| Wylie | e-texts produced with BDRC’s OCR application |
རྒྱན་གྱི་མཁན་པོ་རྡོ་རྗེ་ཟོད་ཕྲེང་དང་བོད་ཀྱི་ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་ར་ཛ་དང་བྲང་ཏི་ཛ་ཡ་རཀྵི་ཏས་བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། @#།། རྒྱ་གར་སྐད་དུ། བཛྲ་ཛ་ལ་གུ ་ཡ་ཏནྟྲ། བོད་སྐད་དུ། རྡོ་རྗེ་འབར་བ་གསང་བའི་རྒྱུད། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འོག་མིན་གྱི་གནས་བཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ན། འཁོར་རྣམ་པ་གཉིས ་ཀྱི་ནང་ན། སྐུ་མདུན་དང་རྒྱབ་མེད་པར་ཕྱོགས་བཞིར་ཐལ་ལེ་བ། དུས་རྟག་ཏུ་ཏིང་ངེ་འཛིན་ལ་བཞུགས་པ་ནི། ཆོས་ཀྱི་སྐུ་དང་འབྲེལ་བའི་ངོ་བོ་ཉིད་ཀྱི་དོན་ལ་གནས་སོ།། སྐུ་མཚན་དང་དཔེ་བྱད་དུ་ལྡན་པས། ་འཁོར་གྱི་ནང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། སྨོན་ལམ་དབང་གིས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ནི། གཞན་གྱི་དོན་དུ་བྱུང་བ་སྟེ། ཞུ་བ་སྐྲག་པའི་ཆེད་དུ་ཞལ་མཛུམ་པ་མཛད་དེ་མི་སྣང་བ་ལས། ལྷ ་མོའི་དབྱངས་ཀྱིས་བསྐུལ་བ་ལས། ཐུགས་ཞི་བའི་ངང་ལས་ཁྲོ་བོ་འབར་བའི་སྐུར་བྱུང་ནས་འཁོར་རྣམས་ལ་གསང་བ་དང་གསང་ཆེན་དང་། ཡེ་ཤེས་ཀྱི་སྙིང་པོ་དང་གསུམ་གསལ་བར་བྱས་ནས་བཞུགས་པ་ལས།། ་འཁོར་གྱི་ཁྲོ་བོ་དང་། ཁྲོ་མོ་དང་། ཕོ་ཉ་དང་། མངག་གཞུག་ལ་སོགས་པས། སྟོན་པ་ལ་ཞུས་པ་འདི་སྐད་ཅེས་གསོལ་ལོ།། ཨེ་མ་ཧོ་སྟོན་པ་གསང་བའི་བདག། རྒྱས་པར་བཀའ་སྩལ་ཞུ་བ ་རྫོགས།། བསྡུས་པའི་མན་ངག་རྨད་པོ་ཆེ།། བདག་ཅག་རྣམས་ལ་བཀའ་སྩོལ་འཚལ། ཞུས་པས།། དེ་ནས་སྟོན་པས་འཁོར་རྣམས་ལ། གསང་བ་དང་། གསང་ཆེན་དང་། ཡེ་ཤེས་སྙིང་པོ་དང་ལྡན་པར་བྱས་ནས།། ་ལེགས་སོ་འཁོར་གྱིས་ཞུ་བ་ལེགས།། བསྡུས་པའི་མན་ངག་ཞུ་འདོད་ན། ཁྱེད་ཅག་ང་ལ་གུས་པར་ལྷོགས།། དབང་དང་དམ་ཚིག་ལྡན་བྱོས་ལ།། གནས་དང་གྲོགས་དང་དུས་ཚེས་དང་།། རྫས་དང་ཡོ་བྱེད་ལྡན་བྱོས ་ལ།། ཏིང་འཛིན་འདི་ལ་གཙོར་རྟོགས་ཤིག། རྟེན་དང་དཀྱིལ་འཁོར་གསལ་བྲིས་ལ།། བསྒྲུབ་ན་དངོས་གྲུབ་མྱུར་དུ་ཐོབ།། ཅེས་བཀའ་སྩལ་པས། ཡང་འཁོར་གྱིས་ཞུས་པ། སེམས་ཅན་སངས་རྒྱས་ཇི་ལྟར ་སྨིན།། དེ་རྒྱུ་ཅི་དང་ཅི་ལས་བྱུང་།། སེམས་ཅན་སངས་རྒྱས་སུ་བྱ་བ།། དེ་ལ་ཐབས་ནི་གང་གིས་བྱ།། ཞེས་པས་ལན་དུ། སེམས་ཅན་སངས་རྒྱས་རྒྱུ་གཅིག་སྟེ།། ཡབ་ཡུམ་འདུས་པའི་སེམས་ལས་བྱུང་།། དངོས་པོ ་རང་ག་སེམས་ཅན་རྒྱུ།། ཏིང་འཛིན་སྦྱོར་བའི་དཀར་དམར་ཐིག། སངས་རྒྱས་སྨིན་པའི་རྒྱུ་རུ་འདོད།། སེམས་ཅན་བླ་མེད་སྒྲུབ་འདོད་ན།། རང་སེམས་བརྟག་པ་ཐམས་ཅད་མཆོག། ཅེས་གསུངས་སོ།། རང་སེམས ་བརྟག་ན་ཇི་ལྟར་བརྟག། སེམས་ཀྱི་ཡུལ་ནི་གང་གིས་བྱ།། སེམས་ཀྱི་རང་བཞིན་ཇི་ལྟ་བུ།། སེམས་ཀྱི་མཚན་ཉིད་ཇི་ལྟར་སྣང་།། སེམས་ཀྱི་ངོ་བོ་གང་དུ་གསུངས།། སེམས་ནི་རྣམ་པར་དུ་རུ་སྣང་།། སེམས་ཀྱི་རྟེན ་ནི་གང་དུ་བཅའ།། གསང་བའི་བདག་པོས་བཀའ་སྩལ་འཚལ།། ཞེས་ཞུས་པས། སེམས་ཀྱི་ཡུལ་ནི་རྣམ་གཉིས་ཏེ།། ཕྱི་ནང་གཉིས་སུ་ཤེས་པར་གྱིས།། ཕྱི་ཡི་ཡུལ་ནི་སྤང་བར་གྱིས།། ནང་གི་ཡུལ་ནི་བླང་བར ་གྱིས།། ཡིད་ཀྱི་ཡུལ་དུ་ཀུན་གཞིར་རྟོགས།། བལྟ་ཞིང་བརྟག་རྒྱུའི་ཀུན་གཞི་རྣམས།། སེམས་ཀྱི་རང་བཞིན་ནམ་འཁའ་འདྲ།། དེ་ལ་སུས་ཀྱང་དཔག་ཏུ་མེད།། སེམས་ཀྱི་མཚན་ཉིད་མ་ངེས་ཏེ།། ཕྱོགས་ནི་རྣམ་པ ་གཉིས་སུ་བཟུང་།། འཁོར་བ་མྱ་ངན་འདས་པའི་རྒྱུ།། འཁོར་བའི་རྒྱུ་ནི་ཉོན་མོངས་ཏེ།། དེ་ལ་རེག་པས་གཏིང་དཔག་ལྷག། མྱ་ངན་འདས་ཕྱོགས་ཡེ་ཤེས་རྒྱུ། དེ་ཡང་གཉེན་པོ་དེ་དང་མཚུངས།། ཇི་ལྟར་བསྒྱུར་བ་དེ ་ལྟར་སྣང་།། སེམས་ཀྱི་ཆོ་འཕྲུལ་བསྟན་པ་བླ།། སེམས་ཀྱི་ངོ་བོ་གྲུབ་མཐར་འགྲོ།། རྣམ་པ་གཉིས་ཏེ་རྒྱུད་ལ་བརྟག། སེམས་ཀྱི་རྣམ་གྲངས་བརྒྱད་དུ་འདོད།། དེ་ལས་འབྱུང་བས་ཐ་དད་འགྱུར།། སེམས་ཀྱི་རྟེན་ནི ་རླུང་དུ་འདོད།། ཅེས་བཀའ་སྩལ་པས།། ཡང་འཁོར་རྣམས་ཀྱིས་ཞུས་པ། རྩ་དང་རླུང་དང་སེམས་དང་གསུམ།། བདག་དང་ལྷ་དང་སྔགས་དང་གསུམ།། ཇི་ལྟར་ལགས་པ་བཀའ་སྩོལ་འཚལ།། ཞེས་གསོལ་པས།། ་དྲུག་པོ་རྟེན་ཅིང་འབྲེལ་བར་གནས།། སེམས་ནི་མིང་གཞིའི་ཕུང་པོ་སྟེ།། ཕུང་པོའི་རྟེན་ནི་འབྱུང་བ་ལྔ།། འབྱུང་བའི་རྟེན་ནི་རྩ་རྣམས་སོ།། རྩ་རྣམས་བརྟེན་པ་སྲོག་གི་རླུང་།། སྲོག་རླུང་བརྟེན་པ་བྱང ་ཆུབ་སེམས།། དེ་རྣམས་གྱེན་དུ་ཡར་བཟློག་པས།། སེམས་ནི་རླུང་བརྟེན་རླུང་བརྟན་རྩ།། རྩ་རྣམས་འབྱུང་བ་ལྔར་གནས་པ།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། ཡབ་ཡུམ་བཅུ་རུ་ཡེ་ནས་གནས།། དེ་དག་དོན་གྲུབ ་བསྡུས་པའོ།། དེ་དག་སོ་སོའི་རྣམ་བཤད་པ།། དེ་ལ་རྩ་ཡི་མན་ཏིག་ནི།། དབུས་ཀྱི་ཨ་བ་དྷཱ་ཏི་ཀ། ཚངས་པའི་རྩེ་ནས་གསང་བར་གནས།། གཉིས་སུ་གྱེས་ཏེ་ཆེ་ཆུང་ངུ།། བཙུག་པའི་ཚུལ་དུ་གནས་པ་ཡིན།། དེ ་ལས་རྒྱུ་བའི་རྣམ་པ་ནི།། བྱང་ཆུབ་སེམས་ནི་དེ་ལས་འོང་།། ཕྲ་བ་ནས་ནི་མངས་རྒྱུ།། རླུང་གི་སྲོག་རླུང་ཞེས་བྱ་བ།། ཆེན་པོའི་ནང་ན་རྟག་ཏུ་གནས།། མཚོན་པས་མི་མཚོན་མ་ཧཱའི་རླུང་།། ཆུང་ངུའི་ནང་ན་རྟག་ཏུ ་གནས།། ཀུན་གཞི་རྣམ་ཤེས་རབ་ལ་རིགས།། བདེ་ཆེན་རྩ་ལ་གནས་པ་ཡིན།། ཨ་ཏ་པ་གསུམ་བརྩེགས་དང་འབྲེལ། སྲིད་རྩར། རྩེར།། དེ་ནི་གནས་བཅས་ནས།། དབང་པོ་དང་བཅས་གཟུགས་ལ་ཁྱབ།། གཡས ་ཀྱི་ཐབས་རྩ་ལ་ལཱ་ན།། རྣ་ལྟག་གཡས་ནས་གསང་བར་གནས།། རཀྟ་རྒྱུ་བའི་ལམ་ཡང་ཡིན།། ཡིད་ཀྱི་རྣམ་ཤེས་རྟེན་བཅས་ནས།། དབང་པོ་དང་བཅས་གཟུགས་ལ་ཁྱབ།། དེ་ནི་རགས་པའི་མཚན་ཉིད་དོ།། གྱེན ་དུ་རྒྱུ་བའི་རླུང་གནས་ཏེ།། ཐབས་ཀྱི་ཡི་གེ་རྣམས་དང་འབྲེལ།། གཡོན་པས་ཤེས་རབ་ར་ས་ན།། དྲི་ཆུ་རྟག་ཏུ་དེ་ལ་རྒྱུ།། ཉོན་མོངས་ཡིད་དང་རྟག་ཏུ་ལྡན།། ཐུར་དུ་རྒྱུ་བའི་རླུང་གནས་ཏེ།། ཤིན་ཏུ་ཕྲ་བའི་ཨ་ལི ་ལྡན།། ཟླ་བ་ཉི་མ་མེ་ལོང་གསུམ།། དང་པོ་ལུ་གུ་རྒྱུད་དུ་གནས།། ཤེས་པ་གསུམ་གྱི་ངོ་བོའི་རྩའོ།། སྒོ་ལྔའི་ཤེས་པའི་གནས་དང་ལྡན།། འཁོར་ལོ་རྣམས་དང་འབྲེལ་བ་ནི། ཁང་པ་ཀ་བའི་ཚུལ་དུ ་གནས།། དཔེར་ན་ཁང་རྟེན་ཀ་བ་འདྲ།། རྩ་གསུམ་ཀ་བའི་ཚུལ་དུ་སྟེ།། འཁོར་ལོ་རྣམས་ནི་ཁང་པ་འདྲ།། འཁོར་ལོ་དང་པོ་ཀ་ཞུའི་ཚུལ།། བདེ་ཆེན་འཁོར་ལོའི་རྩ་བ་ལ།། རྩ་ཡི་འདུས་ས་རབ་ཏུ་གནས།། འཁོར་ལོ ་ཁང་པ་ཀ་མེད་ན།། རྣམ་ཤེས་འདུག་པའི་གནས་མེད་དོ།། དེ་ལས་བྱེ་བྲག་རྣམ་བཤད་པ།། དར་རྩའི་འཁོར་ལོ་བདེ་བ་ཆེ།། ལྷ་མིན་དགག་ཅིང་ང་རྒྱལ་འདུལ།། རིན་ཆེན་འབྱུང་ལྡན་བཞུགས་པའི་གནས།། མཉམ ་ཉིད་ཡེ་ཤེས་སྐྱེ་བའི་ས།། མ་མཱ་ཀི་དང་རྟག་ཏུ་ལྡན།། རྩེའུ་ཆུང་རྩེ་ནས་སོར་གཉིས་ན།། ལོངས་སྤྱོད་འཁོར་ལོ་མཐའ་ཡས་ཁང་།། མི་ཡི་སྐྱེ་སྒོ་འདོད་ཆགས་འཇོམས།། གོས་དཀར་སོ་སོར་རྟོག་དང་ལྡན།། སྙིང་ནང ་ས་ཀྱི་འཁོར་ལོ་ཡང་།། རྡོ་རྗེ་སེམས་དཔའ་རྟག་གནས་པ།། དམྱལ་བ་ཞེ་སྡང་སྒོ་ལྔ་འདུལ།། སྟོང་པའི་ཡེ་ཤེས་དབང་ཕྱུག་ལྡན།། ལྟེ་བ་ནས་ནི་སོར་བཞིའོ།། གཏིང་དང་ཞིང་དུ་ཕྱིན་པ་ནི།། སྤྲུལ་པའི་འཁོར་ལོ ་#། གནས་པ་ཡིན།། རྣམ་པར་སྣང་མཛད་བཞུགས་པའི་གནས།། བྱོལ་སོང་སྒོ་དང་གཏི་མུག་འཇོམས།། མེ་ལོང་ཡེ་ཤེས་སྤྱན་དང་ལྡན།། དེ་ནི་གསང་བའི་དཀྱིལ་འཁོར་རོ།། སྦས་པའི་དཀྱིལ་འཁོར ་དབྱུག་པ་ལ།། གསང་བ་རྡོ་རྗེ་བུམ་པ་ནི།། རྩ་བྲན་འཁོར་ལོའི་ག་བུའི་དཀྱིལ།། བྷ་གའི་འཁོར་ལོར་རཀྟའི་དཀྱིལ།། གསང་བ་བྱང་ཆུབ་སེམས་འཁོར་རོ།། འདབ་མ་སུམ་ཅུ་རྩ་གཉིས་པ།། ལས་ཀྱི་རིགས་དེ་དོན ་གྲུབ་ནས།། ཡི་དྭགས་ཕྲག་དོག་སྒོ་ཡང་འགེགས།། དམ་ཚིག་སྒྲོལ་མ་ནན་ཏན་ལྡན།། རྟག་ཏུ་དེ་སྤྱོད་དེ་བསྒོམ་པ།། རྣལ་འབྱོར་པ་ཞེས་བྱ་བ་ཡིན།། དེ་དག་འཁོར་དུ་གང་འཐད་དགོད།། སོ་སོའི་སྙིང་པོ་རང་སྔགས ་བཟླ།། སྙིང་སྒོ་དབང་གི་འཁོར་ལོ་ལ།། རྟ་མགྲིན་ཡབ་ཡུམ་སྒོ་མས་བསྐོར།། མཛོད་སྤུ་རྒྱ་མཚོའི་དཀྱིལ་འཁོར་དུ།། གསང་བའི་ཡུམ་བཞིའི་འཁོར་དང་ལྡན།། བྲག་དང་རྩ་ཡི་མཚམས་ཉིད་དུ།། གཙུག་གཏོར་ཆོ ་གའི་དཀྱིལ་འཁོར་གྱི།། མཚོན་ཆ་རྣམ་ལྔས་བརྒྱན་པར་བྱ།། འདི་ནི་གབ་པའི་གསང་བའོ།། རང་རང་འཁོར་དུ་རིགས་ལྔ་འབར།། དབུ་ལ་རྫོགས་པའི་རིགས་ལྔས་བསྲུང་།། ཐུགས་ལ་འབར་བའི་སྲོག་ཡང ་བཞུགས།། གཉིས་ལྡན་སྐུ་དང་གསུང་ཐུགས་ལྡན།། རབ་ཏུ་སྲོག་གི་གོར་ཤར་བའོ།། དེ་ལ་རྩ་རླུང་གྱེས་པ་ནི།། རྩ་གྱེས་པ་རུ་རླུང་ཡང་གྱེས།། མིག་དང་རྣ་བ་སྣ་དང་ལྕེ།། དབང་པོ་བཞི་ལ་གྱེས་པའི་རྩར།། རྒྱུ་བ་ལ ་སོགས་རླུང་བཞི་གནས།། ལུས་ལ་རྩ་བྲན་སྟོང་ཕྲག་ལྷག་ཁྱད་པར་གནས་ཏེ་རླུང་ཡང་ཁྱབ།། རུས་མགོ་གསུམ་བརྒྱ་དྲུག་ཅུ་ལ།། རྩ་ཡི་ཁམས་སུ་དེ་ཙམ་རེ། ཁྱབ་བྱེད་རླུང་དུ་དེ་ཡང་གྲགས།། དེ་རུ་འོད་ཀྱི་ཐིག་ལེ ་རེ།། དེ་ལས་གྱུར་བ་གསུང་རྡོ་རྗེ།། དེ་ནི་གསུང་གི་རྡོ་རྗེ་འབར།། དེ་ལས་གྱུར་བ་རྡོ་རྗེར་གནས།། དེ་ནི་ཐུགས་ཀྱི་རྡོ་རྗེ་འབར།། མཁས་པས་སྤྲོ་བསྡུ་བྱས་པ་ཡིས།། ཕར་འཕྲོས་པས་ནི་དགྲ་བགེགས ་འདུལ།། སླར་འདུས་རང་གི་བག་ཆགས་བསྲེག། དེ་ནི་ལས་ཀྱི་རྡོ་རྗེ་འབར།། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམས།། རྟག་ཏུ་དེ་ལྟར་དེ་གནས་པ།། སྐུ་ཡི་རྡོ་རྗེ་འབར་བ་ཡིན།། དེ ་ལ་དབང་དང་བྱིན་བརླབས་པས།། ཡོན་ཏན་རྡོ་རྗེ་འབར་བའོ།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། རིགས་ཀྱི་བདག་པོ་ཡབ་ཡུམ་དང་།། དེ་ལྟར་རྫོགས་པའི་ཀུ་མ་ར།། ཀུན་གཞིའི་རྣམ་ཤེས་ཉིད་དུ་འདོད།། དེ ་ཡང་རྒྱུ་ཡི་ཧཱུཾ་ལས་བསྐུར།། དེ་ཡུལ་དོན་གྱིས་རྒྱས་འདེབས་མ།། གཉིས་སུ་མེད་པ་རྩ་བའི་དཀྱིལ།། དེ་ཡི་ཁྱད་པར་བྱིན་བརླབས་ལས།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་སེར་སྣ་དང་།། སྒྲིབ ་པ་ལུང་དུ་མ་བསྟན་བཞི།། དེ་ལྟར་མི་དགེ་བཅུ་པ་ནི།། ཧཱུཾ་རིང་བཅུ་ཡིས་ས་བོན་ལས།། སོ་སོའི་རང་སྔགས་རྟེན་སྟོབས་ཀྱིས།། བརྗོད་པས་ཁྲོ་བོ་བཅུ་རུ་གྱུར།། དེ་ཡི་ཆ་འཛིན་ཤེས་པ་བཅུ།། ཧཱུཾ་ལ་བརྟེན་པ་སྔ་མ ་#། བཞིན།། རྣམ་ཤེས་ལྔ་དང་དབང་པོ་ལྔ།། ཛ་ལ་བརྟེན་ནས་གནས་བསྐུར་བ།། གསོད་པའི་ཟ་བྱེད་པ་བཅུར་སྤྲུལ།། ཡུལ་དང་དུས་ཀྱི་ཆ་འཛིན་ལྔ།། གསོད་མ་བཅུ་རུ་སྔ་མ་བཞིན། ཁམས་དང་སྐྱེ ་མཆེད་དེ་ལྟར་བ།། ཕྱོགས་བཅུའི་ཁྲོ་བོ་ཡིན་པར་གསུངས།། ཕྱག་གི་མཆོད་པ་ཡང་བཤད་པ།། རིགས་ལྔ་ཡབ་ཡུམ་སོར་མོ་རྣམས།། བྱས་པའི་བར་དུ་ཕུར་པ་བཅུག། གཉིས་སུ་མེད་པའི་བྱང་ཆུབ་སེམས།། དེ ་ལ་བསྟིམས་པས་སྲས་གྱུར་པ།། ཕུར་པ་རྫས་སུ་རྣམ་པར་བཤད།། དེ་ནས་འཁོར་གྱིས་ཡང་ཞུས་པ།། འཛབ་དང་བཟླས་པའི་དོན་ནི་གང་།། དཀྱིལ་འཁོར་དོན་ནི་ཇི་ལྟར་བསྡུ།། གསང་བའི་བདག་པོས་བཀའ་སྩལ ་འཚལ།། འཛབ་བཟླས་རྣམ་པ་དུ་མ་ཡང་།། ཕྱི་ནང་གསང་བ་གསུམ་དུ་འདུས།། ཕྱི་ཡི་བསྒྲུབ་བྱ་བསྙེན་པ་དང་།། ནང་གི་རང་སེམས་སྦྱང་བ་དང་།། གསང་བའི་དངོས་གྲུབ་བླང་བ་ནི། ཁྱད་པར་འགྲོ་སྟེ་བསྡུས་པའི ་དོན།། དེ་ཡི་བྱེ་བྲག་རྣམ་བཤད་པ།། དཀྱིལ་འཁོར་གསུམ་ལ་ཐ་དད་རེ།། དགུག་དང་གསད་དང་གཞོམ་པའོ།། ཀཱི་ལ་ཡ་ཧཱུཾ་ཕཊ་བར་དུ།། གཞུག་པའི་སྙིང་པོ་ཐ་དད་དོ།། དགུག་པ་ཛཿཧཱུཾ་བཾ་ཧོཿབཞི།། ཡང་ན་ཛ ་ལས་གྱུར་པ་བྱའོ།། གསད་པ་མཱ་ར་ཡ་གསུམ་ལས།། གཞོམ་ཞིང་བརྡེག་པ་ཨ་ཀོ་ཊ།། གཅིག་གིས་གཅིག་བསྐུལ་འོད་ཟེར་ནི།། གློག་འབྲུག་ཆར་གྱི་ཚུལ་དུའོ།། དེ་ལ་བསྡུས་པའི་དོན་བཤད་པ།། རྒྱལ་བའི་དཀྱིལ ་འཁོར་མ་ལུས་ནི།། སྐུ་གསུང་ཐུགས་ཡོན་ལས་ལྔར་འདུས།། རིགས་ལྔར་སྣང་བ་ཡེ་ཤེས་དངོས།། དེ་ཡི་བྱིན་རླབས་སྤྲུལ་པ་ནི།། ཇི་ལྟར་འདོད་པ་ཡིད་བཞིན་ཚུལ།། ཁྲོ་བོ་ཁྲོ་མོ་རྣམ་སྦྲུལ་ཡང་།། གུད་ན་མེད་དེ་དེ ་ལས་སྤྲུལ།། སྤྲུལ་པ་རྣམས་ནི་རྒྱུ་ལས་འདུས།། རྒྱུ་ནི་རང་བཞིན་བྱང་ཆུབ་སེམས།། སེམས་ཉིད་ཡི་གེ་ཨར་སྣང་བ།། ཨ་མཐོང་ཆོས་ཀྱི་དབྱིངས་ཀྱང་མཐོང་།། མ་གཡོས་ལྟ་བའི་རྒྱས་བཏབ་ན།། དཀྱིལ ་འཁོར་ཐམས་ཅད་བསྒོམ་པ་ཡིན།། དེ་སྐད་ཅེས་ནི་བཀའ་སྩལ་པ། ཁྱེད་ལ་གཏད་ཀྱིས་ནན་ཏན་ཟུང་།། གཟུང་དང་བཅངས་དང་བསྟན་དང་བསྒྲགས།། ལེགས་པར་གྱིས་ལ་སེམས་ལ་གནོས། ཞེས་གཏད་དོ།། དེ ་ནས་འཁོར་རྣམས་ཀྱིས་བསྟོད།། ལེགས་སོ་ལེགས་སོ་བདག་པོའི་མཆོག། ལེགས་སོ་ལེགས་སོ་དོན་གྱི་གཙོ།། ལེགས་སོ་ལེགས་སོ་དོན་དང་འཚལ།། ཀུན་གྱི་བདག་ལ་ཕྱག་འཚལ་འདུད།། ཅེས་ཐམས་ཅད ་དབྱིངས་ཉིད་དུ་མི་སྣང་བར་གྱུར་ཏོ།། དཔལ་རྡོ་རྗེ་འབར་བ་མན་ངག་གི་ཀལྦ་པ་དུམ་བུའི་རྒྱུད་ཟུང་། འཁོར་ལ་གཏད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། བོད་ཀྱི་མཁས་པ་ཆེན་པོ ་བཻ་རོ་ཙཱ་ནས་བསྒྱུར་བའོ།། བཀའ་རྒྱུད་འདི་ཡི་རྒྱལ་པོ་སྟེ།། རྒྱ་ཆེ་རབ་ཟབ་ཆོས་ཀྱི་དོན།། འདི་ཡི་གཞུང་གནས་རྒྱས་པར་འབྱུང་།། ལས་འཕྲོ་ཅན་དང་འཕྲད་ན་སྨིན།། འདི་དོན་གབ་ཅིང་སྦས་པར ་འབྱུང་།། ། @#།། རྒྱ་གར་སྐད་དུ།། ནཱ་མ་བཛྲ་ཛ་ལ་ཏནྟྲ།། བོད་སྐད་དུ།། རྡོ་རྗེ་འབར་བའི་རྒྱུད་ཅེས་བྱ་བ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། འདི ་