CLOSE WINDOW

Gpb027.016: 'phags pa sangs rgyas thams cad kyi ye shes kyi rtse mo'i rgyud kyi rgyal po chen po
Wyliee-texts produced with BDRC’s OCR application

པདྨ་ཐོད་ཕྲེང་རྩལ་དང་། ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་བསྐུར་ཏེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དམ་དུ་བཞག་པའོ།། །། @#།། རྒྱ་གར་སྐད་དུ། ཨཱརྱ་སརྦ་བུདྡྷ་ཛྙཱ་ན་ཤི་ཁ་ར ་མ་ཧཱ་ཏནྟ་རཱ་ཛ། བོད་སྐད་དུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་ཡུམ་གྱི་བྷ་ག་ལ། བརྗོད་ཀྱིས་ཀྱང་མི་ལང་བའི་ཡང་ཤིན་ཏུ་བརྗོད ་ཀྱིས་ཀྱང་མི་ལང་བའི་རྒྱལ་བ་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་སངས་རྒྱས་དང་འཁོར་གྱི་ཚོགས་སྲས་དང་བཅས་པ་དང་ཐབས་ཅིག་ཏུ་རྒྱལ་བ་མཐར་ཕྱིན་པའི་བཞུགས་ཡུལ། པདྨ་ཆེན་པོའི་རྣམ་པར་ཐར་པའི་དབྱིངས་ན ་བཞུགས་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཞེ་སྡང་རྡོ་རྗེ་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པ་གཏི་མུག་རྡོ་རྗེ་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པ་ང་རྒྱལ་རྡོ་རྗེ་རྣམ་པར་རོལ་པ་དང་། དེ ་བཞིན་གཤེགས་པ་འདོད་ཆགས་རྡོ་རྗེ་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པ་ཕྲག་དོག་རྡོ་རྗེ་རྣམ་པར་རོལ་པ་དང་། དེ་དག་ལ་སོགས་པ་ནམ་མཁའ་དང་མཉམ་པའི་དེ་བཞིན་གཤེགས་པ་མ་ལུས་པ་རྣམས ་དང་ཐབས་ཅིག་ཏུ་བཞུགས་པ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་དུ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱིས་མཁའ་དབྱིངས་ཡོངས་སུ་གཏམས་པར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་སྲས་དང ་འཁོར་ཚོགས་དུ་མ་དང་ཐབས་ཅིག་ཏུ་ཞུགས་པ་ནི་འདི་ལྟ་སྟེ། རྒྱལ་སྲས་ཆེའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་ལོངས་སྤྱོད་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་ཚངས་པར་སྤྱོད་པ་ཆེན་པོའི་རྡོ་རྗེ་རྣམ་པར ་རོལ་པ་དང་། རྒྱལ་སྲས་བདེན་པ་ཆེན་པོའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་བདེན་པའི་ཚོགས་ཐམས་ཅད་ཀྱི་ཡོངས་སུ་ཕན་པ་འགྲུབ་པའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་ངག་དོན ་ཡོད་པའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་ཞི་བའི་ཚིག་ཕུན་སུམ་ཚོགས་པའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་གཟུང་འཛིན་རྣམ་པར་དག་པའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་བདེན་པའི་བདུད ་རྩི་ཐོབ་པའི་རྡོ་རྗེ་རྣམ་པར་རོལ་པ་དང་། རྒྱལ་སྲས་ཡང་དག་པའི་ཤེས་རབ་ཆེན་པོས་ཀུན་ཏུ་བརྟས་པའི་རྡོ་རྗེ་རྣམ་པར་རོལ་པའི་ཚོགས་ཏེ། དེ་དག་ནི་ལུས་དང་ངག་དང་ཡིད་ཀྱི་དྲི་མ་ཀུན་ཏུ་དག་པ། སྐུ་དང ་གསུང་དང་ཐུགས་ཀྱི་རྡོ་རྗེས་ཀུན་ཏུ་བསྒྱིངས་པའོ།། གཞན་ཡང་རྡོ་རྗེ་གཞོན་ནུའི་སྡེ་ཚན་མང་པོས་རྣམ་པར་རོལ་པའི་རྡོ་རྗེའི་ཚོགས་དང་གཞན་ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཀྱིས་རྡོ་རྗེ་རྣམ་པར་རོལ ་པའི་ཚོགས་དང་། འདི་ལྟར་རིག་པ་འཛིན་པ་ལ་སོགས་པ་འཁོར་དང་སྲས་བཙུན་མོར་བཅས་པའི་སྤྲིན་གྱི་ཚོགས་མཐའ་ཡས་པས་རྣམ་པར་འཁྲིགས་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས ་སུ་འདུས་ནས། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་ལ། རྡོ་རྗེའི་དམ་ཚིག་གི་མཆོད་པ་ཆེན་པོའི་སྤྲིན་གྱིས་ཀུན་ཏུ་མཆོད་ཅིང་ཕྱག་འཚལ་ནས། མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། དུས ་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་རྩེ་མོར་གྱུར་པ་ལས།། དུས་གསུམ་ཞིང་དུ་སྤྲོས་པའི་ཕྱིར།། སངས་རྒྱས་རྣམས་ཀྱིས་རོལ་པའི་ཚེ།། ཡེ་ཤེས་རྩེ་མོ་ལས་བྱུང་བའི།། བསྒྲལ་བའི་དམ་ཚིག་བཤད་དུ ་གསོལ།། དེ་ནས་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་འཛུམ་པ་མཛད་པར་གྱུར་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། འཁོར་དེར་འདུས་པ་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ལག་ན་རྡོ། ་རྗེ་ཐོགས་པ་མེད་ཞེས་བྱ་བའི་ནན་དང་བཅས་ཏེ་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་དུ་མར་བསྐོར་ཏེ། མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་ནས། བླ་གོས་ཕྲག་པ་གཅིག་ཏུ ་བཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། དེ་རིང་དེ ་བཞིན་གཤེགས་པ་འཛུམ་པ་མཛད་པའི་དོན་ཅི་ལགས་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ལག་ན་རྡོ་རྗེ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ།། ལག་ན་རྡོ་རྗེ་འཆང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོ་ཞེས་བྱ་བ། གསང་སྔགས་ཀྱི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འབྱུང་བ་ཞེས་བྱ་བ་བཤད་པར་གསོལ་བ་བཏབ་སྟེ། དེ་ནི ་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྒྱས་པར་མ་བཤད། མ་འོངས་པ་ན་ཡང་འཆད་པར་དཀོན་པའི་ཐེག་པ་ཆེན་པོ་འདི་བཤད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྐྲག་པར་འགྱུར་ན། ་བྱང་ཆུབ་སེམས་དཔའ་གཞན་རྣམས་དང་། འཁོར་ཕལ་པོ་ཆེ་ལྟ་ཅི་སྨོས། དེའི་ཕྱིར་ང་ནི་ངོ་མཚར་དུ་གྱུར་པའི་ཕྱིར། རྒྱལ་བ་འཁོར་དང་བཅས་པ་རྣམས་ཀྱང་ཐེ་ཚོམ་སྐྱེ་བ་དང་། དམ་པའི་ཆོས་འདི་ཉིད་ཀྱིས་གདུལ ་བར་བྱ་བའི་དུས་ཀྱི་ཕྱིར་རོ།། ཞེས་གསུངས་སོ།། དེ་ནས་ཡང་དེ་བཞིན་གཤེགས་པ་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་རྡོ་རྗེ་མཆོད་པ་ཆེན་པོའི་སྤྲིན་གྱིས་ཀུན་ཏུ་མཆོད་ནས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་འདི་ནི་ལས་ཀྱི་མཆོག་གོ། འདི་ནི་དུས་ལ་བབ་པའོ།། ཐེག་པ་འདི་ནི་རྡོ་རྗེའི་ཐེག་པ་ཆེན་པོ་རྣམས་ཀྱི་མཆོག་གོ། གསང་བ་འདི་ནི་གསང་བའི་ཡང་གསང་བའོ།། ཐབས་ནི་འདི་ནི་ཐབས་ཀྱི ་མཆོག་གོ། རོལ་པ་ཆེན་པོའི་ཡང་རོལ་པ་ཆེན་པོ་སྟེ། བདག་ཅག་ཀྱང་ངོ་མཚར་དུ་གྱུར་པ་དང་། རྨད་དུ་གྱུར་པ་དང་། ཐེ་ཚོམ་ཐམས་ཅད་དགུམ་པའི་སླད་ཉིད་དུ་སྤྲོ་བར་མཆི་སྟེ། བཅོམ་ལྡན་འདས་ཀྱིས་དེ་ཡོངས ་སུ་བཤད་དུ་གསོལ། ཞེས་ལན་གཉིས་ལན་གསུམ་དུ་བཤད་པར་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས ་བྱེད་ཆེན་པོ་ཞིང་རྣམ་པར་དག་པ་དང་། རྣམ་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དུས་གསུམ་གྱི་སངས་རྒྱས་རྣམས་ལ་རྡོ་རྗེའི་སྤྱན་གྱི་འོད་ཟེར་གྱིས་རེག་པར་མཛད་དོ།། འདི་ལྟར་དེ ་བཞིན་གཤེགས་པ་རྣམས་ཀྱང་འོད་ཟེར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་འགྲོ་བའི་དེད་དཔོན་ལས་མཐུ་མཉམ་པ་བརྩོན་པར་གྱུར་ཏོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་གཟིགས་ནས ་དོན་གཉིས་འབྱུང་བ་ཞེས་བྱ་བའི་འོད་ཟེར་གྱིས་རེག་པར་མཛད་དོ།། དེ་དག་ཀྱང་ཐོག་པ་མེད་པའི་རྡོ་རྗེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། གསང་བའི་རྡོ་རྗེའི་སྣོད་དུ་བྱིན་གྱིས་བརླབས་སོ།། དེ ་ནས་སྤྲུལ་པའི་ཚོགས་དང་འཁོར་དུ་བཅས་པ་ལ་གཟིགས་ནས། ཀུན་ཏུ་སྒྱིངས་པ་ཞེས་བྱ་བའི་འོད་ཟེར་གྱིས་རེག་པར་མཛད་དོ།། དེ་དག་ཀྱང་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ།། དེ་ནས ་གཏི་མུག་གནས་ཀྱི་ཐེག་པ་རྣམས་ལ་གཟིགས་ནས། ཐེག་པ་ཆེན་པོ་སྟོན་པ་ཞེས་བྱ་བའི་འོད་ཟེར་གྱིས་རེག་པར་མཛད་ནས། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ཐོབ་པར་གྱུར་ཏོ།། དེ ་ནས་འགྲོ་བ་དྲུག་གི་གྲོང་ཁྱེར་པ་རྣམས་ལ་གཟིགས་ནས། ལམ་གཅིག་པའི་རྡོ་རྗེ་ཞེས་བྱ་བའི་འོད་ཟེར་གྱིས་རེག་པར་མཛད་པས། དེ་དག་ཀྱང་རེག་ན་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ།། དེ་ནས ་བཅོམ་ལྡན་འདས་རྡོ་རྗེའི་བདག་པོས། རྡོ་རྗེ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེ་སྡང་གཏན་དུ་གསོད་པའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས ་ལས་བྱུང་ངོ་།། ཧཱུཾ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བདག་པོས། འཁོར་ལོ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཏི་མུག་གཏན་དུ་གསོད་པའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་པོས། རིན་པོ་ཆེ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ང་རྒྱལ་གཏན་དུ་གསོད་པའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། སྭཱ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་པོས། པདྨ་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདོད་ཆགས་གཏན་དུ་གསོད་པའི་ཡེ ་ཤེས་འདི་ཉིད་ཀྱི་སྒྲ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་པོས། སྣ་ཚོགས་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྲག་དོག་གཏན ་དུ་གསོད་པའི་ཡེ་ཤེས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཧ། འདི་དག་གསུངས་པ་ཙམ་གྱི་མོད་ལ། འཇིག་རྟེན་འདིར་སངས་རྒྱས་ཀྱི་ཚོགས་དུ་མ་ལ། འདི་ལྟ་སྟེ། ལ་ལ་ནི་ཞི་བའི ་རང་བཞིན་ལྟ་བུ། ལ་ལ་ནི་རྒྱས་པའི་རང་བཞིན་ལྟ་བུ། ལ་ལ་ནི་དབང་གི་རང་བཞིན་ལྟ་བུ། ལ་ལ་ནི་དྲག་པོའི་རང་བཞིན་ལྟ་བུ། ལ་ལ་ནི་རྡོ་རྗེའི་རིགས་ལྟ་བུ། ལ་ལ་ནི་རིན་པོ་ཆེའི་རིགས་ལྟ་བུ། ལ་ལ་ནི་པདྨའི ་རིགས་ལྟ་བུ། ལ་ལ་ནི་ལས་ཀྱི་རིགས་ལྟ་བུ། ལ་ལ་ནི་དེ་བཞིན་གཤེགས་པའི་རིགས་ལྟ་བུ། ལ་ལ་ནི་ཡབ་ཀྱི་རང་བཞིན་ལྟ་བུ། ལ་ལ་ནི་ཡུམ་གྱི་རང་བཞིན་ལྟ་བུ། ལ་ལ་ནི་སྤྲུལ་པའི་རང་བཞིན་ལྟ་བུ། ལ་ལ་ནི ་སྲས་ཀྱི་རང་བཞིན་ལྟ་བུ། ལ་ལ་ནི་འཁོར་གྱི་རང་བཞིན་ལྟ་བུ། ལ་ལ་ནི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ལྟ་བུ། ལ་ལ་ནི་ཚོམ་བུའི་དཀྱིལ་འཁོར་གྱི་རང་བཞིན་ལྟ་བུ། ལ་ལ་ནི་སངས་རྒྱས་གཅིག་གི་རང་བཞིན ་ལྟ་བུ། ལ་ལ་ནི་ལེགས་པའི་བློ་གྲོས་ཀྱི་རང་བཞིན་ལྟ་བུ། ལ་ལ་ནི་རྡོ་རྗེ་འཕྲོ་བའི་རང་བཞིན་ལྟ་བུ། ལ་ལ་ནི་འཁོར་ལོ་འཕྲོ་བའི་རང་བཞིན་ལྟ་བུ། ལ་ལ་ནི་རིན་པོ་ཆེ་འཕྲོ་བའི་རང་བཞིན་ལྟ་བུ། ལ་ལ་ནི་པདྨ་འཕྲོ ་བའི་རང་བཞིན་ལྟ་བུ། ལ་ལ་ནི་རྒྱ་གྲམ་འཕྲོ་བའི་རང་བཞིན་ལྟ་བུ། ལ་ལ་ནི་སྐུ་ཡི་རང་བཞིན་ལྟ་བུ། ལ་ལ་ནི་གསུང་གི་རང་བཞིན་ལྟ་བུ། ལ་ལ་ནི་ཐུགས་ཀྱི་རང་བཞིན་ལྟ་བུ། ལ་ལ་ནི་མཆོད་རྟེན་གྱི་རང་བཞིན་ལྟ ་བུ། ལ་ལ་ནི་ནམ་མཁའི་རང་བཞིན་ལྟ་བུ། ལ་ལ་ནི་ཐིག་ལེའི་རང་བཞིན་ལྟ་བུ། ལ་ལ་ནི་འོད་ཟེར་གྱི་རང་བཞིན་ལྟ་བུ། དེ་ལྟར་ཐམས་ཅད་ཀྱི་རང་བཞིན་ལྟ་བུ་སྲིད་པ་གསུམ་ཡོངས་སུ་གཏམས་པ་ནི་འདི་ལྟ་སྟེ། ་དཔེར་ན་ཡུངས་འབྲུ་མར་གྱི་གང་བའམ། ཏིལ་གྱི་གང་བུ་བཞིན་དུ་ཆོ་འཕྲུལ་ཆེན་པོ་དེས་རྣམ་པར་གཏམས་པར་གྱུར། རྒྱས་པར་གྱུར། ཡོངས་སུ་ཁྱབ་པར་གྱུར་ཏོ།། དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ ་བདག་པོས། འདི་ལྟར་བྱིན་གྱིས་བརླབས་པའི་མོད་ལ་འཇིག་རྟེན་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་གཡོས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ་ཀུན་ཏུ་རབ་ཏུ་ཆེམ་ཆེམ། ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་ཏུ་རབ་ཏུ་ཤིག་ཤིག། གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་རབ་ཏུ་གཏོར་རོ།། དེའི་མོད་ལ་འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་སྟོང་ཁམས་ནམ ་མཁའི་ཁམས་ན་གནས་པ་དབང་ཕྱུག་ཆེ་བ། གཟི་བརྗིད་ཆེར་འབར་བ། དྲེགས་པས་རྒྱགས་པ་ཐམས་ཅད་བརྒྱལ་བར་གྱུར་ནས། འདི་ལྟར་མྱོས་པ་དང་། དངངས་པ་དང་། སྐྲག་པ་དང་། སྤུ་ཟིང་བ་དང་། འགྱེལ ་བ་དང་། བརྒྱལ་བ་དང་། མིག་གདངས་པ་དང་། སྦར་མོ་འཐམས་པ་དང་། དབུགས་སུབས་ནས་མ་འཐོན་པ་དང་། ལུས་ལ་རྡུལ་འབབ་པ་དང་། ལྕེ་སྐམས་པ་དང་། བྲེད་པས་བརྒྱལ་བ་ལ་སོགས་པའི་བར་དུ་སྟེ། ་དེ་དག་ཉོན་མོངས་པ་ཆ་ཕྲ་བར་བྱས་ནས་བྱིན་གྱིས་བརླབས་ཏེ་དབང་ཐོབ་པར་བྱས་ནས། རྡོ་རྗེའི་ཐེག་པའི་སྣོད་དུ་བྱིན་གྱི་བརླབས་ཏེ། གསང་བའི་རྡོ་རྗེའི་མིང་སོ་སོར་བཏགས་ནས་རྣལ་འབྱོར་གྱི་གྲལ་དུ་བཀོད ་དོ།། དེ་བཞིན་དུ་འགྲོ་བ་དྲུག་པོ་མ་ལུས་པ་ཡང་རྡོ་རྗེའི་ཐེག་པའི་སྣོད་དུ་བྱིན་གྱིས་བརླབས་པའི་བར་དུའོ།། འདི་ལྟར་སངས་རྒྱས་ཀྱི་མཐུ་ཆེན་པོ་ལས། གསུང་གི་ཆོ་འཕྲུལ་རྡོ་རྗེའི་རྣལ་འབྱོར་ཨ་ལ་ལ་ཞེས་གྲགས ་པའི་ཡ་མཚན་གྱི་སྒྲ་ནམ་མཁའི་མཐོངས་ན་གནས་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་གྲགས་པར་མཛད་དོ།། ངན་སོང་གི་སྐྱེ་གནས་ལ་སོགས་པ་ཐམས་ཅད་ཀྱང་རྣམ་པར་གྲོལ་ནས་རྡོ་རྗེའི་རྣལ་འབྱོར་གྱི་གྲལ ་དུ་འཁོད་དོ།། དེ་ནས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་པའི་སྤྲུལ་པ་དང་བཅས་པ་རྣམས་ཆོས་བཞིན་དུ་ལངས་ནས། ཆོ་ག་བཞིན་དུ་མཆོད་དེ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་དཀྱིལ་འཁོར ་ཀྱི་ས་བོན་སངས་རྒྱས་ཐམས་ཅད་ཀྱི་རོལ་པ་འདི། སངས་རྒྱས་རྣམས་ཀྱིས་ཐམས་ཅད་དུ་གསུངས་ཀྱང་། ཆོ་འཕྲུལ་ཆེན་པོ་དང་། བྱིན་རླབས་ཆེན་པོ་དང་། མཐུ་ཆེན་པོར་འདི་ལྟར་བྱིན་གྱིས་བརླབས་ཏེ། དེང ་འདིར་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཐམས་ཅད་ལ་འདི་ལྟར་ཆོ་འཕྲུལ་ཐམས་ཅད་པ་བྱིན་གྱིས་བརླབས་པས། རྡོ་རྗེ་དམ་ཚིག་གིས་དོན་རྒྱ་ཆེན་པོ་བགྱིས་སོ།། བདག་ཅག་ཀྱང་མངོན་པར་འདུད་དོ།། དེ ་ནས་དེ་བཞིན་གཤེགས་པ་འཁོར་དང་བཅས་པས་འདི་སྐད་ཅེས་མགྲིན་གཅིག་ཏུ་གསོལ་ཏོ།། ཨེ་མ་ཧོ།། སངས་རྒྱས་ཆེན་པོའི་སྐུ།། ཐོག་མ་མེད་པའི་འཁོར་ལོ་ཡིས།། ཐ་མ་མེད་པའི་འཁོར་ལོ་གཅོད།། གཏི་མུག ་ཆེན་པོ་ཨ་ལ་ལ།། ཨེ་མ་ཧོ་བདེ་གཤེགས་གསང་བའི་གསུང་།། ཐོག་མ་མེད་པའི་པདྨ་ཡིས།། ཟ་མ་མེད་པའི་པདྨ་སྐེམ།། འདོད་ཆགགས་ཆེན་པོ་ཨ་ལ་ལ།། ཨེ་མ་ཧོ་བཅོམ་ལྡན་རྒྱལ ་བའི་ཐུགས།། ཐོག་མ་མེད་པའི་རྡོ་རྗེ་ཡིས།། ཐ་མ་མེད་པའི་རྡོ་རྗེ་འཇོམས།། ཞེ་སྡང་ཆེན་པོ་ཨ་ལ་ལ།། ཨེ་མ་ཧོ་སངས་རྒྱས་ཡོན་ཏན་རྫོགས།། ཐོག་མ་མེད་པའི་རིན་ཆེན་གྱིས།། ཐ་མ་མེད་པའི་རིན་ཆེན ་འདྲེན།། ང་རྒྱལ་ཆེན་པོ་ཨ་ལ་ལ།། ཨེ་མ་ཧོ་བཅོམ་ལྡན་མཛད་པ་ཆེ།། ཐོག་མ་མེད་པའི་སྣ་ཚོགས་ཀྱིས།། ཐ་མ་མེད་པའི་སྣ་ཚོགས་འཇོམས།། ཕྲག་དོག་ཆེན་པོ་ཨ་ལ་ལ།། བྱང་ཆུབ་སེམས་ཀྱི་རོལ་པ་ཆེ།། ཐམས ་ཅད་རྒྱུ་ལ་ཕྱག་འཚལ་ལོ།། འབྲས་བུ་ཆེ་ལ་མངོན་པར་འདུད།། ཀུན་བདག་དཀྱིལ་འཁོར་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། རྡོ ་རྗེ་ནམ་མཁའི་བློ་གྲོས་གསང་བ་རྣམ་པར་བཀོད་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་འབར་བ་ནི།། ནམ་མཁའི་དཀྱིལ ་ནས་ཐིགས་པ་ཤར།། སྲོག་གི་གོ་རུ་ཤར་བ་དང་།། སྙིང་གི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། རིན ་ཆེན་ཁྲོས་པས་ང་རྒྱལ་གཅོད།། འོད་ཆེན་སྔོན་པོ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་ཟིགས་པ་ཤར།། ལྟེ་བའི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་འཁོར་ལོ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། འཁོར་ལོ་ཁྲོས་པས་གཏི་མུག་གཅོད།། འོད་ཆེན་ནག་པོ་འབར་བ་ནི། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། ཀླད་པའི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ ་ལྡན་འདས་པདྨ་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། པདྨ་ཁྲོས་པས་འདོད་ཆགས་གཅོད།། འོད་ཆེན་དམར་པོ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་ཐིགས་པ ་ཤར།། མགྲིན་པའི་གོ་རུ་བསྒོམ་པར་བྱ།། དེ་ནས་བཅོམ་ལྡན་འདས་སྣ་ཚོགས་ཁྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། སྣ་ཚོགས་ཁྲོས་པས་ཕྲག་དོག་གཅོད།། འོད ་ཆེན་ལྗང་གུ་འབར་བ་ནི།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། རྐང་པའི་གོ་རུ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད ་ཅེས་གསུངས་སོ།། ཞེ་སྡང་རྡོ་རྗེའི་དམ་ཚིག་ནི།། ཞེ་སྡང་ཆེན་པོའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆེན་པོའི་རྡོ་རྗེ་ཡིས།། ཉོན་མོངས་རྡོ་རྗེ་གསད་པར་བྱ།། གཏི་མུག་རྡོ་རྗེའི་དམ་ཚིག་ནི།། གཏི་མུག་ཆེན ་པོའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆེན་པོའི་འཁོར་ལོ་ཡིས།། གཏི་མུག་འཁོར་ལོ་གསད་པར་བྱ།། ང་རྒྱལ་རྡོ་རྗེའི་དམ་ཚིག་ནི།། ང་རྒྱལ་ཆེན་པོའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆེན་པོའི་རིན་ཆེན་གྱིས།། ཉོན་མོངས་པ ་རྒྱལ་གསད་པར་བྱ།། འདོད་ཆགས་ཆེན་པོའི་ཏིང་འཛིན་ཏེ།། འདོད་ཆགས་རྣལ་འབྱོར་ཆེན་པོ་ཡིས།། ཉོན་མོངས་འདོད་ཆགས་གསད་པར་བྱ།། ཕྲག་དོག་ཆེན་པོའི་དམ་ཚིག་ནི།། ཕྲག་དོག་ཆེན་པོའི་ཏིང་ངེ་འཛིན ་ཏེ།། རྣལ་འབྱོར་རྡོ་རྗེ་རྒྱ་གྲམ་གྱིས།། ཉོན་མོངས་ཕྲག་དོག་གསད་པར་བྱ།། དེ་ནས་བཅོམ་ལྡན་འདས་བྱམས་པས་བསྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས ་སོ།། བྱམས་པས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་གནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། དེ་ནས་བཅོམ་ལྡན་འདས་སྙིང་རྗེས་བསྒྲལ་བ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་གནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། དེ ་ནས་བཅོམ་ལྡན་འདས་དགའ་བས་བསྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། དགའ་བས་བསྒྲལ་བའི་དམ་ཚིག་ནི།། བསད་ཅིང་མནན་པ་མ་ཡིན་ཏེ།། ཕུང་པོ་རྡོ ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། དེ་ནས་བཅོམ་ལྡན་འདས་བཏང་སྙོམས་ཀྱི་བསྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཏང་སྙོམས ་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་གནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཚད་མེད་སྙིང་རྗེ་སྐྱེད་པ་དང་།། བྱང་ཆུབ་སེམས་ལ་དགའ་བ་ནི།། སྔོན་དུ་འགྲོ། ་བའི་ལས་ཡིན་ཏེ།། སྒྲུབ་པ་པོས་ནི་ནན་ཏན་བྱ།། དེ་ནས་དེའི་ཚེ་དེའི་དུས་ན། རྡོ་རྗེ་གཞོན་ནུའི་རིག་འཛིན་དང་།། འཁོར་ལོ་གཞོན་ནུའི་རིག་འཛིན་དང་།། རིན་ཆེན་གཞོན་ནུའི་རིག་འཛིན་དང་།། པདྨ་གཞོན་ནུའི ་རིག་འཛིན་དང་།། ལས་ཀྱི་གཞོན་ནུའི་རིག་འཛིན་ལ་སོགས་པ་དུ་མའི་ཚོགས་ཀྱིས། རྡོ་རྗེའི་མིག་གིས་དེ་བཞིན་གཤེགས་པ་ལ་བལྟས་ཏེ། རྡོ་རྗེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། དེ་ནས་རྡོ་རྗེ་གཞོན ་ནུའི་རིག་འཛིན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐྲ་ཡི་དབྱིག་ཏུ་བདག་གྱུར་ཅིག། དེ་ནས་འཁོར་ལོ ་གཞོན་ནུའི་རིག་འཛིན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་འཁོར་ལོའི་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་གྱུར ་ཅིག། དེ་ནས་རིན་པོ་ཆེའི་རིག་འཛིན་གཞོན་ནུ་གྲངས་མེད་པས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རིན་ཆེན་ཆོས་དབྱིངས་ལས།། རིན་ཆེན་ཁྲོ་བོ་མི་བཟད་པའི།། སྐུ་ཡི་དབྱིག་ཏུ ་བདག་གྱུར་ཅིག། དེ་ནས་པདྨ་གཞོན་ནུའི་རིག་འཛིན་བསམ་གྱི་མི་ཁྱབ་པས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་པདྨའི་ཆོས་དབྱིངས་ལས།། པདྨའི་ཁྲོ་བོ་མི་བཟད་པའི།། སྐུ་ཡི ་དབྱིག་ཏུ་བདག་གྱུར་ཅིག། དེ་ནས་རལ་གྲི་གཞོན་ནུའི་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱིས་ཡེ་ཤེས་སྐུ།། ངང་ཉིད་རལ་གྲིའི་ཆོས་དབྱིངས་ལས།། རལ་གྲིའི་ཁྲོ ་མི་བཟད་པའི།། སྐྲ་ཡི་དབྱིག་ཏུ་བདག་གྱུར་ཅིག། དེ་ནས་དེའི་ཚེ་དེའི་དུས་ན། རྣལ་འབྱོར་དབང་ཕྱུག་ཆེན་པོ་དུ་མའི་ཚོགས་རང་རང་གི་འཁོར་དུ་མ་དང་བཅས་པ་རྣམས་གཡོ་བར་གྱུར་ཏོ།། དེ་ནས ་རྣལ་འབྱོར་གྱི་ཚོགས་དུ་མ་དང་བཅས་པའི་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ།། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས།། སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོར་འགྲུབ་པར ་མཛོད།། དེ་ནས་འཁོར་ལོའི་རྣལ་འབྱོར་ཆེན་པོའི་ཚོགས་དུ་མའི་འཁོར་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། འཁོར་ལོ་གཞོན་ནུའི་རིག་འཛིན་རྣམས།། སྲིད་པ་འཁོར་ལོར་འགྲུབ་མཛོད་ཅིག། སྲིད་པ་འཁོར ་ལོ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོར་འགྲུབ་པར་མཛོད།། དེ་ནས་རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་ཆེན་པོའི་ཚོགས་དུ་མའི་འཁོར་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། རིན་ཆེན་གཞོན་ནུའི་རིག་འཛིན ་རྣམས།། སྲིད་པ་རིན་ཆེན་འགྲུབ་མཛོད་ཅིག། སྲིད་པ་རིན་ཆེན་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོར་འགྲུབ་པར་མཛོད།། དེ་ནས་པདྨའི་རྣལ་འབྱོར་ཆེན་པོའི་ཚོགས་དུ་མའི་འཁོར་གྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས ་གསོལ་ཏོ།། པད་མ་གཞོན་ནུའི་རིག་འཛིན་རྣམས།། སྲིད་པ་པད་མར་འགྲུབ་མཛོད་ཅིག། སྲིད་པ་པད་མ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོར་འགྲུབ་པར་མཛོད།། དེ་ནས་རལ་གྲིའི་རྣལ་འབྱོར་ཆེན་པོའི་ཚོགས་དུ་མའི ་འཁོར་དང་བཅས་པས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། སྣ་ཚོགས་གཞོན་ནུའི་རིག་འཛིན་རྣམས།། སྲིད་པ་རལ་གྲིར་འགྲུབ་མཛོད་ཅིག། སྲིད་པ་རལ་གྲི་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོར་འགྲུབ་པར ་མཛོད།། དེ་ནས་རིག་འཛིན་དང་རྣལ་འབྱོར་གྱི་ཚོགས་ལ་སོགས་པ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་དེ་བཞིན་གཤེགས་པ་ལ་འདི་སྐད་གསོལ་བ ་བཏབ་བོ།། ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་བདག་གྲོལ་ཅིག། དེ་ནས་བཅོམ་ལྡན ་འདས་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་ཨིནྡྲ་ཡ་ཏི་ར་བཾ། ཡ་མཱ་ཡ་ཏི་ར་བཾ། ཀུ་བེ་རཱ་ཡ་ཏི་ར་བཾ། ཨགྣ་ཡེ་ཏི་ར་བཾ། ནིརྟྲྀཏྭཱ་ཡ་ཏི་ར་བཾ། བཱ་ཡ་བེ་ཏི ་ར་བཾ། ཨཱི་ཤ་ནཱ་ཡ་ཏི་ར་བཾ། སཱུརྱ་ཙནྡྲཱ་ཡ་ཏི་ར་བཾ། ཨུརྡྷ་ཨ་དྷི་པ་ཏ་ཡེ་ཏི་ར་བཾ། བཛྲ་ཏྲཾ་ཏྲཾ། རྡོ་རྗེ་བྲག་གིས་རྣམ་པར་བཀོད་པའི་སྤྱི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། མ་ཧཱ་དེ་ཝ་ཏི་ར་བཾ། ང་རྒྱལ་རྣམ་པར་བཅག་པའི་རྡོ ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འདི་དག་གསུངས་པའི་མོད་ལ་ནི། ཁམས་གཅིག་གི་བདག་པོ་དང་། ཁམས་གཉིས་ཀྱི་བདག་པོ་དང་། ཁམས་གསུམ་གྱི་བདག་པོ་ཆུང་མ་དང་བཅས་པ། ཇི་ལྟར་ཐམས་ཅད་རྡོ ་རྗེའི་རླུང་གིས་ཤིང་བསྒྱེལ་བའི་དུམ་བུ་བཞིན་དུ་ཕྱོགས་སྐྱོང་ཆེན་པོ་བཅུ་དུས་གཅིག་ཏུ་ཞབས་དྲུང་དུ་བུབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་སྲས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། རིགས་ཀྱི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཧཱུཾ་ཆེན་པོ་འབྱུང་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། མོས་པ་ཆེན་པོའི་རྡོ་རྗེ་ལ་དཔའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་བཱི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཐམས་ཅད་ཚར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་དབྱུག་པ་སྔོན་པོ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། རྡོ་རྗེ་ཡེ་ཤེས་ལ་ཀུན་ཏུ་དབང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་འཆི ་བདག་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། རྡོ་རྗེའི་ཚེ་ལ་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ ་ནས་བཅོམ་ལྡན་འདས་མི་གཡོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། རྡོ་རྗེ་སྐྱེ་བ་ལ་རྣམ་པར་དབང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྟ་སྐད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྡོ་རྗེ ་ཆོས་ལ་དབང་བ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས ་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། རྡོ་རྗེ་ལོངས་སྤྱོད་ལ་དབང་བ་ཀུན་ཏུ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་བདུད་རྩིའི་ཐིག་ལེ་འབྱུང་བ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། རྡོ་རྗེ་ལས་ལ་དབང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཁམས ་གསུམ་རྣམ་པར་རྒྱལ་བའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིན་ད་བྷིན་ད་ཧཱུཾ་ཕཊ། རྡོ་རྗེ་སེམས་སྨོན་ལམ ་བདེ་བ་དམ་པ་ལ་ཀུན་ཏུ་རོལ་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྟོབས་པོ་ཆེའི་ཡེ་ཤེས་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས ་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། རྡོ་རྗེ་རྫུ་འཕྲུལ་དམ་པ་ལ་དབང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཁོར་ལོ་རྡོ་རྗེ་དབུས་གནས་པ།། ཐམས་ཅད་རང་སྔགས་ས་བོན་ཆེ།། རྡོ་རྗེ ་མངོན་སྤྱོད་མཐའ་དབུས་གནས།། སོ་སོའི་ལས་རྣམས་སྐུལ་བའི་སྒྲ།། དུས་གསུམ་སྲིད་པ་རྡོ་རྗེ་དང་།། འཁོར་ལོ་རིན་ཆེན་པདྨ་རྒྱ།། ཐམས་ཅད་ཀུན་ཏུ་འབྱུང་བ་ཡིན།། འབར་བའི་ཁྲོ་བོ་མི་བཟད་པས།། གང་དག ་གནས་པ་ཡང་དག་སྔགས།། སྲེགས་ཤིག་སྲེགས་ཤིག་མྱུར་དུ་སྲེགས།། གཏོགས་ཤིག་གཏོགས་ཤིག་མྱུར་དུ་གཏོགས།། རྒྱོབ་ཅིག་རྒྱོབ་ཅིག་མྱུར་དུ་རྒྱོབ།། ཆོམས་ཤིག་ཆོམས་ཤིག་མྱུར་དུ་ཆོམས།། ཆིངས་ཤིག། ་ཆིངས་ཤིག་མྱུར་དུ་ཆིངས།། གཞུངས་ཤིག་གཞུངས་ཤིག་མྱུར་དུ་གཞུངས།། ནོན་ཅིག་ནོན་ཅིག་མྱུར་དུ་ནོན།། ཆོད་ཅིག་ཆོད་ཅིག་མྱུར་དུ་ཆོད།། དྲོངས་ཤིག་དྲོངས་ཤིག་མྱུར་དུ་དྲོངས།། རྡུངས་ཤིག་རྡུངས་ཤིག་མྱུར ་དུ་རྡུངས།། མྱུར་དུ་བསྲེགས་ནས་ཀུན་ཏུ་གཏོགས།། རྣམ་པར་རྒྱོབ་ལ་ངེས་པར་ཆོམས།། དམ་དུ་ཆིངས་ལ་རྣམ་པར་སྦྱར།། ཡོངས་སུ་ནོན་ཅིག་མྱུར་དུ་ཆོད།། ཐམས་ཅད་དྲོངས་ལ་ཀུན་ཏུ་རྡུངས།། ཚོགས་ཀྱིས ་འབད་པའི་དུམ་བུ་འདི།། ཕུང་པོ་སྙོགས་པའི་རྗེས་ཤུལ་དང་།། ཤ་ཁྲག་པགས་པ་རྐང་ཚིལ་ཀླད།། ནང་རོལ་དྲོན་མོར་གྱུར་པ་ལ།། མཆེ་བ་བཏབ་ནས་ཟ་བ་དང་།། བརྟོད་ཅིག་སྦར་མོས་འདྲུ་བ་དང་།། རྡོ་རྗེ་འགྲོས ་མཆོངས་གྱིས་ཞེས་གསུངས།། དེ་ནས་དེའི་མོད་ལ་ཤིན་ཏུ་མཐུ་ཆེ་བ་རྣམས་འགྱེལ་ཞིང་བརྒྱལ་བར་གྱུར་ཏོ།། བསྒྲལ་བའི་གནས་རྣམས་ནི་གཏན་དུ་ཤི་བར་གྱུར་ཏོ།། རིག་འཛིན་ལ་སོགས་པ་རྣམས་ཀྱང་འདར་ཞིང ་བ་སྤུ་ཟིང་བར་འགྱུར་ཏོ།། ཁྲོ་བོ་ལ་སོགས་པ་ལྔ་འཁོར་དང་བཅས་པ་རྣམས་ཀྱང་། རང་བཞིན་གྱི་གནས་ནས་དུ་མའི་ཚོགས་འཐོན་ནས་ཀྱང་ངམས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས་རྡོ་རྗེ་གཞོན་ནུ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། དཱི་བ་ཏ་ཙཀྲ་རུ་ལུ་རུ་ལུ་ཧཱུཾ ་བྷྱོ་ཧཱུཾ། ཡུམ་གྱི་དཀྱིལ་འཁོར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་བཅོམ་འདས་རྡོ་རྗེ་ཧཱུཾ་ཆེན་པོ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས ་སོ།། བཛྲ་ཀྲོ་དྷི་དཱི་པ་ཡ་ཏི་ཧཱུཾ། སྟེང་གི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་དུས་གསུམ་དུ་རྣམ་པར་རྒྱལ་བའི་རྡོ་རྗེ་མཉེས་པར་བྱེད་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷི་ལཱ་སྱེ་ཀི་ཧཱུཾ། ཤར་གྱི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་དབང་ཕྱུག ་པ་ཆེན་པོ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷཱི་ཏཱ་ཏཱ་ཧཱུཾ། ཤར་ལྷོའི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་གཤིན་རྗེའི་གཤེད་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷི་སྨ་ཤཱ་ན་པ་ཏི་ཧཱུཾ། ལྷོའི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་རྡོ་རྗེ་མི་གཡོ་བ་མཉེས་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷཱི་མུ་ཧ་ལ་ཧཱུཾ། ལྷོ་ནུབ་ཀྱི་རྡོ ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྟའི་རྒྱལ་པོ་རྡོ་རྗེ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། འདི་སྐད་ཅེས་གསུངས་སོ།། བཛྲ ་ཀྲོ་དྷཱི་ཛཱ་ཡ་ཏི་ཧཱུཾ། ལྷོ་ནུབ་ཀྱི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་གཞན་གྱིས་མི་ཐུབ་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷི་ཤ་བྱ་ཏི་ཧཱུཾ། ནུབ་བྱང་གི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་བདུད་རྩིའི་ཐིག་ལེ་མཉེས་པར ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷི་ས་བྱ་མི་ཏ་ཧཱུཾ། བྱང་གི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཁྲོ་བོ་ཆེན་པོ་ཁམས་གསུམ་པོ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀྲོ་དྷི་མཱ་ར་ཎི་ཧཱུཾ། བྱང་ཤར་གྱི ་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་རྡོ་རྗེ་སྟོབས་ཆེན་པོའི་རྡོ་རྗེ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། འདི་སྐད་ཅེས ་གསུངས་སོ།། བཛྲ་ཀྲོ་དྷཱི་མུཎྜི་ན་མི་ཧཱུཾ། འོག་གི་རྡོ་རྗེ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཐབས་དང་ཤེས་རབ་མཉམ་པར་ལས།། སྤྲུལ་པ་ལས་ཀྱང་སྤྲུལ་པ་ཆེ།། ཆོ་ག་མཁས་པར་ཤེས་པ ་ཡིས།། རྣལ་འབྱོར་ཆེན་པོ་རྫོགས་པར་འགྱུར།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། སྤྲུལ་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཕག་གི ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་གསུངས་སོ།། བཛྲ་པཱ་ཀ་ར་མུ་ཁ་ཛཿཛཿ། ཧཱུཾ་ཆེན་པོའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་སྟག་གི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་བྱཱ་གྷ་མུ་ཁི་ཛཿཛཿརྡོ་རྗེ་རྣམ་པར་རྒྱལ་བའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཡག་གི་མགོ་ཅན ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཙ་མ་ར་མུ་ཁ་ཛཿཛཿརྡོ་རྗེ་དབྱུག་པ་ཆེན་པོའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ ་ཤ་བའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཧ་ར་ཎ་མུ་ཁ་ཛཿཛཿརྡོ་རྗེ་གཤིན་རྗེ་གཤེད་ཀྱི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ ་ནས་བཅོམ་ལྡན་རྡོ་རྗེ་གཟིག་གི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཨཱརྱ་མུ་ཁ་ཛཿཛཿརྡོ་རྗེ་མི་གཡོ་མགོན་གྱི་གདུང་འཚོབ་པ་ཞེས་བྱ་བའི་ཏིང ་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བྱི་ལའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་བཱི་ར་ལ་མུ་ཁ་ཛཿཛཿ། རྡོ་རྗེ་རྟའི་རྒྱལ་པོའི་གདུང ་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྦྱང་ཀའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཤྭ་ན་མུ་ཁ་ཛཿཛཿརྡོ ་གཞན་གྱིས་མི་ཐུབ་པའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་སེང་གེའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས ་སོ།། བཛྲ་སིདྷ་མུ་ཁ་ཛ3རྡོ་རྗེ་ཁྲོ་བོ་ཆེན་པོ་བདུད་རྩིའི་ཐིག་ལེའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་དོམ་གྱི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་རྀཀྵ་ས་མུ་ཁ་ཛཿཛཿཁམས་གསུམ་ལས་རྣམ་པར་རྒྱལ་བའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་དྲེད་ཀྱི་ཡེ ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་དཀྵ་མུ་ཁ་ཛཿཛཿརྡོ་རྗེ་སྟོབས་པོ་ཆེའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། རྡོ་རྗེ་ཆོས་ཀྱི་འབྱུང ་གནས་སུ།། གང་འདིར་ཤེས་རབ་མིག་གིས་བལྟ།། སྲིད་པ་མ་ཟད་བར་དུ་ནི།། རྒྱལ་བའི་གདུང་ནི་འཆད་མི་འགྱུར། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས།། ་ཕྱག་བརྙན་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཤད་པར་བཞེད་ནས། རྡོ་རྗེ་སྨིག་པུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཀཱ་ཤི་ཀ་མུ་ཁཱི་ཛཿཛཿརྡོ་རྗེ་སྒྲ་འབྱིན ་མའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བྱ་རྒོད་ཀྱི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་གྷྲྀ་དྷ་མུ་ཁཱི ་ཛཿཛཿརྡོ་རྗེ་སྙེམས་མའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བྱ་རོག་གི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས ་སོ།། བཛྲ་གྲོ་ཎ་ཀཱ་ཀ་མུ་ཁཱི་ཛཿཛཿརྡོ་རྗེ་སྡེར་མོའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འུག་པའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་འདི་སྐད་ཅེས་གསུངས་སོ།། བཛྲ་ཨཱ་ལུ་ཀ་མུ་ཁཱི་ཛཿཛཿརྡོ་རྗེ་དུར་ཁྲོད་བདག་མོའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་རྡོ་རྗེ་ཁའི་མགོ་ཅན་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་པྲ་ཏ་མུ་ཁཱི་ཛཿཛཿརྡོ་རྗེ་གཏུན་ཁུང་གི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་པུ་ཤུད་ཀྱི་མགོ་ཅན་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་པཀྵ་ཏི་མུ་ཁཱི་ཛཿཛཿརྡོ་རྗེ་གཏུམ་མོའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁྭའི་ཡེ་ཤེས་འབྱུང ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་པཉྩ་ར་ཎ་མུ་ཁཱི་ཛཿཛཿརྡོ་རྗེ་མདའ་སྙེམས་མའི་གདུང་འཚོབ་པ་ཞེས་བྱའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ ་རྗེ་ཕ་ཝང་གི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཏཱི་ཏི་ལ་མུ་ཁཱི་ཛཿཛཿརྡོ་རྗེ་རླུང་འབྱིན་མའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྲེ་མོང་གི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ན་ཀུ་ལ་མུ་ཁཱི་ཛཿཛཿརྡོ་རྗེ་གསོད་མའི་གདུང ་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བྱི་བའི་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་དུད་ཀཱ་ཤི་ཀ་མུ་ཁཱི་ཛཿཛཿ།། ་རྡོ་རྗེ་བསྐྱོད་ཆེན་མོའི་གདུང་འཚོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། གང་འདིར་སྔོན་དུ་རྣམ་བྱུང་བའི།། དེ་ལྟར་ཕྱིས་འསྡུག་རྣམ་གཉིས་ཏེ།། རྡོ་རྗེ་མཐུ་ཡི་རྩལ་གྱིས་ནི།། སྤྲུལ་པ་ལས་ཀྱང་སྤྲུལ་པ་འཕེལ།། ཇི ་བཞིན་དཀྱིལ་འཁོར་མ་ཡིན་པ།། ཐམས་ཅད་ཡོད་པར་མི་སྲིད་དོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཡེ་ཤེས་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་བཤད་པར་བཞེད་ནས། རྡོ་རྗེ་འགུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་ཨཾ་ཀུ་ཤ་ཛཿཛཿ། རྡོ་རྗེ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བཅིང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས། འདི་སྐད་ཅེས་གསུངས་སོ།། བཛྲ་པཱ་ཤ་ཧཱུཾ། རྡོ་རྗེ་སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྡོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས ་གསུངས་སོ།། བཛྲ་སྥོ་ཊ་བཾ། རྡོ་རྗེ་དགའ་བ་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་དབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས ་སོ།། བཛྲ་ཀཎྜེ་ཧོཿརྡོ་རྗེ་བཏང་སྙོམས་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ནམ་མཁའི་དཀྱིལ་འཁོར་ཕན་ཆད་ནས།། ནམ་མཁའི་དཀྱིལ་འཁོར་ཚུན་ཆད་དུ།། དཀྱིལ་འཁོར་ཀུན་གྱི་ཐུན་མོང་བ།། ཅུང་ཟད་དག ་གི་ཁྱད་པར་གྱིས།། སངས་རྒྱས་ཡུལ་དུ་གྲགས་པ་ཡིས།། གང་འཇུག་པ་ལ་ཐོབ་པ་ཆེ།། དེ་ནས་དེའི་ཚེ་དེའི་དུས་ན། སངས་རྒྱས་ཀུན་གྱིས་མཐུ་ཆེན་པོས་ནམ་མཁའི་དབྱིངས་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ ་དང་། འཁོར་ལོ་དང་། རྒྱ་གྲམ་ལ་སོགས་པས་སྒྲ་ཕྱུང་ནས་ཚིགས་སུ་བཅད་པས། འབར་བའི་ཁྲོ་བོ་རྣམས་ལ་གསོལ་བ་བཏབ་པ། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས ་ཁྲོ་བོ་གཤེགས་སུ་གསོལ།། ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། རྟགས་དང་མཚན་མ་བསྟན་པ་དང་།། ཀི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བྱ་བའི་སྒྲ་ཆེན་པོ་བྱུང་བས། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་འཁོར་ལོ ་དང་། རྒྱ་གྲམ་དང་ཕུར་བུ་ལ་སོགས་པའི་མཚན་ཉིད་མེ་ཏོག་གི་ཆར་དུ་བབས་པར་གྱུར། སའི་དཀྱིལ་འཁོར་ཡང་གཡོ་བར་གྱུར་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། རྣལ་འབྱོར་ཆེན་པོའི་རིག་འཛིན ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་མའི་ཚོགས་ཀྱིས་མགྲིན་གཅིག་ཏུ་འབར་བའི་ཁྲོ་བོ་རྣམས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། སྲིད་པ་ཕུར་བུ་བསྒྲུབས་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས། རང་བཞིན ་གྱི་གནས་ཐབས་དང་ཤེས་རབ་ཀྱི་དངོས་པོ་དྲི་མ་མེད་པའི་ཏིང་ངེ་འཛིན་བདེ་བ་ཆེན་པོ་ལས་བྱུང་བའི་བདག་ཉིད། རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ། ཡབ་སྲས་བཙུན་མོ་དང་བཅས་པ་རྣམས་གཡོ་བར ་མཛད་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུགས་ཆེན་པོ་འཛུམ་པ་མཛད་པར་གྱུར་ཏོ།། དེའི་ཚེ་འཁོར་དེ་ནས ་གསང་བའི་བདག་པོ་རྡོ་རྗེ་ཐོགས་པ་མེད་པ་ཞེས་བྱ་བ་འཁོར་དེའི་ནང་ནས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེའི་མཆོད་པ་ཆེན་པོ་བྱས་ནས། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་རྣམས་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། དེ་རིང་བཅོམ་ལྡན་འདས་འཛུམ་པར་མཛད་པའི་དོན་ཅི་ལགས། ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས ་གསུངས་སོ།། ལག་ན་རྡོ་རྗེ་འཆང་འདི་ལྟ་སྟེ། འདི་ན་འདུས་པའི་ཚོགས་ནི་དུ་མུའི་འཁོར་དང་བཅས་པའི་རིག་འཛིན་འབའ་ཞིག་གོ། དེ་དག་ཀྱང་འདི་ལྟ་སྟེ། ལ་ལ་ནི་སྐུ་ཡི་རིག་འཛིན། ལ་ལ་ནི་གསུང་གི་རིག ་འཛིན། ལ་ལ་ནི་ཐུགས་ཀྱི་རིག་འཛིན། ལ་ལ་ནི་དེ་བཞིན་གཤེགས་པའི་རིག་འཛིན། ལ་ལ་ནི་ད་ལྟར་གྱི་རིག་འཛིན། ལ་ལ་ནི་མ་འོངས་པའི་རིག་འཛིན། ལ་ལ་ནི་རྡོ་རྗེའི་རིག་འཛིན། ལ་ལ་ནི་དེ་བཞིན་གཤེགས ་པའི་རིག་འཛིན། ལ་ལ་ནི་རིན་པོ་ཆེའི་རིག་འཛིན། ལ་ལ་ནི་པདྨའི་རིག་འཛིན། ལ་ལ་ནི་ལས་ཀྱི་རིག་འཛིན། ལ་ལ་ནི་རྡོ་རྗེ་གཞོན་ནུའི་རིག་འཛིན། ལ་ལ་ནི་རྡོ་རྗེ་ཧཱུཾ་ཆེན་པོའི་རིག་འཛིན། ལ་ལ་ནི་རྡོ་རྗེ་རྣམ་པར ་རྒྱལ་བའི་རིག་འཛིན། ལ་ལ་ནི་རྡོ་རྗེ་དབྱུག་པ་སྔོན་པོའི་རིག་འཛིན། ལ་ལ་ནི་རྡོ་རྗེ་གཤིན་རྗེའི་གཤེད་ཀྱི་རིག་འཛིན། ལ་ལ་ནི་རྡོ་རྗེ་མོ་གཡོ་མགོན་གྱི་རིག་འཛིན། ལ་ལ་ནི་རྡོ་རྗེ་རྟ་སྐད་ཀྱི་རིག་འཛིན། ལ་ལ་ནི་རྡོ ་རྗེ་ཕ་རོལ་གྱིས་མི་ཐུབ་པའི་རིག་འཛིན། ལ་ལ་ནི་རྡོ་རྗེ་བདུད་རྩི་ཐིག་ལེའི་རིག་འཛིན། ལ་ལ་ནི་རྡོ་རྗེ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རིག་འཛིན། ལ་ལ་ནི་རྡོ་རྗེ་སྟོབས་པོ་ཆེའི་རིག་འཛིན་ནོ།། དེ་ནས ་སངས་རྒྱས་ཀྱི་མཐུ་ཆེན་པོས་རིག་འཛིན་གྱི་ཚོགས་ཀྱིས། རང་རང་གི་རྣལ་འབྱོར་གྱི་དམ་ཚིག་རྣམས་ལ་གསོལ་བ་བཏབ་བོ།། དེ་ནས་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ ་གསོལ་བ་བཏབ་པ། རྡོ་རྗེ་གཞོན་ནུའི་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང ་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་བསྣོལ།། ཅེས་གསོལ་བ་བཏབ་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་དུ་འདི་མན་ཆད་ཀྱི་ཕུར་བུ་ཤར ་ཏོ།། དེ་ནས་ཧཱུཾ་ཆེན་པོའི་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་ཧཱུཾ་གི་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས ་ཁྲོ་བོ་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་གསོལ་བ་བཏབ་པས།། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་ཧཱུཾ ་ཆེན་པོའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་ཀྱི་ཕུར་བུར་ཤར་ཏོ།། དེ་ནས་རྡོ་རྗེ་རྣམ་པར་རྒྱལ་བའི་རིག་འཛིན་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་རྣམ་རྒྱལ་དམ་ཚིག་གིས།། སྲིད་པ ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་སྙན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས ་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་རྣམ་པར་རྒྱལ་བའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་ཀྱི་ཕུར་བུར་ཤར་ཏོ།། དེ་ནས་རྡོ་རྗེ་དབྱུག་པ་ཆེན་པོའི་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་འདི ་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་དབྱུག་རྒྱལ་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས ་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་དབྱུག་པ་ཆེན་པོའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་ཀྱི་ཕུར་བུར་ཤར་ཏོ།། དེ ་ནས་རྡོ་རྗེ་གཤིན་རྗེའི་གཤེད་རྒྱལ་གྱི་རིག་འཛིན་དུ་མའི་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་གཤིན་རྒྱལ་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང ་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པ་དང་། དེ་ཉིད་ཀྱི་མོད་ལ ་སྲིད་པ་ཐམས་ཅད་རྡོ་རྗེ་གཤིན་རྗེའི་གཤེད་ཀྱི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་ཀྱི་ཕུར་བུར་ཤར་ཏོ།། དེ་ནས་རྡོ་རྗེ་མི་གཡོ་མགོན་གྱི་རིག་འཛིན་དུ་མའི་ཚོགས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས ་གསོལ་བ་བཏབ་བོ།། རྡོ་རྗེ་མི་གཡོ་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང ་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་མི་གཡོ་བའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་ཀྱི་ཕུར་བུར་ཤར་ཏོ།། དེ་ནས་རྡོ་རྗེ་རྟ་སྐད་ཀྱི ་ཡེ་ཤེས་སྐད་ཅིག་མའི་རིག་འཛིན་གྱི་ཚོགས་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་རྟ་སྐད་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་རྟ་སྐད་ཀྱི་ཡེ ་ཤེས་སྐད་ཅིག་མའི་ཕུར་བུའི་བདག་ཉིད་དུ་ཤར་ཏོ།། དེ་ནས་རྡོ་རྗེ་ཕ་རོལ་གྱིས་མི་ཐུབ་པའི་རིག་འཛིན་གྱི་ཚོགས་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་གཞན་རྒྱལ་དམ་ཚིག ་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས ་གྲུབ་སྩོལ།། ཅེས་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་གཞན་གྱིས་མི་ཐུབ་པའི་ཕུར་པའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་དུ་ཤར་ཏོ།། དེ་ནས་རྡོ་རྗེ་བདུད་རྩིའི་ཐེག་ལེའི་རིག་འཛིན་གྱི་ཚོགས་དུ ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་བདུད་རྩིའི་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཡེ་ཤེས ་ཁྲོ་བོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་བདུད་རྩིའི་ཐིག་ལེའི་ཕུར་པའི་ཡེ་ཤེས་སྐད་ཅིག་མའི ་བདག་ཉིད་དུ་ཤར་ཏོ།། དེ་ནས་རྡོ་རྗེ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རིག་འཛིན་གྱི་ཚོགས་དུ་མས་འདི་སྐད་ཅེས་གསོལ་བ་བཏབ་བོ། ཁམས་གསུམ་རྣམ་རྒྱལ་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབ་པ ་དང་།། དབང་དང་དངོས་སྒྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས།། དེ ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་ཁམས་གསུམ་པའི་བདུད་རྩིའི་ཕུར་པ་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་དུ་ཤར་ཏོ།། དེ་ནས་རྡོ་རྗེ་སྟོབས་པོ་ཆེའི་རིག་འཛིན་གྱི་ཚོགས་དུ་མས་མགྲིན་གཅིག་ཏུ ་འདི་སྐད་ཅེས་གསོལ་བ་བཏབ་བོ།། རྡོ་རྗེ་སྟོབས་ཀྱི་དམ་ཚིག་གིས།། སྲིད་པ་ཕུར་བུར་བསྒྲུབས་པ་དང་།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས ་ནས་ཀྱང་།། རྟགས་དང་མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཅེས་བརྗོད་པས། དེ་ཉིད་ཀྱི་མོད་ལ་སྲིད་པ་ཐམས་ཅད་རྡོ་རྗེ་སྟོབས་ཀྱི་ཕུར་པའི་ཡེ་ཤེས་སྐད་ཅིག་མའི་བདག་ཉིད་དུ་ཤར་ཏོ།། དེ ་ནས་དེའི་ཚེ་དེའི་དུས་ན། ས་དང་ནམ་མཁའི་དབུས་དང་བཅས་པ། ཡུལ་དང་ཡུལ་ཅན་གྱི་རང་བཞིན་ཐམས་ཅད་ཀྱི་སྲིད་པ་ཕྱོགས་བཅུ་གཅིག་གི་ཕུར་པ་ཡོངས་སུ་ཤར་བས་རྡོ་རྗེ་སངས་རྒྱས་ཀྱི་ཞིང་ཁམས་སུ ་གཏན་དུ་རྣམས་པར་དག་པ་ལྷུན་གྱིས་གྲུབ་པའོ།། དེ་ནས་དེའི་ཚེ་ལག་ན་རྡོ་རྗེ་ཐོགས་པ་མེད་པས་འཁོར་དུ་མ་དང་བཅས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེའི་མཆོད་པ་ཆེན་པོས་མཆོད་ནས་འདི་སྐད་ཅེས་གསོལ ་ཏོ།། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལས།། ཁམས་གསུམ་འཁོར་བ་མིང་ཡང་མི་གནས་ཀྱང་།། རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར།། རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་དུ་གསོལ།། ཞེས་གསོལ ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་ཕྱོགས་བཅུར་རྡོ་རྗེའི་སྤྱན་གྱིས་གཟིགས་ནས། འཛུམ་པ་མཛད་པ་དང་། འོད་ཟེར་གྱི་ཚོགས་དུ་མ་སྤྲོས་ཏེ་བསྒྲལ་བར་བྱ་བ་དག་གཟུང་བ་དང་དགུག་པ་དང་དཔྲལ་བ་དང ་བཅིང་པ་དང་བསྡམ་པ་དང་བསྟབ་པ་ལ་སོགས་པའི་རྫུ་འཕྲུལ་མཛད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད། དཔལ་རྡོ་རྗེ་འཇིགས ་བྱེད་ཀྱི་དབང་ཕྱུག་ཆེན་པོ། ཐབས་དང་ཤེས་རབ་རྡོ་རྗེ་མངོན་སྤྱོད་ཀྱི་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཕུར་པས་རྣམ་པར་བསྒྲལ་བར་བྱེད་པའི་གསང་སྔགས་འདི་ཉིད ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ཨོཾ་ལཾ་ཧཱུཾ་ལཾ་སྟམ་བྷ་ཡ་ནན། མོ་ཧ་གྷཱ་ཏ་ཡ། བྷ་ག་ཝཱན། ཤྲི་ཀྲི་བི་ཀྲི། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ། ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡཱ། ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱཾ་བཛྲ་ཀཱི་ལི་ཀཱི ་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཨ་ཧཱུཾ་ཀ་ར་ཨ་ཨ། ཞེས་གསུངས་པའི་མོད་ལ་གང་དག་བསྒྲལ་བར་འོས་པ་ཐམས་ཅད་རྡོ་རྗེ་ཁྲོ་བོའི་ཞབས་དྲུང་དུ་བུབ་ནས། ཁྲག་ཏུ་སྐྱུག་ཅིང་འགྱེལ་བར ་གྱུར་པ་ལ། རྡོ་རྗེ་ཕུར་བུ་ནུབ་པར་གྱུར་ཏོ།། རྡོ་རྗེ་ཕུར་བུ་རྣམ་པར་ཐར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པའི་རོལ་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། ཞིང་བཅུ་གཏན་དུ་གཅོད་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཧཱུཾ་པ་ར་བི་དྷྭནྡ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། བྷིན་དྷ་བྷིན་དྷ་ཧཱུཾ་ཕཊ། གྲྀཧྞ ་གྲྀཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུཾ་ཕཊ། བི་དཱ་ར་ན་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ ་ཡ་ཧཱུཾ་ཕཊ། བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ། ལུས་ངག་རྣམ་པར་གསད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་ཡར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིང་ལག་གཏན ་དུ་གསོད་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ཧ་ན་ཧ་ན་བཛྲ། པ་ཙ་པ་ཟ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏཾ ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེ་ན། པྲ་མ་ད་ནི་ཧྲྀ་ད་ཡ། ཧཱུཾ་ཕཊ། སྒོ་གསུམ་ཉིང་ལག་དང་བཅས་པ་རྡོ་རྗེ་རྣམ་པར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཡོངས་སུ ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པའི་ཉོན་མོངས་པ་དབང་དུ་སྡུད་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཧཱུཾ་མ་མ་བ་ཤཾ ་ཀུ་རུ། མ་ཏང་ཛྙཱ་ན་ཀ་ར་བིགྷ་ནཱན། དྷ་དྷི་མ་མ་ཤཱི་གྷྲཾ་ཀ་རཾ་ཕཊ། ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྫུ་འཕྲུལ་རྣམ་པར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། བར་དུ་གཅོད་པ་གཞོམ་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། མཐུ་འཕྲོག་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཏུན་ཁུང་བགྲད་པ་དང་། རྡོ་རྗེ་ཐོ་བ་གདེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡེ་ཤེས་ཀྱི་རྡུལ་ཕྲ་རབ་ཏུ་བསྒྲལ་བའི་གསང་སྔགས་འདི་ཉིད་ཀྱི ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཁ་ཏཾ་ཁ་ཏཾ་ཁ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ལུས་ངག་གཏུན་དུ་རྣམ་པར་གཞོམ་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཐམས་ཅད་རང་བཞིན་གྱི་མཐུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྣག་པ་ཆེན་པོའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ ་རྣམས་ལས་ཕྱུང་ངོ་།། ཨཱིཾ་བཛྲ་ཀཱི་ལི་ཀི་ལ་ཡ། ཀི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ཀི་ལི་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། ་ཀི་ལི་ཀི་ལ་ཡ། ཀཱི་ལི་ཀི་ལ་ཡ། ཀི་ལི་ཀི་ལ་ཡ། ཀི་ལི་ཀི་ལ་ཡ། ཀི་ལི་ཀི་ལ་ཡ། ཀི་ལི་ཀི་ལ་ཡ། ཀི་ལི་ཀི་ལ་ཡ། ཀི་ལི་ཀི་ལ་ཡ། ཀཱི་ལི་ཀི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། རྣམ་པར་གཞོམ་པ་ཕུན་སུམ ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དོན་གཉིས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྤྲོ་བ་དང་བསྡུ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། མངོན་སྤྱོད་ཆེན་པོས་རྣམ་པར་བསད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་བདག་པོ་རྫོགས་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་གསུམ་དབབ་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཨཱཿཧཱུཾ། ཐམས་ཅད་སྐུ་དང་གསུང་ཐུགས་རྡོ་རྗེ་རྣམས་རང ་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས་སོ་སོའི་རིག་འཛིན་གྱི་ཚོགས་དུ་མའི་འཁོར་དུ་བཅས་པ་རྣམས་ཀྱིས་ཕྱོགས་བཅུ་གཅིག་གི་འབར་བའི་ཁྲོ་བོ་ལ་མངོན་སྤྱོད་ཀྱིས་གསོལ་བ་མགྲིན ་གཅིག་ཏུ་སངས་རྒྱས་ཐམས་ཅད་ཀྱི་ཚོགས་ལ་གསོལ་བ་བཏབ་པའོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། དུས་གསུམ་སངས་རྒྱས་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང ་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པའི་བགེགས།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན ་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བརླག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་སོ་སོའི་རིག་འཛིན་རྣམས།། རང་རང་གི་རིགས་དུ་མ་དང་བཅས་ཏེ། སངས་རྒྱས་ཀྱི་མཐུས་གསོལ་བ ་འདེབས་སོ།། དེ་ནས་རྡོ་རྗེ་ཕུར་བུའི་རིག་འཛིན་རྣམས་ཀྱིས། རང་གི་རིགས་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རྡོ་རྗེ་ཕུར་བུའི་གདུང་འཚོབ་པའི།། རིག་འཛིན་བདག ་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག ་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བརླག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་འཁོར་ལོའི་ཕུར་བུའི་རིག་འཛིན་རྣམས་ཀྱིས། རང་གིས་རིགས་རྣམས་ལ་འདི ་སྐད་ཅེས་གསོལ་བ་བཏབ་བོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། འཁོར་ལོ་ཕུར་བུའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར ་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིགས ་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རིན་པོ་ཆེའི་ཕུར་བུའི་རིག་འཛིན་རྣམས་ཀྱིས།། རང་གི་རིགས་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རིན ་ཆེན་ཕུར་བུའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་དང་།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན ་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་པདྨའི་ཕུར་བུའི་རིག་འཛིན ་རྣམས་ཀྱིས། རང་གི་རིགས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། པདྨ་ཕུར་བུའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ ་དང་བགེགས།། བདུད་དང་བར་དུ་གཅོད་པ་དང་།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས ་མཛོད།། དེ་ནས་རྣམ་པར་རྒྱལ་བའི་རིག་འཛིན་གྱི་ཚོགས་དུ་མའི་འཁོར་དང་བཅས་པས། རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རྡོ་རྗེ ་རྣམ་རྒྱལ་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན ་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བརླག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་དབྱུག་པ་ཆེན་པོའི་རིག ་འཛིན་དུ་མའི་ཚོགས་ཀྱིས། རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རྡོ་རྗེ་དབྱུག་ཆེན་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད ་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་ཁུག་ལ།། མངོན་སྤྱོད་ཚུལ་བཞིན་བསྒྲལ ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་གཤིན་རྗེའི་རྒྱལ་གྱིས་རིག་འཛིན་གྱི་ཚོགས་དུ་མ་དང་བཅས་པས། རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས ་ངག་རྡུལ་དུ་བརླག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་ཕྲིན་ལས་ཕུར་པའི་རིག་འཛིན་རྣམས་ཀྱིས།། རང་གི་རིགས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་ཅིང་།། ཕྲིན་ལས་ཕུར་བུའི་གདུང་འཚོ་བ་རྣམས།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་དང་།། དངོས་གྲུབ་འཕྲོག་ཅིང་འཚེ་བ ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བརླག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས ་ཕྱོགས་བཅུའི་ཁྲོ་བོའི་རིག་འཛིན་རྣམས་ཀྱིས། རང་རང་གི་རིགས་ལ་འདི་སྐད་ཅེས་མངོན་སྤྱོད་ཀྱི་གསོལ་བ་བཏབ་བོ།། དེ་ཡང་ཧཱུཾ་ཆེན་པོའི་རིག་འཛིན་རྣམས་ཀྱིས།། རང་གི་རིགས་ལ་འདི་སྐད་ཅེས་གསོལ་བ ་བཏབ་པོ།། བྱང་ཆུབ་སེམས་བསྐྱེད་ཅིང་།། རྡོ་རྗེ་ཧཱུཾ་རྒྱལ་གདུང་འཚོ་བའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག ་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར ་གསོལ་བ་བཏབ་པོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རྡོ་རྗེ་གཤིན་རྒྱལ་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད ་པ་དང་།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་།། སྡུག ་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་མི་གཡོ་བའི་རིགས་ཀྱི་ཚོགས་དུ་མ་དང་བཅས་པས་རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། མི་གཡོ་རྡོ ་རྗེའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་གྱིས ་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་རྟ་སྐད་ཀྱི་ཚོགས་དུ་མ་དང ་བཅས་པས། རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། རྡོ་རྗེ་རྟ་སྐད་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི ་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་དང་།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་གྱིས་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན ་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་གཞན་ལས་རྒྱལ་བའི་རིག་འཛིན་གྱི་ཚོགས་དུ་མ་དང་བཅས་པ་རྣམས་ཀྱིས། རང་གི་རིགས་ཀྱི་ལྷ་ལ ་འདི་སྐད་ཅེས་གསོལ་བ་བཏབ་བོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རྡོ་རྗེ་མི་ཕམ་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག ་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་བདུད་རྩི་ཐིག་ལེའི་རིག་འཛིན་གྱི་ཚོགས་དུ་མ་དང་བཅས་པས། རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད ་ཅིང་།། རྡོ་རྗེ་བདུད་རྩིའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན ་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་ཁམས་གསུམ ་རྣམ་པར་རྒྱལ་བའི་རིག་འཛིན་གྱི་ཚོགས་དུ་མ་དང་བཅས་པས་མགྲིན་གཅིག་ཏུ་རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཁམས་གསུམ་རྣམ་རྒྱལ་གདུང ་འཚོབ་པའི།། རིག་འཛིན་རྣལ་འབྱོར་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས ་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བརླག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རྡོ་རྗེ་སྟོབས་པོ་ཆེའི་རིག་འཛིན་དུ་མ ་དང་བཅས་པས། རང་གི་རིགས་ཀྱི་ལྷ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། རྡོ་རྗེ་སྟོབས་ཆེན་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་སྡུག ་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་ཡི།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་ཁུག་ལ།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནས་རིག་འཛིན་གྱི་ཚོགས་ཐམས་ཅད་ཀྱིས་དེ་སྐད་ཅེས་བརྗོད་མ་ཟག་ཏུ། གང་དང་གང་དག་བསྒྲལ་བར ་འོས་པ་དགྲ་དང་བགེགས་ཀྱི་ཚོགས་བདུད་དང་བར་དུ་གཅོད་པའི་ནག་པོའི་ཕྱོགས་ཐམས་ཅད་ཡོངས་སུ་ཕམ་པར་གྱུར་ཏོ།། འདི་ལྟར་ལུས་དང་ནང་ཁྲོལ་དབང་པོར་བཅས་པ་ཐམས་ཅད་ཁྲོ་བོ་འབར་བའི་ཚོགས ་ཀྱིས་རྣམ་པར་གཏུབ་པ་དང་།། ཡོངས་སུ་གཟིར་བ་དང་བཅིང་བར་བྱས་སོ།། སྲས་མཆོག་སྟོད་འབར་བའི་གདོང་ལ་ཀུན་ཏུ་རྒྱུ་བའི་ཞལ་གདངས་ཤིང་ལྕེ་འདྲིལ་བ། མཆེ་བ་རྣོ་ལ་རིང་བ་རྣམ་པར་བཙིགས་པ། ་འབར་བའི་ལག་ཆ་རྣམས་ཀྱིས་ཀྱང་ཡོངས་སུ་འཛིན་ཅིང་གཏུབ་པར་གྱུར་ཏོ།། སྨད་འབར་བའི་ཕུར་པ་གཟུར་གསུམ་པར་ཤར་བས་ཐམས་ཅད་ཡོངས་སུ་བཏབ་པར་གྱུར་ཏོ།། འདི་འདྲ་བའི་ཁྲོ་བོ་དང་ཞལ་རྣམ ་པར་བགྲད་པ་ལ་སོགས་པ་འཕགས་པ་ཐམས་ཅད་ཀྱི་བ་སྤུའི་བུ་ག་ལ་སོགས་པ། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་ཐམས་ཅད་ནས་ཡོངས་སུ་འཕྲོ་བར་གྱུར་པས། འདི་ལྟར་ནམ་མཁའི་རང་བཞིན་ཐམས་ཅད་ཀུན ་ཏུ་གཏམས་པར་གྱུར་ཏོ།། འབར་བའི་ཁྲོ་བོ་དང་རིག་འཛིན་ལ་སོགས་པ་ཐམས་ཅད་དང་། དཀར་པོའི་ཡུལ་ཐམས་ཅད་ཀུན་ཏུ་རྒྱལ་བར་གྱུར་ནས། སངས་རྒྱས་ཀྱི་མཐུ་ཆེན་པོས་ལུས་མེད་པའི་སྒྲ་ཆེན་པོས། ་ཕྱོགས་བཅུ་གཅིག་ཀུན་ཏུ་གྲགས་པར་གྱུར་པ་འདི་ལྟ་སྟེ་སངས་རྒྱས་ཆེན་པོ་ཨ་ལ་ལ།། དམ་ཆོས་ཆེན་པོ་ཨ་ལ་ལ།། དགེ་འདུན་ཆེན་པོ་ཨ་ལ་ལ།། འཁོར་ལོ་ཆེན་པོ་ཨ་ལ་ལ།། རྡོ་རྗེ་ཆེན་པོ་ཨ་ལ་ལ།། རིན་ཆེན ་ཆེན་པོ་ཨ་ལ་ལ།། པདྨ་ཆེན་པོ་ཨ་ལ་ལ།། རྒྱ་གྲམ་ཆེན་པོ་ཨ་ལ་ལ།། རྡོ་རྗེ་ཕུར་བུ་ཨ་ལ་ལ།། རིན་ཆེན་ཕུར་བུ་ཨ་ལ་ལ།། པདྨ་ཕུར་བུ་ཨ་ལ་ལ།། འཁོར་ལོ་ཕུར་བུ་ཨ་ལ་ལ།། ཕྲིན་ལས་ཕུར་བུ་ཨ་ལ་ལ།། རྡོ་རྗེ ་ཧཱུཾ་ཆེན་ཨ་ལ་ལ།། རྡོ་རྗེ་རྣམ་རྒྱལ་ཨ་ལ་ལ།། རྡོ་རྗེ་དབྱུག་ཆེན་ཨ་ལ་ལ།། རྡོ་རྗེ་གཤིན་རྒྱལ་ཨ་ལ་ལ།། རྡོ་རྗེ་མི་གཡོ་ཨ་ལ་ལ།། རྡོ་རྗེ་རྟ་སྐད་ཨ་ལ་ལ།། རྡོ་རྗེ་མི་ཕམ་ཨ་ལ་ལ།། རྡོ་རྗེ་བདུད་རྩི་ཨ་ལ་ལ།། རྡོ་རྗེ ་སྲིད་རྒྱལ་ཨ་ལ་ལ།། རྡོ་རྗེ་སྟོབས་ཆེན་ཨ་ལ་ལ།། རྣལ་འབྱོར་ཆེན་མོ་ཨ་ལ་ལ།། དབང་ཕྱུག་ཆེན་མོ་ཨ་ལ་ལ།། རྡོ་རྗེ་རིག་འཛིན་ཨ་ལ་ལ།། རིན་ཆེན་རིག་འཛིན་ཨ་ལ་ལ།། པདྨའི་རིག་འཛིན་ཨ་ལ་ལ།། ཕྲིན ་ལས་རིག་འཛིན་ཨ་ལ་ལ།། འཁོར་ལོའི་རིག་འཛིན་ཨ་ལ་ལ།། མཁའ་འགྲོ་འབར་བ་ཨ་ལ་ལ།། ཐམས་ཅད་དཀྱིལ་འཁོར་ཨ་ལ་ལ།། ཞེས་ཕྱག་བྱ་བའི་ཚིགས་སུ་བཅད་པ་དཀྱིལ་འཁོར་པའི་སྤྱོད་ཡུལ་དུ་གྱུར་པར ་མཛད་དོ།། དེ་ནས་དེའི་ཚེ་དེའི་དུས་ན། ལག་ན་རྡོ་རྗེ་ཐོག་པ་མེད་པ་ཞེས་བྱ་བ་རང་གི་འཁོར་ལག་ན་རྡོ་རྗེ་དུ་མ་དང་བཅས་པ་རྣམས་ཀྱིས་དབུས་ནས་ལངས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེའི་མཆོད་པ་རྒྱ་ཆེན་པོ ་སྦྱར་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི ་དུས་ན། དངོས་གྲུབ་འཕྲོག་ཅིང་དངོས་གྲུབ་ཐམས་ཅད་ཀྱི་བར་དུ་གཅོད་པ་ལ་བརྩོན་པར་མཆི་བ་དང་། ཕྱིན་ནང་གི་ཉོན་མོངས་ལ་སོགས་པའི་བདུད་དང་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་མངོན་སྤྱོད་ཀྱི ་བསྒྲལ་བར་དེ་རིང་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་ཀྱི་བདག་པོ་མི་བཟད་པའི་ཁྲོ་བོ་འབར་བའི་ཕྲེང་བས་ཀུན་ཏུ་འཁྲིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་བར་དུ་གཅོད་པ་སྒྲོལ་བར་བྱེད་པ ་ཞེས་བྱ་བ་འདི་གསུངས་སོ།། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རེངས་པར་ཁུག ་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་བྱོས།། ང་ཡི་དབང་དུ་གྱུར་ནས་ནི།། བསྒོ་བའི་བཀའ་འདི་ཉན་པར་བྱོས།། དེ་སྐད་ཅེས་གསུངས་པའི་མོད་ལ། བཅོམ་ལྡན་འདས་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། སྐུ་རྡོ་རྗེའི་གནས་ནས། རྡོ་རྗེ་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་ཐོན་ནས། སྲིད་པའི་ལུས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་གསུང་གི་རྡོ་རྗེའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསུང་རྡོ་རྗེ་གནས་ནས། གསུང་རྡོ་རྗེའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ངག་གི་རྣམ་པར་རྟོག་པ་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ ་ལྡན་འདས་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་རྡོ་རྗེའི་གནས་ནས། ཐུགས་རྡོ་རྗེའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཡིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གཏན་དུ་ཞི་བར ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཞེ་སྡང་རྡོ་རྗེའི་གནས་ནས།། ཞེ་སྡང་རྡོ་རྗེའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས།། སྲིད་པའི་ཞེ་སྡང་ཐམས་ཅད་ཞི ་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་གཏི་མུག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཏི་མུག་རྡོ་རྗེའི་གནས་ནས། གཏི་མུག་རྡོ་རྗེའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་གཏི ་མུག་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ང་རྒྱལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ང་རྒྱལ་རྡོ་རྗེའི་གནས་ནས། ང་རྒྱལ་རྡོ་རྗེའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན ་པས། སྲིད་པའི་ང་རྒྱལ་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདོད་ཆགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདོད་ཆགས་རྡོ་རྗེའི་གནས་ནས། འདོད་ཆགས་རྡོ་རྗེ ་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འདོད་ཆགས་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཕྲག་དོག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྲག་དོག་རྡོ་རྗེའི་གནས ་ནས། ཕྲག་དོག་རྡོ་རྗེའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཕྲག་དོག་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཡུལ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ། ཡུལ་རྣམ་པར་དག་པའི་གནས་ནས། ཡུལ་རྣམ་པར་དག་པའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཡུལ་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཡུལ་ཅན་རྣམ་པར ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡུལ་ཅན་རྣམ་པར་དག་པའི་གནས་ནས། ཡུལ་ཅན་རྣམ་པར་དག་པའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཡུལ་ཅན་ཐམས་ཅད་གཏན་དུ་ཞི ་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་འདོད་པའི་ཁམས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདོད་པའི་ཁམས་རྣམ་པར་དག་པའི་གནས་ནས། འདོད་པའི་ཁམས་རྣམ་པར ་དག་པའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འདོད་པའི་ཁམས་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་གཟུགས་ཀྱི་ཁམས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། གཟུགས་ཀྱི་ཁམས་རྣམ་པར་དག་པ་ཞེས་བྱ་བའི་གནས་ནས། གཟུགས་ཀྱི་ཁམས་རྣམ་པར་དག་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་གཟུགས་ཀྱི་ཁམས་ཐམས ་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་གཟུགས་མེད་ཀྱི་ཁམས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གཟུགས་མེད་ཀྱི་ཁམས་རྣམ་པར་དག་པའི་གནས་ནས།། ་གཟུགས་མེད་ཀྱི་ཁམས་རྣམ་པར་དག་པའི་ཁྲོ་བོ་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་ཏེ། གཟུགས་མེད་པའི་ཁམས་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ལྷའི་འཇིག་རྟེན་རྣམ་པར་དག་པའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལྷའི་འཇིག་རྟེན་རྣམ་པར་དག་པ་ཞེས་བྱ་བའི་གནས་ནས། ལྷའི་འཇིག་རྟེན་རྣམ་པར་སྦྱོང་བ་ཞེས་བྱ་བའི་ཁྲོ་བོ་ཕྲག་ས་ཡ་དྲུག་ཅུ་དྲུག་ཅུ་འཐོན་པས། ལྷའི་འཇིག་རྟེན་ཐམས ་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ལྷ་མ་ཡིན་གྱི་འཇིག་རྟེན་རྣམ་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་སྙོམས་པར་ཞུགས་ཏེ། ལྷ་མ་ཡིན་གྱི་འཇིག་རྟེན་རྣམ་པར་སྦྱོང་བའི་གནས་ནས། ལྷ ་མ་ཡིན་གྱི་འཇིག་རྟེན་རྣམ་པར་སྦྱོང་བའི་ཁྲོ་བོ་ཕྲག་ས་པ་དྲུག་ཅུ་དྲུག་ཅུ་འཐོན་པས། ལྷ་མ་ཡིན་གྱི་འཇིག་རྟེན་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་མི་ཡི་འཇིག་རྟེན ་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མིའི་འཇིག་རྟེན་རྣམ་པར་དག་པའི་གནས་ནས། མིའི་འཇིག་རྟེན་རྣམ་པར་སྦྱོང་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། མིའི ་འཇིག་རྟེན་ཐམས་ཅད་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་བྱོལ་སོང་གི་འཇིག་རྟེན་སྦྱོང་བ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱོལ་སོང་གི་འཇིག་རྟེན་རྣམ་པར་དག་པའི་གནས་ནས། བྱོལ ་སོང་གི་འཇིག་རྟེན་རྣམ་པར་སྦྱོང་བ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། བྱོལ་སོང་གི་འཇིག་རྟེན་སརྦ་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཡི་དྭགས་ཀྱི་འཇིག་རྟེན་རྣམ་པར ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡི་དྭགས་ཀྱི་འཇིག་རྟེན་རྣམ་པར་དག་པའི་གནས་ནས། ཡི་དྭགས་ཀྱི་འཇིག་རྟེན་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ ་འཐོན་པས། ཡི་དྭགས་ཀྱི་འཇིག་རྟེན་ཐམས་ཅད་གསོད་པར་མཛད་དོ།། དེ་ནས་བཅོམ་ལྡན་འདས་དམྱལ་བའི་འཇིག་རྟེན་རྣམ་པར་གསོ་བ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམྱལ་བའི་འཇིག ་རྟེན་གསོ་བའི་གནས་ནས། དམྱལ་བའི་འཇིག་རྟེན་གསོ་བ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། དམྱལ་བའི་འཇིག་རྟེན་ཐམས་ཅད་གཏན་དུ་ཞི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་རྣམ ་པར་སྨིན་པའི་ཕུང་པོ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པར་སྨིན་པའི་ཕུང་པོ་རྣམ་པར་དག་པ་ཞེས་བྱ་བའི་གནས་ནས། རྣམ་པར་སྨིན་པའི་ཕུང་པོ་རྣམ་པར་དག་པ་གསོད་པ་ཞེས ་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་རྣམ་པར་སྨིན་པའི་ཕུང་པོའི་བདུད་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཉོན་མོངས་པ་གསོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས། ཉོན་མོངས་པ་རྣམ་པར་དག་པའི་གནས་ནས། ཉོན་མོངས་པ་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཉོན་མོངས་པའི་བདུད་ཐམས ་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་འཆི་བདག་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཆི་བདག་རྣམ་པར་གསོད་པའི་གནས་ནས། འཆི་བདག་རྣམ་པར ་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འཆི་བདག་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ལྷའི་བུ་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ལྷའི་བུ་རྣམ་པར་དག་པའི་གནས་ནས། ལྷའི་བུ་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ལྷའི་བདུད་ཐམས་ཅད་གཏན་དུ་ཤི་བར ་མཛད་དོ།། དེ་ནས་བཅོམ་ལྡན་འདས་གཟུགས་རྣམ་པར་དག་པ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གཟུགས་རྣམ་པར་དག་པ་ཞེས་བྱ་བའི་གནས་ནས། གཟུགས་རྣམ་པར་དག་པ་གསོད ་པའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་གཟུགས་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཚོར་བ་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ་ཚོར་བ་རྣམ་པར་དག་པའི་གནས་ནས། ཚོར་བ་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཚོར་བ་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་འདུ ་ཤེས་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདུ་ཤེས་རྣམ་པར་དག་པའི་གནས་ནས། འདུ་ཤེས་རྣམ་པར་གསོད་པའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འདུ ་ཤེས་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་འདུ་བྱེད་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདུ་བྱེད་རྣམ་པར་གསོད་པའི་གནས་ནས། འདུ་བྱེད་རྣམ ་པར་གསོད་པའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འདུ་བྱེད་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་ཤེས་པ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ། རྣམ་པར་ཤེས་པ་གསོད་པ་ཞེས་བྱ་བའི་གནས་ནས།། རྣམ་པར་ཤེས་པ་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་རྣམ་པར་ཤེས་པ་ཐམས་ཅད་གཏན་དུ་ཤི་བར ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཁམས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁམས་རྣམ་པར་གསོད་པའི་གནས་ནས། ཁམས་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་ཁམས་ཐམས་ཅད་གཏན་དུ་ཤི་བར་མཛད་དོ། དེ་ནས་བཅོམ་ལྡན་འདས་སྐྱེ་མཆེད་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐྱེ་མཆེད་རྣམ་པར ་དག་པའི་གནས་ནས། སྐྱེ་མཆེད་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་སྐྱེ་མཆེད་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་འཁོར་བའི་རྒྱུད ་ལས་བྱུང་བ་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་བའི་རྒྱུད་རྣམ་པར་དག་པའི་གནས་ནས། འཁོར་བའི་རྒྱུད་ལས་བྱུང་བ་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག ་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འཁོར་བའི་རྒྱུད་ལས་བྱུང་བ་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཡན་ལག་དང་ཉིང་ལག་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡན་ལག་དང་ཉིང་ལག་རྣམ་པར་གསོད་པ་ཞེས་བྱ་བའི་གནས་ནས། ཡན་ལག་དང་ཉིང་ལག་རྣམ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི ་ཡན་ལག་དང་ཉིང་ལག་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་འཁོར་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་རྣམ་པར་གསོད་པའི་གནས་ནས། འཁོར་རྣམ ་པར་གསོད་པ་ཞེས་བྱ་བའི་ཁྲོ་བོ་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་འཐོན་པས། སྲིད་པའི་འཁོར་ཐམས་ཅད་གཏན་དུ་ཤི་བར་མཛད་དོ།། དེ་ནས་ལག་ན་རྡོ་རྗེ་ཐོགས་པ་མེད་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ།། ཀྱེ། བཅོམ་ལྡན་འདས་འདི་ལྟ་བུའི་ཚོགས་རྩུབ་པ། ཁམས་གསུམ་གསོད་པའི་རང་བཞིན་མཛད་པས། ལུས་ངག་ཡིད་གསུམ་ལ་སོགས་པ་བསད་པས། ཁམས་གསུམ་པ་ལ་སོགས་པ་ཐམས་ཅད ་ཤི་བར་གྱུར་ཏོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། ལག་ན་རྡོ་རྗེ་ཐོགས་པ་མེད་པ་འདི་ལྟ་སྟེ། དེ་ནི་སངས་རྒྱས་ཀྱི་མཐུ་ཆེན་པོ་སྟེ། སེམས་ཅན་རྣམས་ཀྱི་རྣམ་པར་རྟོག ་པ་དུ་མ་ལས་བྱུང་བའོ།། དེའི་ཕྱིར་འདི་ནི་ཡང་དག་པའི་ཐེག་པ་ཆེན་པོའོ།། དེ་ནས་བཅོམ་ལྡན་འདས་ཀྱི་མཐུ་ཆེན་པོས་བྱིན་གྱིས་བརླབས་པས། དངོས་གྲུབ་ཀྱི་བར་དུ་གཅོད་པ་ལ་སོགས་པ་དགྲ་དང་བགེགས་ཀྱི ་ཚོགས་ཐམས་ཅད་རྣམ་པར་ཆད་པ་དང་། བཅད་པ་དང་། བྲུལ་བ་ལ་སོགས་པ་ཡང་རྡུལ་ཕྲ་རབ་ཀྱི་རང་བཞིན་མི་དམིགས་པར་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལ་རོལ་པར་གྱུར་ཏེ། འཁོར་དེར་འདུས་པར་གྱུར ་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ས་ཡ་ཕྲག་དྲུག་ཅུ་དྲུག་ཅུ་ཐོབ་ནས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཐིག་ལེ་ཆེན་པོ་ཐོབ་པར་གྱུར་ཏོ།། དེ་ནས་འཁོར་ལག་ན་རྡོ་རྗེ་ཐོགས་པ་ཐམས་ཅད་དང་། དཔག་བསམ་གྱི ་ཤིང་འཛིན་པ་དང་། བུམ་པ་བཟང་པོ་འཛིན་པ་དང་། གཞན་ཡང་རྡོ་རྗེ་རིན་ཆེན་པད་མ་རྒྱ་གྲམ་འཁོར་ལོ་ཕུར་པ་ལ་སོགས་པ་འཛིན་པའི་མཁའ་འགྲོ་ལ་སོགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སངས་རྒྱས་མཛད་པ་ཆེ།། ཐེག་པ་ཆེ་ལ་ཕྱག་འཚལ་ལོ།། དུས་གསུམ་རྡོ་རྗེར་དམ་བཅས་པའི།། བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན།། ཚིག་འབྲུ་གཅིག་ཙམ་མོས་འཛིན ་ན།། རྩེ་གཅིག་ཡིད་ཀྱིས་གྲོགས་བགྱི་སྟེ།། གཞན་དུ་གྱུར་ན་ཁུས་པ་ལགས།། དེ་ནས་རིག་འཛིན་གྱི་ཚོགས་དུ་མ་དང་བཅས་པས་རྡོ་རྗེ་དབུས་ནས་ལངས་ཏེ། རྡོ་རྗེའི་མཆོད་པས་རྡོ་རྗེ་ཅན་ལ་མཆོད་པ་སྟེ། མགྲིན ་གཅིག་ཏུ་རྡོ་རྗེ་གར་གྱིས་འདི་སྐད་ཅེས་གསོལ་པ་བཏབ་བོ།། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིགས་དུས་ལ་བབ།། སྔོན་ཆད་ཇི་ལྟར་དམ་བཅས་པའི།། མངོན་སྤྱོད་ཕྲིན་ལས་མྱུར ་དུ་མཛོད།། ཅེས་བརྗོད་པ་དེ་ཉིད་ཀྱི་མོད་ལ་གང་དག་བསྒྲལ་བར་འོས་པ་ཐམས་ཅད་ཡན་ལག་དང་ཉིང་ལག་ཐམས་ཅད་དང་བྲལ་བར་གྱུར་ཏོ།། ད་ལྟར་མངོན་སྤྱོད་ཆེན་པོའི་རོལ་པས་ཡོངས་སུ་མེད་པར་གྱུར ་ཏོ།། གསང་སྔགས་ཀྱི་མཐུ་ཆེན་པོས་རྡོ་རྗེའི་གནམ་ལྕགས་དང་། པདྨའི་གནམ་ལྕགས་དང་། རྡོ་རྗེ་ལས་ཆེན་པོའི་གནམ་ལྕགས་དང་། འཁོར་ལོ་འབར་བའི་གནམ་ལྕགས་ལ་སོགས་པ་ཡང་ཕྱོགས་བཅུ་གཅིག་ཏུ ་འཁྲུགས་པར་གྱུར་ཏོ།། འདི་ལྟར་འབར་བའི་ཕྱག་མཚན་ལ་སོགས་པའི་རྗེས་ཤུལ་གྱི་ན་བུན་ལས་ཀུན་ཏུ་ལངས་པའི་ནང་ནས། འགའ་ཞིག་སྐད་ངན་འཚེར་བ་ཡང་མོ་གཤམ་གྱི་བུ་བཞིན་དུ་མི་གནས་ཏེ། ཀུན་ཏུ ་ཟད་པར་བྱས་པའི་མཆོག་ཏུ་གྱུར་ཏོ།། དེ་ནས་ཡང་རིག་འཛིན་གྱི་ཚོགས་དུ་མའི་འཁོར་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཁོར་བའི ་རྒྱུན་རིང་བས། ཕྱི་རོལ་གྱི་དུས་འགའ་ཞིག་ནས། འདི་ལྟར་སེམས་ཅན་རྣམས། གང་གི་ས་བོན་ཕྲ་མོ་ཙམ་ལས་བདག་དགེ་བའི་སྨོན་ལམ་དམ་པས་གཟུངས་མ་བྱས་པ་རྣམས། མི་དགེ་བའི་བཤེས་གཉེན་གྱི་དབང ་དུ་ཐལ་བས་གལ་ཏེ་ཕ་རོལ་གྱི་ཉོན་མོངས་པ་རྒྱས་པས། སངས་རྒྱས་ཀྱི་སྤྱན་སྔར་བྱིན་གྱིས་བརླབས་པས་ནི་མཐུ་ཆེ་བ་དག་ཚར་གཅད་པའི་ཕྱིར། རིགས་ཐམས་ཅད་ཀྱི་ཁྲོ་བོ་ལ། དེ་བཞིན་གཤེགས་པས་བསྒོ་བ ་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་རིགས་ཐམས་ཅད་ཀྱི་ཁྲོ་བོ་ང་རྒྱལ་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས ་རྗེ་རྣམས་ལས་འདི་སྐད་ཅེས་གསུངས་སོ།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན ་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་སོ།། དེ་ནས་རྡོ་རྗེའི་ཁྲོ་བོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བརྐྱང་བསྐུམ་གྱིས་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་ཇི་ལྟར ་སླད་མའི་ཚེ་སླད་མའི་དུས་ན་གང་དག་དེ་བཞིན་གཤེགས་པའི་བཀའ་ལས་འདའ་བར་བྱེད་པ་རྣམས། བདག་ཅག་གིས་མྱུར་དུ་འབད་པ་ཆེན་པོས་བསྒྲལ་བར་མ་བགྱིས་ན། ད་ལྟ་ཉིད་དུ་བཅོམ་ལྡན་འདས་ལ ་འཁུས་པ་ལགས་སོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེའི་ཁྲོ་བོ་མི་བཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ།། རིན་ཆེན་གསང་བའི་བཀའ་ལས་ནི།། སྡིག་ཆེན ་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་པདྨའི་ཁྲོ་བོ་མི་བཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། པདྨ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཕྲིན་ལས་ཆེན་པོའི་ཁྲོ་བོ་མི་བཟད་པ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ལས་རབ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་འཁོར་ལོའི་ཁྲོ་བོ་མི་བཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། འཁོར་ལོ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག ་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཅེས་གསུངས་སོ།། དེ་ནས་རིགས་ཐམས་ཅད་ཀྱི་ཁྲོ་བོས་ཕྱོགས་ཐམས་ཅད་ནས། ཐམས་ཅད་དབང་དུ་བསྡུས་པའི་ཚམ་རྔམས་ཆེན་པོའི་ཕྱིར་གསང་བསྔགས་ཀྱི ་ང་རྒྱལ་ཆེན་པོ་སྐྱེས་པར་གྱུར་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། སངས་རྒྱས་ཀྱི་མཐུས་རིག་འཛིན་ལ་སོགས་པའི་ཚོགས་སརྦ་འདི་སྐད་གསོལ་ཏོ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷ་འམ་གནོད་སྦྱིན ་བདུད་ཀྱང་རུང་། ང་ལ་བར་ཆོད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པ་བྱོས།། ཞེས་བརྗོད་པའི་མོད་ལ། རྡོ་རྗེ་ཁྲོ་བོ་ལ་སོགས་པ་ཐམས་ཅད་ཀྱིས་བསྒྲུབ་པའི་གཟི་བརྗིད་ཀྱི་རྒྱུན་དུ་བྱས་སོ།། གཞན་ནི་ཁང་པ ་སྟོང་པ་ལྟ་བུར་གྱུར་པ་ཡང་། རང་བཞིན་གྱི་ཏིང་ངེ་འཛིན་ལྟ་བུར་གྱུར་པས། ཐམས་ཅད་ང་རྒྱལ་ཐོབ་པར་བྱས་སོ།། དེ་ནས་བཅོམ་ལྡན་འདས་མཁའ་གསང་རྣམ་པར་དག་པའི་ཏིང་ངེ་འཛིན་བསྐུལ་བར་བཞེད་པས།། ་རྡོ་རྗེའི་མཁའ་གསང་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་ཐོ་བ་གདེངས་པས་རྣམ་པར་སྣུན་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་བྱུང་ངོ་།། རྡུངས ་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དཔལ་སྙིང་བསྲེག་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུང་བྱས ་ནས།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཞེས་གསུངས་པས། ཞེ་སྡང་གི་ལས་རྣམས་ནི་རྡོ་རྗེ་མངོན་སྤྱོད་ཀྱི་སྟོབས་ཀྱིས་གཏན་དུ་རྒྱུན་བཅད་པའོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེའི་མཁའ ་གསང་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རིན་པོ་ཆེའི་གཏུན་ཁུང་བགྲད་པ་དང་།། རིན་པོ་ཆེའི་ཐོ་བ་གདེངས་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས ་བྱུང་ངོ་།། རྡུངས་ཤིག་རིན་ཆེན་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རིན་ཆེན་མེ་དཔལ་སྙིང་བསྲེག་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རིན ་ཐོ་བས་བརྡུང་བྱས་ན།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཞེས་གསུངས་པའི་མོད་ལ། ང་རྒྱལ་གྱི་ལས་རྣམས་རིན་པོ་ཆེའི་མངོན་སྤྱོད་ཀྱི་སྟོབས་ཀྱིས་གཏན་དུ་རྒྱུན་བཅད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་པད་མའི་མཁའ་གསང་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨའི་གཏུན་ཁུང་བགྲད་པ་དང་། པདྨའི་ཐོ་བ་གདེངས་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ ་རྣམས་ལས་བྱུང་ངོ་། རྡུངས་ཤིག་པདྨ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། པདྨ་མེ་དཔལ་བསྲེག་ནས་སུ།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། པདྨ་ཐོ ་བས་བརྡུང་བྱས་ན།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཞེས་གསུངས་པའི་མོད་ལ། འདོད་ཆགས་ཀྱི་ལས་རྣམས་ནི་པདྨའི་མངོན་སྤྱོད་ཀྱི་སྟོབས་ཀྱིས་གཏན་དུ་རྒྱུན་བཅད་དོ།། དེ་ནས་བཅོམ་ལྡན་འདས་ཕྲིན ་ལས་ཆེན་པོའི་མཁའ་གསང་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྲིན་ལས་ཆེན་པོའི་གཏུན་ཁུང་བགྲད་པ་དང་། ལས་ཆེན་པོའི་ཐོ་བ་གདེངས་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་བྱུང་ངོ་། རྡུངས་ཤིག་ལས་རབ་འབར་བའི་གཏུན།། བཀའ་ལས་འདས་བྱེད་སྡིག་ཅན་རྣམས།། ལས་རབ་མེ་དཔལ་སྙིང་སྲེག་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ ་བར་བའི་གཏུན་ཁུང་དུ།། ལས་རབ་ཐོ་བས་བརྡུང་བྱས་ན།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཞེས་གསུངས་པའི་མོད་ལ།། ཕྲག་དོག་གི་ལས་ཐམས་ཅད་ཕྲིན་ལས་མངོན་སྤྱོད་ཀྱི་སྟོབས་ཀྱིས་གཏན་དུ་རྒྱུན ་བཅད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོའི་མཁའ་གསང་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཁོར་ལོའི་གཏུན་ཁུང་བགྲད་པ་དང་། འཁོར་ལོ་ཐོ་བ་གདེངས ་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུངས་དང་ཐུགས་རྡོ་རྗེ་རྣམས་ལས་བྱུང་ངོ་།། རྡུངས་ཤིག་འཁོར་ལོ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། འཁོར་ལོ་མེ་དཔལ་སྙིང་བསྲེག་ནས།། ལུས ་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། འཁོར་ལོ་ཐོ་བས་བརྡུང་བྱས་ནས།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། ཞེས་གསུངས་པའི་མོད་ལ། གཏི་མུག་གི་ལས་ཐམས་ཅད ་འཁོར་ལོ་ཆེན་པོའི་མངོན་སྤྱོད་ཀྱིས་གཏན་དུ་རྒྱུན་བཅད་པར་གྱུར་ཏོ།། དེའི་ཚེ་དེའི་དུས་ན། ཐམས་ཅད་གསང་སྔགས་ཀྱི་མཐུ་ཆེན་པོས་བྱིན་གྱིས་བརླབས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཡོངས་སུ ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འོད་ཟེར་གྱི་འདུ་འཕྲོ་མཛད་པས། ལ་ལ་ནི་རྡོ་རྗེའི་སྲས་ཉིད་དོ།། ལ་ལ་ནི་རིན་པོ་ཆེའི་སྲས་ཉིད་དོ།། ལ་ལ་ནི་པདྨའི་སྲས་ཉིད་དོ།། ལ་ལ་ནི་ཕྲིན ་ལས་ཀྱི་སྲས་ཉིད་དོ།། ལ་ལ་ནི་འཁོར་ལོ་འབར་བའི་སྲས་ཉིད་དོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བདག་ཅག་གིས་ཀྱང་ཐེག་པ་ཆེན་པོ་འདི་དུས་གསུམ་དུ་གཟུང་བར ་བགྱིའོ།། ཞེས་གསོལ་ནས།། ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བའི་སྤོབས་པ་ཆེན་པོ་ཡོངས་སུ་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ཡུམ་རྡོ་རྗེ་རྣམ་པར་འཇོམས་པ་མི་བཟད་པའི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་ནས།། རྡོ་རྗེ་འདུ་འཕྲོའི་འོད་ཟེར་གྱིས།། ཐམས་ཅད་དཀྱིལ་འཁོར་བརྟག་པར་བྱ།། བཅུ་དྲུག་ཐིག་གི་དབུས ་གནས་པར།། ཉི་མའི་དཀྱིལ་འཁོར་ཚད་དུ་བྱ།། ཡུམ་གྱི་དཀྱིལ་འཁོར་པད་མོའི་མདོག། རྡོ་རྗེ་ཅན་གྱི་རྒྱན་གྱིས་མཛེས།། ཕྱོགས་དང་མཚམས་ཀྱི་འཁོར་ལོ་ལ།། འབར་བའི་རྒྱན་གྱིས་མཛེས་པ་སྟེ།། ཐུན་མོང་གི་ནི ་ཆོ་ག་རྣམས།། ཐ་དད་དཀྱིལ་འཁོར་དྲག་པོའི་དབྱིབས།། འབར་བའི་རྒྱན་གྱི་ཆོ་ག་ནི།། ཕྱི་དང་ནང་གི་ཆོ་ག་སྟེ།། རྡོ་རྗེ་ཅན་གྱིས་བརྟག་པར་བྱ།། སེམས་ཅན་ཆེན་པོའི་ལོགས་སུ་ནི།། འབར་བའི་གདན་ཁྲི་ཡང ་དག་གཞུག། རྡོ་རྗེ་ཉི་མ་དབུས་གནས་སུ།། ས་བོན་འོད་ཀྱི་རྩེ་མོར་གཞག་ཁྲག་འཐུང་ཆེན་པོའི་རང་བཞིན་ནི།། རིགས་ཀྱི་ཆོ་ག་ཇི་བཞིན་དུ།། ཐམས་ཅད་ཡུམ་དང་མཚུངས་པའི་རྒྱན།། མཁས་པས་འབར་བའི ་དབུས་སུ་གཞག། གཞན་ཡང་མཁས་པས་བརྟག་པ་ནི།། དབུ་གསུམ་ཕྱག་དྲུག་ཞབས་ཀྱང་དྲུག། རྡོ་རྗེ་གཤོག་པ་ལ་སོགས་གདེངས།། རྡོ་རྗེ་བྲག་ལ་སོགས་པ་གནོན།། འབར་བའི་རྒྱན་གྱིས་རྣམ་པར ་བཀླུབས།། སྲས་དང་བཙུན་མོར་བཅས་པ་ནི།། འཁོར་བའི་ཆོས་ལས་སྐྱེས་པ་སྟེ།། སེམས་ཅན་གྱི་ནི་སྲས་སུ་བྱ།། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་།། ལྷུན་གྱིས་གྲུབ་པའི་ཆོ་ག་དང་།། ཆོ་གའི་ཡན་ལག་རྫོགས་པ ་ནི།། མཁས་པ་སངས་རྒྱས་སྲས་ཡིན་ནོ།། རྒྱལ་སྲས་དུ་མའི་ཚོགས་ཀྱིས་ནི།། ནམ་མཁའ་ཁེངས་པར་བྱ་བ་དང་།། དུ་མ་གཞན་གྱི་དོན་ཡིན་ཏེ།། མཁས་པའི་འཕྲོ་འདུ་ཐེག་པ་ཆེ།། ཞེས་གསུངས་སོ།། དེ་ནས་བཅོམ ་ལྡན་འདས་བདག་གི་དོན་ཕྲན་གསུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། རྣལ་འབྱོར་གྱི་ནི་ཆོ་ག་ལ།། མཁས་པས་མཐའ་མའི་དོན་བསྟན ་བྱ།། བསྡུ་བ་དག་ཀྱང་རྣམ་གཉིས་ཏེ།། ཇི་ལྟར་སྙོམས་པའི་ཆོ་ག་དང་།། ཡེ་ཤེས་སྒྱུ་མའི་རང་བཞིན་ཏེ།། རྡོ་རྗེ་ཅན་གྱིས་ངེས་པར་བརྟག། འཇིག་རྟེན་ནམ་མཁའི་ཁམས་གནས་དང་།། སྤྲུལ་པའི་དཀྱིལ་འཁོར ་བསམ་ཡས་པས།། གཙོ་བོ་ཡབ་ཡུམ་གཉིས་ཡིན་ཏེ།། གཡོན་ཀྱང་ཇི་ལྟར་གཡས་ལ་གནས།། དམ་ཚིག་སེམས་དཔའི་རང་བཞིན་ཡང་།། ཡེ་ཤེས་སེམས་དཔའི་གནས་ཡིན་ནོ།། ཇི་ལྟར་ཡེ་ཤེས་སེམས་དཔའ ་ཡང་།། ཏིང་འཛིན་བརྟན་པའི་དབུས་གནས་ཡིན།། གསུང་གི་རང་བཞིན་ལ་སོགས་པའི།། དེ་ལྟར་མཐར་གྱིས་ཐིག་ལེ་ཆེ།། ཐིག་ལེ་རྣམ་པར་བརྟག་པ་ནི།། ཕྲ་ཞིང་ཞི་བའི་རང་བཞིན་བསྒོམ།། རྟོག་པ་མེད་པའི ་རང་བཞིན་ནི།། མཁས་པས་འབད་པ་མེད་པར་བསམ།། སྒྱུ་མའི་ཏིང་འཛིན་མཁས་པས་ཀྱང་།། ཐ་དད་ལུས་ཀྱི་བ་སྤུ་ལ།། དཀྱིལ་འཁོར་བདག་པོའི་ཡེ་ཤེས་གཞུག། འཕྲོ་བ་དག་ཀྱང་བརྟག་པར་བྱ།། སྲིད་པའི་རྩེ ་མོ་དབུས་གནས་སུ།། སྟེང་གི་ཡེ་ཤེས་དགུག་པར་བྱ།། མཛོད་སྤུ་ཡི་ནི་དབུས་གནས་སུ།། ཤར་གྱི་ཡེ་ཤེས་དགུག་པར་བྱ།། མདུན་གྱི་སྟོད་དང་དབུས་གནས་པར།། ནུབ་ཀྱི་ཡེ་ཤེས་དགུག་པར་བྱ།། ཐབས་ཀྱི་ཕྱག ་རྒྱ་ཉིད་ལ་ནི།། བྱང་ཤར་མཚམས་ཀྱི་ཡེ་ཤེས་དགུག། ཤེས་རབ་ཕྱག་རྒྱ་ཉིད་ལ་ནི།། ཤར་ལྷོའི་ཡེ་ཤེས་དགུག་པར་བྱ།། ཆགས་ནང་ཐིག་ལེའི་དབུས་སུ་ནི།། བྱང་གི་ཡེ་ཤེས་དགུག་པར་བྱ།། སྲིད་པ་དབུ་མའི ་དབུས་གནས་སུ།། ལྷོ་ཡི་ཡེ་ཤེས་དགུག་པར་བྱ།། བསྐྱོད་པ་བབས་ཀྱི་ཕྱག་རྒྱ་ལ།། ནུབ་བྱང་མཚམས་ཀྱི་ཡེ་ཤེས་དགུག། བསྐྱོད་པའི་ཤེས་རབ་ཕྱག་རྒྱ་ལ།། ལྷོ་དང་ནུབ་བྱང་ཡེ་ཤེས་དགུག། གསང་བའི་སྲས་སུ ་མཁས་པས་བྱ།། འོག་གི་ཡེ་ཤེས་དགུག་པར་བྱ།། ཆུང་མ་དང་ནི་བཅས་པ་ཡང་།། ཆོ་ག་གཉིས་པ་བསྡུས་པའམ།། སྤྲུལ་པའི་ཕོ་ཉ་ཐམས་ཅད་ནི།། བ་སྤུའི་བུ་ག་ཀུན་ཏུ་དགུག། སྲིང་མོ་འབར་མ་ལ་སོགས ་ཀྱང་།། ཐམས་ཅད་གནས་སུ་ཡང་དག་དགུག། དེ་ནས་མཁས་པས་བརྟག་པ་ནི།། དཀྱིལ་འཁོར་གྱི་ནི་གཙོ་བོ་ནི།། ཀུན་ཏུ་ཏིང་འཛིན་རབ་གནས་པ།། རྡོ་རྗེ་ཅན་གྱི་ཆོ་ག་སྟེ།། སྤྱོད་ལམ་ཀུན་ཏུ་བརྟན་པར་བྱ།། ལྷ ་ཡི་ང་རྒྱལ་རབ་གསལ་བ།། བརྗེད་པ་མེད་པའི་དྲན་པས་ནི།། འབད་པ་མེད་པའི་ཚོགས་ཆེན་ལ།། མཁས་པས་རྟག་ཏུ་བསམ་པར་བྱ།། བསྡུ་བ་གཉིས་ཀྱི་ཆོ་ག་ཡིས།། རྣལ་འབྱོར་ཆོ་ག་རྫོགས་པ་ཡིན།། གང་ཞིག ་བསྡུ་བ་མི་ཤེས་ན།། ཆོ་ག་རྫོགས་པ་མ་ཡིན་ཏེ།། ལམ་གྱི་མོས་པ་དེ་ཡིས་ནི།། སངས་རྒྱས་ཡུལ་དུ་མ་བསྐུལ་བས།། རྒྱལ་བའི་སྲས་སུ་སོང་བ་མེད།། ཅེས་གསུངས་སོ།། དེ་ནས་དེའི་ཚེ་དེའི་དུས་ན། རྣལ་འབྱོར་གྱི ་དབང་ཕྱུག་ཆེན་པོ་རིག་འཛིན་གྱི་ཚོགས་དུ་མའི་འཁོར་དང་བཅས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་མ་འོངས་པའི་དུས་ན། ཆོ་ག་རྫོགས་པར་འཚལ ་བའི་རྣལ་འབྱོར་པ་རྣམས་རིན་པོ་ཆེ་བཞིན་དུ་བལྟ་བར་བགྱིའོ།། ཞེས་གསོལ་ནས། རྡོ་རྗེའི་ལྟ་བ་ལ་སོགས་པས་ཡོངས་སུ་བལྟས་ནས། རྡོ་རྗེ་ཅན་གྱི་ཐུགས་ཀར་ཞུགས་པར་གྱུར་ཏོ།། འཕགས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོའི་རྒྱུད་ཀྱི་རྒྱལ་པོ་ལས། རྣམ་པར་བརྟག་པ་ཆེན་པོ་སྦྱོར་བ་ཡོངས་སུ་བཀོད་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི ་དབང་ཕྱུག་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས། འབར་བ་མངོན་སྤྱོད་ཀྱི་རྣམ་པར་རོལ་པས་འགྱིངས་པ། མི་བཟད་པའི་འཁོར་ལོ་རྣམ་པར་འཕྲོ་བ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཐུན་པའི་རྣམ་པར་བཀོད་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་བྱུང་ངོ་།། ཤིན་ཏུ་ཁྲོ་ཞིང་གདུག་པ་ལ།། ཞི་བས་ཕན་པར་མི་འགྱུར ་ཏེ།། ཤེས་རབ་ཐབས་སུ་སྦྱོར་བ་ཡིས། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད།། ཅེས་གསུངས་པས་དེའི་མོད་ལ། སངས་རྒྱས་མཐུས་རྣལ་འབྱོར་གྱི་འཁོར་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་འབར་བར ་གྱུར་ཏོ།། ཇི་ལྟར་སྣང་བའི་ཡུལ་ཐམས་ཅད་ནི་རྡོ་རྗེ་འབར་བའི་ཁྲོ་བོ་ཤ་སྟག་སྟེ། ཕྱོགས་དང་མཚམས་རྣམས་འཁྲིགས་པར་གྱུར་པ་དང་། བདུད་ལ་སོགས་པ་ཐམས་ཅད་སྤ་བཀོང་བར་གྱུར་པ་དང་། དེ་ནས་རྣལ ་འབྱོར་གྱི་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་རང་བཞིན་ལ། སོ་སོར་གསོལ་བ་བཏབ་བོ།། ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། ཁྲོ་བོ་ཉེ་བར་ཞི་མཛད་པ།། རྡོ་རྗེ་ཁྲོ་བོ ་བཅོམ་ལྡན་འདས། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ལོ།། ཞེས་གསོལ་བ་བཏབ་བོ།། དེ་ནས་རིན་པོ་ཆེའི་ཁྲོ་བོ་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། ཁྲོ་བོ་ཉེ་བར་ཞི་མཛད་པ།། རིན་ཆེན ་ཁྲོ་བོ་བཅོམ་ལྡན་འདས། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ལོ།། ཞེས་གསོལ་བཏབ་པོ།། དེ་ནས་པདྨའི་ཁྲོ་བོ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། ཁྲོ་བོ་ཉེ་བར་ཞི་མཛད ་པ།། པདྨའི་ཁྲོ་བོ་བཅོམ་ལྡན་འདས། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ལོ།། ཞེས་གསོལ་ཏོ།། དེ་ནས་ལས་ཆེན་པོའི་ཁྲོ་བོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། ཁྲོ་བོ་ཉེ་བར་ཞི་མཛད ་པ།། ཕྲིན་ལས་ཁྲོ་བོ་བཅོམ་ལྡན་འདས། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ལོ།། ཞེས་གསོལ་ཏོ།། དེ་ནས་སངས་རྒྱས་ཆེན་པོའི་རྣལ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ།། ཧཱུཾ་ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། ཁྲོ་བོ་ཉེ་བར་ཞི ་#། མཛད་པ།། སངས་རྒྱས་ཁྲོ་བོ་བཅོམ་ལྡན་འདས། ཁྲོ་ཞི་ཆེ་ལ་ཕྱག་འཚལ་ལོ།། ཞེས་གསོལ་ཏོ།། དེའི་ཚེ་དེའི་དུས་ན། སངས་རྒྱས་སྲས་དང་བཅས་པ་རྣམས། རང་རང་གི་འཁོར་གྱིས་བསྐོར་བ་དང ་རྒྱལ་བའི་ཞིང་གི་བཅུད་གང་རྣལ་འབྱོར་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་འདུས། རིག་འཛིན་གྱི་ཁྲོ་བོའི་ཚོགས་པདྨའི་འཁོར་དང་བཅས་པ་དེ་རྣམས་ཀྱང་ཀུན་ཏུ་ངོམ་པ་ལ་སོགས་པ་ཐོབ་བོ།། རྡོ་རྗེ་ཐེག་པ ་ཡོངས་སུ་སྐྱོང་བར་འཚལ་བའི་བདག་པོ། གང་དམ་ཚིག་གིས་བྱིན་གྱིས་མ་བརླབས་པ་དེ་དག་ཀྱང་། མངོན་པར་འདུན་པའི་སྒོ་ནས་མགྲིན་གཅིག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ། རྡོ་རྗེ་གར ་གྱིས་མཆོད་དེ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བ། དེ་བཞིན་གཤེགས་པས་འདི་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པ་དང་། དེ ་ནས་བཅོམ་ལྡན་འདས་ཀྱིས་གཏི་མུག་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེའི་གནས་ནས་ཐོགས་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་ཞེས་བྱ་བ་ཕྱུང་སྟེ། དཀྱིལ་འཁོར་ཐམས་ཅད་རྡོ། ་རྗེའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་གནས་ནས། རིན་པོ་ཆེའི་འོད་ཟེར་ཀུན་ཏུ་མཉམ་པ་ཞེས་བྱ་བ་ཕྱུང་སྟེ། དཀྱིལ་འཁོར་ཐམས་ཅད་རིན་ཆེན་ཆེན ་པོར་བྱིན་གྱིས་བརླབས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་པདྨ་ཆེན་པོའི་གནས་ནས། པདྨ་ཆེན་པོའི་འོད་ཟེར་ཀུན་ལ་ཆགས་པ་རྣམ་པར་གཅོད་པ་ཞེས་བྱ་བ་ཕྱུང་སྟེ། དཀྱིལ་འཁོར་ཐམས་ཅད་པདྨ་ཆེན་པོར ་བྱིན་གྱིས་བརླབས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཆེན་པོའི་གནས་ནས། ཕྲིན་ལས་ཆེན་པོའི་འོད་ཟེར་ཀུན་ལ་འཇུག་པ་ཞེས་བྱ་བ་ཕྱུང་སྟེ། དཀྱིལ་འཁོར་ཐམས་ཅད་ཕྲིན་ལས་ཆེན་པོའི་བདག་ཉིད ་དུ་བྱིན་གྱིས་བརླབས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་ཆེན་པོའི་གནས་ནས། འཁོར་ལོའི་འོད་ཟེར་འཕྲོ་བས་གཅོད་པ་ཞེས་བྱ་བ་འདི་བྱུང་སྟེ། དཀྱིལ་འཁོར་ཐམས་ཅད་འཁོར་ལོ་ཆེན་པོའི་བདག་ཉིད ་དུ་བྱིན་གྱིས་བརླབས་སོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རྩེ་མོ་ཀུན་ཏུ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་གསུངས་སོ།། ཁྲག་འཐུང་ཐུགས་ལ་གནས་པ་ཡིས།། ཡེ ་ཤེས་རྩེ་མོ་མཆོག་ཉིད་དོ།། ཧཱུཾ་གསུམ་ལས་ནི་འདས་པའི་ཕྱིར།། རྩེ་མོ་མེད་པའི་ལས་སུ་བསྟན། ཞེས་གསུངས་སོ།། དེ་ནས་འཁོར་གྱི་ཚོགས་དུ་མའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོ་ཕྱོགས་བཅུ་ཀུན་ཏུ་འཕྲོ་བ་ཞེས་བགྱི་བ། བདག་ཅག་གིས་མངོན་པར་བགྱི་བའི་ཆོ་ག། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་གསོལ་པ་དང་། དེ་ནས་བཅོམ ་ལྡན་འདས་ཀྱིས་ལས་ཀྱི་རྡོ་རྗེ་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། དེ་ནས་གཟུགས་དང་བྱིན ་བརླབས་དང་།། བཟླས་བརྗོད་དང་ནི་ཕྲིན་ལས་དང་།། དུས་དང་གནས་དང་བདག་ཉིད་དེ།། ཕུན་གསུམ་ཚོགས་པ་བདུན་པོ་སྟེ།། བཏབ་ན་གང་འདོད་དེ་སྦྱིན་ནོ།། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི ་བདག་པོས་བཅོམ་ལྡན་འདས་ལ་རྡོ་རྗེ་མིག་གིས་བལྟས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་མ་འོངས་པའི་དུས་ན་སེམས་ཅན་གྱི་རིས་འཁོར་བའི་རྒྱ་མཚོ་ཆེན་པོ་སངས་རྒྱས་ཀྱི་སྲས་སུ་བགྱི་བ ་དང་། དངོས་གྲུབ་ཀྱི་བདག་པོས་གཏན་དུ་གསོད་པའི་སླད་དུ། དེང་བཅོམ་ལྡན་འདས་ཀྱིས་མངོན་སྤྱོད་ཆེན་པོ་འདི་རྣམས་ཀྱི་སོ་སོར་སྦྱོར་བ་གང་ལགས་པ་དེ། དེ་བཞིན་གཤེགས་པས་སྨན་གདགས་པའི་སླད་དུ།། ་བཤད་དུ་གསོལ་ཞེས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཡོད། ཡོངས་ཀུན་ཏུ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང ་ངོ་།། འབར་བའི་ཆོ་ག་ཚང་བ་ནི།། རྣལ་འབྱོར་ཆེན་པོའི་སྤྱོད་ཡུལ་ཏེ།། མངོན་སྤྱོད་ཆེན་པོ་བསྟན་པར་བྱ།། འབར་བའི་ཕྱག་རྒྱ་ནག་ལ་རྣོ།། གདུག་པའི་ལྕགས་ལ་སོགས་པ་དང་།། ཤིར་ཤིར་མདེའུ་ལ་སོགས་ཏེ། ་ཁ་ཞེ་གདུག་རྩུབ་གནག་ཅིང་རྣོ།། ཚེར་མ་ལ་སོགས་མཚན་མ་ཚང་།། མགོ་རྐང་དབྱིབས་ནི་མ་ནོར་བར།། བཅུ་གཉིས་དང་ནི་སོར་བརྒྱད་སོགས།། ཇི་ལྟར་མཁས་པས་དེ་བཞིན་དུ།། རྒྱ་མདུད་སོར་རེ་ཚད་དག ་ལ།། འབར་བའི་ངོས་ནི་ཟུར་བརྒྱད་ལ།། སྨད་ནི་རྔམ་པའི་ཟུར་གསུམ་སྟེ།། རི་རབ་ལྟ་བུར་བརྗིད་པ་དང་།། ཉི་མ་འབུམ་བཞིན་རྣམ་པར་འཚེར།། ནམ་མཁའ་ཀུན་ལ་ངེས་པར་ཁྱབ།། ཞི་བ་གཉིས་ཀྱི་དཀྱིལ་འཁོར ་མཛེས།། རྣམ་པ་བརྒྱད་དུ་ཡང་དག་རྒྱས།། དབང་གསུམ་དྲག་པོའི་ཚད་དང་ལྡན།། ཆོ་ག་བཞི་ཡི་དབྱིབས་བརྒྱད་མཛེས།། རྩེ་མོ་རྣམ་པར་ཕྲ་བ་ཉིད།། རྣམ་པར་ཐར་པའི་མངོན་སྤྱོད་དེ།། སུམ་ཅུ་རྩ་ལྔ་ཐུན་མོང ་གི། ཆོ་ག་ཉིད་དུ་མཁས་པས་བརྟག། ཡེ་ཤེས་རྩེ་མོའི་བཞི་ཡི་ནི།། ཡེ་ཤེས་རྩེ་མོའི་རྣལ་འབྱོར་ཚད།། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་བདག་པོ་དབང་ཕྱུག་ཕུན་གསུམ་ཚོགས་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱིན་གྱིས་རློབས་པ་འདི་ཕྱུང་ངོ་།། རྗེས་སུ་རྣལ་འབྱོར་ཆེན་པོ་ཡིས།། བསྒོམ་པར་བྱ་བ་འཁྲུལ་པ་སྟེ།། བྱ་དང་བྱེད་པ་སྤངས་པ ་ཡིས།། རྣམ་པར་མི་རྟོག་ཏིང་འཛིན་ནི།། མཁས་པས་འབད་པ་མེད་པར་བྱ།། ཆོས་ཀྱི་སྐུ་མཆོག་བདུད་རྩི་ཡིས།། འགྲོ་བའི་རང་བཞིན་མེད་བཞིན་དུ།། ཐམས་ཅད་མ་ལུས་གསོ་བར་བྱ།། དེ་ནས་མཁས་པས་འབད། ་པ་ཡང་།། རྡོ་རྗེ་རྒྱ་མདུད་གཞལ་ཡས་སུ།། དབུས་མཉམ་པ་ཡི་ཚད་དུ་ནི། ཁྲག་འཐུང་ཆེན་པོའི་གདན་ལ་བཞག་ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ།། གཤིན་རྗེའི་རྒྱལ་མཆོག་ཉིད་དང ་ནི།། དཔལ་ལྡན་རྟ་སྐད་བཞད་པ་དང་།། རྡོ་རྗེ་སྟོབས་ཀྱི་ཡེ་ཤེས་རྣམས།། ཤར་ལྷོ་ནུབ་བྱང་དབུས་གནས་སུ།། བཙུན་མོའི་ཚོགས་ཀྱིས་འཁྱུད་པ་སྟེ།། སོ་སོའི་སྙིང་པོ་དྲན་ཙམ་གྱིས།། ཧཱུཾ་ལས་འཁྲུངས་པར་རྣམ ་པར་བརྟག། འཁོར་དང་བཅས་པའི་དཀྱིལ་འཁོར་ལ།། མཆོད་པ་མཆོག་གིས་ཡང་དག་མཆོད།། སྔོན་གྱི་དམ་ཚིག་སྨོས་པས་ནི།། ཐུགས་དམ་རྗེས་སུ་བསྐུལ་བར་བྱ།། གཉིས་སུ་མེད་པར་རོལ་པ་དང་།། རྒྱན ་རྣམས་ཀུན་ཏུ་རྫོགས་པ་ནི།། བདེ་བ་ཆེན་པོའི་སྐུ་མཆོག་སྟེ།། ལོངས་སྤྱོད་ཆེན་པོ་རྫོགས་པའི་སྐུ།། བདེ་བ་ཆེན་པོའི་རོལ་པ་ཡིས།། གཉིས་སུ་མེད་པར་སྤྲོས་པ་ཆེ།། རྟག་པ་ཆེན་པོའི་གཡུང་དྲུང་ནི།། ཡབ་ཀྱི་ཆོ་ག ་མཛད་པའོ།། རྗེས་སུ་རྣལ་འབྱོར་ཆེན་པོ་ཡིས།། མཁས་པས་དྲན་པ་ཙམ་གྱིས་ཀྱང་།། རྣལ་འབྱོར་རོལ་པ་སྟེར་བ་སྟེ།། རྩོལ་བ་མེད་པའི་ཏིང་འཛིན་གྱིས།། ཐམས་ཅད་དུ་མར་སྣང་བ་ཡིན།། སྣང་བ་མེད་པའི་རང ་བཞིན་ནི།། རྣལ་འབྱོར་ཆེན་པོའི་སྤྱོད་ཡུལ་ལོ།། དེ་ནས་དཔལ་ལྡན་སྲས་ཀྱི་མཆོག། ཡང་དག་བྱིན་གྱིས་བརླབ་པ་ནི།། ཐུགས་ལས་འཕྲོས་པས་ཐུགས་ཀྱི་སྲས།། གསང་སྔགས་ཡང་དག་བསྟན་པ་ནི།། ཨོཾ་བཛྲ་ཀི ་ལི་ཀཱི་ལ་ཡ་ས་ཡ་ཧཱུཾ་ཛ། འདི་ནི་ཡང་དག་པར་སྣང་བའི་སྔགས་སོ།། འདི་དག་བརྗོད་པ་ཙམ་གྱིས་ནི།། འབར་བའི་སྲས་རྣམས་རྣམ་པར་བརྟས།། སྐུ་ཡི་ཕྱེད་ཚལ་མན་ཆོད་ལ།། འབར་བའི་འོད་ཟེར་འཁྲུགས་པ ་དང་།། མཐིང་ནག་རྔམ་པའི་རང་བཞིན་ཅན།། ཀུན་ཏུ་ཐལ་བྱུང་འབར་བའི་སྐུ།། འབར་བའི་དབུ་གསུམ་རྣམ་པར་བརྗིད།། དབུ་སྐྲ་ཁམ་པ་ཟུར་གསུམ་དབྱིབས།། སྲིད་པ་གསུམ་གྱི་རྣལ་དུ་འབར།། བྲང་གིས་འགྲོ། ་བ་ཆེན་པོ་ཡིས།། ལུས་དང་ཡན་ལག་ཉིད་ལག་མཛེས།། ཐོད་པ་རྣམས་ནི་ཡང་དག་ཆེ། ཁྲོ་རྒྱལ་སྤྱན་ནི་སྡང་མིག་བགྲད།། ཉི་ཟླ་འབར་བའི་སྤྱན་གྱིས་མཛེས།། གཡོན་གྱི་ཕུར་པ་ཞེ་སྡང་གནོན།། མཆེ་གཙིགས ་རབ་ཏུ་རྔམ་པའི་སྐུ།། སྐུ་ཡི་ཕྱོགས་མཚམས་ཐམས་ཅད་དུ།། དུར་ཁྲོད་འབར་བའི་མེ་སྟག་འཕྲོ།། སྐུ་སྨད་འབར་བའི་མངོན་སྤྱོད་ནི།། རྣལ་འབྱོར་མདུན་གྱི་མཁའ་ལ་མཛེས།། ཡུམ་གྱི་མཁའ་ལ་སུམ་ཆ ་ནུབ།། འབར་བའི་ཕྱག་བཞི་མཛེས་པ་ནི།། སྟ་རེ་བརྡེག་པའི་སྟང་ཀ་ཅན།། གཡས་ཀྱི་འོག་མ་རྡོ་རྗེ་ནི།། རི་རབ་ཕུར་པ་གནོན་པའི་ཐབས།། གཡོན་པའི་དང་པོ་ཁ་ཊྭཱཾ་ག། རྡོ་རྗེ་སྲི་སྙན་རྣམ་པར་མཛེས།། དྲེགས ་པའི་ཁམས་ནི་ཕམ་པར་བྱས།། བདུད་ཀྱི་དཔུང་རྣམས་ཡོངས་སུ་འཇིག། ཐ་མ་ཕུར་པ་ཟུར་གསུམ་པ།། རྣམ་པར་འདེབས་ཤིང་ཟས་པའི་ཐབས།། ངན་སོང་གསུམ་ནི་རྣམ་པར་འཇིག། ཕྱོགས་བཅུ་མཐའ་ཡས་ཁྲོ་བོ ་དང་།། སྐུ་གསུང་ཐུགས་ཀྱི་ཁྲོ་བོ་རྣམས།། དུ་མ་གཅིག་ཏུ་བསྡུས་པའོ།། ཐམས་ཅད་ཆེ་བར་གྱུར་པ་སྟེ། ཁྲོ་ཆེན་རྣམ་པར་རྒྱལ་གྱུར་པའི།། གཟི་བརྗིད་ཆེན་པོ་བསམ་པར་བྱ།། རྟག་པ་ཆེན་པོའི་རང ་བཞིན་དང་།། སྤྲུལ་པ་ལས་ཀྱང་སྤྲུལ་པ་འབྱུང་།། འབར་བ་མཐུ་ཡི་ཤུགས་ཀྱིས་འཕྲོ།། དུས་གསུམ་ཀུན་ཏུ་སྣང་བ་སྟེ།། རིགས་རྣམས་ཀུན་ལ་སྣང་བ་ནི།། ཀུན་གྱི་ཡེ་ཤེས་འདུས་པ་ཡིན། ཁྲག་འཐུང་འབར་བའི ་སྤྲུལ་པ་ནི།། ཡང་དག་ཀུན་ཏུ་མཁས་པས་བརྟག། ནམ་མཁའི་རང་བཞིན་ཐམས་ཅད་ནི།། བར་མཚམས་མེད་པའི་ཏིང་འཛིན་ཏེ།། རྣལ་འབྱོར་ཆོ་ག་བསྒྲུབ་བྱའི་མཆོག། རྣམ་པར་སྣང་མཛད་ཆེ་ལ་ནི།། རྣལ་འབྱོར ་ཉིང་ལག་དབུས་མ་སྟེ།། ཇི་ལྟར་རྡོ་རྗེའི་ཕོ་བྲང་ནི།། སྦོམ་པོ་ལ་ཡང་དེ་བཞིན་ནོ།། ཉིང་ལག་གི་ནི་དང་འོག་ལ།། རིན་པོ་ཆེ་ཡི་འོད་ཟེར་བཞག། གང་གི་ཟ་ལག་དེ་ལ་ནི།། པདྨ་ཆེན་པོའི་རང་བཞིན་བསམ།། མཐར ་གྱིས་གནས་པའི་ཉིང་ལག་ནི།། ཟབ་མོའི་ཡི་གེ་རྣམ་པར་མཛེས།། ཀུན་ཀྱང་ཆུ་ཤེལ་སྟེང་ན་མཛེས།། འབར་བ་བས་ཀྱང་ཆེར་འབར་ཏེ།། རྟག་ཏུ་མཉམ་པའི་འོད་ཟེར་འབྱིན།། འོད་ཟེར་རྩེ་མོར་གཞག་པར་བྱ།། དེ ་ནས་སྣང་མཛད་དང་པོ་སྟེ།། སུ་ར་ཏ་ཡི་རང་བཞིན་ལས།། སྟྭཾ་ཞེས་བརྗོད་པས་ཐལ་མོ་སྦྱར།། མཉམ་པའི་ཐལ་མོ་སྦྱར་ནས་ཀྱང་།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། རྡོ་རྗེ་ཨན་ཛ་ལེ་ལ་ནི།། ཧཱུཾ་གིས་རྣམ ་པར་མཛེས་པར་བྱ།། གཉིས་སུ་མེད་པའི་སྦྱོར་བ་ནི།། སོར་མོ་ཅུང་ཟད་བསྣོལ་བ་ཡིན།། དེ་འོག་སོར་མོ་བརྒྱབ་བསྣོལ་བ།། རྣམ་པར་བསྡམ་པའི་རང་བཞིན་ལ།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། བཛྲ་བན ་དྷ་ཧཱུཾ་གིས་སྒྲས།། བྱང་ཆུབ་སེམས་སྤྲིན་དབང་བར་བྱ།། དེ་ནས་མཁས་པའི་དམ་ཚིག་ནི།། ས་མ་ཡ་སྟྭཾ་ཞེས་རྣམ་པར་བརྗོད།། ཐུགས་དམ་མཉམ་པར་བསྐང་ནས་ཀྱང་།། འབར་བའི་ཕུར་བུ་བླང་བར་བྱ།། ལག་པའི ་བར་དུ་མཉམ་གནས་པ།། ལག་པའི་རྟིང་པ་ཕྱེ་ནས་ཀྱང་།། མཐེ་བོང་སྲིན་ལག་མཐེ་ཆུང་གིས།། བར་དུ་ཕུར་པ་ཡང་དག་གཞུག། མཐེ་བོང་གིས་ནི་ཅུང་ཟད་དྲིལ།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། བཛྲ་ཨ ་བེ་ཤ་ཡི་སྒྲ།། ཨཱ་ཨས་ཡང་དག་མཛེས་པར་བྱ།། བྱང་ཆུབ་སེམས་སྤྲིན་འཕྲོ་བ་ལས།། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ལས།། ཡབ་ཡུམ་སྲས་དང་བཅས་པ་ཀུན།། མཁའ་མཉམ་ཁྲོ་བོ་འབར་བའི་སྐུ།། ཞེ་སྡང ་ཆེན་པོ་རྗེས་དྲན་ཅིང་།། ཉུངས་འབྲུ་ཙམ་གྱི་ཁྲོ་བོ་རྣམས།། བར་མཚམས་མེད་པའི་འཕྲོ་འདུ་ཡིས།། ཕུར་པའི་སྐུ་ལ་བསྡུ་ཞིང་བསྟིམ།། བདག་ཉིད་ཆེན་པོའི་རང་བཞིན་ལ།། བར་མཚམས་མེད་པར་རྣམ་པར ་གནས།། དེ་ནས་ཕུར་པའི་བདག་ཉིད་ལ།། ཡང་ནི་སྐུ་དང་གསུང་ཐུགས་ཀྱིས།། བདག་ཉིད་ཆེན་པོར་བྱིན་གྱིས་བརླབ།། དབང་བསྐུར་བ་ནི་བརྟག་པར་བྱ།། ཉིང་ལག་རྒྱབ་བསྣོལ་གུང་མོ་གཤིབས།། དེ་ནས་ཕུར ་པ་དམ་བཟུང་བ།། དེ་ནས་དགའ་བའི་སློབ་པ་ལ།། རིགས་ལྔར་བྱིན་གྱིས་བརླབ་པ་བསྟན།། རྡོ་རྗེ་དང་ནི་འཁོར་ལོ་དང་།། རིན་ཆེན་པདྨ་རྒྱ་གྲམ་མཆོག། ས་བོན་མཁས་པས་བརྟགས་ནས་ནི།། རང ་གི་གནས་སུ་བསམ་པར་བྱ།། དེ་ཡི་ཡོན་ཏན་ཆེན་པོས་ཀྱང་།། མཁས་པས་ཤིན་ཏུ་འབར་བར་བསྒོམ།། བསམ་གྱིས་མི་ཁྱབ་རང་བཞིན་གྱིས།། བསམ་གྱིས་མི་ཁྱབ་གནས་སུའོ།། དེ་ནས་མཁས་པས་བརྟག་པ ་ནི།། འབར་བའི་སྐུ་དང་གསུང་ཐུགས་ཏེ།། སྤྱི་བོའི་གཙུག་ཏུ་བསམ་པ་ནི།། དྲི་མེད་སྐུ་ཡི་ས་བོན་ཞག། དབུ་མའི་ཚད་དུ་མཁས་པས་བྱ།། རྣམ་དག་གསུང་གི་ས་བོན་བཞག། ཡེ་ཤེས་རྩེ་མོའི་ཆ་ཉིད་ལ།། བླ ་མེད་ཐུགས་ཀྱི་ཡི་གེ་བསམ།། ནམ་མཁའི་མཐའ་དང་མཉམ་པ་ཡི།། སངས་རྒྱས་ཆེན་པོ་སྲས་བཅས་ཀྱིས།། སྐུ་གསུང་ཐུགས་ཀྱི་རང་བཞིན་པས།། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་བདག ་ཉིད་ཀྱང་།། གཞན་ན་ཡོད་པ་མ་ཡིན་ཏེ།། དེ་ཉིད་ཡེ་ཤེས་ཀུན་གྱི་བདག། འབར་བ་བས་ཀྱང་ཆེར་འབར་བས།། རྣལ་འབྱོར་ཚོགས་ཀྱིས་བལྟ་བར་བྱ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི ་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཁྲོ་བོའི་ཚོགས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པར།། དེ་ཉིད ་མཁས་པས་བརྟག་པར་བྱ།། ཡི་གེ་བདུན་གྱི་ཆོ་འཕྲུལ་ཏེ།། ཧཱུཾ་ཕཊ་ཨ་ཡི་རང་བཞིན་ནི།། ངོས་དང་ཟུར་དང་རྩེ་མོའི་ཆ།། རྣམ་པ་གསུམ་གྱི་གནས་སུ་བཞག། འབར་བ་བས་ཀྱང་ཆེས་འབར་བ།། དཔའ་བོས་རིགས ་ཀྱིས་བརྟག་པར་བྱ།། ཡོངས་སུ་བརྟག་པའི་ཏིང་འཛིན་ནི།། ཐུགས་ཀྱི་ཡེ་ཤེས་རྩེ་མོ་ལ།། རང་བཞིན་གཅིག་གི་བདག་ཉིད་ལས།། གཞན་དུ་འདས་པ་མ་ཡིན་ནོ།། དེ་ནས་བཤད་པར་བྱ་བ་ནི།། སོ་སོ་རིགས་ཀྱི་ཁྲོ ་བོ་རྣམས།། དུ་མས་བྱིན་གྱིས་བརླབ་པའི་ཕྱིར།། དེ་ཉིད་ཕྱོགས་བཅུར་འཕྲོས་པ་ལས།། བསམ་གྱིས་མི་ཁྱབ་དོན་ལ་མཁས།། ནམ་མཁའ་ཁྱབ་པར་སོང་ནས་ནི།། སླར་ལ་འདུས་པས་སྒྲ་སྐད་ཀྱང་།། ཧཱུཾ་དང་ཕཊ་ཀྱི ་གླུ་ལེན་ཅིང་།། དེ་ཉིད་སྐུ་ལ་རྣམ་པར་བསྟིམ།། ཕྱོགས་བཅུའི་ཁྲོ་བོ་མ་ལུས་པ།། བདག་ཉིད་ཆེན་པོ་དེ་ལ་གནས།། དེ་ནས་འགྲོ་བའི་དོན་བརྩོན་པ།། ཆོས་ཀྱི་དབྱིངས་ནས་བཞུགས་པ་ཡི།། ལྷུན་གྱིས་གྲུབ་པའི ་སངས་རྒྱས་རྣམས།། རྣལ་འབྱོར་བསྐྱང་བའི་དམ་བཅས་པའི།། ལུས་ལ་འཇུག་ཅིང་གྲོགས་མཛད་པ།། བྱིན་རླབས་འཕེལ་བར་ཐེ་ཚོམ་མེད།། འབར་བ་བས་ཀྱང་ཆེར་འབར་བ།། བདག་ཉིད་ཁྲག་འཐུང་ཆེན་པོར ་བརྟག། བདག་ཉིད་ཆེན་པོའི་ཕུར་པ་ནི།། མཁས་པས་རྟག་ཏུ་བྱིན་གྱི་བརླབ།། དེ་ཡི་ཆོ་ག་བསྟན་པ་ནི།། ཐབས་ཀྱི་ཕྱག་རྒྱ་དབུས་གནས་སུ།། མ་ལས་ཉིད་ཀྱི་ཧཱུཾ་གིས་མཛེས།། ཤེས་རབ་ཕྱག་རྒྱའི་དབུས ་གནས་སུ།། ཨ་ལས་ཟླ་དཀྱིལ་དབུས་གནས་འབར།། རྣམ་པར་སྣང་མཛད་མགོར་བཞག་ནས།། དེ་ནས་མཁས་པས་བརྟག་པ་ནི།། ཕུར་བུ་ཧྲི་ཧཱུཾ་ཕཊ་བརྗོད་པས།། དེ་ཉིད་བདག་ཉིད་ཆེན་པོར ་སྣང་།། དེ་ཡི་འོག་ཏུ་བརྟག་པ་ན།། ལག་པའི་སོར་མོ་རྒྱབ་ཏུ་བསྣོལ།། མཐེ་བོང་གཤིབས་པའི་དབུས་གནས་སུ།། ཕུར་བུ་ཆེན་པོ་བཞག་ནས་ཀྱང་།། རྣམ་པར་སྣང་མཛད་དེ་བཞིན་ལ།། ཏ་ན་གཉིས་ཀྱི་རང་བཞིན ་ལ།། དཱིཔྟ་ཙཀྲའི་བདག་ཉིད་སྟེ།། ཧཱུཾ་ཕཊ་མཉམ་པར་སྦྱོར་བས་འགྲུབ།། དེ་ནས་དྲིལ་བའི་རང་བཞིན་དང་།། གཟི་བྱིན་བསྡུ་བ་བརྟན་པ་བརྟག། བདག་ཉིད་ཆེན་པོའི་ང་རྒྱལ་གྱིས།། རྣམ་པར་དྲིལ་ཞིང་བསྡུ་བ ་ནི།། འཁོར་དང་བཅས་པའི་བྱང་ཆུབ་སེམས།། ཕུར་པ་ཆེན་པོའི་སྐུ་ལ་བསྡུ།། དེ་ཡི་གཟི་བྱིན་ཆེན་པོ་ནི།། ནམ་མཁའ་ཁྱབ་པའི་རང་བཞིན་ནི།། འབར་བ་མཆོག་གི་ཟེར་འཕྲོ་ཞིང་།། དབང་ཆེན་དབང་འདུས་དབང ་གི་མཆོག། མདུན་གྱི་མཁའ་ལ་མཉམ་བཞག་པ།། ཨེ་ཡི་ནང་དུ་ངེས་གནས་པ།། འབར་བའི་གདན་ལ་རྒྱན་གྱིས་མཛེས།། བསྟན་པ་ཆེན་པོར་ཡོངས་སུ་བརྟག། དེ་ནས་ཡང་དག་བཤད་བྱ་བ།། མཁས་པས་ཉུང ་དཀར་རྒྱལ་པོར་བརྟག། བཀྲ་ཤིས་བྱིན་རླབས་མཐུ་ཡིས་སྡེ། ཁྲོ་བོའི་རང་བཞིན་མཚན་པ་དང་།། བྱ་དང་བྱེད་པའི་དངོས་པོ་སྟེ།། རྣལ་འབྱོར་སེམས་ཀྱི་རྣལ་འབྱོར་གྱིས།། དུས་དང་བདུད་རྩིའི་དངོས་པོ་ལྟར།། དོན ་གཉིས་རྣམ་པར་སྣང་བའོ།། རྒྱུན་མི་འཆད་པར་མཁས་པ་ཡིས།། སྐུ་ལ་རྣམ་པར་བསྣུན་པ་ནི།། རྣལ་འབྱོར་ཆོ་ག་དང་པོ་ཡིན།། དེ་ནས་དཔའ་བོའི་ཆོ་ག་ནི།། གུ་གུལ་ཆེན་པོ་བརྟག་པར་བྱ།། དེ་བཞིན་དོན་གཉིས ་འགྲུབ་པར་བྱེད།། འཕགས་པ་ཁྲོ་བོས་ཇི་སྙེད་པ།། གཟི་མདངས་ཕུན་སུམ་ཚོགས་པ་དང་།། དགའ་བ་ཆེན་པོ་འཐོབ་པར་བྱེད།། མཆོད་པ་མཆོག་ནི་མཆོག་ལ་སོགས། ཁྲོ་བོ་མཆོད་པ་མཆོག་ཡིན་ནོ།། སྒྲུབ་བྱ ་གསད་པར་བྱ་བ་ནི།། རྣམ་པར་མྱོས་པ་ལ་སོགས་ཏེ།། གསད་པའི་མཆོག་སྟེ་མཆོད་པ་མཆོག། བརྣག་པའི་ཕྲིན་ལས་དུ་མའི་ཚོགས།། ཐམས་ཅད་མཁས་པས་བརྟག་པ་ནི།། འདི་ནི་བྱིན་བརླབ་ཆོ་གའོ།། ཞེས ་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་དུ་འཇུག་པའི་ལམ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདི་ཉིད་ཀྱི་སྐུ ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ལས་མཆོག་ཆེན་པོའི་ཏིང་འཛིན་ནི།། བདག་ཉིད་ཆེན་པོར་བརྟག་པར་བྱ།། སྙིང་གར་བསམ་པར་བྱ་བ་ནི།། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། རྡོ་རྗེས ་བོན་མཐིང་ནག་བཞག། སྙིང་པོ་བརྟག་པར་བྱ་བ་ནི།། རྣམ་པར་སྣང་མཛད་མགོར་བཞག་སྟེ།། རྡོ་རྗེ་ཕུར་བུའི་རང་བཞིན་བརྟག། དེ་ནས་བསྒྲུབ་བྱའི་དང་པོ་སྟེ།། བསོད་པའི་ཆོ་ག་མཉམ་སྦྱོར་བས།། ཧཱུཾ་ཕཊ་ཡང ་དག་གཞག་པར་བྱ།། དེ་ནས་ས་ཡ་བརྗོད་པས་ནི།། བདག་ཉིད་ཆེན་པོ་ཁོ་ནར་ངེས།། ཇི་ལྟར་ཁྲི་ཕྲག་རྣམས་ཀྱིས་ཀྱང་།། འབར་བའི་གཟུགས་བརྙན་མཐོང་བར་འགྱུར།། འབུམ་ཕྲག་འབུམ་ཕྲག ་ངེས་པས་ནི།། འབར་བའི་ཕྱག་འཚལ་ཁོ་ནར་ངེས།། ཇི་ལྟར་ཁྲི་ཕྲག་ངེས་པས་ནི།། གདུག་པའི་ཚོགས་རྣམས་འདུལ་བར་འགྱུར།། སྟོང་ཕྲག་གཅིག་གིས་པར་བྱས་ཀྱང་།། ཐམས་ཅད་དྲེགས་པར་འགྱུར་བ ་ཡིན།། ཇི་ལྟར་བརྒྱ་ཕྲག་ཁོ་ནས་ཀྱང་།། སྐབས་ཀྱི་ལས་རྣམས་འགྲུབ་པར་འགྱུར།། འདི་ནི་འབུམ་ཕྲག་བྱེ་བ་བརྗོད་པས་ཀྱང་།། ཚེ་རབས་གཞན་གྱི་རིག་འཛིན་རྒྱུ།། གང་གིས་ཚིག་ཙམ་མོས་པས་ཀྱང་།། དེ་ལ ་མཁའ་འགྲོའི་ཚོགས་རྣམས་བྱམས།། གང་གིས་ས་ཡ་བཅུ་ཡིས་ནི།། ཕྱག་རྒྱ་ཆེན་པོའི་རང་བཞིན་ལས།། རྣམ་པ་གཞན་དུ་མ་ངེས་སོ།། མཁས་པས་གྲངས་ལ་བརྟགས་པས་ཀྱང་།། དགོས་པའི་རང་བཞིན་ཐོབ་པར ་བྱ།། དེ་ལྟར་བརྟག་པའི་རང་བཞིན་ནི།། རྒྱལ་ཆེན་བཞི་པའི་ཉིན་ཕྱེད་ཀྱིས།། ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར།། ལས་རྣམས་ཀུན་གྱི་མཚན་ཉིད་ཀྱང་།། མོས་པའི་སྟོབས་ཀྱང་འགག་པ་མེད།། མཁས་པས་བརྟགས ་ནི་ཕྱི་ལ་བཤད།། ནང་གི་རང་བཞིན་བསྟན་པ་ལས།། ཕྱི་ཡི་རྟགས་ཀྱང་མཐོང་བར་འགྱུར།། སྐུ་དང་གསུང་དང་ཐུགས་ཀྱི་རྟགས།། སྦྲུལ་དང་ཡང་སྦྲུལ་འཁོར་གྱི་ཚོགས།། ཕྲ་མོའི་ལས་རྣམས་འགྲུབ་པར ་འགྱུར།། རྟགས་དང་ལྡན་པའི་སྦྱོར་བས་ནི།། མཁས་པས་ལས་རྣམས་གྲུབ་པར་འགྱུར།། སྦྱོར་བར་གཏོང་བར་འདོད་པ་ཡིས།། བསྡུ་བའི་གནས་ནི་སྙིང་ག་སྟེ།། ཇི་ལྟར་བསྡུ་བའི་ཆོ་ག་ལ།། སངས་རྒྱས་གཤེགས་སུ ་གསལ་བ་མཁས།། འདི་བཟླས་བརྗོད་པ་ཕུན་སུམ་ཚོགས།། དེ་ནས་བཅོམ་ལྡན་འདས་མངོན་སྤྱོད་ཀྱི་མཛད་པ་ཕུན་སུམ་ཚོགས་པའི་རྡོ་རྗེ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ ་ལས་འདི་ཕྱུང་ངོ་། སྔགས་པས་ས་ཕྱོགས་གང་ཡིན་དེར།། བསད་པའི་གནས་ནི་བདག་གིས་བྱ། ཁྲོ་བོའི་སྐུ་གསུང་ཐུགས་ཉིད་ཀྱིས།། ཐམས་ཅད་དྲེགས་པར་བྱས་ནས་ནི།། ཕྱོགས་བཅུ་ཕུར་པས་བྱིན་རླབས ་ཏེ།། བདག་ཉིད་ཆེན་པོའི་ང་རྒྱལ་གྱིས།། ཅི་རིགས་པ་ཡི་ས་མཚམས་བསྲུངས།། ལས་རྣམས་ལྟས་ནི་མཉེས་བྱས་ཏེ།། དེ་ནས་ཞི་བའི་ལྷ་མཆོད་ཅིང་།། གྲངས་ཀྱི་ཆོ་ག་རྫོགས་པ་དང་།། གྲུ་གསུམ་དུར་ཁྲོད་རྩེ་མོ ་ལྷོ།། ཞིང་གི་ཐལ་བ་ཁྲག་དང་བཅས།། སྐྱེ་ཚེ་ལན་ཚྭ་སྲུབ་མའི་ལོ། ཁྲེ་དང་རྫུ་ཆེའི་ཕུབ་མ་དང་།། གྲོག་མཁར་བོང་བུའི་བདུད་རྩི་སོགས།། ཏིལ་ནག་ལ་སོགས་གང་ཡིན་ཏེ།། མཁས་པས་བདུད་རྣམས་ཕམ་པར ་བྱ།། ཡང་ན་རི་མོར་གནས་པ་དང་།། སྨུག་ནག་གཟུགས་ཀྱི་སྙིང་ཁར་བསླན།། དུར་ཁྲོད་རས་སོགས་དབུས་གནས་སུ།། ཧཱུཾ་ཕཊ་སྦྱོར་བའི་དབུས་གནས་སུ།། བསྒྲུབ་པའི་དུས་ནི་རྣམ་པར་གཞག། འབར་བའི་འགྲམ ་#། དུ་གན་རྐྱལ་དུ།། གཤིན་རྗེ་ལ་ནི་ཐོར་ཅོག་བསྟན།། འབར་བའི་སྙིང་གར་ཛ་གནས་པ།། སུམ་བྷ་ནི་ལ་སོགས་པ་ཡི།། མཁས་པའི་ཆོ་ག་དང་པོ་ཡིན།། ཛཿཧཱུཾ་བཾ་ཧོཿཱ~ཾ་བཛྲ་ཨང་ཀུ་ཤ་ཛཿཆེ་གེ་ཞི་ཧཱུཾ ་ཛཿའདི་ནི་དྲན་པ་ཙམ་གྱིས་ཀྱང་།། ལྕགས་ཀྱུ་ཐོགས་པའི་གྲངས་མེད་གཟུགས།། བརྒྱུད་མར་འཕྲོས་པའི་ཏིང་འཛིན་གྱིས།། བསྒྲུབ་བྱའི་སྙིང་ལ་གཟུང་བར་བྱ།། མྱུར་དུ་གནས་དེར་འོང་བ་དང་། ཛཿཧཱུཾ་བཾ་ཧོཿཆེ་གེ ་ཞིག་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཧཱུཾ་ཧཱུཾ་ཧཱུཾ། འདི་ནི་ཅི་ནུས་རབ་བརྗོད་ཅིང་།། བསྒྲུབ་བྱའི་དངོས་པོ་ཇི་འདྲ་བ།། གཟུགས་བརྙན་ལ་ནི་རྣམ་པར་དབབ།། ཛཿཧཱུཾ་བཾ་ཧོཿའི་གསང་སྔགས་ནི།། ཕྱག་རྒྱ་ངེས་པར་བསྡམ་པར ་བྱ།། འབར་བའི་ནང་དུ་གནས་པ་དེ།། མཁའ་ཀློང་དབུས་སུ་འདྲིལ་བར་བསམ།། དེ་ནས་གསང་བའི་རྣལ་འབྱོར་གྱིས།། ལས་མཆོག་ལྷ་ཡི་ཏིང་འཛིན་དང་།། སྙིང་པོ་ལ་སོགས་འབད་པར་བརྟག། ཇི་སྲིད་ཏིང ་འཛིན་མ་བརྟན་ཚེ།། རྡོ་རྗེ་སྡེར་མོའི་གསང་སྔགས་ཀྱིས།། རྣམ་པར་གསོར་ཞིང་ཕུར་པ་དྲིལ།། སྙིང་གི་སྟེང་དུ་ཕུར་པ་དྲིལ།། ནས་གང་ཙམ་གྱི་ཚད་གནས་པ།། ཇི་ཙམ་མི་གསལ་བར་དུ་འབར།། དེ་ནས་ཁྲོ་བོ་དམ ་བཟུང་ཞིང་། ཁུ་ཚུར་ལ་སོགས་བརྡེག་པ་ནི།། ཇི་ལྟར་རྡོ་རྗེ་སྡེར་མོའི་སྔགས།། གསུམ་མམ་བདུན་ནམ་ཉི་ཤུ་གཅིག། བཟླས་ཤིང་སེང་ལྡེང་ཕུར་ལ་སོགས།། སོར་བརྒྱད་པ་ཡི་ཚད་ཙམ་ལ།། ལྟེ་བ་ཡི་ནི་ནང་རོལ ་ཏེ།། དེ་བཞིན་དཔུང་པའི་མགོ་གཉིས་སོ།། དཔྲལ་བ་དང་ནི་སྙིང་ག་རུ།། མཁས་པས་རྣམ་པར་གདབ་པར་བྱ།། ཞེས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྡེར་མོས་རྣམ་པར་གསོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་ན་མཱཿས་མནྟ་བུད་དྷཱ་ནཱན། ཀ་ཡ་བཱ་ཀ་ཙིཏྟ་བཛྲཱ་ཎཱ། ཨོཾ་གྷ་གྷ་གྷཱ་ཏ་ཡ། ཆེ་གེ་ཞིག་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པཱ་ཡ་ཏི། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ཡི་འོག་ཏུ་མཁས་པས་ཀྱང་།། ལས་མཆོག་ལྷ་ཡི་གསང་སྔགས་དང་།། ཕྱག་རྒྱའི་སྟོབས་ཀྱིས་གནན་པར ་བྱ།། ཨཱ~ཾ་ཀརྨ་བཛྲ་ཀྲོདྷ་ཧཱུཾ་ཕཊ།། ཤེས་རབ་ཀྱི་ནི་ཕྱོགས་ནས་ཀྱང་།། ཉི་ཤུ་གཅིག་གི་ཚད་དུ་བཟླས།། ཕུར་པ་རབ་ཏུ་བརྟན་པ་དང་།། མི་འབྱུང་སུས་ཀྱང་མི་ཕྱིན་པར།། གནས་པ་ཆེན་པོར་གྱུར་པ་ནི།། ཕུར་པའི ་མགོ་ལ་ལན་གསུམ་བཞག། རྣམ་པར་གཏུག་པ་ཁོ་ན་ཡིས།། ལྷག་པར་ཟུག་ཅིང་ཐལ་བྱུང་སྟེ།། རྣམ་པར་གཟིར་བའི་འོག་ཏུ་ནི།། མཁས་པས་བརྩམ་པར་བྱ་བ་ཡིན།། ལག་གཉིས་ཐལ་མོ་སྦྱར་བ་ཡི།། ཕན་ཚུན ་སོར་མོ་རྒྱབ་ཏུ་བསྣོལ།། གུང་མོ་བསྒྲེང་བས་སྟེང་དུ་མནན།། ཕུར་པའི་ལྷ་དང་དགྲ་བགེགས་མིང་།། དམ་ཚིག་འདི་ལས་མ་མདའ་ཞེས།། གསང་སྔགས་འདི་ནི་གསུམ་དུ་ཟླས།། ཨཱིཾ་བཛྲ་ས་ཏྭ་ས་མ་ཡ་ཧཱུཾ ་#། ཕཊ།། སེམས་མའི་རྡོ་རྗེ་གསང་སྔགས་རྒྱས།། དཔའ་བོས་གང་དང་གང་བསྒོ་བའི།། དངོས་པོ་ཐམས་ཅད་བརྟན་པ་དང་།། ཐམས་ཅད་འདའ་བ་མ་ཡིན་ཞིང་།། འབྲས་བུ་ཐམས་ཅད་འགྲུབ་པར ་འགྱུར།། དེ་ནས་མཁས་པས་འབད་པ་ནི།། རྡོ་རྗེ་སྟོབས་ཀྱི་ཕྱག་རྒྱ་ཡིས།། བདག་གི་དབང་དུ་གྱུར་ནས་ཀྱང་།། བསྒོ་བ་ཉན་ཅིང་བྲན་བཞིན་བྱ།། ཨོཾ་བཛྲ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བན་དྷ་བན་དྷ། ཙྪིརྠ ་ཙྪིནྣ། བིན་དྷ་བིན་དྷ། བྷ་ན་བྷ་ན། སརྦ་ནི་ཧཱུཾ་ཧཱུཾ་ཕཊ། ཉི་ཤུ་རྩ་གཅིག་གསང་སྔགས་ཀྱིས།། ལས་རྣམས་གཟི་བརྗིད་ལྡན་པར་བསྒོམ།། ཡུང་དཀར་དང་ནི་གུ་གུལ་གྱིས།། ཡང་ནི་རྣམ་པར་བསྣུན་པ་ཡིན།། དེ་ནས ་དཔའ་བོའི་བརྟག་པ་ནི།། ཉི་མ་ཡི་ནི་དཀྱིལ་འཁོར་གྱིས།། ལྷ་མིན་རྣམ་པར་གཟིར་ནས་ཀྱང་།། མཆེ་བའི་ཕྱག་རྒྱའི་སྔགས་འདི་བརྟག། ཨོཾ་བཛྲ་ཀྲོ་དྷ་ཡཀྵ་ཀྲོ་དྷ་མ་ཧ་ཁཱ་ཁཱ་ཁཱ་ཧ་ཧ་ཧ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྣམ ་པར་བརྟག་པ་ཆེན་པོར་བྱ།། དེ་ནས་དཔའ་བོའི་བརྟག་པ་ནི།། ལག་གཉིས་བེ་ཅོན་གདངས་པའི་སྤྱན།། རྣམ་པར་བགྲད་པའི་རང་བཞིན་བརྟག། ཧཱུཾ་བཛྲ་ཀྲོ་དྷ་མ་ཏ་པ་སྭཱ་ཧཱ། པ་ཙ་བི་དྷཱན་ས་ཡ་ཙ་ཏི་ལཾ་བྷོ་ད་ར། ཨུ ་ཙུཥྤ་ཀྲོ་དྷ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་དམ་རྩ་གཅིག་འབུམ།། མཁས་པས་གསལ་བར་བརྟག་པར་བྱ།། བརྡེག་གདུག་ལས་བཅོལ་གཟི་བརྗིད་བསྐྱེད།། སྤྱི་གཙུག་ཧཱུཾ་དང་སུམ་ལས་ནི།། རྒྱ་གྲམ་དོན་ཡོད་གྲུབ་པར ་བརྟག། ཨོཾ་བཛྲ་སུ་མེ་ཧཱུཾ་ཧཱུཾ་ས་མ་ཡ་སྟྭཾ།། ལྗང་གུ་འཁོར་ལོ་རྒྱ་གྲམ་བརྟག། ཡོ་བྱེད་ནག་པོར་རྣམ་སྦྱར་ཏེ།། མངོན་སྤྱོད་གཏོར་མ་བཀུག་སྟེ་སྦྱིན།། ཛཿཧཱུཾ་བཾ་ཧོཿེ་ཧྱེ་ཧི་བྷ་ག་བཱན། བིདྱཱ་ཡཀྴ་ཛ་ཛ་བཛྲ་བྷྱོ་བྷྱོ་རུ་ལུ ་རུ་ལུ། ཧཱུཾ་མངོན་སྤྱོད་དཀྱིལ་འཁོར་བོད་པའི་བརྟག། ཨོཾ་བཛྲ་པྲ་ཏི་བྱ་བ་ཧཱུཾ། གཏོར་མ་བརྟག་པའོ།། ཨོཾ་བཛྲ་ས་མ་ཡ། ཨ་མྲྀ་ཏ། ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ། གདུག་པའི་འཁོར་ལ་ལས་བཅོལ་བའི་རྣམ་པར་བརྟག་གོ། དེ་ནས ་བཅོམ་ལྡན་འདས་གྲུབ་པའི་དུས་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཟླ་བའི་སྨད་དང་ཉིན་མཚན་གུང་།། གཟའ ་སྐར་གྲངས་དང་དམ་བཅས་དུས།། མཚན་ལས་མ་གཡོས་ཉི་ཟླ་ཉམས།། ངེས་པར་འགྲུབ་པ་དུས་ཀྱི་མཆོག། རྣམ་པ་དགུ་རུ་བཤད་པ་ཡིན།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མངོན་སྤྱོད་ཀྱི་གནས་ཆེན་པོའི་ཕུན་སུམ ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། རི་བྲག་མཚོ་ནང་ཤིང་དང་ལམ།། རེའུ་རུལ་རྙིང་པ་འཐབ་མོའི་ས།། གྲུབ་པའི ་གནས་དང་དུར་ཁྲོད་སྟེ།། གང་ལ་མངོན་སྤྱོད་ཆོ་ག་ཡོད།། དེ་ན་གནས་པའི་གནས་སུ་བརྟག། རྣམ་པ་དགུ་རུ་ཤེས་པར་བྱ།། དེ་ནས་བཅོམ་ལྡན་འདས་བདག་ཉིད་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། གང་དག་ཐམས་ཅད་མཁྱེན་པར་གཞོལ།། ལས་ལ་མཁས་ཤིང་ཟོས་པས་མཛེས།། ལྷ་རྣམས་མཉེས་ཤིང་དང ་པས་འབད།། བརྩོན་འགྲུས་ལྡོག་པའི་སེམས་སྤངས་པ།། འབྲས་བུ་གཞན་ལ་རེ་དོགས་མེད།། དམ་ཚིག་ལྡན་ཞིང་རྣམ་པར་དཔའ།། འཇིགས་པ་མེད་པའི་རང་བཞིན་ནི།། བདག་ཉིད་ཆེན་པོ་ཕུན་སུམ ་ཚོགས།། རྣམ་པ་བཅུ་གཉིས་དག་ཏུ་ངེས།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མངོན་སྤྱོད་ཆེན་པོ་རྣམ་པར་རོལ་པ་ཡོངས་སུ་བརྟག་པ་ཞེས ་བྱ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ནམ་མཁའི་དབང ་ཕྱུག་ཆེན་པོ་དུ་མས་རྣམ་པར་བསྒྱིངས་པའི་རྡོ་རྗེ་མི་བཟད་པའི་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཧེ་རུ་ཀ་མ་ཧཱ་པཱུ་ཛ་བཛྲ་ཧཱུཾ། ཞེ་སྡང་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་སྒྲོན་མ་ཆེན་པོ་རྣམ་པར་བསྐྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། འགྲན་ཟླ་མེད་པའི་བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཧེ་རུ་ཀ་མ་ཧཱ་བུདྡྷ་ཧཱུཾ། གཏི་མུག་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། དེ་ནས་བཅོམ་ལྡན་འདས་མི་བཟད་པའི་སྤོབས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོའི་མྱུ་གུས་ཚིམ་པར་བྱ་བ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས ་ལས་ཕྱུང་ངོ་།། ཨོཾ་ཧེ་རུ་ཀ་མ་ཧཱ་རཏྣ་ཧཱུཾ། ང་རྒྱལ་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་གདུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆགས་པ ་པོ་ཡོངས་སུ་མཉམ་པ་མེད་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཧེ་རུ་ཀ་མ་ཧཱ་པདྨ་ཧཱུཾ། འདོད་ཆགས་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས ་བཅོམ་ལྡན་འདས་མཛད་པ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕྲིན་ལས་ཐམས་ཅད་འབྱུང་བ་ཞེས་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཧེ་རུ་ཀ ་མ་ཧཱ་ཀརྨྨ་ཧཱུཾ། ཕྲག་དོག་ཆེན་པོ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྔོ་ནག་ཏིང་འཛིན་རྣམ་པར་དཔའ།། རྡོ་རྗེ་འབར་བའི་རང་བཞིན་ཏེ།། ཐམས་ཅད་རྡོ་རྗེའི་ང་རྒྱལ་གྱིས།། ཞེ་སྡང་གཏན་དུ་ཞི་བར ་བྱ།། སྨུག་ནག་ཏིང་འཛིན་རྣམ་པར་རྔམས།། འཁོར་ལོ་འབར་བའི་རང་བཞིན་ཏེ།། ཐམས་ཅད་འཁོར་ལོའི་ང་རྒྱལ་གྱིས།། གཏི་མུག་གཏན་དུ་ཞི་བར་བྱ།། སེར་ནག་ཏིང་འཛིན་རྣམ་པར ་འཇིགས།། རིན་ཆེན་འབར་བའི་རང་བཞིན་ཏེ།། ཐམས་ཅད་རིན་ཆེན་ང་རྒྱལ་གྱིས།། ང་རྒྱལ་གཏན་དུ་ཞི་བར་བྱ།། དམར་ནག་ཏིང་འཛིན་རྣམ་པར་རྒོད།། འདོད་ཆགས་འབར་བའི་རང་བཞིན་ཏེ།། ཐམས་ཅད ་པདྨའི་ང་རྒྱལ་གྱིས།། འདོད་ཆགས་གཏན་དུ་ཞི་བར་བྱ།། ལྗང་ནག་ཏིང་འཛིན་རྣམ་པར་གཙིགས།། ཕྲག་དོག་འབར་བའི་རང་བཞིན་ཏེ།། ཐམས་ཅད་རལ་གྲིའི་ང་རྒྱལ་གྱིས།། ཕྲག་དོག་གཏན་དུ་ཞི་བར་བྱ།། ཞེས ་གསུངས་སོ།། དེ་ནས་དེའི་ཚེ་དེའི་དུས་ན།། འཇིག་རྟེན་གྱི་ཁམས་ནམ་མཁའི་གཏོས་དང་མཉམ་པ་ཐམས་ཅད་ནི་ཀུན་ཏུ་འཐོར་ཞིང་། འཇིག་རྟེན་ན་དབང་ཆེ་བ་ཐམས་ཅད་པ་སྤུ་འཁྲུགས་པ་དང་། མིག་འཆི་མས ་རྒྱས་པ་དང་ལུས་དུབ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ཁྲོ་བོ་འབར་བའི་སྤྲིན་ཕུང་ལ་ཞུམ་པའི་བརྒྱལ་ཚུལ་གྱིས་བུ་སྨད་དང་།། འཁོར་དུ་བཅས་པས་ཐལ་མོ་སྦྱོར་བ་ལ་སོགས་པས་འདི་སྐད་ཅེས་གསོལ ་ཏོ།། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། ཁྲོ་ལ་ཁྲོས་པས་ཁྲོ་བོ་ཆེ།། སྣ་ཚོགས་དུ་མའི་ཁྲོ་བོའི་སྤྲིན།། འབར་བ་གཅིག་ལས་རྣམ་པར་བྱུང་།། དེ་བཞིན་གཅིག་ལ་ཕྱག་འཚལ་ལོ།། སྣ་ཚོགས་དུ་མའི་གཟུགས ་མཆོག་ནི། ཁྲོ་བོ་བཅུ་ཡི་རང་བཞིན་ཆེ།། གཅིག་ནི་དུ་མར་འཕེལ་མཛད་པས།། དུ་མ་རྣམས་ལ་བདག་ཅག་མཆོད།། ཀྱེ་མ་ཁྲོ་བོའི་སྤྲིན་ཕུང་ཆེ།། མཐའ་ཡས་སྡིག་པ་གསོད་མཛད་པ།། མངོན་སྤྱོད་སྒྲོལ་བའི་རང ་བཞིན་པས།། བདག་གི་སྡིག་པ་གསོད་པར་མཛོད།། ཨེ་མ་ཧོ་དཔའ་བོ་དཔའ་བོ་ཆེ།། མ་ལུས་ཀུན་གྱི་རྒྱལ་པོ་ཉིད།། སྙིང་རྗེ་ཁྲོས་པས་ཁྲོ་བོ་ཆེ། ཁམས་གསུམ་རྒྱལ་པོ་ཨ་ལ་ལ།། ཨེ་མ་ཧོ་སྡིགས་པའི་བསྡིག ་མཛུབ་ཅན།། བསྡིག་པའི་སྤྱོད་ལ་སོགས་པས་བརྗིད།། མངོན་སྤྱོད་ཁྱོད་ཀྱི་སྐུ་དང་མཚམས།། འབར་བའི་ཚོགས་ལ་བདག་ཅག་འདུད།། ཨེ་མ་ཧོ་དཔལ་ཆེན་གདུག་པ་སྒྲོལ།། འཇིག་རྟེན་ཕྱོགས་བཅུ་གཞན་རྣམས ་ཀྱི།། དྲེགས་པ་མཐའ་དག་བསྒྲལ་སླད་དུ།། དཔའ་བོས་ཤིན་ཏུ་འཕྲོ་བར་མཛད།། ཨེ་མ་ཁྲག་འཐུང་ཁྲག་ཆེན་འཐུང་།། བདག་ཅག་ཁྲག་ལ་རྔམ་པ་རྣམས། ཁྱོད་ལྟར་ཁྲག་ཆེན་འཚལ་སླད་དུ།། དུར་ཁྲོད་དགྱེས་ཕྱིར། ་གཙོ་བོ་མཛོད།། ཨེ་མ་ཧོ་ཡ་མཚན་རྨད་ཀྱི་སྐུ།། གཏུམ་པ་ཆེན་པོ་ཇི་བཞིན་དུ།། བདག་ཅག་བརྗོད་པ་སོགས་ནས་ཀྱང་།། མཐའ་ཡས་མྱུར་དུ་མ་ལུས་སོ།། ཨེ་མ་ཧོ་འཇིགས་བྱེད་འཇིགས་པ་ཆེ།། སངས་རྒྱས་ཆེན ་པོ་རྒྱས་གྱུར་ཅིག། དམ་ཆོས་ཆེན་པོ་རྒྱས་གྱུར་ཅིག། དེ་ནས་དེའི་ཚེ་དེའི་དུས་ན། གདུག་པའི་ཚོགས་ཐམས་ཅད་ནི་རང་གི་འཁོར་དང་བཅས་པར་བཀའ་ལ་གནས་ཤིང་ཀུན་ཀྱང་དམ་ཚིག་གི་འཁོར་དུ་རྣམ་པར ་བཀོད་དོ།། དེ་ལྟར་སངས་རྒྱས་ཀྱི་མཐུ་ཆེན་པོས་སྤོབས་པར་བརྗོད་ནས། ཁྲོ་བོའི་སྤྲིན་ཐམས་ཅད་དང་འདུ་བར་མཛད་དོ།། དེ་ནས་དེའི་ཚེ་འཁོར་གྱི་ཚོགས་དུ་མ་ལ་འདི་ལྟ་སྟེ། རྡོ་རྗེ་རྣམ་པར་རོལ ་པའི་རིག་འཛིན་དང་། རྡོ་རྗེ་རྣམ་པར་རོལ་པའི་རྣལ་འབྱོར་དང་། རྡོ་རྗེ་རྣམ་པར་རོལ་པའི་མཁའ་འགྲོ་མ་དང་།། རྡོ་རྗེ་རྣམ་པར་རོལ་པའི་གདུལ་བྱ་དང་། རྡོ་རྗེ་རྣམ་པར་རོལ་པའི་སྐྱེས་བུ་དང་། རྡོ་རྗེ་རྣམ་པར་རོལ ་པའི་ཞིང་ཁམས་ལ་སོགས་པའོ།། གཞན་ཡང་འཁོར་ལོ་རྣམ་པར་རོལ་པའི་རིག་འཛིན་དང་། འཁོར་ལོ་རྣམ་པར་རོལ་པའི་རྣལ་འབྱོར་དང་། འཁོར་ལོ་རྣམ་པར་རོལ་པའི་མཁའ་འགྲོ་མ་དང་། འཁོར་ལོ་རྣམ་པར ་རོལ་པའི་གདུལ་བྱ་དང་། འཁོར་ལོ་རྣམ་པར་རོལ་པའི་སྐྱེས་བུ་དང་། འཁོར་ལོ་རྣམ་པར་རོལ་པའི་ཞིང་ཁམས་ལ་སོགས་པའོ།། གཞན་ཡང་རིན་པོ་ཆེ་རྣམ་པར་རོལ་པའི་རིག་འཛིན་དང་། རིན་པོ་རྣམ་པར་རོལ ་པའི་རྣལ་འབྱོར་དང་། རིན་པོ་ཆེ་རྣམ་པར་རོལ་པའི་མཁའ་འགྲོ་མ་དང་། རིན་པོ་ཆེ་རྣམ་པར་རོལ་པའི་གདུལ་བྱ་དང་། རིན་པོ་ཆེ་རྣམ་པར་རོལ་པའི་སྐྱེས་བུ་དང་། རིན་པོ་ཆེ་རྣམ་པར་རོལ་པའི་ཞིང་ཁམས་ལ ་སོགས་པའོ།། གཞན་ཡང་པད་མ་རྣམ་པར་རོལ་པའི་རིག་འཛིན་དང་། པད་མ་རྣམ་པར་རོལ་པའི་རྣལ་འབྱོར་དང་། པདྨ་རྣམ་པར་རོལ་པའི་མཁའ་འགྲོ་མ་དང་། པདྨ་རྣམ་པར་རོལ་པའི་གདུལ་བྱ་དང་། པདྨ་རྣམ ་པར་རོལ་པའི་སྐྱེས་བུ་དང་། པདྨ་རྣམ་པར་རོལ་པའི་ཞིང་ཁམས་ལ་སོགས་པའོ།། གཞན་ཡང་ཕྲིན་ལས་རྣམ་པར་རོལ་པའི་རིག་འཛིན་དང་། ཕྲིན་ལས་རྣམ་པར་རོལ་པའི་རྣལ་འབྱོར་དང་། ཕྲིན་ལས་རྣམ་པར ་རོལ་པའི་མཁའ་འགྲོ་མ་དང་། ཕྲིན་ལས་རྣམ་པར་རོལ་པའི་གདུལ་བྱ་དང་། ཕྲིན་ལས་རྣམ་པར་རོལ་པའི་སྐྱེས་བུ་དང་། ཕྲིན་ལས་རྣམ་པར་རོལ་པའི་ཞིང་ཁམས་ལ་སོགས་པའོ།། དེ་དག་འདུས་པའི་ཚོགས་ཀྱིས། ་རིགས་དུ་མའི་མངོན་པར་བརྗོད་པ་ཞེས་བྱ་བའི་བསྟོད་པ་འདི་མགྲིན་གཅིག་ཏུ་བརྗོད་དོ།། དེ་ཡང་རྡོ་རྗེའི་ཚོགས་དུ་མས་མགྲིན་གཅིག་ཏུ་མངོན་པར་བརྗོད་པ། རྡོ་རྗེ་རྡོ་རྗེ་ཆེན་པོ་སྟེ།། རྡོ་རྗེ་བཟང་པོ་ཀུན་ཏུ ་རྒྱལ།། ཞེ་སྡང་གསོད་པའི་རྡོ་རྗེ་ཆེ།། ཕྱག་འཚལ་རྡོ་རྗེ་ཉིད་ལའོ།། རྡོ་རྗེ་རྡོ་རྗེ་ཆེན་པོ་སྟེ།། རྡོ་རྗེ་འཁོར་ལོ་བླ་ན་མེད།། འཁོར་ལོ་རྡོ་རྗེ་མཉམ་པ་སྟེ།། རྡོ་རྗེ་འཁོར་ལོར་ཕྱག་འཚལ་བསྟོད།། རྡོ་རྗེ་རྡོ་རྗེ་ཆེན་པོ ་སྟེ།། རྡོ་རྗེ་རིན་ཆེན་བླ་ན་མེད།། རིན་ཆེན་རྡོ་རྗེ་མཉམ་པ་ཆེ།། རྡོ་རྗེ་རིན་ཆེན་ཕྱག་འཚལ་ལོ།། རྡོ་རྗེ་རྡོ་རྗེ་ཆེན་པོ་སྟེ།། རྡོ་རྗེ་པདྨ་བླ་ན་མེད།། པདྨ་རྡོ་རྗེ་མཉམ་པ་ཆེ།། ཕྱག་འཚལ་རྡོ་རྗེ་པདྨ་ལའོ།། རྡོ་རྗེ་རྡོ་རྗེ་ཆེན ་པོ་སྟེ།། རྒྱ་གྲམ་རྡོ་རྗེ་བླ་ན་མེད།། རྒྱ་གྲམ་རྡོ་རྗེ་མཉམ་པ་ཆེ།། རྡོ་རྗེ་རྒྱ་གྲམ་ཕྱག་འཚལ་བསྟོད།། རྡོ་རྗེའི་རིག་འཛིན་འཆོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་འཁོར་ལོའི་ཚོགས་དུ་མས་མགྲིན་གཅིག་ཏུ ་མངོན་པར་བརྗོད་པ། འཁོར་ལོ་བཟང་པོ་ཀུན་ཏུ་རྒྱལ།། གཏི་མུག་གསོད་པའི་འཁོར་ལོ་ཆེ།། སངས་རྒྱས་ཀུན་གྱི་འཁོར་ལོ་སྟེ།། ཕྱག་འཚལ་འཁོར་ལོ་ཉིད་ལའོ།། འཁོར་ལོ་འཁོར་ལོ་ཆེན་པོ ་སྟེ།། འཁོར་ལོ་རྡོ་རྗེ་བླ་ན་མེད།། རྡོ་རྗེ་འཁོར་ལོ་མཉམ་པ་ཆེ།། འཁོར་ལོ་རྡོ་རྗེར་ཕྱག་འཚལ་བསྟོད།། འཁོར་ལོ་འཁོར་ལོ་ཆེན་པོ་སྟེ།། རིན་ཆེན་འཁོར་ལོ་བླ་ན་མེད།། རིན་ཆེན་འཁོར་ལོ་མཉམ་པ་ཆེ།། འཁོར་ལོ ་རིན་ཆེན་ཕྱག་འཚལ་བསྟོད།། འཁོར་ལོ་འཁོར་ལོ་ཆེན་པོ་སྟེ།། འཁོར་ལོ་པདྨ་བླ་ན་མེད།། པདྨ་འཁོར་ལོ་མཉམ་པ་ཆེ།། འཁོར་ལོ་པདྨར་ཕྱག་འཚལ་བསྟོད།། འཁོར་ལོ་འཁོར་ལོ་ཆེན་པོ་སྟེ།། འཁོར་ལོ་རྒྱ་གྲམ་བླ ་ན་མེད། རྒྱ་གྲམ་འཁོར་ལོ་མཉམ་པ་ཆེ།། ཕྱག་འཚལ་འཁོར་ལོ་རྒྱ་གྲམ་ལའོ།། འཁོར་ལོའི་རིག་འཛིན་འཆོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་རིན་པོ་ཆེའི་ཚོགས་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས ་མངོན་པར་བརྗོད་པ། རིན་ཆེན་བཟང་པོ་ཀུན་ཏུ་རྒྱལ། ང་རྒྱལ་གསོད་པའི་རང་བཞིན་ཆེ།། སངས་རྒྱས་ཀུན་གྱི་རིན་ཆེན་ཏེ།། ཕྱག་འཚལ་རིན་ཆེན་ཁྱོད་ལའོ།། རིན་ཆེན་རིན་ཆེན་ཆེན་པོ་སྟེ།། རིན་ཆེན་རྡོ་རྗེ་བླ་ན ་མེད།། རྡོ་རྗེ་རིན་ཆེན་མཉམ་པ་སྟེ།། རིན་ཆེན་རྡོ་རྗེ་ཕྱག་འཚལ་ལོ།། རིན་ཆེན་ནོར་བུ་ཆེན་པོ་སྟེ།། རིན་ཆེན་འཁོར་ལོ་བླ་ན་མེད།། འཁོར་ལོ་རིན་ཆེན་མཉམ་པ་ཆེ།། རིན་ཆེན་འཁོར་ལོར་ཕྱག་འཚལ ་བསྟོད།། ནོར་བུ་རིན་ཆེན་ཆེན་པོ་སྟེ།། རིན་ཆེན་པདྨ་བླ་ན་མེད།། པདྨ་རིན་ཆེན་མཉམ་པ་ཆེ།། ཕྱག་འཚལ་པདྨ་རིན་ཆེན་ལའོ།། ནོར་བུ་རིན་ཆེན་ཆེན་པོ་སྟེ།། རིན་ཆེན་རྒྱ་གྲམ་བླ་ན་མེད།། རྒྱ་གྲམ་རིན་ཆེན ་མཉམ་པ་སྟེ།། ཕྱག་འཚལ་རིན་ཆེན་རྒྱ་གྲམ་ལའོ།། རིན་པོ་ཆེའི་རིགས་འཆོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་པདྨའི་རིགས་ཀྱི་ཚོགས་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་མངོན་པར་བརྗོད་པ། པདྨ ་བཟང་པོ་ཀུན་ཏུ་རྒྱལ།། འདོད་ཆགས་གསོད་པའི་པདྨ་ཆེ།། སངས་རྒྱས་ཀུན་གྱི་པདྨ་སྟེ།། ཕྱག་འཚལ་པདྨ་ཉིད་ལའོ།། པདྨ་ཆེན་པོ་པདྨ་ཆེ།། རྡོ་རྗེ་པདྨ་བླ་ན་མེད།། རྡོ་རྗེ་པདྨ་མཉམ་པ་ཆེ།། པདྨ་རྡོ་རྗེར་ཕྱག་འཚལ ་བསྟོད།། པདྨ་ཆེན་པོ་པདྨ་ཆེ།། པདྨ་འཁོར་ལོ་བླ་ན་མེད།། འཁོར་ལོ་པདྨ་མཉམ་པ་ཆེ།། པདྨ་འཁོར་ལོར་ཕྱག་འཚལ་བསྟོད།། པདྨ་ཆེན་པོ་པདྨ་ཆེ།། པདྨ་རིན་ཆེན་བླ་ན་མེད།། རིན་ཆེན་པདྨ་མཉམ་པ་ཆེ།། པདྨ ་རིན་ཆེན་ཕྱག་འཚལ་བསྟོད།། པདྨ་ཆེན་པོ་པདྨ་ཆེ།། པདྨ་རྒྱ་གྲམ་བླ་ན་མེད།། རྒྱ་གྲམ་པདྨ་མཉམ་པ་ཆེ།། པདྨ་རྒྱ་གྲམ་ཕྱག་འཚལ་བསྟོད།། པདྨའི་རིགས་འཆོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་རྒྱ་གྲམ ་གྱི་ཚོགས་དུ་མས་མགྲིན་གཅིག་ཏུ་འདི་སྐད་ཅེས་མངོན་པར་བརྗོད་པས།། རྒྱ་གྲམ་བཟང་པོ་ཀུན་ཏུ་རྒྱལ།། ཕྲག་དོག་གསོད་པའི་རྒྱ་གྲམ་སྟེ།། སངས་རྒྱས་ཀུན་གྱི་རྒྱ་གྲམ་ཆེ།། ཕྱག་འཚལ་རྒྱ་གྲམ་ཉིད་ལའོ།། རྡོ་རྗེ ་@། རྒྱ་གྲམ་རྒྱ་གྲམ་ཆེ།། རྒྱ་གྲམ་རྡོ་རྗེ་བླ་ན་མེད།། རྡོ་རྗེ་རྒྱ་གྲམ་མཉམ་པ་ཆེ།། ཕྱག་འཚལ་རྡོ་རྗེ་རྒྱ་གྲམ་ལའོ།། རྡོ་རྗེ་རྒྱ་གྲམ་རྒྱ་གྲམ་ཆེ།། རྒྱ་གྲམ་འཁོར་ལོ་བླ་ན་མེད།། འཁོར་ལོ་རྒྱ་གྲམ་མཉམ་པ ་ཆེ།། རྒྱ་གྲམ་འཁོར་ལོར་ཕྱག་འཚལ་བསྟོད།། རྡོ་རྗེ་རྒྱ་གྲམ་རྒྱ་གྲམ་ཆེ།། རྒྱ་གྲམ་རིན་ཆེན་བླ་ན་མེད།། རིན་ཆེན་རྒྱ་གྲམ་མཉམ་པ་ཆེ།། རྒྱ་གྲམ་རིན་ཆེན་ཕྱག་འཚལ་བསྟོད།། རྡོ་རྗེ་རྒྱ་གྲམ་རྒྱ་གྲམ་ཆེ།། རྒྱ་གྲམ ་པདྨ་བླ་ན་མེད།། པདྨ་རྒྱ་གྲམ་མཉམ་པ་ཆེ།། རྒྱ་གྲམ་པདྨར་ཕྱག་འཚལ་བསྟོད།། རྡོ་རྗེ་རྒྱ་གྲམ་རིགས་འཆོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག ་ཆེན་པོས། ནམ་མཁའ་རྡོ་རྗེ་ཀུན་ཏུ་འབྱུང་བ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། རྡོ་རྗེ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས ་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རོ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་ཆེན་པོ་འབྱུང་བ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང ་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ། འཁོར་ལོ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་མཉམ་པའི་རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་ཡང་དག་པའི་རྒྱལ་སྲས་འབྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ། ཡོན་ཏན་ཆེན་པོ་ཀུན་ཏུ་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ ་ལྡན་འདས་ཆགས་པ་ཆེན་པོའི་རྡོ་རྗེ་ཀུན་ཏུ་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འགག་པ་མེད་པའི་རྣམ་པར་རོལ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང ་ངོ་།། ཨོཾ་པདྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ཆུ་སྐྱེས་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ་ལས་ཀྱི་རྒྱལ་པོ་འབྱུང་བ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཨ་མོ་གྷ་ག་ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུཾ་ཕཊ། ལས་ཀྱི་རྡོ་རྗེ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དཀྱིལ ་འཁོར་མ་ལུས་ཀུན་འབྱུང་བ།། རྒྱལ་བའི་ཡུམ་རྣམས་མཁས་པས་བརྟག། ཡན་ལག་ཆོ་ག་མཁས་པ་ཡིས།། རྩ་བ་ཡི་ནི་དབྱིབས་བཞིན་དུ།། མཁས་པས་ནན་ཏན་འབད་པར་བྱ།། སྔོན་དུ་བསྟན་པའི་ཆོ་ག་ལ།། གང ་དག་མཁས་པ་དེ་ཡིན་ཏེ།། བྱ་དང་བྱེད་པ་བསམ་མི་ཁྱབ།། རྡོ་རྗེ་འབྱུང་བའི་བཙུན་མོ་ནི།། མཁས་པས་རྡོ་རྗེའི་མིག་གིས་བལྟ།། ཇི་ལྟར་འཁོར་ལོ་འབྱུང་བ་ཡང་།། དེ་ལྟར་འཁོར་ལོ་མིག་གིས་བལྟ།། གང་དག་རིན ་ཆེན་འབྱུང་བའི་མ།། དཔའ་བོ་རིན་ཆེན་མིག་གིས་བལྟ།། པདྨ་འབྱུང་བ་པདྨའི་ཡུམ།། སྒེག་མོ་པདྨའི་མིག་གིས་བལྟ།། གང་དག་ལས་མཆོག་འབྱུང་བའི་ཡུམ།། སྣ་ཚོགས་ལས་མཆོག་མིག་གིས ་བལྟ།། ད་ནས་དེའི་ཚེ་དེའི་དུས་ན་ཡང་། སངས་རྒྱས་སྲས་ཆེན་གྱིས་འབད་པ་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་དུ་མའི་ཚོགས་ཀྱི་མཐུས་འདི་སྐད་ཅེས་གསོལ་ཏོ།། རྡོ་རྗེ་རྒྱལ་སྲས་བསྐྱེད་མཛད ་ནས།། ལྷུམས་ནས་རྡོ་རྗེ་རྒྱལ་སྲས་གཙོ།། ཇི་སྲིད་རྡོ་རྗེའི་སྲས་བྱུང་ནས།། རྡོ་རྗེ་ཡུམ་མཆོག་ཕྱག་འཚལ་ལོ།། འཁོར་ལོའི་རྒྱལ་སྲས་བསྐྱེད་མཛད་ནས།། ལྷུམས་ནས་འཁོར་ལོའི་རྒྱལ་སྲས་གཙོ།། ཇི་སྲིད་འཁོར ་ལོའི་སྲས་བྱུང་ནས།། འཁོར་ལོའི་ཡུམ་མཆོག་ཕྱག་འཚལ་ལོ།། རིན་ཆེན་རྒྱལ་སྲས་བསྐྱེད་མཛད་ནས།། ལྷུམས་ནས་རིན་ཆེན་རྒྱལ་སྲས་གཙོ།། ཇི་སྲིད་རིན་ཆེན་སྲས་བྱུང་ནས།། རིན་ཆེན་ཡུམ་མཆོག་ཕྱག་འཚལ ་ལོ།། པདྨའི་རྒྱལ་སྲས་བསྐྱེད་མཛད་ནས།། ལྷུམས་ནས་པདྨའི་རྒྱལ་སྲས་གཙོ།། ཇི་སྲིད་པད་མའི་སྲས་བྱུང་ནས།། པདྨའི་ཡུམ་མཆོག་ཕྱག་འཚལ་ལོ།། ལས་ཀྱི་རྒྱལ་སྲས་བསྐྱེད་མཛད་ནས།། ལྷུམས་ནས་ལས་ཀྱི ་རྒྱལ་སྲས་གཙོ།། ཇི་སྲིད་ལས་མཆོག་སྲས་བྱུང་ནས།། ལས་མཆོག་ཡུམ་ལ་ཕྱག་འཚལ་ལོ།། ཞེས་རྡོ་རྗེའི་གླུ་དང་།། རིན་པོ་ཆེ་དང་། ཕྲིན་ལས་ཆེན་པོའི་གླུ་བླང་བ་ལ་སོགས་པས་ཡོངས་སུ་བསྟོད་པ་བྱས་སོ།། དེ ་ནས་ཡུམ་རྣམས་སོ་སོ་རང་རང་གི་ལྷུམས་ནས་རྒྱལ་སྲས་ཐོགས་པ་མེད་པའི་རིགས་རྣམས་བལྟམས་པར་གྱུར་ཏེ། འདི་ལྟར་ཕྱོགས་བཅུའི་ཕྱོགས་ཀྱི་ཕྱོགས་ལ་སོགས་པ་ནམ་མཁའི་རང་བཞིན་ཐམས་ཅད་གང་བར ་གནས་པ་ནི། ཁབ་རྩེའི་གནས་གཅིག་ཙམ་ཡང་མེད་པར་ཇི་ལྟར་ཉུངས་འབྲུ་མར་གྱིས་གཏམས་པ་དང་། འདི་ལྟར་ཏིལ་གྱི་གང་བུ་བཞིན་དུ་སྲས་ཀྱི་ཚོགས་དུ་མས་རོལ་ཅིང་བཞུགས་ཏེ། འབར་བའི་སྲས་སྤྲིན་གྱི ་ཚོགས་ཕྱོགས་བཅུ་ཀུན་ཏུ་གཏིབས་པ་དང་། ཡོངས་སུ་ཚོགས་པར་གྱུར་པ་དང་། ཡུམ་རྣམས་ཀྱང་རྡོ་རྗེ་དང་པདྨ་ལ་སོགས་པའི་རྣམ་པར་རོལ་ཅིང་ཀུན་ཏུ་རྩེ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ ་གསོར་བ་གསུམ་གྱིས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྙིང་པོ་བཞུགས་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང ་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཐུགས་ཀྱི་རྡོ་རྗེ་དེ་ཁོ་ན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་འཁོར་ལོ་ཆེན་པོ་ཡོངས་སུ་འདོད་ཆགས་དང་རྣམ་པར་བྲལ་བ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་རྣམ་པར་བརྟག་པའི་གསང་སྔགས་འདི་གསུངས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། སྐུ་རྡོ་རྗེ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། དེ་ནས་བཅོམ་ལྡན་འདས་པདྨ་ཆེན་པོ་རྟོག་པ་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འགག་པ་མེད་པའི་བྱིན་རླབས་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ ་རྣམ་ལས་ཕྱུང་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། གསུང་གི་རྡོ་རྗེ་རྣམ་པར་བརྟག་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་ཤེས་རབ་ཆེན་པོའི་རྒྱལ ་མཚན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་གསང་སྔགས་རྡོ་རྗེ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཡུམ་མཉེས་པར་བྱེད་པའི་རྡོ་རྗེ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྒྱ་གྲམ་ཆེན་པོ་ཐེ་ཚོམ་མེད་པའི་ཡེ་ཤེས་རྡོ་རྗེ་བློ་གྲོས ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་འཕྲོ་བ་དང་། འདུ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ ་སྭ་བྷཱ་བ་ཨཱཏྨ་ཀོ&་ཧཾ། བདག་ཉིད་རྣམ་པར་དག་པའི་མཆོད་པ་ཆེན་པོ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་ཏིང་ངེ་འཛིན་ཕུན་སུམ ་ཚོགས་པ་འཁོར་རྣམས་ཀྱི་སྤྱོད་ཡུལ་དུ་མཛད་དོ།། དེ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལ་ལས་ནི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་རྣམ་པར་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ ་འཛིན་ཐོབ་བོ།། ལ་ལས་ནི་ཡང་དག་པར་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཀུན་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཀུན་ཏུ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ ་བོ།། ལ་ལས་ནི་རྣམ་པར་རྩེ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་འོད་ཟེར་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ལུང་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས ་ནི་རྫུ་འཕྲུལ་ཆེན་པོའི་མཐུ་འཕྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་རྩེ་མོ་ལ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་བདག་གི་འབད་པ་གྲུབ་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཐོབ་བོ།། ལ་ལས་ནི་གཞན་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་མཐུ་ཉམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་གསང་སྔགས་ཀྱི་མཐུ་སྟོན་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་དུག་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ལམ་མནན་པ་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་བཀོད་པ་ཆེན་པོ་ཞེས ་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་མི་ཟད་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་སེམས་ཀྱི་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཕྱག་རྒྱ་སྟོན་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་ཐོབ་བོ།། ལ་ལས་ནི་ཀུན་ཏུ་རྒྱལ་བའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཀུན་ཏུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་བགྲོད་པ་མེད་པ་ཞེས་བྱ་བའི་ཏིང ་ངེ་འཛིན་ཐོབ་བོ།། ལ་ལས་ནི་སྣོད་བཅུད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་འཁོར་ལོ་ཆེན་པོའི་ཡེ་ཤེས ་ཞེས་བྱ་བའི་ཏིང་འཛིན་ཐོབ་བོ།། ལ་ལས་ནི་རིན་པོ་ཆེའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་པདྨ་ཆེན་པོའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་རྒྱ་གྲམ་ཆེན་པོའི་ཡེ་ཤེས་ཞེས ་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཀུན་ཏུ་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཐམས་ཅད་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་དབང་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ཐོབ་བོ།། ལ་ལས་ནི་རྡོ་རྗེ་མངོན་སྤྱོད་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་དཔའ་བོ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་སྒེག་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ ་འཛིན་ཐོབ་བོ།། ལ་ལས་ནི་འཇིགས་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་རྒོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ ་ལས་ནི་རྔམ་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཞི་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་དཀྱིལ ་འཁོར་ཆུང་ངུ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ལེགས་པའི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལལ་ལས་ནི་དམ་ཚིག་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཕྱག་རྒྱ་ཆེན་པོ ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཐམས་ཅད་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། ལ་ལས་ནི་ཕྱོགས་དང་བཅས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། དེ་ལྟར་དེ་དག་གི་འཁོར་རྣམ་པར་དག ་པའི་རྣལ་འབྱོར་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་ལ་སོགས་པའི་རིག་འཛིན་དང་། འཁོར་ཕལ་པོ་ཆེའི་ཚོགས་རྣམས་ཀྱང་ཐམས་ཅད་དམ་པའི་ཚོགས་ཆེན་པོའི་རོས་ཚིམ་ཞིང་མྱོང ་བ་ནི་སངས་རྒྱས་ཀྱི་མཐུ་ཆེན་པོའོ།། དེ་དག་ནི་དེ་བཞིན་གཤེགས་པ་ཡབ་ཡུམ་ཚོགས་ཀྱི་རྡོ་རྗེ་ལ། རྡོ་རྗེའི་གླུ་ལ་སོགས་པ་དང་། གར་ལ་སོགས་པས་ཀུན་ཏུ་མཆོད་ནས། ཡང་དག་པའི་བལྟ་བ་ཆེན་པོས་བལྟས ་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། གཟུང་འཛིན་གཉིས་ཀྱི་རྡོ་རྗེ་མཉམ ་པར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཟུང་འཛིན་མཐར་བྱེད་རྣམ་པར་གཙིགས་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཡ་མཱནྟ་ཀྲྀཏ། གཟུང ་འཛིན་རྣམ་པར་སྤང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་ཟབ་པས་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས། ་སྙེམས་པར་བྱེད་པའི་གསང་སྔགས་འདི་ཕྱུང་ངོ་།། པྲ་ཛྙཱནྟ་ཀྲྀཏ། ཤེས་རབ་མཐར་བྱེད་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་འདོད་ཆགས་ཆེན་པོས་རྣམ་པར་རོལ་པ་འབྱུང ་བའི་ང་རོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨ་ཆེན་པོའི་རིགས་ལས་བྱིན་གྱིས་རློབས་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། པདྨནྟ་ཀྲྀཏ། རྟ་སྐད་ཀྱི ་རོལ་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྡོ་རྗེ་འདུས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བགེགས་མཐར་བྱེད་འབྱུང་བ་ཞེས་བྱ་བའི་ཏིང་དེ ་འཛིན་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། བིསྠཱན་ཏ་ཀྲྀཏ། ལས་ཀྱི་བདུད་རྩིས་རྣམ་པར་མྱོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་ཀྱི་ཚུལ་མི་དམིགས་པ་མཉམ་པའི་རྡོ་རྗེ་སྟེ། ཐམས་ཅད་ཀུན་གྱི་སྒོར་གནས་པ། ཐུན་མོང་ཆེན་པོ་ཞེས་ཀྱང་བྱ། དེ་ནས་བྱམས་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་དགུག་པ་མངོན་པར་གྲུབ་པའི་ཡེ་ཤེས་འདི་ཕྱུང་ངོ་།། ཛ་རྡོ་རྗེ་ལྕགས་ཀྱུ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་སྙིང་རྗེ་རྣམ་པར་རོལ ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་གཞུག་པ་མངོན་པར་གྲུབ་པའི་ཡེ་ཤེས་འདི་ཕྱུང་ངོ་།། ཧཱུཾ། རིན་པོ་ཆེ་བཅིངས་པའི་རྣམ་པར་བརྟག་པ ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་དགའ་བས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨའི་བསྡམ་པ་མངོན་པར་གྲུབ་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་རྣམས་ཕྱུང་ངོ་།། བཾ། པདྨ་ལྕགས་སྒྲོག་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་བཏང་སྙོམས་ཆེན་པོས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། ལས་ཆེན་པོའི་དྲིལ་བུ་མངོན་པར་གྲུབ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཧོཿ། བཏང་སྙོམས་ཆེན་པོའི་དྲིལ་བུ་རྣམ་པར་བརྟག་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས་འཇིག་རྟེན་ཆེན་པོ་དེ་འགྱུར་བས་དཀྱིལ་འཁོར་ཆེན་པོར་སྣང་ངོ་།། གཙོ་བོ་དང་འཁོར་དང་བཅས་པ་ཐམས་ཅད་འཁོར་ལོ་བཞིའི་དཀྱིལ་འཁོར་རང་གི་བཙུན་མོ ་དང་མཉམ་དུ་འཁྲིལ་ཏེ། ཤིན་ཏུ་འོ་བྱེད་ཅིང་སྙོམས་པར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་དབང་ཕྱུག ་ཆེན་པོ་མི་ཟད་པའི་རྒྱན་གྱིས་རྡོ་རྗེ་དཀྱིལ་འཁོར་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འབར་བ་ཆེན་པོའི་ཞིང་ཁམས་ཕུན་སུམ་ཚོགས་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་ལས་ཕྱུང་ངོ་།། དཀྱིལ་འཁོར་དཔའ་བོས་རབ་ཏུ་བྱ།། མཛེས་པའི་ཐིག་སྐུད་མཁས་པས་བྱ།། སོར་མོ་ཉིས་བརྒྱ་རྩ་བཅུ་བརྒྱད།། མཁས་པས་དཀྱིལ་འཁོར་ཚད་དུ་བྱ།། ངོ་བོ་བཞི་དང་ཟུར་བཞི་དང་།། སྒོ་བཞི ་དང་ནི་འཁོར་ལོ་བཞི།། ལྷ་ཡང་བཞི་པའི་ཚད་དུ་འགྱུར།། དབུས་མཉམ་པ་ནི་ཟླུམ་པོ་ཆེ།། དེ་དབུས་འཁོར་ལོ་བྲི་བར་བྱ།། ལས་ལ་ལུང་ཐོབ་གང་ཡིན་པས།། ཕྱག་རྒྱ་དགོད་པ་བརྩམ་པར་བྱ།། དབུས་མ་མཉམ་པ ་ནི་རྡོ་རྗེ།། མིག་སྨན་གྱི་ནི་མདོག་དང་འདྲ།། གཙོ་བོའི་གྲངས་དང་མཉམ་པ་ཡི།། རྩེ་བ་འཕྲོ་བ་དབུས་སུ་གཞག། རྩིབས་བརྒྱད་པ་ནི་འབར་བ་སྟེ།། མདུན་དུ་ཡང་དག་གནས་པར་བྱ།། རྡོ་རྗེ་མཛེས་པ་དེ་ལྟར ་རོ།། འོད་ཟེར་དུ་མ་རིན་པོ་ཆེ།། རང་གི་གནས་སུ་གཞག་པར་བྱ།། དེ་བཞིན་པདྨ་རལ་གྲི་ཆེ།། པདྨ་རཱ་ག་རང་གི་མདོག། ཐམས་ཅད་རང་གི་རྒྱན་གྱིས་གཞག་པར་བྱ།། བེ་ཅོན་ཐོ་བ་པད་རྒྱ་གྲམ།། ཇི་ལྟར་ཕྱོགས ་ཕྱོགས་དེ་བཞིན་ནོ།། དེ་དག་ཆ་ལུགས་རྫོགས་པ་ནི།། དཀྱིལ་འཁོར་འདི་ནི་རབ་བཤད་པ།། དཀྱིལ་འཁོར་འབྱུང་བ་རྣམ་གཉིས་ཏེ།། གང་དག་སྤྱི་ཡི་དོན་དང་སྒོས།། གནས་པ་དེ་ཡིས་སོ་སོ་ཡིན།། འདི་ནི་སྤྱི་ཡི ་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་ཐམས་ཅད་འབྱུང་བའོ།། འདི་ནི་ཞི་རྒྱས་དབང་མངོན་སྤྱོད།། འདི་ནི་འདི་ལྟར་ཀུན་ཏུ་འགྱུར།། མཁས་པས་གང་ལ་གང་མོས་པ།། ལྷག་པར་འཇུག་པའི་དཀྱིལ་འཁོར་བརྟག། ཤེས ་རབ་ཅན་གྱིས་སྔར་བསྒྱུར་ཞིང་།། མཁས་པས་གླང་ཆེན་ལྕགས་ཀྱུ་ལྟར།། གང་ལ་གང་ངེས་རིགས་སུ་བརྟག། འདས་དང་མ་འོངས་ལྷ་རྣམས་ཀྱི།། རིགས་ནི་ངེས་པར་སེམས་ཀྱིས་བསྒྱུར།། འདི་ནི་གཙོ་བོའི་ལས ་ཆེན་ཏེ།། གནང་བ་ཐོབ་པར་བྱ་བ་ཡང་།། རང་མོས་དཀྱིལ་འཁོར་བརྟག་པར་བྱ།། ཕྱོགས་བཅུ་དུས་གསུམ་བདེར་གཤེགས་ཀྱི།། དཀྱིལ་འཁོར་ཀུན་གྱི་རྒྱུ་ཡིན་ཏེ།། འབྲས་བུ་རྣམས་ལ་ནན་ཏན་བྱ།། ལྷ་དང་གཙོ ་པོ་སྔགས་ཀྱི་སྒྲ།། ལྷག་པར་མོས་པའི་སྒྲ་ཡིས་བརྗོད།། གང་འདི་མངོན་སྤྱོད་ཆེར་གནས་ཞེས།། མཁས་པས་ཞེན་པ་སྤང་བར་བྱ།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། པདྨ་རྒྱ་གྲམ་དབུས་གནས ་པར།། གནས་དང་ཕྱག་རྒྱ་འཁོར་གྱི་ཚོགས།། མཁས་པས་སྤྱི་ཡི་རིགས་ལྟར་བརྟག། འཁོར་གྱི་དམ་པ་སེམས་ལས་བསྐྱེད།། གལ་ཏེ་སྤྱོད་དང་མི་གནས་པར།། འཁོར་བ་ལ་སོགས་སྣམ་བུ་ལ།། ཅི་རིགས་པ་ཡི ་ཕྱོགས་སུ་དགོད།། གལ་ཏེ་གཙོ་བོ་གཅིག་ལ་ཡང་།། མཁས་པས་དུ་མའི་འཁོར་དུ་གཞག། འབར་བའི་གཙོ་བོ་རྣམ་གཞག་པ།། ཕྲ་མོའི་ལས་ལ་མཁས་པ་ཡིས།། འཁོར་ལས་གཙོ་བོ་བརྟག་པར་བྱ།། ཐ་ན་ཐ་མའི ་ལས་ལ་ཡང་།། འབར་བའི་ཅོད་པན་མཛེས་པར་བྱ།། འདི་ནི་འཕྲོ་བའི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་ཐམས་ཅད་འདི་ལས་འཕྲོས།། འདི་ནི་འདུ་བའི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་ཐམས་ཅད་འདི་ལ ་འདུ།། འདི་ནི་གནས་པའི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་ཐམས་ཅད་འདི་ལ་གནས།། རང་བཞིན་དཀྱིལ་འཁོར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས ་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་གྱི་རྣམ་པར་བཀོད་པ་ཆེན་པོ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་སོ་སོར་རྟོག་པའི་ཤེས་རབ་ཆེན་པོ་དྲི་མ་མེད་པའི་སྟོབས་ཀྱིས་བདུད ་སྲེག་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྣམ་པར་མནལ་བར་གྱུར་ཏོ།། དེ་ནས་དེའི་ཚེ་དེའི་དུས་ན། རིག་འཛིན་ཆེན་པོ་འཁོར་དང་བཅས་པ་རྣམས། རང་རང་གི་འཁོར་དང་བཅས་པས་བཅོམ ་ལྡན་འདས་ལ་མངོན་པར་བལྟ་ཞིང་ཚིགས་སུ་བཅད་པའི་དབྱངས་ཀྱིས་གསོལ་བ་བཏབ་པ། ཀྱེ་མ་སངས་རྒྱས་མཛད་པ་ཆེ།། ཆོ་འཕྲུལ་ཆེན་པོ་སྟོན་པ་པོ།། བདེ་བ་ཆེན་པོའི་མྱུ་གུ་ལས།། འབྲས་བུ་གྱ་ནོམ་བཤད་དུ ་གསོལ།། སྤྲུལ་པ་ལས་ཀྱང་སྤྲུལ་པ་ཆེ།། སྲས་ཀྱི་དམ་པ་ཁྲོ་བོ་མཆོག། གདུག་པ་མཆེ་བ་རྣོན་པོ་ཅན།། འབར་བའི་སྤྲིན་ཕུང་བཤད་དུ་གསོལ།། གདུག་པ་བསྲེག་པར་བགྱི་བ་དང་།། སློབ་དཔོན་སྨོད་པ་གསོད་པ ་དང་།། སངས་རྒྱས་བསྟན་པའི་སླད་བཞིན་དུ།། མྱུར་དུ་ཁྲོ་ཆེན་བཤད་དུ་གསོལ།། ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སརྦ་ཀུན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས། རང ་བཞིན་གྱིས་འབར་བའི་ཀུན་ཏུ་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མྱུར་དུ་སྲེག་པ་ཞེས་བྱ་བའི་རྣམ་པར་འཕྲུལ་པའི་གསང་སྔགས་འདི་བཤད་དོ།། ན་མཿས་མནྟ་ཀཱ་ཡ་བཱག་ཙིཏྟ་བཛྲཱ་ཎཱཾ། ་ཨཽ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་ན་ས་ཏྭ་ད་མ་ཀ་ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧཿ། ཙ་ཏུར་མུ་ཁ་ཏུར་བྷཱུ་ཛ་ཥ་ཊ་ཙ་ར་ཎ། ཨཱ་གཙྪ་ཨཱ་གཙྪ། སརྦ་དུཥྚཱན་པྲ་ཎཱ་ཨ་པ་ཧ་རི་ཎི། མ་ཧཱ་བིགྷྣ་ན་བི་གྷཱ་ཏ་ཀ། བི ་ཀྲྀ་ཏཱ་ནཱན། སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར། ཨཊྚ་ཨརྠ་ཧ་ས་ནཱ་དི་ནི། བྱཱ་གྷྲ་ཙརྨ་ནི་བ་ས་ན་ཀུ་རུ་ཀུ་རུ། སརྦ་ཀརྨཱ་ཎི་ཙྪིནྡ་ཙྪིནྡི། སརྦ་མན་ཏཱ་ན་བྷིན་ད་བྷིན་ད། པ་ར་མུ་ཏྲ་ན་ཨཱ་ཀར་ཥ་ཡ། ཨཱ་ཀར་ཥ་ཡ། སརྦ་བྷཱུ་ཏཱ་ན་མ་ཐ ་མ་ཐ། ནིརྨ་ཐ་ནིརྨཾ་ཐ་སརྦ་དུཥྚན་ན་པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། མཎྜ་ལ་ཨ་ཌྷཱ། བེ་བ་སྲ་ཏ་ཛཱི་བི་ཏཱ་ན་ཏ་ཀ་ར་ཀུ་ར་ཀུ་རུ། མ་མ་སརྦ་ཀཪྻཾ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ། མ་བི་ལམྦ། ས་མ་ཡ་མཾ་ནུ་སྨ་ར་ཧཱུཾ་ཧཱུཾ། ་ཕཊ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ནཱ་ཤ་ཡ། ཀ་ར་ཀ་ར་བིགྷྣཱན། སརྦ་ཤ་པ་རི་པཱུ་ར་ཀ་ཧེ་ཧེ་བྷ་ག་བཱན། ཀིཉྩ་རཱ་ཡ་སི། མ་མ་སརྦ་ཨཱརྠ་སཱ་དྷ་ཡ་སྭཱ་ཧཱ། འདི་དག་གསུངས་པའི་མོད་ལ་ནི།། རྡོ་རྗེ་མཐུ་ལྡན་སངས་རྒྱས ་ཀྱིས།། མ་ལུས་འཁོར་དང་བཅས་པ་ཀུན།། ཐམས་ཅད་འཇིགས་ཤིང་འཇིགས་པ་ཆེ།། མྱུར་དུ་སྲེགས་ཤིང་ཤིན་ཏུ་བརྒྱ་ལ།། བ་སྤུ་གཟིངས་པར་གྱུར་པ་དང་།། མིག་ནི་མཆི་མས་རབ་ཏུ་འཁྲུགས།། བྱང་ཆུབ་སེམས ་དཔའ་རྣམས་དྲན་ཅིང་།། འབར་བའི་ཚེ་ལ་གནོད་པ་ཙམ། ཁྲོ་བོའི་ནང་ནས་ཁྲོས་པ་གཙོ།། མིག་སྨན་མདོག་བཞིན་ཀུན་ཏུ་འཚེར།། འཆི་བདག་གསོད་མཛད་གཤིན་རྗེའི་རྒྱལ།། གཏུམ་པ་ཆེ་ལ་མངོན་པར ་གུས།། ཞེས་གསུངས་སོ།། དེ་ཡི་མོད་ལ་འཇིགས་པའི་གཟུགས།། ནམ་མཁའ་རྡོ་རྗེ་དབུས་གནས་སུ།། ཉི་མ་ལ་ནི་ཞབས་བསྐྱེད་སྟེ།། རང་གི་ཕ་བས་རྣམ་པར་བརྒྱན།། རི་རབ་བརྩིགས་པའི་འོད་བཞིན་དུ།། མིག ་དམར་བཟློག་པས་གཏན་དུ་འཇིགས།། མཆེ་བ་རྣོ་ལ་རིང་བ་གཙིགས།། སྐུ་ཡི་རྡོ་རྗེས་ཅོད་པན་རྒྱན།། རལ་གྲི་ལ་སོགས་མཚོན་བསྣམས་ཤིང་།། འབར་བ་དུར་ཁྲོད་དབུས་ན་འཇིགས།། འཇིགས་པའི་འཁོར ་གྱིས་ཀུན་ཏུ་བསྐོར།། དུར་ཁྲོད་སེམས་ཅན་འདུ་ཞིང་འཁྲུག། དཔའ་བོས་ཀུན་ཏུ་སྤྱད་པ་ནི།། རྡོ་རྗེ་ཅན་དག་ཉིད་དུ་སྦྱར།། འབར་བ་དྲག་པོའི་དཀྱིལ་འཁོར་ལ།། ཐལ་བ་ཆེན་པོས་བགོས་པའི་གཟུགས།། ཐོད་པ ་སྲུབས་མེད་རིགས་ཅན་ལ།། མནན་ནམ་བསད་པའི་ཆོ་ག་ཡིན།། གསང་སྔགས་རྗེས་སུ་དྲན་བྱས་ནས།། གསུམ་མམ་བདུན་ནི་བརྗོད་ནས་ནི།། བདུད་ནི་ཀུན་ཏུ་རྩིར་འགྱུར་བསྟན།། གལ་ཏེ་དཔའ་བོའི་ལས་རྣམས ་ལ།། མྱུར་དུ་ཞི་བར་འདོད་ན་ཡང་།། ཡུམ་ནི་ཞི་བའི་གསང་སྔགས་དང་།། ཏིང་ངེ་འཛིན་གྱིས་གྲོལ་བར་བྱ།། གཡས་པ་ཡི་ནི་ཕན་ཚུན་ཏེ།། སོར་མོ་བསྡུས་པའི་དབུས་གནས་པ།། ཀུན་ཏུ་བསྡུས་པ་བརྡེག་པའི ་སྟབས།། གཞན་ནི་ཡུམ་གྱི་ངོས་བཞག་སྟེ།། དབུ་མའི་ཚད་དུ་འགྱིང་པ་སྟེ།། དཔའ་བོ་རྔམ་པའི་ཕྱག་རྒྱ་ཡིན།། གཤིན་རྗེའི་གཤེད་ཀྱི་ཡེ་ཤེས་སྣང་བ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གཤིན་རྗེའི་གཤེད་འབྱུང་བ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན ་འདས་བརྟན་པའི་རྡོ་རྗེ་དམ་ཚིག་རྣམ་པར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བདུད་རྩིའི་ཐིག་ལེའི་དམ་ཚིག་གི་རྡོ་རྗེ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ན ་མཿས་མནྟ་ཀཱ་ཡ་བཱག་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾ་ཥྱོཏྐ་ཊ་བྷེ་ར་བཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ ་ཙ་པ་ཙ། གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ན། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏ་ཨན་ཏ་ཀ་རཱ་ཡ་སྭཱ་ཧཱ། འདི་ནི་གསུངས་མ་ཐག་ཏུ་ཡང་།། མཐུ་དང་ལྡན་པའི་བདེ་གཤེགས་རྣམས།། ཤིན་ཏུ་འདར་ཞིང ་དངངས་པར་གྱུར།། རབ་ཏུ་འཇིགས་པ་སྐྱེས་ནས་ཀྱང་།། འབར་བ་ཆེ་ལ་བསྟོད་པར་བྱེད།། མི་འཆི་ང་ཡི་གཡུང་དྲུང་སྟེ།། ཟག་པ་མེད་པའི་བདུད་རྩི་ཆེ།། སྐྲོད་ཅིང་འཇིགས་པ་ཆེར་འགྱུར་བ།། བགེགས་རྒྱལ ་འཇོམས་ལ་ཕྱག་འཚལ་བསྟོད།། གནག་ལ་གསུས་པ་འཕྱང་བ་ནི།། མི་བསྐྱོད་རྡོ་རྗེའི་ཅོད་པན་ཅན།། འཕྲོ་དང་འདུ་བའི་སྤྲིན་རྣམས་འཁྲུགས།། མི་ཡི་རྐང་ལ་ཕུར་པ་བྱ།། རྡོ་རྗེ་ཅན་ཡང་སྐྲོད་འགྱུར་བས།། དངོས ་པོ་གཞན་ལ་ཐེ་ཚོམ་མེད།། ལག་གཉིས་རྡོ་རྗེ་དབུས་བསྟན་ཏེ།། རྐང་གཉིས་གཤིབས་ཏེ་དྲག་ཏུ་མཆོངས།། འཇིགས་པའི་རང་བཞིན་རྣམ་བརྟག་སྟེ།། བདུད་རྩི་རྒྱལ་གྱི་ཕྱག་རྒྱ་ཡིན།། ལས་རྣམས་ཐམས་ཅད ་བསམ་པས་འགྲུབ།། དུག་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བདུད་རྩི་འབྱུང་བ་བརྟག་པ ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་མཉམ་པ་ཉིད་ཀྱི་རྡོ་རྗེ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ཏེ། ཁྲོ་བོ་རྡོ་རྗེ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ན་མཿསནྟ་ཀཱ་ཡ་བཱ་ག་ཙིཏྟ་བཛྲ་ཎཱཾ། ཨོཾ་ཧཱུཾ་ཛི་ན་རི་ཊི་ཌྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ་འདི་ཉིད་གསུངས་པའི་མོད་ལ་ནི།། སངས་རྒྱས་དབང་ཕྱུག་ཆེན་པོ་རྣམས།། འཇིགས་ཤིང་རབ་ཏུ་འཇིགས་གྱུར་ནས།། བསྟོད་པ་སྣ་ཚོགས་རྩོམ་པ་ཡིན།། བགེགས་ཀྱི་མཐུ་རྣམས་ཟློག་བྱེད་ཅིང་།། སངས་རྒྱས ་རྣམས་ཀྱིས་དབང་བསྐུར་བ།། གཞན་གྱིས་མི་ཐུབ་གཞན་ལས་རྒྱལ།། རྡོ་རྗེ་ལས་མཛད་ཕྱག་འཚལ་ལོ།། ཉི་མ་འབར་བ་ཞབས་ཀྱིས་མནན།། ནམ་མཁའ་རྡོ་རྗེ་དབུས་གནས་བདེ།། སྦྲུལ་གྱི་རྒྱན་ཅན་འཇིགས་པར ་བལྟ།། རཱ་གའི་མདོག་བཞིན་ཀུན་ཏུ་འཚེར།། རྡོ་རྗེ་ཐུགས་ཀྱི་ཅོད་པན་ཅན།། དྲག་པོའི་སྒྲ་འབྱིན་འབར་བ་འཕྲོ།། ཐབས་ཀྱི་ཕྱོགས་ནི་སྲིད་དུ་བརྐྱང་།། ཤེས་རབ་ཕྱོགས་ནི་ཕྱོགས་བཅུར་ཕྱག། གཞན ་ལས་རྒྱལ་གྱི་ཕྱག་རྒྱ་ཡིན།། དཔའ་བོས་གསང་བའི་གནས་སུ་འབད།། འབྱུང་པོ་ཆེ་རྣམས་སྲེག་པར་བྱེད།། དཔའ་བོ་ཕྲ་མོ་ཐེ་ཚོམ་མེད།། འདི་ལ་དཔག་པར་མི་བྱའོ།། རྣམ་པར་བསྡིགས་པ་ཆེན་པོའི་བརྟག་པ་ཞེས ་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། འདོད་ཆགས་རྡོ་རྗེ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། རྟ་སྐད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལས་ཕྱུང་ངོ་།། ཨཱིཾ་ཧཱུཾ་ཧཱུཾ་ཧཱུཾ། ཏ་རུ་ལ་བི་རུ་ལ། སརྦ་བི་ཥ་གྷཱ་ཏ་ཀ་བ། ཛ་ལི་ཏ། བིསྠུ། ལིངྒ། ཨརྡྷ་ཨཊྚ་ཧཱ་ས། ཀེ་ས ་རིས་ཊོ་ཊས། བཛྲ་ཁུ་ར་ནིརྨྨ་ཏ་ན། ཙ་ལི་ཏོ། བ་སུ་དྷ་ཏ་ལ། ནི་ཤཱ་ས་མཱ་རུ་ཏད་ཀྵི་བ་ཏ། དྷ་ར་ཎཱི་དྷ་ར། བྷི་ཥ་ཎ་ཨཊྚ་ཨནྟ་ཧཱ་ས་ཨ་པ་རི་མི་ཏ། བ་ལ་ས་ཏཱ་ཀྲ་མ། ཨཱརྱ་ག་ཎ་བྷི་ཏ་བྷ་ཏ་ག་ཎཱ་དྷུ་ཥི་ཏ། བུདྡྷ་བུདྡྷ། ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་ས་ན་ཏྲི། ཙྪིནྡ་ཙྪིནྡ། བ་ཏ་བ་ཏ། སིདྡྷིམྨེ་དི་ཤ། ཨཱ་བེ་ཤ་ཡ། སརྦ་ཛ་ར་པི་ཤཱ་ཙ་ན། སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཏི་བྷ་བ་བཛྲ་དཾཥྚ་ཀཉྩི་རཱ་ཡ་སི། ཨི་དཾ་དུཥྚ་སརྦཾ་ཝཱ། དྷཱ་ན་དྷཱ་ན། མ་ཐ་མ་ཐ། པཱ ་ཊ་པཱ་ཊ། པཱ་ཊི་ཡ་པཱ་ཊ་ཡ། མ་ཊ་མ་ཊ། བན་དྷ་བན་དྷ། བུདྡྷ་དྷརྨ་སཾ་གྷ་ནུ། ཛྙཱ་ན་ཀརྨ་ཀུ་རུ་ཤཱི་གྷྲཾ། ཧ་ཡ་གྲཱི་བ་ཡ་ཕཊ། བཛྲ་ཡ་ཕཊ། བཛྲ་ག་ཏཱ་ཡ་ཏྲ་ཕཊ། བཛྲ་ན་ཏཱ་ཡ་ཕཊ། བཛྲ་དཾཥྚཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། ་བཛྲ་ཁུར་ནིརྨྨ་ཏ་ནཱ་ཡ་ཕཊ། བ་ར་མན་ཏྲ་བི་ནཱ་ཤ་ནཱ་ཡ་ཕཊ། ཏྲཻ་ལོ་ཀྱ་བྷ་ཡི་ཀ་རཱ་ཡ་ཕཊ། སརྦ་ཀརྨ་ཥཱ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སནྣ་ས་ནཱ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་གསུངས་པའི ་མོད་ལ་ནི།། རྡོ་རྗེ་རྒྱ་མཚོའི་སངས་རྒྱས་རྣམས།། ཤིན་ཏུ་འཇིགས་པའི་སེམས་སྐྱེས་ནས།། རྡོ་རྗེ་ཆོས་ལ་བསྟོད་པ་བྱེད།། འདོད་ཆགས་ཆེན་པོ་རྨད་བྱུང་སྐུ།། དྲན་པས་ཁམས་གསུམ་དུག་འཇོམས་པ།། མི་བཟད ་འཇིགས་ཆེན་བདག་ཕྱག་འཚལ།། ནམ་མཁའ་རྡོ་རྗེ་དབུས་ནས་སུ།། ཉི་མའི་དཀྱིལ་འཁོར་བརྟག་བྱ་སྟེ།། རྡོ་རྗེ་རྟ་ཡི་དམ་ཚིག་བརྟག། འོད་ཟེར་མང་པོ་འདུ་ལོང་བྱེད།། དམར་པོ་འོད་དཔག་གཅོད ་པན་ཅན།། ཐལ་མོ་མཉམ་དུ་སྦྱར་བྱས་ནས།། གུང་མོས་འདུ་བྱེད་བསྒྲུབ་པར་བྱ།། མཐེ་བོང་དཔྲལ་བའི་སྟེང་དུ་བཞག། རྟ་ཡི་རྒྱལ་པོ་གདེངས་པའི་རྒྱ། ཁམས་གསུམ་དུག་རྣམས་ཞི་བར་བྱེད།། མཁས་པས་ཐམས ་ཅད་ལས་ཀྱང་འགྲུབ།། སྡུག་བསྔལ་ཆེན་པོ་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེག་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེ་པོ་ལས། རྡོ ་རྗེ་རྟའི་རྒྱལ་པོ་རྣམ་པར་བརྟག་པ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས ་བྱེད་ཀྱི་དབང་ཕྱུག་ཆེན་པོ་ལས་ཆེན་པོའི་ཉིང་ལག་གི་འོད་འཕྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། རྡོ་རྗེ་དབྱུག་པ་ཆེན་པོའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས ་ལས་ཕྱུང་ངོ་།། ན་མཿསནྟ་ཀཱ་ཡ་བཱ་ག་ཙིཏྟ་བཛྲ་ཎཱཾ། ཨཽ་ཨེ་ཧྱེ་ཧི་བྷ་ག་ཝཱན། ནི་ལ་བཛྲ་དཎྜ། ཏུ་རུ་ཏུ་རུ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། གུ་ལུ་གུ་ལུ། གུ་ལཱ་པ་ཡ་གུ་ལཱ་པ་ཡ། ཀྲ་མ་ཀྲ་མ་བྷ་ག་བཱན། བཱ་ཡུ་བེ་གེ་ན། བྷཱ་ཏཱན་ཤཱི་གྷཾ། ་ད་ཧ་ད་ཧ། ད་ར་ད་ར། ཧ་ན་ཧ་ན། པ་ཙ་པ་ཙ། བི་ཏ་བི་ཏ་ཕཊ་ཕཊ། པཱ་ཏ་ཡ་པ་ཏ་ཡ། མ་ཊ་མ་ཊ། མོ་ཊ་པ་ཡ་མོ་ཊ་བ་ཡ། སརྦ་ཀརྐ་ཎི། ཙྪིནྡ་ཙྪིནྡ། བྷཀྵ་ཡ་བྷཀྵ་ཡ། ཨ་སྠི་མི་དཾ་ཨདྱ། རུ་དྷི་ར་མ་ཛཾ་བ། མི་དེ ་བི་ཤ་མ་ཛཱ་རུ་དྷི་ར། པྲི་ཡ་ཨེ་ཧྱེ་ཧི་བྷ་ག་བཱན། སརྦ་བིགྷྣཱ་ནཾ། སརྦ་བིདྱ་ནི། སརྦ་མནྠ་ཎི། སརྦ་མཱ་ལ་ཀརྨ་ཎཱི། སརྦ་ཀྲི་ཏྲི་ན་ཎི། བི་ཥ་དི་ནི་སརྦ་གྲ་ཧཱ་ན། ཧ་ན་ཧ་ན་བྷཉྫ་བྷཉྫ། མརྡ་མརྡ་ཨི་དཾ་མེ། ཀརྱཾ་སཱ་དྷ་ཡ་ཧཱཾ། ནཱི ་ལ་ཡ་ནཱི་ལ་ཡ། ནཱི་ལ་བཛྲ་དཎྜ་ཡ། ཏུ་རུ་ཏུ་རུ། བིགྷྣཱཾ་བི་ནཱ་ཡ་ཀཾ་ནཱ་ཤ་ཡ་ནཱ་ཤ་ཡ། ཏུ་རུ་ཏུ་རུ། དཱིཔྟ་ཙཎྜ་ཡ། སརྦ་ག་ཏཱཾ་ཎཱཾ་ཧྲྀ་ད་ཡ་ནི། བཱི་ཊ་ཡ། ཙྪིནྡ་ཙྪིནྡ། པ་ར་བིདྱ་ནཱི། ཙྪེ་ད་ཀ་ཧཱུཾ། བིདྱཱ་ནཱཾ། ཤིཥྚི་ཀ་ས་མ་ཡ་མ་ནུ ་སྨ་ར་ཡ། བཛྲ་དྷ་ར་པ་ཙ་ནཱཾ། ཙ་མཱ་ར་མ་ཎི། ནི་ཀྲིན་ཏ་ཧཱུཾ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཏུ་རུ་ཏུ་རུ། ཀུ་རུ་ཀུ་རུ། ཕཊ་ཕཊ་ཧཱུཾ་ཧཱུཾ། ཀྲྀ་ཏཱན་ཏཱ་ཡ། དེ་བ་རི་ཥི། བི་དྲཱ་བ་ཀ་ཡ། ཧ་ན་བཛྲ་དཎྜེ་ན་སྭཱ་ཧཱ། དེ་བཞིན། ་འདི་ནི་གསུངས་པས་ཀྱང་།། སངས་རྒྱས་གྲགས་ཆེན་སྟོབས་བཟང་བ།། རྣམ་པར་བྲེད་ཅིང་དངངས་པར་འགྱུར།། དབྱུག་པ་ཆེ་ལ་བསྟོད་པ་འབད།། ལས་ལས་བྱུང་བ་ལས་ཀྱི་ལྷ། ཁྲོ་ཆེན་དབྱུག་པའི་གདེང་ཀ ་ཅན།། འཇིགས་བྱེད་འཇིགས་པའི་རྒྱན་གྱི་བརྒྱན།། ཕྱག་འཚལ་གསོད་བདག་ཁྱོད་ལ་འདུད།། གནག་ལ་སྐམས་པའི་ཁྲོ་བོ་ནི།། འབར་བའི་ཕྲེང་བས་འཁྲུག་པར་བྱས།། ཐུགས་ཀྱི་རྡོ་རྗེ་ཅོད་པན་ཅན།། ལས་རྣམས ་ཀུན་ལ་གསོད་པར་བརྩོན།། ཐབས་ཀྱི་ཙམ་པོ་ཐ་མའི་ཆ།། དེ་ཡི་དབུས་གནས་སྲིད་དུ་བརྐྱང་།། རྡོ་རྗེ་དབྱུག་པའི་རྒྱ་ཆེན་ཡིན།། མྱུར་དུ་ཤི་བར་བྱ་བ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཕགས་པ་རྡོ་རྗེ་དབྱུག་པ་འབྱུང་བའི་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་ཡེ་ཤེས་འཕྲོ་བ་ཆེན་པོ་ཕུང་པོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སྟོབས་ཀྱི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ན་མཿས་མནྟ་བུདྡྷ་ནཱཾ་ཀཱ་ཡ་བཱག་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཨུ་གྲ་ཤཱུ་ལ ་པཱ་ཎི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏི་ནི་ར་ད་ནཱ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། འདི་ནི་གསུངས་མ་ཐག་ཏུ་ཡང་།། སངས་རྒྱས་ཚོགས་ཆེན་འཇིགས་གྱུར་ནས།། རབ་ཏུ་འདར་བས་བསྟོད་པར ་བྱེད།། རྡོ་རྗེ་རྡོ་རྗེ་སྟོབས་ཀྱི་མཆོག། གང་གིས་དྲན་ན་ཀླུ་རྣམས་འཇིགས།། དེ་ཕྱིར་ཆར་གྱི་རྒྱུན་འབེབས་ཤིང་།། བཟླས་ལ་མཛད་སྟོབས་ལ་བསྟོད་དོ།། མཁས་པས་ནམ་མཁའ་རྡོ་རྗེའི་དབུས།། ཉི་མའི ་དཀྱིལ་དབུས་རྣམ་བསམ་བྱ།། འབར་བའི་འདུ་འཕྲོ་སྐུ་ལ་འབར།། ཐུགས་ཀྱི་རྡོ་རྗེ་ཅོད་པན་བྱས།། ལས་ཀྱི་རྒྱལ་པོར་བརྟག་པར་བྱ།། ཐུར་དུ་རྐང་མཐིལ་མཉམ་གནས་ཤིང་།། ལག་པ་སོ་སོར་གར་ལ ་བརྩོན།། སྟོབས་ཆེན་འཆང་བའི་ང་རྒྱལ་ནི།། རྡོ་རྗེ་སྟོབས་ཀྱི་ཕྱག་རྒྱ་ཡིན།། མཉམ་གནས་མཁས་པས་འབད་པར་བྱ།། ཕྱི་རོལ་གྱི་ལས་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྡོ་རྗེ་སྟོབས་ཀྱི་རྣམ་པར་འཕྲུལ་པའི་ཡེ་ཤེས་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་འབྲུག་སྒྲས་ཐོས་པར་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཏ་ཀཱི་རྒྱལ་པོའི་གསང ་སྔགས་འདི་ཕྱུང་ངོ་།། ན་མཿས་མ་ནྟ་ཀ་ཡ་བཱ་ག་ཙིཏྟ་བཛྲ་ཎཱཾ། ཊ་ཀྐི་ཧཱུཾ་ཛཿ། འདི་ནི་གསུངས་པའི་མོད་ལ་ནི།། དབང་ཕྱུག་ཆེན་པོ་མཐའ་ཡས་རྣམས།། འཇིགས་པ་ཆེན་པོ་སྐྱེས་ནས་འདུད། ཁྲོ་བོའི་རྒྱལ་པོ་འགུགས ་ཆེན་པོ།། རྒྱན་རྣམས་རྫོགས་པའི་རང་བཞིན་ནི།། ཉི་མ་བྱེ་བ་བརྒྱ་ཡི་འོད།། ཐུགས་ཀྱི་རྡོ་རྗེ་ཅོད་པན་འདུད།། ལིངྒ་རྐང་པས་མནན་ནས་ཀྱང་།། ལྷ་ཆེན་རང་བཞིན་འདུས་པར་བྱ།། ཐལ་མོ་མཉམ་གནས་དབུས་སུ ་ཡང་།། གསང་བའི་དབང་པོ་ལྟ་བ་ན་འོང་།། རྣམ་པར་དག་པ་ཆེན་པོའི་བརྟག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་ལས། ཁྲོ་བོའི་རྒྱལ་པོ་ཆེན་པོ་ཏ་ཀཱི་རྒྱལ་པོའི་རྣམ་པར་འཕྲུལ་པའི་བརྟག་པ་རྡོ་རྗེ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གསུང་དང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ། རྡོ་རྗེ་འབར་བའི་སྟོབས་ཀྱིས་ཀུན་ཏུ་འབར་བ་འཕྲོ་བ་མང་པོས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་གཡོ ་བའི་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ན་མཿས་མནྟ་ཀཱ་ཡ་བཱག་ཙིཏྟ་བཛྲ་ཎཱཾ། ཨ་ཙ་ལ་ཀ་ཎ་ཙཎྜ་ན་ཊ་ན་ཊ་ཏ། མོཊྚ་མོཊྚ། པོ་ཏ་པོ་ཏ། ཧ་ཏ ་ཧ་ཏ། མོ་ཧ་ཡ་མོ་ཧ་ཡ། ཧ་ས་ཧ་ས། ཧ་ན་ཧ་ན། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་མནྠ་པཱ་ལ་ཀ་ཏི་ཎི་ཏི་ཎི། ཁད་ཁད། བིགྷྣཱཾ། མཱ་ར་ཡ་མཱ་ར་ཡ། དུཥྚཱན་བྷཀྵ་བྷཀྵ། སརྦཾ་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཥ་མ། ་བཛྲ་སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཏྲི་བ་ལི་ཏ་རཾ་ག་ནརྟ་ཀ་ཨཾ་ཨཾ་ཨཾ་ཧཾ་ཧཾ་ཧཾ། ཨ་ཙ་ལ་ཙི་ཊ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཧཱུཾ། ཨ་ས་མནྟ་ཀཱ་ཊ། མ་ཧཱ་བ་ལ་ཤ་ཏ་ཡ། པ་ར་མཱནྟཾ། ཨཱཾ་ཨཱཾ། ཧཱཾ་ཧཱཾ་མཾ་ཤུདྡྷེན་ཏུ་ལོ་ཀ་ཏུ་ཤྲཱྀ་ཏུ། བཛྲཱི་ན ་མོ་ཏྱ་ཀུ་ཨ་པྲ་ཧ་ཏ། བ་ལེ་བྷྱཿཛ་ལ་ཡ་ཏཱཊ། ཨ་ས་ཧ་ན་སཿསྭཱ་ཧཱ། འདི་དག་གསུངས་པའི་མོད་ལ་ནི།། དཔའ་བོ་རྣམས་ཀྱང་འདར་ཞིང་བསྟོད།། ཀྱེ་མའོ་བདེ་གཤེགས་སྤྱོད་ཡུལ་ལས།། མི་གཡོ་རྡོ་རྗེ་རྣམ་པར ་འཇིག། འཇིག་རྟེན་སྲེག་པར་མཛད་པ་སྟེ།། སྤྱན་ཟུར་རལ་གྲི་བསྣམས་ལ་འདུད།། ནམ་མཁའ་རྡོ་རྗེ་དབུས་གནས་སུ། ཁྲོ་ཆེན་འཇིགས་ཤིང་འཚེག་པ་བརྟག། ཐུགས་ཀྱི་རྡོ་རྗེ་ཅོད་པན་བརྒྱན།། ཤེས་རབ་ཀྱིས་ནི ་བསྒྲུབ་བྱ་འཛིན།། ཐབས་ཀྱིས་ཅོད་པན་གདེངས་པར་བྱེད།། རྣམ་པར་བརྟག་པ་ཆེན་པོ་འདི།། མི་གཡོ་རྒྱལ་གྱི་རྒྱ་ཆེན་ཡིན།། དཔའ་བོས་བསྒོམ་ན་ལས་རྣམས་འགྲུབ།། ཐོགས་པ་མེད་པར་བསྒྲུབ་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཕགས་པ་མི་གཡོ་བར་རྣམ་པར་འཕྲུལ་པའི་ཡེ་ཤེས་འབྱུང་བ་བརྟག་པ་ཞེས་བྱ་བའི ་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ། རྡོ་རྗེ་དགོངས་པ་རྣམ ་པར་འགྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་བོ་གནོད་མཛེས་རྣམ་པར་འབྱུང་བའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། སུམ་བྷ་ནི་སུམ་བྷ ་ནིཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ། གྲྀ་ཧྞཱ་པ་ཡ་ཧཱུཾ། ཡཱ་ན་ཡ་ཧོ་བྷ་ག་བཱན་བིདྡྷ་ར་ཛ་ཧཱུ~ཾ་ཕཊ། འདི་ནི་གསུངས་པའི་མོད་ལ་ནི།། འབར་བ་རྣམས་ཀྱང་བསྟོད་པར་བྱེད།། དཔའ་བོ་མེ་ལྕེར་རབ་འབར་སྒྲ།། རྡོ་རྗེའི་འདུ ་འཕྲོ་སྤྲིན་འཁྲུགས་པ།། གནོན་ཅིང་འགུགས་པའི་ལས་སོགས་ཆེ།། ཐུགས་ཀྱི་ཅོད་པན་ཕྱག་འཚལ་ལོ།། ནམ་མཁའ་རྡོ་རྗེའི་དབུས་གནས་སུ།། རྡོ་རྗེ་སྟོབས་ཀྱིས་འདུག་ནས་ཀྱང་།། རབ་ཏུ་བརྩོན་པར་བྱེད་པ ་ཡིས།། མཁས་པས་གང་ཡང་འགྲུབ་པར་ངེས།། གཞན་དུ་རྣམ་པར་དཔྱད་མི་དགོས།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས།། ་འཕགས་པ་སུམ་བྷ་རྣམ་པར་འཕྲུལ་པའི་ཡེ་ཤེས་འབྱུང་བའི་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ།། ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ཟབ་མོ་རྣམ་པར་བཀོད་པའི་རྡོ་རྗེ་རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཧཱུཾ་ཆེན་པོ་རྣམ་པར་བརྟག་པ་ཞེས་བྱ་བའི་གསང ་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་མ་ཧཱ་ཀྲོ་ཧཱུཾ་ཀཱ་ར་ཨོཾ་ཨཱཿཧཱུཾ། འདི་དག་གསུངས་པའི་མོད་ལ་ནི།། གྲགས་པ་ཆེན་པོ་མཐའ་ཡས་ཀྱིས།། རྣམ་པར་བསྟོད་པ་སྤྲོས་པ ་རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་གི་མཆོག། ཧཱུཾ་གི་རང་བཞིན་མཁའ་དང་མཉམ།། གདུག་པའི་རྒྱན་གྱིས་རྣམ་པར་འབར།། རྡོ་རྗེ་ཧཱུཾ་ལ་ཕྱག་འཚལ་ལོ།། མཁའ་དབུས་ལག་མཐིལ་སྦྱར་ཏེ་བསྒྲེང་།། རྐང་པ་བརྐྱང་བསྐུམ ་དོར་ཐབས་འདོར།། རྡོ་རྗེའི་སྟངས་སྟབས་གར་ཉིད་ཀྱིས།། གོམས་པ་ལེགས་པར་འཇོག་བྱེད་པ།། རྡོ་རྗེ་ཧཱུཾ་གི་ཕྱག་རྒྱ་ཡིན།། ནམ་མཁའ་རྡོ་རྗེ་དབུས་གནས་སུ།། ཉི་མའི་སྟེང་དུ་མཁས་པས་བརྟག། ཐམས་ཅད ་ལས་རྣམས་གྲུབ་པར་འགྱུར།། རྟོག་པ་མེད་པའི་མཁས་པས་འབད།། ནམ་མཁའི་རྡོ་རྗེ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཕགས་པ་ཧཱུཾ་ཆེན་པོའི་རྣམ་པར་འཕྲུལ་པའི་ཡེ་ཤེས་འབྱུང་བའི་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་རྣམ་པར་དཀར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ ་བའི་གསང་སྔགས་འདི་གསུངས་སོ།། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་བི་ཛ་ཡ། མ་ཧཱ་ས་མ་ཡ། ཨོཾ་ཨཱཿཧཱུཾ་ཧཱུཾ་ཧཱུཾ། འདི་ནི་གསུངས་པའི་མོད་ལ་ནི།། དཔའ་བོ་རྣམས་ཀྱང་འདར་ཞིང་སྔངས།། རབ་ཏུ་འདུད་པའི་བསྟོད་པ ་བྱས།། རྣམ་པར་རྒྱལ་བ་ཀུན་ལས་རྒྱལ།། འབར་བའི་ཁྲོ་ཆེན་གདུག་པ་འདུལ།། ངེས་པའི་ཆོ་ག་རྫོགས་པའི་ཕྱིར།། དཔའ་མཚན་ཆེ་ལ་ཕྱག་འཚལ་བསྟོད།། ཤེས་རབ་ཀྱི་ནི་རྐང་པ་ཡིས།། ཐབས་ལ་རྣམ་པར ་འཁྱུད་པས་ནི།། ལག་གི་རྡོ་རྗེ་གར་བྱེད་ཅིང་།། རྡོ་རྗེ་ཐལ་མོ་བརྡབ་པ་ནི།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན།། ཉི་མའི་དཀྱིལ་འཁོར་དབུས་གནས་པ།། འབར་བའི་ཞབས་ཀྱིས་མནན་ནས་ཀྱང་།། གོམ་པའི་དབང ་དུ་སྦྱར་བར་བྱ།། བསྐལ་པ་ཆེན་པོའི་ལས་རྣམས་ཀྱང་། ཁྲོ་བོས་མི་འགྲུབ་གང་ཡང་མེད།། མཁས་པས་རང་སེམས་བརྟན་པར་བྱ།། འཕགས་པ་རྣམ་པར་རྒྱལ་བའི་འཁོར་ལོ་བརྟག་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པ་ལས། འཕགས་པ་རྣམ་པར་རྒྱལ་བ་འཕྲུལ་པའི་ཡེ་ཤེས་ཀྱི་རྩེ་མོ་འབྱུང་བ་བརྟག་པ་ཞེས་བྱ ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་དབང་ཕྱུག་ཆེན་པོ། ཡང་དག་པའི་རྡོ་རྗེ ་འཇིགས་པ་མེད་པའི་ཀུན་ཏུ་བསྒྲེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བགེགས་འཇིགས་པར་བྱེད་པའི་ཁྲོ་བོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་གསང་སྔགས་ཀྱི་འབྱུང་བ་བརྟག་པ ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཏྲཻ་ལོ་ཀྱ་ཧཱུཾ་ས་མ་ཡ་སྟྭཾ། ཨོཾ་ཨཱཿཧཱུཾ་ཧཱུཾ་ཧཱུཾ། འདི་དག་གསུངས་པའི་མོད་ལ་ནི།། དཔའ་བོ་རྣམས་ཀྱི་ཚོགས་དང་བཅས།། ཐམས་ཅད། ་གུས་བཅས་བསྟོད་པར་སྦྱར།། འཇིག་རྟེན་འདིར་ནི་འཇིགས་པ་རྣམས།། ཐམས་ཅད་འཇིགས་པར་མཛད་པའོ།། སངས་རྒྱས་ཆེན་པོ་ཁྲོས་པའི་གཟུགས།། བདག་ཅག་ཁམས་གསུམ་རྒྱལ་ལ་སྐྱབས།། ནམ་མཁའ་རྡོ ་རྗེ་དབུས་གནས་སུ།། འབར་བ་ཉིད་ཀྱི་སྟེང་ན་འགྱིང་།། རྡོ་རྗེ་འཇིགས་པའི་རྒྱན་གྱིས་བཞག། དཔའ་བོ་ཐེ་ཚོམ་མེད་པའི་རྒྱུ།། བློ་ཡི་རྣམ་པར་བརྟག་པར་བྱ།། ལས་རྣམས་འགྲུབ་པར་ཐེ་ཚོམ་མེད།། ཞལ་གསུམ་ཕྱག་དྲུག་ཞབས ་བཞིའམ། ཡང་ན་གཉིས་པ་བརྟག་པའོ།། རྒྱན་ནི་ཀུན་གྱིས་སྐུ་ལ་བརྒྱན།། ལུས་དང་ངག་དང་ཡིད་ཀྱིས་ཀྱང་།། རྟག་ཏུ་མཉམ་སྦྱོར་མཁས་པས་འགྲུབ།། གང་དང་ཐུན་མོང་སོང་བ་དང་།། སྤྱི་ཡི་ལས་རྣམས་འགྲུབ ་པར་འགྱུར།། དཀྱིལ་འཁོར་འདི་ནི་དཀྱིལ་འཁོར་ཆེ།། རྒྱུད་རྣམས་ཀུན་གྱི་ཆོ་གའོ།། རྒྱུད་རྣམས་ཀུན་གྱི་ཆོ་གར་བསྒྲུབ།། འཕགས་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྟོབས་ཀྱི་འབྱུང་བ་བརྟག་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཕགས་པ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་འཕྲུལ་པའི་བརྟག་པ་ཞེས་བྱ་བའི ་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་ཡེ་ཤེས་ཀྱི་རྩེ་མོ་འཕྲོ་བ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་འཁོར་དེའི་ནང་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ཐོགས་པ་མེད་པ་ཞེས་བྱ་བ་རང་གི་འཁོར་དུ་མ་དང་བཅས་པས། བརྡའ་དང་མགྲིན་གཅིག་ཏུ་རྡོ ་རྗེའི་མཆོད་པ་ཆེན་པོ་འབར་བར་བྱས་ཏེ། ཚིགས་སུ་བཅད་པའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་བོ།། ཐེག་པའི་ཐེག་མཆོག་གསང་བ་བླ་མེད་ཆེ།། འབྲས་བུ་ཀུན་བཟང་རྡོ་རྗེའི ་སྟོབས་རྫོགས་པ།། ཡེ་ཤེས་རྩེ་མོ་བླ་མེད་ཀུན་འབྱུང་ཉིད།། སངས་རྒྱས་ཀུན་གྱི་ཕྲིན་ལས་བཤད་དུ་གསོལ།། བླ་མེད་རྡོ་རྗེ་ཟབ་མོའི་རྟོག་སྤངས་ཏེ།། ཞི་དང་སྲིད་པའི་དངོས་པོ་ཐ་མི་དད།། གང་ལ་བླང་དོར་མེད ་ཀྱང་བདུད་གཞོམ་ཕྱིར།། ཡེ་ཤེས་ཕུར་པའི་རྩེ་མོ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་རྣམ་པར་འཕྲོ་བ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྲིན་ལས་དུ་མ་ལ་འཇུག་པའི་ཕུན ་སུམ་ཚོགས་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་རྡོ་རྗེ་རིན་ཆེན་པདྨ་དང་།། ལས་རབ་མཆོག་དང་འཁོར་ལོ་ཆེ།། སྲས་མཆོག་ཕུར་པའི་རང་བཞིན་ནི།། འབར་བའི་ཁྲོ་བོ་ལ་སོགས ་པ།། བཅུ་དྲུག་ལས་ཀྱི་དབྱེ་བ་ཡིས།། རྣམ་པ་བདུན་དུ་བཤད་བྱ་སྟེ།། ཞི་རྒྱས་དབང་དང་མངོན་སྤྱོད་ནི།། མཁས་པས་འབད་པར་བྱ་བ་ཡིན།། གང་ལ་དངོས་གྲུབ་བླང་བའི་དུས།། ངན་སྔགས་གཅད་དང་ཕྱག་རྒྱ ་གཅད།། བགེགས་བསྐྲད་རང་གི་རིག་པ་གསོ།། ལྔ་ནི་ཡན་ལག་ཆོ་ག་ཤེས།། བསྒྲུབ་བྱ་གསད་ཕྱིར་དགུག་པ་དང་།། ཉམས་པར་བྱ་སྟེ་གསད་པ་དང་།། འབར་བ་འབོད་ཅིང་རྒོད་པ་དང་།། བསྡུ་བ་བྱང་ཆུབ་སེམས ་ཉིད་དང་།། བརྡེག་ནས་གནན་པར་བྱ་བ་དང་།། བདུན་གྱིས་གསད་པའི་ལས་ལ་སྦྱར།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་ཕུར་པ་ཀུན་ཏུ་འཕྲོ་བའི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ ་རྗེ་ཁྲོ་བོ་བརྟག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཤིནྟིཾ་ཀུ་རུ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ཞི་བའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ་ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པུཥྚིཾ་ཀུ་རུ་སྭཱ་ཧཱ། རྡོ་རྗེ་རྒྱས་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། བ་ཤང་ཀུ་རུ་ཀུ་རུ་སྭཱ་ཧཱ། རྡོ་རྗེ ་དབང་གི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མཱ་ར་ཡ་ཧཱུཾ་ཕཊ། རྡོ་རྗེ་མངོན་སྤྱོད་ཀྱི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ ་ལྡན་འདས་སངས་རྒྱས་ཆེན་པོའི་ཕུར་པ་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་ལོའི་ཁྲོ་བོ་བརྟག་པ་འདི་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བུད ་དྷ་ཀཱི་ལི་ཀཱི་ལི་ལ་ཡ་སརྦ་བིགྷྣ་བཾ་ཧཱུཾ་ཕཊ། ཤཱིནྟཾ་ཀུ་རུ་སྭཱ་ཧ། འཁོར་ལོའི་ཞི་བ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པུཥྚིཾ་ཀུ་རུ་ཀུ་རུ་སྭཱ་ཧ། འཁོར་ལོ ་རྒྱས་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པ་ཤཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། འཁོར་ལོའི་དབང་དུ་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིསྟན་བཾ་ཧཱུཾ་ཧཱུཾ་ཕཊ། མཱ་ར་ཡ་ཧཱུཾ་ཕཊ། འཁོར་ལོ་མངོན་སྤྱོད་ཀྱི་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེའི་ཕུར་བུ་ཀུན་ཏུ་འབྱུང་བའི་འོད་ཟེར་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིན་པོ་ཆེའི་ཁྲོ་བོ་བརྟག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཤཱནྟི་ཀུ་རུ་སྭཱ་ཧཱ། ་རིན་པོ་ཆེ་ཞི་བའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པུཥྚིཾ་ཀུ་རུ་སྭཱ་ཧཱ། རིན་པོ་རྒྱས་པའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། བ་ཤང་ཀུ་རུ་སྭཱ་ཧཱ། རིན་པོ་ཆེའི་དབང་གི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མཱ་ར་ཡ་ཧཱུཾ་ཕཊ། རིན་པོ ་ཆེའི་མངོན་སྤྱོད་ཀྱི་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་པདྨའི་ཕུར་བུ་ཀུན་ཏུ་འབྱུང་བའི་འོད་ཟེར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨ་ཁྲོ་བོ་བརྟག ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཤཱནྟི་ཀུ་རུ་སྭཱ་ཧཱ། པདྨའི་ཞི་བ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི ་ཀ་ལ་ཡ། སརྦ་བིགྷྣཱ་ན་བཾ་ཧཱུཾ་ཧཱུཾ་ཕཊ། པུཥྚིཾ་ཀུ་རུ་སྭཱ་ཧཱ། པདྨ་རྒྱས་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། བ་ཤང་ཀུ་རུ་ཀུ་རུ་སྭཱ་ཧཱ། པདྨ་དབང་རྣམ་པར ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིསྟཱན་བཾ་ཧཱུཾ་ཧཱུཾ་ཕཊ། མཱ་ར་ཡ་ཧཱུཾ་ཕཊ། པདྨ་མངོན་སྤྱོད་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ལས་ཀྱི་ཕུར ་པ་ཀུན་ཏུ་འབྱུང་བའི་འོད་ཟེར་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལས་ཀྱི་ཁྲོ་བོ་བརྟག་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ལས་ཀྱི་ཞི་བ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨཱ~ཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པུཥྚིཾ་ཀུ་རུ་སྭཱ་ཧཱ། ལས་ཀྱི་རྒྱས་པ་རྣམ་པར་བརྟག་པ ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། བ་ཤང་ཀུ་རུ་སྭཱ་ཧཱ། ལས་ཀྱི་དབང་རྣམ་པར་བརྟག་པ་ཞེས་བྱ་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ་མཱ་ར་ཡ་ཧཱུཾ་ཕཊ། ལས་ཀྱི་མངོན་སྤྱོད་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཐོགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ ་དགུག་པའི་ཆོ་ག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨཱ་ཀ་ར་ཥ་ཡ་ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ། རྡོ་རྗེ་དགུག་པའི་རྣམ་པར་བརྟག་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨཱ་ཀར་ཥ་ཨཱ་ཀར་ཡ་ཧཱུཾ་ཕཊ། འཁོར་ལོའི་དགུག་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལ་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ ་ཧཱུཾ་ཧཱུཾ་ཕཊ། ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ། རིན་པོ་ཆེས་དགུག་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨཱ་ཀ་ར་ཥ་ཡ་ཨཱ་ཀ་ར་ཥ་ཡ་ཧཱུཾ་ཕཊ། པདྨས་རྣམ ་པར་དགུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨཱ་ཀ་ར་ཥ་ཡ་ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ། རྡོ་རྗེ་ལས་ཀྱི་རྣམ་པར་དགུག་པ་ཞེས་བྱའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན ་འདས་རྡོ་རྗེ་གཟི་བརྗིད་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསྒྲུབ་བྱ་ཉམས་པར་བྱ་བའི་རིག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཛི་བི་ཏཱན་ཏ་ཀཱ་ར་ཡ་ཧཱུཾ་ཕཊ། རྡོ་རྗེའི་རྫུ་འཕྲུལ་ཆེན་པོས་ཉམས་པར་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཛི་བི་ཏཱན་ཏ་ཀཱ་ར་ཡ་ཧཱུཾ་ཕཊ། སངས་རྒྱས ་ཆེན་པོའི་རྫུ་འཕྲུལ་གྱིས་ཉམས་པར་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཛི་བི་ཏཱན་ཏ་ཀཱ་ར་ཡ་ཧཱུཾ་ཕཊ། རིན་པོ་ཆེའི་རྫུ་འཕྲུལ་གྱིས་ཉམས་པར་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ ་ཀི་ལི་ཀི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཛི་བི་ཏཱན་ཏ་ཀཱ་ར་ཡ་ཧཱུཾ་ཕཊ། པདྨ་ཆེན་པོའི་རྫུ་འཕྲུལ་གྱིས་ཉམས་པར་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་ན་བཾ་ཧཱུཾ་ཧཱུཾ་ཕཊ། ཛི་བི་ཏཱན་ཏ་ཀཱ་ར་ཡ་ཧཱུཾ ་ཕཊ། རྡོ་རྗེ་ལས་ཀྱི་རྫུ་འཕྲུལ་ཆེན་པོས་ཉམས་པར་བྱ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཟབ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མྱུར་དུ་ཤི་བར་བྱེད་པའི ་ཆོ་ག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་མཱ་ར་ཡ། མོཊྚ་མོནྟ། སྥོ་ཊ་སྥོ་ཊ། ཏ་ཊ་ཏ་ཊ། བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་གསོད ་པའི་རྣམ་པར་བརྟག་པའི་ཏིང་ངེ་འཛིན་ཏོ།། ཨོཾ་བྷུཏྟ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་མཱ་ར་ཡ། མོཊྚ་མོཊྚ། སྥོ་ཊ་སྥོ་ཊ། ཏཱ་ཊ་ཏཱ་ཊ། བཛྲ་ཙཀྲ་ཧཱུཾ། འཁོར་ལོས་གསོད་པའི་རྣམ་པར་བརྟག ་པའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་མཱ་ར་ཡ། མོཊྚ་མོཿ། སྥོ་ཊ་སྥོ་ཊ། ཏ་ཊ་ཏཱ་ཊ། བཛྲ་ཙཀྲ་ཧཱུཾ། རིན་པོ་ཆེས་གསོད་པའི་རྣམ་པར་བརྟག་པ་ཞེས ་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་མཱ་ར་ཡ། མོཊྚ་མོཊྚ། སྥོ་ཊ་སྥོ་ཊ། ཏཱ་ཊ་ཏཱ་ཊ། བཛྲ་ཙཀྲ་ཧཱུཾ། པདྨས་གསོད་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། ཨཱིཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་མཱ་ར་ཡ། མོཊྚ་མོཊྚ། སྥོ་ཊ་སྥོ་ཊ། ཏ་ཊ་ཏ་ཊ། བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་ལས་ཀྱིས་གསོད་པ་རྣམ་པར་བརྟག་པའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་རོལ་པས་མཉེས་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་འཁོར་ཚིམས་པར་བྱེད་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མེསྟ་ཀ་མཱཾ་སྱ། རུ་དྷི་ར། ཧེ་ཧྱེ་ཧི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་ལོངས་སྤྱོད་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་ན་བཾ་ཧཱུཾ་ཧཱུཾ་ཕཊ། མེ་སྟ་ཀ་མཱཾ་སྱ། ་རུ་དྷི་ར། ཨེ་ཧྱེ་ཧི། ཨཽ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཁོར་ལོའི་ལོངས་སྤྱོད་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མེསྟ་ཀ་མཱཾ་སྱ། རུ་དྷི་ར། ཨེ་ཧྱེ་ཧི། ཨོཾ་ཁ་ཁ་ཁཱ་ཏི ་ཁཱ་ཧི། རིན་པོ་ཆེའི་ལོངས་སྤྱོད་རྣམ་པར་བརྟག་པའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀི་ལི་ཀི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མེསྟ་ཀ་མཱཾ་སྱ། རུ་དྷི་ར། ཨེ་ཧྱེ་ཧི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། པདྨ་ཆེན་པོའི་ལོངས་སྤྱོད་ཀུན་ཏུ ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། བཾ་ཧཱུཾ་ཧཱུཾ་ཕཊ། མེསྟ་ཀ་མཱཾ་སྱ། རུ་དྷི་ར། ཨེ་ཧྱེ་ཧི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་ལས་ཀྱི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་བཀོད་པ་ཡོངས་སུ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ཀྱི་སེམས་ཡང་དག་པར་བསྡུ་བ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་བསྡུ་བ་ཞེས་བྱ་བའི་རྣམ་པར་བརྟག་པའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀི་ལི ་ཀཻ་ལ་ཡ། སརྦ་བིགྷྣཱན་པ་སྭཱ་ཧཱ་ཕཊ། ཙཱ་ཙྪ་ཧཱ། ཕཊ་ཕཊ་ཕཊ། བྱང་ཆུབ་ཀྱི་སེམས་འཁོར་ལོ་བསྡུ་བ་ཞེས་བྱ་བའི་རྣམ་པར་བརྟག་པའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀི་ལི་ཀི་ལ་ཡ། སརྦ་བིགྷྣཱན་པ་སྭཱ་ཧཱ་ཕཊ། སྭཱ་ཧཱཿ ་ཕཊ་ཕཊ་ཕཊ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྡུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བྱང་ཆུབ་ཀྱི་སེམས་པདྨ་བསྡུ་བ་ཞེས་བྱ་བའི་ཏིང ་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱ་ན་བཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལས་ཀྱི་བསྡུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་མི་བཟང ་པའི་ཀུན་ཏུ་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འབར་བ་ཆེན་པོ་འབྱུང་བ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། སརྦ ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨག་ནི་ཛ་ལ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེའི་མེ་ཀུན་ཏུ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད་དྷ་ཀི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བུད་དྷ་ཨགྣི་ཛ་ལ ་སྥ་ར་ཎ་མ་ཧཱ་པུ་ཛ་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། འཁོར་ལོའི་མེ་ཀུན་ཏུ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཨགྣི་ཛ་ལ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧི་ཧཱུཾ་ཧཱུཾ་ཕཊ། རིན་པོ ་ཆེའི་མེ་ཀུན་ཏུ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིསྟསྟཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་ཨགྣི་ཛ་ལ་སྥ་ར་ཎ་མ་ཧཱ་པཱ་ཛ་ཧི་ཧཱུཾ་ཕཊ། པདྨའི་མེ་ཀུན་ཏུ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། ཨཱིཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨཱིཾ་ཀརྨ་ཨགྣི་ཛ་ལ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧི་ཧཱུཾ་ཕཊ། རྡོ་རྗེ་ལས་ཀྱི་མེ་ཀུན་ཏུ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར ་བརྟག་པ་ཆེན་པོ་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསྒྲུབ་བྱ་གནོན་པ་རྣམ་པར་འབྱུང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི ་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་ཤ་ཏྲུཾ་ཆེ་གེ་མོ་ཨ་མུ་ཀཾ་བཛྲ་རཱརཱུ་པ་ཆེ་གེ་མོ་རཱུ་པ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེ་གནོན་པའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་ཡ། སརྦ ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་ཤ་ཏྲུཾ་ཆེ་གེ་མོ་ཨ་མུ་ཀཾ་ཙཀྲ་རཱུ་པ་ཆེ་གེ་མོ་རཱུ་པ་སྟཾ་བྷ་མ་ཡ་ཨོཾ་ཨོཾ་ཨོཾ་ཨོཾ། འཁོར་ལོས་གནོན་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ། ་ཕཊ། སརྦ་ཤ་ཏྲུཾ་ཆེ་གེ་མོ་ཨ་མུ་ཀཾ་རཏྣ་རཱུ་པ་ཆེ་གེ་མོ་སྟཾ་བྷ་ཡ། ཏྲཾ་ཏྲཾ་ཏྲཾ་ཏྲཾ། རིན་པོ་ཆེའི་གནོན་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིསྟཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་ཤ་ཏྲུཾ་ཆེ་གེ ་མོ་ཨ་མཱུ་ཀ་པདྨ་རཱུ་པ་ཆེ་གེ་མོ་རཱུ་པ་སྟཾ་བྷ་ཡ། ཨ་ཨ་ཨ་ཨ། པདྨའི་གནོན་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་ཤ་ཏྲུཾ་ཆེ་གེ་མོ་ཨ་མུ་ཀཾ་ཀརྨ་རཱུ ་པ་ཆེ་གེ་མོ་སྟཾ་བྷ་ཡ་ཧཱ་ཧཱ་ཧཱ་ཧཱ། རྡོ་རྗེའི་ལས་ཆེན་པོས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་འབར་བའི་སྒྲོན་མས་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ ་ཞུགས་ནས། རིགས་ཐམས་ཅད་ཀྱི་དངོས་གྲུབ་དབབ་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། སརྦ་བིསྟན་བཾ་ཧཱུཾ་ཧཱུཾ་ཕཊ། བཛྲ་ཀཱ་ཡ་ཝཱ ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེའི་དངོས་གྲུབ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུད་དྷ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣ་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བུད་དྷ་ཀཱ་ཡ་ཝཱག་ཙིཏྟ་སརྦ་སིདྡྷི་ཨོཾ་ཨོཾ་ཨོཾ། འཁོར་ལོ་རིན་པོ ་ཆེའི་དངོས་གྲུབ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིསྠཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཀ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཏྲཾ་ཏྲཾ་ཏྲཾ། རིན་པོ་ཆེའི་དངོས་གྲུབ་བརྟག་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧྲི་ཧྲི་ཧྲི། པདྨ་ཆེན་པོའི་དངོས་གྲུབ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ ་ཧཱུཾ་ཕཊ། ཨོཾ་ཀརྨ་ཀ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧ་ཧ་\ུ0f7f། རྡོ་རྗེའི་ལས་ཆེན་པོའི་དངོས་གྲུབ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེས་ཀུན་གཅོད་པ་ཐོགས་པ་མེད་པར་འབར་བ་ཞེས་བྱ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་སྔགས་ངན་པ་ཐམས་ཅད་གཅོད་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སརྦ ་བིདྱཱན། སརྦ་མཱ་ལ་ཀར་མ་ཎི། ཙྪིན་དཙྪིན་ད། མན་ཏྲ་སུཾ་བྷ་ནི། བི་ནཱ་ཤ་ནཱ་ཡ། བིདྱ་ནཾ། ཙྪེ་ད་ཀ་ཧཱུཾ། རྡོ་རྗེའི་མཐུ་ཆེན་པོས་ཕ་རོལ་གྱི་རིག་པ་ངན་པ་རྣམ་པར་སྐྲོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀཱི་ལི་ཀི ་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བིདྱཱ་ན། སརྦ་མན་ཏཱ་ཎི། སརྦ་མཱུ་ལ་ཀར་མཱ་ཎི། ཙྪིནྡ་ཙྪིནྡ། མན་ཏྲཱ་ཎི། བི་ནཱ་ཤ་ན་ཡ་ཕཊ། བིདྱཱན། ཙྪེ་ད་ཀ་ཧཱུཾ། འཁོར་ལོ་མཐུ་ཆེན་པོས་ཕ་རོལ་གྱི་རིག་པ་ངན་པ་རྣམ་པར་སྐྲོད ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨཽ་རཏྣ་ཀི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བིདྱཱན། སརྦ་མན་ཏཱ་ཎི། སརྦ་མཱུ་ལ་ཀར་མ་ཎི། ཙྪི་ན་ད་ཙྪིན་ད། སརྦ་མན་ཏྲཱ་ཎི། བི་ནཱ་ཤ་ནཱ་ཡ་ཕཊ། བིདྱཱན། ཙྪེ་ད་ཀ་ཧཱུཾ། ་རིན་པོ་ཆེའི་མཐུ་ཆེན་པོས་ཕ་རོལ་གྱི་རིག་པ་ངན་པ་རྣམ་པར་སྐྲོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིསྟཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བིདྱཱན། སརྦ་མན་ཏཱ་ཎི། སརྦ་མཱུ་ལ་ཀརྨ་ཎི། ཙྪིན་ད་ཙྪིན ་ད། སརྦ་མན་ཏཱ་ཎི། བི་ནཱ་ཤ་ནཱ་ཡ་ཕཊ། བིདྱཱ་ནཱཾ། ཙྪེ་ད་ཀ་ཧཱུཾ། པདྨ་ཆེན་པོའི་མཐུས་ཕ་རོལ་གྱི་རིག་པ་ངན་པ་རྣམ་པར་སྐྲོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨཱིཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ ་བིདྱཱན། སརྦ་མན་ཏྲཱ་ཎི། སརྦ་མཱུ་ལ་ཀརྨ་ཎི། ཙྪིན་ད་ཙྪིན་ད། མན་ཏཱ་སུམ་བྷ་ནི། བི་ནཱ་ཤ་ནཱ་ཡ་ཕཊ། བིདྱཱ་ནཱཾ། ཙྪེ་ད་ཀ་ཧཱུཾ། རྡོ་རྗེ་ལས་ཆེན་པོའི་མཐུས་ཕ་རོལ་གྱི་རིག་པ་ངན་པ་རྣམ་པར་སྐྲོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕ་རོལ་གྱི་ཕྱག་རྒྱ་རྣམ་པར་གཅོད་པ་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པ་ར་མུ་དྲ་ན། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། རྡོ་རྗེའི་མཐུ་ཆེན་པོས་ཕ་རོལ་གྱི་ཕྱག་རྒྱ་ངན་པ་གཞིག་པ་རྣམ་པར་བརྟག་པ་ཞེས་བྱ ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀཱི་ལི་ཀི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པ་ར་མུ་དྲཱ་ན། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། འཁོར་ལོའི་མཐུ་ཆེན་པོས་ཕ་རོལ་གྱི་ཕྱག་རྒྱ་ངན་པ་གཞིག་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པ་ར་མུ་དྲཱ་ན། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། རྡོ་རྗེ་རིན་པོ་ཆེའི་མཐུས་ཕ་རོལ་གྱི་ཕྱག་རྒྱ་ངན་པ་གཞིག་པའི་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ ་ཀི་ལི་ཀི་ལ་ཡ། སརྦ་བིསྟཱན་བཾ་ཧཱུཾ་ཧཱུཾ་ཕཊ། པ་ར་མུ་དྲ་ན། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། པདྨ་ཆེན་པོའི་མཐུས་ཕ་རོལ་གྱི་ཕྱག་རྒྱ་ངན་པ་གཞིག་པའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀི་ལི་ཀཱི་ལ་ཡ། ་སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། པ་ར་མུ་དྲ་ན། ཙྪིན་ད་ཙྪི་ད་ཧཱུཾ་ཕཊ། རྡོ་རྗེ་ལས་ཆེན་པོའི་མཐུས་ཕ་རོལ་གྱི་ཕྱག་རྒྱ་ངན་པ་གཞིག་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ ་འབྱུང་བ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རིག་པ་གསོ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་པཾ ་ཧཱུཾ་ཧཱུཾ་ཕཊ། མ་མ་བིདྱཱ་ནཱཾ། ཤིཥྛ་ཀ་མ་ནུ་སྨ་ར་ཡ། རྡོ་རྗེའི་བདེ་བས་བདག་གི་རིག་པ་བསྐྱེད་པའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀི་ལི་ཀི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མ་མ་བིདྱཱ་ནཱཾ་ཤིཿ ་ཀ་མ་ནུ་སྨ་ར་ཡ། འཁོར་ལོའི་བདེ་བས་བདག་གི་རིག་པ་བསྐྱེད་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀི་ལི་ཀི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མ་མ་བིདྱཱ་ནཾ་ཤིཥྛ་ཀ་མ་ནུ་སྨ་ར་ཡ། རིན་པོ ་ཆེའི་བདེ་བས་བདག་གི་རིག་པ་བསྐྱེད་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མ་མ་བིདྱཱ་ནཱཾ་ཤིཥྛ་ཀ་མ་ནུ་སྨ་ར་ཡ། པདྨ་བདེ་བ་ཆེན་པོས་བདག་གི ་རིག་པ་བསྐྱེད་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། མ་མ་བིདྱཱ་ནཱཾ་ཤིཥྛ་ཀ་མ་ནུ་སྨ་ར་ཡ། རྡོ་རྗེའི་ལས་ཆེན་པོའི་བདེ་བས་བདག་གི་རིག་པ་བསྐྱེད་པ ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་སྐྲག་པར་བྱེད་པའི་འཁོར་ལོ་རྣམ་པར་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འབྱུང་པོ་འདུལ་བའི ་#། བརྟག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར། སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་སརྦ་བིགྷྣཱན། ་རྗེའི་ཚོགས་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བྷཱུ་ཏ་བྷ་ཡ་ཀ་ར་སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་སརྦ་བིགྷྣཱ་ན། འཁོར་ལོའི་མཚོན་པས་རྣམ ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བྷཱ་ཏ་བྷ་ཡཾ་ཀ་ར། སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་སརྦ་བིགྷྣཱན། རིན་པོ་ཆེའི་མཚོན་པས་རྣམ་པར་གཞོམ་པ ་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བྷ་ཏ་བྷ་ཡཾ་ཀ་ར། སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཧོ་བྷ་བ་བཛྲ་སརྦ་བིགྷྣཱན། པདྨ་མཚོན་པས་རྣམ་པར་གཞོམ་པ ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཧཱུཾ་ཕཊ། སརྦ་བྷ་ཏ་བྷ་ཡཾ་ཀ་ར་སརྦ་གྲ་ཧེ་ཥཱ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་སརྦ་བིགྷྣཱཾ། རྡོ་རྗེ་ལས་ཀྱི་རྣམ་པར་གཞོམ་པ་བརྟག་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ཏོ།། རྣམ་པར་དག་པའི་ཆོ་ག་ཡིས།། སྦྱོར་བ་ཐམས་ཅད་འགྲུབ་པར་འགྱུར།། བདག་དང་གཞན་དོན་སྦྱོར་བ་ཡིས།། མཁས་པའི་ལས་རྣམས་འགྲུབ་པར་འགྱུར།། འཇིག་རྟེན་པ་ཡི་དུ་མ་སྟེ།། དུ་མའི ་ལས་ལ་རྣམ་པར་འགྲུབ།། བདག་མེད་པ་ཡི་དུ་མ་སྤངས།། དུ་མ་མོ་གཤམ་བུ་བཞིན་བརྟག། དུ་མས་གདུལ་ཕྱིར་བསམ་མི་ཁྱབ།། ཐ་དད་ལས་རྣམས་རིགས་ཡིན་ཏེ།། རྣམ་པ་ལྔ་རུ་མཁས་པས་བཤད།། སྒྲོ་དང ་བསྡུ་བའི་སྦྱོར་བ་ཡིས།། མཁས་པས་ལས་རྣམས་ཤེས་པར་བྱ།། རྡོ་རྗེ་དང་ནི་འཁོར་ལོ་དང་།། རིན་ཆེན་པདྨ་རྒྱ་གྲམ་བརྟག། འབར་བ་དབུ་གསུམ་ཕྱག་དྲུག་གམ།། དབུ་དགུ་བཅོ་བརྒྱད་ཡང་ན་གཅིག། མཁས ་པས་སེམས་དང་རིགས་སུ་བརྟག། གང་ལ་མོས་པའི་ལས་རྣམས་ཀྱིས།། ལས་རྣམས་ཐོགས་པ་མེད་པར་འགྱུར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན ་པོ་ལས། རིགས་ལྔའི་ཐར་པ་ཡོངས་སུ་བཤད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་འཇིགས་བྱེད་ཀྱི ་དབང་དྲུག་ཆེན་པོ། རྡོ་རྗེ་ཟླ་བའི་ཚོགས་ཐོགས་པ་མེད་པར་ལས་ཀྱི་འཁོར་ལོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་བ་ཆེན་པོ་རྣམས་ཀྱི་རིག་པ་དང་ཏིང་ངེ་འཛིན་འབྱུང་བ་འདི་ཉིད་ཀྱི ་སྒྲ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ།། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཨོཾ་བཛྲ་ཨ་པ་རཱ ་ཛི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཡ་ཧཱུཾ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པྲཥྚིང་ཀུ་རུ་སྭཱ་ཧཱ། བ་ཤང་ཀུ་རུ་སྭཱ་ཧཱ། མཱ་ར་ཡ ་ཧཱུཾ་ཕཊ། ཨཱ་ཀ་ར་ཥ་ཡ་ཧཱུཾ་ཕཊ། ཛི་བི་ཏཱ་ན་ཏ་ཀ་ར་ཡ་ཧཱུཾ་ཕཊ། མཱ་ར་མཱ་ར་མོཊྚ་མོཊྚ། སྥོ་ཊ་སྥོ་ཊ། ཏཱ་ཊ་ཏཱ་ཊ། བཛྲ་ཙཀྲ་ཧཱུཾ་མསྟ་ཀ་མཱཾ་ས། རུ་དྷི་ར་མེ་ག་ཏ། ཨེ་ཧྱེ་ཧི་བྷ་ག་བཱན། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ ་ཕཊ། ཨོཾ་བཛྲ་བུ་མོ་ཧཱུཾ་ས་མ་ཡ་སྟྭཾ། སརྦ་བིགྷྣཱཾ། སརྦ་བིདྱཱ་ནི། སརྦ་མན་ཏཱ་ཎི། སརྦ་མཱ་ལ་ཀར་མཱ་ཎི། ཙྪིན་ད་ཙྪིན་ད། མན་ཏཱ་ཎི། བི་ནཱ་ཤ་ན་ཡ་ཕཊ། བིདྱཱན། ཙྪེ་ད་ཀ་ཧཱུཾ། པ་ར་མུ་དྲ་ན། ཙྪིན་ད་ཙྪིན་ད། ཧཱུཾ་ཕཊ། མ་མ ་བིདྱཱ་ནཱཾ། ཤིཥྚ་ཀ་མ་ནུ་སྨ་ར་ཡ། སརྦ་གྲ་ཧེ་ཥྚ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་སརྦ་བིགྷྣཱཾ། རྡོ་རྗེ་ཁྲོ་བོའི་རིག་པ་ཐམས་ཅད་ཀྱི་འཁོར་བ་ཞེས་བྱའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་འབར་བའི་མེ་ལྕེ་ཀུན་ཏུ ་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་བོ་ཆེན་པོ་རྣམས་ཀྱི་ཕྱག་རྒྱ་བརྟག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། རྣམ་པར་རྒྱལ་བ་རྣམ་པར་དཀར།། དབུས ་དཀར་གཡས་སྔོ་ལྗང་སེར་གཡོན།། དང་པོ་རྡོ་རྗེ་དུང་ཆེན་ཏེ།། བར་མ་རྩེ་གསུམ་འཁོར་ལོ་འཆང་།། ཏི་ར་བྱ་རྒོད་ཐ་མར་འཛིན།། བྲག་གི་སྟེང་ན་བརྒྱ་བྱིན་གནོན།། དབུ་གསུམ་ཕྱག་དྲུག་ཞབས་ཀྱང་དྲུག། རྡོ་རྗེའི ་གཤོག་པ་རྣམ་པར་གདེངས།། འབར་བ་འཁྱིལ་པ་ལ་སོགས་ཏེ།། རྡོ་རྗེ་རྒྱན་རྣམས་རྣམ་པར་རྫོགས་པར་བརྟག། དབྱུག་པ་སྔོན་པོ་སྔོ་སྒྲ་སྟེ།། གཡས་དཀར་གཡོན་ནི་དམར་སྐྱ་སྟེ།། རྡོ་རྗེ་དུང་ཆེན་དབྱུག་པ་མེ།། ཏི ་རའི་དབྱུག་པ་ཁྭ་ཡིས་མཛེས།། འབར་བ་ཞབས་དྲུག་དྲང་སྲོང་གནོན།། རྒྱན་རྣམས་རྫོགས་པར་བརྟག་པར་བྱ།། གཤིན་རྗེའི་རྒྱལ་ནི་སྔོན་པོ་སྟེ།། སྔོ་སྐྱ་ལྗང་ནག་གཡོན་གྱི་དབུ།། དུང་ཁྲག་ཐོད་དབྱུག་དགྲ་སྟྭ ་བསྣམས།། ཏི་ར་བྱ་རོག་ཐ་མར་མཛེས།། འཇིགས་བདག་སྟེང་ན་འཇིགས་པར་བསྟན།། མི་གཡོ་ལྗང་སྔོན་འབར་བའི་སྐུ།། སྔོན་པོ་སྨུག་ནག་གཡོན་གྱི་དབུ།། དུང་ཁྲག་རལ་གྲི་ཞགས་པས་བརྒྱན།། ཏི་ར་འུག་པས ་རྣམ་པར་མཛེས།། བདེན་བྲལ་བཙིར་བར་མཛད་པ་སྟེ།། རྒྱན་རྣམས་རྫོགས་པར་ཡང་དག་བསྟན།། རྟ་སྐད་དམར་པོ་གཡས་དཀར་པོ།། གཡོན་ནི་སྔོན་པོ་རྣམ་པར་མཛེས།། དུང་ཁྲག་ཞགས་པ་སྤུ་གྲི་ཅན།། ཏི ་མཁའ་ལྡིང་ཐ་མར་མཛེས།། དུག་གི་སྟེང་ན་ཞབས་བརྐྱང་འགྱིང་།། རྡོ་རྗེ་རྟ་ཡི་རྒྱལ་པོར་བརྟག། གཞན་ལས་རྒྱལ་བ་དམར་སྐྱ་སྟེ།། སེར་པོ་ལྗང་གུ་གཡོན་གྱི་ཞལ།། དུང་ཁྲག་དཔག་མདའ་རྔ་ཡབ་ཅན།། ཏི་ར་སྐྱེ ་ག་ཡང་དག་འཛིན།། རླུང་གི་སྟེང་དུ་ཞབས་བརྟགས་དེ།། འབར་བའི་རྒྱན་རྣམས་ཚང་བར་བརྟག་བདུད་རྩི་འཁྱིལ་པ་ལྗང་ནག་མདོག། སེར་པོ་དུད་ཁ་གཡོན་གྱི་ཞལ།། དུང་ཁྲག་དབྱུག་ཏོ་རྒྱ་གྲམ་སྟེ།། ཏི་ར་དབྱུག ་པ་པུ་ཤུད་ཅན།། གསུས་པ་འཕྱང་བ་རྣམ་པར་བརྫིས།། འབར་བ་ཆེན་པོ་རྣམ་པར་བརྟག་ཁམས་གསུམ་ཀུན་ལས་རྒྱལ་བ་ནི།། གསེར་གྱི་མདོག་འདྲ་གཡས་དཀར་ཏེ།། གཡོན་གྱི་དབུ་ནི་ལྡང ་གུའོ།། དེ་བཞིན་ཕྱག་རྒྱ་གཞིག་ཅིང་དགྲོལ།། དཔའ་བོས་ནན་ཏན་བྱ་བ་ཡིན།། གང་དག་རང་གི་རིག་པ་ཉམས།། གསོ་ཞིང་བསྐྱེད་པར་བྱ་བའི་ལས།། རིག་པ་འཛིན་པས་མྱུར་དུ་འབད། ཁམས་གསུམ་པ་ཡི་འབྱུང། ་པོ་རྣམས།། གང་དག་མྱུར་དུ་གཙེས་པ་རྣམས།། དཔའ་བོ་ཆེན་པོས་མྱུར་དུ་སྒྲོལ། ཡན་ལག་གི་ནི་ཆོ་ག་ལ།། མཁས་པས་སྙིང་རྗེའི་སྟོབས་ཀྱིས་གསོལ།། སློབ་དཔོན་སྨོད་པར་བྱེད་པ་དང་།། གང་གི་བསྟན་པ་སྒྲིབ ་བྱེད་དང་།། སེམས་ཅན་དུ་མར་འཚེ་བ་ལ།། ཤེས་རབ་སྙིང་རྗེར་ལྡན་པ་ཡི།། མཐུ་ཡིས་མྱུར་དུ་ཉམས་པར་བྱ།། བསྒྲུབ་དང་གང་དང་གང་ཡིན་ཏེ།། རང་བཞིན་གནས་ནས་དགུག་པ་དང་།། དགུག་ནས་ཉམས་དང ་རང་གནས་སུ།། གང་འདི་སྔོན་དུ་འགྲོ་བ་ཡིན། རྡོ་རྗེ་གསོད་པའི་སྟོབས་མཆོག་གིས།། གསད་པ་དུ་མ་ཐ་དད་ལ།། གང་ལ་གང་ཡིན་མཁས་པས་བྱ།། དེས་ནི་ཀུན་ཏུ་འགྲུབ་པར་འགྱུར།། གང་དག་གསང་བའི་དུམ ་བུ་དང་།། ཕུང་པོ་སྐམས་པའི་རྗེན་ཤུན་དང་།། ཤ་ཁྲག་དྲོད་དང་བཅས་པ་ལ།། འབར་བ་འཁོར་བཅས་བོད་པར་བྱ།། མྱུར་དུ་ཟོས་ཏེ་ཟད་པར་བསམ།། ངག་ནི་རྟོག་པའི་རྒྱུན་བཅད་ཅིང་།། གང་གི་དུས་ནི་དག་པར ་བསྟབས།། སེམས་ནི་མཁས་པས་རྫོགས་པ་ཡི།། བྱང་ཆུབ་སེམས་སུ་བསྡུ་བར་བྱ།། གཟུགས་བརྙན་རྟེན་དུ་སྦྱོར་བ་ནི།། དུམ་བུ་དང་ནི་ཚལ་པ་དང་།། ཇི་བཞིན་པ་ཡི་གཟུགས་རྣམས་ནི།། རྩ་དང་ཤིང་ལ་གནས་པ ་དང་།། བོང་བ་སྔོ་བས་གོས་པའམ།། གང་དག་བསྲེག་པར་འོས་པ་ཡི།། ཤིང་ལེབ་ལ་སོགས་བྲིས་པའི་གཟུགས།། མཁས་པས་འབད་སྟེ་བསྲེག་པར་བྱ།། ཟུར་གསུམ་ཐབས་ཀྱི་གྲཝ་གསུམ་དུ།། རྡོ་རྗེ་མདའ་གཞུ་ལྡན ་བྱས་ཏེ།། འབར་བའི་ཁྲོ་བོས་བརྒྱན་པར་བསམ།། ཕུར་པ་ལ་ནི་དྲག་པོས་དཀྲིས།། ཚེར་མའི་ཤིང་ལ་མེ་སྦར་ཏེ།། འབར་བ་འཁོར་བཅས་སྤྱན་དྲངས་ནས།། ཚ་བའི་མར་དང་ལན་ཚྭ་དང་།། སྐྱེ་ཚེ་དུག་དང་ཁྲག་སྣ ་དང་།། ལྕགས་ཕྱེ་ལྡོང་རོས་དམ་རྫས་དང་།། སོལ་ཕྱེས་བགོས་པའི་དམ་རྫས་རྣམས།། གསང་སྔགས་བཟླས་པར་རབ་འབད་སྟེ།། གང་གི་གཟུགས་མིང་རུས་བསྲེག་ན།། མྱུར་དུ་ལས་རྣམས་འགྲུབ་པར་འགྱུར།། དེ ་ནས་མཁས་པས་འབད་པ་ཡང་།། བསྲེགས་པའི་ཐལ་བ་ལ་སོགས་པ།། ཐམས་ཅད་གནན་པར་བྱ་བ་ནི།། ལས་རྣམས་མ་གྲུབ་པར་དུ་བཞག། ལས་རྣམས་གྲུབ་པའི་མོད་ལ་ནི།། མྱུར་དུ་ཞི་བའི་ལས་ལ ་འབད།། འདི་ནི་ལས་རྣམས་ཐམས་ཅད་ཀྱི།། འཁོར་ལོས་སྒྱུར་བའི་རྒྱལ་པོའོ།། གང་དག་ཐེ་ཚོམ་དམིགས་པ་ནི།། ཇི་ལྟར་རི་བོང་རྭ་བཞིན་དུ།། འདི་ཡི་འབྲས་བུ་དེ་བཞིན་ཏེ།། འདི་ལ་རྣམ་པར་དཔྱད་མི ་དགོས།། གང་ལ་ཐེ་ཚོམ་མེད་པའི་བློ།། རྒྱལ་པོ་རང་ལ་སྨོད་པ་བཞིན།། ཐམས་ཅད་འགྲུབ་པར་བྱས་པ་ཡིན།། འདི་ནི་སྒྲུབ་པ་ཐམས་ཅད་ཀྱི།། མཁས་པས་མིག་དང་སྙིང་དུ་བཤད།། འཕགས་པ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཕྱོགས་བཅུ་ཁྲོ་བོ་ལས་ཀྱི་འཁོར་ལོ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་དེའི་ཚེ ་དེའི་དུས་ན། འཁོར་དེའི་ནང་ན་བཅོམ་ལྡན་འདས་ཀྱིས་མཐུ་སྟོབས་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབས་པའི། དཔལ་ཕྱག་ན་རྡོ་རྗེ་ཐོགས་པ་མེད་པ་ཞེས་བྱ་བ་འཁོར་དེའི་ནང་ནས་ལངས་ཏེ། རང་གི་འཁོར་དུ་མ་སྡེ ་དང་བཅས་པས། བཅོམ་ལྡན་འདས་ལ་ལན་དུ་མར་གཡས་ཕྱོགས་ནས་བསྐོར་ཏེ་མཆོད་པའི་ཚོགས་ཀྱིས་ཡང་དག་པར་མཆོད་ནས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་འདི་ལྟར་ང་རྒྱལ་མཆིས་པའི ་རང་གི་མཐུས་སྙེམས་པས་སངས་རྒྱས་ཀྱི་མཛད་པ་དང་། རྣམ་པར་ཐར་པ་ལ་ཡོངས་སུ་གནོད་ཅིང་། སྐུ་དུ་མ་ལ་ཡང་གཙེ་བས་ལོག་པར་འདའ་བའི་ས་བོན་འཕེལ་བར་བགྱིས་པ་དང་། འགའ་ནི་སངས་རྒྱས་ཀྱི ་བསྟན་པ་ལ་གནས་བཞིན་དུ་ཡང་ཡིད་མི་ཆེས་པས་ཀུན་ཏུ་འཁྲུགས་ནས། སློབ་དཔོན་ལ་སྨོད་པ་དག་བགྱིད་པ་རྣམས་དང་། འདི་ལྟར་གནོད་པ་བགྱི་བའི་སྤོབས་པ་མཆོག་པའི་བདུད་དང་། མུ་སྟེགས་ལ་སོགས ་པས་བསྟན་པ་ཉམས་པར་བགྱིད་པ་དང་། འགྲོ་བ་ཀུན་ཏུ་འཁྱམས་པར་བགྱིད་པའི་མི་དགེ་བའི་གཉེན་པོ་རྣམས། མྱུར་དུ་གསད་པའི་ལས་ཁོ་ན་ལགས་པས། དེ་བཞིན་གཤེགས་པས་གསང་སྔགས་ཀྱི་མཐུ་ཆེན་པོ ་བཤད་དུ་གསོལ་ཞེས་བརྗོད་ནས། ལན་བརྒྱ་ཕྲག་སྟོང་དུ། བཅོམ་ལྡན་འདས་ལ་བསྐོར་ནས་རང་གི་སྟན་ལ་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་ཀྱི་བདག་པོ། དཔལ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས་འདི་སྐད་ཅེས་གསུངས་སོ།། གསང་བའི་བདག་པོ་འདི་ལྟ་སྟེ། སེམས་ཅན་རྣམས་ནི་ཐབས་མཁས་པ་དང་འཚམས་པས་འདུལ་བ་ཡིན་ན།། ་འདིར་སྔགས་ཀྱི་མཐུ་ཆེན་པོས་ཀུན་ཏུ་འཁྲུགས་ན། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་དང་། རིག་འཛིན་གཞོན་ནུ་དག་ཀྱང་ཀུན་ཏུ་སྡང་བ་སོགས་པ་འབྱུང་བས། ད་རུང་ནི་སྔགས་ཀྱི་མཐུ་ཆེན ་པོས་གསོད་པར་མི་བྱ་ཡིས་ཅུང་ཞིག་སྡོད་ཅིག་ཅེས་གསུངས་སོ།། དེ་ནས་ཡང་ལག་ན་རྡོ་རྗེ་ཐོགས་པ་མེད་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་འདི་ནི་སྔོན་གྱི་སངས་རྒྱས ་ཀྱིས་ཀྱང་ཡོངས་སུ་མ་བཤད། མ་འོངས་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུང་བར་མི་འགྱུར་བ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་ཉོན་མོངས་པ་འཕེལ་བའི་སླད་དུ་སྟེ། གང་ན་གདུལ་བྱ། ་མཆིས་པར་ནི། སངས་རྒྱས་ཀྱི་ཐེག་པ་རྣམས་འབྱུང་སྟེ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་སྟོབས་ཡོངས་སུ་རྫོགས་པའི་སླད་དུའོ།། འདི་ད་ལྟའི་དུས་ན། སེམས ་ཅན་རྣམས་སངས་རྒྱས་ཀྱི་ཐེག་པ་ལ་གནས་པ་ཉུང་བ་དང་། ནག་པོའི་རིགས་མཐུ་མངོན་པར་རྒྱས་པའི་དབང་གིས་ན། ཀྱེ་བཅོམ་ལྡན་འདས་དུས་ལ་བབ་བོ། ལས་འདི་ནི་ལས་ཀྱི་མཆོག་སྟེ། འདིར་བཅོམ་ལྡན་ཀྱི ་བྱིན་གྱིས་མ་བརླབས་ན། སླད་མའི་ཚེ་སླད་མའི་དུས་ན། ནོར་བུ་ལོན་པའི་མི་རྒྱ་མཚོ་ལས་ཐར་དུ་ཉེ་བ་ན་གྲུ་ཞིག་པ་བཞིན་མཆིས་ཏེ། ཀྱེ་བཅོམ་ལྡན་ལྗོན་ཤིང་གི་སྡོང་པོ་མེས་ཚིག་པ་བཞིན་དུ་གནས་པར་གྱུར་པ ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། ལག་ན་རྡོ་རྗེ་འདི་ལྟར་ཁྱོད་དེའི་དུས་ལ་བབ་པར་ཤེས་ན། འདིར་འདུས་པ་རྣམས་ཀྱི་རྣ་ལམ་དུ། ཁྱོད་ཀྱིས་ཐོགས་པ་མེད ་པར་འབྱུང་བའི་རྡོ་རྗེ་གོ་ཆ་རྣམ་པར་སྲ་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས། སངས་རྒྱས་ཀྱི་མཐུ་ཆེན་པོས་ཏིང་ངེ་འཛིན་དེ་ཐོབ་པར་བྱིན་གྱིས་བརླབས་ཀྱིས། ཁྱོད་སྤོབས་པ་སྐྱེད་ཅིག། དེ་ནས་ལག་ན་རྡོ་རྗེས ་འཁོར་རྣམས་ལ་འདི་སྐད་དུ་བསྒོ་ཞིང་། རང་གི་རྡོ་རྗེ་ཐོགས་པ་མེད་པར་ཀུན་ཏུ་འཕེན་ཞིང་།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཀྱེ་བཅོམ་ལྡན་འདས། ཀྱེ་མ་སངས་རྒྱས་ཡ་མཚན ་ཆེ།། སྔགས་ཀྱི་མཐུ་རྣམས་བསྟན་དུ་གསོལ།། གདུག་པ་མྱུར་དུ་གསོད་པ་དང་།། ཉོན་མོངས་འཁོར་བ་གཏན་དུ་འཆི་འགྱུར་བ།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། འདི་ན་ཁྲོ་བ་ལྔ་མཆིས་པས།། སངས ་རྒྱས་ཐུགས་རྗེ་ལྔ་རུ་སྣང་།། ཞི་བས་འདུལ་བར་འགྱུར་བ་ན། ཁྲོ་བས་ཁྲོ་བ་ཞི་བར་མཛད། ཁྲོས་པས་རང་བཞིན་གསོད་མཛད་པའི། ཁྲོ་བོའི་ཕྱག་རྒྱ་གདེངས་ནས་ཀྱང་།། ཐུགས་རྗེའི་སྦར་མོས་འཛིན་པ་དང་།། ཡེ ་ཤེས་མཆེ་བས་གཅོད་པའི་སླད།། ཤེས་རབ་ཆེན་པོའི་རང་བཞིན་ལ།། གཉིས་མེད་རྟག་ཏུ་གསོད་པའི་ཕྱིར།། སངས་རྒྱས་ཆེན་པོས་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པའོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ ་དང་འཁོར་ལོ་དང་། རིན་པོ་ཆེ་པདྨ་དང་། རྒྱ་གྲམ་ལ་སོགས་པའི་དཀྱིལ་འཁོར་མངོན་པར་མཛད་དེ། རྡོ་རྗེ་མཚོན་ཆའི་བུ་ཡུག་ཀུན་ཏུ་ཐོགས་པ་མེད་པ་འབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས། རྗེར་མོ་འབྱུང་བ་ཞེས་བྱ་བའི་གསང་སྔགས་འདི་གསུངས་སོ། ནཱ་མཿས་མན་ཀཱ་པ་བ་ཀ་ཙཏྟ་བན་ནན། ཨོཾ་གྷ་བྷ་གྷཱ་ཏ་ཡ་གྷཱ་ཉ་ཡ། ཝས་སྦྱིན་པ་སརྦ་དུཥྛན་ལཊ། བཛྲ་ཀཱི་ལཾ་ཀེ་ལ་ཡ། སརྦ་པ་པ་ཕཊ། ཧཱ་ཧཱུཾ ་བཛྲ་ཀཱི་ལི་ཀི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། ཀ་ཡ་བཱག་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། རྡོ་རྗེ་སྡེར་མོས་ཀུན་ཏུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། འདི་དག་གསུངས་པའི་མོད་ལ་ནི།། ཕྱོགས་བཅུའི་འཇིག་རྟེན ་བསམ་གྱིས་མི་ཁྱབ་པའི་རང་བཞིན་པས། རྡོ་རྗེ་མཚོན་པའི་འཆུབ་མ་ཕྱོགས་ཀུན་ནས་ལངས་ཏེ། བདུད་ལ་སོགས་པ་གང་དག་གསད་པར་འོས་པ་ཐམས་ཅད། མ་བཀུག་པ་བཞིན་དུ་རྡོ་རྗེའི་འཆུབ ་མས་བུབ་ཅིང་ཨརྫ་ཀའི་དོག་པ་བཞིན་དུ་རྣམ་པར་འགས་ཏེ། རྡོ་རྗེའི་མཚོན་པ་སྣ་ཚོགས་པ་དང་། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། མངོན་སྤྱོད་ཆེན་པོས་བསྒྲུབ་པར་བྱ་བའི་ཕུང་པོ་ཆུ་རྡུལ་བཞིན་དུ།། ་སྐད་ཅིག་མ་དེ་ཉིད་ལ་ཟད་པར་བྱས་སོ།། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་། ལུས་བུབ་ནས་བརྒྱལ་ཞིང་ཁྲག་ཏུ་སྐྱུགས་པར་གྱུར་ཏོ།། དེ་ནས་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ།། ཀྱེ་བཅོམ་ལྡན་འདས་བདག་ནི་ཁམས་གསུམ་ན་མཐུ་ཆེ་བ། དེ་བཞིན་གཤེགས་པས་ཀྱང་བདག་ལ་མཐུ་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་པ་ལགས་ན། འདི་ལྟར་བདག་ཀྱང་ཤིན་ཏུ་སྐྲག་པར་བགྱིད་ན ་གཞན་ལྟ་ཅི་སྨོས་ཏེ་ཐམས་ཅད་མྱུར་དུ་ཤི་བར་འགྱུར་བས། དེང་འདིར་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་མཐུ་ཆེན་པོ་བཤད་པ་ངོ་མཚར་ཏོ།། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་ཏོ།། སངས་རྒྱས་ཀྱི་མཐུ་ཐམས་ཅད་ཡོངས ་སུ་བགྱིད་པ་དང་། བསྟན་པ་ཆེན་པོ་འདི་མི་ནུབ་པའི་སླད་དུ། གསང་སྔགས་འདི་ནི་མི་ནུབ་པའི་རྒྱལ་མཚན་གྱི་རྩེ་མོ་ཞེས་བགྱི་བར་འཚལ་ལོ།། སླད་མའི་ཚེ་སླད་མའི་དུས་ན། གསང་སྔགས་ཆེན་པོ་འདི་གང་ཞིག ་འཛིན་པའི་དགོངས་པ་ཡོངས་སུ་བསྒྲུབ་པར་བགྱིའོ།། འདི་ལྟར་ན་མ་ནོར་བར་བཤད་པའི་གང་ཟག་དེ་ཡང་བདག་ཅག་གིས་མཆོད་རྟེན་དུ་གཟུང་བར་བགྱིའོ།། ཐ་དད་པ་མེད་པར་བགྱིའོ།། གསང་སྔགས་ཀྱི་ཚིག ་འདི་དག་ཚིག་དང་ཡི་གེའི་སྒོ་ནས་ཨེ་བཾ་ལ་གནས་པའི་ས་ཕྱོགས་ཀྱང་བདག་ཅག་གིས་མཆོད་རྟེན་དུ་གཟུང་བར་བགྱིའོ།། དེ་ནས་ཡང་བཅོམ་ལྡན་འདས་འཁོར་ལོ་འབར་བའི་བ་ཡུག་ཀུན་ཏུ་འབྱུང་བར་འབབ་པ ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་ལོ་འབར་བའི་སྡེར་མོས་ཀུན་ཏུ་འཇོམས་པའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ ་བཛྲཱ་ནན། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ལྷས་སྦྱིན་སརྦ་དུཥྚཱན་ཕཊ། བུད་དྷ་ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བུདྷ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀ་ཙིཏྟ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ་འཁོར་ལོའི་སྡེར་མོས་ཀུན་ཏུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་དུ་འཁོར་ལོའི་འཚུབ་མ་ཕྱོགས་བཅུ་ནས་ལངས་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་རོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་འབར ་བའི་བུ་ཡུག་ཀུན་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིན་པོ་ཆེ་འབར་བའི་སྡེར་མོས་ཀུན་ཏུ་འཇོམས་པའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང ་ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ནན། ཨོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ། ལྷས་སྦྱིན་སརྦ་དུཥྚཱན་ཕཊ། རཏྣ་ཀི་ལི་ཀི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱཾ། རཏྣ་ཀི་ལི་ཀི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀ་ཡ ་བཀ་ཙིཏྟ་རཏྣ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། རིན་པོ་ཆེའི་སྡེར་མོས་ཀུན་ཏུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་དུ་ཕྱོགས་ཐམས་ཅད་ནས་རིན་པོ་ཆེ་འབར་བའི་མཚོན་པའི་བུ་ཡུག་ཀུན་ཏུ་འབྱུང་བར་འབབ་པ་ལ ་སོགས་པ་སྔ་མ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་པདྨའི་མཚོན་བུ་ཡུག་ཀུན་ཏུ་འབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨ་ཆེན་པོ་འབར་བའི་སྡེ་མོས་ཀུན་ཏུ་འཇོམས་པའི་གསང ་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ན་མཿས་མནྟ་ཀཱ་ཡ་བཱ་ག་ཙིཏྟ་བཛྲ་ནཱན། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་པཱ་པཾ། ལྷས་སྦྱིན་སརྦ་དུཥྚཱན་ཕཊ། པདྨ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ ་ཧཱུཾ་ཧཱུཾ་ཧཱུཾ། པདྨ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙིཏྟ། པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། པདྨ་འཇོམས་པས་ཀུན་ཏུ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་དུ་ཕྱོགས་ཀུན་ནས་པདྨ་ཆེན་པོའི ་མཚོན་པའི་འཚུབ་མ་ལངས་པ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྦྱར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་མཚོན་པའི་བུ་ཡུག་ཀུན་ཏུ་འབབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ ་ལས་ཀྱི་སྡེར་མོས་ཀུན་ཏུ་འཇོམས་པའི་གསང་སྔགས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་། ན་མཿས་མན་ཏ་ཀཱ་ཡ་བཱཀ་ཙིཏྟ་བཛྲཱ་ནཱན། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ལྷས་སྦྱིན་སརྦ་དུཥྚཱན ་ཕཊ། ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཀརྨ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱ་ཀ་ཙིཏྟ། ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་ལས་ཀྱི་སྡེར་མོས་ཀུན་ཏུ་གཅོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ཏོ།། དེ་ལྟར་ཕྱོགས་ཀུན་ནས་མཚོན་ཆའི་འཚུབ་མ་ལ་སོགས་པའི་སྔོན་བཞིན་དུ་སྦྱར་རོ།། དེ་ནས་འཁོར་དེར་འདུས་པའི་སེམས་དཔའ་ཆེན་པོ་དང་། རིག་འཛིན་ལ་སོགས་པ་ཐམས་ཅད་ཀྱིས། རྡོ་རྗེའི་ཏིང ་ངེ་འཛིན་དང་། རྡོ་རྗེའི་སྟབས་དང་། རྡོ་རྗེའི་ཀླུ་རྣམས་ཀྱིས་ཡོངས་སུ་བསྟོད་པ། དཔའ་བརྟན་རྡོ་རྗེ་མི་འཇིགས་པ།། ཐོགས་པ་མེད་པའི་མཚན་ཆ་སྟེ།། རབ་འཇིགས་རྡོ་རྗེ་སྡེར་མོ་སྟེ།། རྡོ་རྗེ་མཐུ་ལ་ཕྱག་འཚལ ་ལོ།། དེ་ནས་ཡང་འཁོར་ལོའི་ཏིང་ངེ་འཛིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བླ་མེད་འཁོར་ལོ་བསྐོར་བའི་ཚེ།། སྲིད་པའི་འཁོར་ལོ་རྒྱུན་བཅད་པའི།། ཐོགས་པ་མེད་པ་འཁོར་ལོའི་སྡེར་མོ་ཡིས།། འཁོར་བའི་མཐུ་ལ ་ཕྱག་འཚལ་ལོ།། དེ་ནས་ཡང་རིན་པོ་ཆེའི་རིགས་ཀྱི་ཏིང་ངེ་འཛིན་གྱིས་འདི་སྐད་ཅེས་བསྟོད་པ། ཡོན་ཏན་དཔལ་འབྱུང་མཐུ་ཡི་མཐུ།། གྲགས་པ་ཆེན་པོའི་རིན་པོ་ཆེ།། ང་རྒྱལ་རྩད་ནས་གཅོད་པའི་མཚོན།། རིན ་ཆེན་སྡེར་མོ་ཕྱག་འཚལ་ལོ།། དེ་ནས་ཡང་པདྨའི་རིག་འཛིན་གྱིས་འདི་སྐད་ཅེས་བསྟོད་པ། ཆགས་མེད་པད་མས་ཆགས་པ་གཅོད།། ཆགས་པ་མངོན་དུ་སྙེམས་པར་མཛད།། འདོད་ཆགས་པདྨའི་སྡེར ་མོ་སྟེ།། འབར་བའི་གསུང་ལ་ཕྱག་འཚལ་ལོ།། དེ་ནས་ཡང་རྡོ་རྗེ་ལས་ཀྱི་ཏིང་ངེ་འཛིན་གྱིས་འདི་སྐད་ཅེས་བསྟོད་པ། རྡོ་རྗེ་ལས་རབ་ལས་ཀྱི་མཆོག། ལས་ཀྱི་དྲ་བས་ཡོངས་སུ་གཅོད།། རྡོ་རྗེ་ལས་ཀྱི་སྡེར་མོ ་ཡིས།། མངོན་དུ་གསོད་ལ་ཕྱག་འཚལ་ལོ།། དེ་ནས་བསྐུལ་བའི་ཏིང་ངེ་འཛིན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཐོགས་མེད་ལས་ཀྱི་སྡེར་མོ་ཡང་།། འབྱུང་པོའི་ཞེ་སྡང་བཟུང་ནས་སོད།། འཇིགས་བྱེད་འཁོར་ལོའི ་སྡེར་མོ་ཡིས།། འབྱུང་པོའི་གཏི་མུག་ཟུང་ལ་སོད།། མཐུ་མཆོག་རིན་ཆེན་སྡེར་མོ་ཡིས།། འབྱུང་པོའི་ང་རྒྱལ་ཟུང་ལ་སོད།། ཆགས་པ་མེད་པའི་སྡེར་མོ་ཡིས།། འབྱུང་པོའི་འདོད་ཆགས་ཟུང་ལ་སོད།། རྡོ་རྗེའི་ལས ་མཆོག་སྡེར་མོ་ཡིས།། འབྱུང་པོའི་ཕྲག་དོག་ཟུང་ལ་སོད།། ཐོགས་པ་མེད་པར་འཕྲོ་ཞིང་འདུ།། ཐོག་མ་ཐ་མ་བར་དུ་ཡང་།། ཡུལ་ནི་གཟུང་བྱ་མི་གཏོར་བའི།། གཏན་དུ་ཤི་བར་མཛད་པ་ཡིས།། འབར་བའི་སྡེར ་མོ་ཞེས་གྲགས་ཡིན། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། སྡེར་མོ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན ་འདས་རྡོ་རྗེའི་འོད་ཟེར་གྱིས་ཐོགས་པ་མེད་པར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཉུང་དཀར་ཀྱི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་རྣམ་པར་བརྟག་པ་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། གང་དག་མཁས་པས་བརྟག་པ་ནི།། དེ་ནི་རྣལ་འབྱོར་ཅན་གྱི་སྟེ།། མཁས་པས་འབད་པར་བྱ་བ་ནི།། ཉུང་དཀར་རྒྱལ་པོ་བསྐྱེད་པར་བྱ།། རང་གི་འདོད་ལྷ་མཉེས་པར ་བྱེད།། བསྒྲུབ་བྱ་འཆི་བར་གྱུར་པ་དང་།། དེ་ཡི་ལྷ་ནི་སྐྲག་པར་བྱེད།། རིགས་ནི་རྣམ་པ་དྲུག་ཏུ་སྟེ།། མཁས་པས་རྡོ་རྗེའི་རང་བཞིན་ནོ།། ཐོད་པ་རྡོ་རྗེའི་རིགས་ཅན་ལ།། བུག་པ་ཅི་ཡང་མཛེས་པ་ལ།། མྱུ་གུའི་སྒོ ་ནས་རྡོ་རྗེ་ཡིས།། མྱུར་དུ་ཕུག་པའི་དབྱིབས་སུའོ།། རྡོ་རྗེ་ཕུར་པའི་གསང་སྔགས་དང་།། རྡོ་རྗེ་སྡེར་མོའི་རང་བཞིན་གྱིས།། ཕྱི་ནང་དུག་དང་ཁྲག་གིས་བྲིས།། བར་དུ་འབར་བའི་རྡོ་རྗེ་ཡང་།། མཐིང་ག་མཛེས་པའི ་རྩེ་ལྔ་དགོད།། རྡོ་རྗེ་ཕུར་པའི་སྟེང་དུ་ཡང་།། དུར་ཁྲོད་རས་སམ་ཤིང་ལེབ་བམ།། གཡམ་པ་དག་ལ་གནས་པ་ཡི།། རྡོ་རྗེའི་ཕྱག་རྒྱ་ཚང་བ་རུ།། བྲིས་ཏེ་ས་ཡི་གཏིང་དུའོ།། དེ་སྟེང་མཁས་པས་ས་མཚོན་ནི།། ཤར་གྱི ་ཕྱོགས་ནས་མཐིང་ག་བླང་།། རྡོ་རྗེའི་རིགས་ཀྱི་བུ་མོས་ནི།། དྲི་ཆུས་ཡང་དག་བྲི་བ་ཡིན།། དེ་སྟེང་ཐོད་པ་དབུས་གནས་པའི།། རྡོ་རྗེ་ཅན་གྱི་དབུས་སུ་ཡིན།། རྣལ་འབྱོར་རྡོ་རྗེ་ཅན་ལ་བལྟ།། བར་ཆོད་བསྲུང་དང ་གཏོར་མ་དང་།། བསྒྲུབ་དང་བྱིན་བརླབ་དབབ་པར་བྱ།། ཇི་ལྟར་འབྲས་བུ་སྨིན་པའི་ཚེ།། ཆོ་ག་མཁས་པས་འབྲས་བུ་བླང་།། དགོན་པའི་སའམ་ཕུག་དག་ཏུ།། རྡོ་རྗེའི་ཏིང་འཛིན་རྣམ་པར ་བརྟག། མཁས་པས་ནན་ཏན་བྱ་བ་ཡིན།། དེ་ལས་དེ་ལྟར་ཡང་བསྐྱེད་པ།། རྡོ་རྗེ་འཛིན་པ་ཉིད་ཀྱི་དངོས།། གཞན་དུ་རྣམ་པར་སྤྱད་པར་བྱ།། སྦྱོར་བ་གཅིག་གི་དངོས་པོས་ཀྱང་།། མཐའ་དང་མཉམ་པ་ནམ་མཁའ ་ལྟར།། ཐོགས་པ་མེད་པའི་ལས་རྣམས་འགྲུབ།། གཟུགས་དང་ཁ་དོག་སྤྱི་དང་མཐུན།། བཅུད་དང་གཟི་བརྗིད་གྲངས་དང་ཚད།། དངོས་པོ་གཞན་ལས་སྤགས་པས་ན།། གྲངས་ཀྱི་དངོས་པོ་ཇི་བཞིན་དུ།། གཟུགས ་ལ་སོགས་པ་དུ་མ་འཕེལ།། ཐ་མལ་པ་ཡི་མངོན་སུམ་མོ།། དང་པོའི་ས་བོན་གང་ཡིན་དེ།། རྡོ་རྗེ་རིགས་ཀྱི་དངོས་པོར་བརྟག། གྲངས་དང་ཚད་ཀྱང་དེ་བཞིན་དུ།། ཕྲིན་ལས་ལ་སོགས་མཁས་པས་བརྟག། རྡོ་རྗེ་ཉུང ་དཀར་རྒྱལ་པོ་བརྟག་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་འཁོར་ལོའི་ཉུང་དཀར་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་ལོའི་ཉུག་དཀར ་རྒྱལ་པོ་འདི་གསུངས་སོ།། དུམ་བུ་བརྒྱད་པའི་ཐོད་པ་ནི།། དཔའ་བོས་དེ་བཞིན་བླང་བར་བྱ།། སྨུག་ནག་དབུ་མའི་ས་ལ་ནི།། སངས་རྒྱས་བཙུན་མོ་བསྟན་པར་བྱ།། འཁོར་ལོ་སེར་པོ་རྩིབས་བརྒྱད་ནི།། སྔོན་གྱི ་རྫས་ནི་བྲིས་ཏེ་སྦ།། ས་ཡི་གཏིང་དུ་ཐོད་པའམ།། མཁས་པས་ཅི་དྲན་གཞག་པར་བྱ།། གཏི་མུག་རྡོ་རྗེ་ཕུར་པ་དང་།། དེ་བཞིན་མ་མོ་ལ་སོགས་པའི།། ཕྱག་རྒྱ་ཚང་བར་བྲི་བར་བྱ།། འཁོར་ལོའི་རིགས་ཀྱི་ཉུང་དཀར ་ནི།། མཁས་པས་གྲངས་ཚད་དབྱིབས་སུ་བརྟག། འཁོར་ལོའི་དུས་སུ་ཡང་དག་ཤིས།། དེ་བཞིན་འབྲས་བུ་དུས་བཞིན་བྱ།། གཏི་མུག་རྡོ་རྗེ་མཉེས་པའི་མཆོག། གཞན་ན་ཡོད་པ་མ་ཡིན་ནོ།། གཏི་མུག་ཅན་རྣམས ་བསད་པ་ལ།། གཞན་ལས་ཡོན་ཏན་འགའ་བྱ་སྟེ།། འཕེལ་བ་དང་ནི་དངོས་ཉིད་ཀྱིས།། རྣལ་འབྱོར་འཁོར་ལོའི་རིགས་སུ་ངེས།། འཁོར་ལོ་ཆེན་པོའི་ཉུང་དཀར་གྱི་རྒྱལ་པོ་བརྟག་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ ་འཛིན་ཏོ།། དེ་ནས་བཅོམ་ལྡན་རིན་པོ་ཆེའི་ཉུང་དཀར་གྱི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིན་པོ་ཆེ་འབར་བའི་ཉུང་དཀར་གྱི་རྒྱལ་པོ་བརྟག་པ་ཞེས་བྱ་བའི་འདི་གསུངས ་སོ།། མཁས་པས་རིན་ཆེན་མཉེས་འདོད་ཅིང་།། ང་རྒྱལ་མྱུར་དུ་ཟད་འདོད་པས།། རིན་ཆེན་རྒྱལ་པོ་བརྟག་པར་བྱ།། ཟོད་པ་ཚལ་པ་བཞི་པ་ལ།། གནས་པའི་སྒོ་ནས་ཟུར་དྲུག་སྟེ།། དྲི་ཆུ་ཟལ་བ་རཀྟ་དང་།། རིན ་ཆེན་བཙུན་མོས་བསླན་པར་བྱ།། དེ་བཞིན་ཞབས་ཀྱང་ཕྱག་རྒྱ་སྟེ།། རིན་ཆེན་འབར་བས་མཛེས་པར་བྱ།། རིན་ཆེན་ཕུར་པའི་རིན་ཆེན་གཏེར།། མཁས་པས་ཕྱི་ནང་ཕྱག་རྒྱར་བཅས།། རིན་ཆེན་ཕྱོགས་ཅུ་རང་གི ་དུས།། འཇུག་དང་འབྱུང་བའི་དུས་ཉིད་དོ།། གསེར་གྱི་མདོག་གིས་གསོ་བར་བྱ།། རྣལ་འབྱོར་ཆོ་ག་མཁས་པ་ཡིས།། རིན་པོ་ཆེ་ལ་བརྟག་པར་བྱས།། རིན་པོ་ཆེའི་ཉུང་དཀར་རྒྱལ་པོ་བརྟག་པའི་དམ ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་པདྨ་ཆེན་པོའི་ཉུང་དཀར་གྱི་རྒྱལ་པོ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨ་ཆེན་པོའི་ཉུང་དཀར་བརྟག་པ་འདི་གསུངས ་སོ།། པདྨའི་རྒྱལ་པོ་མཉེས་པའི་ཕྱིར།། འབད་དེ་པད་པའི་ཉུང་དཀར་བསྒོམ།། རབས་ཆད་མཚན་མ་ངན་པ་ཡི།། ཡང་ན་པད་མའི་རིགས་ཉིད་ལ།། མཁས་པས་པདྨ་འདབ་བརྒྱད་བྲི།། པདྨའི་ཕྱོགས་ནས་པདྨའི ་ས།། ཅི་རིགས་གཞག་པའི་སྟེང་དུ་གཞག། སྟེང་ནས་དེ་བཞིན་རང་གི་ཡང་།། དང་པོ་པདྨའི་དྲི་ཆུ་ཤིས།། གཉིས་པ་ཐབས་ཀྱི་དྲི་ཆུ་དང་།། གལ་ཏེ་བླངས་པས་ལས་རྣམས་འགྲུབ།། དུས་ནི་རྣམ་གཉིས་དུས་ཀྱི ་མཆོག། སྔགས་དང་ཕྱག་རྒྱ་སྔོན་དེ་བཞིན།། མཁས་པས་འབད་དེ་བརྟག་པར་བྱ།། པདྨོའི་ལས་རྣམས་འགྲུབ་པར་འགྱུར།། པདྨ་ཆེན་པོའི་ཉུང་དཀར་གྱི་རྒྱལ་པོ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས ་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཉུང་དཀར་གྱི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ལས་ཀྱི་ཉུང་དཀར་རྒྱལ་པོ་འདི་གསུངས་སོ།། ཉུང་དཀར་ལས་ཀྱི་རྒྱལ་པོ་རྣམས།། དཔའ ་བོས་མཉམ་པར་བྱ་བ་དང་།། བསྒྲུབ་བྱ་གསད་པར་བྱ་བ་ལས།། རྡོ་རྗེ་ལས་ཀྱི་ཐོད་པ་ལ།། དེ་བཞིན་སྔགས་དང་ཕྱག་རྒྱ་ཚང་།། སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་བྲི།། དེ་བཞིན་རང་གི་བཙུན་མོ་བསྐྱེད།། རྡོ་རྗེ་ཕུར ་པའི་སྡེར་མོ་ནི།། རིམ་པ་དང་ནི་མཉམ་དུའོ།། ཐོགས་པ་མེད་པའི་ལས་རྣམས་འགྲུབ།། རྡོ་རྗེ་ལས་ཀྱི་རྒྱལ་པོ་དམ་ཚིག་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྣ་ཚོགས་པའི་ཉུང ་དཀར་གྱི་རྒྱལ་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ལས་ཐམས་ཅད་ཀྱི་ཉུང་དཀར་གྱི་རྒྱལ་པོ་འདི་གསུངས་སོ།། ཐམས་ཅད་ལས་རྣམས་འདོད་པ་ཡི།། ཀུན་གྱི་སྦྱོར་བ་གཅིག་ལ ་ཤེས། ཐམས་ཅད་ལས་བཞིན་སྔོན་ལྟར་བཤད།། རིན་ཆེན་སྤྱི་ཡི་ཆོ་ག་ཡིས།། ཐམས་ཅད་དེ་ལྟར་བྱ་བར་ཤིས།། རྡོ་རྗེ་ཕུར་པ་ཐམས་ཅད་དང་།། སྡེར་མོའི་གསང་སྔགས་གཞན་གྱིས་འགྲུབ།། གལ་ཏེ་རིགས་ན ་འགའ་ཡང་རུང་།། ཐམས་ཅད་མ་ལུས་ལས་རྣམས་འགྲུབ།། ལན་གསུམ་གྱིས་ནི་སྐུ་གསུམ་འགྲུབ།། སྣ་ཚོགས་ཀྱི་ཉུང་དཀར་གྱི་རྒྱལ་པོའི་དམ་ཚིག་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཅོམ་ལྡན ་འདས་རྡོ་རྗེ་སྣ་ཚོགས་པའི་འོད་ཟེར་གྱིས་ཉུང་དཀར་གྱི་རྒྱལ་པོ་རྣམ་པར་བྱིན་གྱིས་བརླབས་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། རྣལ་འབྱོར་ཆོ་ག་ཆེན་པོ་ནི།། ཉུང་དཀར་རྒྱལ་པོ ་འབའ་ཞིག་གི། བྱིན་རླབས་སྔགས་ཀྱིས་བསྒྲུབ་པར་བྱ།། གང་ཞིག་ཉུང་དཀར་མཐུ་འདོད་པས།། དེ་ཡི་དགོས་པ་འགྲུབ་མི་འགྱུར།། འདི་ནི་བསྒྲུབ་པར་བཤད་པ་སྟེ།། དང་པོར་རྣམ་པར་བརྟག་པར ་བྱ།། ཐ་མ་ལ་ནི་ས་བོན་ལ།། དང་པོ་གྱ་ནོམ་བསྡུ་བར་བྱ། ཁྱད་པར་ཚང་བའི་ས་བོན་རྣམས།། པདྨ་རྡོ་རྗེའི་དབུས་གནས་སུ།། སྔགས་ཀྱིས་ཟག་པ་གཟུང་བར་བྱ།། རང་ཉིད་འདོད་ལྷའི་ང་རྒྱལ་གྱིས།། བྱེ་བ་དྲུག ་འབུམ་བགྲང་བར་བྱ།། སྔགས་ཀྱི་མཚན་མ་ཚང་བ་དང་།། མཁས་པས་ཏིང་ངེ་འཛིན་བསྒྲལ་བར་བྱ།། དེ་ནི་དང་པོའི་སྦྱོར་བ་སྟེ།། གལ་ཏེ་བསྐྱེད་པ་མ་ཡིན་ཀྱང་།། དངོས་པོ་འདི་ཡིས་ཕྲ་མོའི་ལས།། འགྲུབ་པར ་འགྱུར་བར་ཐེ་ཚོམ་སྤངས།། ཡང་ནི་བསྒྲུབ་པ་བཤད་བྱ་བ།། མཁས་པས་གུ་གུལ་སྦྱར་མས་འདུག། ཚང་བའི་སྔགས་ནི་གྲངས་སུ་བྱ།། རང་ཉིད་འདོད་ལྷའི་ང་རྒྱལ་གྱིས།། བྱེ་བ་དྲུག་འབུམ་བརྗོད་པར་བྱ།། འདི་ནི ་གཉིས་པ་བསྟན་པ་ཡིན།། སྦྱོར་བའི་དང་པོ་ཟུང་གིས་ཀྱང་།། ཕྲ་མོའི་ལས་རྣམས་འགྲུབ་པར་འགྱུར།། དེ་ནས་ཡང་དག་བཤད་བྱ་སྟེ།། དུག་གི་ཁུ་བས་གོས་པ་ལ།། འདོད་ལྷའི་བྱེ་བ་དྲུག་འབུམ་བརྗོད།། སྦྱོར་བ ་རྣམ་པ་འདི་ཡིས་ཀྱང་།། དེ་བཞིན་ཕྲ་མོའི་ལས་རྣམས་འགྲུབ།། རྡོ་རྗེ་བརྟག་པ་གསུམ་པ་ཡིན།། དེ་ནས་གཞན་ཡང་བཤད་བྱ་སྟེ། ཁྲག་ནི་ཁྲག་ཆེན་ལ་སོགས་ཏེ།། རྣམ་པར་བསམ་པ་ཁྲག་གི་ཆུས།། དེ་བཞིན་བྱེ་བ ་དྲུག་འབུམ་མོ།། རང་ཉིད་འདོད་ལྷའི་ང་རྒྱལ་གྱིས།། པད་མའི་སྣོད་དུ་བསྒྲུབ་པར་བྱ།། འདིས་ནི་དངོས་པོ་ཀུན་འགྲུབ་ན།། རྒྱལ་པོའི་སྦྱོར་བས་ཅི་ཞིག་སྨོས།། ཐམས་ཅད་འགྲུབ་པར་འགྱུར་བས་ན།། བཞི་པ་ཡིས ་ནི་མངོན་དུ་བསྟན།། དེ་ནས་བརྟག་པ་ལྔ་བཤད་དེ།། མཁས་པས་པད་མའི་དྲི་ཆུ་ལས།། བྱེ་བ་དྲུག་འབུམ་བརྗོད་པར་ཤེས།། འདོད་ལྷའི་ང་རྒྱལ་རྫོགས་པར་བྱ།། ཆོ་ག་གཞན་རྣམས་ཚང་བར་རོ།། དེ་ནས་དཔའ ་བོས་རྣམ་བརྟག་པ།། མངོན་དུ་ཇི་ལྟར་གྲགས་པ་སྟེ།། མཁས་པས་ཐོད་པ་ས་ལ་སྦ།། རང་ཉིད་འདོད་ལྷའི་ང་རྒྱལ་ཏེ།། བྱེ་བ་དྲུག་འབུམ་ལ་སོགས་བརྗོད།། འབྲས་བུ་རྫོགས་པའི་དུས་དག་ཏུ།། གུ་གུལ་ལ་སོགས ་ཆོ་ག་བརྩམ།། འདི་ནི་མཁས་པའི་བརྟག་པ་དྲུག། དེ་ནས་ཡང་དག་བཤད་བྱ་བ།། དཔའ་བོས་དངོས་གྲུབ་ཐོབ་པའི་ཕྱིར།། ག་འུ་སྲུབ་མེད་ཆུ་ཐུབ་པར།། རྒྱ་མཚོའི་ནང་ངམ་འབབ་ཆུའི་ངོགས།། རྡོ་རྗེའི་ཟག་པ ་བཏགས་ནས་ཀྱང་།། དེ་བཞིན་བྱེ་བ་དྲུག་འབུམ་བརྗོད།། འདི་དག་བརྟག་པ་བདུན་པར་བཤད།། དེ་ནས་ཡང་དག་བཤད་བྱ་བ།། མཁས་པས་མེ་ཡི་ནང་དུ་ནི།། ཧ་ཅང་ཚིག་པ་མ་ཡིན་པ།། དུར་ཁྲོད་ཚེར་མའི་ཤིང ་གིས་སྲེག། འདོད་ལྷའི་ཏིང་འཛིན་རབ་བརྟན་པས།། བྱེ་བ་དྲུག་འབུམ་བརྗོད་པ་ཡིན།། དེས་ནི་ཇི་ལྟར་ཚ་བའི་མེ།། རླུང་གིས་བསླངས་པ་ཇི་བཞིན་དུ།། འདི་ནི་རིམ་པ་བརྒྱད་པར་བཤད།། དེ་ནས་དཔའ་བོས་རྣམ ་བཤད་པ།། ཐབས་ཀྱི་རྡོ་རྗེ་བསྒྲུབ་པར་བྱ།། གསང་བ་དབང་པོའི་རྡོ་རྗེ་ནི།། རྒྱུ་ནི་ཇི་བཞིན་སྟོང་པར་བརྒྱངས།། དཔའ་བོས་བྱེ་བ་དྲུག་འབུམ་ཡིན།། ཆོ་ག་ཐམས་ཅད་ཚང་བར་བྱ།། འདི་ནི་བརྟག་པ ་དགུ་པའོ།། དེ་ནས་དཔའ་བོས་རྣམ་བརྟག་པ།། པདྨའི་དབྱིབས་ནི་ཟུར་གསུམ་གདོང་།། ཇི་བཞིན་སྙོམས་པའི་སྣོད་ནང་དུ།། དམ་ཆོས་བྱེ་བ་དྲུག་འབུམ་བརྗོད།། འདོད་ལྷའི་ཏིང་འཛིན་འབད་པ་ཡིས།། དོན་རྣམས ་མ་ལུས་སྒྲུབ་པར་བྱེད།། འདི་ནི་བཅུ་པའི་བརྟག་པ་ཡིན།། དེ་ནས་ཡང་དག་བཤད་པ་ནི། ཁྱེའུ་དང་ནི་བུ་མོ་ལ་སོགས་པས།། དངོས་པོ་དག་པའི་རང་བཞིན་ལས།། བྱང་ཆུབ་སེམས་ནི་བླང་བྱ་སྟེ།། གཉིས་སུ་མེད ་པར་འདྲེས་པ་ཡི།། དབུས་མཉམ་པ་ནི་ཉུང་དཀར་ཏེ།། རྡོ་རྗེ་པདྨའི་དབུས་གནས་ཏེ།། མཁས་པས་ཉི་མ་དབབ་པའི་སྔགས།། གཡས་གཡོན་སྟེང་འོག་མ་ནོར་བར།། དམ་དུ་སྦྱར་བའི་དབུས་གནས་ནས།། རྡོ ་རྗེའི་ཟག་པས་གདག་པར་བྱ།། མཉམ་པའི་རྡོ་རྗེའི་ཏིང་ངེ་འཛིན་ནི།། དཔའ་བོས་རྟོག་པ་མེད་པར་བྱ།། རབ་འབར་གསང་སྔགས་བྱེ་བ་དང་།། དྲུག་འབུམ་བྱེ་བ་ཁོ་ནའོ།། དེ་ལྟར་བརྟག་པ་བཅུ་གཅིག་གོ། ཡང་ནི ་ཞིབ་ཏུ་རྣམ་བཤད་པ།། རྨ་མེད་མྱུར་དུ་ཤི་བ་ཡི།། གཞོན་པ་གསར་པའི་མཚན་ཉིད་པ།། དཔའ་བོས་མྱུར་དུ་བླངས་ནས་ཀྱང་།། སྙིང་ནི་མྱུར་དུ་བླངས་ནས་ནི།། ཟུར་གསུམ་གདེངས་པའི་དབུས་གནས་སུ།། ཉུང ་ཀར་རྒྱལ་པོ་བླུག་པར་བྱ།། རབ་འབར་གྲུ་གསུམ་དཀྱིལ་གནས་པ།། མཁས་པས་ནན་ཏན་བྱ་བ་ཡིན།། ཇི་ལྟར་ཏིང་འཛིན་དཔའ་བ་དང་།། སྔགས་ཀྱི་ཆོ་ག་མཁས་པ་ཡིས།། འདོད་ལྷའི་ང་རྒྱལ་བརྟན་པར ་བྱ།། བྱང་ཆུབ་སེམས་རྣམས་དབབ་པར་འགྱུར།། དངོས་གྲུབ་ཆེན་པོ་ཐོགས་མེད་ཡིན།། བཅུ་གཉིས་བརྟག་པ་ངེས་པར་འགྲུབ།། བཅུ་གསུམ་བརྟག་པ་འདིར་བཤད་བྱ།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ ་དང་།། ཆུང་ངུ་ལྷ་ཡི་སྦྱོར་བ་རྣམས།། རྡོ་རྗེ་ཕུར་པ་ལ་སོགས་པ།། ངེས་པར་འགྲུབ་པ་འདོད་པ་ཡིན།། རྒྱ་མདུད་སྣོད་དུ་གནས་པའམ།། ཡང་ན་གསང་བའི་ཆོ་ག་དང་།། གདགས་པའི་གནས་རྣམས་ཤེས་པ ་ཡིས།། བྱེ་བ་དྲུག་འབུམ་བརྗོད་ན་འགྲུབ།། དེ་ཡི་ཏིང་འཛིན་མཁས་པས་བརྟག། ཡང་ན་མཁས་པས་དྲང་བའི་དོན།། ཨཱ་ལི་དང་ནི་ཀཱ་ལི་ཡི།། དབུས་མཉམ་པ་ཡི་གནས་སུ་བཞག། ཨཱཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱཾ།། ་ལྀ་ལཱྀ། ཨེ་ཨཻ། ཨོ་ཨོ། ཨཾ་ཨཱ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། རང་སྔགས་སྐྱེས་བུའི་ཏིང་འཛིན་དང་།། བྱེ་བ་དྲུག་འབུམ་རྣམ་པར ་བརྗོད།། མཁས་པས་བརྟག་དོན་བཅུ་བཞི་པའོ།། དེ་ནས་གཞན་ཡང་བཤད་བྱ་སྟེ།། སངས་རྒྱས་ལྔ་རྣམས་སྐྱེས་པའི་རྒྱུ།། ས་བོན་ཀུན་གྱི་དང་པོ་སྟེ།། མཁས་པས་འབད་པར་བྱ་བ་ཡིན།། འདིས་ནི་བརྟག་པ་བཅོ ་ལྔར་འགྱུར།། དེ་ནས་ཡང་དག་སྔགས་པ་ནི།། མཁས་པས་རྡོ་རྗེ་ཅན་ལ་ཡིན།། དེ་བཞིན་གཤེགས་པའི་རྡོ་རྗེའོ།། གསང་བའི་སྔགས་ཀྱི་བྱིན་གྱིས་བརླབས།། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ།། ་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ར་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏཱ་ཐ་ག་ཏ། བཛྲ་མཱ ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ས་ཏྭ་ཨཱ། འདི་ནི་མཁས་པས་འབད་པར་བྱ།། མཚན་མ་ལ་སོགས་རྣམ་པར་བརྟག། མཁས་པས་དོན་རྣམས་རྫོགས་པར་འགྱུར།། བརྟག་པ་ཆེན་པོ་བཅུ་དྲུག་གིས།། ལས་རྣམས་ཟླ ་རྒྱས་བཞིན་དུ་འབྲེལ།། འདི་ནི་རྣམ་པར་དཔྱད་མི་དགོས།། དེ་ནས་དཔའ་བོས་འབད་པ་ནི།། གནམ་ལྕགས་ལྷུང་བའི་དངོས་པོ་ལ།། འོངས་སམ་གནས་དེར་ཕྱིན་ནས་ཀྱང་།། གསང་སྔགས་བྱེ་བ་དྲག་འབུམ ་བརྗོད།། འདོད་ལྷའི་ང་རྒྱལ་རབ་འབད་པས།། དངོས་པོ་ཐམས་ཅད་ཟིལ་གྱིས་གནན།། བཅུ་བདུན་ལས་སུ་རྣམ་བརྟག་འགྲུབ།། དེ་ནས་འབད་པར་ངེས་བཤད་པ།། སྐུ་གདུང་ཚད་དུ་བསྒྲུབ་བྱ་སྟེ།། སྐུ་གདུང ་མཉམ་སྔགས་རྡོ་རྗེའི་སྣོད།། ཡང་དག་གནས་པའི་འདོད་ལྷ་བརྟག། བྱེ་བ་དྲུག་འབུམ་རབ་བརྗོད་ན།། གང་གི་ལས་རྣམས་མ་ལུས་པར།། སངས་རྒྱས་ཉིད་ཀྱི་མཛད་པར་འགྱུར།། ཨཱ~ཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་ཏུན ་ཏེཥཱནྟ་ཐཱ་ག་ཏོ། ཧྱ་བ་དཏ་ཏེ་ཤཉྩ་ཡོ་ནི་རོ་དྷ་ཨེ་བཾ་བ་དཱི་མ་ཧཱ་ཤྲ་མ་ཎ། འདི་ནི་ཆོས་ཉིད་འབྲིང་པོ་སྟེ།། མཁས་པས་སྐུ་གདུང་ལྟ་བུར་བསྒྲུབས།། དཔའ་བོས་རིང་བསྲེལ་འཛིན་པར་འགྱུར།། ཡོན་ཏན་རྒྱལ་བས ་བརྗོད་མི་ནུས།། འདི་ནི་བརྟག་པ་བཅོ་བརྒྱད་དོ།། དེ་ནས་དཔའ་བོས་རྣམ་བརྟག་པ།། དུར་ཁྲོད་ཆེན་པོར་སོང་ནས་ཀྱང་།། འདོད་ལྷའི་བྱེ་བ་དྲུག་འབུམ་བརྗོད།། བཅུ་དགུ་པ་ཡི་བརྟག་པ་ཡིན།། དེ་ནས་རབ་ཏུ ་བཤད་པ་ནི།། གང་དག་གནས་ཀྱི་ཁྱད་པར་གྱིས།། མཁས་པས་བསྒྲུབ་པ་བཤད་པར་བྱ།། དེ་བཞིན་གཤེགས་དང་བྱང་ཆུབ་སེམས།། འཕགས་པ་རང་རྒྱལ་དགྲ་བཅོམ་རྣམས།། འདས་པར་གང་དག་བཞུགས་པ ་རྣམས།། དཔའ་བོས་འབད་དེ་སོང་ནས་ནི།། བསྒྲིམས་ཏེ་རབ་ཏུ་འབད་པར་བྱ།། དེར་ཡང་མཁས་པས་བརྟག་པ་ནི།། ལྷག་པར་མོས་པའི་ཏིང་འཛིན་བསྒོམ།། དེ་ཡི་གཟི་བརྗིད་ཆེན་པོ་ཡིས།། གསང་སྔགས་བྱེ་བ ་དྲུག་འབུམ་བརྗོད།། དེ་ལས་གྲུབ་པའི་མཚན་མའམ།། གལ་ཏེ་བདུད་ཀྱི་བར་ཆོད་ལ།། རྣལ་འབྱོར་འཇིགས་པར་མི་བྱའོ།། འཇིགས་ན་མྱུར་དུ་གསོད་པར་འགྱུར།། དེ་ཉིད་འཇིགས་པ་གང་གིས་བྱས།། དཔའ་བོས ་ལས་རྣམས་མ་ལུས་འགྲུབ།། རྣམ་པ་ཉི་ཤུ་འདི་བརྟག་སྟེ།། མཁས་པས་ཐེ་ཚོམ་མེད་པར་བྱ།། ཡང་ནི་བརྟག་པར་བྱ་བ་ནི།། ཤིང་གི་རྩ་བར་སྒྲུབ་བྱ་སྟེ།། ཤིང་ནི་བྲམ་ཟེའི་རི་བསྐལ་ན།། ཡང་ན་འགག་གིས་བགྱིག ་སྟེ་ཤི།། གཅིག་པུར་གནས་པའི་ཤིང་དག་གམ།། གང་དག་སྐམ་པོའི་ཤིང་རྩེ་ལ། ཁམ་སའི་གབ་རྩེ་རླུང་གི་རིགས།། དམ་དུ་གནས་པ་ལྕེ་ལ་གདགས།། མཁས་པས་འདོད་ལྷའི་ཏིང་འཛིན་གྱིས།། བྱེ ་བ་དྲུག་འབུམ་བརྗོད་ན་འགྲུབ།། འདི་ལ་རྣམ་པར་དཔྱད་མི་དགོས།། རྣམ་པ་རྩ་གཅིག་བརྟག་པ་ཡིན།། དེ་ནས་ཡང་དག་བཤད་བྱ་བ།། མཁས་པས་རི་བོའི་རྩེ་ལ་སོང་།། རབ་ཏུ་འབད་དེ་བྱ་བར་ཤིས།། འདོད ་ལྷའི་ང་རྒྱལ་རབ་བརྟན་པས།། བྱེ་བ་དྲུག་འབུམ་བརྗོད་པར་བྱ།། འདི་ནི་ཉི་ཤུ་རྩ་གཉིས་ཀྱིས།། བརྟག་པ་ཁོ་ནར་བཤད་པ་ཡིན།། དེ་ནས་ཡང་དག་བཤད་བྱ་བ།། གང་དག་དཔའ་བོས་དུ་མ་རྫོགས།། རིམ་པ ་བཞིན་དུ་བསྒྲུབ་པ་ནི།། མཁས་པས་ཆོ་ག་ཆེན་པོ་ཡིས།། ཉུང་དཀར་རྒྱལ་པོ་མ་བསྒྲུབས་ཀྱང་།། གདོས་པའི་དངོས་པོ་སྦྱར་བ་རྣམས།། དུ་མའམ་ནི་ཡང་ན་གཅིག། འབད་པས་དོན་རྣམས་མ་ལུས་འགྲུབ།། གལ་ཏེ ་རྫོགས་པར་དུ་མ་ཚང་།། དེ་བཞིན་དུ་མའི་རིམ་པ་གསུམ།། གང་དག་དེ་ཡིན་མཁས་པའི་མཆོག། བླ་མེད་རྡོ་རྗེའི་རང་བཞིན་ཅན།། འབད་པ་གཞན་ལ་ལྟོས་པ་མེད།། ཐོགས་མེད་ལས་རྣམས་མ་ལུས ་འགྲུབ།། སངས་རྒྱས་ཉིད་ཀྱི་རང་བཞིན་པས།། གཞན་དུ་བརྟག་པར་མི་བྱའོ།། དེ་ཡི་རྐང་རྗེས་མ་དག་ཀྱང་།། དེ་ནི་ས་ཕྱོགས་གང་དག་གི། མཆོད་རྟེན་ཆེན་པོ་དེ་ཡིན་ནོ།། རྒྱལ་སྲས་སྤྲུལ་པ་མཐའ་ཡས ་རྣམས།། དེ་ཡི་མངག་གཞུག་བྱེད་དུ་རུང་།། སྔོན་ཚེ་རྡོ་རྗེ་དམོད་པ་བོར།། འདི་ལ་རྣམ་པར་དཔྱད་མི་དགོས།། གལ་ཏེ་རྫོགས་པར་མ་བྱས་ཀྱང་།། ལན་འགའ་འགའ་ཞིག་དུ་མར་སྦྱར།། དེས་ནི་ལས་རྣམས་ཆེས ་འགྲུབ་པར།། ཐོགས་པ་མེད་པར་ང་ཡིས་བཤད།། འདི་ནི་རྣལ་འབྱོར་རྣམས་ཀྱི་གཞི།། མཁས་པས་འབད་པར་བྱ་བ་ཡིན།། རྣམ་པ་གཞན་ལ་མི་དཔྱོད་ཅིང་།། ཡོན་ཏན་རྡོ་རྗེ་ཅན་དུ་འགྱུར།། འགའ་ཞིག་འདི་དག ་མ་ཡིན་པར། ཁྱད་པར་ཀུན་ལ་ཡོད་པར་འཛིན།། དེ་ནི་ཉམས་པ་ཆེན་པོ་སྟེ།། སྡིག་པ་ཅན་དག་འགྲོག་པར་འདོད།། དེ་དང་ཕྱོགས་ཀྱང་སྤང་བར་བྱ།། མཆོད་པ་ཆེན་པོ་ཆེར་གྲགས་དང་།། གང་དུ་རྣམ་པར་གྲགས ་པ་ནི།། སངས་རྒྱས་རྣམས་ཀྱི་བསྟན་པ་ལའོ།། རྡོ་རྗེ་ཅན་གྱི་མཐུ་རྣམས་ནི།། ཐམས་ཅད་འདི་ལས་འབྱུང་བའི་ཕྱིར།། མཁས་པས་ཡང་དག་འབད་པར་བྱ།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། མཉེས་པར་བྱེད་པ ་རྡོ་རྗེའི་འཆོག། ཕྱོགས་བཅུ་རྒྱལ་བའི་སྲས་རྣམས་ནི།། བསམ་པ་ཙམ་གྱིས་མྱུར་དུ་བྱོན།། གང་དག་ལས་ཀྱི་ཚོགས་རྣམས་ནི།། བདེན་པར་ཁས་བླངས་དམ་བཅས་པའི།། འཁོར་དུ་གཏོགས་པའི་རྒྱ་མཚོ ་རྣམས།། ཐམས་ཅད་མ་ལུས་ལས་རྣམས་བྱེད།། འདི་དང་ཕ་རོལ་གཉིས་ཀ་ཡོང་།། དོན་རྣམས་དྲན་པར་བྱེད་པའི་ཕྱིར།། རྟག་ཏུ་སངས་རྒྱས་བསྔགས་པ་མཛད།། ཉུང་དཀར་གྱི་རྒྱལ་པོ་ཆེན་པོའི་སྦྱོར་བ་མངོན་དུ ་བརྟག་པ་ལས་བྱིན་གྱིས་བརླབས་པ་དུ་མ་ཆེར་བསྒྲུབས་པའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཉུང་དཀར་གྱི་རྒྱལ་པོ་ཞེས་བྱ་བའི་བསྒྲུབ་པའི་ལས་ཕུན་སུམ་ཚོགས་པ་འདི ་གསུངས་སོ།། མཁས་པ་རྣམས་ནི་རྡོ་རྗེའི་སྣོད།། དེ་ལ་རྒྱལ་བས་སྲས་དགོངས་ཏེ།། བྱིན་གྱིས་བརླབས་པ་མཛད་པ་ཡིན།། དེ་ལ་རྡོ་རྗེ་ལས་རྣམས་བཤས།། གང་དུ་དང་པོ་མཁས་པ་ཡིས།། རྡོ་རྗེ་པདྨའི་དབུས ་གནས་པར།། ཉུང་དཀར་རྒྱལ་པོ་བཞག་སྟེ་བསྒྲུབ།། ཟླ་བ་གཟས་ཟིན་ཚེ་ན་ནི།། ལག་པས་ཡང་དག་གནན་པར་བྱ།། འཕར་དང་འགུལ་དང་འོད་དང་དྲི།། རོ་དང་སྒྲ་དང་འཕེལ་བ་དང་།། འབྲས་བུ་ཕུན་སུམ ་ཚོགས་པ་འགྲུབ།། དེ་ཚེ་མཁས་པས་སྒྲ་བྱུང་ན།། འཇིག་རྟེན་སྟོང་གི་ཚིག་རྣམས་ཀྱང་།། དག་དང་མ་དག་ཐོས་པར་འགྱུར།། གང་དག་དྲི་རྣམས་བྱུང་བ་ཡིས།། འོད་དཔག་མེད་པའི་མདུན་ས་བཞིན།། བདག་ལ་དྲི ་མཆོག་ཐོབ་པར་འགྱུར།། དེ་ལ་རོ་རྣམས་བྱུང་བ་ནི།། ཉུང་དཀར་རྒྱལ་པོ་བླང་ནས་ནི།། ཡང་དག་ཟོས་པར་གྱུར་པས་ནི།། རྡོ་རྗེ་ཆོས་ཀྱི་ལྕེ་ཐོབ་འགྱུར།། འོད་ཟེར་འབར་བ་གང་གིས་འཐོབ།། དེ་ཡི་གཟི་བརྗིད ་རྒྱས་པར་འགྱུར།། སྐྲ་དཀར་གཉེར་མ་ཟད་པ་དང་།། གཞོན་ནུ་བྱེ་བ་དྲུག་བཅུར་གནས།། བསྐལ་པ་དང་ནི་ལོ་རྣམས་ཏེ།། འདོད་ན་ནམ་མཁའི་ཚེ་དང་མཉམ།། གང་དག་བཀྲུ་བར་འགྱུར་བ་ནི།། རྐང་མགྱོགས་ལ ་སོགས་ཐོབ་པར་འགྱུར།། རྡོ་རྗེའི་ཕོ་ཉ་འདྲ་བར་འགྱུར།། ཇི་ལྟར་འཕར་བར་འགྱུར་བ་ན།། སངས་རྒྱས་ཞིང་དུ་འགྲོ་བ་ཡི།། རྡོ་རྗེའི་རྐང་པ་ཐོབ་པར་འགྱུར།། དངོས་གྲུབ་དུ་མར་འཕེལ་བ་དང་།། དུ་མ་རྒྱས་པ ་འཕེལ་བར་འགྱུར།། བསམས་པས་དོན་རྣམས་འགྲུབ་པར་འགྱུར།། ཐོགས་པ་མེད་པའི་ལས་རྣམས་ནི།། འབད་པ་མེད་པར་འབྱུང་བར་འགྱུར།། དུ་བ་བྱུང་བ་མིག་བསྐུས་ཏེ།། འཇིག་རྟེན་བསྐྱང་བའི་ཕ་རོལ ་ན།། གནས་པ་ཅུང་ཟད་མ་ལུས་པ།། ནམ་མཁའི་སྐབས་ན་བཞུགས་པ་ཡི།། སངས་རྒྱས་སྲས་དང་བཅས་པ་མཐོང་།། གཞན་ཡང་ཐོགས་མེད་འགྲུབ་པར་འགྱུར།། ཉུང་དཀར་གྱི་རྒྱལ་པོ་མཐུ་སྒྲུབ་པ་ཞེས་བྱ་བའི ་རྣམ་པར་བརྟག་པའི་ཏིང་ངེ་འཛིན་ཏོ།། དེ་ནས་གཞན་ཡང་བཤད་བྱ་བ།། རྨ་མེད་མྱུར་དུ་ཤི་བ་ཡི།། གཞོན་པ་གསར་བར་ལྡན་པ་ནི།། བླངས་ཏེ་བསྒྲུབ་པར་བྱ་བ་ནི།། གང་ལ་མིག་གིས་ནང་དུ་ཡང་།། འབྲས་བུ ་གཅིག་གཞག་བསྒྲུབས་པ་ཡིས།། ཅི་སྟེ་མིག་འབྲས་འགུལ་བ་དང་།། བླངས་ཏེ་བདག་གི་མིག་ལ་བསྟིམ།། གཉིས་ཀ་ཡང་ནི་གཅིག་པ་ཡིས།། མིག་ནི་ལྷ་ཡི་མིག་ཏུ་འགྱུར།། མཉམ་དུ་གནས་པའི་ལྕེ་སྟེངས ་སུ།། འབྲས་བུ་གཅིག་ནི་མངོན་པར་གཞག། གང་གི་ལྕེ་དེ་བརྐྱང་བའི་ངང་།། སོ་ཡིས་བཅད་དེ་འཆོས་ན་ཡང་།། རྡོ་རྗེའི་ལྕེ་ནི་ཐོབ་པར་འགྱུར།། གང་གིས་རྣ་བའི་དབང་པོ་ཡི།། ནང་དུ་དེ་བཞིན་ས་བོན ་གནས།། གང་ལ་རྣ་བ་འགུལ་བ་ནི།། བཅད་དེ་རྣ་བའི་དབུས་གནས་སུ།། དེ་ནི་བསྟིམ་པར་བྱ་བ་ཡིན།། རྡོ་རྗེའི་སྙན་མཆོག་ཐོབ་པར་འགྱུར།། གང་གི་ལུས་ཀྱི་དབང་པོ་ལ།། དེ་བཞིན་ས་བོན་བཞག ་པར་ཤེས།། ཇི་ལྟར་འགུལ་བའི་དུས་དག་ཏུ།། དེ་བཞིན་བསྟིམ་པས་རྡོ་རྗེ་ཐོབ།། གང་གི་སྙིང་ལ་ས་བོན་གཞག། བསྒྲུབ་པས་དུས་སུ་དེ་བཞིན་ཏེ།། རྡོ་རྗེ་ཆོས་མཆོག་ཐོབ་པར་འགྱུར།། ཐམས་ཅད་ཟླ་བའི་དུས་དང ་སྦྱར།། ཉུང་དཀར་གྱི་རྒྱལ་པོ་བརྟག་པ་གཞན་ལ་རིག་པ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་དག་བཤད་བྱ་བ།། དངོས་གྲུབ་ཕན་པའི་ཏིང་ངེ་འཛིན་གྱིས།། བདག་དང་གཞན་ལས་དགོས་པར ་འགྱུར།། ཉུང་དཀར་རྒྱལ་པོ་གཅིག་ཙམ་ཡང་།། གྲོང་གི་འོག་ན་ཆུ་ཀླུང་སྟེ།། ཐམས་ཅད་ཕྱག་རྒྱ་བསྟན་པ་རུ།། ཆུ་རྣམས་ནང་དུ་མི་ཚོར་བར།། བརྟན་པར་གཞག་ན་ཡུལ་ཁམས་ཀྱི།། གྲགས་པ་འབར་བ་ལེགས་པ ་སྟེ།། རིམས་དང་ནད་རྣམས་མི་འབྱུང་ཞིང་།། འགྲོ་བ་བཀྲ་ཤིས་ཁོ་ན་ཡིན།། ཡང་ན་མཁས་པས་བརྟག་བྱ་བ།། ཡུལ་གྱི་ཕུར་ནི་མཆོད་རྟེན་ཅན།། བཅུ་པ་ལ་ནི་ས་བོན་གནས།། འགྲོ་བའི་བཀྲ་ཤིས་སྐྱེད་པའི ་ཕྱིར།། རྒྱལ་ཁམས་ལེགས་པས་འབད་པ་ཡིན།། ཡང་ནི་བཤད་པར་བྱ་བ་ནི།། བཞི་མདོ་དང་ནི་སུམ་མདོ་དང་།། རྒྱལ་པོ་ཡི་ནི་ལམ་ཀ་དང་།། རྡོ་རྗེ་རིགས་ལ་བརྟག་ནས་ཀྱང་།། མང་ཁུ་ཆེན་པོས་བསྒྲུབས་ནས ་ནི།། གང་གིས་མཐོང་བ་ཞི་བར་འགྱུར།། དེ་ནས་ཡང་དག་བཤད་བྱ་བ།། འགྲོ་བ་གང་ཞིག་འཚེ་བ་དང་།། འཆི་ཀ་ཤི་བར་གྱུར་པ་ཡི།། ལུས་དང་ངག་ལས་མིང་དང་ཕྱོགས།། གང་དག་སྔགས་གཅིག་བགྲང་བ ་ཡང་།། སྡིག་པ་མེད་དེ་བྱང་ཆུབ་ངེས།། དུད་འགྲོ་གང་དག་འཐབ་པ་ལ།། ཐལ་བ་ཆེན་པོས་བྱུགས་ནས་ཀྱང་།། ས་བོན་འཕངས་པས་མྱུར་དུ་ཞི།། མི་རྣམས་རྩོད་པ་ཆེན་པོའི་ཚེ།། རྩོད་པའི་ཕྱོགས་སུ་འབར ་བ་ཡི།། འདོད་ལྷའི་ཕྱག་རྒྱས་གནས་པའི་དབུས།། ས་བོན་དག་ཀྱང་གནས་པ་ཡིས།། འཐབ་པ་མྱུར་དུ་ཞི་བར་བྱེད།། གང་ལ་སེར་བ་འབབ་པ་ཡི།། ས་ཕྱོགས་དག་ན་གང་ངེས་པར།། འདོད་ལྷའི་ཕྱག་རྒྱ་དབུས ་གནས་སུ།། ས་བོན་གནས་པ་གཞག་པར་བྱ།། ཐེག་པ་ཆེན་པོ་བྱུང་བའི་ཚེ།། ཀླུ་ཡི་ཁྱིམ་དུ་མེ་བོར་ན།། ཧ་ཅང་ཆེས་ན་ས་བོན་གཅིག། ཙན་དན་མེ་ལ་བསྲེག་ན་ཆད།། གནམ་ལྕགས་ལྷུང་བར་དོགས་པ་དང་།། ནམ ་མཁའ་ལྡིང་གི་གཟུགས་བྱས་ཏེ།། རབ་ཏུ་འབད་པས་ས་བོན་ཆེ།། མཁས་པས་རི་དང་ས་ཕྱོགས་དང་།། ཡང་ན་ཁྱིམ་དང་དགོན་པའམ།། གཙུག་ལག་ཁང་གི་སྟེང་དུ་གཞག། དུ་མར་དོགས་པ་ཞེས་ཀྱང་བྱ།། གནམ ་ལྕགས་ལྷུང་བར་མི་འགྱུར་རོ།། གྲོང་ལ་སོགས་པ་མེས་ཚིག་ན།། མཁས་པས་ཆུ་ལ་བསྒྲུབས་ནས་ཀྱང་།། ས་ཕྱོགས་དག་ཏུ་འཕང་བར་བྱ།། དཔའ་བོས་བྱིན་གྱིས་བརླབས་པ་ལ།། ནམ་དུ་ཡང་ནི་ཐེ་ཚོམ ་སྤངས།། གང་དག་གདོན་གྱིས་བཏབ་པ་ལ།། བསྔགས་པའི་ཆུ་ཡིས་བཏབ་པའམ།། ནད་པའི་མགུལ་དུ་བཏགས་བྱས་ན།། དེ་ཡི་མོད་ལ་ཞི་བ་དང་།། ཕྱིས་ཀྱང་མ་གནོད་ཕན་པར་སེམས།། དེ་ནས ་ཡང་དག་བཤད་པར་བྱ།། སྒོ་ལྕགས་དབྱེ་བར་འདོད་པ་ཡིས།། གཅིག་བསྣུན་པས་ནི་ལས་རྣམས་བྱེད།། འདི་ལ་རྣམ་པར་དཔྱོད་མི་དགོས།། ཉི་མ་གཅན་གྱིས་ཟིན་པ་ལ།། མཁས་པས་དུང་དང་རྔ་ལ་གདགས།། སྒྲ ་ནི་དྲག་པོར་བརྗོད་པས་ཀྱང་།། ལྷ་མིན་དབང་པོ་མྱུར་དུ་སྲེག། ཟླ་བ་གཅན་གྱིས་ཟིན་པ་ལ།། རྡོ་རྗེ་དྲི་ཆུ་དྲངས་པའི་སྣོད།། གཟུགས་བརྙན་གནས་པའི་དངོས་པོ་ལ།། ས་བོན་དུ་མ་བསྣུན་པས་ནི།། ལྷ་མིན་རས ་དང་བཅས་པ་འབྲོས།། དཀར་པོ་རྣམ་པར་རྒྱལ་བར་འགྱུར།། དུས་མ་ཡིན་པར་གྲོང་དག་གམ།། དུས་ཀྱི་རང་བཞིན་འབད་པས་ནི།། མཁས་པས་ས་བོན་བསྲེགས་པ་ཡི།། དུ་བ་ཤེས་པ་བདུག་པར་བྱ།། དགོས་པ ་ཕུན་སུམ་ཐོབ་པར་འགྱུར།། འདི་ནི་བདག་གིས་སྦྱིན་བསྲེག་བྱས།། བདག་ལ་སོགས་པའི་གནོད་པ་ལ།། སེར་པོ་ཤིང་གི་བསྲེག་བྱས་ན།། འཇིག་རྟེན་པ་ལ་ཕན་འགྱུར་ཏེ།། ཐང་གཅིག་བདེ་བ་སྐྱེད་པར་བྱེད།། ཡང ་ནི་བཤད་པར་བྱ་བ་ཡོད།། ཡུལ་ཁམས་ནད་ཀྱིས་འཚེས་པ་དང་།། འབྱུང་པོ་མང་པོ་གནོད་པའི་ཚེ།། མཁས་པས་ཆུ་ལ་བསྔགས་པའམ།། ལུས་ལ་བཏབ་ནས་བསྣུན་པས་ཞི།། འཇིག་རྟེན་མགོན་པོའི་སྤྱན་སྔར ་ནི།། མཆོད་པ་ལེགས་པར་སྦྱར་བས་ནི།། འགྲོ་བ་ནད་ལས་ཐར་བར་འགྱུར།། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་བློ་ཡི་ཆོ་ག་སྟེ།། ཉི་མ་འདི་ནི་རྩེ་མོ་ལ།། འཇམ་དཔལ་དབྱངས་ཀྱི་སྤྱན་སྔ་རུ།། གཙང་མ་ཡི་ནི ་ཆུ་རྣམས་ལ།། ས་བོན་ལེགས་པར་བསྔགས་པ་སྟེ།། རྡོ་རྗེའི་ཆུ་ནི་འཐུང་བར་བྱ།། རྡོ་རྗེ་ཉུང་དཀར་བློ་ཡི་མཆོག། རྡོ་རྗེ་བློ་གྲོས་འཕེལ་བར་འགྱུར།། ཡང་ནི་མཁས་པས་འབད་པ་ནི།། བུད་མེད་གང་དག་བུ་མེད ་པ།། ཆུ་ནི་ས་བོན་ཚང་བ་དང་།། རྟག་ཏུ་མཁས་པས་བླུད་པར་བྱ།། མོ་གཤམ་དང་ནི་འདྲ་བ་ཡང་།། རིགས་རྒྱུད་འཕེལ་བར་ཡང་དག་འགྱུར།། མཁས་པས་ཆུ་དང་ཚེར་མ་ལ།། སྔགས་ནི་མ་ལུས་མ་ཡིན་ཏེ།། སྒྲ ་ཚིལ་གྱིས་ནི་བསྒྲུབ་བྱ་ལ།། ས་བོན་མིག་ཏུ་གནས་པ་ལ།། ཚེར་མ་དཀར་པོས་མིག་གཏུབས་ནས།། མ་རུ་རྩེ་ཡི་སྤྱན་སྔ་རུ།། མཁས་པས་ནན་ཏན་བྱས་ནས་ནི།། ཆོམ་རྐུན་ཐམས་ཅད་ལྡེངས་པར་འགྱུར།། གཤིན ་རྗེའི་རྒྱལ་གྱིས་ཡི་དྭགས་བསྐྲད།། རྡོ་རྗེ་ཐོད་དབྱུག་སྦྱོར་བས་སུ།། ཧཱུཾ་མཛད་ཀྱི་ནི་ཕྱག་འཚལ་གྱིས།། ས་བོན་བཅས་པར་འགྱུར་བ་ལ།། ལྷ་དང་ལྷ་མིན་བསྡིགས་པར་བྱེད།། རྡོ་རྗེ་སྒྲོལ་བའི་སྤྱན་སྔར་ནི།། འཇིག ་རྟེན་དབང་དུ་བྱ་བ་བརྩམ།། ས་བོན་བཅས་པ་མཁས་པས་འགྲུབ།། རྡོ་རྗེ་ལྷ་མོ་སྐུལ་བྱེད་མས།། ཡི་དྭགས་དབབ་པར་བྱ་བ་ཡི།། ས་བོན་ཆོ་ག་རུང་དུ་འབབ།། འཕགས་པ་ནོར་གྱི་རྒྱུད་འཕེལ་གྱིས།། མཛད་པ་ལ ་ནི་སྤྱན་སྔ་རུ།། ས་བོན་བཅས་པར་མཁས་པ་ཡིས།། གཏེར་གྱི་ཆོ་ག་བརྩམ་པར་བྱ།། ས་ཡི་ལྷ་མོའི་དྲུང་དུ་ནི།། ས་བོན་བཅས་པའི་ཆོ་ག་ཡིས།། ས་བཞི་བཀྲ་ཤིས་གཙང་མར་སྦྱར།། སྦྱིན་སྲེག་བྱེད ་པའི་དུས་རྣམས་ལ།། དྲང་སྲོང་ལ་སོགས་དཀྱིལ་འཁོར་ལ།། ཐམས་ཅད་མཆོད་པར་བྱ་བ་ལ།། བགེགས་རྣམས་ཀྱང་ནི་མྱུར་དུ་སྲེག། རྣམ་པར་ཉོན་མོངས་འགྱུར་བ་ཡི།། གང་དག་འཇིགས་པ་ཆེར་གཡོས་ན།། བྱ ་ཁྱུང་རྒྱལ་པོའི་དྲུང་དུ་ནི།། མཁས་པས་ས་བོན་སྔགས་དང་བཅས།། མཁས་པའི་ཆོ་ག་རྫོགས་པ་དང་།། ས་བོན་གདགས་བྱའི་གནས་སུ་གདགས།། དུག་རྣམས་བདུད་རྩིར་སྣང་བར་བྱེད།། འདི་ལ་རྣམ་པར་དཔྱད ་མི་དགོས།། མཁས་པས་ཙནྡན་ལ་སོགས་པ།། མེ་དཔུང་ཐལ་བའི་གཟུགས་ཀྱིས་ནི།། གང་དག་གནོད་པར་སྣང་བ་ལ།། མཆེ་བའམ་ནི་གཟུགས་བསྟན་ལ།། ས་བོན་ཆེན་པོས་བསྣུན་པ་དང་།། ཕྱོགས་རྣམས་སུ་ཡང ་བསྣུན་པ་ཡིས།། གནོད་པ་ཐམས་ཅད་ཞི་བར་འགྱུར།། ཐམས་ཅད་ལོ་ཏོག་གནོད་ལ་སོགས།། བྱ་དང་བྱེའུ་ལ་སོགས་པ།། གཟུགས་བརྙན་རྡོ་རྒྱུས་དག་གིས་ཏེ།། ས་བོན་བཅས་པས་འཆིང་བར་འགྱུར།། འདི་ལ ་རྣམ་པར་དཔྱད་མི་དགོས།། མཁས་པས་རྡོ་རྗེའི་ཆུ་རྣམས་ནི།། ཆུ་ཡི་སྣོད་དུ་གནས་པ་ལས།། ས་བོན་སྔགས་དང་བཅས་པ་ཡིས།། ཆུ་ནི་རྡོ་རྗེ་འདྲར་འགྱུར་ཏེ།། བརྟན་པར་གྱུར་ན་མཁས་པ་ཡིས།། ཆུ་བོ་རྐང་པས ་གནོན་ཏེ་འགྲོ།། མནན་ཡང་ཐོགས་པ་མེད་པར་འགྱུར།། ས་བོན་སྔགས་དང་བཅས་པ་རྣམས།། གཙང་མའི་ཆུ་ནི་དྲི་དང་ལྡན།། མཁས་པས་ས་བོན་བསྣུན་པ་ལ།། པ་རྣ་ཤ་རའི་དྲུང་དུ་འཁོད།། བྱོལ་སོང་བདེ་བ ་བསྐྱེད་པར་བྱ།། དབང་ཕྱུག་ཆེན་པོའི་ལིངྒ་ཡི།། མཚན་མ་གཅིག་པར་རབ་སོང་ནས།། ཆུང་མའི་གནས་ལ་ས་བོན་གནས།། ཇི་ཙམ་དབང་དུ་ཆུད་པ་དང་།། ལས་རྣམས་དམིགས་ཀྱིས་བསྒོ་བ་འགྲུབ།། འདི་ལ་རྣམ ་པར་དཔྱད་མི་དགོས།། གཞན་དུ་ནམས་ཀྱང་མ་ཡིན་ནོ།། འཕགས་པ་ཉུང་དཀར་གྱི་རྒྱལ་པོ་རྣམ་པར་བརྟག་པ་ལས། ཕན་པའི་རྣམ་པར་བཤད་པའི་དམ་ཚིག་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང ་དག་བཤད་བྱ་བ།། སློབ་དཔོན་སྨོད་པར་བྱེད་པ་དང་།། སྡིག་པས་ཡོངས་ལ་འཁུ་བ་དང་།། དམ་ཚིག་ལས་རྣམས་ཉམས་པ་དང་།། མཁས་པས་བསྐྲད་དམ་བཅིངས་པའམ།། རེངས་དང་བརྒྱལ་ཞིང་མྱོས་པ ་དང་།། སྤྲོ་བ་ལ་སོགས་བསྟན་པ་ཡིན།། གལ་ཏེ་ཕྲ་མོའི་ལས་ཀྱིས་ཀྱང་།། ཐམས་ཅད་འདུལ་བར་མ་འགྱུར་ན།། ངེས་པར་གསོད་པ་རྩོམ་པར་བྱ།། འདི་ལྟར་སློབ་དཔོན་སྨོད་པ་ལ།། དུག་གི་རྩ་བའི་འོག་ནས ་ནི།། ས་ལ་དེ་ཡི་ལྕེ་བྱས་ན།། ས་བོན་བཅས་པའི་སྦྱོར་བ་ཡིས།། གང་དག་འཁྲུལ་པ་བརྗོད་པ་དེ།། ལྕེ་ནི་རྣམ་པར་རེངས་པར་བྱེད།། ཞི་བར་འདོད་ན་འོ་མས་བཀྲུ།། དེ་ནས་གཞན་ཡང་རྣམ་བཤད་པ།། སྐྱེ ་བོ་ཡོངས་ལ་གནོད་པ་དེ།། གཟུགས་ནི་ལམ་གྱི་ས་ལ་སོགས།། དུར་ཁྲོད་ཚེར་མས་རྐང་པ་ལ།། རྣམ་པར་བཏབ་པས་འཁུམ་པར་འགྱུར།། ཞི་བར་འདོད་ན་ཨ་རུ་ར།། བསྲེགས་པས་འདུག་པ་ཕན་པ ་ཡིན།། ས་བོན་ཐམས་ཅད་གདོན་མི་ཟ།། དཀོན་མཆོག་སྨོད་པར་བྱེད་པ་དེ།། འཇིག་རྟེན་གཞན་དུ་བསྐྲད་པར་བྱ།། དུད་ཀ་རྔ་མོའི་གཟུགས་བརྙན་ནི།། དུར་ཁྲོད་ཤིང་ལ་བྲིས་པ་སྟེ།། བསྒྲུབ་བྱའི་གཟུགས་བརྙན ་གནས་པ་ལ།། ས་བོན་བསྲེགས་པའི་དུད་པ་ཡིས།། འཇིག་རྟེན་དང་ནི་ཡུལ་གཞན་དུ།། ཉམས་ནས་འཁྱམས་པར་འགྱུར་བ་ཡིན།། ཞི་བར་འདོད་ན་དུང་གིས་ནི།། བཏགས་ཏེ་ས་དང་མཉམ་བསྲེས་ན།། བསྒྲུབ་བྱ ་ས་ཡི་མིག་འབྲས་ཅན།། འབྲས་བུ་གནས་སུ་ས་བོན་ཆེ།། བསྔགས་པར་འདོད་ན་མཆོག་འཛིན་ནོ།། ཞི་བར་འདོད་ན་ས་བོན་དབྱུང་།། ཡང་དག་གནོན་པ་འདིར་བཤད་བྱ།། རི་རབ་རི་དང་བཅས་པས་མནན།། ས ་བོན་གཟུགས་དང་བཅས་པས་ཀྱང་།། ཞི་བར་འདོད་ན་བྲག་གི་ཆུས།། ཐམས་ཅད་བཀྲུ་བར་བྱ་བ་ཡིན།། ཡང་ནི་གནོན་པའི་ལས་ཡོད་དེ།། གླང་པོ་ཆེ་དང་སེང་གེ་དང་།། རི་དང་རི་རབ་མཚོ་དང་བཅས།། ཤིང་དང ་བྲག་དང་ས་བཞི་དང་།། འདིར་གནས་པ་ཡི་འབྱུང་པོའོ།། སངས་རྒྱས་སྲས་དང་བཅས་པ་དང་།། དེ་བཞིན་འབྱུང་པོའི་ཆོ་འཕྲུལ་ཏེ།། དངོས་པོ་གང་དང་གང་དག་གིས།། བསྒྲུབ་བྱ་གནན་པར་བྱ་བ་ནི།། ས་དང་རྡོ ་དང་ཤིང་དང་ལྕགས།། དངོས་པོ་རྣམས་ཀྱི་གཟུགས་བྱས་ཏེ།། མཁས་པས་བརྩེགས་དང་བྲི་བ་དང་།། ལེགས་པར་བསམ་པའི་རང་བཞིན་ལ།། ས་བོན་བཅས་པ་དང་པོའི་ཚད།། མཁས་པས་ཅི་རན་འབད ་པར་བྱ།། དེ་ནི་དེ་ཡིས་གནོན་པ་སྟེ།། མཁས་པའི་ལས་རྣམས་ཆུད་མི་ཟ།། ཞི་བར་འདོད་ན་ཞོ་དང་ནི།། ཐང་ཆུའི་ཁུ་བས་བཀྲུ་བར་བྱ།། མཁས་པས་དབང་དུ་བྱ་བ་ནི།། པདྨའི་ཡུམ་མཆོག་རཱ་གའི་མདོག། བྷ་ག ་ལེགས་པར་གནས་པ་ལ།། ཟངས་མའི་ཁབ་ཀྱིས་གཙག་པ་ཡི།། ཤུལ་དུ་ས་བོན་གཞག་པར་བྱ།། འདིས་ནི་དངོས་པོ་ཐམས་ཅད་དང་།། མི་ཡི་གཙོ་བོ་དབང་དུ་འགྱུར།། ཞི་བར་འདོད་ན་པད་མ་ནི།། དམར་པོ ་བསྲེག་པས་ཞི་བར་བཤད།། ལྷ་ཡི་བུ་མོ་འགུགས་འདོད་པས།། མཁས་པས་པདྨའི་རྩ་བ་ལ། ཁབ་ཀྱིས་ཕུག་པའི་ཤུལ་དུ་ནི།། ས་བོན་གནས་པ་བསྲེགས་ནའོ།། དེ་ནས་ཡང་དག་བཤད་པ་ནི།། སྐྲ་དང་རྗེས་ཀྱི་དུམ ་བུ་ལ།། གང་གི་གཟུགས་ནི་ལེགས་བྱས་ཏེ།། ཉུང་དཀར་རྒྱལ་པོ་བརྟགས་པས་ནི།། རྣམ་པར་འཆི་བ་ཁོ་ན་ཡིན།། དེ་ནས་ཡང་དག་བཤད་བྱ་བ།། ཐོད་པ་མང་པོའི་ནང་དུ་ནི།། དུག་དང་ཁྲག་ལ་སོགས་པ ་ཡི།། དབུས་ན་གནས་པའི་གཟུགས་ཡིན་ཏེ།། ས་བོན་ཆེན་པོས་རྣམ་པར་འཕང་།། ཐམས་ཅད་དགུག་དང་བཏབ་པ་དང་།། མཚན་མ་ཚང་ན་འཕང་བར་བྱ།། མྱུར་དུ་ཤི་བར་ཐེ་ཚོམ་མེད།། གཞན་ཡང་མཁས་པས ་འབད་པ་ནི།། འུག་པ་དང་ནི་སྲིན་བྱ་དང་།། གདུག་པའི་བྱ་རྣམས་སྒྲོགས་པའི་ས།། གནས་ནི་རྣམ་པར་ལྟས་པ་དང་།། གདགས་པ་ཡང་ནི་ཤེས་པ་སྟེ།། གནམ་ལྕགས་ལྟ་བུའི་མདེ་འུས་ནི།། དཔའ ་བོས་དགྲ་བོའི་ཡུལ་དུ་འཕང་།། བྱོལ་སོང་རྣམ་པར་འཐབ་པ་དང་།། ཤི་བ་ཉིད་དུ་ཐེ་ཚོམ་མེད།། ཡང་ནི་མཁས་པས་འབད་པར་བཤད།། རི་རབ་རི་རུ་བཅས་པ་ལ།། མཁས་པས་ཀུན་ཏུ་བསྐོར་བ་ཡིས།། ཚད་དང ་ལྡན་པའི་ཚུལ་དུ་ནི།། མཁས་པས་མནན་པའི་ལས་རྣམས་ལ།། རྣམ་པར་འཕང་བ་ས་བོན་ཆེ།། ཡང་ནི་མཁས་པས་འབད་པ་ནི།། པྲ་དང་བྱི་བ་ཕྱི་བ་ཡིས།། བརྐོས་པའི་ས་ནི་དུ་མར་བསྲེས།། གཟུགས་དང་བཅས ་པ་ལེགས་བྱས་ཏེ།། མཁས་པས་ས་བོན་ཆེར་གནས་པའི།། རྭ་ཅན་ཀུན་གྱི་ཐོད་པ་རུ།། ལེགས་པར་གནས་པ་འབད་པར་ནི།། བསྒྲུབ་བྱ་བྱོལ་སོང་རྭ་ཡིས་གསོད།། དེ་ནས་བརྟག་པ་བྱ་བ་ནི།། དཔའ་བོས་རྣམ་པར ་དཔྱད་མི་དགོས།། དུར་ཁྲོད་ཀྱི་ནི་སོལ་བ་ལ།། བསྒྲུབ་པའི་གཟུགས་སུ་བསྲེས་ཏེ་བྱ།། ཚེར་མའི་དབུས་ན་གནས་པ་ལ།། དུར་ཁྲོད་ནང་དུ་སོང་ནས་ནི།། དུར་ཁྲོད་མེ་ལ་འབད་པར་བྱ།། བསྒྲུབ་བྱ་མེ་ཡིས་ཚིག་པ ་དང་།། རྣམ་པར་བྲོས་ཏེ་འཆི་བར་འགྱུར།། དེ་ནས་དཔའ་བོས་ལེགས་འབད་པ།། ཀུན་ཏུ་མཐའ་ཡས་སྔགས་ཀྱི་མཐུས།། དཔའ་བོས་ལེགས་པར་གསད་པ་ནི།། རོ་ནི་གསར་པ་ལེགས་སྤྱད་པ།། ཡན་ལག་རྣམ་པར ་བསྐྱབས་པ་ལ། ཁ་ནི་ཀུན་ཏུ་གདངས་པ་སྟེ།། དུར་ཁྲོད་རས་དང་ཤིང་དག་ལ།། གང་གི་གཟུགས་ནི་ལེགས་གནས་པ།། དེ་ཡི་ཁར་ནི་ཀུན་ཏུ་གཞུག། ཡི་དྭགས་ཀྱི་ནི་མེ་དང་བཅས།། གདུག་པའི་ཟག་པས་ཕུག་ནས ་ནི།། ཡང་ནི་དཔའ་བོས་དམ་དུ་གཟུང་།། རྣལ་འབྱོར་གཅེར་བུར་གནས་པ་ནི།། གདུག་པའི་རྫས་ཀྱིས་བྱུགས་ནས་ཀྱང་།། ས་བོན་ཆེན་པོ་འཕང་བར་བྱ།། སྐབས་སུ་དཔའ་བོ་འཁོར་བཅས་ཀྱིས།། ཐོར་ལྕོག་བརྐྱང ་ཞིང་ཡན་ལག་གནས།། ཕྱོགས་བཞིར་ཐག་པས་མཁའ་ལ་གཡེང་།། རྣམ་པར་བསྟབ་པ་བྱ་བ་ཡིན།། མཁའ་འགྲོ་འོངས་ཏེ་སྦྱིན་པ་དང་།། འདོད་ལྷའི་ང་རྒྱལ་བརྟན་པར་བྱ།། འདི་ལ་རྣམ་པར་དཔྱད་མི་དགོས།། དེ ་ནས་ཡང་དག་བཤད་བྱ་བ།། འདོད་ལྷའི་ཕུར་པ་ཡང་དག་དང་།། དུར་ཁྲོད་རས་ལ་བྲིས་པ་ཡི།། གཟུགས་བརྙན་ལ་སོགས་མཁས་པས་གསོ།། གྲུ་གསུམ་དབུས་ན་གནས་པ་ཡི།། ལྷོ་ནུབ་བྱང་ཤར་མགོ་རྐང ་བསྟན།། བསྟན་པའི་སྟེང་དུ་ས་བོན་ཏེ།། མཁས་པས་ཡང་དག་འབད་པར་བྱ།། རྡོ་རྗེ་ཟག་པས་བཏགས་ནས་ཀྱང་།། གདུག་པའི་མཚོན་ཆ་དུ་མ་ཡིས།། ཡང་དང་ཡང་དུ་གདབ་པར་བྱ།། འབད་པས་ཆེན་པོའི ་གཟུགས་བརྙན་ཡང་།། བསྲེག་དང་མནན་པ་ལ་སོགས་ཏེ།། གང་དུ་བསྔགས་པའི་ལས་ལ་སྦྱར།། རང་གི་མགོ་བོ་རྡེབ་བྱེད་ཅིང་།། མྱུར་དུ་ཞི་བར་ཐེ་ཚོམ་མེད།། ཉུང་དཀར་གྱི་རྒྱལ་པོ་ཆེན་པོའི་རྣམ་པར་བརྟག་པ ་ལས།། གང་དག་གནོད་པ་ངེས་པར་གསོད་པའི་ལས་ཀྱི་སྦྱོར་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་འགྲོལ་བ་ཞེས་བྱ་བ་ལས། ཀུན་ཏུ་འཇུག་པ་ཞེས ་བྱ་བ་འདི་གསུངས་སོ།། དང་པོས་ལས་རྣམས་འབད་པར་བྱ།། ཐོགས་པ་མེད་པའི་ལས་རྣམས་བྱ།། ཐེ་ཚོམ་མེད་པར་བྱ་བ་ཡིན།། ལས་རྣམས་སོ་སོའི་དངོས་པོ་ལ།། བསྐུལ་བའི་སྒྲ་དང་ལྡན་པར་བྱ།། སྤྱི་དང་ཁྱད། ་པར་སྔགས་དང་རྒྱ།། མཁས་པས་རྡོ་རྗེ་བླ་མ་བརྟེན།། ལས་རྣམས་ཀུན་ལ་བརྟག་པ་ནི།། རྡོ་རྗེ་ཉུང་དཀར་ཡིན་པར་བཤད།། སངས་རྒྱས་མཉེས་པར་བྱེད་པ་དང་།། དགྲ་རྣམས་ཉམས་པར་བྱེད་པས་ན།། རྣལ ་འབྱོར་དངོས་གྲུབ་དམ་པ་ཡི།། ཐམས་ཅད་བསྒྲུབས་པའི་སྔོན་དུ་ནི།། དངོས་པོ་དུ་མས་ཅི་ཞིག་བྱ།། འབད་པ་གཞན་ལ་རྩོལ་བས་ནི།། ནམ་ཡང་འགྲུབ་པར་མི་འགྱུར་རོ།། རྣམ་པ་འདི་ཡིས་ཐམས་ཅད་དུ།། འདི ་དང་གཞན་གྱི་དངོས་པོ་ལ།། བདག་གཞན་སྦྱོར་བ་མི་འགྱུར་བའི།། དངོས་པོ་གཅིག་ཀྱང་གནས་པ་མེད།། དེ་ཕྱིར་ཉུང་དཀར་རྒྱལ་པོའོ།། རིག་འཛིན་མཁས་པས་བསྒྲུབ་པར་བྱ།། སྤྱི་ཡི་ཆོ་ག་མཁས་པ་ཡིས།། དང ་པོའི་གཙུག་ལག་རྫོགས་པར་འགྱུར།། ཤེས་རབ་དང་ནི་སྙིང་རྗེ་ལ།། གང་ཞིག་སྦྱོར་བའི་རྣལ་འབྱོར་གྱིས།། གསང་སྔགས་བརྗོད་པར་བྱ་བ་དང་།། བརྗོད་པ་མེད་པའི་ལས་ལ་མཁས།། ལུས་དང་ཡན་ལག་ཕྱག་རྒྱ ་ཡིས།། མཁས་པས་གང་གིས་དོན་རྣམས་འགྲུབ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཉུང་དཀར་གྱི་རྒྱལ་པོ་དམ་ཚིག་རྣམ་པར་བརྟག་པ ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་ལས་ཀྱི་སྦྱོར་བ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕུར་པ་ཐམས་ཅད་ཀྱི་རང་བཞིན་ཕུར་བུ་བཅུ་གཉིས་རྣམ ་པར་བསྐྱེད་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཡོངས་སུ་བརྟག་པ་དུ་མ་ལས།། འབད་པ་མངོན་དུ་བཏོན་པ་དང་།། ཁྱད་པར་ཐབས ་ཀྱིས་གང་ཡང་འགྲུབ།། འདི་ལྟར་ཕུར་པའི་རང་བཞིན་བརྟག་པ་ནི།། མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ།། སེང་ལྡེང་དག་ནི་ཙནྡན་དང་། ཚེར་མ་ཅན་དང་། རྨ་ཤིང་དང་། ཤུག་པ་དང་། ཨརྒ་དང་། གཞན་ཡང་ལས ་བཞིའི་མཚན་ཉིད་ཅན་རྣམ་པ་བརྟག་སྟེ། དེ་ཡང་དང་པོར་ཤིང་བསྐྱེད་པར་བྱ་སྟེ། ཐམས་ཅད་ཀྱི་རང་བཞིན་བརྟག་པ་ལ། འདི་ལྟར་མཁས་པས་བརྟག་པ་ན།། ས་གཞི་དཀར་ལས་སྐྱེས་པ་ནི།། བཀྲ་ཤིས་ཞི་བ་ཆ ་བའི་ཤིང་།། རིམ་པར་རྒྱས་དང་དེ་ཡི་མཚན།། ཡུལ་དང་ཤིང་ལས་དབང་དུ་བརྟག། དེ་བཞིན་དྲག་པོ་ལ་སོགས་བརྟག། རྒྱུ་ཡི་ཤིང་རྣམས་མཁས་པ་ཡིས།། སྐྱེ་བའི་ཤིང་ནི་ས་བོན་བརྟག། དེ་དག་ཡོངས་སུ་བསྡུས ་ནས་ཀྱང་།། རིན་ཆེན་སྣོད་དུ་གནས་པ་ལས།། མཁས་པས་མཉམ་པའི་ཕྱག་རྒྱ་ཡིས།། གསང་སྔགས་འདི་ཡིས་བྱིན་གྱིས་བརླབ།། ཨོཾ་སྭ་བྷཱ་ཝ་བི་ཤུད་དྷོ&ཧཾ། འདིས་ནི་དངོས་པོ་དག་པར་བྱ།། དེ ་ནས་གནས་དེར་གནས་པ་ན།། ཤིང་གི་བདག་རྣམས་ཞི་བར་བྱ།། ཨོཾ་སྭ་བྷཱ་བ་ཤུད་དྷ་ཨ་བདེ་བ་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཤིང་གི་ལྷ་རྣམས་གདོན་རྣམས་ལ།། གཏོར་མ་ལ་སོགས་བསྒོ་བར་བྱ།། དེ་ནས་མཁས་པས་ཡང ་དག་བཅད།། ལས་རྣམས་གང་གི་ལས་བྱེད་པ།། ས་ལ་ཕུར་པ་དང་པོར་ཤེས།། ཨོཾ་བཛྲ་ཀཱི་ལི་ཡ་སརྦ་ཏ་ཐཱ་ག་ཏ་ཤཱནྟིང་ཀུ་རུ་པུཥྚིང་ཀུ་རུ། བ་ཤང་ཀུ་རུ་མཱ་ར་ཡ་ཕཊ་ཕཊ་སྭཱ་ཧཱ། གཅོད་པའི་སྔགས་ནི་ཡང་དག ་བསམ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་བཛྲ་ཤཀྟི་མཱུ་ལ་ཙྪིནྡ་ཙྪིནྡ་ཀཱི་ལ་ཡ་ཕཊ། རྟ་སྐད་བཞད་པའི་ཏིང་འཛིན་གྱིས།། མཁས་པས་ཤར་ནས་ཕྱོགས་བཅུར་བརྒྱཔ།། དུམ་བུ་བཞི་རུ་གནས་པ་ཡི།། ཤིང་ནི་ལས་བཞིར་བརྟག ་པར་བྱ།། དེ་བཞིན་དུ་ནི་སོ་སོར་བསྐྱེད།། གང་གི་ནང་གི་མདུན་དུ་ནི།། ཡི་གེ་བརྒྱ་པ་བརྗོད་པ་དང་།། དྲི་ཡིས་བསངས་དང་གཏོར་བར་བྱ།། དེ་ནས་ས་བོན་ཁ་ལ་ནི།། ཧཱུཾ་མ་ཧཱ་བ་ལ་སྟྭཾ། ཀཱི་ལ་ཡ་མཱུ་ལ་ཨ་མྲྀ་ཏེ། ཨོཾ ་ཨཱཿཧཱུཾ། འོག་གི་ཆ་ལ་གཞག་པར་བྱ། ཨོཾ་ཧཱུཾ་ཀཱ་ར་ཀཱི་ལ་ཡགྣ་ཀ་ར། ཨོཾ་ཨཱཿཧཱུཾ། འདི་ནི་རྩེ་མོའི་ཆ་ལ་ཤིས།། གཞན་ཡང་ཕྱོགས་ནི་མ་ནོར་བར།། ཐམས་ཅད་འབར་བའི་ཁྲོ་བོ་དགོད།། ལས་ཀྱི་རིགས་དང་མཐུན་པ ་ཡི།། རྩ་བའི་དབྱིབས་ནི་བཞི་རུ་བྱ།། དེ་ནས་དཔའ་བོས་བཤད་པ་ནི།། བསྐྱེད་དང་བསྡུ་དང་གདུལ་བ་དང་།། བསྒྲུབ་དང་གཏོར་མའི་ལས་སོགས་བྱ།། དབུས་སུ་ཉེ་བར་བསྒྲུབ་པར་འགྱུར།། སོ་སོའི་གསང་སྔགས ་བརྗོད་པར་བྱ།། དེ་ཡིས་བསྒྲུབ་པ་བྱས་པ་སྟེ།། འོག་ཏུ་ཕྲེང་བ་བླང་བས་འགྲུབ།། དེ་ནས་བཤད་པར་བྱ་བ་ནི།། གཅིག་ལའང་རྣམ་པ་བཞི་ཡིན་ཏེ།། རྩེ་མོ་ལ་ནི་ཞི་བ་སྟེ།། རྩ་བ་མངོན་སྤྱོད་ཁོ་ན་སྟེ།། དབུས་མའི ་ལ་རྒྱས་པ་དང་།། དབུ་མ་དང་ནི་སྭཱ་ཧཱ་ཡི།། དབུས་ནས་དབང་གི་ཕུར་པ་བླང་།། དེ་ཡི་ལས་རྣམས་གང་ལ་ཡང་།། སོ་སོའི་ལས་ལ་གང་བསྔགས་པ། ཁྲོ་བོས་ཡང་དག་དབྱིབས་སུ་བྱ།། སྔགས་དང་ཕྱག་རྒྱས་ཡོངས ་སུ་བསྒྲུབ།། འདི་ནི་དམ་ཚིག་ཆེན་པོ་ཡི།། ཕུར་པ་ཉིད་དུ་རྣམ་པར་བཤད།། དེ་ནས་ཡེ་ཤེས་ཆེན་པོ་ཡི།། ཕུར་པ་རང་བཞིན་གནས་ནས་དགུག། གཞུག་དང་བསྟིམ་ཞིང་གནས་པ་ཡི།། དབང་བསྐུར་རབ་གནས ་འབད་པར་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཀཱི་ལ་ཡ། ཨ་བྷི་ཥིཉྩ་མཽ། སྐུ་རྣམ་པར་བརྟག་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་ཀཱི་ལ་ཡ། ཨོཾ་བྷི་ཥིཉྩ་ཨཱཿགསུང་རྣམ་པར་བརྟག་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཀཱི་ལ་ཡ་ཨ་བྷི ་ཥིཉྩ་ཧཱུཾ། ཐུགས་རྣམ་པར་བརྟག་པའོ།། ཨཱིཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ལ་ཡ། ཤཱནྟིང་ཀུ་རུ། ཨ་བྷི་ཥིཉྩ་ཧཱུཾ། ཞི་བ་ཆེན་པོ་རྣམ་པར་བརྟག་པའོ།། ཨོཾ་སརྦ་ཏ་ཐཱ་ཏ་ཀཱི་ལ་ཡ། པུཥྚི་ཀུ་རུ་ཨ་བྷི་ཥིཉྩ་ཧཱུཾ། རྒྱས་པ་ཆེན་པོ་རྣམ་པར ་བརྟག་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀི་ལ་ཡ། བ་ཤང་ཀུ་རུ་ཨ་བྷི་ཥིཉྩ་ཧཱུཾ། དབང་ཆེན་པོའི་རྣམ་པར་བརྟག་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ལ་ཡ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུཾ། མངོན་སྤྱོད་ཆེན་པོ་རྣམ་པར་བརྟག ་པའོ།། འདི་དག་འབད་པ་མེད་པར་དགོས་པ་རུ་འབྱུང་བའི་ཕྱིར། མཁས་པ་ལ་ནི་བཤད་པའོ།། དེ་དག་གཟུང་དང་མཐོང་བ་དང་།། ཐོས་དང་བསམ་པ་ལ་སོགས་ཀྱིས།། གལ་ཏེ་བསྒྲུབ་པ་མ་བྱས་ཀྱང་།། དུ་མའི ་ཡོན་ཏན་རྫོགས་པར་འགྱུར།། ལྕགས་དང་ཟངས་དག་མི་རུས་དང་།། གླང་པོའི་སོ་ལ་སོགས་པའམ།། དངུལ་དང་གསེར་ལ་སོགས་པ་ཡི།། དངོས་པོ་གཞན་གྱི་རྒྱུད་ལ་ཡང་།། ཤིང་ནི་བསྐྱེད་པ་མ་གཏོགས་པ།། ཆོ ་ག་མཐུན་པར་བྱ་བ་ཡིན།། དེ་ནས་ཡང་དག་བཤད་བྱ་ནི།། སེར་པོའི་ཆུ་ལ་དཔའ་བོས་འབད།། རིན་ཆེན་ལ་སོགས་སྣོད་ནང་དུ།། རིགས་དང་མཐུན་པར་བྱས་པ་ལ།། སོ་སོའི་རིགས་ལྟར་བསྒྲུབ་པར་བྱ།། ཨོཾ་སརྦ ་བཛྲ་ཀྲོ་དྷ་ཡ། ཨོཾ་ཨཱཧཱུཾ་སྭཱ་ཧཱ། རྡོ་རྗེ་ཆུའི་རྣམ་པར་རྟག་པའོ།། ཐབས་ཀྱི་རྡོ་རྗེ་ཐབས་ཀྱི་ཆ།། ས་བོན་དཀར་པོའི་སྟེང་དུ་བསྒྲུབ།། ཨོཾ་མ་ཧཱ་བོདྷི་ཙིཏྟས་མ་ཡ་ཀི་ལ་ཡ། བཛྲ་ཧཱུཾ། རྡོ་རྗེ་ཐབས་ཀྱི་རྣམ་པར་བརྟག ་པའོ།། པདྨའི་ནང་དུ་པདྨའི་མདངས།། པདྨའི་དངོས་པོར་བྱིན་གྱིས་བརླབ།། ཨོཾ་མ་ཧཱ་རཀྟ་བོ་དྷི་ཙིཏྟ་ཀཱི་ལ་ཡ་ས་མ་ཡ་ཨཱཿཔདྨ་ཆེན་པོའི་རྣམ་པར་བརྟག་པའོ།། དེ་ནས་ཨཱ་ལི་ཀཱ་ལི་ཡི།། དབུས་མཉམ་པ་ཡི་དཀྱིལ ་འཁོར་དུ།། མཁས་པས་ཡང་དག་བསྒྲུབ་པར་བྱ།། ཨོཾ་ཀི་ལ་ཡ། ས་མ་ཡ་མ་ཧ་སཱུརྱ་ཨ་ཙནྡྲ་མ་ཧ་མཎྜ་ལ། ཨོཾ་ཨཱཿཧཱུཾ། ཉི་མ་དང་ཟླ་བའི་རྣམ་པར་བརྟག་པའོ།། དེ་ནས་ཡང་དག་བཤད་པ་ནི།། ཕྱི་རོལ་གྱི་ནི་གྲུབ་པའི ་རྫས།། བྱིན་གྱིས་བརླབ་པ་གསུམ་ཡིན་ཏེ།། རྩ་བ་མགོ་རྣམས་མ་ནོར་བར།། ཕུར་པ་ལེགས་པར་བྱས་པ་ཡི།། སྟེང་དུ་རྒྱ་མདུད་དབུས་གནས་སུ།། སངས་རྒྱས་གདུང་མཆོག་གཞག་པར་བྱ།། དབུས་སམ་གནས་ཀྱི ་རྒྱ་མདུད་ལ།། རིན་ཆེན་གཞག་པར་བྱ་བ་སྟེ།། ཡེ་ཤེས་རྩེ་མོ་མཁས་པ་ཡིས།། ལུག་རུས་འཇིགས་པ་གཞག་པར་བྱ།། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཡིས།། སྟེང་གི་དབུས་གནས་བྱིན་གྱིས་བརླབ།། དཀོན་མཆོག ་གསུམ་གྱི་གསང་སྔགས་ཀྱིས།། དབུས་ཀྱི་གནས་སུ་བྱིན་གྱིས་བརླབ།། རྡོ་རྗེ་ཁྲོ་བོ་དུ་མའི་སྔགས།། རྩེ་མོ་དབུས་གནས་བྱིན་གྱིས་བརླབ།། དེ་ནས་མཁས་པས་མཆོད་པ་དང་།། བསྟོད་དང་གསོལ་བ་ལ་སོགས ་ཏེ།། མཆོད་རྟེན་ཆེན་པོར་གཞག་པར་བྱ།། བསྐལ་པ་ཇི་སྲིད་སྟོངས་ན་ཡང་།། ས་དང་ནམ་མཁའ་ཕྱོགས་རྣམས་ཀྱང་།། མཆོད་རྟེན་ཆེན་པོ་ཁོ་ནར་ངེས།། འདི་ལ་རྣམ་པར་དཔྱད་མི་དགོས།། གང་གིས་བསྒྲུབ་པ་མ ་གསུངས་ཀྱང་།། དེ་ལ་འབད་པ་མི་དགོས་པར།། འབྲས་བུ་གྱ་ནོམས་ཕུན་སུམ་ཚོགས།། གང་གིས་ཕུར་པ་བྱིན་གྱིས་བརླབ།། སྔོན་དུ་འགྲོ་བ་མ་རྫོགས་པར།། འཕན་པ་གཞན་ལ་འཇུག་པ་ནི།། བྱེ་མ་ལ་ནི་གསེར ་དུ་འདོད།། ནམ་ཡང་གྲོལ་བར་མི་འགྱུར་རོ།། ཤིང་ནི་བསྐྱེད་པར་མ་བྱས་ཀྱང་།། བྱིན་རླབ་དུ་མ་ཚང་གྱུར་ན།། མཁས་པའི་ཆོ་ག་གཉིས་པ་ཡིན།། སྒྲུབ་པ་འབད་པས་མི་བྱེད་ཀྱང་།། དབྱིབས་དང ་མཐུན་པའི་སྣོད་དག་ཏུ།། གཙང་མའི་གནས་སུ་བཞུགས་ནས་ཀྱང་།། དགབ་དང་བདུག་དང་བསྐོར་བ་ཡིན།། མཆོད་དང་གདུགས་ཀྱི་ཆོ་ག་བྱ།། དེ་དག་ལ་སོགས་ཆོ་ག་ཡི།། མཁས་པས་རབ་ཏུ་གནས་པ་ཡི།། ཆོ ་ག་མཁས་པར་མི་ཤེས་པར།། གང་གིས་བསྒྲུབ་པར་བྱེད་པ་དེ།། ལྗོན་ཤིང་རུལ་བའི་དུམ་བུ་ལས།། ཡལ་ག་འཕན་པར་འདོད་པ་ལྟར།། དེ་ནི་མི་མཐུན་སྤང་བྱ་ཡིན།། ཞེས་གསུངས་སོ།། འཕགས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཕུར་པ་རབ་ཏུ་གནས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕུར་པ་ཐམས་ཅད་བྱིན་གྱིས་བརླབ་པའི་ཆོ ་ག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། ཨོཾ་དང་ཧྲི་དང་ཕཊ་ཀྱིས་ནི།། ཕུར་པ་བྱིན་བརླབ་འབད་བྱས་ཏེ།། མཁས་པས་འདོད་ལྷའི་ང་རྒྱལ་གྱིས།། ཕུར་པ་ཡོངས་སུ་དྲིལ་བའི་ཚེ།། མ་ལས ་ཉི་དཀྱིལ་གཡས་པར་བརྟག། དམར་པོའི་ཧཱུཾ་སྒྲ་དབུས་གནས་ཚེ།། ཨ་ལས་ཟླ་བའི་གཡོན་པར་ཏེ།། རྡོ་རྗེ་ཐིག་ལེ་འཕེལ་བའི་རང་བཞིན་བསམ།། དབུས་གནས་པ་ནི་ཐ་ཡི་གཟུགས།། ཡུམ་གྱི་རང་བཞིན་གཟུང ་བར་བྱ།། དེ་བཞིན་ཉིང་ལག་ལྔ་རྣམས་ཀྱང་།། མ་ལས་ཉིད་དཀྱིལ་ལྔ་ཡིན་ཏེ།། གཡས་ཀྱི་སོར་མོ་རྣམས་ལ་མཛེས།། ཨ་ལས་ཟླ་བ་དེ་བཞིན་ལྔ།། ཉིང་ལག་གཡོན་པ་དེ་བཞིན་འཛིན།། འབར་བ་འཕྲོ་བའི་ཚོགས ་དང་ལྡན།། དབུ་མ་ལས་ནི་སྣང་མཛད་ཉིད།། མི་བསྐྱོད་མདུན་འོག་ཡང་དག་གོ། ཐ་ལྟག་རིན་ཆེན་འབྱུང་ལྡན་ཡིན།། མཐའ་ལ་སྣང་མཐའ་ཡས་པ་བཞག། དོན་ཡོད་པ་ནི་གཙོ་བོ་ལའོ།། ཐབས་དང་ཤེས་རབ་རང ་བཞིན་ནི།། དབྱིངས་དང་ཤེས་རབ་རང་བཞིན་ལས།། འབར་བའི་འོད་ཀྱི་རྩེ་མོ་བཞག། བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས།། བདག་དང་གཞན་དོན་བསྒྲུབ་པར་བྱ།། དཔའ་བོས་དྲག་ཏུ་དྲིལ་བས་ནི།། ཡབ་ཡུམ ་རླུང་གིས་བྱང་ཆུབ་སེམས།། རྣམ་པར་རོལ་པར་མཛད་པ་ཡི།། འོད་ཟེར་རྩེ་ལ་རྣམ་པར་འཕྲོ།། ཞི་བ་དཀར་སེར་དམར་ནག་སོགས།། ཕྱོགས་བཅུར་འཁྲིགས་པ་རྣམ་པར་བརྟག། རྩེ་ལ་འུར་འུར་ཐོག་ཐོག ་དང་།། ཆེམ་ཆེམ་ལ་སོགས་དུ་མར་གྲགས།། མཁས་པས་ཉིད་ཀྱང་བཀྲག་པར་བརྟག། སྟེང་ནས་ཀྱང་ནི་འཕྲོ་བ་བརྟག། ཡོངས་སུ་གསལ་བར་འབད་པ་ནི།། དཔའ་བོས་བརྟག་པའི་ལས་ཡིན་ནོ།། འདི་ནི་གང ་གིས་ངེས་བརྟག་པ། ཁམས་གསུམ་པ་ནི་དུས་གཅིག་ཏུ།། འཁོར་བ་མིང་ཡང་མི་གྲགས་པར།། ཐམས་ཅད་བསྐལ་པར་ཐེ་ཚོམ་མེད།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྡོ་རྗེ་ཉིང་ལག་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེང་ལྡེང་གི་ཕུར་པའི་ཁྱད་པར་གྱི་ལས་རྣམས་བསྟན་པ་ཞེས ་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། སྦོམ་པོ་དང་ནི་སོར་བརྒྱད་པ།། སེང་ལྡེང་ལེགས་པར་གཟུང་བྱས་ནས།། ནམ་མཁའ་རྡོ་རྗེའི་དབུས་གནས་སུ།། ཞི་བའི་དཀྱིལ་འཁོར་བསམ ་པར་བྱ།། རྫས་ཀྱི་སྦྱོར་བ་གཉིས་ཀྱིས་ཀྱང་།། ཕུར་པའི་ཆོ་ག་བྱས་པ་ནི།། ཕྱག་རྒྱ་བཞི་ཡིས་དགུག་པའི་སྔགས།། རྣམ་པར་བརྟག་པ་འདིར་བཤད་པ།། ཛཿཧཱུཾ་བཾ་ཧོཿཆེ་གེ་མོ་ཞིག་པྲ་བེ་ཤ་ཧཱུཾ་ཧཱུཾ། བསྒྲུབ་བྱ་དགུག་པ ་རྣམ་པར་བརྟག་པའོ།། ཨོཾ་བཛྲ་མུད་ག་ར་ཨ་ཀྲོ་ཊ་ཡ། ཐོ་བ་རྣམ་པར་བརྟག་པའོ།། འོད་ཟེར་འཕྲོ་བ་ལྟ་བུའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཀརྨ་ཀྲོ་དྷ་ཧཱུཾ། ཉི་ཤུ་རྩ་གཅིག་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་རྣམ་པར་བརྟག་པའོ།། དུང་ལྟ ་བུའི་ཕྱག་རྒྱ་བཅས་ལ། ཨོཾ་སཏྭ་བཛྲ་ཧཱུཾ། ཀྲོ་དྷ་ས་མ་ཡ་ཧཱུཾ། ལན་བདུན་དུ་རྡོ་རྗེ་ཚིག་གི་ཕྱག་རྒྱ་རྣམ་པར་དག་པའོ།། སྔོ་སྐྲ་ཅན་གྱིས་ཞི་གཏོར་བྱ།། ཀླུ་ཞི་བའི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། དེ་ནས་ཡང་དག་བཤད་བྱ་བ།། གྲུ་བཞི་སེར་པོ་བརྟག་པར་བྱ།། བསྒྲུབ་བྱ་བྱང་དུ་མགོ་བསྟན་པ། ཁ་དོག་དམར་སྐྱ་བསམ་པར་བྱ།། ཧཱུཾ་ཆེ་གེ་མོ་ཞིག་ཧཱུཾ་སྭཱ་ཧཱ། སྙིང་གར་བརྟག་པའོ།། རྫས་ཀྱི་ཆོ་ག་གཉིས་ཀྱིས ་ནི།། ཕུར་པ་གྲུ་བཞི་བརྟན་ཞིང་འཕང་།། ཕུར་པ་དྲིལ་བ་ལ་སོགས་ཏེ།། སྔགས་དང་ཕྱག་རྒྱ་ཐུན་མོང་དུ།། དེ་བཞིན་རྒྱས་པར་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་དག་བཤད་བྱ་བ།། ནམ ་མཁའ་རྡོ་རྗེའི་དབུས་གནས་སུ།། ཧཱུཾ་གི་དབུས་ན་གནས་པ་ནི།། ཟླ་གམ་དམར་པོ་བསམ་པར་བྱ། མ་ཧཱ་བ་ལིའི་སྔགས་ཀྱི་གཟིར།། གཞན་ནི་ལུགས་དང་མཐུན་པར་བྱ།། ཧཱུཾ་གི་དབུས་ན་གནས་པ་ཡི།། ནུབ་ཏུ་མགོ ་བསྙེན་སྙིང་ལ་བཞག། དཀྱིལ་འཁོར་དུ་མ་བསྟན་པ་ཡིས།། དབང་གི་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་ཡང་དག་བཤད་བྱ་བ།། ནམ་མཁའ་རྡོ་རྗེ་དབུས་གནས་སུ།། རྩེ་མོ་ལྷོར་བལྟ་ཟུར ་གསུམ་བརྩམ།། གདུག་པའི་རྫས་ལ་བྱས་པ་ཡི།། ཧཱུཾ་ཕཊ་དབུས་ན་བསྒྲུབ་བྱའི་མིང་།། སྔོན་པོའི་མདོག་ཏུ་ལྷོར་བསྟན་ལ།། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ། མཱ་ར་ཡ་ཧཱུཾ་ཕཊ། རྩ་བའི་གསང་སྔགས་རྣམས་བརྟག་པའོ།། ཐུན ་མོང་གི་ནི་ཆོ་ག་རྣམས།། མཁས་པས་ལུགས་དང་མཐུན་པར་བྱ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་སེང་ལྡེང་གི་ཕུར་པའི ་ཁྱད་པར་གྱི་ལས་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ་རྗེ་འཇིགས ་བྱེད་ཀྱི་དབང་ཕྱུག་ཆེན་པོས་རྣམ་པར་ཐར་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནམ་ལྕགས་ཀྱི་ཕུར་པ་རྣམ་པར་བརྟག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང ་ངོ་།། ཧཱུཾ་དང་ཧྲི་དང་ཕཊ་ཀྱི་གཟུགས།། སྤྱི་བོ་སྐེད་པ་རྩེ་མོ་ལ།། རྣམ་པར་བརྟག་པའི་ཕུར་པ་ནི།། སྦོམ་པོ་བརྒྱད་ཀྱི་ཚད་དུ་བྱ།། ཐུན་མོང་གི་ནི་ཆོ་ག་རྣམས།། བཟླས་པའི་རིམ་པར་སྤྱི་ལ་དགོད།། གང་གི་གཟུགས ་ལ་སོགས་པ་དག། མདུན་དུ་བཤད་པའི་རང་བཞིན་ལྟར།། མཁས་པས་དེ་ལྟར་ཤེས་པར་བྱ།། རྫས་ཀྱི་སྦྱོར་བ་གཉིས་བྱས་ཏེ།། དཔྲལ་བར་བླང་བ་གཉིས་ཡིན་ཏེ།། མདུན་དུ་སྔགས་དང་ཕྱག་རྒྱ་ལྟར།། དཔའ་བོས ་འདིར་ནི་ནན་ཏན་བྱ།། པདྨ་ཅན་ལ་གནས་པ་ཡིན།། རྒྱབ་ཀྱི་འཕར་བ་རྩེ་བར་བྱ།། ཟླ་བ་ཚེས་གསུམ་གཉིས་ཀྱིས་ནི།། སྟེང་གི་དཀྱིལ་འཁོར་གཡས་གཡོན་བརྒྱན།། དུ་མའི་གཟི་བརྗིད་ཚང་བར་བྱ།། ཨོཾ་བཛྲ་ཀྲོ་དྷ ་ཡཀྵ་ཀྲོ་དྷ་ཁ་ཁ་ཁ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། རྡོ་རྗེ་གནོད་སྦྱིན་རྣམ་པར་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ལག་གཉིས་བེ་ཅོན་བྱས་ནས་ཀྱང་།། རབ་ཏུ་གསང་ཞིང་ཚར་གཅོད་པ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ་ན་ཧ་ན་པ་བི་དྷན་ས་ཡ། ཨུཙྪཥྨ་ཀྲོ་དྷ་ཧཱུཾ་ཕཊ། གྲངས་ནི་ཚོམ་བུ་གསུམ་དུ་འབད།། མར་གྱི་བཅུ་བདུན་ཕྱེད་གཉིས་ཀྱིས།། ཞག་ཀྱང་ཚོམ་བུ་གསུམ་གྱིས་ནི།། གཏོར་མ་ནོན་པར་གཏད་བྱས་ནས།། ཨོཾ་བཛྲ་ཨ་མྲྀ་ཏ ་ཧཱུཾ་ཕཊ་སྭཱ་ཧཱ། བདུད་རྩི་ཐིག་ལེ་རྣམ་པར་བརྟག་པའོ།། ཨོཾ་བཛྲ་ཀུཎྜ་ལི་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྡོ་རྗེའི་ཡུམ་རྣམ་པར་བརྟག་པའོ།། ཨོཾ་ཛི་ན་ཛིག་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་རྣམ་པར་བརྟག་པའོ།། ཨོཾ ་ཨཱ་རོ་ལིག་སྭཱ་ཧ། པདྨའི་རིགས་རྣམ་པར་བརྟག་པའོ།། ཨོཾ་བཛྲ་དྷྲྀག་སྭཱ་ཧཱ། རྡོ་རྗེའི་རིགས་རྣམ་པར་བརྟག་པའོ།། ཨོཾ་ཤྲི་ཏསྟ་ཨོཾ་བཛྲ་མུ། རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བཀྲུ་བ་གཉིས་ལ ་སོགས་པར་བྱ་སྟེ། ཞི་བ་སྤྱིའི་གཏོར་མ་ཆེན་པོ་གཏང་བར་བྱའོ།། ཁང་པ་ལ་སོགས་སྟེང་བཏབ་པས་སྲིན་དང་རླུང་ལ་སོགས་མི་ལྡང་ངོ་། བསྒྲུབ་བྱའི་ཞིང་ལ་བཏབ་པས་ནི།། འབྲུ་རྣམས་དུ་མ་སྐྱེ་བ་མེད།། གནོད་བྱ ་ལ་སོགས་སྒོར་བཏང་ན།། བདག་གི་བསམ་པ་ལྟ་བུར་འགྱུར།། རི་བོ་རྣམས་ལ་བཏབ་ན་སྙིལ།། འབབ་ཆུ་ལ་སོགས་སྟོངས་པར་འགྱུར།། གྲོང་ཁྱེར་སྒོར་བཏབ་འཇིག་པའོ།། རྒྱལ་པོའི་སྒོར་ནི་དམག་སྡེས ་འཇིག། ནད་ཀྱིས་ཟིན་ནས་ཉམ་ཟག་འབོད།། དུར་ཁྲོད་དུ་ནི་རྣམ་པར་གདབ།། འདི་ཡིས་ལས་རྣམས་བྱེད་པར་འགྱུར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ལྕགས་ཀྱི་ཕུར་པ་སོར་བརྒྱད་པ་རྣམ་པར་བརྟག་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི ་བདག་པོ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། བདེན་པ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལྷ་ཡི་དབང་པོ་དབང་དུ་བྱ་བ་འདི་ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་རྣམས་ལས་ཕྱུང་ངོ་།། སྦོམ་པོ་ཚད་ནི་བཅུ་གཉིས་པ།། ཙནྡན་ཤིང་ལས་བརྟག་པར་བྱ།། སྤྱི་ཡི་ཆོ་ག་ཤེས་པ་ཡིས།། ཟུག་རྔུའི་སེམས་དང་བྲལ་བ་དེས། ཨོཾ་ཧི་ན་ཧཱུཾ་སྭཱ་ཧཱ།། སྙིང་གར་རྣམ་པར་བསམ ་པའོ།། ལྷ་ཁང་དུ་ནི་བཏབ་པ་ཡིས།། འཁོར་བཅས་དབང་བྱིན་ལ་སོགས་ཡིན།། ཙནྡན་གྱི་ཕུར་པའི་ལས་བརྟག་པའོ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་ལས། ཙནྡན་གྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ། དཔལ་རྡོ ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོས། ཕུན་སུམ་ཚོགས་པ་མི་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལོངས་སྤྱོད་རྣམ་པར་བརྟག་པ་ཞེས་བྱ་བ་འདི་གསུངས་སོ།། ཚེར་མ་ལས་ནི་སྦོམ་པོའི ་ཚད།། དྲུག་ཏུ་འབད་པའི་རང་བཞིན་བརྟག། སྤྱི་ཡི་ཆོ་ག་ཤེས་པ་ཡིས།། ཧཱུཾ་གཉིས་དབུས་ན་མིང་གནས་པ།། ཀཱི་ལ་ཡ་བཏབ་གང་ཞིག་ཀྱང་།། ནོར་ལས་འདོད་པ་དབང་དུ་འགྱུར།། འཕགས་པ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཚེར་མ་ཤིང་གི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་མི་འགྱུར་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ནོར་ལ་སོགས་པ་བསྡུ་བའི་ཆོ་ག་འདི་གསུངས་སོ།། སྦོམ་པོ་ལ་ནི་བཞིར་སྦྱར་ཏེ།། སྤྱི་ཡི་ཆོ་ག་མཁས ་པ་ཡིས།། ལྔ་བརྒྱའི་བར་དུ་སྔགས་ནས་ཀྱང་།། ཨོཾ་དང་ཧཱུཾ་གི་དབུས་གནས་མིང་།། བསྒྲུབ་པའི་ཕུར་པ་འོང་ལ་ཚེར་ཡང་སོགས།། བཏབ་ན་དེ་ལས་སྐྱེ་བར་འགྱུར།། མི་རྒོད་རྐང་འགྲོས་ལ་སོགས་འཕེལ།། ཞིང་དང ་ལྡུམ་ར་ལ་སོགས་ལ།། ཟད་པ་མེད་པའི་ཆོ་གར་འགྱུར།། སྒོ་རུ་བཏབ་པའི་རང་བཞིན་གྱིས།། བསྲུང་བ་ཆེན་པོ་བྱས་པར་འགྱུར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད ་ཀྱི་རྒྱལ་པོ་ཆེན་པོ་ལས། རྨ་ཤིང་གི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་རབ་ཏུ་བསྟན་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། མི་རྒོད་རྣམ་པར་གནོན་པ་ཞེས་བྱ་བ་འདི་གསུངས་སོ།། སྦོམ་པོའི་ཚད་ནི་དྲུག་ཡིན་ཏེ།། སྤྱི་ཡི་ཆོ་ག་ཤེས་པ་ཡིས།། མཚན་ནི་གྲངས་ལྟར་བརྟག་པ་ནས།། གཡོན་ཅན་རྣམ་པར་ཆད་པར ་འགྱུར། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཐང་ཤིང་གི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས ་བཅོམ་ལྡན་འདས་མི་གཡོ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞི་བའི་ཚུལ་གྱིས་བསྟན་པ་འདི་གསུངས་སོ།། ཤུག་པའི་ཤིང་ལས་བདུན་པ་བསྒོམ།། ཉི་ཤུ་བདུན་དུ་སྔགས་པ ་ཡིས།། གྲོང་གི་སྒོར་ནི་བཏབ་པ་ཡིས།། ཐམས་ཅད་གཉིད་ཀྱིས་ནོན་པར་འགྱུར།། འདི་ལ་རྣམ་པར་དཔྱད་མི་དགོས།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་ལས། རྒྱ་ཤུག་གི་ཕུར་པ་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་བསྡུ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནས་པའི ་དབུས་སུ་རྣམ་པར་གདབ་པ་ཞེས་བྱ་བ་འདི་གསུངས་སོ།། སྦོམ་པོའི་ཚད་དུ་ཏར་ག་ལས།། དྲུག་པ་དེ་བཞིན་བརྟགས་ནས་ཀྱང་།། བཟླས་པ་སྟོང་དུ་ཡོངས་གྲགས་པས།། སྤྱི་ཡི་ཆོ་ག་ཤེས་པར་བྱ།། རྒྱལ་རིགས ་ལ་སོགས་དབུས་བཏབ་ན།། ཐམས་ཅད་བདག་གི་དབང་དུ་འགྱུར།། ནོར་ཡང་མི་སྣང་མི་ནུས་ཏེ།། ནོར་གྱི་སྒོ་ཡང་འབྱེད་པར་འགྱུར།། ཛཿཡིས་བཀུག་པ་ལ་སོགས་ཀྱང་།། མཁས་པས་སྔོན་དང་མཐུན་པར ་བྱ།། དབང་གི་ཏིང་འཛིན་གཏོར་མ་ཡང་།། མཁས་པས་རྟག་ཏུ་འབད་པར་བྱ།། ཅི་རིགས་པ་ཡི་ལས་རྣམས་ལ།། ཐོགས་པ་མེད་པར་འགྲུབ་པར་འགྱུར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས ་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཏར་གའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་གསལ་བ་ཞེས་བྱ་བའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མི་སྣང་བ་ལ་སོགས་པ་བཅིང་བའི་ཆོ་ག་འདི་གསུངས་སོ།། ཟངས་ལ་སོགས་པ་ཉི་ཤུ་གཅིག། ཚོན་སྣ་ལྔ་ཡིས་དཀྲིས་པ་བརྟག། གཤིན་རྗེའི་རྒྱལ་གྱི་ཏིང་འཛིན་དང་།། སྟོབས ་པོ་ཆེ་ཡི་ཕྱག་རྒྱས་མནན།། དབང་གི་གཏོར་མ་བཏང་བ་དང་།། སྤྱི་ཡི་ལས་ལ་མཁས་པ་ཡིས།། འབད་པས་ཐམས་ཅད་ངེས་པར་འགྲུབ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི། ་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཟངས་ཀྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སུམ་བཅུ་རྩ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་འབྱུང་བ་འབབ་པ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ངལ་བ་བསོ་བའི་ནོར་བླང་བ་འདི་གསུངས་སོ།། གསེར་དངུལ་ཟངས་ལྕགས་འཁར་བ་རྣམས།། སྦོམ་པོ་བརྒྱད་ལ་བཅུར་སྔགས་པ།། རིང་མོ་ལ་སོགས་དྲུང་དུ ་གདབ།། ཨོཾ་ཀུ་རུ་ཧཱུཾ་སྭཱ་ཧཱ། ཆུང་མར་བཅས་པ་བརྟག་ནས་ནི།། འབད་པ་ཐམས་ཅད་འགྲུབ་པར་འགྱུར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ་ལྕགས་ལྔའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་སྡོམ་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བི་ནཱ་ཡ་ཀ་ལ ་སོགས་པ་བགེགས་རྣམས་རྣམ་པར་བཅིང་བ་འདི་གསུངས་སོ།། མི་ཡི་རུས་པ་སྦོམ་པོ་ལ།། མཁས་པས་ལྔ་བརྒྱ་བརྗོད་ན་ནི།། ཞོ་གནས་པ་ཡི་ཤིང་དག་ལ།། མཁས་པས་བཏབ་ན་བཅིངས་པར་འགྱུར།། དགུས ་དང་སྤྱི་ཡི་ལས་སུ་སྦྱར།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མི་རུས་ཀྱི་ཕུར་བུ་རྣམ་པར་བརྟག་པ་ཞེས་བྱའི་ལེའུ་སྟེ་སོ་བཞི ་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་སྟོབས་སྣང་བར་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནོད་སྦྱིན་དང་ཤ་ཟ་ལ་སོགས་པ་བཅིང་བའི་ཆོ་ག་འདི་གསུངས་སོ།། གླང་པོའི ་སོ་ལས་སྦོམ་པོ་ཡི།། བཅུ་གཉིས་པ་ཡི་ཚད་དུ་བྱ།། ལན་གྲངས་སྟོང་དུ་ཚང་བ་དང་། དུར་ཁྲོད་རྣམ་གསུམ་བཏབ་བྱས་ན།། བགེགས་ཀྱི་རྫུ་འཕྲུལ་བཅིངས་པར་འགྱུར།། དབྱུང་ན་ཞི་བའི་གཏོར་མ་བཏང་།། སྟོབས ་པོ་ཆེ་ཡི་ཕྱག་རྒྱས་མནན།། འདི་ནི་སྟོབས་ཆེན་གསང་སྔགས་ཏེ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བིནྣ་བིནྣ། ཙྪིནྡ་ཙྪིནྡ། རྦ་ནརྦ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། སྟོབས་པོ་ཆེ་ཡི་གསང་སྔགས ་ཏེ།། སྟོབས་ཆེན་བརྟན་པ་ལ་སོགས་ཏེ།། འབད་ལས་ཞི་བའི་གཏོར་མ་སོགས།། མཁས་པས་སྤྱི་ཡི་ལས་སུ་བྱ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན ་པོ་ལས། གླང་པོ་ཆེའི་སོ་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཐོགས་པ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་དགུག་པ་ཆེན་པོའི་རྣམ་པར་བརྟག་པ་འདི་གསུངས་སོ།། མཁས་པས་སྤྱི་ཡི་ལས་རྣམས་ཤེས།། གླང་པོའི་ལྕགས་ཀྱུ་བསྒྲུབ་ན་ནི།། མཁས་པས་བཟོ་བོ་ཚིམ་པར་བྱ།། སྦོམ་པོའི་ཚད་ནི་བརྒྱད་ཡིན་ཏེ།། བརྒྱ་རྩ ་བརྒྱད་དུ་སྔགས་པ་ཡིས།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ལ།། མཁས་པས་བཏབ་ན་གང་ཡང་འོང་།། ཨོཾ་ཀི་ལ་ཡ་ཨང་ཀུ་ཤ་ཡ་ཛཿ། ཨཱ་ཀར་ཥ་ཡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གླང་པོའི་ལྕགས་ཀྱུ་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་སྣང་བ་ཆེན་པོ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བཅིང་བ་ཞེས་བྱ་བ་འདི་གསུངས་སོ།། ཞགས་པའི་མཐར་གནས་ལོང་བུ་ཡི།། ལྕགས་ལ་སོགས་པ་དཔའ་བོས་བརྟག། སྦོམ་པོ་བརྒྱད་ལ་བརྒྱ་རྩ ་བརྒྱད།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ལ།། བཏབ་པས་ལས་རྣམས་འགྲུབ་པར་འགྱུར།། ཐུན་མོང་གི་ནི་ཆོ་ག་བརྟག། ཐམས་ཅད་བཅིངས་པར་བྱས་པར་འགྱུར།། ཨོཾ་ཀཱི་ལ་ཡ་སརྦ་པཱ་ཤ་ཧཱུཾ། འཕགས་པ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྡོ་རྗེ་བཅིང་བའི་ཞགས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་བཅོམ་ལྡན ་འདས་གཡོ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྟན་པའི་ཏིང་ངེ་འཛིན་འདི་གསུངས་སོ།། ཡང་དག་དཔའ་བོས་འབད་པ་ནི།། མཁས་པས་རྡོ་རྗེའི་ལས་སུ་བྱ།། སྤྱི་ཡི་ཆོ་ག་བྱས་ནས ་ཀྱང་།། ལྕགས་སྒྲོག་རྙིང་པའི་ཕུར་པས་འབད།། སྦོམ་པོ་བཅུ་གཉིས་སྟོང་དུ་འབད།། ཧཱུཾ་གཉིས་དབུས་གནས་མི་སྙིང་དང་།། བཏབ་ན་ཐམས་ཅད་གནས་པར་གྱུར། ཨོཾ་ཀཱི་ལ་ཡ་བཛྲ་སྒོ་ཊ་བཾ་ཕཊ། འཕགས་པ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ལྕགས་སྒྲོག་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་མི ་འདའ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བརྡུང་བའི་ཕུར་པ་འདི་གསུངས་སོ།། གོང་གི་ལས་རྣམས་རྫོགས་པ་དང་།། འབད་པ་ཆེན་པོས་འདི་བརྟག་པའོ།། མགྲིན་པ་བཅད་པ་ལ ་སོགས་ཀྱི།། ལྕགས་ལས་ཕུར་པ་རྣམ་པར་བརྟག། སོར་ནི་ཉི་ཤུ་བཞི་ཡིན་ཏེ།། སྟོང་རྩ་བརྒྱད་དུ་དཔའ་བོས་འབད།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ལ།། ལས་རྣམས་ཇི་ལྟར་འདོད་པར་གདབ།། ཨོཾ་ཀི་ལི་ཀི་ལ ་ཡ་བཛྲ་གྷཎྜ། སརྦ་བྷཱུ་ཏ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མགྲིན་པ་བཅད་པའི་ལྕགས་ལས་བྱས་པའི་ཕུར་པ་རྣམ ་པར་བརྟག་པའི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཡོན་ཏན་ཆེན་པོ་ཀུན་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅུད་ཡོད་པར་བྱ་བའི་ཆོ་ག་འདི ་གསུངས་སོ།། རྒྱལ་རིགས་ལག་ནས་འོངས་པ་ཡི།། ལྕགས་ནི་རྣམ་པར་བསྒོས་ནས་ཀྱང་།། སོར་ནི་བཅུ་དྲུག་ཡོད་པ་ལ།། བརྒྱ་རྩ་བརྒྱད་དུ་སྔགས་པ་ཡིས།། འོ་མ་ཅན་གྱི་ཤིང་བསྲེགས་དང་།། ཧཱུཾ ་གཉིས་དབུས་གནས་མིང་སྙིང་ལ།། བཏབ་ན་བཅུད་རྣམས་མི་ཟད་ཅིང་།། འཕེལ་བ་ཆེན་པོ་བྱེད་པར་ངེས།། ཨཽ་ཀཱི་ལ་ཡ་སརྦ་ཨ་མྲྀ་ཏ་ཧཱུཾ་ཕཊ། སྠི་ཡི་ཆོ་གས་ལས་རྣམས་བྱའོ།། བསྒྲུབ་དང་ལས་ཀྱི་ཆོ་ག ་དབྱེ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྒྱལ་རིགས་ཀྱི་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་བཞི་བཅུ ་པའོ།། །། དེ་ནས་བཅོམ་ལྡན་འདས་བརྟག་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བུ་མོ་དགུག་པའི་ཆོ་ག་འདི་གསུངས་སོ།། དཔའ་བོས་ཀུན་ཏུ་སྤྱད་པ་ནི།། སྔགས་ཀྱི་བདེ་བ་ཡོད ་པའི་ཕྱིར།། ལྕགས་ནི་བོམ་པོ་བཅུ་གཉིས་དང་།། བརྒྱ་དང་ལྔ་བཅུའི་སྔགས་ནི།། ཧཱུཾ་གཉིས་དབུས་ནས་མིང་སྙིང་ནི།། སྤྱི་ཡི་ཆོ་ག་མཁས་པས་བསམ།། ཨོཾ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀརྨ་ལ། སྟྲཱི་ཨཱ་ཀར་ཤ་ཡ་ཧཱུཾ་ཕཊ། ་འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། རྗེའུ་རིགས་ཀྱི་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་གཅིག ་པའོ།། །། དེ་ནས་བཅོམ་ལྡན་འདས་དག་པའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱུད་བཅད་པའི་ཆོ་ག་འདི་གསུངས་སོ།། བྲམ་ཟེའི་ལག་ནས་འོངས་པ་ཡི།། མཁས་པས་སྦོམ་པོ ་བརྒྱད་ཡིན་ཏེ།། བརྒྱ་རྩ་བརྒྱད་དུ་བརྗོད་པ་ཡིས།། སྐྱེ་རྒྱུད་རྣམ་པར་ཆད་པར་འགྱུར།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ལ།། རྡོ་རྗེ་པདྨའི་སྟེང་གནས་པའི།། ཐམས་ཅད་ཆོ་ག་མཁས་པས་འགྲུབ།། ཨོཾ་ཀཱི་ལ་ཡ ་སརྦ་ཀུ་མཱ་ར་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། བྲམ་ཟེའི་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་ཞེ ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གར་གྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྨྱོ་བར་བྱ་བའི་ཆོ་ག་འདི་གསུངས་སོ།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ནི།། ཕག ་པའི་གནས་ལ་དེ་བཞིན་ཏེ།། དམངས་རིགས་ལག་ནས་འོངས་པ་ཡི།། ལྕགས་ནི་སོར་མོ་ཉི་ཤུའི་ཚད།། སྤྱི་ཡི་ཆོ་ག་མཁས་པ་ཡིས།། གང་གིས་ལག་ནི་རྫོགས་པར་འགྱུར།། སྟོང་དུ་བརྗོད་པར་རིགས་བྱ་ཡིས།། མྱུར ་དུ་སྨྱོ་བར་གདོན་མི་ཟ།། ཨོཾ་ཀཱི་ལ་ཡ་སརྦ་བུདྡྷ་བྷཱུ་ཏ་འདྲ་ཛ་ཛ། ཆེ་གེ་མོ་བུདྡྷ་ཁ་ཁ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དམངས ་རིགས་ཀྱི་ལྕགས་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པའི་ལེའུ་སྟེ་ཞེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མྱུར ་དུ་གསད་པའི་ཆོ་ག་འདི་གསུངས་སོ།། མཚོན་ཆ་རྙིང་པའི་གསང་བ་ཅན།། དུ་མ་ལས་ནི་སོར་བཅུ་གཉིས།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ནི།། བོང་བུའི་བདུད་རྩི་ལ་སོགས་གཟུགས།། བརྒྱ་རྩ་བརྒྱད་དུ་བརྗོད ་པ་ཡིས།། སྤྱི་ཡི་ཆོ་ག་རྫོགས་པ་དང་།། མཁས་པས་ལས་རྣམས་ཆུད་མི་ཟ།། མྱུར་དུ་འཆི་བ་ལ་སོགས་ཡིན།། ཨོཾ་ཀཱི་ལ་ཡ་མཱ་ར་ཡ། སརྦ་ཤ་ཏྲུཾ་ཨ་ད་ཀ་མཱ་ར་ཡ་ཧཱུཾ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མཚོན་ཆའི་ལྕགས་དུ་མ་ལས་བྱས་པའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་མུན་པ་སྐྲག་པར ་བྱེད་པ་ཞེས་བྱ་བའི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཀྲ་ཤིས་པའི་ཆོ་ག་ཆེན་པོ་འདི་གསུངས་སོ།། མཁས་པས་དང་པོའི་ལྕགས་རྣམས་ལ།། ལས་གང་འདོད་པའི་དབྱིབས་སུ་བྱས།། སྦོམ་པོ་བཅུ ་གཉིས་སྟོང་ཡིན་ཏེ།། གང་ལ་བཏབ་པ་དེ་བཞིན་དུ།། སངས་རྒྱས་རྒན་པ་ཚུན་ཆད་དུ།། འགྱུར་བ་མེད་པའི་བདེ་བར་འགྱུར།། ཧཱུཾ་གཉིས་དབུས་གནས་མིང་སྙིང་ལ།། ཨོཾ་ཀཱི་ལ་ཛ་ཡ་སྭ་སྟི་ཧཱུཾ། འཕགས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དང་པོའི་ལྕགས་ལས་བྱས་པའི་ཕུར་པ་བཀྲ་ཤིས་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་བཅོམ ་ལྡན་འདས་ཞི་བ་བཀོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདོད་པ་མྱུར་དུ་སྒྲུབ་པའི་ཆོ་ག་འདི་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། གསེར་དངུལ་ལ་སོགས ་གང་ཡང་རུང་།། དྲང་སྲོང་ལག་ནས་འོངས་པ་ཡི།། ཕུར་པ་སྦོམ་པོ་བརྒྱད་ཡིན་ཏེ།། གསང་སྔགས་ཉིས་བརྒྱ་གནས་པ་ཡིན།། གང་གིས་དགོས་པ་དེ་བཞིན་དུ།། ཇི་ལྟར་བརྗོད་པའི་རང་བཞིན་ལས།། ཐམས་ཅད་མི ་ཉམས་ཟག་མེད་འདྲ།། ནམ་མཁའ་རྡོ་རྗེའི་དབུས་གནས་སུ།། བསྒྲུབ་བྱ་རྣམ་པར་བསམ་པར་བྱ།། ཨོཾ་ཀཱི་ལ་ཡ་སརྦ་སིད་དྷི་མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། རྩ་བའི་གསང་སྔགས་རབ་རྫོགས་ནས།། ལས་དང་བསྐུལ་ཚིག ་ལྡན་པར་བྱ།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒུད་ཀྱི་རྒྱལ་པོ་ཆེན་པོ་ལས། དྲང་སྲོང་གི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས ་བཅོམ་ལྡན་འདས་ནམ་མཁའ་རོལ་པ་རྣམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕུར་པ་གསར་པ་ཞེས་བྱ་བའི་ཆོ་ག་འདི་གསུངས་སོ།། མཁས་པས་སྤྱི་ཡི་ལས་རྣམས་རྫོགས། ་ཁྱད་པར་ཅན་གྱི་སྦྱོར་བ་བསྟན།། གསེར་དང་དངུལ་དང་འཁར་བ་སོགས།། སེམས་ཅན་གཞན་གྱི་མ་སྤྱད་པ།། དང་པོར་ས་ལས་རྙེད་པ་ཡི།། ཕུར་པ་བཟོ་བོས་ལེགས་བྱས་པ།། སྦོམ་པོ་བརྒྱད་པ་སྟོང ་ཡིན་ཏེ།། ཤར་ཕྱོགས་ནས་ཀྱི་དྲང་སྲོང་མཆོག། ལམ་གཉིས་ཕྱོགས་མཚམས་གནས་དུས་སུ།། མཁས་པས་ལམ་གཉིས་ཡུལ་གྱི་དབྱིབས།། ནམ་མཁའ་རྡོ་རྗེའི་དབུས་གནས་སུ།། དཔའ་བོས་ལས་རྣམས་ཐམས་ཅད ་ལ།། ལམ་གཉིས་པ་ནི་བདེ་བའི་མཆོག། ཨོཾ་ཀི་ཀ་ཡ་སརྦ་ཀཱི་ལ་ཡ་མ་ནུ་སརྦ་ཀཱི་ལ་ཡ་དུཿཁ་ཙྪེད་མ་ཧཱ་སུ་ཁ་ཨོཾ་ཨཱ་ཧཱུཾ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་ལས། དང་པོའི་ཕུར་པ་ལས་བྱས་པའི་ཕུར་པ་རྣམ་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཚོ་བ་ཆེན་པོའི་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། ལོངས་སྤྱོད་ཕུན་སུམ་ཚོགས་པར་བསྡུ་བ་ཞེས་བྱ་བ་འདི་གསུངས་སོ།། ཟླ་བ་རྒྱས་པའི་གནས་འདྲ་བ།། རྡོ་རྗེ་ཟླ་རྒྱས་དབུས་སུ་བསམ།། གསེར་ལས་སོར་མོ་བརྒྱད་འབར་བ།། གནོད་པ་གཉིས་ནི ་རྐང་འགྲོ་རྣམས།། བ་ན་གླང་སྟེང་དུ་མཁས་པས་བརྟག། བརྒྱ་རྩ་བརྒྱད་ཀྱི་ཚད་ཡིན་ནོ།། ཨོཾ་ཀཱི་ལ་ཡ་སརྦ་ཧི་ཏི་ཛ་བུ་ཞེས་མ་ཡོ་ཨོཾ་ཨཱ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། གསེར་གྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་མི་ཟད་པའི་རྡོ་རྗེ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། བཏང་སྙོམས་རྣམ་པར་བཞག་པའི་ཆོ་ག་འདི་གསུངས་སོ།། དཔའ་བོས་སྤྱི་ཡི་ལས་རྣམས་ཤེས།། མཁས་པས་དང་པོ་འབད་པ་ནི།། ནམ་མཁའ་རྡོ་རྗེ་དབུས་གནས་སུ།། བདེ་བ་གཉིས ་པའི་གནས་བཞག་སྟེ།། བསྒྲུབ་བྱ་ཧཱུཾ་གཉིས་མིང་སྙིང་གནས།། དངུལ་ནི་སྦོམ་པོ་བརྒྱད་ལ་བརྒྱ།། བརྗོད་ནས་བཏབ་པས་གང་ཞིག་ཀྱང་།། ཟུག་རྔུ་བཏང་སྙོམས་ཉིད་དུ་འགྱུར།། ཨོཾ་ཀཱི་ལ་ཡ་སརྦ་མ་ནུ་སརྦ་བུ་དྷ། ་ཤཱནྟིང་ཀུ་རུ་པུཥྚི་བཤང་མཱ་ར་ཡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དངུལ་གྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ཞེ་དགུ ་པའོ།། །། དེ་ནས་བཅོམ་ལྡན་འདས་འབད་པ་བླ་ན་ཡོད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནམ་ལྕགས་ཡོངས་སུ་བཅད་པའི་གོ་ཆ་འདི་གསུངས་སོ།། ནམ་མཁའ་རྡོ་རྗེ་དབུས ་གནས་སུ།། གནམ་ལྕགས་འབབ་པའི་ཡུལ་བཞག་སྟེ།། ར་གན་བཟང་པོ་དག་ལ་ནི།། མཁས་པས་སྦོམ་པོ་བརྒྱད་ཡིན་ཏེ།། བསྒྲུབ་བྱའི་མིང་སྙིང་དབུས་གནས་ཧཱུཾ།། གཉིས་ནས་འབྱི་བའི་ལས་བྱས་ཏེ།། མཁས་པས ་@། ཉི་ཤུ་རྩ་གཅིག་བརྗོད།། ཁ་ཡང་བརྒྱད་ཀྱི་ཕྱོགས་སུ་བལྟ།། གང་ལ་གནམ་ལྕགས་འཁོར་ལོ་རྣམས།། ནམ་མཁའ་མཁས་པའི་བར་དུ་མེད།། ཨོཾ་ཀཱི་ལ་ཡ་སརྦ་མ་ཧཱ་ཀཱི་ལ་ཡ། རུ་པ་ཨ་བ་ས་མ་ཡ ་ཤཱནྟིཾ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ར་གན་གྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་ཟམ་པའོ།། །། དེ ་ནས་བཅོམ་ལྡན་འདས་སྤྱོད་ཡུལ་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཏང་སྙོམས་རྣམ་པར་བཞག་པའི་ཆོ་ག་འདི་གསུངས་སོ།། དཔའ་བོས་སྤྱི་ཡི་ལས་རྣམས ་བྱ།། མྱུར་དུ་གསོད་པའི་ཆོ་ག་འདི།། དཔའ་བོས་ཡང་དག་འབད་པ་ནི།། འཁོར་བ་ཤེལ་དང་འདྲ་བ་ལས།། སྦོམ་པོ་བཅུ་གཉིས་བརྟག་པར་བྱ།། ནམ་མཁར་རྡོ་རྗེའི་དབུས་གནས་སུ།། ཉི་མའི་དཀྱིལ་འཁོར་བསམ ་པར་བྱ།། ཟླུམ་པོ་མཉམ་པའི་དབྱིབས་འདྲ་བ།། རྣམ་པར་བསམ་པའི་འོག་ཏུ་ཡང་།། དངོས་པོ་སྔགས་ཀྱིས་བཀུག་ནས་ཀྱང་།། རྡོ་རྗེའི་དམ་ཚིག་སྦྱིན་པ་དང་།། དགེ་འདུན་ཆེན་པོ་འཕེལ་བྱའི་ཕྱིར།། རྣམ་པར་སྨིན ་པ་དོན་ཡོད་བྱ།། གསང་སྔགས་སྟོང་གི་རང་བཞིན་ཡིན།། ཐོགས་པ་མེད་པར་མྱུར་དུ་ངེས།། ཨོཾ་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་ཆེ་གེ་མོ་ཨ་མུ་ཀཾ། མ་ཧཱ་ཀཱི་ལ་ཡ། མཱ་ར་ཡ་ཧཱུཾ་ཕཊ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཡེ་ཤེས་ཀྱི་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཁར་བ་དང་ཤེལ་ལྟ་བུའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ང་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་བཀོད་པ་ལྷུན ་གྱིས་གྲུབ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བུ་མོ་ཡོངས་སུ་དགུག་པ་ཞེས་བྱ་བའི་ཆོ་ག་དང་བཅས་པ་འདི་གསུངས་སོ།། པདྨ་རཱ་ག་ལྟ་བུ་ཡི།། འཁོར་བ་མཁས་པས་བཙལ་ནས ་ཀྱང་།། ནམ་མཁའ་རྡོ་རྗེའི་དབུས་གནས་སུ།། ཧཱུཾ་གཉིས་དབུས་གནས་མིང་སྙིང་སྟེ།། སྐྱེ་གནས་ལྟ་བུའི་སྒོར་བཏགས་ནས།། སྦོམ་པོ་བརྒྱད་པ་བཅུ་ཡིན་ཏེ།། མཁས་པའི་དོན་རྣམས་མྱུར་དུའོ།། ཨོཾ་ཀཱི་ལ་ཡ་པདྨ་ཀ ་མ་རཱུ་པི། པདྨ་ཀཱི་ལ་ཡ་ཧཱུཾ་ཛ། བསྐུལ་པ་དང་བཅས་ལས་ཀྱི་སྔགས།། མཁས་པས་བརྟག་པས་དོན་རྣམས་འགྲུབ།། འདི་ལ་རྣམ་པར་དཔྱད་མི་དགོས།། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི ་རྩེ་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འཁོར་བ་དང་པདྨ་རཱ་ག་ལྟ་བུའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པ་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ་