| Wylie | e-texts produced with BDRC’s OCR application |
བ་ལས། ཕྱིས་སྐད་གསར་བཅད་ཀྱིས་ཕབ་པའོ།། །། སིདྡྷི་རསྟུ། @#།། རྒྱ་གར་སྐད་དུ། བཛྲོ་ཧཱ་ར་མ་ཧཱ་ཡོ་ག་ཏནྟ་ཀཱི་ལ་ཡ་ནཱ་མ། བོད་སྐད་དུ། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད། ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འོག་མིན་གྱི་གནས། གྲུ་གསུམ་མཐིང་ནག་འབར་བ་མཐའ་དང་དབུས ་མེད་པ། ཡུམ་གྱི་བྷ་གར་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ། འཁོར་གྱི་ཚོགས ་རྒྱ་མཚོ་དང་བཅས་པས་ཞུས་པ། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་བདག་ཅག་རྣམས་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་གཅིག་ཏུ་ཞུ་ཞེས་གསོལ་པ་ལས། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ ་ཞེ་སྡང་རྡོ་རྗེས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཞུས་པ་ལེགས་སོ།། འདི་ལྟ་སྟེ། གསང་སྔགས་ཀྱི་དོན་འདི་ངས་བཤད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཉོན ་ཅིག། དེ་ལ་གྲུབ་པའི་འབྲས་བུ་ཚེ་འདི་ཉིད་ལ་ཐོབ་པར་འདོད་པའི་རྣལ་འབྱོར་པས། ཡང་དག་པའི་དོན་འདི་ཤེས་པར་བྱ་སྟེ། དམ་ཚིག་དང་། ལྟ་བ་དང་། སྤྱོད་པའི་སྒོ་ནས། ཐམས་ཅད་བདེ་བ་ཆེན་པོའི་དོན་ལ ་དགོད་པར་བྱའོ།། དེ་ལ་ཕུར་པའི་དམ་ཚིག་ནི། ལྟ་བ་མཉམ་པར་རྟོགས་པ་དང་།། སྤྱོད་པ་ཅི་ལ་ཡང་མི་སྙོམས་ཤིང་།། ཐབས་ཀྱིས་འགྲོ་ལ་ཕན་བཞེད་པ།། དེ་ནི་དམ་ཚིག་མཆོག་ཏུ་གསུངས།། དེ་ལས་འདས་ན ་ལྟུང་བར་འགྱུར།། འབྲས་བུ་ངེས་པའི་དོན་རྟོགས་ན།། ཚེ་འདི་ཉིད་ལ་གདོན་མི་ཟ།། དེ་ལ་ཕུར་པའི་ལྟ་བ་ནི།། ཡུལ་དང་སྣང་བ་ཐམས་ཅད་ནི།། དབྱིངས་ཉིད་ནམ་མཁའ་ལྟ་བུའི་ངང་།། སེམས་སུ་སྣང་བ་ཐམས ་ཅད་ནི།། མ་བཅོས་རིག་པ་དེ་ཉིད་ཡིན།། དེ་ཉིད་དབྱེར་མེད་མཉམ་པ་དེ།། དེ་ཡི་ངང་དུ་ཐམས་ཅད་འདུས།། ཕུར་པ་ཞེས་ནི་ཡང་དག་བཤད།། བཙལ་དུ་མེད་པའི་ཆོས་ཉིད་ལ།། བསྒོམ་དུ་མེད་པའི ་འབྲས་བུ་ཤར།། ཐམས་ཅད་རང་བྱུང་འགག་པ་མེད།། རྒྱུ་དང་རྐྱེན་ལ་མི་ལྟོས་ཤིང་།། སྤྲོས་མེད་རང་བྱུང་ལྷུན་གྱིས་གྲུབ།། རྒྱུ་རྐྱེན་གཉིས་ལས་མྱ་ངན་འདས།། གདོད་ནས་མ་བཅོས་ཡེ་ནས་གྲུབ།། དུས་གསུམ ་དབྱེར་མེད་གཅིག་པར་བལྟ།། སྲིད་པ་གསུམ་ནི་རང་གི་རྐྱེན། ཁམས་གསུམ་སྤྲོས་མེད་དབྱིངས་སུ་གཅིག། ཐམས་ཅད་ཡེ་ནས་དབྱེར་མེད་པས།། སྟོང་གསུམ་དུས་གསུམ་ཏིལ་འབྲུ་ཙམ།། རང་བྱུང་སྐྱེ་མེད་དབྱིངས ་སུ་གཅིག། དེ་ནི་ལྟ་བའི་མཆོག་ཡིན་ཏེ།། ལྟ་བ་དེ་ལས་འདས་གྱུར་ན།། འཁྲུལ་པས་ལམ་ནི་རྙེད་མི་འགྱུར།། དེ་ལ་ཕུར་པའི་སྤྱོད་པ་ནི།། བཙལ་བ་མེད་པའི་དབྱིངས་ཉིད་ལས།། སྙིང་པོ་དྲན་པས་ལྷར་བསྐྱེད ་དེ།། ཅི་འབྱོར་མཆོད་པ་ཕུལ་ནས་ཀྱང་།། རང་གི་ལྷར་ནི་བརྟག་པར་བྱ།། འདོད་པའི་དོན་རྣམས་གསོལ་བ་གདབ།། བསྙེན་པའི་ཕྱིར་ནི་སྙིང་པོ་བཟླས།། ཐམས་ཅད་ཁྲོ་བོ་ཁྲོ་མོར་དམིགས།། འདོད་པའི་དོན་རྣམས ་འགྲུབ་པར་བསམ།། མ་འགྲུབ་པར་དུ་བསྙེན་པར་བྱ།། འགྲུབ་པའི་རྟགས་ནི་བྱུང་བ་དང་།། གང་ལ་དམིགས་པའི་ངོ་བོ་ལ།། གདབ་པའི་ལས་རྣམས་བྱས་ནས་ནི།། རྣམ་ཤེས་དབྱིངས་སུ་ཡང་དག་སྤར།། ལྷག་མ་ལྷ ་ལ་བསྟབ་པར་བྱ།། གཟིར་མནན་ལས་རྣམས་བྱས་ནས་ནི།། ལས་རྣམས་འགྲུབ་པར་གདོན་མི་ཟ།། དེ་ནི་ཕུར་པའི་སྤྱོད་པའོ།། དེ་ལ་ཕུར་པའི་དམ་ཚིག་ནི།། བསྒྲུབ་པ་དེ་ནི་གཙོ་རུ་བླང་།། དམ་ཚིག་དེ་ནི་མ་ཉམས ་ན།། ལྟ་བ་ཉམས་ཀྱང་ལྟུང་མི་འགྱུར།། ལྟ་བ་དེ་དག་མ་ཉམས་ན།། སྤྱོད་པ་ཉམས་ཀྱང་ཡ་མི་ང་།། སྤྱོད་པ་དེ་དག་མ་ཉམས་ན།། དམིགས་པའི་ལས་རྣམས་འགྲུབ་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཀོད་པའི་རྒྱུད་ལས། བལྟ་བ་དང་སྤྱོད་པ་དམ་ཚིག་གི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ། ཕུར་པ་ཁྱད་པར་གྱི་ལེའུ་སྟེ་འདི ་གསུངས་སོ།། མ་ནོར་མ་བཅོས་ཆོས་ཉིད་དེ།། བཙལ་བའི་བསམས་པ་ཀུན་ལས་འདས།། ཐམས་ཅད་དབྱེར་མེད་མཉམ་པའི་ངང་།། དེ་བཞིན་ཉིད་ལས་ཁྱད་པར་འཕགས།། སྣང་བ་མེད་པའི་ཆོས་ཉིད་ལས། ཁྱབ ་དང་མ་ཁྱབ་གཉིས་མེད་དེ།། ཀུན་ཏུ་སྣང་ལས་ཁྱད་པར་འཕགས།། བཙལ་བ་མེད་པའི་ཆོས་ཉིད་ལས།། མ་བསྐྱོད་པར་ནི་ཐམས་ཅད་བྱུང་།། རྒྱུ་ཉིད་ལས་ནི་ཁྱད་པར་འཕགས།། བཙལ་དུ་མེད་པའི་ཆོས་ཉིད ་ལས།། བསྒྲུབ་ཏུ་མེད་པའི་འབྲས་བུར་ཤར།། ཕུར་པ་བཀོད་ཅེས་དེ་ལ་བྱ།། འགྱུར་བ་མེད་པའི་ཆོས་ཉིད་ནི།། ཕྱོགས་དང་རིས་ལ་མི་གནས་ཤིང་།། མཐའ་དང་དབུས་སུ་མི་དམིགས་ཤིང་།། སེམས་ཉིད་ཡེ་ནས ་འགྱུར་བ་མེད།། གཞལ་ཡས་ཁང་ལས་ཁྱད་པར་འཕགས།། དབྱེ་རུ་མེད་པའི་སེམས་ཉིད་ཀྱི།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། ཡེ་ནས་དབྱེར་མེད་རྫོགས་སངས་རྒྱས།། ཕུར་པ་དྲིལ་ཞེས་དེ་ལ ་བྱ།། མི་དམིགས་བསམ་འདས་དབྱེར་མེད་དང་།། མ་བཅོས་སྤྲོས་པ་མེད་པའི་དཀྱིལ།། སྐྱེ་མེད་ཡོངས་ལ་ཁྱབ་པའི་འཁོར།། འགྱུར་མེད་དོན་རྟོགས་མཉམ་པའི་ངང་།། མཚན་མའི་དཀྱིལ་འཁོར་ལས་ཁྱད ་འཕགས།། དངོས་པོ་མེད་པའི་ཡེ་ཤེས་ཀྱིས།། མཚན་མར་སྣང་བ་དབྱིངས་སུ་སྤྱོད།། ཕུར་པ་བཀོད་ཅེས་དེ་ལ་བྱའོ།། རང་བྱུང་རིག་པའི་ཡེ་ཤེས་ནི།། བཙལ་ཞིང་བསམ་པས་མ་བསྐྱེད་དེ།། ཆོས་ཀྱི་དབྱིངས་སུ ་གཤེགས་པས་ནི།། སྤྱན་དྲང་དོན་ལས་ཁྱད་པར་འཕགས།། སྤྲོས་པ་མེད་པའི་ཆོས་ཉིད་དང་།། བཙལ་དུ་མེད་པའི་སེམས་ཉིད་གཉིས།། མཉམ་པའི་ངང་དུ་རྟོགས་པས་ན།། བཞུགས་སུ་གསོལ་ལས་ཁྱད་པར ་འཕགས།། ཐམས་ཅད་དབྱེར་མེད་མཉམ་པའི་ངང་།། འདུ་འབྲལ་མེད་པར་རབ་གནས་པས།། ཕྱག་འཚལ་བ་ལས་ཁྱད་པར་འཕགས།། ཆོས་ཉིད་བཙལ་དུ་མེད་པ་ལ།། སྐྱེ་མཆེད་ཁམས་རྣམས་མཆོད་པར ་སྣང་།། ནམ་མཁའ་དམིགས་སུ་མེད་པ་ལ།། འབྱུང་བའི་ཚོགས་རྣམས་མཆོད་པར་སྣང་།། ཐམས་ཅད་ཆོས་ཉིད་རྒྱུ་རུ་གསུངས།། མཆོད་པ་ཕུལ་བས་ཁྱད་པར་འཕགས།། ཐམས་ཅད་མི་དམིགས་མཉམ་པའི ་དང་།། དམིགས་མེད་བསམ་འདས་བརྗོད་དུ་མེད།། བསྙེན་པ་ཕུལ་བས་ཁྱད་པར་འཕགས།། དམིགས་སུ་མེད་པའི་སེམས་ཉིད་ཀྱིས།། ཐམས་ཅད་བླ་མེད་རྒྱུར་བཏོན་པས།། ཕོ་ཉ་བཀྱེ་ལས་ཁྱད་པར་འཕགས།། ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། དུས་གསུམ་བཞུགས་པའི་སངས་རྒྱས་དང་།། ཐམས་ཅད་དབྱེར་མེད་དབྱིངས་སུ་བསྒྲལ།། དགྲ་བགེགས་བསྒྲལ་ལས་ཁྱད་པར་འཕགས།། སྣང་བའི་ཡུལ་ནི་ཆོས་ཉིད ་ལས།། བསམ་པའི་ཆ་ནི་ཡེ་ཤེས་ཏེ།། གཉིས་སུ་མེད་པར་རྟོགས་པས་ན།། ཕུར་པ་བཏབ་ལས་ཁྱད་པར་འཕགས།། མ་སྐྱེས་པ་ཡི་ཆོས་ཉིད་ཀྱིས།། སྐྱེས་པའི་ཕུང་པོ་སྐྱེ་རྒྱུན་བཅད།། མ་བཅོས་པ་ཡི་ཆོས་ཉིད ་ཀྱིས།། བཅོས་པའི་ཆོས་ཉིད་ཟིལ་གྱིས་མནན།། མི་དམིགས་པ་ཡི་ནམ་མཁའ་ཡིས།། དམིགས་པའི་འབྱུང་བ་ཟིལ་གྱིས་མནན།། ཐམས་ཅད་སྐྱེ་ཤི་རྩད་ནས་གཅོད།། གཟིར་མནན་བྱས་ཤེས་དེ་ལ་བྱ།། འཁོར་བ ་དོང་སྦུགས་ཁྱད་པར་འཕགས།། སྐྱེ་ཤི་རྩད་གཅོད་ཁྱད་པར་འཕགས།། ཐམས་ཅད་དབྱིངས་བཀོད་ཁྱད་པར་འཕགས།། འཁོར་བའི་རྒྱུ་ཉིད་ཡང་དག་བྱང་ཆུབ་ལམ།། ཐམས་ཅད་མྱ་ངན་འདས་ལས་ཁྱད་པར ་འཕགས།། སྐྱེ་མེད་རྡོ་རྗེ་ལྟ་བུའི་ངང་ཉིད་ལས།། སྐྱེ་ཤི་འཕྲོ་འདུ་མེད་པས་ཁྱད་པར་འཕགས།། དེ་ལྟ་བུ་ཡི་དོན་ལ་མཁས་པ་ཡིས།། རྟོགས་པའི་བློ་ཆེན་རྣལ་འབྱོར་གང་ཞིག་གིས།། དེ་ཡི་དོན་ལ་འདྲིས་ན་སངས ་རྒྱས་ཡིན།། བཙལ་དུ་མེད་པའི་དོན་རྟོགས་བསྒོམ་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། ཁྱད་པར་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས ་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས། ལྟ་བའི་མན་ངག་འདི་གསུངས་སོ།། བཙལ་མེད་དབྱིངས་ཀྱི་ངང་དུ་ཐམས་ཅད་འདུས།། མི་འགྱུར་བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས།། ཐམས་ཅད་སྐྱེ་ཤིའི ་རྩ་བ་བཅད།། སྒྲུབ་མེད་ཆོས་ཀྱི་དབྱིངས་ལ་ཡེ་ནས་བཏབ།། བཏབ་པ་ཉིད་ན་འཁོར་བའི་མིང་ཡང་མེད།། མ་བཅོས་ལྷུན་གྱིས་གྲུབ་པའི་དབྱིངས་ཉིད་ལ།། ཡེ་ཤེས་རིག་པའི་ཕུར་པ་ཡེ་ནས་བཏབ།། བཏབ་པ་ཉིད ་ན་དངོས་པོ་མཚན་མ་མེད།། སྣང་སྲིད་བྱང་ཆུབ་སྙིང་པོའི་ལིངྒ་ལ།། ཀུན་ཏུ་བཟང་པོའི་རོལ་པའི་ཕུར་པ་བཏབ།། བཏབ་པ་ཉིད་ན་སེམས་རྟོག་ཡིད་ལས་འདས།། དངོས་པོར་སྣང་བའི་ཤེས་རབ་ལིངྒ་ལ།། རང ་བྱུང་ཐུགས་ཀྱི་རྒྱལ་པོའི་ཕུར་པ་བཏབ།། བཏབ་པ་ཉིད་ན་བརྗོད་པའི་མཐའ་ལས་འདས།། དེ་ཕྱིར་དབྱེར་མེད་དོན་རྟོགས་མཉམ་པའི་ངང་།། བྱ་བཙལ་མེད་པར་བཞག་པས་ཕུར་པ་གདབ་ཅེས་བྱ།། དེ་ལ་ཆོས་ཉིད ་ཕུར་པ་ནི།། ཆོས་ཅན་གང་ལ་ཡང་མི་དམིགས་ཤིང་།། མ་བཅོས་དང་དུ་ཐམས་ཅད་འདུས།། ཕུར་པ་ཞེས་ནི་དེ་ལ་བྱ།། དེ་ལ་སེམས་ཉིད་ཕུར་པ་ནི།། སྐྱེ་མཆེད་ཁམས་ལ་མི་གནས་ཤིང་།། རང་བྱུང་དང་དུ་ཐམས ་ཅད་འདུས།། ཕུར་པ་ཞེས་ནི་དེ་ལ་བྱ།། དེ་ལ་ནམ་མཁའི་ཕུར་པ་ནི། ཁ་དོག་དབྱིབས་ལ་མི་གནས་ཤིང་། ཁྱབ་གདལ་ངང་དུ་ཐམས་ཅད་འདུས།། ཕུར་པ་ཞེས་ནི་དེ་ལ་བྱའོ།། དེ་གསུམ་དབྱེར་མེད་མྱ་ངན ་འདས།། དངོས་པོ་མཚན་མར་མི་སྣང་ཞིང་།། བསམ་པ་ལས་ཀྱང་མྱ་ངན་འདས།། ཐམས་ཅད་ཡེ་ནས་མཉམ་ཉིད་ལས།། རྒྱུ་དང་འབྲས་བུར་དབྱེ་རུ་མེད།། ཐ་སྙད་འདོགས་ན་འཁྲུལ་པ་ཡིན།། མཐར་ཡང་སངས ་རྒྱས་རྙེད་མི་འགྱུར།། དེ་ལ་ཕུར་བུའི་མན་ངག་ནི།། ཐ་སྙད་དག་ལ་མི་གནས་ཤིང་།། བཙལ་དུ་མེད་ཅིང་དངོས་པོ་མེད།། ཐམས་ཅད་དབྱེར་མེད་དབྱིངས་སུ་གཅིག། འཁྲུལ་པའི་ཐ་སྙད་མིང་ཡང་མེད།། བདག་ཉིད ་ཕུར་པའི་རང་བཞིན་ལས།། གཞན་དུ་འདོགས་པ་འཁྲུལ་པའི་ལམ།། གྲངས་ཀྱིས་བགྲང་དུ་ག་ལ་ཡོད།། ཆོས་ཉིད་གཅིག་ཏུ་གནས་པ་ལ།། གྲངས་ཀྱིས་བགྲངས་ན་གོལ་ས་ཡིན།། ཕུར་པའི་རང་བཞིན་དག་པ ་ལ།། མིང་ཙམ་གཞན་ལ་བརྟེན་མི་བྱ།། རང་གི་རང་བཞིན་རྟོགས་པར་གྱིས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། བལྟ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས ་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་ཕུར་པ་བྱང་ཆུབ་སེམས་ཀྱི་དོན་འདི་གསུངས་སོ།། ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས།། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས།། སྲིད་གསུམ་འཁོར་བ་གདར་ཤ ་གཅོད།། མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས།། མཉམ་པའི་རྒྱལ་པོ་རིག་པས་གདབ།། ཕུར་པ་ཆོས་ཀྱི་དབྱིངས་ཀྱི་རྟགས།། གཞན་དུ་གདབ་པའི་གནས་མེད་ཀྱི།། རང་བཞིན་བྱང་ཆུབ་སེམས་ལ ་གདབ།། ཕུར་བུ་འཛིན་ཆགས་མྱ་ངན་འདས།། གཟུང་འཛིན་རྣམ་རྟོག་ཉིད་ལ་གདབ།། ཕུར་པ་དངོས་པོ་ཀུན་དང་བྲལ།། དངོས་མེད་སེམས་ཀྱི་ཕུར་པ་ཡིས།། དངོས་པོ་ཕྱིན་ཅི་ལོག་ལ་གདབ།། གདབ་དང་མི ་གདབ་བརྗོད་པའི་མཐའ་ལས་འདས།། ཕུར་པ་སྐྱེ་བ་མེད་པའི་དོན།། སྐྱེ་མེད་སེམས་ཀྱི་ཕུར་པ་ཡིས།། སེམས་ལ་བཏབ་པས་རིག་པ་ཤར།། དབྱིངས་ལ་བཏབ་པས་ལྷུན་གྱི་གྲུབ།། གཉིས་སུ་མེད་པ་བརྡལ་བའི ་དང་། ཁྱབ་གདལ་ཆེན་པོའི་ཕུར་པ་ཡིས།། སྣང་སྲིད་ཀུན་ལ་ཁྱབ་པར་གནས།། དེ་ལྟར་རྟོགས་ན་ཐེབས་པ་ཡིན།། མངོན་དུ་གྱུར་ན་རྟོགས་པ་ཡིན།། ཚིག་ལས་འདས་ནས་སངས་རྒྱས་ཡིན།། གྲངས་ལས་འདས་ན ་བརྗོད་དུ་མེད།། གཅིག་དང་གཉིས་སུ་དབྱེ་རུ་མེད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས ་འཇིག་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་ཕུར་པ་རང་བཞིན་གྱི་དོན་ལ་སྙོམས་པར་ཞུགས་ཏེ། འདི་གསུངས་སོ།། ཕུར་པའི་རང་བཞིན་དོན་བསྟན་པ།། ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ།། པ་ནི་བླ་མ་ཆེན་པོར ་བསྟན།། ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ།། པ་ནི་རིག་པའི་ཡེ་ཤེས་ཡིན།། ཕུར་ནི་སྐྱེ་བ་མེད་པ་ཡིན།། པ་ནི་འགག་པ་མེད་པ་ཡིན།། གཉིས་སུ་མེད་པ་ཕུར་པའི་ངང་།། ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན།། པ་ནི་ཤེས ་རབ་ཡུམ་གྱི་དོན།། གཉིས་སུ་མེད་པའི་རྡོ་རྗེའི་ངང་།། ཕུར་པ་ནམ་མཁའི་མཐའ་དང་མཉམ།། ཕུར་པ་ཁྱབ་གདལ་ཉི་ཟླ་འདྲ།། ཀུན་ལ་སྙོམས་པའི་ངོ་བོར་སྣང་།། ཕུར་པ་ཆོས་ཀྱི་ཆོས་ཉིད་ཡིན།། ཕུར་པ་ནམ ་མཁའི་མཚན་ཉིད་ཡིན།། ཕུར་པ་སེམས་ཀྱི་སེམས་ཉིད་ཡིན།། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན།། ཕུར་པ་ལུང་གི་བླ་མ་ཡིན།། ཕུར་པ་མན་ངག་ངེས་པའི་དོན།། གསང་བའི་སྔགས་ཀྱིས་བསྐྱེད་པར་བྱ།། གང་ལ ་དམིགས་པའི་ངོ་བོ་ལ།། ཕོ་ཉ་སྐར་ཚོགས་སྤྲིན་ལྟར་གཏིབས།། དཀར་ནག་མཚམས་ནས་དྲངས་ནས་ནི།། ལྷ་གཟུགས་ཕྲལ་ཏེ་བརླག་བསམ་སྟེ།། རྡོ་རྗེའི་བྲག་ཀྱང་འཇིག་འགྱུར་ན།། སྡིག་ཅན་དགྲ་བགེགས་སྨོས ་ཅི་དགོས།། ཕོ་ཉ་མང་པོས་སྟོང་ཁམས་གང་།། འཕྲལ་ལ་གང་བ་མ་ཡིན་ཏེ།། ཡེ་ཉིད་ནས་ནི་གང་བར་གནས།། གསལ་བར་བསྒོམ་ནས་བཀྱེ་བ་ཡིན།། ཉམས་སུ་ཆུད་ན་བསྒྲལ་བ་ཡིན།། གཉིས་སུ་མེད་ན་སྦྱོར་བ ་ཡིན།། ལྷངས་ཀྱིས་རྟོགས་ན་ཟེབས་པ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། རང་བཞིན་གྱི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད ་རྒྱལ་པོ་ཞེ་སྡང་རྡོ་རྗེ་རྩ་ཡི་དོན་ལ་སྙོམས་པར་ཞུགས་ནས། འཕྱང་ལྡན་མ་དང་རོ་མཆོག་མ།། སྤྱི་ཁྱེར་འཕྱང་ལྡན་ཤེས་རབ་མ།། རོ་མཆོག་མ་ནི་ཐབས་ཀྱི་ངོས།། སྤྱི་ཁྱེར་མ་ནི་དབུས་ན་གནས།། རྣམ ་རྟོག་མི་ཕྱེད་ཕྲ་གཟུགས་མ།། བྱང་ཆུབ་སེམས་ནི་སྐྱེ་འགྱུར་ཏེ།། གནས་ཤིང་གཟུང་འཛིན་བྲལ་བ་ཡིས།། མི་བསྐྱོད་རྒྱུ་བས་འཕྱང་ལྡན་མ།། རཀྟ་རྒྱུ་བས་རོ་མཆོག་མའོ།། ཤེས་རབ་ཟླ་བ་རྒྱུ་བ་ནི།། སྤྱི་ཁྱེར་མར་ནི ་རབ་ཏུ་གསུངས།། མི་ཕྱེད་མ་དང་ཕྲ་གཟུགས་མ།། བཟང་མོ་གཡས་ན་གཡོན་འཐུང་མ།། རུས་སྦལ་མོ་དང་སྒོམ་པ་མོ།། དབང་བསྐུར་མ་དང་མཚན་མོ་ཅན།། ཆེན་མོ་གནས་དང་མ་མོ་དང་།། ཀུན་མཚན་མོ་དང ་གྲང་མོ་དང་།། དྲོད་མ་འཕྱང་མ་སྤྱི་གཙུག་མོ།། རོ་མ་རྟོག་མ་དགའ་ལྡན་མོ།། གཟུགས་མཛེས་མ་ནི་ཐུང་མོའོ།། རྒྱུ་སྦྱིན་མོ་དང་བྲལ་བ་མོ།། མངག་པ་མོ་དང་གྲུབ་པ་མོ།། དགའ་བྱེད་མ་དང་ཡིད་མཛེས་མ།། དེ ་བཞིན་སུམ་སྒྲིལ་འདོད་ལྡན་མ། ཁྱིམ་ནས་གཏུམ་མོ་བདུད་བྲལ་མོ།། སྲིད་གསུམ་ཡོངས་སུ་ཞུ་བ་རྣམས།། ཀུན་ཀྱང་གཟུང་འཛིན་རྣམ་པར་སྤངས།། ཡང་ན་ཐམས་ཅད་ཐབས་ཉིད་ཀྱིས།། དངོས་པོ་མཚན་ཉིད ་རྣམས་ཀྱིས་བརྟགས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། རྩ་ཡི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་ས་དང ་ལམ་ཀྱི་རིམ་པ་འདི་གསུངས་སོ།། དེ་ནས་རྗེས་སུ་རྣལ་འབྱོར་པས།། ལམ་འདི་དག་ལ་དགོད་པར་བྱ།། ཚོགས་ལམ་སྦྱོར་ལམ་མཐོང་བའི་ལམ།། བསྒོམ་ལམ་དང་ནི་རྣམ་གྲོལ་ལམ།། བཅུ་གཅིག་ཀུན་ཏུ་འོད་ཀྱི ་ས།། བཅུ་གཉིས་པདྨ་ཅན་གྱི་ས།། འཁོར་ལོ་ཚོགས་ཆེན་བཅུ་གསུམ་པ།། ཀུན་བཟང་བཅུ་བཞི་བ་རུ་གྲགས།། དང་པོའི་ས་ནི་རིག་འཛིན་ཏེ།། གཉིས་པ་ཚེས་ལ་དབང་རིག་འཛིན།། ཀུན་རྫོབ་ཕྱག་རྒྱའི་རིག་འཛིན ་ཏེ།། རྟོགས་པ་ལྷུན་གྲུབ་རིག་འཛིན་ནོ།། ཕུར་པའི་རང་བཞིན་དོན་རྟོགས་པ།། རིགས་དག་ཏུ་ནི་རྣམ་པར་བཤད།། ལས་བྱས་སྔོན་གྱི་ཚོགས་ཀྱིས་སོ།། ལས་བདུན་བྱས་པས་སྦྱོར་བའོ།། དེ་ཉིད་བསྒོམ་པས་མཐོང་། ་བ་དང་།། འབྱུང་བ་ལྔ་དང་ལྷ་ཡི་གནས།། གདན་དང་བཅས་པ་བསྐྱེད་པར་བསྒོམ།། སྲོག་ཉིད་ཡེ་ཤེས་རྒྱུར་བྱས་པས།། བདུད་བཞི་ལས་ནི་རྣམ་པར་གྲོལ།། དཀྱིལ་འཁོར་གསུམ་ལ་སོགས་མཚན་ཉིད།། ཕུང་པོར ་མ་གྲུབ་པ་དང་འོད།། གོང་བུར་གནས་དང་འཆི་བདག་དང་།། ཡི་གེས་ཡེ་ཤེས་ཉོན་མོངས་མེད་པར་སྦྱངས།། སྣང་སྲིད་དྲེགས་པ་ཅན་དང་ནི།། མི་སྣང་བར་བཅས་ལྷ་བདུད་བཅོམ།། ཉེས་ལྡན་སྲོག་གི་དབང་པོ ་དང་།། བདུད་བཞི་དྲུག་གདགས་གཞི་དྲུག་དང་སྣང་བ་དེ།། གནས་སྐབས་དག་ལ་རབ་ཏུ་གྲགས།། དུས་དང་གྲངས་དང་མཚན་མོའོ།། བསྙེན་པ་དག་ཏུ་ཡིན་པར་བཤད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་གསུང་ཐུགས་རྡོ་རྗེ་བཀོད་པ་ལས། ས་དང་ལམ་གྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ་མི་རྟོག་པའི་དོན་ལ་སྙོམས་པར་ཞུགས་ཏེ། སྡང ་སྲིད་དྲུག་ཅུ་རྩ་གསུམ་བསྒོམ།། ཡེ་ཤེས་ཆོས་ཉིད་ཡོན་ཏན་སྐུ།། སྐུ་གསུང་ཐུགས་ཀྱི་རང་བཞིན་འདུས།། ཡབ་ཡུམ་གཉིས་ནི་རང་བཞིན་གནས།། ཡུམ་ཡང་ཧཱུཾ་འདུས་ཏིང་འཛིན་ཧཱུཾ།། སེམས་དཔའི་རྩེ་དབུས་ཧཱུཾ ་དྲངས་ལ།། ཡེ་ཤེས་སྣ་བཀག་སྲོག་རྩ་བརྒྱུས།། རང་ཉིད་རྩ་རྒྱུད་ནང་བརྒྱུད་དགྲའི་དེ།། ཤངས་ཀྱི་རླུང་སྒྲོམ་རྩེ་ལ་བཏོན།། སོར་བཞི་ཕར་འཕྲོས་ཚུར་འདུས་ཏེ།། འདུས་པ་ཉི་ཟླའི་དབུས་སུ་འོད།། ཨ་ཡི་ཚུལ་དུ ་གནས་བྱའོ།། ཧཱུཾ་ལྡན་ཨོཾ་གྱིས་ཚུར་འདུས་པས།། སྲིད་གསུམ་འགྲོ་བ་རང་སྣང་བཞིན།། ཕྱི་ནང་སྣོད་བཅུད་དེ་ཉིད་དེ།། སེམས་དང་ཡིད་དང་རྣམ་ཤེས་ཉིད།། དེ་ཉིད་ལས་ནི་འཁྲུལ་ནས་བཏགས།། རྣམ་རྟོག་བག ་ཆགས་སྤང་བའི་ཕྱིར།། བདག་དང་ཕུར་པ་གཞལ་ཡས་ཁང་།། བྱང་ཆུབ་སེམས་ནི་གསུམ་དུ་བཤད།། དང་པོར་བདག་གིས་བྱང་ཆུབ་སེམས།། སྙིང་གའི་པདྨར་ཨཱ་བསམ་སྟེ།། ཕར་འཕྲོས་ཐམས་ཅད་འོད་དུ ་ཞུ།། ཨ་ནི་མར་མེའི་རྩེ་ལྟར་འབར།། གཟུང་བ་ཟླ་བའི་འོད་ལྟར་ཏེ།། འཛིན་པའི་རྩ་རྣམས་ཤིན་ཏུ་དམིགས།། ཡང་ཡང་དེ་ལ་ཡིད་ཀྱིས་བསྒོམ།། འཕྲོ་བར་གྱུར་ན་སྤྲོས་ཏེ་བསྒོམ།། བྱིང་པར་གྱུར་ན་བཟླས་པ ་བྱ།། གཟུང་འཛིན་འགགས་པས་ཤེས་རབ་གསལ།། ཉི་མའི་འོད་ཟེར་ཚུལ་ལྟ་བུར།། དེ་ནི་ཕུར་བུ་བྱང་ཆུབ་སེམས།། ཨ་ནི་རང་བཞིན་དགག་འགྱུར་ཏེ།། ཨ་ཚུལ་མི་དམིགས་ནམ་མཁའ་སྟེ།། རང་བཞིན་གསལ ་ལ་རྟོག་པ་མེད།། གཟུང་འཛིན་ཤེས་ཀྱིས་འགགས་གྱུར་ན།། གཞས་ཡས་བྱང་ཆུབ་སེམས་ཞེས་བྱ།། གཞལ་ཡས་ཕུར་པ་བདག་གིས་ནི།། བྱང་ཆུབ་སེམས་ནི་སླུ་བཅས་པའི།། གཉིད་ལོག་སད་པ་ཅི་བཞིན་དུ།། ཡེ ་ཤེས་རང་བཞིན་སྐུར་གྲུབ་པའི།། ལོངས་སྤྱོད་རྫོགས་སྐུར་འགྱུར་ཞེས་བྱ།། ཡེ་ཤེས་རླུང་སྟེ་རླུང་འོད་ཟེར།། སྣང་བ་འོད་ཀྱི་དཀྱིལ་འཁོར་ཏེ།། གཞལ་ཡས་སྦྲུལ་ཡང་དེས་འགྲུབ་སྟེ།། ཡེ་ཤེས་པ་དང་རྡོ་རྗེ ་འཛིན།། བཅུ་གསུམ་བགྲོད་པ་དེ་ཡིན་ཏེ།། དེ་ལས་སྤྲུལ་པ་རིམ་བཞིན་བཀྱེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པ་ཆེན་པོའི་རྒྱུད་ལས། ས་དང་ལམ་གྱི་རིམ་པའི་ལེའུ་སྟེ་བརྒྱད ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་རྒྱལ་པོ་ཞེ་སྡང་རྡོ་རྗེས་སྲས་རིགས་ཀྱི་ཁྲོ་བོ་འདི་སྟོན་ཏེ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན། རྡོ་རྗེའི་རིགས་ཐམས་ཅད་སྐུ་མདོག་མཐིང་ནག ་ལ། ཞལ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་བུའི་ཚུལ་དུ། ཟུར་གསུམ་དུ་བཞུགས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་མཐིང་ནག་ཏུ་འཕྲོས་པས། ཞེ་སྡང་དམྱལ་བའི་གནས་ཐམས་ཅད་སྟོང་ཤིང་ཟད ་པར་མཛད་དེ། ཞེ་སྡང་ཐམས་ཅད་དང་རྡོ་རྗེའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། ཤར་ཟླུམ་ལ་འཁྱིལ་བའི་དཀྱིལ་འཁོར་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་ཐམས་ཅད་སྐུ་མདོག་སྐྲག ་ནག་ཞལ་གསུམ་ཕྱག་དྲུག་པ། སྨད་དྲག་པོའི་རང་བཞིན་ཟུར་གསུམ་དུ་གནས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་སྨུག་ནག་ཏུ་འཕྲོས་པས། གཏི་མུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད ་སྟོངས་པར་མཛད་དེ། གཏི་མུག་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། ལྷོ་སོག་ཁ་གདེངས་པའི་དཀྱིལ་འཁོར་དུ། རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་ཐམས་ཅད་སྐུ་མདོག་སེར་ནག ་ཞལ་གསུམ་ཕྱག་དྲུག་པ། སྨད་དྲག་པོའི་རང་བཞིན་ཕུར་བུ་ཟུར་གསུམ་དུ་གནས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་སེར་ནག་ཏུ་འཕྲོས་པས། ང་རྒྱལ་ཅན་གྱི་ཚོགས་ཐམས་ཅད་ཟད་ཅིང་སྟོངས ་པར་མཛད་དེ། ང་རྒྱལ་ཅན་ཐམས་ཅད་རིན་པོ་ཆེའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། ནུབ་ཟླ་གམ་གདེངས་པའི་དཀྱིལ་འཁོར་དུ། པདྨ་རིགས་ཀྱི་ཁྲོ་བོ་ཐམས་ཅད་སྐུ་དང་མདོག་དམར་ནག་ཞལ་གསུམ་ཕྱག ་དྲུག་པ་སྟེ། སྐུ་སྨད་དྲག་པོའི་རང་བཞིན་ཕུར་པ་ཟུར་གསུམ་པ་སྟེ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་དམར་ནག་ཏུ་འཕྲོས་པས། འདོད་ཆགས་ཀྱིས་ཉེན་པའི་སེམས་ཅན་ཐམས་ཅད་སྟོངས་ཤིང་ཟད ་པར་མཛད་དེ། འདོད་ཆགས་ཅན་ཐམས་ཅད་པདྨའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། བྱང་གྲུབ་བཞི་གདེངས་པའི་དཀྱིལ་འཁོར་ནས། ལས་ཀྱི་རིགས་ཀྱི་ཁྲོ་བོ་ཐམས་ཅད་སྐུ་མདོག་ལྡང་ནག་ཞལ་གསུམ་ཕྱག ་དྲུག་པ། སྐུ་སྨད་དྲག་པོའི་རང་བཞིན་ཕུར་པ་ཟུར་གསུམ་པར་གནས་པ། ཞལ་ནས་ཕུར་པ་འཛབ་ཟློས་ཤིང་། ཀཱི་ལ་ཡ་ལྗང་ནག་ཏུ་འཕྲོས་ཏེ། ཕྲག་དོག་གིས་ཉེན་པའི་སེམས་ཅན་ཐམས་ཅད་རྩད་བཅད་སྟེ། ཕྲག ་དོག་གི་གནས་སྟོང་ཏེ། ཕྲག་དོག་ཅན་ཐམས་ཅད་ལས་ཀྱི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རང་བཞིན་དུ་གྱུར་ཏོ།། ཧཱུཾ་རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་པ་ནས།། ཀེང་རུས ་རི་རབ་ཆེན་པོ་བརྩེགས་པའི་སྟེང་།། རྡོ་རྗེ་བྲག་ཆེན་གཏམས་པའི་ས་བཞི་ལ།། དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་།། སུས་ཀྱང་མ་བྱས་ཡེ་ནས་ཚད་ལས་འདས།། བསྐལ་པ་མེ་ལྟར་འབར་བའི་དཀྱིལ ་འཁོར་ནས།། དྲེགས་པ་ལྷ་ཆེན་བསྣོལ་བའི་ཁྲི་སྟེངས་སུ།། ཉི་ཟླའི་གདན་བཤམས་པདྨ་གེ་སར་བཅས།། འཇིགས་བྱེད་དཔལ་ཆེན་ཚོགས་བཅས་བཞུགས་པ་ནི།། ཡེ་ཤེས་ཚད་མེད་སྤྲུལ་པའི་ཐབས་མངའ ་བས།། གང་མོས་གང་ལ་དེ་བཞིན་སྐུར་སྣང་ཞིང་།། ཅི་ལ་ཅིས་འདུལ་དེ་བཞིན་ཆ་ལུགས་སྟོན།། ཐུགས་མཚན་སྣ་ཚོགས་མཚོན་ཆའི་ཆར་འབེབས་ཤིང་།། གསུང་གི་ཀཱི་ལ་ཡ་ཡི་སྒྲ་སྒྲོགས་འབྲུག་སྟོང་ལྡིར།། རྫི ་བསྐྱོད་སྤྱན་ཟློག་མ་སྟག་རྩཝརྩ་འཕྲོ།། ཞལ་གདངས་མཆ་གཅགས་དུག་གསུམ་ཞལ་དུ་རྔུབས།། མངག་པའི་ཕ་ཅ་འགུག་བྱེད་གློག་སྟོང་འགྱུ།། ཕྲིན་ལས་རྣམ་བཞིས་ལོག་པའི་དགྲ་བགགས ་འཇོམས།། སྤྲུལ་པའི་ཕོ་ཉས་བདུད་དཔུང་ཟིལ་གྱིས་མནོན།། དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུ། དབུ་གསུམ་པ་ལ་ཕྱག་དྲུག་པ། ཞབས་རྣམ་པ ་བཞིར་ལྡན་པ། གཡས་ལྡང་ནག། གཡོན་དམར་ནག། དབུས་མཐིང་ནག་ཏུ་བཞུགས་པ། གཡས་དང་པོ་ན་རྡོ་རྗེ་རྩེ་དགུ་བསྣམས་པ། གཡོན་དང་པོ་ན་མེ་དཔུང་འབར་བ་བསྣམས་པ། གཡས་བར་མ་ན་རྡོ་རྗེ་རྩེ་ལྔ ་པ་དང་སྟ་རེ་དང་ཐོ་བ་ཐོགས་པ། གཡོན་བར་མ་ན་ཁ་ཊྭཱཾ་དང་ཐོད་དབྱུག་དང་ལྕགས་ཀྱུའོ།། གཡས་ཐ་མ་ན་ཕུར་པ། གཡོན་ཐ་མ་ན་རྦོད་གཏོང་ཕྲ་མེན་གྱི་ཚོགས་རྣམས་ཏེ། བྱ་རྒོད་དང་། ཁྱུང་དང་། འུག་པ་དང་། ་ཕོ་རོག་དང་། ཕྲ་བསྣམས་པའོ།། ཞབས་བཞི་ལ་གཉིས་བརྐྱང་གཉིས་བསྐུམ་སྟེ། དོར་སྟབས་སུ་བཞུགས་སོ།། སྐུ་ལ་བསྐལ་པའི་མེ་རི་དང་། གླང་པོ་ཆེའི་ཀོ་རློན་དང་། སྟག་གི་ཤམ་ཐབས་དང་། ཞིང་ཆེན་གྱི ་པགས་པ་དང་། ཐལ་བའི་ཚོམ་བུ་དང་། ཞག་གི་ཟོ་རིས་དང་། ཁྲག་གི་ཐིག་ལེའོ།། སྦྲུལ་རིགས་ལྔས་བརྒྱན་ཏེ། རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་དང་དམངས་རིགས་དང་། གདོལ་པའི་རིགས ་སོ།། ཐུགས་རྗེ་ཆགས་པས་ཁྲག་གི་རྒྱ་མཚོ་ལ་གསོལ་པའོ།། ཡུམ་འཁོར་ལོ་རྒྱས་འདེབས་མ།། ཞལ་གཅིག་ཕྱག་གཉིས་མ། གཡས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་བྷན་དྷ་རཀྟས་བཀང་བ། ཡབ་ཀྱི་ཞལ་དུ ་སྟོབ་པ། སྐུ་ལ་དུར་ཁྲོད་ཀྱིས་བརྒྱན་པ། དོ་ཤལ་དང་། དཔུང་རྒྱན་དང་། མགུར་ཆུ་དང་། སྙན་ཆ་དང་། སེ་མོ་དོས་བརྒྱན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་སོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་རྡོ་རྗེ་བཀོད་པའི་རྒྱུད་ལས། རིགས་ཀྱི་ཁྲོ་བོའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ། ཞེ་སྡང་རྡོ་རྗེས་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ་ཡབ་ཡུམ་གཉིས་སུ་མེད་པར་ཆགས་པའི་དོན་ལ་བསྐུལ་ཏེ། ཡབ་ཀྱིས་བསྐུལ་བ་ས་མ་ཡ་ཧོ། ཡུམ་གྱིས་བསྐུལ་བ་ས་མ་ཡ་སྟྭཾ་རཱ་གོ&་ཧཾ། རཱ་ག་ཡཱ་མི། ཡབ་ཡུམ་གཉིས་སུ་མེད་པར་གྱུར་ཏེ། པདྨ་ཡོ་གཱི ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཡབ་ཀྱི་བྱང་ཆུབ་སེམས་ཡུམ་གྱི་མཁར་བབས་ཏེ། ཡུམ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་ཏེ། ལན་གཅིག་འཕྲོས་པས་ཁྲོ་བོ་འཆོལ་བའི་རང་བཞིན་དུ་གྱུར་ཏོ།། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་ཀྲོ། ་དྷ་ཛ་ལ་མཎྜལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལྷག་གིས་ཁེངས་པར་གྱུར་ཏོ།། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་ཀ་རཱ་ཏྲ་དང་། ཨ་ཀར་ཤ་རཱ་ཏྲ། ཁ་ཏྲང་ཀ་རུ་ཏྲ་རུ་ཏྲ ་ལ་སོགས་པ། ཉོན་མོངས་པའི་ཁ་ལོག་པར་བལྟས་པའི་སེམས་ཅན་དེ་དག་ཐམས་ཅད་བསྒྲལ་ཞིང་རྩད་བཅད་དོ།། སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ། འོད་ཕྱོགས་བཅུར་འཕྲོས་པས།། ་དེས་ཕྱོགས་བཅུའི་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཏེ། དེའི་སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་འཐོན་ཏེ། ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་དང་། ཡུམ་མདའ་བསྙེམས་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག ་པ་ཞབས་བཞི་དང་ལྡན་པའོ།། དུར་ཁྲོད་ཆས་ཀྱིས་བརྒྱན་པ། བརྒྱ་བྱིན་གྱི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པའོ།། ལྷོ་ཕྱོགས་སུ་ཁྲོ་བོ་གཤིན་རྗེའི་གཤེད་པོ་དང་། ཡུམ་དུར་ཁྲོད་ཀྱི་བདག་མོ་གཉིས་སུ་གྱུར་ཏེ། ་དབུ་གསུམ་ཕྱག་དྲུག་པའོ།། ཞབས་བཞི་དང་ལྡན་པ། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན་པའོ།། ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ་དང་། ཡུམ་རྡོ་རྗེ་གཏུམ་མོ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ ་བཞི་དང་ལྡན་པའོ།། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན་པའོ།། བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུང་འབྱིན་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པའོ།། སྐུ་ལ ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པའོ།། ཤར་ལྷོར་ཁྲོ་བོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ་སྡེར་མོ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པའོ།། སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན ་པའོ།། ལྷོ་ནུབ་ཏུ་ཁྲོ་བོ་མི་གཡོ་མགོན་པོ་དང་། ཡུམ་རྡོ་རྗེ་གཏུན་ཁུང་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་བཞི་རླུང་ལྷ་ཕོ་མོ་བརྫིས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ།། ནུབ་བྱང ་མཚམས་སུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་བསྙེམས་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་བཞི་རླུང་ལྷ་ཕོ་མོ་བརྫིས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའོ།། བྱང ་ཤར་མཚམས་སུ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་བཞི་དབང་ལྡན་ཕོ་མོ་བརྫིས་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པའོ།། སྟེང ་གི་ཕྱོགས་སུ་ཁྲོ་བོ་ཧཱུཾ་ཀ་ར་དང་། ཡུམ་རྡོ་རྗེ་སྒྲ་འབྱིན་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་བཞིས་ཉི་ཟླ་བརྫིས་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པའོ།། འོག་གི་ཕྱོགས་སུ་ཁྲོ་བོ་སྟོབས་པོ ་ཆེ་དང་། ཡུམ་རྡོ་རྗེ་སྐྱོད་བྱེད་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ། ཞབས་བཞིས་ས་བདག་བརྫིས་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པའོ།། ཡབ་ཀྱི་སྤྲུལ་པ་སྟག་གི་མགོ་ཅན་དང་། གཡག་གི ་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། གཟིག་གི་མགོ་ཅན་དང་། བྱི་ལའི་མགོ་ཅན་དང་། སྦྲང་ཀིའི་མགོ་ཅན་དང་། སེང་གེའི་མགོ་ཅན་དང་། དོམ་གྱི་མགོ་ཅན་དང་། ཕག་གི་མགོ་ཅན་དང་། དྲེད་ཀྱི་མགོ་ཅན ་ནོ།། ཡུམ་གྱི་སྤྲུལ་པ། བྱ་རྒོད་ཀྱི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་དང་། འུག་པའི་མགོ་ཅན་དང་། ཁྲའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། ཁྲ་ཡི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་དང་། ་སྲེ་མོའི་མགོ་ཅན་དང་། སྨིག་བུའི་མགོ་ཅན་དང་། བྱི་ལའི་མགོ་ཅན་དང་། དེ་ནས་ཞེ་སྡང་རྡོ་རྗེས་དྲེགས་པ་ཅན་ཐམས་ཅད་ཚར་བཅད་པའི་ཕྱིར། ཐུགས་ཀྱི་སྲས་མཆོག་འདི་དག་ཕྱུང་སྟེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་གསུངས་ཏེ་ཉིད་ཀྱི་མདུན་དུ་འཁོད་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་གསུངས་པས། སྲས་མཆོག་དེ་དག་དབུ་གསུམ་ཕྱག་དྲུག་པ། སྐུ་སྨད་ཟུར་གསུམ་དུ ་གྱུར་ཏེ། མདུན་ན་བཀའ་སྡོད་པའི་ཚུལ་དུ་བཞུགས་སོ།། དེ་ནས་ཞེ་སྡང་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ།། དྲེགས་པ་འདུལ་ཕྱིར་ཐུགས་ལས་སྦྲུལ།། ངོ་མཚར་ལས་འདི་འགྲུབ ་པར་གྱིས།། དེ་ནས་སྲས་མཆོག་དེ་དག་གིས་ཀྱང་། ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་མང་དུ་ཕྱུང་སྟེ། འཇིག་རྟེན་ཁམས་འདི་དག་གཡོས་རབ་ཏུ་གཡོས་སོ།། འཁྲུགས་རབ་ཏུ་འཁྲུགས་སོ།། བརྒྱལ་ལོ་རབ་ཏུ་རྒྱལ་བར་གྱུར ་ཏོ།། མྱོས་རབ་ཏུ་མྱོས་པར་གྱུར་ཏོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་ཏེ། ཨེ་མ་ཧོ།། ཐུགས་ཀྱི་སྲས་མཆོག་ཅེས་བསྟོད་ཅིང་། བདེ་བར་གཤེགས་པ་དེ་དག ་གིས་ཀྱང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བ་ལ་སོགས་པ་དང་། ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་དབང་བསྐུར་རོ།། དེ་ནས་སྲས་མཆོག་དེ་དག་གིས་ཀྱང་། ལྟ་བ་ལོག་པས་ཟིན ་པའི་དྲེགས་པ་ཅན་དེ་དག་ཐམས་ཅད་དྲག་པོའི་སྟང་སྟབས་ཀྱིས་བསྒྲལ་ཏེ། མགོ་བཅད་སྙིང་ཕྱུང་ཡན་ལག་བྲེགས་ཏེ། ལུས་གཙོ་བོའི་གདན་དུ་ཕུལ་ལོ།། རྣམ་པར་ཤེས་པ་འོག་མིན་དུ་འཕང་ངོ་།། ཤ་ཁྲག་ལ་མ་མོ ་དང་། ཁྲོ་མོ་དང་ཕྲ་མེན་དང་། སྤྲུལ་པ་དང་ཡང་སྦྲུལ་དང་གཅིག་གི་ཡང་སུམ་སྦྲུལ་ལ་སོགས་པ། སེང་མང་དང་སྟག་མང་ཤ་ལ་རོལ་པ་བཞིན་དུ་གྱུར་ཏོ།། ཞལ་ནས་ཀྱང་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་དང་ཧ་ཧ་དང་ཧེ་ཧེ་དང་ཁཱ་ཁཱ ་དང་བྷྱོ་བྷྱོ་དང་རུ་ལུ་དང་ཕཊ་ཕཊ་ལ་སོགས་པའི་སྒྲ་འབྱིན་ཅིང་རོལ་ལོ།། དེ་དག་ཐམས་ཅད་དང་སྣང་སྲིད་དྲུག་ཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས ་རྡོ་རྗེ་བཀོད་པའི་རྒྱུད་ལས། ཁྲོ་བོའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས། གསང་སྔགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ་འདི་གསུངས་སོ།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་གརྫ་གརྫ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཧཱུཾ། ཨཱ~ཾ་དཱི་པ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧ་ན་ཧ་ན་ཧཱུཾ། ཨོཾ་བཛྲ་ཀྲོ་ཏི་དྷ་ཏུ་ལཱ་སེ་ཀི་ཧཱུཾ། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ། ཨོཾ་བཛྲ་ཀྲོ ་དྷཱ་ཏཱ་ན་བ་དྲཱཿ། བཛྲ་ཀྲཱ་ཏ་ཡ་མན་ཏ་ཀཙཱ་པ་ཙ་པ་ཙཿ། ཨོཾ་བཛྲ་ཀྲྀདྡྷ་ཛྙཱན་པ་ཏྟཱསྠ། བཛྲ་ཀྲྀ་ཏ་སརྠ་ས་ཙ་ལ། བན་དྷ་བན་དྷཿ། བཛྲ་ཀྲོ་དྷཱརྨ་ས་ན་ནྡ། ཨོཾ་བཛྲ་ཀྲོ་དྷ་ཧ་མ་ཐིལ་པྲ་ཤྩ་ལ ་ལུཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཙཎྜ་ལཱི་ཧཱུཾ། ཨཱ~ཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཤཱ་བྷཱུ་ཏཱི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡ་ཙྪིནྡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ས་བྷ་མི་ཏ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ ་ཧཱུཾ་བིན་དྷ་བིན་དྷ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་དྷཱ་ཏུ་མཱ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཙུནྡ་ཡ་ཏི་ཧཱུཾ། ཨོཾ་བཛྲ་སཱུ་ཀ་ར་མུ་ཁ་ཛ་ཛཿབཛྲ་ཧཱུཾ་ཀ་ཤྲ་ཧུ་ཀ་ཛ་ཛཿབཛྲ་བྷ་གྷྲ་མུ་ཁ་ཛ་ཛཿབཛྲ་གྲྀ་ཌྷ་མུ ་ཁ་ཛ་ཛཿབཛྲ་ཙ་མ་ར་མུ་ཁ་ཛ་ཛཿབཛྲ་ཁ་ཁཱ་མུ་ཁ་ཛ་ཛཿབཛྲ་ཧ་རི་ཎ་མུ་ཁ་ཛ་ཛཿབཛྲ་ཨུ་ལཱ་མུ་ཁ་ཛ་ཛཿབཛྲ་རི་སཱི་མུ་ཁཱི་ཛ་ཛཿོཾ་བཛྲ་ཀཱ་ཀ་མུ་ཁཱི་ཛ་ཛཿབཛྲ་བི་ཌཱ་ལ་མུ་ཁ་ཛ་ཛཿབཀྵ་ཏི་མུ་ཁཱི་ཛ་ཛཿབཛྲ་ཤྭ་ན ་མུ་ཁ་ཛ་ཛཿབཛྲ་པ་ཏྲི་མུ་ཁཱི་ཛཿབཛྲ་སིཾ་ཧ་མུ་ཁ་ཛ་ཛཿབཛྲ་ཏི་ཏཱི་ལ་མུ་ཁཱི་ཛཿབཛྲ་རྀཀྵ་མུ་ཁ་ཛཿབཛྲ་ན་ཀུ་ལ་མུ་ཁཱི་ཛཿབཛྲ་ཏ་ཀྵཱ་མུ་ཁཱི་ཛཿབཛྲ་མཱུ་ཥི་ཀ་མུ་ཁཱི་ཛ་ཛཿོཾ་བཛྲ་ཡ་ཀྵི་ཎཱི་ཛཿབཛྲ་བྷེ་ར་བེ་ཧཱུཾ། བཛྲ་ཨ ་མྲྀ་ཏ་བཾ། བཛྲ་མཱ་ར་ཎཱི་ཧོ། ཧེ་ཧེ་ཧེ་ཧེ། ཛཿཧཱུཾ་བཾ་ཧོཿམ་མ་མཱ་མཱ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། ་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་རྒྱལ་པོ་ཞེ་སྡང་རྡོ་རྗེས་དྲག་པོའི་ཕྲིན་ལས་འདི་གསུངས་སོ།། བླ་མེད་སྒྲུབ་པའི་རྣལ་འབྱོར་ལ།། དགེ་སྦྱོང་འབྲས་བུ་འཕེལ་བྱ ་ན།། ཤིན་ཏུ་གདུག་པ་ཚར་བཅད་ཕྱིར།། དྲག་པོའི་ཕྲིན་ལས་རབ་ཏུ་བརྩམས།། ཐོག་མར་གནས་ནི་བཙལ་བྱ་ཞིང་།། ཕྱི་ཡི་གཏོར་མ་གཞུང་བཞིན་བཤམ།། ཕྱོགས་སྐྱོང་ལ་སོགས་སྲུང་མ་ལ།། དམ་ཚིག་བཞིན་དུ ་ཕྲིན་ལས་བཅོལ།། དེ་ནས་ནང་དུ་མཚམས་གཅོད་ཕྱིར།། དཀྱིལ་འཁོར་མཐིང་ནག་བྲི་བར་བྱ།། ཟླ་གམ་རྡོ་རྗེ་བྲག་ལ་སོགས།། ཐོད་སྐམ་སྒོ་ཁྱུད་གཞུང་བཞིན་བྱ།། དེ་ནས་རྫས་རྣམས་བསག་བྱ་སྟེ།། ཕུར་བུ་དང ་ནི་ཉུང་ཀར་དང་།། ཞིང་རས་གཏོར་མ་ལ་སོགས་པ།། ཤེས་རབ་ཅན་གྱིས་བསགས་པའི་རྫས།། དཀྱིལ་འཁོར་དེ་དག་བསྐོར་ཏེ་བཞག། དེ་ནས་ལས་གོས་རྣམས་བྱས་ཏེ།། ཚད་དང་ལྡན་པའི་རྣལ་འབྱོར། ་པས།། ཕུར་པ་བྱིན་གྱིས་བརླབ་བྱ་ཞིང་།། དེ་ནས་ཏིང་འཛིན་གསལ་བ་ལས།། སྤྱན་དྲང་བསྐྱེད་དང་གཉིས་མེད་བསྟིམ།། ཕྱི་ནང་མཆོད་པ་རིམ་བཞིན་འབུལ།། དེ་ནས་སྒྲུབ་པ་གསལ་བར་བསྒོམ།། དེ་ནས་བསྙེན ་པ་གསུམ་བྱ་སྟེ།། ནམ་གྱི་གུང་དང་ཉི་མའི་གུང་།། ཕོ་ཉ་བཀའ་སྡོད་འབངས་ཀྱི་ཚུལ།། བཀྱེ་ཞིང་གཟུགས་ལ་བསྟིམས་བྱས་ཏེ།། དེ་ཡི་རྟགས་དང་མཚན་མ་ནི།། འོད་དང་འཕྲོ་དང་འབར་བ་དང་།། ཐ་མ་རྨི་ལམ ་བཟང་ལ་སོགས།། དེ་ལྟར་རྟགས་ནི་བྱུང་བ་དང་།། སྒྲུབ་པ་པོ་ནི་མ་ལུས་པས།། གསལ་བ་རྣམ་གསུམ་དག་དང་ནི།། བདེན་པ་བདར་ཞིང་ཡང་དང་ཡང་།། གནད་བདུན་དག་ཏུ་གདབ་བྱ་ལ། ཁྲོ་བོ ་བཅུ་ཡི་སྔགས་བརྗོད་ཅིང་།། གང་ལ་དམིགས་པའི་ངོ་བོ་ལ།། གཟིར་གནན་བརླག་པའི་ལས་རྣམས་བྱ།། བྱིན་ཆུང་སྙིང་ནི་མི་དགའ་ན།། སྤྲོག་པའི་ཆོ་ག་གཞུང་བཞིན་བྱ།། ལྷ་རྣམས་མཉེས་པར་བྱ་བ་དང་།། ལས ་ཀྱི་ལྷག་ཆད་བསྐང་བ་དང་།། ཡུན་གྱི་སྒྲིབ་པ་སྦྱང་བའི་ཕྱིར།། མཐོལ་བཤགས་ལ་སོགས་འབད་ལ་བྱ།། གཟུགས་ནི་དུམ་བུ་གསུམ་དག་ཏུ།། རྣོན་པོའི་མཚོན་གྱི་གཏུབས་ནས་ཀྱང་།། གཏོར་མ་གཏང་ཞིང་ཧོམ་དུ ་བསྲེག། དེ་ནས་གཏོར་མ་ལ་སོགས་བཏང་།། དཀྱིལ་འཁོར་དག་ནི་བསྡུ་བྱ་ཞིང་།། དངོས་གྲུབ་དག་ཀྱང་བླང་བར་བྱ།། བགེགས་ཀྱིས་མི་ཚུགས་བྱ་བའི་ཕྱིར།། རྡོ་རྗེའི་གོ་ཆ་བགོ་བར་བྱ།། སྙིང་རྗེའི་སེམས་དང ་འབྲལ་མི་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱལ་པོའི་རྒྱུད་ལས། དྲག་པོ་བསྒྲལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི ་རྒྱལ་པོ་ཞེ་སྡང་རྡོ་རྗེས། དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་གསུངས་སོ།། སྨེ་ཤ་ཅན་ལ་སོགས་པ་ཡི།། བཅུ་གཉིས་དང་ནི་བཅོ་བརྒྱད་དང་།། ཡང་ན་ཉི་ཤུ་རྩ་གཅིག་ལ།། ཕྱག་རྒྱའི ་དཀྱིལ་འཁོར་གསལ་བཀོད་དེ།། རྔམ་གསུམ་ཚུལ་དུ་ནན་ཏན་བྱ།། ཧ་ཅང་སྦོམ་མིན་ཕྲ་བ་མིན།། རིང་པ་མ་ཡིན་ཐུང་བ་མིན།། སྨིན་མཚམས་རིང་ཞིང་ཤ་མདོག་དཀར།། སྨེ་བའི་ག་ཤ་ཡོད་པ་དང་།། སུམ་ཅུ་རྩ ་གཉིས་མཚན་དང་ལྡན།། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན།། སྤྱི་བོར་ཨོཾ་ལ་སྙིང་གར་ཧཱུཾ།། མཚན་མར་ཨ་སྟེ་རྣམ་གསུམ་བཀོད།། རྣམ་གསུམ་ཚུལ་དུ་སྦྱོར་བ་བྱ།། དང་པོ་དགའ་དང་མཆོག་ཏུ ་དགའ།། རང་བཞིན་དགའ་དང་དགའ་བྲལ་ལོ།། བྱང་ཆུབ་སེམས་དཔའ་སློབ་མ་ལ།། ཚུལ་བཞིན་ཡིད་ཀྱིས་བསྐུར་བར་བྱ།། དེ་ལྟར་སྐུར་བྱེད་སློབ་དཔོན་ལ།། རང་ལུས་སྲོག་དང་ནོར་གྱི་དབྱིག། མ་དང་སྲིང་མོ་བུ ་མོ་དང་།། ཆུང་མ་རབ་ཏུ་བརྒྱན་ཏེ་འབུལ།། ཤིན་ཏུ་མཛེས་དང་ཡིད་མཐུན་འབུལ།། རྟ་དང་གླང་པོ་ནོར་གྱི་དབྱིག། ཡུལ་རིས་གཉེན་བྲན་བཅས་པ་ཕུལ།། དེ་ལྟར་འབུལ་བྱེད་སློབ་མ་ལ།། ཕྱི་དང་ནང་དང་གསང་བ ་དང་།། རིམ་པ་བཞིན་དུ་བསྐུར་བར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས་དབང་བསྐུར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས ་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས། དྲག་པོའི་སྦྱིན་སྲེག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་གསུངས་སོ།། དེ་ནས་དཀྱིལ་འཁོར་བྱ་བ་ནི།། གྲུ་བཞི་ཆ་ནི་མཉམ་པ་ལ།། དབུས་སུ་གྲུ་གསུམ་གྲུ་གང ་བཀོད། ཁ་ཁྱེར་སུམ་བརྩེགས་སོར་བཞིའི་ཚད།། མུ་ཁྱུད་ཟླུམ་པོ་སོར་གསུམ་པ།། གྲུ་ཆད་བཞི་ཡི་རྣམ་པར་བརྒྱན།། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ།། བར་ཁྱམས་དང་ནི་སྒོ་བཞིར་བཅས།། ཕྱི ་རིམ་མཐིང་ནག་མེ་རིས་བསྐོར།། གདུག་པ་ཅན་གྱི་ཤིང་རྣམས་ལ།། དྲག་པོའི་སྔགས་ཀྱིས་བཏབ་ནས་སུ།། དབུས་ཀྱི་གྲུ་གསུམ་ནང་དུ་བཞག། དམར་གཏོར་དང་ནི་ཉུང་དཀར་དང་།། ལྕགས་ཕྱེ་དང་ནི་རྡོ་ཕྱེ ་དང་།། དུག་གཏོར་ལ་སོགས་འགྲམ་དུ་བཀོད།། གཟུགས་དང་མིང་རུས་ལ་སོགས་པ།། རལ་གྲིས་དུམ་བུར་གཏུབ་ནས་ནི།། བྷན་དྷའི་ནང་དུ་གཞག་པར་བྱའོ།། སྐྱེར་ཚེར་དང་ནི་མར་ཁུ་དང་།། རོ་ཤུན་རས་ཀྱིས་དེ ་ལྟར་བྱ།། བྱིན་ཟ་གྲུ་གསུམ་རཾ་ལས་བསྐྱེད།། སྐུ་མདོག་དམར་ནག་དུད་ཀའོ།། ཕྱག་ན་མེ་སྒྲོན་བསྣམས་པ་སྟེ།། སྤྱན་དྲང་བསྐྱེད་དང་གཉིས་མེད་བསྟིམ།། ལས་བཅོལ་ཕྲིན་ལས་རྫོགས་པར་བྱ།། བྷྲཱུཾ་ལས་ཡེ་ཤེས ་དཀྱིལ་འཁོར་བསྐྱེད།། དབུས་སུ་ཡཀྐ་ཡབ་ཡུམ་བསྐྱེད།། འཁོར་ལོ་དག་ལ་ཁྲོ་བཅུ་བསྐྱེད།། སྲས་མཆོག་གྲ་ཡི་ཕྱོགས་བསྐྱེད་ལ།། ཁྱམས་ལ་མ་ཚོགས་སྤེལ་བར་འགོད།། ལྕགས་རི་ལ་ནི་དབང་ཕྱུག་མའོ།། ་བཞིན་དཀྱིལ་འཁོར་སྤྱན་དྲངས་ལ།། བསྟིམ་དང་མཆོད་བསྟོད་ལ་སོགས་བྱ།། ཕྲིན་ལས་བཅོལ་དང་བསྟོད་པ་དང་།། སྨོན་ལམ་བཟོད་གསོལ་བཤགས་པ་བྱ།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས།། དད་པ ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ། བསྲེག་ལང་མེ་ཡི་གཞལ་ཡས་སུ།། འགྲོ་བའི་དོན་དུ་སྤྱན་འདྲེན་ན།། སྦྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ།། ཛཿཧཱུཾ་བཾ་ཧོཿོཾ་བཛྲ་ཀཱི་ལི་ཀི་ལ་ཡ ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ་ཕཊ་ཨཱ་གཙྪ་ཨཱ་གཙྪ་ཡ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཏོ་ཤ་ཡ་ཏོ་ཤ་ཡ་བཛྲ་ཊ་ཀི་ནི་ཧཱུཾ་ཕཊ་ཅེས་སྤྱན་དྲངས་སོ།། ཨེ་བཾ་མཱ་ཡཱ། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། དྲག་པོ་སྦྱིན་སྲེག་གི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་བཀའ་སྩལ་པ། ངས ་གསུངས་པ་ཡི་རྒྱུད་འདི་ལ།། རྣལ་འབྱོར་གང་ཞིག་དད་མོས་པ།། དངོས་གྲུབ་ཆེན་པོ་རྙེད་ནས་ཀྱང་།། རིག་འཛིན་རྒྱལ་པོའི་ས་ཐོབ་ནས།། བཅུ་གཅིག་ཀུན་དུ་འོད་ལ་བགྲོད།། ངས་གསུངས་པ་ཡི་རྒྱུད་འདི ་ལ།། གང་ཞིག་སྐུར་པ་འདེབས་པ་དེ།། དུས་མིན་པར་ནི་ཚེ་ཟད་ནས།། རཱ་ཏྲ་ནག་པར་སྐྱེར་བར་འགྱུར།། རྡོ་རྗེ་དམྱལ་བར་ལྟུང་ནས་ཀྱང་།། ཐར་པའི་དུས་མེད་འོ་འདོད་འབོད།། སླན་ཆད་སྡོམ་ཞེས་སྨྲས་པར ་བྱེད།། རྡོ་རྗེ་བཀོད་པའི་རྒྱུད་འདི་ལ།། མི་དད་སྤོང་བའི་སེམས་ཅན་དེ།། གཤིན་རྗེའི་ཞགས་པས་བཟུང་ནས་ཀྱང་།། གདུད་ཀྱིས་ཁྲམ་ལ་བཏབ་ནས་ནི།། སྒྲོ་འབོག་ནད་དང་བརྒྱལ་བ་དང་། ཁྲག་གི་ནད་ཀྱིས་འཆི ་བར་འགྱུར།། གསང་སྔགས་རྒྱུད་འདི་དག་ལ་ཡང་། རྣལ་འབྱོར་གང་ཞིག་དད་མོས་པ།། འཇིག་རྟེན་འདི་ཡི་ཡོན་ཏན་ཡང་།། ཡིད་བཞིན་ནོར་བུ་འབར་བ་བཞིན།། འཇིག་རྟེན་ཕྱི་མའི་དངོས་གྲུབ ་ཀྱང་།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ།། ཐར་པ་བདེ་བའི་འབྲས་བུ་ཡིན།། རིག་འཛིན་ས་ལ་གདོན་མི་ཟ།། སྐྱེ་འགག་མེད་པའི་དངོས་གྲུབ་ཀྱིས།། མི་འགྱུར་རྡོ་རྗེའི་དངོས་གྲུབ་ཐོབ།། དམ་ཚིག་གཙང་མས ་རྙེད་པར་འགྱུར།། འགྲོ་བའི་དོན་ལ་དགའ་བ་དང་།། ཐེག་པ་ཆེན་པོ་ལྷུར་ལེན་ཅིང་།། རྡོ་རྗེ་སློབ་དཔོན་མཆོད་བྱེད་པ།། དེ་ནི་དམ་ཚིག་མཆོག་ཏུ་གསུང་།། སྙིང་རྗེའི་སེམས་དང་འབྲལ་མི་བྱ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། རྗེས་སུ་གདམས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ ་པདྨ་ཐོད་ཕྲེང་རྩལ་དང་། ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་བསྐུར་ཏེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དམ་དུ་བཞག་པའོ།། །། @#།། རྒྱ་གར་སྐད་དུ། ཨཱརྱ་སརྦ་བུདྡྷ་ཛྙཱ་ན་ཤི་ཁ་ར ་