| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀ་ཙ་ཟ་རཱ་ཏནྟྲ། བོད་སྐད་དུ། ཤྲ་ན་དཀར་ནག་གི་རྒྱུད་དཔལ་རང་བྱུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རང་བཞིན་ལྷུན་གྱིས་རྫོགས་པའི ་བྷན་དྷ་འབར་བའི་གཞལ་ཡས་ན། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར།། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ན། བཅོམ་ལྡན་འདས་དཔའ་ཁྲག་འཐུང་གི་རྒྱལ་པོ་དབུ་དགུ་ཕྱག ་བཅོ་བརྒྱད་དུ་སྤྲུལ་ནས། མཉམ་པའི་ངང་ལ་བཞུགས་པ་ལས། འཁོར་ལྷ་སྲིན་གྱི་ཚོགས་དང་། ཤྭ་ནའི་ཚོགས་དང་། ཅེ་སྦྲང་གི་ཚོགས་དང་སྦྲང་གི་ལར་སྦྱང་ག་ལ་ཡང་གི་ཚོགས་དང་། འབར་མ་དང་། ལང་ཀའི ་ཚོགས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ལས་འདའ་བར་བྱས་ནས་པར་སྣང་ལ་རྫུ་འཕྲུལ་གྱི་སྒྲ་བཏོན་པས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་དེས། ཐུགས་ཀ་ནས་ཡི་གེ་ཛ་ལྗང་གུ་བཏོན ་ནས་ལྕགས་ཀྱུའི་ཕྱག་རྒྱས་མདུན་དུ་ཤྲ་ནའི་ཚོགས་བཀུག་སྟེ། སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། བསྐལ་པའི་མེ་འོད་འབར་བའི་ཀློང་ན་བཞུགས་ནས་སྲིད་གསུམ་ཟིལ་གྱིས་གནོན་པའི་ཧཱུཾ་སྒྲ་ཕྱུང་བས། ཤཱ ་ནའི་ཚོགས་རབ་ཏུ་བརྒྱལ་ཏེ།། བརྒྱལ་བསངས་ཙམ་ན། སྲོག་གི་སྙིང་པོ་འདི་ཁྲག་འཐུང་གི་རྒྱལ་པོ་ལ་ཕུལ་ཏེ། སྲྀ་ལ་མུ་ཁི་ཛ་ཛ། ཤྭ་ན་མུ་ཁི་ཛ་ཛ། སིང་ཧ་མུ་ཁི་ཛ་ཛ། གྲྀ་ཌྷ་མུ་ཁི་ཛ་ཛ། ཞེས་ཕུལ་ནས། བཀའ ་ཉན་པར་ཞལ་གྱིས་བཞེས་སོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོ་དེས་ཆོ་འཕྲུལ་གྱི་ལས་མཛད་དོ།། ཤྲ་ན་དཀར་ནག་གི་རྒྱུད་ལས། གླིང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང ་གི་རྒྱལ་པོ་དེས་ཤྭ་ནའི་དཀྱིལ་འཁོར་འདི་གསུངས་སོ།། དཀྱིལ་འཁོར་བང་རིམ་གསུམ་བརྩེགས་ལ།། ཤྭ་ནའི་ཁྲག་དང་ཁྲག་ཆེན་བྱུག། བང་རིམ་དང་པོ་མཐིང་ནག་བྲི།། བང་རིམ་གཉིས་པ་སྨུག་གནག་བྲི།། ཐ་མ ་དམར་ནག་མེ་རིས་བསྐོར།། དབུས་སུ་ཟངས་ཀྱི་སྦྲང་མོ་དགོད།། ཤར་ཟུར་ལྕགས་ཀྱི་ཁྱི་མོ་དགོད།། ལྷོ་རུ་ལྕགས་ཀྱི་སྦྲང་མོ་དགོད།། བྱང་དུ་གསེར་གྱི་འབར་བ་ལྕེ་བརྒྱད་དགོད།། བང་རིམ་པར་མའི་མཐའ་སྐོར ་ལ།། ཤ་སྣ་ཚོགས་པའི་གཏོར་མ་དང་།། སྙིང་སྣ་བཞི་དང་བཅས་པ་དགོད།། སྦྱོར་གཞུག་རྫས་དང་དུག་གི་གཏོར།། སྡིགས་ཕུར་ཡུངས་ཀར་རྒྱལ་པོ་དང་།། སྐེ་ཚེ་ལྕགས་ཕྱེ་ཟངས་ཕྱེ་དང་།། ཤཱ ་ནའི་ཐོད་པའི་ནང་དུ་ནི།། ཡུང་ནག་ཁྲག་སྐམ་བླུག་བྱས་ལ།། རབས་ཆད་སྐད་ཤད་དག་གིས་ཁ་བཅད་ལ།། ཤྲ་ནའི་ཕུར་པའི་གཟུང་ཐག་གདགས།། བདག་ཉིད་ཁྲག་འཐུང་རྒྱལ་པོར་བསྒོམ།། ཤྲ་ན་སྲོག་གི་སྙིང་པོ ་དྲང་།། དེ་ལྟར་བྱས་ན་འགྲུབ་པར་འགྱུར།། ཤྲ་ན་དཀར་ནག་གི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཁྲག་འཐུང་གི་རྒྱལ་པོས་སྲོག་སྙིང་ལས་དྲང་ཞིང་ཐུགས་དམ་སྐུལ་བའི ་སྔགས་འདི་གསུངས་སོ།། སྲྀ་ལ་མུ་ཁ་ཛ་ཛ། ཤྲ་མུ་ཁ་ཛ་ཛ། སིང་ཧ་མུ་ཁ་ཛ་ཛ། ཀྲི་ཏ་མུ་ཁ་ཛ་ཛ། ཨོཾ་བི་ར་བ་ལ་ཤ་ཡ་བི། དན་མུ་ད་ཝ་ཡ། པི་ལ་ཤ་ཏི་མུ་པ་ཤྲ་ན། ཡ་ཏི་གརྟི་མུ་ཁ་ཛ། ཤྭ་ར་མཱ་ར་ཡ་ཕཊ། དེ་ནས ་ལས་ལ་གཞུག་ཅིང་རྦད་པའི་ཚེ་ཡུངས་ཀར་གྱིས་བསྡིག་པར་བགྱིས་ལ་གདབ་ཅིང་སྔགས་འདི་བརྗོད་དོ།། ཨོཾ་བ་ར་མ་ཤ་ཏྲི་དུ་པེ་ཤ་ནི་དུ་པི་ཤ་ནི། དུ་བི་ཤ་ན་ཀ་ར། ཤནྟི་བི་ར་ཤནྟི། ཚ་ར་ཀན། ཨུ་རི་བི་ཤ་ན་ཙ་ར ་ཤ་ཡ། ཛ་ལ་བི་ཤ་ཡ། ཆེ་གེ་མོ་མཱ་ར་ཡ་ཕཊ། དེ་ནས་ཤྭ་ནའི་སྤྲིན་སྲེག་གི་སྔགས་འདི་གསུངས་ཏེ།། ཨོཾ་རུ་པ་རུ་པ་ཤ་ནི་ནི་ཤ་པི་ཤ་ནི། ག་ཏ་ར་ཤཱ་ན་བི་ཤ་ཏ་ཡ་ད་ར་ཛ་ལ་པ་ཡ། བི་ཤ་ཡ་བི་ཤ་ཡ། ཆེ་གེ་མོ་མཱ་དྷ ་ཡ་ཕཊ། ཅེས་ཤྭ་ན་དཀར་ནག་གི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཁྲག་འཐུང་གི་རྒྱལ་པོ་དེས།། ལས་སྦྱོར་དག་ནི་འདི་གསུངས་སོ།། དགྲ་བགེགས་དག་ནི་ལིངྒའི་རྒྱུ།། ཤིང་ཤུན་གྲོ་ག ་གྲོག་མཁར་ས།། དགྲ་བོའི་གཟུགས་བྱས་མིང་རུས་གཞུག། དེ་ལ་བཀུག་ཅིང་བསྟིམ་པར་བྱ།། ཞུགས་པའི་མཚན་མ་བྱུང་བ་དང་།། ཤྲ་ནའི་ཕུར་པས་གདབ་ཅིང་ཐུན་གྱིས་བརྡེག། ཧོམ་གཟུགས་ཤྭ་ནའི་དྲག་སྔགས ་བཟླས། ཁྲག་སྐམ་དུག་གི་གཏོར་མས་བརྡེག། སྨོན་ལམ་བཏབ་ཅིང་རྦད་སྔགས་བཟླས།། ཧོམ་བསྲེག་ཐལ་བ་གནན་པ་བྱ།། དཔལ་ཆེན་ཉིད་ཀྱིས་བཀའ་བསྒོ་བས།། བསྒྲལ་བའི་ཞིང་བཅུར་གཏོགས་པ ་བསྒྲལ།། དེ་མ་ཟག་ཏུ་འགྲུབ་པར་འགྱུར། ཤྭ་ན་དཀར་ནག་གི་རྒྱུད་ལས་ལས་ཀྱི་བྱ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། རྫོགས་སོ།། །། @#།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ། ཀརྨ་ཙཀྲ། གུ ་