| Wylie | e-texts produced with BDRC’s OCR application |
རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཁོར་བ་དང་པདྨ་རཱ་ག་ལྟ་བུའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པ་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ་བཛྲ་ཀི་ལ་སརྦ་དྷརྨ་གུ་ཧྱ་རྠ་དྷཱ་ཏུ་ཛྙཱ་ན་དཱ་ཡ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པའི་ཆོས་ཐམས་ཅད་ཀྱི་གསང་བའི་དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། འདི་ལྟར་སངས་རྒྱས་པའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་པ་རྒྱལ་བ་ཀུན་གྱི ་གཙོ་བོ། རིགས་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་པ། བདེ་བ་ཆེན་པོ་མྱ་ངན་ལས་འདས་པ། མ་སྐྱེས་ཡོངས་སུ་གྲུབ་པའི་སྐུ། སྐྱེ་བ་མེད་པ་ལས། འགག་པ་མེད་ཅིང་རོལ་པ ་ཆེན་པོའི་སྐུ། སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས། འོག་མིན་ཆེན་པོའི་གནས། གསང་བའི་མཆོག་དམ་པ། མཁའ་དབྱིངས་རྣམ་པར་དག་པའི་གཞལ་ཡས་ཁང་། དཔག་ཅིང་གཞལ་བ་ལས་འདས་པ། གནས་ཀྱི ་མཆོག། མཐའ་དང་དབུས་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཁྱད་པར་ལས། སྐྱེ་བ་དང་འགག་པའི་ཚུལ་གྱིས། ཡེ་ཤེས་ལ་ཡེ་ཤེས་རོལ་པ་དང་། ཆོས་ཉིད་ལ་ཆོས་ཉིད ་རོལ་པ་དང་། སྐུ་སྐྱེ་བ་མེད་པ་དང་། གསུང་འགག་པ་མེད་པ་དང་། ཐུགས་མི་གཡོ་བའི་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་མང་པོ་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་གསལ་བ་རྟོག་པ་མེད་པ་དང་། གཉིས་སུ་མེད་པར ་མཉམ་པ་ཉིད་དང་། མ་འདྲེས་པ་སོ་སོར་རྟོག་པ་དང་། དམིགས་སུ་མེད་པའི་ཐུགས་རྗེ་དང་། སྟོབས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཚད་མེད་པ་བཞི་དང་། རིགས་ལྔ་དང་། སྟོང་པ་ཉིད་ཀྱི་སྒོ་དང་སྣང་བ ་གཉིས་སུ་མེད་པའི་ཚུལ་གྱིས་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་རིག་པའི་ཡེ་ཤེས་ཀྱིས། ཆོས་ཀྱི་སྐུ་ལ་བསྐུལ་བ་ནི། འདི་ལྟ་སྟེ། མ་སྐྱེས་གདོད་ནས་དག་པ་ཆོས་ཀྱི་སྐུ།། མ་ནོར་མ་བཅོས་ཆོས་དབྱིངས་སྤྲོས་དང ་བྲལ།། བརྡལ་བ་ཆེན་པོས་ཡོངས་ལ་རང་བཞིན་གནས།། དེ་ཉིད་མ་རྟོགས་མ་རིག་འཁོར་བ་ལས།། ཐབས་མཁས་ཐུགས་རྗེ་ཆེན་པོས་བསྟན་དུ་གསོལ།། ཞེས་པའི་ཚུལ་གྱིས་ཞུས་པས། ཆོས་ཀྱི་སྐུ་ལས་རང་བྱུང་དུ ་གསུངས་པ། ཨེ་མ་ཡེ་ནས་སངས་རྒྱས་ཀ་དག་རང་བཞིན་ཀྱང་།། འོན་ཀྱང་མ་རིག་རྟོག་པའི་བློ་འཁྲུལ་པས།། གཟུང་འཛིན་ལོག་རྟོག་སྡུག་བསྔལ་འཁྱམས་པ་ལས།། ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས་པའི་དོན།། མ ་རྟོག་བློ་ལ་བརྗོད་མེད་དོན་ཉིད་བསྟན།། ཞེས་གསུངས་སོ།། ཕུར་པ་གསང་བ་དོན་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རིག་པའི་ཡེ་ཤེས་ཀྱིས། ཆོས་ཀྱི་དབྱིངས་ལ་བསྐུལ་བ་འདི་ལྟ ་སྟེ།། ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་།། འཇིག་རྟེན་ཁམས་ཀུན་ཡེ་ནས་དག་པའི་གནས།། བཟང་ངན་གཉིས་མེད་དུས་ཤེས་རྟོགས་པའོ།། སེམས་ཉིད་ཡིད་བཞིན་དགོས་འདོད་སྣ་ཚོགས་འབྱུང་།། རྣམ ་ཤེས་སྣ་ཚོགས་ཡེ་ཤེས་རྟོགས་པའི་འཁོར།། བདག་ཉིད་སངས་རྒྱས་སྣང་ལ་རང་བཞིན་མེད།། བསོད་ནམས་ཡེ་ཤེས་ཚོགས་ཀྱང་རྫོགས་པར་རོལ།། ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྣ་ཚོགས་རོལ།། ཕྱི་ནང་གསང། ་བ་དེ་ཉིད་སེམས་ལས་བྱུང་།། མི་རྟོག་ཡེ་ཤེས་རྣམ་རྟོག་བགེགས་རྣམས་སེལ།། ཆོས་ཀུན་རང་བཞིན་རྣམ་དག་འོད་གསལ་དང་།། ཆོས་རྣམས་ཐམས་ཅད་ཡེ་ནས་སྟོང་ཞིང་དབེན།། དང་ངམ་ཤུགས ་ཀྱིས་རང་བཞིན་ཐུགས་རྗེ་འབྱུང་།། སེམས་ཉིད་སྐྱེ་མེད་ཆོ་འཕྲུལ་ཡི་གེར་ཤར།། འབྱུང་བ་ལྔ་ནི་ཆོས་ཉིད་ཡུམ་གྱི་མཁའ།། ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་ལྡན་ཞིང་།། སྲིད་པ་གསུམ་སྟོན་རྡོ་རྗེ་ཕུར་པའི་ལྷ།། ཡེ ་ཤེས་ཁྲོ་བོ་དང་དང་ཤུགས་ལས་གྲུབ།། གཉིས་མེད་ཚུལ་གྱིས་མ་གཤེགས་སྲིད་པར་བྱོན།། བླ་མེད་དབྱིངས་ཀྱི་ངང་དུ་རོ་གཅིག་ཐིམ།། ཆོས་ཉིད་བདེ་ཆེན་སྐྱེ་མེད་བརྗོད་དང་བྲལ།། ཐབས་ཀྱི་སྤྱོད་པས་འགྲོ་ཀུན ་དབྱིངས་སུ་སྡུད།། མ་བརྟགས་བཞིན་དུ་ཡེ་ནས་ལྷུན་གྱི་གྲུབ།། ཀུན་བཞི་རྣམ་ཤེས་འོག་མིན་གནས་སུ་སྦྱོར།། དེ་ཚེ་ཁམས་གསུམ་འཁོར་བའི་གནས་ལས་བསྒྲལ། དེ་ལྟར་དོན་ཤེས་རིག་ཅིང་རྟོགས་པའི་ཚེ།། སྐུ ་གསུང་ཐུགས་ཀྱི་ས་ལ་ངེས་པར་ཕྱིན།། ཕུར་པ་གསང་བ་དོན་རྒྱུད་ལས། ཡེ་ནས་རང་བཞིན་གནས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རིག་པ་ཡེ་ཤེས་ཀྱིས།། ཆོས་ཀྱི་དབྱིངས་ལ་བསྐུལ་བ་ལས།། ཆོས ་ཉིད་ངང་ལས་རང་སྒྲར་ཤར་བའོ།། ཨེ་མ་ཧོ། རང་བཞིན་སྐྱེ་བ་མེད་པའི་ཆོས་ཉིད་ལ།། ཚིག་དང་ཡི་གེར་བསྟན་མེད་བརྗོད་དང་བྲལ། སྐྱེ་མེད་ཆོས་དེ་སྣ་ཚོགས་སྟོན་པར་བྱེད།། བརྗོད་མེད་དེ་ཉིད་རྗོད་པ་ཀུན་གྱི ་མཆོག། ཚིག་ཀུན་གསལ་བྱེད་ཡེ་ཤེས་ལས་བྱུང་བ།། བྱིན་གྱིས་རླབས་ཀྱིས་རབ་ཏུ་རྟོགས་པར་བྱེད།། དངོས་པོའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་།། སྟོང་པ་མ་ཡིན་སེམས་ཀྱི་སྣང་བར་ཤར།། དེ་ལ་རང་བཞིན་མེད ་དེ་ཆུ་ཟླ་བཞིན།། སྣང་སྟོང་གཉིས་མེད་ལྟ་བ་རྣམ་པར་དག། རང་བཞིན་འོད་གསལ་ཉོན་མོངས་ངང་གི་དག། སྤྲོས་པའི་མཐའ་བྲལ་རྣམ་པ་ཡོངས་ཅིར་མིན།། རིག་པ་འགག་མེད་སྣ་ཚོགས་རོལ་པ་ཆེ།། གཟུང ་འཛིན་རྣམ་རྟོག་སྡུག་བསྔལ་དབྱིངས་སུ་ཤར།། དེ་ལ་མཚན་མའི་སྐྱོན་གྱིས་མ་གོས་པར།། སྒོ་སྐུར་བྲལ་བའི་ཡེ་ཤེས་ཆེན་པོ་སྟེ།། ལྷུན་གྱིས་གྲུབ་པའི་བདེ་ཆེན་ཀུན་སྤྱོད་ཀྱང་།། ལོག་རྟོག་འཁྲུལ་པའི་དབང་གིས་སོ། ་སོར་ཤར།། མ་རིག་ལོག་རྟོག་དེ་ཉིད་གནས་སུ་དག། གཉིས་མེད་ཆོས་སྐུ་མི་རྟོག་ཡེ་ཤེས་ཡིན།། རིག་འཛིན་སྐལ་པ་ཅན་གྱིས་རྟོགས་པར་འགྱུར།། དེ་ནི་སངས་རྒྱས་ཀུན་དང་དགོངས་པ་མཉམ།། རྒྱུན་གྱི་ཁྱད་པར ་གྱིས་ཀྱང་འཕགས་པ་ཡིན།། དོན་དམ་ཕུར་པའི་རང་བཞིན་བྱང་ཆུབ་སེམས།། ངོ་བོ་ཆོས་སྐུ་སྐྱེ་མེད་རྣམ་པར་དག། མཚན་ཉིད་གཉིས་མེད་བདེ་ཆེན་ཟུག་རྔུ་ཞི།། ངེས་ཚིག་དག་པའི་མགོ་ཕུར་ཀུན་ལས ་དཔའ།། དབྱེ་ན་དོན་དམ་རྣམ་གྲངས་མ་ཡིན་དང་།། དབྱིངས་དང་ཡེ་ཤེས་ཆོས་ཉིད་ཆོས་ཀྱི་སྐུ།། སྐྱེ་མེད་བདེ་ཆེན་མ་སྐྱེས་དམིགས་མེད་བྲལ།། ཡེ་ཉིད་ཇི་བཞིན་ཟབ་པ་ཡང་དག་དོན།། ལྷུན་གྲུབ་ལ་སོགས་རྣམ ་གྲངས་མཚོན་དེ་བསྟན།། ཞེས་འབྱུང་། ཕུར་པ་གསང་བའི་དོན་རྒྱུད་ལས། དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་རིག་པའི་ཡེ་ཤེས་ཀྱིས། ཆོས་ཀྱིས ་དབྱིངས་ལ་བསྐུལ་བ་རང་བྱུང་འདི་སྐད་དོ།། ཐོག་མར་ཤེས་རབ་གསུམ་ལ་བློ་སྦྱངས་པས།། སྤྱི་དང་རང་གི་མཚན་ཉིད་དབབ་པ་དང་།། བལྟ་བའི་སྒྲོ་འདོགས་བཅད་ཅིང་ལ་བཟླས་ཏེ།། ཏིང་འཛིན་ཉམས་ཀྱི་དྲོད ་ཚད་ཤུགས་ལས་འབྱུང་།། བྱང་ཆུབ་སེམས་ཀྱི་དོན་ལ་འདྲིས་པར་བྱ།། མཉམ་པ་ཉིད་ཀྱི་དོན་ལ་བློ་བཞག་སྟེ།། གཟུང་འཛིན་བག་ཆགས་མཚན་མ་དག་པར་བྱ།། དངོས་པོ་ཐམས་ཅད་མི་རྟོག་ཟིལ་གྱིས ་མནན།། ཉོན་མོངས་ཀུན་ཀྱང་དབང་དུ་བྱ་ཞིང་བླང་།། བསྒོམ་དུ་མེད་པའི་དོན་ཉིད་རྟོགས་པར་བྱ།། ཡང་ན་སངས་རྒྱས་དགོངས་པ་རྣལ་དུ་དབབ།། མཉམ་ཉིད་ངང་ལ་དུས་གསུམ་རྒྱུན་དུ་གནས།། ཕྱི་རོལ་ཡུལ་གྱི། ་ཞེན་པ་བཅད་བྱས་ལ།། དོན་དམ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བསྒོམ།། ཆོས་ཉིད་རིག་པའི་ཡེ་ཤེས་དག་ལ་ནི།། ཤེས་པ་སངས་སྟོངས་ཇི་བཞིན་ཇེ་གསལ་བསྒོམ།། རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ལས།། སྐྱེ་བའི ་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་ཤར།། ཅིར་ཡང་མ་ཡིན་ཅིར་སྣང་ཆོས་ཀྱི་སྐུ།། སྟོང་ཉིད་སྣང་བ་སྣང་བ་སྟོང་པ་ཉིད།། སོ་སོ་མ་ཡིན་ཐ་དད་མེད་པར་བསླབ།། ཉམས་བླང་ཚེ་ན་ལུས་ངག་བཅོས་སུ་མེད།། སེམས་ཉིད ་མ་མཁའ་འདྲ་སྟེ་རྣམ་རྟོག་བྲལ།། རྟོགས་པའི་གདེང་ལྡན་ཆོས་ཉིད་གཏན་ལ་དབབ།། གདོད་ནས་མ་སྐྱེས་ཆོས་ཀྱི་དབྱིངས་སུ་དག། རིག་པ་བྱང་ཆུབ་སེམས་ཉིད་རྟོགས་ནས་ཀྱང་།། རང་བཞིན་མ་སྐྱེས་ཡོངས་སུ ་གྲུབ་པའི་སྐུ།། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་འདྲ།། ཆུ་ཟླ་ལྟ་བུའི་སངས་རྒྱས་འོད་དང་ལྡན།། ཐུགས་ཀར་དཔལ་བེའུ་ཡི་གེ་འབྲུ་དགུ་ནི།། གསེར་ལ་འཕྲ་བཀོད་བཞིན་དུ་གསལ་བསྒོམས་ཏེ།། རྫོགས་པའི ་རིམ་པ་གདམས་ངག་ཚུལ་བཞིན་བསྒོམ།། རྒོད་ན་སྐྱེ་མེད་རྨུགས་ན་ཆོས་ཉིད་ལ།། འཕྲོ་ན་བདེ་ཆེན་བྱིང་ན་ཁྲོ་བོ་སྟེ།། ཡེ་ཤེས་ལྔ་ཡི་བསྙེན་པའི་ཏིང་ངེ་འཛིན།། འཛབ་ཀྱི་དགོངས་པ་ཆུ་བོའི་རྒྱུན་བཞིན་ནོ།། ཆོས ་ཉིད་ངང་ལས་སྔགས་ཀྱི་སྒྲ་དབྱངས་བླང་།། སེམས་འཛིན་བསམ་གཏན་ཏིང་འཛིན་མ་ཡེངས་བསྒོམ།། དབྱིངས་ཀྱི་ངང་ལས་རང་བྱུང་རང་གྲགས་བསམ།། དེ་ཚེ་རྣམ་རྟོག་དགྲ་ཆེན་ཐམས་ཅད་ཀུན།། གཟུང་འཛིན ་མཚན་མ་མེད་པའི་དབྱིངས་སུ་ཕུར།། གདེང་ལྡན་རྣལ་འབྱོར་ཉེས་པས་མ་གོས་པས།། སྙིང་རྗེས་བསྒྲལ་བའི་དམ་ཚིག་བསད་བཅད་པ།། ཞེ་སྡང་རང་རྒྱུད་སེམས་ཀྱིས་མ་ཡིན་ཏེ།། བྱམས་དང་སྙིང་རྗེ་ལྡན་པའི་རྣལ ་འབྱོར་པས།། རྟོགས་པ་ཀློང་དུ་གྱུར་པས་དབྱིངས་སུ་སྒྲོལ།། ཏིང་འཛིན་དྲོད་ཚད་ལས་སུ་རུང་གྱུར་ན།། ནམ་ཡང་ཉེས་པའི་སྐྱོན་གྱིས་གོས་མི་འགྱུར།། སྒྲོལ་བར་རང་རྒྱུད་ལས་ཀྱི་སྲིན་པོར་སྐྱེས།། རྣམ་པར་སྨིན ་པས་དམྱལ་ཁམས་བཅོ་བརྒྱད་དུ།། བསྐལ་པ་གྲངས་མེད་གསུམ་དུ་སྡུག་བསྔལ་མྱོང་།། དེ་བས་རྣལ་འབྱོར་ཕལ་གྱིས་བྱར་མི་རུང་།། ཕུར་པ་གསང་བ་དོན་རྒྱུད་ལས། ཏིང་ངེ་འཛིན་གྱི་ལེའུ་སྟེ་བཞི ་པའོ།། །། དེ་ནས་བཅོམ་ལྡན་འདས་ཆོས་དབྱིངས་དམ་པའི་སྐུ་ལ་རིག་ཡེ་ཤེས་ཀྱིས་བསྐུལ་བ། རང་བྱུང་བ་ནི་འདི་ལྟ་སྟེ། ཆོས་ཉིད་མྱ་ངན་འདས་པ་ཕུར་པའི་དོན།། རྒྱུ་འབྲས་གཉིས་ལས་འདས་པའི་བྱང ་ཆུབ་སེམས།། དོན་དམ་ཆོས་ཉིད་རང་བྱུང་ཕུར་པ་ནི།། ཕུར་ནི་ཆོས་དབྱིངས་པ་ནི་མྱ་ངན་འདས།། ཕུར་ནི་ཡེ་ཤེས་པ་ཉིད་བྱང་ཆུབ་སེམས།། ཐུགས་རྗེ་ཆེན་པོའི་ཕུར་པ་བླ་མའི་དོན།། ནམ་མཁའི་མཚན་ཉིད་སེམས ་ཀྱི་མཚན་ཉིད་ཡིན།། རྒྱུད་ཀྱི་རྒྱལ་པོ་ལུང་གི་བླ་མེད་པ།། མན་ངག་ངེས་པའི་ངོ་བོ་ཀུན་དང་བྲལ།། དོན་དམ་བརྗོད་མེད་བལྟ་རུ་མེད་པ་ཡིན།། སྐྱེ་དང་འགག་མེད་གཟུང་དང་འཛིན་པ་མེད།། གསལ་ལ་འགྲིབ་མེད ་འཕོ་འགྱུར་མེད་པའི་དོན།། མཐའ་བྲལ་སྒྲོ་སྐུར་འཁོར་འདས་གཉིས་སུ་མེད།། སྣང་སྟོང་དབྱེར་མེད་ཐ་དད་མེད་པའི་དོན།། ཐེབ་ཤོར་མེད་ཅིང་གསལ་ལ་རྣམ་རྟོག་བྲལ།། ཆོས་ཀྱི་དབྱིངས་ཀྱིས་གཟུང་འཛིན ་གཉིས་ལ་གདབ།། མྱ་ངན་འདས་པས་འཁོར་བའི་ཆོས་ལ་གདབ།། ཡེ་ཤེས་ཆེན་པོས་མཉམ་པ་ཉིད་ལ་གདབ།། བྱང་ཆུབ་སེམས་ཀྱིས་ཤེས་རབ་ཐབས་ལ་གདབ།། ཐུགས་རྗེའི་ཕུར་པ་འགྲོ་དྲུག་ཀུན་ལ ་གདབ།། བླ་མ་ཆེན་པོས་སྣོད་དང་དོན་ལ་གདབ།། ནམ་མཁའི་མཚན་ཉིད་རྣམ་པར་རྟོག་ལ་གདབ།། སེམས་ཀྱི་སེམས་ཉིད་རྟོགས་པའི་བློ་ལའོ།། དབྱིངས་ལ་བཏབ་པས་དོན་རྣམས་རྫོགས་པར་བྱེད།། སེམས་ལ ་བཏབ་པས་རིག་པའི་ཡེ་ཤེས་ཤར།། ཆོས་ཉིད་མྱ་ངན་འདས་པའི་དབྱིངས་སུ་གདབ།། དེ་ལྟའི་དོན་གྱིས་ཐེབ་པ་གྱུར་པའི་ཚེ།། འཁོར་བའི་མཚན་ཉིད་མྱ་ངན་འདས་པར་བཟླ།། སྡུག་བསྔལ་དེ་ཉིད་ཆོས་ཉིད་བྱང ་ཆུབ་སེམས།། རྣམ་རྟོག་ལས་ནི་ཡེ་ཤེས་སྐྱེ་འགྱུར་ཞིང་།། དམྱལ་བའི་གནས་ཉིད་འོག་མིན་བླ་མེད་གནས།། དེ་ཚེ་མ་ལུས་ཕུར་པ་གདབ་ཅེས་བྱ།། དོན་དམ་ངེས་པར་གྱུར་པ་ལྟ་བ་ཡིན།། གསལ་བ་རྣམ་རྟོག་བྲལ ་བ་བསྒོམས་པ་ཡིན།། བྱ་བྲལ་ཚོགས་གཉིས་རྫོགས་པ་འབྲས་བུ་ཡིན།། ཞེན་ཆགས་འཛིན་པ་མེད་པ་སྤྱོད་པ་ཡིན།། འཁོར་འདས་གཉིས་སུ་མེད་ན་སྦྱོར་བ་ཡིན།། ཐུགས་རྗེའི་གཟུངས་ཀྱིས་འཛིན་ན་སྒྲོལ་བ ་ཡིན།། དོན་གཉིས་ལྷངས་ཀྱིས་རྟོགས་ན་ཐེབ་པ་ཡིན།། གང་དུ་མི་རྟོག་འཛིན་པ་དམ་ཚིག་ཡིན།། ཐེབ་ཤོར་མེད་པའི་དོན་རྟོགས་མན་ངག་ཡིན།། མངོན་དུ་གྱུར་ན་མངོན་སུམ་དཀྱིལ་འཁོར་ཡིན།། དོན་གཉིས ་མས་སུ་ལོན་ན་ཏིང་འཛིན་ཡིན།། གནས་སུ་བསྟབ་པ་མཆོད་པ་ཆེན་པོ་ཡིན།། བྱར་མེད་ལྷུན་གྱིས་གྲུབ་པ་ཕྲིན་ལས་ཡིན།། རིག་པ་གདེང་དུ་གྱུར་པ་དབང་མཆོག་སྟེ།། དེས་ན་ཐམས་ཅད་མ་ལུས་ཕུར་པའི ་དོན།། ཕུར་ནི་སྐྱེ་མེད་པ་ནི་འགག་པ་མེད།། ཕུར་ནི་གཟུང་མེད་པ་ནི་འཛིན་མེད་དོན།། ཕུར་ནི་ཡེ་ཤེས་པ་ནི་ཆོས་ཀྱི་དབྱིངས།། ཕུར་ནི་ཐབས་ཆེན་རྡོ་རྗེ་ཡབ་ཀྱིས་མཁའ།། པ་ནི་ཤེས་རབ་ཕ་རོལ ་ཕྱིན་མ་ཡུམ་གྱི་ཀློང་།། ཆོས་ཉིད་དབྱེར་མེད་ཕུར་པའི་དོན་གཉིས་ཀྱིས།། མཉམ་པའི་རྒྱལ་པོས་ཐམས་ཅད་དབྱིངས་སུ་བསྒྲལ།། སྟོང་གསུམ་འཇིག་རྟེན་ཁམས་ཀུན་བསྒྲལ་བའི་ཞིང་།། བསྒྲལ་བྱ་སྒྲོལ་བྱེད་ཆོས ་ཉིད་གཉིས་སུ་མེད།། དེ་ཡི་དོན་ནི་རང་བྱུང་ཕུར་པའི་དོན།། ཞེས་འབྱུང་ངོ་།། ཕུར་པ་གསང་བ་དོན་གྱི་རྒྱུད་ལས། རང་བྱུང་ཕུར་པའི་ལེའུ་སྟེ་ལྔ་པའོ།། །། རྡོ་རྗེ་ཕུར་པ་གསང་བ་དོན་གྱི་རྒྱུད་རྫོགས ་སོ།། །། ་