གང་དཀར་སེར་ཆེ།། དེ་ལ་ཞེ་སྡང་ལྷ་སྦྱིན་ནོ། བྱིས་པ་སྐྱེ་བོའི་རིགས་ཅན་ལ།། ང་རྒྱལ་མི་བཅག་ཐོ་མི་འཚམ།། ཀུན་རྫོབ་རིགས་སུ་གནས་ནས་ནི།། དེ་རྣམས་བདེ་གཤེགས་རིགས་སུ་འགྱུར།། བུད་མེད་རྣམས ་ཀྱིས་མཚན་མ་ནི།། ཇི་ལྟར་སྐྱེས་པ་དེ་བཞིན་ནོ།། ཁྲག་འཐུང་རྒྱལ་ལ་འཁྱུད་ནས་ནི།། ཕྲེང་བའི་རྒྱུ་རྣམས་གང་གང་ལགས།། རྒྱས་འདེབས་མ་ལ་ལོ་བཏབ་ནས།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། བཟླས་པའི ་ཡུལ་ནི་འདི་རྣམས་སོ།། ཤེལ་གྱིས་རེངས་པ་ཉིད་ལ་ཡིན།། དབང་ལ་ཙནྡན་དམར་པོ་ཉིད།། ལུང་ཐང་གིས་ནི་མངོན་སྤྱོད་ཉིད།། ནི་རཱཾ་ཤུ་ནི་སྡང་བ་ལ།། རྟ་ཡི་རུས་པས་སྐྲོད་པ་ཉིད།། བྲམ་ཟེའི་རུས་པས་དགུག་པ ་ཉིད།། གླང་ཆེན་རུས་པས་སེར་བ་ལ།། མ་ཧེ་ཡིས་ཀྱང་བསད་པ་ལའོ།། རེངས་པས་འོ་མ་བཏུང་བ་ཉིད།། དབང་ལ་ར་ཡི་ཤ་ཟའོ།། བསད་པ་ལ་ནི་ཤྲ་ནའི་ཤ། དགུག་པ་ལ་ནི་བཞི་མཉམ་ཉིད།། སྲན་མ་ཡང་ནི་བྱ ་བར་བརྗོད།། བསྐྲད་པ་ཉིད་ལ་གླང་པོར་བརྗོད།། ཐའི་ས་དང་། དང་པོའི་ས་དང་། ན་དང་པོ་དང་། ག་དང་པོ་དང་། ཧ་དང་པོ་ཉིད་ཀྱིས་དངོས་གྲུབ་རྒྱུད་ནི་འདི་འགྱུར་རོ།། བཟླས་པ་གྲུབ་པའི་འབྲས་བུ་ཇི་ལྟར ་ལགས།། ཉོན་ཅིག་ལྷ་མོ་རིན་ཆེན་མ།། བཟླས་པས་གྲུབ་པའི་འབྲས་བུ་ནི།། སྒྲུབ་པོ་ནམ་མཁའ་འགྲོ་བ་དང་།། ཕུར་པ་འཕར་དང་འཁྲོག་པ་དང་།། ནམ་མཁར་སྒྲ་སྙན་འབྱུང་བ་དང་།། སྒྲུབ་ཕུར་ད ་ཧའི་སྒྲ་སྒྲོགས་དང་།། འོད་དང་དུ་བ་འབྱུང་བ་དང་།། བར་སྣང་དག་ཏུ་བརྟན་པར་གནས།། སྲིན་མོའི་ཚོགས་རྣམས་འདུ་བ་དང་།། བསྒྲུབ་པའི་མན་ངག་ཕུར་ཚོགས་བཅས།། གཏེར་རྣམས་ཡོད་པར་སྨྲ་བ ་དང་།། དྲིལ་བས་རི་རབ་སྙིལ་བ་དང་།། མཚོ་གླིང་རྣམས་ནི་སྐམ་པ་དང་།། བཏབ་པས་ཉི་ཟླ་བརྟན་པར་ནུས།། འདི་རྣམས་བྱུང་བར་གྱུར་པ་དང་།། དེ་ནས་གཏོར་མ་སྦྱིན་པར་བྱ།། ད་ནུད་ཏ་ནན་སྭ་ཏ་ཡག་ཤ་ཀྲོ་དྷ ་ཁཱ་ཧི་ཁཱ་ཧི།། དེ་ནས་དཀྱིལ་འཁོར་མཐིང་ནག་བྲི།། ལྷ་རྣམས་བརྟན་པར་བྱས་ནས་ནི།། མཆོད་པ་རྫོགས་པ་རབ་ཕུལ་ནས།། ལྷ་རྣམས་སྒྲུབ་པའི་ཐུགས་ཀར་བསྡུ།། འདི་ནི་དངོས་གྲུབ་པདྨར་གྱུར།། རྡོ་རྗེ་ཕུར་པ་ཞེ ་སྡང་ཡོངས་སུ་དག་པའི་རྒྱུད་ལས་རིགས་བརྟག་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བྲིས་སྐུའི་ལེའུ་བཤད་པར་བྱ་སྟེ།། ལྷ་མོ་ལ་ནི་དམ་འཁྱུད་ནས།། སྐྱེས་པའི་སྣ་རྩེ་གཞིབ་པར་བྱ།། ཚེམས་ཀྱིས་མ ་མཆུ་བཟུང་ནས་ནི།། གནས་སྒྱུར་བྲུད་པ་གཙོ་བོར་མཛད།། མཉམ་སྦར་ཐིག་ལེ་དྲངས་ནས་ནི།། བདེ་བའི་རོ་མཉམ་བསྟར་ནས་ཀྱང་།། ཕྱག་རྒྱའི་བྱེ་བྲག་རབ་ཕྱེ་བ།། གྷུ་རུ་ཁྱོད་ལ་ཕྱག་འཚལ་འཁོར་ལོ ་འཛིན།། འཕྱ་ཚིག་སྤང་ཕྱིར་རྣ་ཆ་འཛིན།། སྔགས་ཟློས་དོན་དུ་མགུལ་རྒྱན་འཛིན།། སྲོག་གཅོད་སྤང་ཕྱིར་ལག་གདུབ་འཛིན།། རྟག་ཏུ་ལུས་ལ་ཕྱག་རྒྱས་བཏབ།། དེ་ནས་རབ་ཏུ་བཞད་མཛད་ནས།། ལྷ་མོས་གཙོ་བོ ་ལ་ཞུས་པ།། གཙོ་བོ་བདེ་བ་གང་གང་གིས།། རྡོ་རྗེ་གཞོན་ནུའི་བྲིས་སྐུ་བྲི།། བྱེད་པ་བདེ་བ་ཆེན་པོ་གསུངས།། ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ།། འདི་ནི་བྲིས་མཁན་དམ་ཚིག་ཅན།། སྒྲུབ་པ་པོ་ནི་དམ་ཚིག ་ལྡན།། བྲིས་སྐུ་འཇིགས་པར་བྲི་བ་ཉིད།། སྐྱེས་པའི་ཐོད་པ་བཟང་པོ་ལྔར།། ཁ་དོག་སྣ་ལྔའི་ཚོན་གྱིས་དག་ང་།། མི་རོའི་སྒྲ་ཡི་པིར་ཉིད་ཀྱིས།། བྲིས་སྐུའི་མཆོག་ཉིད་བྲི་བར་བྱ།། གང་དག་སྐུད་པ་བཀལ་བ ་ལ།། གང་དག་རས་སུ་འཐག་པ་དང་།། དེ་ཡང་དམ་ཚིག་ལྡན་པས་ནི།། བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ།། ཤེས་རབ་ལྡན་པ་དེ་ཡིས་ནི།། ཟླ་བ་ཡར་ངོ་མར་ངོ་ཡི།། བཅུ་བཞི་པ་ལ་ཁྱིམ་དབེན་པར།། བྱེད་ན་མ ་རུངས་སེམས་ཀྱིས་ནི།། ཁྲག་ནི་བག་ཙམ་འཐུང་བར་བྱ།། ལུས་ལ་ན་རའི་ཚིལ་གྱིས་བྱུག། དེ་ནས་གཅེར་བུར་གྱུར་པས་ནི།། འབག་པ་དང་ནི་དམ་འབག་པས།། དེ་ནས་དམ་ཚིག་ཤ་ཆེན་བཟའ།། བཞིན ་བཟང་སྙིང་རྗེར་ལྡན་པ་དང་།། གཟུགས་དང་ལང་ཚོ་སྐལ་བཟང་མ། མེ་ཏོག་བཅས་ཤིང་སྒྲུབ་པོ་དགའ།། རང་གི་ཕྱག་རྒྱ་གཡོན་དུ་གཞུག། བྲིས་སྐུ་འཇིགས་པ་བྲི་བར་བྱ།། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི ་རྒྱུད་ལས་བྲིས་སྐུའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། ། དེ་ནས་ཡང་པོ་ལ་ཀཀྐོ་ལར་བཞག་ནས།། ཚེམས་ཀྱིས་མ་མཆུ་བཟུང་ནས་ནི།། གླེགས་བམ་མཚན་ཉིད་ཇི་ལྟར་འགྱུར།། རྡོ་རྗེ་པདྨ ་མཉམ་སྦྱར་ནས།། དགྱེས་པས་ཁྲོ་བོར་རབ་ཕྱེ་ལ།། གླེགས་བམ་ང་ཡིས་བཤད་པར་བྱ།། ལྷ་མོ་སྐལ་ཆེན་མ་ཉོན་ཅིག། སྦྲང་ཆེན་སྣ་ཚོགས་བྱས་ནས་ནི།། མི་ཡི་རུས་པའི་སྨྱུག་གུ་ཡིས།། གླེགས་བམ་སོར་ནི་བཅུ ་གཉིས་པ།། གྲོ་ག་ལ་ནི་མཁས་པས་བྲི།། གླེགས་བམ་དང་ནི་བྲིས་སྐུ་ཉིད།། སྐལ་མེད་དག་གིས་མཐོང་ན་ནི།། སྐྱེ་བ་འདི་རུ་དངོས་གྲུབ་མེད།། འཇིག་རྟེན་གཞན་དུ་མནར་མེད་ལྟུང་།། རེས་འགའ་ཙམ་ཞིག ་བསྟན་པ་ནི།། དམ་ཚིག་ལྡན་པ་རྣམས་ལ་བྱ།། གལ་ཏེ་ལམ་ལ་སྤྱོད་ན་ཡང་།། གླེགས་བམ་སྐྲ་དང་མཚན་ཁུང་སྦ།། གཞན་ལ་བསྟན་པར་མ་གསུངས་སོ།། སུ་ལ་ཡང་ནི་བསྟན་པར་མི་བྱའོ།། སྦྱིན་པར་ཡང་ནི་མ ་གསུངས་ཏེ།། བརྒྱ་ལམ་ལ་ནི་རེ་འགའ་ཞིག། སྟོན་ནམ་སྦྱིན་པར་བྱེད་པ་དག། དམ་ཚིག་ཤེས་པ་རྣམས་ལའོ།། ཁྲོ་བོའི་རྒྱལ་པོས་འདི་སྐད་གསུངས། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་གླེགས་བམ ་གྱི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། རྒྱུད་ཀྱི་རྒྱལ་པོ་ཕུར་བུ་འབུམ་སྡེའི་ནང་ནས་ཕྱུང་བ་བརྟག་པ་ཉི་ཤུ་རྩ་གཉིས་སུ་བསྟན་པའོ།། ཕུར་བུ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཀྱི་རྒྱལ་པོ་ཐིག་ལེ་མཆོག་རྫོགས ་སོ།། །། གཡས་རུའི་ལྷ་ཁང་གསེར་གྱི་མཆོད་རྟེན་ཅན་དུ།། རྒྱ་གར་གྱི་མཁན་པོ་ཀཱ་མ་རུ་པར་འཁྲུངས་པའི་ནག་པོའི་ཞབས་དང་། ལོ་ཙྪ་ཤྲཱི་བྷ་ལ་ཀུ་ཏྲ་དྷ་ན་དེ་བས་བསྒྱུར། ཡུལ་དབུས་འགྱུར་འོད་མའི་ཚལ ་དུ། སླད་ཀྱི་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། ་