CLOSE WINDOW

Gpb027.013: rgyud kyi rgyal po dpal 'jig rten snang byed ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་ལོ་ཀ་དཱི་པ་ནཱ་མ་ཏནྟྲ་རཱ་ཛ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་འཇིག་རྟེན་སྣང་བྱེད་ཅེས་བྱ་བ། དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་འཁྱེན་པའི་ཡེ་ཤེས་མངའ་བ་དེ། ཁྲོས་པའི་རྒྱལ་པོ་དཔལ་ཀི་ལ་ཡར་བཞུགས་ནས། བཛྲ་ཧེ་རུ་ཀ་ལ་སོགས་པ་རིགས་ཀྱི་ཁྲོ་བོ ་དང་། བཛྲ་ཀྲོ་དྷི་ལ་སོགས་པ་རིགས་ཀྱི་ཁྲོ་མོ་རྣམས་དང་། ཧཱུཾ་མཛད་ལ་སོགས་པ་རྒྱན་གྱི་ཁྲོ་བོ་རྣམས་དང་། དེ་རྣམས་ཀྱི་ཡུམ་དང་། ཕྲ་མེན་ཕོ་མོ་དང་། སྒོ་བ་རྣམས་དང་། གོའུ་རཱི་བརྒྱད་དང་། སིདྷ་བརྒྱད་དང་། ་དབང་ཕྱུག་མ་རྣམས་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་ལ་སོགས་ཏེ། འབྲས་བུའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་ཡང་ས་དང་ལམ་ལ་གནས་པའི་ལྷ་དང་། ཀླུ་དང་། ་མ་མཁའ་ལྡིང་དང་མིའམ་ཅི་ལ་སོགས་པ། ལྷ་མ་སྲིན་སྡེ་བརྒྱད་དང་། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྲོ་བོ་བསམ་གྱིས་མི་ཁྱབ་པའི་གནས། བྷ་ག་ཡངས་པའི་དུར་ཁྲོད་བསམ་གྱིས་མི་ཁྱབ་པའི ་གཞལ་ཡས་ཁང་། དུར་ཁྲོད་ལས་བྱས་པའི་གནས་ན། ཉེ་བའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་སྟག་དང་ཁྱི་དང་སྦྱང་ཀི་ལ་སོགས་པའི་གཅན་གཟན་གདུག་པ་གཅན་དང་། ཁྲ་དང་དུར་བྱ་ལ ་སོགས་པའི་དུར་ཁྲོད་ཀྱི་བྱ་མང་པོ་ཡང་འདུས་སོ།། འདུ་བར་ཡང་འགྱུར་རོ།། སྐུ་དང་གསུང་དང་ཐུགས་རྣམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མནལ་ཏོ།། དེ་ལ་འཁོར་རྣམས་ཀྱིས་ཞུས་པ། ཀྱེ་ཨེ་མ ་ཧོ།། སངས་རྒྱས་འདྲ་བའི་སྟོན་པ་ནི།། གུད་ན་ཡོད་པ་མ་ཡིན་ཏེ།། ཡེ་སངས་རྒྱས་པ་མངོན་ནས་བཞུགས།། བྱིན་རླབས་ཡ་མཚན་བསྟན་དུ་གསོལ།། བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར།། རྒྱུ་ལ་གནས་པའི་སྨོན ་མ་གདབ།། ཕྲིན་ལས་རྣམ་བཞིས་དོན་བྱས་ཏེ།། བསོད་ནམས་ཕུང་པོའི་སྐུ་ཡང་འབྱུང་། ཨེ་བཾ་མཱ་ཡཱ། དེ་ལས་ཐུགས་ཡང་དག་པའི་ཡེ་ཤེས་ལས་དབུ་དང་ཕྱག་དང་ཞབས་ལ་སོགས་པའི་སྐུ་མཐའ་ཡས་པའི་ཀཱི་ལ ་ཡ་ཆེན་པོར་གྱུར་ཏོ།། དེ་ནས་གསང་བའི་བདག་པོ་ལ་ཐུགས་ཀྱི་སྒོ་ནས་གདམས། སྤྱན་རས་གཟིགས་ལ་གསུང་གི་སྒོ་ནས་བཤད། འཇམ་དཔལ་ལ་སྐུའི་སྒོ་ནས་གཟིགས་པའོ།། གཞན་ཡང ་འཁོར་ཐམས་ཅད་ལ་གཟིགས་པ་ཡང་མཛད། བཞད་པ་ཡང་མཛད། གླང་པོ་ཆེའི་ཀོ་རློན་ལས་ཀྱང་འོད་བྱུང་། དེ་བཞིན་དུ་སྟག་གི་ཤམ་བུ་ལ་སོགས་པ་ལས་ཀྱང་འོད་བྱུང་བས། འཁོར་རྣམས་དགྱེས་པར་སོང ་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་གསང་བའི་བདག་པོས་གསོལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྒྱུ་མ་མཆིས་པར་འཛུམ་པ་ཡང་མི་མཛད། གཟིགས་པ་ཡང་མི་མཛད། བཞད་པ་ཡང་མི་མཛད་ན།། ་བཅོམ་ལྡན་འདས་རྒྱུ་ཅི་ལགས། འབྲས་བུ་ཅི་ལགས། རྐྱེན་གང་ལགས། ཁྲོ་བོའི་རྒྱལ་པོས་བཤད་དུ་གསོལ།། བདེ་བར་གཤེགས་པས་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་དཔལ་ཀི་ལ་ཡའི ་རྒྱལ་པོས་བཀའ་སྩལ་པ། དེའི་དུས་ལ་བབ་ན་ཉན་པར་བྱོས་ཤིག། ངས་འཁོར་ཐམས་ཅད་དང་། ཁྱོད་ལ་ཡང་མ་འོངས་པའི་དོན་དུ་བཤད་ཀྱིས། དཔེར་ན་འཇིགས་རྟེན་དུ་སངས་རྒྱས་འབྱུང་བ་ཡང་རྒྱུ་འཚལ ་ལོ།། རྐྱེན་འཚལ་ལོ།། འབྲས་བུ་འཚལ་ལོ།། དཔེར་ན་རྒྱ་མཚོ་ཆེན་པོར་མེ་ཏོག་ཨུ་དུམ་ཝ་ར་འཁྲུངས་པ་ལ་ཡང་རྒྱུ་འཚལ་ལོ།། རྐྱེན་འཚལ་ལོ།། འབྲས་བུ་འཚལ་ལོ།། དཔེར་ན་འཇིག་རྟེན་དུ་འཁོར་ལོས་སྒྱུ། ་བའི་རྒྱལ་པོ་འབྱུང་བ་ལ་ཡང་རྒྱུ་འཚལ་ལོ།། རྐྱེན་འཚལ་ལོ།། འབྲས་བུ་འཚལ་ལོ།། དཔེར་ན་འཇིག་རྟེན་ན་ལོ་ཏོག་དང་། འབྲུ་བཅུད་འཁྲུངས་པ་ལ་ཡང་རྒྱུ་འཚལ་ལོ།། རྐྱེན་འཚལ་ལོ།། འབྲས་བུ་འཚལ་ལོ།། དེ ་བཞིན་དུ་བདག་འཛུམ་པ་ལ་ཡང་། རྒྱུ་མ་མཆིས་པ་མ་ལགས། རྐྱེན་མ་མཆིས་པ་མ་ལགས། འབྲས་བུ་མ་འཆིས་པ་མ་ལགས་སོ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་རྒྱུ་ཅི་ལགས། དེ་བཞིན་དུ་མེ་ཏོག་ཨུ་དུམ་ཝ་ར་འབྱུང་བའི་རྒྱུ་ཅི་ལགས། འཁོར་ལོས་སྒྱུར་བ་འབྱུང་བའི་རྒྱུ་ཅི་ལགས། དེ་བཞིན་ལོ་ཏོག་དང་འབྲས་བུ ་འབྱུང་བའི་རྒྱུ་ཅི་ལགས། ཞེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་དུ་སེམས་ཅན་སངས་རྒྱས་སུ་བགྱི་བའི་རྒྱུ་ཅི་མཆིས། རྐྱེན་ཅི་མཆིས། འབྲས་བུ་ཅི་མཆིས། འཇིག་རྟེན་དུ་སྟོན་པ ་འབྱུང་བས། ཨུ་དུམ་ཝ་ར་འབྱུང་བའི་རྒྱུ་མཆིས་སོ།། རྐྱེན་མཆིས་སོ།། འབྲས་བུ་མཆིས་སོ།། འཇིག་རྟེན་དུ་ཞིང་པའི་ལས་སོ་ནམ་མཆིས་ན། འབྲས་བུ་རྩི་བཅུད་འཁྲུངས་པ་ལ་རྒྱུ་མཆིས་སོ།། རྐྱེན་མཆིས ་སོ།། འབྲས་བུ་མཆིས་སོ།། ཞེས་གསུངས་ནས་འཁོར་རྣམས་ལ་གཟིགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་གསང་བ། འཇིག་རྟེན་སྣང་བར་བྱེད་པའི་རྒྱུད་ལས། གླེང ་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་གསུངས་སོ།། འཇིག་རྟེན་མ་རུངས་པ་མཆིས་ཏེ། དེ་ནས་སེམས་ཅན་ཐམས་ཅད་ལ་སྲོག་འཕྲོག་པ་དང་། ་མདངས་འཕྲོག་པ་དང་། ཉམས་པར་བྱེད་པ་དང་། ཤ་ཟ་བ་དང་། ཁྲག་འཐུང་བ་དང་། འཚེ་བ་མཆིས་ཏེ། དེའི་དོན་དུ་ལག་ན་རྡོ་རྗེ་གསང་བའི་བདག་པོ་ལ་སོགས་པ་རིགས་གསུམ་གྱི་མགོན་པོ་ཁྱེད་ནི། མཐུ་ཆེ་བ ་དང་། སྙིང་རྗེ་ཆེ་བ་དང་། ཤེས་རབ་ཆེ་བ་ཡིན་པས་དོན་བྱ་བར་བྱོས་ཤིག། ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཧོ་རྗེ་བཙུན་བཀའ་སྩལ་ན།། མི ་མཇེད་ཁམས་ཀྱི་དོན་བགྱིད་དེ།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས།། བདག་ཅག་རྣམས་ནི་བྱིན་གྱིས་རློབ།། གསང་བའི་བདག་པོས་ཞབས་ལ་སྤྱི་བོས་གཏུགས་སོ།། དེ་ནས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག ་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་ཝ་ཨཱཏྨ་ཀོ&ཧཾ། ཨཱཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ&ཧཾ། ཞེས་བྱིན་གྱིས་བརླབས་སོ།། བརླབས་མ་ཐག་ཏུ། མི་མཇེད་སྤྲུལ་པ་བཀྱེ་བ་ནི། ་ཤྭ་ན་མུ་ཁའི་སྤྲུལ་པ་ལ་སོགས་པ་དང་། རྡོ་རྗེ་ཡ་བྱིན་ལ་སོགས་པ་གསུང་གི་སྤྲུལ་པ་དང་། ཐུགས་ཀྱི་སྤྲུལ་པ་དུས་བཞིའི་རྒྱལ་མོ་སྟེ། བཞི་ཚན་གསུམ་གྱིས་སྲོག་གི་སྙིང་པོ་ཕུལ་བ་ནི། བྷྱོ་བྷྱོ་བྷྱོ་བྷྱོ། མ་མོ་ཀུན་གྱིས ་སྲོག་ཀྱང་ཡིན། ཨེ་ཝཾ་མ་ཡཱ་བཞི་ཉིད་ནི།། མ་མོ་ཀུན་གྱི་སྲོག་ཀྱང་ཡིན།། ཕྲིན་ལས་མཐའ་རུ་ཕྱིན་པ་ནི།། ཛ་ཛ་ཞེས་པ་བཞི་ཉིད་ནི།། མ་མོ་ཀུན་གྱི་སྲོག་ཀྱང་ཡིན།། ལ་ལ་ཇི་སྲིད་སྐུ་ཡི་སྲོག། ལ་ལ་ཇི་སྲིད་གསུང ་གི་སྲོག། ལ་ལ་ཇི་སྲིད་ཐུགས་ཀྱི་སྲོག། བདག་ཅག་རྣམས་ནི་ཇི་སྲིད་བར།། ཕུར་པ་བསྒྲུབ་པའི་གྲོགས་བགྱི་བས།། གལ་ཏེ་བདག་ཅག་འཁུས་པ་ན།། ཀཱི་ལ་ཡ་ལ་འཁུས་པ་ལགས།། ལུས་ཀྱང་རུལ་ཞིང་མྱགས ་པར་འོང་།། སེམས་ཀྱང་སྟོར་ཞིང་བརླག་པར་འགྱུར།། ངག་ཀྱང་ལྐུགས་པར་འགྲོ་བ་ཡིན།། དེ་ལ་ཀཱི་ལ་ཡས་སྔགས་དང་། ཕྱག་རྒྱས་ཤི་ས་བསྟན་པ་འདི་གསུངས་སོ།། ལག་པ་གཡས་གཡོན་བསྣོལ་ནས ་ནི།། མཐེའུ་གཉིས་ནི་སྦྲེལ་ནས་ནི།། མཛུབ་མོ་གཉིས་ནི་མཆེ་བར་བྱ།། སྔགས་ནི་འདི་སྐད་བརྗོད་པར་བྱ།། ཨོཾ་བཛྲ་ས་མ་ཡ་དཾ་ཥྚ་ཨ་ཝ་སྟཾ་བྷ་ཀ་ཡ་ཧཱུཾ་ཕཊ། དེ་ནི་སྡིགས་པའི་ཕྱག་རྒྱའི་སྔགས།། ད་ནི་ཐོད་པའི་ཕྱག ་རྒྱ་ཡིས།། ཚལ་པ་ཚལ་པ་གསུམ་དུ་གཞིག། སོར་མོ་རྒྱ་སྲུབས་བཞིན་དུ་བསྣོལ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། དེ་ནི་གནད་ཀྱི་ཕྱག་རྒྱའི ་སྔགས།། ད་ནི་གཤོག་པའི་ཕྱག་རྒྱ་སྔགས།། ལག་ངར་བསྣོལ་ཏེ་གཤོག་པར་བྱ།། ཛཿཧཱུཾ་བཾ་ཧོཿབཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་བནྡྷ་ཡ་བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། བི་དྷནྨ་ཡ་བི་དྷནྨ་ཡ། ཨེ་ཧྱེ་ཧི ་བྷ་ག་ཝཱན། བུདྡྷ་ཀྵེ་ཏྲི་པྲ་ཏི་སྟཾ་བྷ་ཀ་ཡ་ཧཱུཾ་ཕཊ། སྔགས་དང་ཕྱག་རྒྱ་དེ་ཡིས་ནི།། ལྷ་མོ་རྣམས་ནི་གཟིར་བར་བྱ།། སྔགས་དང་ཕྱག་རྒྱ་དེ་རྣམས་དང་།། དཔའ་བོ་རྣམས་ཀྱིས་བསམ་པ་ནི།། མ་མོའི ་ཤི་ས་བསྟན་པའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འཇིག་རྟེན་མ་མོས་འཇིག་རྟེན་བཀང་།། ཤ་དང་ཁྲག་ལ་དབང་ཡང་བྱས།། སེམས་ཅན་ཉོན་མོངས་ཕོངས་པ ་ལ།། སྤྲུལ་པ་དོན་མཛད་དེ་བཞིན་ནོ།། ཞེས་བརྗོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་ལས། མ་མོ་དབང་དུ་བསྡུ་བ་རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་སྲུང་མ་ཐེམས་ཀྱི ་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་འདི་སྐད་ཞུས་སོ།། ཀྱེ་བཅོམ་ལྡན་འདས་ཀཱི་ལ་ཡ་ཆེན་པོ། མང་པོ་ཉུང་ངུ་བསྡུ་བའི་ཐབས།། རྣལ་འབྱོར་གཅིག་ཏུ་འདུག་པ ་ལ།། ལྷ་ཡི་བྱེ་བྲག་བསྡུ་བའི་ཐབས།། དཔའ་བོ་ཉིད་ཀྱིས་བཤད་དུ་གསོལ།། ཞེས་ཞུས་སོ།། བཀའ་སྩལ་པ། ཉོན་ཅིག་རིགས་ཀྱི་མགོན་པོ་ཁྱོད།། ཤིན་ཏུ་རྣལ་འབྱོར་བྱེད་འདོད་ཅིང་།། བསྟན་པ་གཉེན་པོ་སྲུང ་བྱེད་པས།། དམ་ཚིག་རྩ་བ་མ་ཉམས་ཤིང་།། བརྩོན་འགྲུས་ཆེ་ལ་དད་པ་ཡོད།། དེ་ལ་གཅིག་པུའི་སྒྲུབ་པ་བསྟན།། སྒྲུབ་ལས་ལྡོག་བྱེད་ནང་དབྱིན་བྱེད།། དམ་ཚིག་རྩ་བ་གང་ཡང་མེད།། ནང་དམེ་བྱེད་ཅིང་དབུ ་འཕང་སྨོད།། ཉམས་པ་དེ་ཡི་དོན་དུ་ནི།། དེ་ཕྱིར་དགྲ་བོ་དམིགས་ཀྱི་ཕྱེད།། དེ་ཡི་མན་ངག་འདི་ཡིན་པས།། སྔགས་པ་ཚད་དུ་ཕྱིན་པ་ཡིས།། ལྕགས་སྣ་ལྔ་ལས་བྱས་པ་ཡི།། མངག་ཕུར་སོར་ནི་བརྒྱད་པ ་ལ།། དཔལ་ནི་ཆུ་སྲིན་ཁ་ནས་ཕྱུང་།། རྒྱ་མདུད་སྤྱི་བོར་ཧཱུཾ་ཀ་ར།། ལྡུམ་གཞོག་བརྒྱད་ལ་ཁྲོ་བོ་བརྒྱད།། རྒྱ་མདུད་འོག་མའི་དབུ་འོག་ཏུ།། མ་ཧཱ་པ་ལ་ཞལ་ཡང་ལྔ།། ཟུར་གསུམ་དཔལ་ནི་དམར་ལ་འཚེར།། དེ་ལྟ་བུ ་ཡི་མངག་ཕུར་ནི།། སྔགས་པས་དུས་གསུམ་བཅང་བར་བྱ།། འགྲེང་ངམ་འདུག་གམ་ཉལ་ཀྱང་རུང་།། འགྲེང་ངམ་འདུག་ན་སྐེད་པར་སྦ།། ཉལ་ནས་འདུག་ན་སྔས་སུ་སྦ།། དེ་ལ་རྒྱུན་གྱི་བཟླས་བརྗོད་བྱ།། འཕྲོ ་འདུའི་སྔགས་ཀྱང་དེ་བཞིན་བསྟིམ།། མེ་ལྟར་འབར་ཞིང་སྐར་ལྟར་འཁྲུགས།། ཕ་རོལ་བྱེད་སྟེམས་དེ་ལྟར་མཐོང་།། ཞེས་གསུངས་སོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། རྣལ་འབྱོར་ཚད་དུ ་ཕྱིན་པ་ཡིས།། གནས་ནི་གང་དང་གང་དུ་བྱ།། བསྒྲུབ་པའི་གྲོགས་པོ་ཇི་ལྟར་བྱ།། དུས་ཚོད་གང་ལ་ཞུགས་པར་བགྱི།། འཇིག་རྟེན་རྔན་པ་ཇི་ལྟར་འཚལ།། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། ཉོན་གཅིག་རིགས་ཀྱི ་མགོན་པོ་ཁྱོད།། རྣལ་འབྱོར་བསྒྲུབ་པའི་གནས་རྣམས་ནི།། ཡང་ན་རི་རྩེ་བྲག་ལ་བྱ།། ཡང་ན་ནགས་ཚལ་དགོན་པར་བྱ།། ཡང་ན་སྤང་ཕུག་དེའུ་བར་བྱ།། ཡང་ན་མི་མེད་གནས་སུ་བྱ།། སྒྲུབ་པའི་གྲོགས་པོ་བཙལ ་བ་ནི།། མགོ་བོ་རྒྱ་མདུད་འདུག་པ་ལས།། སྒྲ་ནི་ཁམ་པར་བཙལ་བར་བྱ།། རོ་སྟོད་ཟུར་བརྒྱད་འདུག་པ་ལ།། རོ་སྨད་ཟུར་གསུམ་འདུག་པ་བཙལ།། རྣལ་འབྱོར་འཇུག་པའི་དུས་ཚོད་ནི།། ཕུར་བུ ་མིག་དམར་རྒྱུ་བ་ཡི།། དུས་སུ་བྱ་བར་ཤིན་ཏུ་བཟང་།། དེ་ལྟ་བུ་ཡི་གནས་ཉིད་དུ།། རྫས་ཚོགས་དགྲ་རྣམས་མེད་པར་བྱ།། ཉི་མ་དམར་ཐག་ཆད་པ་ལ།། སྔགས་གཡོག་མཚན་དང་ལྡན་པ་ལ།། ཞིང་ཆུང་བླུད་བུ ་ལག་ཏུ་བསྐུར། ཁ་ནི་ཕྱོགས་བཞིར་བལྟས་ནས་སུ།། འཇིག་རྟེན་ས་ལ་གཡབ་མོས་གདབ།། རྔན་པར་ཆང་ཕུད་བཏང་ནས་ཀྱང་།། མ་ཉེས་པ་ཡི་དཔང་ཡང་གཟུག། དེ་ནས་ནང་དུ་སླར་ལོག་སྟེ།། བཅུ་གཉིས་སྲུང ་མའི་དབང་མོ་ལ།། ཨརྒྷ་བདུད་རྩིར་བཅས་པ་དབུལ།། ཕྲིན་ལས་རྣམས་ཀྱང་དེ་བཞིན་བཅོལ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀཱི་ལ་ཡ་ལ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་བ་བཏབ ་བོ།། ཀྱེ་གནས་རྣམས་གང་ཡིན་དེ་རྣམས་སུ།། མཎྜལ་ལ་སོགས་ཇི་ལྟར་བརྩིགས།། སྐྱང་ནུལ་ཆག་ཆག་ཇི་ལྟར་གདབ།། སྟ་གོན་ཆོ་ག་ཇི་ལྟར་བྱ།། རྫས་ཀྱི་ཕུར་པ་ཇི་ལྟར་བཤམ།། ཞེས་གསོལ་ཏོ།། བཀའ་སྩལ་པ།། ་རྣལ་འབྱོར་ལྷ་དང་ཕོ་བྲང་གནས།། མཎྜལ་ཁྲུ་གང་གྲུ་བཞིར་བརྩིག། བ་ཡི་ལྔ་དང་གུར་གུམ་ཆུ།། བུ་རམ་ཆུ་དང་སྤོས་བསྲེས་ལ།། བྱི་དོར་ཆག་ཆག་ལེགས་པར་བྱ།། དེ་ལ་ཐིག་ལེ་མང་བྱས་ལ།། རིགས་ལྔ་ལ ་སོགས་ཁྲག་འཐུང་ཚོགས།། མེ་ཏོག་ཚོམ་བུ་ལྔ་རུ་བྱ།། ཕུར་པ་རྣམས་ཀྱང་སོ་སོར་གཞག། དེ་ལ་ཞག་གཅིག་བསྙེན་པ་བྱ།། དེ་ནས་ནང་པར་མཎྜལ་བརྟུལ།། ཕུར་པ་རྣམས་ཀྱང་དེ་བཞིན་བརྟུལ།། ཞེས་བྱའོ།། དེ ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སྟ་གོན་དེ་ལྟར་བྱས་བརྟུལ་ནས།། སྒྲུབ་པའི་རྫས་རྣམས་ཇི་ལྟར་བསག། མ་མོའི་རྫས་རྣམས་ཇི་ལྟར་བསག། ལིངྒའི་རྒྱུ་རྣམས་ཇི་ལྟར ་བསག། དཀྱིལ་འཁོར་ཐིག་རྣམས་ཇི་ལྟར་གདབ།། ཅེས་གསོལ་ཏོ།། ཀྱེ་གསང་བའི་མགོན་པོ་ཉོན་ཅིག། ཕུར་པའི་རྫས་རྣམས་ངས་བཤད་ཀྱིས།། ཉུང་དཀར་གུ་གུལ་ཚིལ་ཆེན་དང་།། ཤ་ཆེན་ཁྲག་ཆེན་དུག་ཆེན ་ཡིན།། བསྲེ་ཡི་ལྷ་མོའི་རྫས་རྣམས་ནི།། འོ་མ་ཁྲག་དང་མར་ཁུ་དང་།། སྦྲང་རྩི་དང་ནི་ཆང་རྣམས་སོ།། དེ་བཞིན་ཤྲ་ན་མུ་ཁའི་ཡང་། ཁྱི་ཐོད་ཝ་ཐོད་སྤྱང་ཐོད་དང་།། འཕར་བའི་ཐོད་པ་དེ་བཞིན་ཏེ།། དེ་ཡི་ནང་དུ ་རྫས་བསགས་པ། ཁྲག་སྣ་སྟོང་དང་ཤ་སྣ་སྟོང་།། སྙིང་སྣ་སྟོང་དང་རྐང་སྣ་སྟོང་།། ཤྭ་ན་ལ་སོགས་རྫས་སུ་གཞག། རེ་མ་ཏི་ཡི་རྫས་རྣམས་ཀྱང་།། ནལ་བུའི་ཤ་ལ་སོགས་པ་སྟེ།། དུ་མ་ཉིད་དུ་བསགས་པར ་བྱ།། རྐང་ཆེན་དུང་དང་ཞིང་ཆེན་དང་།། བྷནྣ་རཀྟ་ཙིཏྟ་དང་།། མཚོན་ཆ་དྲུག་ཀྱང་བསགས་པར་བྱ།། ལིངྒའི་རྒྱུད་རྣམས་བསག་པར་བྱ།། ཕྱི་དང་ནང་གི་རྒྱུ་ལས་བྱ།། དེ་ནས་མཎྜལ་ཐིག་ཀྱང་གདབ།། ཐིག་བཞི ་བཏབ་པས་ལེའུ་ཚེ་དགུ།། གཉིས་གཉིས་ནང་དུ་དྲང་བྱས་ཏེ།། ཕྱི་ཡི་ཐ་མ་ཐིག་གཉིས་གདབ།། དེ་ཡིས་ཆ་གསུམ་དག་ཏུ་འགྱུར།། གཅིག་ལ་ཁྱམས་བྱ་གཅིག་ལ་སྒོ།། གཅིག་དབང་ཕྱུག་མ་རྣམས ་དགོད།། ཕོ་བྲང་ཟླུམ་པོར་བྱས་པ་ལ།། གྲུ་གསུམ་བཅད་པས་ཟླ་གམ་གསུམ།། དབུས་ལ་གྲུ་གསུམ་ཤར་གྱི་སྣ།། གྲུ་གསུམ་ནག་ལ་ཟླ་གམ་དམར།། གྲུ་བཞི་སེར་པོ་བར་ཁྱམས་དམར།། སྒོ་ཁྱམས་ཕྱོགས་ནི་རིགས ་དང་མཐུན།། ལྕགས་རི་མུ་འཁྱུད་ནག་པོ་སྟེ།། དེ་ལྟར་མཎྜལ་བྱས་པ་དང་།། དབུས་སུ་ཡབ་དང་ཡུམ་ཡང་དགོས།། ཤར་གྱི་སྣ་ལ་སྲས་མཆོག་དགོད། ཁྱམས་ལ་ཤྲ་ན་རེ་མ་ཏི།། དེ་བཞིན་སྒོ་མ་བསེ་མོའོ།། ལྕགས ་རི་ལ་ནི་དབང་ཕྱུག་མ།། ལས་ཀྱི་བྱ་བ་གཞུང་ཡང་བསྲང་།། བྱིན་བརླབ་དབང་བསྐུར་ཚུལ་བཞིན་བྱ།། གུ་གུལ་ཚིལ་ཆེན་དུད་པས་བདུག། དེ་ནས་གྲུ་གསུམ་སྣ་ལ་གཞག། དབང་མོ་ཆེ་ཡི་ཕུར་པ་ཡིས།། བསྒྲུབ ་བྱའི་ལིངྒ་བརྒྱད་ལ་བཞག། ཧ་རི་ཏི་དང་བ་རི་ཏི།། བ་རི་ཏ་དང་བ་རི་ཏི།། ལྷ་ལྔ་དག་གིས་བསྐུར་མི་ཚུག། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ཡང་།། གཟས་པའི་ལུས་ངག་ཡིད་བསྒྲལ་ཕྱིར། ཁ་ཁྱེར་གསུམ་དང་ལྡན ་པའོ།། འཛུབ་གང་མཐར་དུ་བྲུས་པ་ལ།། འཛུབ་གང་གྱེན་དུ་བརྩིགས་པའོ།། རྫས་དང་ལག་ཆས་བསྐོར་ལ་བཞག། དེ་ཡི་ནང་དུ་གཟུགས་བཅུག་ལ།། དགུག་པ་གསུམ་གྱིས་རབ་ཏུ་དགྲུག། གདབ་པ་གསུམ་ཡང་དེ ་བཞིན་ཏེ།། ཕྱག་རྒྱ་བཞི་ཡི་རྒྱ་ཡིས་གདབ།། དབབ་པའི་སྔགས་དང་ཕྱག་རྒྱས་དབབ།། ཕྱག་རྒྱ་དྲུག་གིས་གཟེར་གནན་བྱ།། དེ་ལྟར་ངེས་པར་ཁུགས་པ་དང་།། རྩ་བའི་སྔགས་ལ་སྡེར་མོ་གདགས།། རྡོ་རྗེ་ཟོ་བའི ་སྔགས་ཀྱིས་བསྡིག་ཁྲོ་བོ་བཅུ་ཡི་སྔགས་ཀྱིས་གདགས།། མཚོན་ཆའི་དཔལ་ནི་བསྐྱེད་པའི་ཕྱིར།། བྱུག་བདུག་བརྡེག་པ་ཡང་ཡང་བྱ།། ཕུང་པོ་ལྔ་ལ་བརྒྱ་རྩ་བརྒྱད། ཁམས་དང་སྐྱེ་མཆེད་དེ་བཞིན་ཏེ།། ཉིས་འགྱུར། ་ཉིས་འགྱུར་གདབ་པར་བྱ།། གནས་གསུམ་བདག་ཏུ་གདབ་པ་ནི།། སྤྱི་བོ་སྙིང་ག་ལྟེ་བའོ།། དེ་ནས་གསོ་བའི་ཆོ་ག་བྱ།། ཚེ་ཡི་ཆོ་ག་རྫོགས་པ་དང་།། བསྡུ་བའི་སྔགས་ཀྱིས་བདག་ལ་བསྡུ།། ཤ་ཁྲག་ཕུང་པོ་ལྷག ་རོལ་ལ།། མ་མོ་མཁའ་འགྲོ་རྦད་པར་བྱ།། དེ་ནས་གཟིར་མནན་ཟབ་མོ་བྱ།། མནན་པའི་སྔགས་དང་ཚིག་ཀྱང་བརྗོད།། དེ་ནས་གཏུབ་པའི་ལས་བྱ་སྟེ།། རྣོན་པའི་མཚོན་ནི་ཐོགས་ནས་སུ།། ཏཱིཀྵྞ་རྦད་ཀྱིས་གཏུབ ་པར་བྱ།། དུམ་བུ་གསུམ་གྱིས་ལས་གསུམ་བྱ།། གནན་པའི་ཆོ་ག་བཞིན་དུ་བྱ།། ཨཱིཾ་ལཾ་ཧཱུཾ་ལཾ་སུཾ་ལཾ་པྲ་ཏི་སྟཾ་བྷ་ཡ། ཛམ་བྷ་ཡ། མོ་ཧ་ཡ། བཱ་ག་མ་ར་སུ་ཤ་ལཾ། དེ་ཡི་སྟེང་དུ་དོན་ཡོད་ནི།། གྲུབ་པའི་ཕོ་བྲང་གདབ ་པར་བྱ།། དེ་ནས་སྦྱིན་བསྲེག་རབ་བྱས་ཏེ།། གཟས་པ་བསྒྲལ་བའི་དུམ་བུ་དེ།། ཕྱག་ཚངས་པ་ཡིས་དབུལ་བར་བྱ།། ཕྲིན་ལས་ཆེན་པོའི་ཆོ་ག་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་ལས་གཅིག་པུར་བསྒྲུབ་པའི་སྒྲུབ་པ་ཆེན་པོ། འཇིག་རྟེན་མ་རུངས་པ་རླག་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། ཚིག་བསྒྲུབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང ་གསང་བའི་བདག་པོ་ཆེན་པོས་ཀཱི་ལ་ཡ་ལ་གསོལ་པ། ཀྱེ་བཅོམ་ལྡན་འདས་མ་འོངས་པ་རྣམས་ལ་ཕན་པའི་ཆེད་དུ། སྦྱང་བ་དང་། སྒྲོ་བསྡུ་དང་། དངོས་གྲུབ་བླང་བ་ཞུ་བར་འཚལ་ལོ།། ཀཱི་ལ་ཡས་བཀའ་སྩལ ་པ།། ཉོག་ཅིག་གསང་བདག་ཕྱག་རྡོར་ཁྱོད།། གང་ཟག་བསམ་པའི་དབང་གིས་ནི།། བཟླས་བརྗོད་རྣམས་པ་གསུམ་དུ་གྲགས།། ཕྲ་མོའི་དོན་བསྟན་སྤྲོ་བསྡུ་བསྟན།། དངོས་གྲུབ་མཆོག་ཏུ་མྱུར་བ་ཡིན།། ཡིད་ལ ་གསལ་བའི་ཁ་རུ་བཟླས།། མངོན་དུ་གྱུར་དང་ཉོན་མོངས་དྲུག་པོ་ཇི་ལྟར་ན།། བདག་གཞན་གཉིས་ཀའི་དོན་ཅི་གང་།། ཕྲ་མོའི་དངོས་པོ་ཅི་ལྟར་བསྟན།། དངོས་གཞི་མེད་ན་ཕྲ་མོ་མིན།། བདག་ཉིད་སྦྱང་དང ་སེམས་ཅན་སྦྱང་།། ལྔ་དང་གསུམ་གྱི་མཚན་ཉིད་དེ།། མི་དམིགས་སྟོང་པའི་བདག་ཉིད་ཀྱིས།། སྦྱང་བ་དེ་ལྟར་བསྟན་པ་ཡིན།། བཤིག་དང་མདུད་དང་མཉམ་པར་གཞག། བརྟག་པ་གཉིས་སུ་ཤེས་པར་བྱ།། ཨ་ནི ་ཨ་ལ་གནས་པར་བྱ།། དེ་བཞིན་སྲོག་ཀྱང་ཕྱིར་མི་རྒྱུ།། ཀུན་བརྟགས་ཡོངས་སུ་གྲུབ་པ་དང་།། གཞན་གྱི་བྱ་བ་གསུམ་གྱིས་བསྟན།། དང་པོར་ཆགས་གཞི་གང་དུ་གཏོགས།། རྩ་ནག་འབྱུང་བ་བདུན་འགྱུར ་ཡིན།། བདུན་འགྱུར་ཇི་ལྟར་ཆགས་གྱུར་ནས།། བདུན་འགྱུར་ལོ་ལྔའི་ནང་བར་དུ།། དགེ་སློང་དག་གི་ཆ་ལུགས་སུ།། ཨ་ཧཾ་བརྗོད་པའི་ཡི་གེ་རུ།། ཡི་གེ་གང་ལས་གྱུར་པ་ཡིན།། དེ་དག་འབྱུང་བ་ཇི་ལྟར་དགག་ཁེགས་ན་བསམ་གཏན ་དངོས་པོ་ཡིན།། དེ་ནས་ཨ་ཡི་དོན་ལ་དཔྱད།། དཔྱད་པས་དུས་རྟགས་ཇི་ལྟར་འབྱུང་།། ཡེ་ཤེས་བསྐྱེད་པ་འོད་གསལ་ཡིན།། ལམ་དང་དགྲོད་པའི་འབྲས་བུའོ།། ཞེས་གསུངས་སོ།། དེ་ནས་གསང་བའི་བདག་པོས།། ཀཱི་ལ་ཡ་ལ་གསོལ ་པ།། ཨེ་མ་ཁྱོད་ལ་ཡང་གསོལ་པ།། ཀྱེ་ཀྱེ་ཁྲོ་རྒྱལ་མཆོག། རྗེ་བཙུན་དཔའ་བོ་ཁྱོད་ཉིད་ལ།། དེ་ལྟ་བུ་ཡི་རྣལ་འབྱོར་ལ།། ལམ་ནི་རྣམ་པ་དུ་རུ་གྲགས།། དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་ཡང་ཀི་ལ་ཡས ་བཀའ་སྩལ་པ། ཨེ་མ་ཧོ་ཁྱོད་ཀྱིས་དྲི་བ་ལེགས།། གང་ཕྱིར་ཁྱོད་ཀྱིས་དྲི་བ་ལེགས།། དང་པོར་གང་ཟག་རྣལ་འབྱོར་ལ།། ཐོག་མར་དབང་གིས་ལམ་ཡང་བགྲོད།། དེ་ནས་ཤེས་རབ་གྲོལ་བའི་ལམ།། དེ་ཡང་དངོས་གཞི་འདི་ཡིན ་པས།། གཟས་པ་བསྒྲལ་བས་དངོས་གྲུབ་བླང་།། དངོས་གྲུབ་རྣམ་པ་གཉིས་སུ་བརྟག། དབང་རྣམས་རིམ་པར་བསྐུར་ནས་ནི།། འདོད་པའི་དངོས་པོ་ཅི་འདོད་སྦྱིན།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་སྣང་བ་ལས་བྱུང་བའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། ལམ་གྱི་མཛད་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་ཀྱེ་ཀྱེ་བཅོམ་ལྡན་འདས་མགོན་གྱི་དཔལ།། གང་ཟག་བསམ་པའི་དབང་གིས་ན།། སྐུ་ཡི་དཀྱིལ་འཁོར་བསྟན་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀཱི་ལ་ཡ་ཆེན་པོ་དེས། དཀྱིལ ་འཁོར་མངོན་པར་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་མ་ཐག་ཏུ་ཕྱག་རྒྱ་རྫོགས་པར་བཞེངས་ཏེ་བཀའ་སྩལ་ཏོ།། མ་མཐོང་རྨོངས་ལ་བསྟན་པའི་ཕྱིར།། དཀྱིལ་འཁོར་གཉིས་ཀྱི ་དཔེས་མཚོན་ཏེ།། ས་འམ་སྟེགས་བུ་ཆེའམ་ཆུང་།། གནས་ཁང་དག་དང་སྦྱར་བར་བྱ།། ཇི་བཞིན་པ་ཡི་ཐིག་རྣམས་ཀྱིས།། འཁོར་ལོ་རྩིབས་བརྒྱད་དཀྱིལ་འཁོར་ལ།། དང་པོར་སྒྲོལ་བའི་དཀྱིལ་འཁོར་བྱ།། དེ་ནས ་སྦྱོར་བའི་དཀྱིལ་འཁོར་བྱ།། དེ་ནས་གནན་པའི་དཀྱིལ་འཁོར་བྱ།། བློ་ཞན་ཤེས་རབ་ཆུང་བ་དང་།། མུ་སྟེགས་ཅན་ལ་ཡོངས་མི་བསྟན།། ཞེས་གསུངས་སོ།། དེ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཡང ་དག་ངེས་པའི་རྣལ་འབྱོར་པས།། གནས་དང་སློབ་དཔོན་བྱིན་གྱིས་བརླབ།། སློབ་དཔོན་རྫས་ཀྱང་བྱིན་གྱིས་བརླབ།། ཆག་ཆག་བྱི་དོར་ཁྲུས་ཀྱང་བྱ།། གནམ་ཐིག་གདབ་ལ་ས་ཐིག་གདབ།། ཀུན་གྱི་ཆ་རུ་མེ་རི ་བཅད།། སོར་བཞི་བརྒྱད་དམ་བཅུ་གཉིས་སམ།། དཀྱིལ་འཁོར་ཚོད་དང་སྦྱར་ལ་བཅད།། ཐིག་རྐང་བདུན་ལ་ལིང་ཚེ་བརྒྱད།། སྣམ་བུ་གཉིས་ནི་ཕྱིར་འཐེན་ལ།། སྣམ་བུ་ནང་ལ་ཐིག་གསུམ་གདབ།། རེ་མིག་ཁོང ་ནས་དབྱུང་བའི་ཕྱིར།། རྩིབས་བརྒྱད་ཐིག་ནི་ལེགས་པར་གདབ།། རྒྱས་པ་ནི་ཐོད་པ་སྟེ།། འཁོར་ལོ་རྩིབས་ནི་རྡོ་རྗེའི་རྭ།། ཤར་གྱི་ཚངས་ཐིག་ངོས་བཟུང་ནས།། ལྷོ་ནུབ་མཚམས་སུ་གདབ་པར་བྱ།། དེ་ལྟར་ཀུན་ཏུ ་བསྐོར་བར་བྱ།། འཁོར་ལོ་རྩིབས་བརྒྱད་མཎྜལ་ལ།། ཨེ་ལ་བཅོམ་ལྡན་རྒྱལ་པོ་སྟེ།། གྲུ་གསུམ་ལ་ནི་ཕུར་པ་རྫས།། ཕྱོགས་བཞི་མཚམས་བཞི་ཁྲོ་བོ་བརྒྱད།། ཤར་ནས་བཟུང་སྟེ་མ་ནོར་བར།། འཁོར་ལོ་རྩིབས ་བརྒྱད་དག་ལའོ།། གཡས་ཟུར་གཡོན་ཟུར་མདུན་རྒྱབ་ཏུ།། ཧཱུཾ་ཀཱ་ར་དང་སྟོབས་པོ་ཆེ།། ཕྲ་མེན་ཟུང་རེ་དེ་བཞིན་དགོད།། ལྷག་མའི་ཕྲ་མེན་བརྒྱད་པོ་ཡང་།། གོང་རས་དག་ལ་དེ་བཞིན་ནོ།། འཁོར་ལོ་ཁ་དོག་སོ་སོ ་སྟེ།། རྣམ་པ་གསུམ་དུ་ཤེས་པར་བྱ།། ནག་པོ་དཀར་པོ་སེར་པོའོ།། གལ་ཏེ་སློབ་མར་དབང་བསྐུར་དང་།། གལ་ཏེ་ཚེ་ཡི་ཆོ་ག་དང་།། གལ་ཏེ་དངོས་གྲུབ་བསག་པ་ནི།། གྲུ་ཁྱད་ལྗང་གུ་དག་ལའོ།། ཕྱི་རྒྱབ་སྣམ་བུ ་གང་ཡིན་ལ།། རོ་འམ་ཐིག་ལེ་གང་ཡང་རུང་།། ཕུར་བུའི་སྲུང་མའི་གདན་རྣམས་ཏེ།། སྤེལ་མ་ཉིད་དུ་ཡང་དག་དགོད།། རིགས་ལྔའི་ཕོ་བྲང་གདན་ཚོགས་ནི།། བན་དྷ་ལྔ་ལ་དབང་བསྐུར་ལ།། བར་སྣང་ཁམས་སུ ་བཞུགས་སུ་གསོལ།། གལ་ཏེ་སློབ་མར་དབང་བསྐུར་ན།། ཨ་ཀ་རུ་དང་དུ་རུ་ཀ། དྲི་དང་སྨན་དང་མངར་དང་འབྲུ།། མར་དང་ཚྭ་རྣམས་བླུག་ལ་བཞག། བར་བར་ཚོགས་ཀྱི་འཁོར་ལོ་ནི།། བཟའ་དང་བཅའ་དང ་བཏུང་བའི་ཚོགས།། མང་པོ་ཉིད་དུ་བསག་པར་བྱ།། བསྒྲལ་བ་ཟིན་ནས་དབང་བསྐུར་ན།། རིམ་པར་སྟེགས་བུ་བརྩིགས་པར་བྱ།། མདོ་མདོར་བསྙེན་པ་བསྙེན་ཆེན་ལ།། མདོ་མདོར་བསྒྲུབ་པ་བསྒྲུབ ་ཆེན་ནོ།། མདོ་མདོར་སྟོང་པའི་ཆོ་ག་བྱ།། དེ་ནས་ཚོགས་ཀྱི་འཁོར་ལོ་ནི།། བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད།། ཅི་ནུས་རྣལ་འབྱོར་པ་ཡིས་བྱ།། དེ་ནི་ཚོགས་ཀྱི་འཁོར་ལོའོ།། ཞེས་གསུངས་སོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་རྒྱུད་ཀྱི་རྒྱལ་པོ། འཇིག་རྟེན་སྣང་བྱེད་ལས་སྐུའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས།། བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་གསུང་གི་དཀྱིལ་འཁོར་འདི་ཞུ་བར་འཚལ་ལོ།། ཞེས་གསོལ་ཏོ།། དེ་ནས་དབྱིངས་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་མ་ཐག་ཏུ་སྒྱུ་མ ་ཆེན་པོར་སྐུ་བཞེངས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། གསང་བའི་བདག་པོ་དུས་ལ་བབ་ན་ད་ཉོན་ཅིག་རྣལ་འབྱོར་དཔའ་བོས་བསྒྲུབ་འདོད་ན།། དང་པོར་ས་སྦྱངས་བསླངས་སྤྱན་དང་།། དབང་པོའི་ལས ་རྣམས་ལྷ་ལ་བྱ།། དེ་ལྟར་ལས་རྣམས་ཀུན་ལ་རིག་བྱ།། ཡང་བཀའ་སྩལ་པ། གཉིས་པ་ཕྱི་ནང་གཉིས་ཀྱིས་སྦྱང་།། གསུམ་པ་མཚམས་ལྔ་ལ་སོགས་བྱ།། བཞི་པ་ཆོས་སྤྱོད་རྣམ་པ་བཅུ།། ལྔ་པ་འཇིག་རྟེན་གཏོར་མ ་གཏང་།། རྣལ་འབྱོར་དབང་པོས་ལས་རྣམས་ཀྱང་།། དབང་པོ་དང་ནི་བསྐྲད་པ་དང་།། བཅོལ་བ་དང་ནི་དགུག་པའོ།། དང་པོ་སྤྱན་དྲངས་རབ་བསྔགས་པ།། ཛཿཧཱུཾ་བཾ་ཧོཿེ་ཧྱེ་ཧི་བྷ་ག་ཝཱན། བྷིནྣ་ཡ་བྷིནྣ་ཡ། ཨ་པྲ ་ཏི་ཛ་ཧཱུ་རུ་ལུ་རུ་ལུ་ཧཱུཾ། བརྗོད་པ་གསུམ་གྱིས་སྤྱན་ཡང་དྲང་།། ཞལ་དབྱེ་བ་ཡི་སྔགས་ཀྱང་བརྗོད། ཨོཾ་པྲ་ཏཱིཙྪ་ཧཱུཾ། ཞེས་མཆོད་པ་བསྟབ་བོ།། ཕྲིན་ལས་འདིས་ལས་བཅོལ་བའོ།། ཨཱ~ཾ་ས་མ་ཡ་པྲ་ཏཱིཙྪ་ཧཱུཾ། དེ་ནས་ཕྲིན ་ལས་བཅོལ་བའི་སྔགས་ལ། སྨེ་བ་དུག་གསུམ་ཕྱེ་མ་གསུམ། ཁྲག་གསུམ་སྦྱར་བའི་གཏོར་མ་ནི།། ཆེ་གེ་མོ་ལ་སྦྱིན་པར་བྱ།། དེ་བཞིན་བཀུག་ལ་ཟར་གཞུག་སྔགས། ཛཿཧཱུཾ་བཾ་ཧོཿབཛྲ་ཨངྐུ་ཤ་ཛཿཆེ་གེ་མོ་ཞིག་མ་ར ་ཡ་ཧཱུཾ་ཛཿ། དེ་སྐད་བརྗོད་ལ་ཟ་རུ་གཞུག། དྲི་ཡི་ཐིག་ལེ་རང་བྱས་ལ།། ཐིག་དང་ཚོན་ཡང་བྱིན་གྱིས་བརླབ།། གཉིས་མེད་སྦྱོར་བའི་མན་ངག་གིས།། རྒྱལ་བ་རིགས་ལྔ་སྤྱན་ཡང་དྲང་།། སྤྱན་དྲང་གཉིས་མེད ་བསྟིམས་པར་བྱ།། ཡབ་ཡུམ་བཅུ་ཡི་སྦྱོར་བ་ཡིས།། བྱང་ཆུབ་སེམས་སུ་རང་བཞིན་བྱ།། སློབ་དཔོན་དམ་ཚིག་སྡོམ་ལྡན་པས།། བྱང་ཆུབ་ཐིག་སྐུད་བྱིན་གྱིས་བརླབ།། ཚོན་སྣ་ལྔ་ཡིས་གནམ་ཐིག་གདབ།། དཀར་ལ ་གསལ་བས་ས་ཐིག་གདབ།། སློབ་དཔོན་ཤར་དུ་རབ་འདུག་སྟེ།། སློབ་མ་ནུབ་ཀྱི་ཕྱོགས་སུ་འདུག། སློབ་དཔོན་ཐུགས་ཀར་རབ་ཏུ་འཐེན།། སློབ་མའི་མཛོད་སྤུ་དག་ཏུ་འཐེན།། རྡོ་རྗེ་པདྨའི་ཐིག་ཀྱང ་གདབ།། ཅེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཞུས་ཏེ། བཅོམ་ལྡན་ཐབས་ཀྱིས་རྒྱལ་པོ་མཆོག། སློབ་མའི་ཕྱག་རྒྱ་བཙལ་བ་ནི།། གང་གི་དོན་དུ་གསུངས་པ ་ལགས།། གང་གི་དོན་དུ་བཙལ་བ་ལགས།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཞེས་གསོལ་ཏོ།། བཀའ་སྩལ་པ། ཤ་ཁྲག་འབར་ཞིང་དབང་པོ་གསལ།། ལོ་ཚད་ལོན་ཞིང་མཚན་དང་ལྡན།། བདེ་བ་འཛིན ་ལ་རབ་ཏུ་མཁས།། སློབ་མའི་འོས་སུ་ཤིན་ཏུ་སྔགས།། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། དེ་ལྟ་བུ་ཡི་སློབ་མ་ཡིས།། དཀྱིལ་འཁོར་ཆ་ནི་ཇི་ལྟར་བརྟག། བཅོམ་ལྡན་འདས་ཀྱིས ་བཤད་དུ་གསོལ།། ཞེས་གསོལ་ཏོ།། བཀའ་སྩལ་པ། སློབ་མ་པདྨ་ཅན་དག་གིས།། དཀྱིལ་འཁོར་ཆ་ནི་བརྟག་པར་བྱ།། ཕྱོགས་ཆ་མཉམ་པའི་ཚངས་ཐིག་ལ།། ཟུར་ཐིག་ཆ་བསྙམ་རྒྱ་གྲམ་ཆ་བཞི་སྙམས།། ཆ་ཆེན ་བརྒྱད་དུ་རབ་ཏུ་བགོ། ཚངས་ཐིག་ཕྱེད་ལ་ཕྱེད་མར་གདབ།། དེ་ལྔ་གཡས་གཡོན་ཆ་བསྙམས་གདབ།། དེ་ལྟར་ཆ་ཆེན་བརྒྱད་གྱུར་ནས།། དབུས་གཉིས་ཆ་ཡི་ཐ་མ་ལ།། ཆ་ཕྲན་དུ་ནི་ཐིག་ཐུང་གདབ།། ཡང་ན་ཐིག ་རིང་བཏབ་ཀྱང་རུང་།། ཆ་གཉིས་ཀུན་གྱི་ཕྱི་རོལ་དྲང་།། སྒོ་ཆ་བརྒྱད་ལས་པཉྩ་གནས།། ཡང་ན་ཆ་གཅིག་དགུ་རུ་བསྒོ།། ཆ་གསུམ་སུམ་ཆ་རེ་རེ་ནི།། དེ་ནི་དབུས་ཆ་གཉིས་པའོ།། ཁྲུ་བཞི་དག་ཏུ་བསྟན་པ་ལ།། ཡང ་ན་ཉིས་འགྱུར་བསྟན་པའོ།། ཁྲུ་རེ་ལ་ནི་སོར་རེ་བཅད།། ཐིག་བསྐོར་རྣམ་པ་གསུམ་དུ་གདབ།། དང་པོ་ཆོས་ཀྱི་འཁོར་ལོ་ལ།། གཉིས་པ་རྡོ་རྗེ་ར་བའོ།། གསུམ་པ་ཡེ་ཤེས་མེ་རི་ནི།། ལྕགས་རི་ནག་པོ་མེ་རི ་འབར།། དབང་བསྐུར་བུམ་པ་མང་པོ་ལ།། སྣ་ཚོགས་བརྒྱན་པའི་བྱིན་བརླབ་བྱ།། ཕྱོགས་བཞི་ཟླ་གམ་བཞི་དག་ལ།། ཡེ་ཤེས་སྣང་བ་ཆེན་པོ་བཞི།། རྡོ་རྗེའི་གྲུ་ཆད་མཐའ་བཞི་ལ།། ནག་པོའི་ཚོན་གྱིས་རབ་དཀར ་སྟེ།། ཅི་འདོད་ལས་རྣམས་བརྟག་ལ་བྱ།། མ་འོངས་རྣལ་འབྱོར་ཅི་འདོད་སྤྱོད།། ཅེས་གསུངས་སོ།། གཞལ་ཡས་དེ་ཡི་གདན་རྣམས་ཀྱང་།། སྟག་དང་ཁྱི་དང་སྦྱང་ཀི་དང་། རྨིག་བུ་སྡིག་པ་གཅན་གཟན ་སོགས།། སྦྲུལ་ནག་མང་པོ་ཤིགས་སེར་ཤིགས། ཁྭ་དང་འུག་པ་དུར་བྱའི་ཚོགས།། འདབ་ཆགས་མང་པོ་ལྷགས་སེ་ལྷགས།། གསེར་དངུལ་ཟངས་ལྕགས་ལས་བྱས་པའི།། བུམ་པ་བཟང་པོ་ལྔ་ཡང་བསག། ལུང་དང ་ལྡན་པའི་སློབ་དཔོན་ནི།། ཕྱོགས་བཞིར་རེ་རེ་གཞག་པར་བྱ།། མན་ངག་ཅན་ལ་བྱ་བ་ནི།། རྒྱུ་ལ་འབྲས་བུས་རྒྱས་ཡང་གདབ།། བྱིན་བརླབ་གསུམ་དང་དབང་བསྐུར་བཞི།། བྱུག་དང་བདུག་པའི་ལས་རྣམས ་བྱ།། དེ་བཞིན་ཉིད་ནས་བཟུང་ནས་སུ།། རྣལ་འབྱོར་དོན་ནི་བྱ་བ་ནི།། དྲང་བའི་དོན་གྱིས་སངས་རྒྱས་ཀྱིས།། རྣལ་འབྱོར་དཔའ་བོས་སྐྱེད་པར་བྱ།། བཀའ་དང་བཀའ་ཡི་འཁོར་ལོ་ཡིས།། ཕྱི་ནང་གཉིས་ཀྱི ་མཚམས་ཀྱང་བཅད།། ཤིན་ཏུ་རྔམས་པའི་ང་རོ་ཡིས།། ཕུར་པ་བཅུ་ལ་སྔགས་བཟླས་ལ།། ཕྱོགས་བཞི་མཚམས་བརྒྱད་མཚམས་ཀྱང་བཅད།། བཟླས་པ་ལས་ཀྱི་སྔགས་བཟླས་ལ།། ཕྱོགས་སྐྱོང ་བཀུག་པ་ཕུར་པ་གདབ།། སྤྱི་དང་ཐུན་མོང་ལས་རྣམས་བྱ།། མང་པོ་རྒྱས་པ་ང་ཡིས་བཤད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན ་སྣང་བྱེད་ལས། གསུང་གི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་མ་འོངས་པའི་དོན་དུ། ཐུགས་ཀྱི་དཀྱིལ་འཁོར་བསྟན་དུ ་གསོལ།། གང་ཕྱིར་བདག་ལ་བཤད་དུ་གསོལ།། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། དཀྱིལ་འཁོར་ཆ་ནི་བསྙམས་པ་ལ།། ནང་གི་ཕོ་བྲང་ཐིག་གདབ་ནི།། ཐིག་རྐང་བདུན་པ་བདུན་པ་ལ།། ཟུར་ཐིག་སྦལ་མགོ་སྦལ ་མགོར་གདབ།། རིན་ཆེན་ཟུར་བརྒྱད་ཉི་ཤུ་གཅིག། དབུས་ནས་ཕོ་བྲང་རིན་ཆེན་འབར།། ཟླ་གམ་ཕྱེད་ལ་སྒོ་བྱ་བ།། ཚངས་པའི་ཐིག་ལ་གདབ་པར་བྱ། ཁྱམས་ནི་རྣམ་པ་བཞི་ཡོད་དོ།། སྒོ་ནི་རྣམ་པ་གསུམ་དུ ་འདོད།། དང་པོ་བདག་ཉིད་རྩ་བའི་སྒོ།། གཉིས་པ་ཐུགས་རྗེ་སྤྲུལ་པའི་སྒོ། ཁྲོ་བོ་སྤྲུལ་པའི་སྒོ་རུ་གྲགས།། གསུམ་པ་རང་བཞིན་གནས་ཀྱི་སྒོ།། སྲུང་མ་མ་མོའི་སྒོ་རུ་གྲགས།། རིན་པོ་ཆེ་ཡི་གཅོད་ཐབས་ནི།། ཟུར ་བརྒྱད་ཟུར་བརྒྱད་འབར་བར་བསྐོར།། དབུས་སུ་བཅོམ་ལྡན་ཡབ་ཡུམ་བཅས།། སྒོ་ལ་སོགས་པ་ཉི་ཤུ་གཅིག། འབར་བ་རེ་ལ་ཕུར་པ་རེ།། བྱིན་བརླབ་དབང་སྐུར་བྱས་ལ་དགོད།། དེ་ཡི་འབར་བའི་སྟག་གསོ ་ལ།། དམར་པོའི་ཚོན་གྱིས་དཔལ་གྱི་གཤོས།། ཀུན་གྱི་ཁ་རུ་རེ་རེ་གཞག། དེ་མ་དཔལ་བཤོས་བཟང་པོའོ།། དེ་ཡི་ཕྱི་རིམ་སེར་པོ་ལ།། ཁྲོ་བོ་སྤྲུལ་པ་སྤེལ་མར་ནི།། ཕྱོགས་དང་ཕྱོགས་མཚམས་མ་ནོར་གཞག། དེ ་ཡང་སྒོ་དང་བཅས་པའོ།། དེ་ཡི་ཕྱི་རིམ་པར་ཁྱམས་ལ།། དམར་པོའི་ཚོན་གྱིས་རབ་བཀང་སྟེ།། གཡས་དང་གཡོན་དུ་དགོད་པར་བྱ།། དེ་བཞིན་སྒོ་ལ་སྒོ་བ་བཞི།། བསེ་མོ་བཞི་ནི་དགོད་པར་བྱ།། ལྕགས་རི་ལ་ནི ་དབང་ཕྱུག་མ།། བདུན་བདུན་སྲིན་མོ་འགྲོས་སུ་གཞག། སྐེད་པ་རྒྱ་མདུད་རྩེ་མོ་དཔལ།། རྩ་བ་ཞི་བའི་ལུགས་སུ་བྱ།། ཚོན་གྱི་ཁ་དོག་སོ་སོ་ནི།། མཁས་པ་ཉིད་ཀྱིས་ནན་ཏན་བྱ།། རེ་རེ་རེ་ག་པཉྩ་ཡང་།། ཤིང་བུ ་ཉིད་ཀྱིས་བཅོས་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ཡང་དག་མཆོག། རིན་ཆེན་ཟུར་བརྒྱད་དཀྱིལ་འཁོར་ནི།། གསང་བ་ཐུགས་ཀྱི་མཎྜལ་ལོ།། ཞེས་གསུངས་སོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་གསང་བའི་བདག་པོས། བཅོམ ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྟོན་པའི་བྱེ་བྲག་ཇི་སྙེད་པ།། མདོར་བསྡུས་སྟོན་པ་དུ་ཙམ་བཞུགས།། སངས་རྒྱས་བྱེ་བྲག་ཇི་སྙེད་པ།། མདོར་བསྡུས་སངས་རྒྱས་དུ་ཙམ་བཞུགས།། ཐེག ་པའི་བྱེ་བྲག་ཇི་སྙེད་པ།། མདོར་བསྡུས་ཐེག་པ་དུ་ཙམ་བཞུགས།། ལམ་གྱི་རྣམ་པའི་བྱེ་བྲག་ལས།། འཇུག་པའི་སྒོ་ནི་དུ་ཙམ་བཞུགས།། དཀྱིལ་འཁོར་བྱེ་བྲག་བསམ་ཡས་པ།། བསྡུ་ན་དཀྱིལ་འཁོར་དུ་ཙམ ་བཞུགས།། དབང་གི་བྱེ་བྲག་མང་པོ་ལ།། བསྡུ་ན་རྣམ་པ་དུ་ཙམ་བཞུགས།། དམ་ཚིག་བྱེ་བྲག་མང་པོ་ལས།། བསྡུ་ན་རྣམ་པ་དུ་ཙམ་བཞུགས།། ལྷ་ཡི་བྱེ་བྲག་མང་པོ་ལས།། བསྡུ་ན་རྣམ་པ་དུ་ཙམ་བཞུགས།། ལྷ་མ ་ཡིན་དང་མི་ལ་སོགས།། སེམས་ཅན་བྱེ་བྲག་མང་པོ་ལས།། བསྡུ་ན་རྣམ་པ་དུ་རུ་འདུས།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེ་བྲག་མང་པོ་འདི་ལྟ་སྟེ།། ཕྱི་དང་ནང་དང་གསང་བ ་གསུམ།། དོན་དམ་སྟོན་པའི་བྱེ་བྲག་ལས།། བསྡུ་ན་སྟོན་པ་གཅིག་ཏུ་བསྡུ།། གང་ཟག་བསམ་པའི་དབང་གིས་ན།། གངྒཱའི་ཀླུང་གི་བྱེ་བྲག་ཀྱང་།། དཔེ་རུ་བཞག་སྟེ་སངས་རྒྱས་མཚན།། མདོར་བསྡུས་སངས་རྒྱས ་གཅིག་ཏུ་འདུས།། སེམས་ཅན་སྡུག་བསྔལ་བསམ་ཡས་པས།། ཐེག་པའི་བྱེ་བྲག་བསམ་ལས་འདས།། མདོར་བསྡུས་ཐེག་པ་གཅིག་ཏུ་འདུས།། ལམ་གྱི་བྱེ་བྲག་བསམ་ཡས་པ།། བསྡུ་བའི་བྱེ་བྲག་ལྔ་རུ་འདུས།། དེ ་ཡང་ལམ་ཆེན་གཅིག་ཏུ་འདུས།། ལྷ་ཚོགས་བྱེ་བྲག་བསམ་ཡས་པས།། དཀྱིལ་འཁོར་བསམ་ལས་འདས་པ་སྟེ།། མདོར་བསྡུས་དཀྱིལ་འཁོར་གཅིག་ལ་འདུས།། ཐེག་དང་མི་ཐེག་དབང་གིས་ན།། ཐེག་པའི་བྱེ་བྲག ་མཐོང་ལ་གོལ།། ཡང་དག་དོན་གྱི་ལམ་ཡིན་པས།། དབང་ནི་རྣམ་པ་བཞི་རུ་འདུས།། ལ་ལ་གླེན་པའི་རྟུལ་ཞུགས་དང་།། ལ་ལ་སྦྱིན་པའི་ཤེས་རིག་དང་།། ལ་ལ་མཛངས་པའི་ལས་ཐབས་དང་།། ལ་ལ་ཕྱོགས ་མཚམས་དགའ་ཤེས་དང་། ཁ་ཅིག་ཀུན་རྟོག་ཡོངས་སུ་ཤེས།། དམ་ཚིག་རྣམ་པ་གསུམ་དུ་གྲགས།། ལྷ་ཡི་བྱེ་བྲག་མང་པོ་ལས།། བསོད་ནམས་ཆེ་ཆུང་དབང་གིས་ན།། ཡང་ནས་ཡང་དུ་བསམ་པ་སྟེ།། རྣམ་པ ་གསུམ་དུ་རབ་ཏུ་གྲགས།། ལ་ལ་བསྟོད་ལ་ལ་ལ་སྨད།། བསྡུ་ན་རྣམ་པ་ལྔ་ཡིན་ཏེ།། གཅིག་ཏུ་གྲགས་པ་རྣམ་པ་དྲུག། དེ་ལ་སོགས་ཏེ་མི་རྣམས་ལ།། རྣམ་པ་བཞི་རུ་རབ་ཏུ་གྲགས།། བྱོལ་སོང་རྩ་བ་གཅིག་ཡིན ་ཏེ།། ཡི་དྭགས་བྱེ་བྲག་གཉིས་སུ་འགྲོ།། སྡུག་བསྔལ་རྩ་བ་དམྱལ་བ་སྟེ།། བྱེ་བྲག་བགྲང་ན་རྣམ་པ་གཉིས།། ལྷག་པའི་སྡུག་བསྔལ་དེ་དང་གསུམ།། དེ་ལྟར་རིགས་དྲུག་སེམས་ཅན་ནི།། སོ་སོའི་བྱེ་བྲག་བསམ་ལས ་འདས།། ཞེས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་སྟེ།། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། རྒྱུ་འབྲས་ཀྱི་བྱེ་བྲག་གི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། ཞིང་གི་ཁྱོན་ནི་ཅི་ལྟར་གདའ།། མཐོང་ན་ཇི་ལྟར་གྲགས་པ་ལགས།། རྣམ་པ་དུ་ཡིས་མཐོང་བ་ལགས།། བཅོམ་ལྡན་འདས་ཀྱིས་བཤད ་དུ་གསོལ།། ཅེས་གསོལ་ཏོ།། བཀའ་སྩལ་པ། ལེགས་སོ་ལེགས་སོ་དོན་སྟོན་ན།། ང་ཡི་ཡིད་ལས་བྱུང་བ་འདི།། མཐོང་བར་འདོད་ན་གྲགས་པར་གྱིས།། དོན་དམ་བདེན་མེད་པ་ལ་བལྟ།། རང་རྟོགས་མཐོང་བ་ང ་ལ་བལྟ།། ཐོས་པ་རག་ལུས་པ་ལ་བལྟ།། ཕྱོགས་གཅིག་པ་འདི་ང་ལ་བལྟ།། བདེན་པའི་བྱེ་བྲག་པ་ལ་བལྟ།། དྲུག་པོ་མཐར་ཕྱིན་པ་ལ་བལྟ།། རྣལ་འབྱོར་ཅན་ནི་ང་ལ་བལྟ།། སྤྱོད་པས་མང་སྙེམས་པ་ལ ་བལྟ།། གཉིས་ཀའི་བདེ་བ་ང་ལ་བལྟ།། ཐེག་ཆེན་སྤྱོད་པ་ང་ལ་བལྟ།། མཚམས་སྦྱོར་ཆེན་པོ་ང་ལ་བལྟ།། ཡང་དག་རྩེ་མོ་ང་མཐོང་ཟེར།། དེས་ཀྱང་མཐོང་བ་ཤིན་ཏུ་དཀའ།། སྐྱེ་བོ་ཕལ་པས་ང་མི་མཐོང་།། ་མཐོང་ཀུན་རྟོགས་འགའ་ཙམ་ཡོད།། ང་མཐོང་ཟེར་བའི་རྟོག་གེ་བ།། འགྲོ་བ་འདྲེན་པར་མི་འགྱུར་རོ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ།། དོན་དམ་ཕུར་པའི་རྒྱུ་ནི་ཇི་ལྟར་ལགས།། དེ་ཡི་ཚད་ནི་ཇི་ལྟར་ལགས།། དེ་ཡི་དབྱིབས་ནི་ཇི་ལྟར་ལགས།། དེ་ཡི་གྲངས་ནི་ཇི་ལྟར་ལགས།། ཞེས་གསོལ་ཏོ།། བཀའ་སྩལ་པ། ལེགས་པར་དྲི་བའི་ལམ་གྱི ་མཆོག། རྟོགས་ཚད་འདུལ་བ་དྲི་བའི་མཆོག། མཁས་པ་དགའ་བ་སྤྱད་པའི་ཕྱིར།། དོན་བཞི་ང་ཡིས་བཤད་ཀྱིས་ཉོན།། རྒྱུ་ནི་དབྱིངས་ཀྱི་མཚན་ཉིད་དག། རྐྱེན་ནི་ཡེ་ཤེས་བྱེ་བྲག་ཡིན།། དེ་ནི་ཕུར་པའི་རྒྱུ་རུ ་གྲགས།། ཚད་ནི་ཕྲིན་ལས་རྣམ་བཞི་སྟེ།། སངས་རྒྱས་ཕྲིན་ལས་དེ་ལས་མེད།། དོན་ནི་བསྡུ་བ་རྣམ་པ་བཞི།། དེ་ཡི་ནང་དུ་འདུས་པ་ཡིན།། དབྱིབས་ནི་གཞལ་ཡས་རྒྱ་མདུད་སྟེ།། ཚད་མེད་བཞི་ཡི་སྒོ་བཞིར ་བསྟན།། ཕྱོགས་བཞི་མཚམས་བཞི་ལྡུམ་གཞོག་བརྒྱད།། རྣམ་ཐར་གསུང་ནི་རྩེ་མོ་ཡིན།། གྲངས་ནི་བདེན་པའི་བྱེ་བྲག་སྟེ།། དེ་ཁོ་ཉིད་དང་དེ་བཞིན་ཉིད།། ནམ་མཁའི་ཐ་སྙད་དཔེ་དང་འདྲ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་སྟེ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། ཐེག་པ་ཐམས་ཅད་ཀྱི་དོན་བསྟན་པ་དང་། དོན་དམ་པའི་ཕུར་པའི་བྱེ་བྲག་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཁྲོ་བོའི་གདན་ནི་ངེས་པའི་ཕྱིར།། འཁོར་ལོའི་རྩིབས་ནི་བཅུ་པ་ཡིན།། ཐིག་གི་བྱེ་བྲག་བསྟན་པ་དང་།། ལྷ་ཡི་བྱེ་བྲག་བསྟན་དུ་གསོལ།། ཅེས་པས ་ཀི་ལ་ཡ་ཆེན་པོ་དེ་ཕྱག་རྒྱ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙོམས་པར་ཞུགས་སོ།། དེར་ཞུགས་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས་བཀའ་སྩལ་པ།། དཀྱིལ་འཁོར་སྔགས་མ་བཞིན་བཞེངས་ལ།། དེས་ཀྱང་དེ ་ཡི་རྒྱ་ཡིས་བཅད།། ཐིག་ནི་རྣམ་པ་བདུན་བཏབ་པ།། ཕྱེད་ལ་ཕོ་བྲང་རབ་བྱས་ཏེ།། བྱང་ནས་ལྷོ་རུ་དྲངས་ནས་ནི།། དེ་ལ་རེའུ་ཆ་དགུ་རུ་དགོད།། རེའུ་ཆ་གཅིག་ནི་ལྟེ་བའི་ཚད།། དེ་ཕྱེད་ཀུན་ཏུ ་བསྐོར་བ་ནི།། འཁོར་ལོ་རྩིབས་བཅུའི་ཐིག་ཏུ་འགྱུར།། དེ་བཞིན་མུ་ཁྱུད་དེ་བཞིན་བསྐོར།། དེ་ཡི་དབུས་ཀྱི་ཕོ་བྲང་ལ།། ཐོད་པ་གསུམ་གྱིས་བསྐོར་བར་བྱ།། མུ་འཁྱུད་རྡོ་རྗེའི་ར་བ་སྟེ།། ས་མཆོག་ཕྱེ་མར་བཏགས ་པ་ལ།། ནག་པོའི་ཚོན་གྱིས་བསྒྱུར་བ་ཡིས།། འཁོར་ལོ་ཐམས་ཅད་མཐིང་གར་བྱ།། དེ་བཞིན་རྩིབས་ཀྱང་ནག་པོར་བྱ།། གྲུ་ཆད་ལྗང་གུའི་ཕྱི་རོལ་དུ།། ཐོད་པའི་ཕྲེང་བ་བཏང་བར་བྱ།། དེ་ཡི་ཕྱི་རིམ་དམར་པོ ་ལ།། ཐིག་ལེ་ཐིག་ལེ་མང་དུ་བྱ།། དེ་ཡི་ཕྱིར་རིམ་སྒོ་ཁྱམས་ལ།། ཀེང་རུས་སྐམ་པོ་སྤེལ་མར་བཀོད།། དེ་ཡི་ཕྱིར་རིམ་ལྕགས་རི་ལ།། མེ་རི་ཧོམ་གྱི་ཐབ་ཏུ་བྱ།། དེ་ནས་ལྷ་དགོད་འདི་གསུངས་སོ།། ཕོ་བྲང་གྲུ་གསུམ ་པོ་ལ།། ཐབས་ཆེན་བདུད་འདུལ་ཡབ་ཡུམ་དགོད།། ཟླ་གམ་གསུམ་ལ་སྲས་གསུམ་པོ།། བྱིན་བརླབ་དབང་བསྐུར་བྱས་ལ་དགོད།། ཤར་དུ་རྣམ་པར་རྒྱལ་བ་སྟེ།། རིམ་པ་བཞིན་དུ་རྒྱས་པར་དགོད།། སྟོབས་པོ ་ཆེ་དང་ཧཱུཾ་ཀཱ་ར།། ཤར་སྟོད་ནུབ་སྨད་གཉིས་སུ་དགོད།། ཕྲ་མེན་འཁོར་ལོའི་རྩིབས་ཀྱི་ཕྱིར།། ཟླ་གམ་བཅུ་ལ་དགོད་པར་བྱ།། བར་ཁྱམས་ཐིག་ལེའི་སྟེང་ཉིད་དུ།། བཟློག་ཕུར་བཅུ་དྲུག་དགོད་པར་བྱ།། སྒོ་ཁྱམས ་ལ་ནི་སྒོ་སྲུང་སྟེ།། ཤྭ་ན་གཡས་ལ་རེ་ཏི་གཡོན།། དབུས་སུ་སྲིན་མོ་དགོད་པར་བྱ།། ལྕགས་རི་ལ་ནི་དབང་ཕྱུག་མ།། བསྣོལ་ཏེ་རྡོ་རྗེའི་འགྲོས་སུ་དགོད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་གསུང་དང་ཐུགས་སྣང་བ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། འཁོར་ལོ་རྩིབས་བཅུ་པའི་མཎྜལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་རྗེ ་བཙུན་ཀུན་གྱི་རྗེ།། གདུག་པ་རྣམ་གཉིས་བསྒྲལ་བ་དང་།། ང་རྒྱལ་དྲེགས་པ་གཞོམ་པའི་ཕྱིར།། རྣོ་དཔལ་ཕུར་བ་སྲས་ཀྱི་མཆོག། རྣམ་གྲངས་དུ་ཡོད་བཤད་དུ་གསོལ།། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། ང་རྒྱལ་དྲག ་པོ་མཚོན་གྱིས་གཞོམ།། ཕུར་པ་ལྷ་རུ་བྱས་པ་སྟེ།། བྱུག་པ་གསུམ་གྱིས་ངར་ཡང་བླུད།། བདུག་པ་གསུམ་གྱིས་དཔལ་ཡང་བསྐྱེད།། དེ་ལྟ་བུ་ཡི་སྲས་མཆོག་ནི།། གྲངས་སུ་བགྲང་བར་མི་བྱ་སྟེ།། གཅིག་དང་དུ་མ་ཁོ ་ནའོ།། ཡང་གསོལ་པ། བཅོམ་ལྡན་འདས་མིང་ནི་གང་ལ་ཐོགས་པ་ལགས། གྲངས་ནི་རྣམ་པ་དུ་ཙམ་ཡོད།། དགོས་ཆེད་ཅི་ཡི་དོན་དུ་བྱུང་།། དངོས་ཀྱི་མཚན་ཉིད་ཇི་ལྟ་བུ།། ཞེས་གསོལ་ཏོ།། བཀའ་སྩལ ་པ།། དབྱིངས་དང་ཡེ་ཤེས་གཉིས་མེད་ལས།། སྲས་ཀྱི་མཆོག་ནི་སྟོན་པ་བྱུང་།། མིང་ནི་དེ་ལས་ཐོགས་པ་ལགས།། ཀུན་ཏུ་བཟང་པོ་ཡབ་ཡུམ་ལས།། སྲས་ཀྱི་མཆོག་ཏུ་རིགས་ལྔ་འབྱུང་།། མིང་ནི་དེ་ལས་ཐོགས་པ ་ལགས།། རིགས་ལ་སྐུ་གསུང་ཐུགས་ཀྱི་སྲས།། སྤྲུལ་པ་རྡོ་རྗེ་གཞོན་ནུ་ལགས།། མིང་ནི་དེ་ལ་ཐོགས་པ་ལགས།། དེ་ཡི་སྐུ་གསུང་ཐུགས་ཀྱི་སྲས།། འདུས་པ་གསུམ་གྱི་སྲས་མཆོག་ལགས།། མིང་ནི ་དེ་ལས་ཐོགས་པ་ལགས།། དང་པོ་གྲངས་ཀྱི་རྣམ་པ་ཡང་།། གཅིག་དང་དུ་མ་བསམ་ཡས་པས།། དང་པོ་ཁོ་ན་གཅིག་ཏུ་བསྟན།། དགོས་པའི་ཆེད་དང་ཚུལ་བསྟན་ནས།། ལྔ་དང་བདུན་དང་ཉི་ཤུ་གཅིག། གསུམ ་དང་བཅུ་གཅིག་དྲུག་ཅུ་བཞི།། བརྒྱད་ཅུ་ལྔ་དང་བརྒྱ་རྩ་བརྒྱད།། སྟོང་རྩ་བརྒྱད་དམ་ཁྲི་ལ་སོགས།། བྱེ་བ་དུང་ཕྱུར་ས་ཡའི་གྲངས།། སྲས་མཆོག་ཉི་ཟེར་ཤར་བ་ཡང་།། འགྲོ་བ་འདུལ་བའི་དབང་གིས་ན།། བརྗོད ་ཀྱིས་མི་ལངས་གྲངས་ལས་འདས།། རྟོག་གེ་པ་ནི་རྨོངས་པའི་ཕྱིར།། བརྗོད་དུ་མེད་པ་ང་ཡིས་སྨྲ།། དགོས་པ་དང་ནི་དགོངས་པ་དང་།། མཚོན་པ་དང་ནི་ལྷ་རྣམས་དག། འབྲེལ་བ་དང་ནི་འབྲེལ་བྱེད་ཀྱིས།། དགོས ་ཆེད་གྲངས་ཀྱི་ཚུལ་དང་ནི།། བརྡེག་པའི་དམིགས་ལ་དགོངས་པའོ།། དངོས་ཀྱི་མཚན་ཉིད་འདི་ལྟ་སྟེ།། སྟོད་ནི་ཁྲོ་བོ་ཆེན་པོ་ལ།། སྨད་ནི་སོ་སོའི་དཔལ་དང་ལྡན།། བྲང་གིས་འགྲོ་བ་ཆེན་པོ་ཡིས།། ལྷ་དང་ཚིགས ་ནི་བརྒྱན་པ་སྟེ།། ཕུར་པས་འདེབས་ཤིང་ཐོ་བས་བརྡེག། ཞེ་སྡང་རང་ག་མ་དང་ལྡན།། དེ་ནི་དངོས་ཀྱི་མཚན་ཉིད་དོ།། ཡང་བཀའ་སྩལ་པ།། རྐྱེན་ནི་ཧཱུཾ་ལས་བྱུང་བ་སྟེ།། དེ་ཡི་རྒྱན་ཡང་ཀཱི་ལ་ཡ།། ཀཱི་ལ་ཡ་ཡི ་མདའ་ཟམ་གྱིས།། གདུག་པ་རྣམ་གཉིས་སྒྲོལ་བར་འགྱུར།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་སྟེ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། སྲས་མཆོག་གི ་ལ་ཡ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། རྣལ་འབྱོར་པ་ལ་ཕན་པའི་ཕྱིར།། བ་ལི་མཆོད་པའི་གཏོར་མ་འདི།། ལས་རབ་ཀུན་གྱི་གཏོར་མ་སྟེ།། ཆོ་ག་བཟང་པོ ་བཤད་དུ་གསོལ།། ཞེས་ཞུས་ནས། ཀཱི་ལ་ཡ་མཆོད་པའི་ཕྲིན་ལས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལ་ཕྱིའི་ལྷ་མོ་དང་། ནང་གི་ལྷ་མོ་དང་། གསང་བའི་ལྷ་མོ་ལ་སོགས ་པས། མཆོད་པ་ཡང་ཕྱི་ནང་གསང་བ་གསུམ་དུ་སྦྱར་ནས། མཆོད་པས་ཡང་དག་པར་མཆོད་ནས།། གསོལ་བ་བཏབ་ནས་ཞུ་བར་སྤོབས་ཏེ།། ཨེ་མ་སངས་རྒྱས་བཅོམ་ལྡན་འདས།། འཇིག་རྟེན་པ་དང་འཇིག་རྟེན ་འདས།། བགེགས་རྣམས་ཞི་བར་བྱ་བ་དང་།། ལྷ་རྣམས་འགོ་བར་བྱ་བ་དང་།། དམ་ཚིག་ཉམས་པ་བསྐང་བའི་ཕྱིར།། ནང་དང་ཕྱི་ཡི་གཏོར་མ་རྣམས།། ཇི་ལྟར་འོས་ཤིང་རིགས་པ་ལྟར།། རང་གི་འབྱོར་པའི་རྗེས ་མཐུན་པར།། ནན་ཏན་གྱིས་ནི་མཆོད་པ་དབུལ། ཞེས་གསོལ་བ་བཏབ་བོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་པ་དང་འཇིག་རྟེན་འདས།། དེ་རྣམས་མཉེས་པར་བྱ་བའི་ཕྱིར།། རྒྱུན ་དུའམ་ཡང་ན་ཟླ་བ་གཅིག། དེ་བཞིན་ལོ་གཅིག་ཁྱུད་སྐོར་དང་།། བཅུ་གཅིག་དང་ནི་བཅོ་ལྔ་དང་།། བརྒྱད་རྣམས་སུ་མི་བྱེད་པར་དབུལ།། མཛེས་པའི་མཆོད་པའི་ལས་རྣམས་ཀྱིས།། ལེགས་པར ་རྫས་ཀུན་བསྡུ་བྱས་ཏེ།། རྫས་ཀྱི་དངོས་པོ་དེ་དག་རྣམས།། བརྡ་ཡི་ཚིག་གིས་བསྟན་པར་བྱ།། མཁའ་འགྲོ་ལ་སོགས་ཐར་པའི་མཆོག། གཅིག་པུ་དཔལ་བྱེད་རོ་ལ་སོགས།། བཟླས་བརྗོད་ལ་སོགས་ཡོ་བྱད ་ལྡན།། ཚེ་ནི་མཆོག་ཏུ་མཛེས་པ་དང་།། སྙིང་པོ་ཚིམས་བྱེད་མཆོག་ཡིན་ཏེ།། དྲི་ཞིམ་དམར་པོ་ཉིད་དུ་འདོད།། སྙན་པའི་གླུ་དབྱངས་བླང་བ་དང་།། ཐར་པ་ཆེན་པོ་ཤིན་ཏུ་མཛེས།། འཇམ་པའི་གོས་སུ་ཡང་དག ་བཤད།། གཟི་བརྗིད་དྲི་ཞིམ་ཉིད་དུ་འདོད།། རིག་མ་ལ་སོགས་རེག་ལས་བྱུང་།། མཆོད་པ་ནང་ཉིད་ཡིན་པར་བཤད།། ཉ་དང་ཤ་ཆང་བུ་རམ་ཆང་།། ཟ་དང་སྲན་མ་ལ་སོགས་ལྡན།། དྲི་དང་མེ་ཏོག་ལ་སོགས ་ལྔ།། ཕྱི་ཡི་མཆོད་པ་ཡིན་པར་བཤད། ཅེས་གསུངས་སོ།། དེ་ནས་སྔགས་མཁན་ཁྲུས་བྱས་ཏེ།། སྔགས་མཁན་བྱ་བ་ཀུན་བྱས་ནས།། ཉམས་དགའ་བ་ཡི་གནས་སུ་འདུག། ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ལ།། ཉིད ་ནི་ཐ་མར་གཞག་པར་བྱ།། ལུགས་མ་ལ་སོགས་ལྷ་རྣམས་ལ།། མེ་ཏོག་ལ་སོགས་བརྒྱན་བྱས་པ།། ཡང་ན་ཡིད་ཀྱིས་མངོན་སུམ་འདུག། བསམས་ཏེ་དྲི་ཡི་ཐིག་ལེ་ལྔ།། དྲི་དང་ལྡན་པའི་ཆུ་གཉིས་ཀྱིས།། རིགས་ལྔ ་ཡང་དག་གནས་པ་ནི།། རང་གི་གཡོག་དང་ཡང་དག་ལྡན། ཛཿཧཱུཾ་བཾ་ཧོཿོཾ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨཱ~ཾ་ཧཱུཾ་ཐ། སྔགས་རིག་པས་ནི་སྔགས་འདི་ཡིས།། བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ།། དྲི་དང་ལྡན་པའི་ཆུ་ཉིད ་ཀྱིས།། དེ་ནས་རྫས་རྣམས་བཏབ་བྱས་ལ།། རྡོ་རྗེ་ཆུ་དང་དྲི་ཆེན་པོ།། ཉི་ཟླ་དང་ནི་དམར་ཆེན་སྣོད།། དེ་ནི་སངས་རྒྱས་ལྔ་རྣམས་ཏེ།། པདྨའི་སྣོད་དུ་གཞག་པར་བྱ།། ཆུ་བདག་ས་བོན་གྱིས་སྦྱངས་ཏེ།། དེ་ལ་འདི ་ལྟར་བསྒོམ་པར་བྱ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ས་བོན་ལྔ་པོ་ཟླ་སྟེངས་སུ།། རྣལ་འབྱོར་པ་ཡིས་ལྔ་གཞག་བྱ།། དེ་ཡི་བདུད་རྩིར་གྱུར་པ་ནི།། མུ་ཏིག་དཀར་པོ་དྲི་མེད་བཞིན།། དེ་ལ་འདི་ཡིས་བརྟག་པར་བྱ། ཁྲོ་བོའི་ས་བོན ་བསམ་ཡས་ཏེ།། རྡོ་རྗེ་སྦལ་པ་མཚན་མའི་མིག། སྣོད་ཀྱི་སྟེང་དུ་གཞག་བྱས་ཏེ།། སྔགས་རིགས་སྔགས་ཀྱི་འབྲུ་འདི་ཡིས།། ཨོཾ་ཨཱཿཧཱུཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཥཱཿརྒྱལ་པོ་པདྨས་མཚོན་པའི་ཕྱག། ས་བོན་ཟླ་བ་དབུས ་གྱུར་པ།། སྦོམ་པོ་དབང་པོ་གཉིས་ཀྱི་བར།། སྔགས་རིག་པས་ནི་བསམ་བྱས་པས།། བདག་གི་ལྟར་ནི་བསྒོམ་པ་ཡིས།། དེ་ཡང་རྫས་ལ་གདབ་པར་བྱ།། རྣམ་པ་གཉིས་ཀྱི་རྫས་རྣམས་སྦྱང་།། སྙིང་པོ་ཕྱག་རྒྱ་སྔགས ་ཀྱི་ལྷ།། སྤྱན་དྲང་མཆོད་པ་ཅི་རིགས་བྱ།། ཡང་དག་ཚིགས་བཅད་འདི་བརྗོད་བྱ།། སངས་རྒྱས་ཡབ་ཡུམ་སྲས་དང་བཅས།། གཉེན་དང་གཉེན་འདུན་གཡོག་འཁོར་བཅས།། འདུས་པའི་ལྷ་ཚོགས་ཀྱིས་བསྐོར ་ནས།། རྡོ་རྗེ་སེམས་དཔའ་མཉེས་མཛད་ཅིང་།། གནས་འདིར་རྩེ་ཕྱིར་གཤེགས་སུ་གསོལ།། སྟོང་ལས་སྦྱར་བས་རྟག་ཏུ་དེ་ཉིད་དམ་པར་འབྱུང་།། ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་འགྲོ།། ་བླངས་ནས་བདེ་འགྲོ་བདེ་བར་གཤེགས་པ་མཛད།། དཔལ་ཆེན་རྡོ་རྗེ་སེམས་དཔའ་དེ་ནི་བདག། ཨོཾ་ཆོས་སྐུའི་རང་བཞིན་དག་པས་ན།། བདག་ཀྱང་རང་བཞིན་རྣམ་པར་དག། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི།། ཐུགས་དམ་དབྱིངས་མཆོག་རང་ཉིད་ནི།། སེམས་ཅན་འབྱམས་ཀླས་མ་ལུས་ཀུན།། སྐུ་མཆོག་བསྒྲུབ་ཕྱིར་སྦྱོར་བས་ནི།། རྒྱལ་བ་རྒྱ་མཚོ་ཀུན་འདུས་པས།། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་གཅིག། ཨོཾ་རྡོ་རྗེ ་སེམས་དཔའི་དམ་ཚིག་རྗེས་སུ་བསྲུང་།། ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྤྱོད།། དགོངས་པའི་དམ་པ་བདག་ལ་བསྟན་པར་དགོངས།། ཐུགས་རྗེའི་དབྱིག་གིས་བདག་ལ་ཆགས་པར་མཛོད།། བྱམས་པའི་མཆོག ་གིས་བདག་ལ་བདེ་བར་སྐོངས།། ཕུན་སུམ་ཚོགས་པ་ལྡན་པས་བདག་ལ་བདེ་བར་སྐྱོངས།། བྱིན་རླབས་མཆོག་གིས་བདག་ལ་བྱིན་གྱིས་རློབས།། གྲུབ་པ་འཕྲུལ་གྱིས་བདག་ལ་དངོས་གྲུབ་སྩོལ།། ལས་རྣམས་ཀུན ་ལ་བདག་གི་སེམས་ཉིད་བདེ་བར་འགྱུར།། དེ་ནས་སྔགས་མཁན་མཉམ་གཞག་སྟེ།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ནས་སྔགས་མཁན་དག་པ་ཡིས།། ད་ནི་སྔགས་དང་ཕྱག་རྒྱ་ཡིས།། ལྷ་ཡི་འདུན་པ་བསྐྱེད ་པར་བྱ།། གཡས་དང་གཡོན་གྱི་ལག་པ་ཡིས།། བརྗིད་པ་མཐའ་ནས་གང་བྱ་ཞིང་།། རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ།། མཆོད་པ་ཐམས་ཅད་དབུལ་བར་བྱ།། ཨོཾ་ཨཱཿཧཱུཾ་སུ་ར་ཏོ་པ་སོ་ཀཱ་མ་ལེ། མཱ་ལེ་བཛྲ་ཨ་མྲྀ་ཏེ་ཧ་རཱན་པྲ ་ཏཱིཏིཙྪ་བྷ་ག་ཝཱན། ཛཿཧཱུཾ་བཾ་ཧོཿ། ཨ་ལ་ལ་ཧོ་ཨཱཿ། པ་ན་པཾ་པེ་ནུ་སུ་ར་ཏོ།། ཏི་པུ་པ་ར་མུ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ་ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨཱ~ཾ་ཧཱུཾ། ཨཱ~ཾ་ཨེ་ས་ཧུ་པེ་ས་ཧུ། ས་མ་ཡ་བྷཀྵ་ཧུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ ་ཛཿཧཱུཾ་བཾ་ཧོཿཽ་པྲ་ཏཱིཙྪ། དེ་ནས་རང་གིས་བཟས་བྱས་ནས། ཚིགས་བཅད་འདི་ནི་བརྗོད་པར་བྱ།། བླ་མ་རྣམས་ལ་སྦྱིན་པར་བྱ།། སངས་རྒྱས་ཀུན་དང་མཉམ་སྦྱོར་བས།། སྡོམ་པ་ལ་ནི་གང་གནས་པ།། ཇི་སྙེད ་སངས་རྒྱས་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན།། ལྷ་རྣམས་དང་ནི་མི་རྣམས་རྣམས་དང་།། སྒྲུབ་པ་པོ་དང་རྣལ་འབྱོར་རྣམས།། དེ་དག་ཁྲོས་ནས་ཁྲག་ཆེན་པོ།། ཁྱོད་ཀྱི་སྙིང་ནས་དྲངས་ཏེ ་འཐུང་།། ཨི་དནྟེ་ན་ར་ཀན་བ་རི་ཧྲི་ད་ཡེ། ས་མ་དྷཱི་ནཱཾ་ས་མ་ཡ་ཡཀྵ་ན་ད་སྠི་རོ་བ་བྷད་བཛྲ། ཨ་མོ་ཏོ་ཀཎ། ཨོཾ་བཛྲ་ཨ་མྲྀ་ཏ་ཨཱ་ཧ་རོཥྚ་ཤ་ས་མ་ན་ཧཱུཾ་ཧྲཱིཿཐ། དེ་ནས་ཡང་དག་འདི་བརྗོད་དོ།། དེ་ནས་ཀུན་ལ་ཕུད ་གས་ནས།། ཧེ་རུ་ཀ་དཔལ་འཁོར་བཅས་རྣམས།། དམ་ཚིག་ཕུད་ལ་དབང་བ་རྣམས།། མཆོད་སྦྱིན་ཧེ་རུ་དཔལ་བསྒོམ་སྟེ།། དེ་ཡི་བརྒྱན་དང་སྔགས་ལྡན་པ།། སྙིང་ག་མགྲིན་པ་སྤྱི་བོར་ནི།། གནས་གསུམ་ཚུལ ་བཞིན་བསྲུང་བྱས་ཏེ།། རྡོ་རྗེ་ཐལ་མོ་འཛུབ་མོ་གཉིས།། མདུན་གྱི་ཟད་ཀར་མདུད་པར་བྱ།། གུང་མོ་མཐེ་བོང་གཉིས་རྩེ་སྦྱར།། གཞན་མ་རྣམས་ནི་འདི་ལྟར་བཏང་། ཨོཾ་ཤྲཱི་ཧེ་རུ་མ་ཧཱ་བཛྲ། ཨ་ཀོ་ཊ ་ཡ། ཨ་ཀོ་ཊ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བྷན་དྷ་ཡ་བྷན་དྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱཀྐི་ནཱི་ནཱཾ། ཧྲྀ་ད་ཡ་ཧཱུཾ་ཧཱུཾ་ཕཊ། ཤྲཱི་ཧེ་རུ་ཀའི་སྔགས་དང་ཕྱག་རྒྱའོ།། སྔགས་དང་ཕྱག་རྒྱ་འདི་རྣམས ་ཀྱིས།། ཡང་དག་ཚུལ་བཞིན་སྤྱན་དྲངས་ལ།། དམ་ཚིག་སྔགས་དང་ཕྱག་རྒྱ་འདི།། བརྟུལ་ཞུགས་ཐོད་པའི་ལྷ་མོ་ཡིས།། བསྟན་ནས་ཚུལ་བཞིན་བཞུགས་སུ་གསོལ།། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུཾ་ཕཊ།། རྡོ་རྗེ་ལྷ་མོ་ཚོགས ་ཀྱི་བདག། ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་སྔགས་པས་མཆོད་བྱ་བ།། གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ།། རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་ནས་མཉེས་མཛད་དེ།། རྣམ་པ་སྣ་ཚོགས་བདེ ་བའི་མཆོད་པ་ཀུན་གསོལ་ལ།། རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ།། རྒྱས་བཏབ་རྨོངས་བཅས་བསྣམས་སུ་གསོལ།། བདེ་མཆོག་ངོ་མཚར་བདེ་བར་བཞུགས།། ཧཱུཾ་ཨ་ལ་ལ་ཧོ།། རྣལ་འབྱོར ་བདེ་མཆོག་སྒྱུ་མར་འཕྲུལ།། དམ་ཚིག་བདག་ལ་འཇུག་ཏུ་གསོལ།། ཉོན་མོངས་ཀུན་ལས་རྒྱལ་བར་མཛོད།། མ་ལུས་པ་དག་བསྣམས་སུ་གསོལ།། ཉོན་མོངས་ཐམས་ཅད་གསལ་བར་མཛོད།། ཅེས་གསུངས ་སོ།། དེ་ནས་ཡང་འདི་གསུངས་སོ།། རྒྱལ་བའི་ཆོ་ག་རྫོགས་ནས་ནི།། ལྷག་མ་དག་ལ་འཇུག་པར་བྱ།། དེ་ནས་བཏུང་དང་ཟས་ལ་སོགས།། ཟོས་པའི་ལྷག་མ་ཕུད་བསྲེས་ལ།། ལྷག་མའི་དམ་ལ་གནས་པ ་རྣམས།། མཆོད་ཕྱིར་སྔགས་མཁན་བསྒོམས་པ་དང་།། བསྲུང་དང་སྤྱན་དྲང་མཆོད་པ་དང་།། དམ་ཚིག་སྔགས་དང་ཕྱག་རྒྱ་དང་།། བཞུགས་སུ་གསོལ་བའི་ཕྱག་རྒྱ་དག། གོང་ནས་འབྱུང་བ་བཞིན་བྱས་ཏེ།། བརྟུལ ་ཞུགས་རྟོགས་པའི་ལྷ་མོ་ཡིས།། འོག་ནས་འབྱུང་བའི་སྔགས་བཟླས་ལ།། ཡང་དག་མཆོད་པ་དབུལ་བར་བྱ། ཨོཾ་བུདྡྷ་ཌཱཀྐི་ནཱི་པྲ་ཏཱི་ཙྪ་མཱཾ་བ་ལི་ཨོཾ་ཕཊ། ཨོཾ་བཛྲ་ཌཱཀྐི་ནཱི་པྲ་ཏཱིཙྪི་མཱཾ་དེ་བ་ལཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱཀྐི་ནཱི་པྲ ་ཏཱིཏིཙྪ་མཱཾ་བ་ལིཾ་ཏྲཾ་ཕཊ། ཨོཾ་པདྨ་ཌཱཀྐི་ནཱི་པྲ་ཏཱི་ཙྪ་མཱཾ་བ་ལིཾ་ཧྲི་ཕཊ། ཨཱིཾ་ཀརྨ་ཌཱཀྐི་ནཱི་པྲ་ཏཱིཙྪ་མཱཾ་བ་ལི་ཨ་ཕཊ། ཨོཾ་བཛྲ་ཨེ་ས་ཧུ། བེ་ས་ཧུ། ས་མ་ཡ་བྷཀྵ་ཧུ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཛཿཧཱུཾ་བཾ་ཧོཿཔྲ་ཏཱིཙྪ། རྡོ་རྗེ་བཅིངས་པ ་གཉིས་སྦྱར་ཏེ།། རྒྱབ་སྦྱར་མཐེའུ་ཆུང་སྦྲེལ་ཏེ།། མཛུབ་མོ་གཉིས་ནི་བསྒྲེང་ནས་ནི།། བསྡམས་པས་ལས་ནི་ཐམས་ཅད་བྱེད།། བརྐྱང་བསྐུམ་པ་ཡི་ཚུལ་བྱའོ།། ཨཽ་ཌཱཀྐི་ནཱི་ཨཱ་ཀཪྵ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བྷན ་དྷ་ཡ་བྷན་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ་སརྦ་བཛྲ་ཌཱིཀྐི་ནཱི་ནཱཾ། ཧྲི་ད་ཡ་ཧཱུཾ་ཛ། ཛཿཧཱུཾ་བཾ་ཧོཿཌཱཀྐི་ནཱི་ཧཱུཾ་ཛཿདཔལ་ཌཱིཀྐི་ནཱིའི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་གཉིས་སྦྱར་ཏེ།། སྦོམ་པོ་གཉིས་ནི་དབུས་སུ་བཟུང་།། ལྷག ་མ་འཁོར་ལོའི་ཚུལ་དུ་བྱ།། བདེ་བ་དང་ནི་པདྨའི་བདག། དེ་ཉིད་ལས་ནི་བྱ་བ་ནི།། སྦོམ་པོ་གཉིས་ནི་བཏེགས་བྱས་ཏེ།། བཀུག་པ་དེ་ནི་རྟ་གདོང་ཕྱག་རྒྱ་སྟེ།། དངོས་གྲུབ་ཆེན་པོ་ལ་སོགས་པ།། སྐད ་ཅིག་གཅིག་གིས་འགྲུབ་པའོ།། ཨོཾ་བཛྲ་བ་དྲ་བ་མུ་ཁ། ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། སརྦ་བཛྲ་ཌཱཀྐི་ནཱི་ནཱཾ། ཧྲི་ད་ཡ། ཧ་ཧ། ཧི་ཧི། ཨོཾ་ཨཱཿཧཱུཾ། དཔལ་རྟ ་མགྲིན་གྱི་སྔགས་དང་ཕྱག་རྒྱའོ།། རྟ་ཡི་རྒྱལ་པོའི་ས་བོན་ནི།། ཉི་མའི་དཀྱིལ་འཁོར་དབུས་གནས་ཏེ།། མཐེ་བོང་དང་ནི་སྲིན་ལག་གི། སྔགས་པས་དེ་བསྒོམ་པར་དུ་ཧྲཱིཿ། སྔགས་མཁན་ཕྱག་རྒྱ་འདི་བཏབ ་ནས།། གཏོར་མ་བདག་ཉིད་བྱིན་བརླབས་ཏེ།། སྔགས་འདི་རྗེས་སུ་བརྗོད་བྱ་ཞིང་།། ཅི་བདེ་བར་ནི་གཤེགས་སུ་གསོལ།། ཨོཾ་ཨཱཿཧཱུཾ་ཨུཙྪིཥྛ་བཛྲ་ཨ་དྷི་ཏིཥྛ་མཱཾ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་དེ་རྣམས་ཀྱིས།། མཆོད་པའི ་ཆོ་ག་རྫོགས་པར་སྨྲས།། གཏོར་མའི་མཆོད་པས་ཚིམས་བྱེད་པ།། རྒྱུད་རྣམས་ཀུན་གྱི་རྒྱ་མཚོ་སྟེ།། ཏིལ་མར་ཐིགས་པས་ཀུན་ལ་ཁྱབ།། ཐམས་ཅད་ཀུན་ནས་བསྡུས་པ་འདི།། རྒྱུད་མཆོག་འདི་རུ་ང་ཡིས ་སྨྲས།། རྒྱུད་རྣམས་བསྡུས་པའི་མན་ངག་འདི།། རྒྱུད་འདིའི་ནང་དུ་སྨྲས་པའོ།། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། རྒྱུད་ཐམས་ཅད ་ཀྱི་གཏོར་མའི་མན་ངག། ལས་ཐམས་ཅད་ཀྱི་རྒྱལ་པོའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཕྱག་རྒྱ་ནི།། ཞི་དང ་རྒྱས་དང་དབང་དང་དྲག། རྒྱུ་རྣམས་ཀུན་ལ་རབ་གནས་ནི།། གསེར་རམ་སེར་པོའི་ཤིང་རྣམས་སམ།། ཟངས་སམ་དམར་པོའི་ཤིང་རྣམས་དང་།། དངུལ་ལམ་དཀར་པོའི་ཤིང་རྣམས་སམ།། ལྕགས་སམ་ནག་པོའི ་ཤིང་རྣམས་ལ།། རབ་གནས་བྱ་ན་ཇི་ལྟར་བྱ།། ཞེས་གསོལ་ཏོ།། བཀའ་སྩལ་པ། རྣལ་འབྱོར་རྟོགས་པ་བསལ་བའི་ཕྱིར། ཁྱོད་ཀྱིས་ཞུས་པ་ང་ཡིས་བཤད།། ལེགས་པར་ཉན་པའི་འཁོར་རྣམས་དང་།། རྣལ་འབྱོར ་དཔའ་བོའི་དོན་ཆེད་དུ།། ལུང་བསྟན་ལུང་མ་བསྟན་པ་ཡི།། མཁས་པར་བསླབ་པའི་བཟོ་མཁན་ནི།། ཤེས་རབ་རྣམ་པ་དུ་མར་སྦྱངས།། སྐྱེར་པ་ལོ་མིག་བཅུ་པ་དང་།། ཉལ་པོ་སྦལ་པའི་ཤིང་དག་ལ།། ཕྲིན་ལས ་རྣམ་བཞིའི་སྔགས་བཟླས་ཤིང་།། ཕྱོགས་བཞི་རྒྱས་པར་བཞོག་པར་བྱ།། གྲི་ཁ་ལྷོ་བྱང་ཤར་ནུབ་བསྟན།། ཁ་ནི་འཛབ་དང་མི་འབྲལ་བས།། སོར་བརྒྱད་བཅུ་གཉིས་བཅོ་བརྒྱད་དྲུག། སེམས་ཅན་རྣམས་དང་ཚུལ ་བསྟུན་ནས།། མཐེབ་གོང་འོག་ཏུ་རྒྱ་མདུད་བྱ།། སོར་བཞི་ལྡུམ་གཞོག་འོག་མ་ཡང་།། གོང་མ་བཞིན་དུ་ཤེས་པར་བྱ།། དཔལ་ནི་ཆུ་སྲིན་ཁ་ནས་དབྱུང་།། ཚིག་བཞི་ཀུན་ལ་སྦྲུལ་གྱིས་བརྒྱན།། རྩེ་མོ་ཟུར་བཞི་དཔལ ་དང་བཅས།། དེ་བཞིན་ལུགས་མཁན་མཁས་པས་ཀྱང་།། སྒྲ་ཚིལ་དག་ལ་གཟུགས་བྱས་ལ།། དཀར་པོའི་ཤིང་ལ་ཞི་བའི་གཟུགས།། རྩེ་མོ་གནམ་ལ་བསྟན་ལ་གཞག། ཕྲིན་ལས་སྔགས་ཀྱང་དེ ་བཞིན་བཟླས།། ལུགས་མ་ཡང་ནི་དེ་བཞིན་ཏེ།། དེ་བཞིན་དངུལ་ལ་བྱ་བའོ།། མཛེ་མོ་གླང་གལ་དམར་པོའི་ཤིང་།། ཐམས་ཅད་དབང་དུ་བྱ་བའི་ཕྱིར།། གྲི་ཁ་དཔའ་བོའི་ངོས་སུ་བཞོག། ཟངས་སམ་འཛིན་དམར ་དེ་བཞིན་ཏེ།། ལུགས་མ་མཁས་པས་དེ་བཞིན་བྱ།། ཤིར་ཤིང་ནག་པོ་ལ་སོགས་པའི།། ནག་པོ་ཚེར་མ་ཅན་གྱི་ཤིང་།། མཁས་པས་གྲི་ཁ་ཕར་བསྟན་ལ།། ས་ལྕགས་གནམ་ལྕགས་ཁྲོ་ཆུ་ལས།། མི་རྟ་མང་པོ་བསད ་པ་དང་།། དེ་བཞིན་རང་ཐག་ཕལ་པའི་ལྕགས།། དེ་ནི་མགར་བ་མཁས་པས་བྱ།། གོམས་ཤིང་མཁས་པར་བསླབ་པ་ཡི།། རིགས་བཞི་བཟོ་བོས་དེ་ལྟར་བྱ།། ཞི་བ་ཤར་ལ་དབང་ནི་ནུབ།། རྒྱས་པ་ལྷོ་ལ་དྲག ་པོ་བྱང་།། སློབ་དཔོན་སྔགས་མཁན་དེ་བཞིན་ནོ།། དེ་བཞིན་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྲ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ཕུར་པ་རབ་གནས་ཀྱི་ཆོ་གའི་ལེའུ་སྟེ་བཅུ ་གསུམ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་གསོལ་པ། རྣལ་འབྱོར་ཡང་དག་བསམ་གཏན་ལས།། ཡི་དམ་རྒྱུན་དུ་བྱ་བ་དང་།། སྒྲུབ་པ་འཇུག་ཏུ་གདགས་པ་དང་།། སྔགས་ལ་ཡིད ་ཆེས་བསྐྱེད་པའི་ཕྱིར།། ཡང་སྙིང་མན་ངག་བཤད་དུ་གསོལ།། བཀའ་སྩལ་པ།། ཧོམ་ཁུང་འབྲུབ་ཁུང་ཁ་ཁྱེར་གསུམ་དང་ལྡན། ཁ་ལ་ཐོད་པ་ཚར་གསུམ་བཏང་།། བང་རིམ་ལ་ནི་རྡོ་རྗེ་སྟེ།། ཕྱི་ལ་མེ་རི་ཡང་དག ་བཏང་།། ནང་དུ་འཁོར་ལོ་རྩིབས་བརྒྱད་ནི།། མུ་ཁྱུད་རྡོ་རྗེ་ར་བར་ལྡན།། ལྟེ་བ་ལ་ནི་ཡཾ་དང་རཾ།། དེ་ནས་ཕུར་པ་བྱིན་བརླབས་དབང་བསྐུར་ཏེ།། རྒྱ་མདུད་དང་པོ་ཆོས་ཀྱི་སྐུ།། བར་མ་ལོངས་སྤྱོད་རྫོགས་པའི ་སྐུ།། ཟུར་གསུམ་ལོངས་སྤྱོད་རྫོགས་པ་ལ།། སྤྲུལ་པ་རྡོ་རྗེ་གཞོན་ནུ་བསྒོམ།། དཀྱིལ་འཁོར་ལྷ་རྣམས་རྫོགས་པ་ནི།། ཕུར་པ་དག་ལ་དེ་བཞིན་དགོད།། དེ་ལྟར་ཏིང་འཛིན་གྱི་སེམས།། སྤྱན་དྲངས་པ་ཡི་སྔགས་ཀྱིས ་ནི།། སྤྱན་དྲངས་སྔགས་ཀྱང་དེ་བཞིན་བརྗོད།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཛཿཛཿལྷ་ཚོགས་ཐམས་ཅད་སྤྱན་ཡང་དྲངས།། དྲལ་ཞིང་དབབ་ལ་བརྟན་པར་བཞུགས།། ཇི་ལྟར་ཇི་ལྟར་དེ་བཞིན་བསྟིམ།། བཛྲ་ཀཱི ་ལི་ཀཱི་ལ་ཡ་ན་མཿཡ་ཧོ། ཕྱག་འཚལ་བའི་ཆོ་གའོ།། བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿཡ་ཧོ་ཛྙ་ཡ་རུ། དེ་ནི་ཡང་དག་བརྗོད་པའོ།། ཨཱིཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བོ་དྷི་ཙིཏྟ་ཁཱ་ཧི། མ ་ཧཱཧ་གོ་རོ་ཙ་ན་ཁཱ་ཧི། སྔགས་ཀྱི་མཆོད་པ་ཡང་དག་སྟེ།། ལྷ་རྣམས་རྩ་བ་རྩ་བ་ལ།། བཏགས་ལ་ལྷ་རྣམས་ཚིམ་པར་བྱས། རྒྱུན་གྱི་སྔགས་རྣམས་བརྗོད་པ་སྟེ།། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། བདུན ་འབུམ་གྲངས་ནི་ཟོན་པར་བྱ།། དེ་ནས་ཡང་སྙིང་རབ་ཏུ་བཟླས།། ཉུང་དཀར་ཉུང་ནག་སྐེ་ཚེ་གསུམ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་གསུམ།། གུ་གུལ་ཚིལ་ཆེན་སྒྲ་ཚིལ་གསུམ།། དེ་རྣམས་དགུ་ཀའི་སྦྱོར ་བ་ཡིས།། གནས་གསུམ་དག་ཏུ་ཤིན་ཏུ་བརྡེག། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། པ་ར་བིད་དྷཱན། ཡཾ་རཾ་ཙཀྲ་ཆེ་གེ་མོ་མཱ་ར་ཡ་རྦད། བཛྲ་ཀི་ལི་ཀཱི་ལ་ཡ། ཆེ་གེ་མོ་མཱ་ར་ཡ་རྦད་ཧཱུཾ་ཕཊ། སེམས་དཔའ་གསུམ་གྱི་སྦྱོར་བ ་ཡིས།། འཕྲོ་འདུ་ཡང་ནི་དེ་བཞིན་ནོ།། གཞལ་ཡས་ཁང་ནི་གོང་མ་ཡི།། རྒྱལ་བ་རྣམས་ལ་མཆོད་པ་དབུལ།། བཟའ་བ་རྟ་ལ་བཞོན་ནས་ནི།། དུས་གསུམ་བདེར་གཤེགས་མཆོད་པ་དབུལ།། བྲབ་རྫས་དག་ལ ་སྔགས་བཟླས་ལ།། ལུས་ལ་བརྒྱབ་པས་རྩ་ལ་ཕོག། རྐྱང་མ་རོ་མ་ཀུན་འདར་མ།། སྲོག་རྩ་ཆེན་པོ་གསུམ་ཡིན་པས།། བྱང་ཆུབ་སེམས་ནི་སྐམ་པའི་ཕྱིར།། སེམས་ནི་རྟེན་དང་དཔྲལ་བར་བྱའོ།། འཁོར་ལོས་ཡན ་ལག་གཅོད་པ་དང་།། མུ་ཁྱུད་ཀྱིས་ནི་སྡོམ་པ་དང་།། ཡཾ་དང་རཾ་གྱིས་བསྐམ་ཤིང་བསྲེག། གང་གིས་བྲབ་པའི་རྫས་རྣམས་ལ།། ཡང་སྙིང་བཟླས་ཤིང་གདབ་པར་བྱ།། ཕུར་པ་དབང་དང་ལྡན་པའི་ཕྱིར།། ཡང་ནས ་ཡང་དུ་བདུག་པར་བྱ།། དེ་ནི་བསྒྲུབ་པའི་འཇུག་པའོ།། སྔགས་མཁན་བརྟན་པར་བྱའི་ཕྱིར།། ཡི་གེ་བཏུ་བའི་ལས་རྣམས་ཀྱང་།། རྣམ་པར་སྣང་མཛད་ལ་སོགས་ཏེ།། རྡོ་རྗེ་ཅན་དང་མཚམས་སྦྱར་ནས།། དབྱངས ་དང་གསལ་བའི་ཡི་གེ་ལ།། ཡང་སྙིང་གསལ་བར་གསལ་བར་བྱ།། དེ་བཞིན་གཤེགས་པའི་དགོངས་པ་ཡིས།། མཐའ་ཡས་མཆོག་གི་ཡི་གེ་རྣམས།། བཏུས་པས་སྔགས་མཁན་དག་པར་འགྱུར།། རྒྱུད་རྣམས་ཀུན་གྱི ་སྔགས་རྣམས་ཀུན།། སྔགས་མཁན་མཁས་པས་བཏུ་བར་བྱ།། ཤད་དང་ཚིག་བར་མ་ནོར་བར།། གཡལ་དང་སྦྲིད་པས་བར་མ་བཅད།། གཉིད་ཆང་ལེ་ལོ་སྤངས་ལ་བྱ།། ཡང་དག་དོན་གྱི་བཟླས་པ་ཡིན།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ཕུར་པའི་ཡང་སྙིང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་གསང་བའི་བདག་པོས་ཀཱི་ལ་ཡ་ལ་གསོལ་པ། ་བཅོམ་ལྡན་འདས་དོན་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་ཀྱི་རྩ་བ་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། ཅེས་གསོལ་པས། བཅོམ་ལྡན་འདས་ཉིད་བདེ་བ་ཆེན་པོའི་རྒྱན ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞུགས་མ་ཐག་ཏུ་མི་གཡོ་བའི་སྐུར་བཞེངས་ནས་བཀའ་སྩལ་པ། ཆོས་སུ་སྣང་བའི་དངོས་པོ་ཀུན།། ཡེ་ནས་སྣང་བ་མ་ཡིན་ཏེ།། ལས་དང་བསམ་པའི་དབང ་གིས་ན།། དངོས་པོ་གཅིག་ལ་སོ་སོར་མཐོང་།། གཞི་རྩ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། ཐམས་ཅད་མེད་མཐོང་མེད་མཐོང་བ།། མཐོང་བ་མེད་ན་མཐོང་བ་ཡིན། ཁ་དོག་དབྱིབས་དང ་རིང་ཟུང་དང་།། ཐ་སྙད་བརྗོད་པ་ཀུན་དང་བྲལ།། བྲལ་བ་ཡང་དག་ལམ་གྱི་མཆོག། དེ་ནི་སངས་རྒྱས་དངོས་པོ་ཡིན།། སྔགས་དང་ཕྱག་རྒྱ་བྱ་བ་མེད།། དངོས་པོ་ཀུན་ནས་བསམ་པ་ཡིན།། བསམ་དུ ་མེད་པའི་སེམས་ཀྱང་ཡིན།། དེ་ནི་རྩ་བ་སེམས་ཀྱི་མཆོག། ཚིག་དང་ཡི་གེ་དཔེ་ལས་འདས།། ཕྱི་ཡི་དངོས་པོ་ཡང་དག་ཡིན།། ནམ་མཁའ་བཞིན་དུ་དང་བར་མཐོང་།། དེ་ནི་དངོས་གཞི་ཡང་དག་ཡིན།། བྱམས་དང་སྙིང་རྗེ་རྩ་བ ་མེད།། བསྡུ་བའི་དངོས་པོ་གཞག་ཏུ་མེད།། མཚན་དང་དཔེ་བྱད་བལྟ་རུ་མེད།། མཆོད་དང་བསྟོད་པ་བཤགས་སུ་མེད།། བསྒོམ་པར་བྱ་བ་བསྒོམ་དུ་མེད།། སྒོམ་པ་དམིགས་སུ་མེད་པའོ།། དེ་ན་དངོས་པོ་དངོས་མེད ་པར།། བསྒོམ་པ་ཐམས་ཅད་བསྒོམ་དུ་མེད།། སངས་རྒྱས་བྱ་བ་བརྗོད་དུ་མེད།། དེ་བཞིན་ནམ་མཁའ་མཚོན་པའི་དཔེ།། ནམ་མཁའ་ལ་ཡང་ནམ་མཁའ་མེད།། ནམ་མཁའ་གཞལ་དུ་མེད་པ་ལ།། ཆོས་ཉིད་དཔེ་རུ ་གཞག་ཏུ་མེད།། བསམ་པའི་དངོས་པོ་ཀུན་ལས་འདས།། བརྗོད་པའི་ཐ་སྙད་ཀུན་ལས་འདས།། རྫས་དང་དཀྱིལ་འཁོར་ཚིག་ལས་འདས།། དམ་ཚིག་བསྙེན་པ་བསྒྲུབ་ལས་འདས།། གཞལ་ཡས་ཁང་དུ་མེད་པར ་འདས།། ལྷ་ཚོགས་དཀྱིལ་འཁོར་མཐའ་ལས་འདས།། བརྗོད་པའི་ཐ་སྙད་དཔེ་ལས་འདས།། ཐམས་ཅད་ཐམས་ཅད་ཀུན་ལས་འདས།། བྱང་ཆུབ་སེམས་ནི་རང་བཞིན་འདས།། ཕུང་པོ་ཁམས་དང་སྐྱེ་མཆེད ་འདས།། སེམས་དང་སེམས་སུ་སྣང་ལས་འདས།། ཆོས་དང་ཆོས་སུ་སྣང་ལས་འདས།། སྟོང་པ་ཉིད་ནི་སྟོང་ལས་འདས།། དེ་བཞིན་ཉིད་ཀྱང་མཐའ་ལས་འདས།། ཆོས་ཀྱི་དབྱིངས་ལས་འདས་པ་ཡང་།། བསམ་དུ ་མེད་པའི་ངང་དུ་འདས།། ཡུལ་དང་ཡུམ་ཅན་གཉིས་སུ་མེད།། ཆོས་དང་ཆོས་ཅན་གཉིས་སུ་མེད།། ཚོར་བ་རིག་ཤེས་གཉིས་སུ་མེད།། ཟླ་བ་ཆུ་ཟླ་གཉིས་སུ་མེད།། བྱ་དང་སྒོ་ང་གཉིས་སུ་མེད།། མཚམས་དང ་བསྲུང་བ་གཉིས་སུ་མེད།། ཟུང་དང་ཟུང་དུ་འཇུག་པ་མེད།། ཉིན་མོ་མཚན་མོ་གཉིས་སུ་མེད།། སྐྱེས་པ་བུད་མེད་གཉིས་སུ་མེད།། གཡས་དང་གཡོན་པ་གཉིས་སུ་མེད།། ཐབས་དང་ཤེས་རབ་གཉིས་སུ་མེད།། མེ ་དང་དུ་བ་གཉིས་སུ་མེད།། ཀུན་རྫོབ་དོན་དམ་གཉིས་སུ་མེད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ།། འཇིག་རྟེན་སྣང་བྱེད་ལས། ཆོས་ཐམས་ཅད་རང ་བཞིན་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ཀྱེ་སངས་རྒྱས་ས་རུ་མངོན་ནས་གསུངས།། གསུངས་པའི་དོན་ནི་ཇི་ལྟར ་ལགས།། ལམ་དང་ས་ལ་བརྟེན་པའི་ཕྱིར།། གང་ཟག་དབང་པོ་རབ་འབྲིང་གི། ཕན་ཚུན་ནུས་པའི་དབང་རྣམས་ཤོད།། ཅེས་གསོལ་ཏོ།། སྨིན་པའི་ལམ་དུ་བསྟེན་པ་ལ།། ཕན་དང་ནུས་ལ་ངས་བཤད་ཀྱིས།། ཉན་པ ་སྣང་བ་ལ་ཅིར་ཡང་རོལ་པའི་ཆོ་འཕྲུལ་གྱིས། རྟག་པར་ལོངས་སྤྱོད་པར་མཛད་པས་སོ།། དེའི་ཕྱིར་སེམས་དཔའ་ཆེན་པོ། ཕྱིའི་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་ཡིན། སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི་དག་ནི། ངའི་དེ་བཞིན་གཤེགས་པའི་གཟིགས་མོའི་ཡུལ་ལོ།། ང་ཉིད་ལས་བྱུང་བའི་ཆོས་ཉིད་དོ།། མ་བྱུང་བ་འབྱུང་བར་བྱེད་པའི་ཡུལ་ལོ།། མ་བྱུང་བ་མེད་པར་བྱེད་པའི་དམ་ཚིག་གི ་ཡུལ་ལོ།། སྐུ་གསུམ་ཐུགས་མངོན་པར་སྣང་བ་ཉིད་དོ།། སྐུ་གསུང་ཐུགས་མཐར་མི་ཟད་པའི་མཛོད་དོ།། སྟོན་པ་མཐར་མི་ཟད་པའི་དོན་ཉིད་དོ།། སྐུ་གསུང་ཐུགས་ཀྱི་རོལ་པའི་ཆོ་འཕྲུལ་ཆེན་པོ་ཉིད་དོ།། རྫུ་འཕྲུལ ་ཆེན་པོ་ཉིད་ཀྱི་རང་བཞིན་ནི། ངའི་མཐུ་ལས་བྱུང་བ་ཉིད་དོ།། ངའི་སྟོབས་ལས་བྱུང་བའི་ཆོས་སོ།། ངའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་འདི་དག་ཐམས་ཅད་ནི་ང་ཉིད་ཀྱི་ཡུལ་ལོ།། བཞུགས་གནས་སོ།། གཞལ་ཡས་ཁང་ངོ་།། འདི་དག་ཐམས་ཅད་ནི་ངའི་སྐུའོ།། ངའི་གསུང་ངོ་།། ངའི་ཐུགས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་འདི་དག་ཐམས་ཅད་ནི་སངས་རྒྱས་ཀྱི་རྫོགས་པ་ཆེན་པོ་ཉིད་དོ།། བྱང་ཆུབ་ཆེན་པོར་རྫོགས་པ་ཉིད་དོ།། སངས་རྒྱས་ཀྱི་ཞིང་བདེ་བ་ཆེན་པོ་ཉིད་དོ།། བྱང་ཆུབ་ཀྱི་ས་ཉིད་དོ།། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ།། སྐུ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། གསུང་རྨད་དུ་བྱུང་བ་ཉིད་དོ།། ཐུགས་རྨད་དུ་བྱུང་བ་ཉིད་ཡིན་ནོ།། ཆོས་རྨད་དུ་བྱུང་བ་ཉིད་དོ།། གསང་བ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རོལ་པ ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། མཛད་པ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། རྫུ་འཕྲུལ་རྨད་དུ་བྱུང་བ་ཉིད་ཡིན་ནོ།། བྱང་ཆུབ་སེམས་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་ཀྱི་ས་ཆེན་པོ་ནོན་པ་རྨད་དུ་བྱུང་བ་འདི ་ཉིད་ཡིན་ནོ།། སངས་རྒྱས་ཀྱི་ལྟ་བ་མཐར་ཕྱིན་པ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་སྤྱོད་པ་མཐར་ཕྱིན་པ་ཡང་ཆོས་ཆེན་པོ་རྨད་དུ་བྱུང་འདི་ཉིད་ཡིན་ནོ།། སྟོན་པ་ཕུན་སུམ་ཚོགས་པས་བསྟན་པ་ཡང་རྨད ་དུ་བྱུང་བ་འདི་ཉིད་ཡིན་ནོ།། ཉན་པ་ཕུན་སུམ་ཚོགས་པས་ཉན་པོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་ཡང་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། འདོད་པའི་ཡོན་ཏན་ལྔའི་མཚན་ཉིད་ཀྱང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོ་མཐར་ཐུག་པ་ཉིད་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། སངས ་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་ཆོས་ཉིད་ལ་རོལ་པའི་ཆོ་འཕྲུལ་གྱིས། ཆོས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་འཁོར་ལོ་ཡང་རྨད་དུ་བྱུང་བ་འདི་ཉིད་ཡིན་ནོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ་སྙེད་པ།། དགའ་བ་བཞི་དང་རབ་ཏུ་ལྡན།། བདེ་བ་འཛིན་པ་ཤིན་ཏུ་མཁས།། པདྨ་ཁྭ་ཡི་གདོང་པ་ལ།། བྱང་ཆུབ་སེམས་ནི་ཐིག་ལེར་གནས།། དང་པོར་གནས་པའི་མན་ངག་འདི།། བྱང་ཆུབ་ལམ་དུ ་བདེ་བར་འགྲོ།། དེ་ལྟར་གོམས་ཤིང་རེག་པ་ནི།། བཞི་པའི་དབང་ཉིད་ཡིན་པར་འདོད།། ལམ་བགྲོད་པ་ཡི་རིམ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ལམ་གྱི་དབང ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་དྲག་པོ་སྙིང་གཟེར་གདབ་པའི་ཕྱིར།། ཕུར་པའི་མདའ་ཟམ་ཇི་ལྟར་གདགས། ཞེས་གསོལ་པས། ཀཱི་ལ ་ཡ་དེ་དྲག་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་འབར་བ་ཆེན་པོའི་སྐུ་ཁྲོ་བོ་ཆེན་པོ་རྒྱན་དང་ལྡན་པར་བཞེངས་ནས། བཀའ་སྩལ་པ། བུམ་པའི་ཧཱུཾ་ལས་ཧཱུཾ་བརྒྱུད་དེ།། ཧཱུཾ་ལས་ཧཱུཾ་བརྒྱུད་དེ ་བཞིན་ཧཱུཾ།། སྨག་པོ་གུར་འདྲ་ཡེ་ཤེས་སེམས།། ཀི་ལ་ཡ་ཡི་བཟླས་པ་ལ།། མ་རཱ་ཡ་ཡི་ལས་ཀྱི་སྔགས།། གཅིག་ལ་གཅིག་བརྒྱད་མདའ་ཟམ་གདགས།། ཕར་འཕྲོས་པས་ནི་གཟས་པ་བསྐུལ།། ཚུར་འདུས་བདུན་ཚོ ་གསུམ་ལ་འདུས།། དབང་བསྐུར་བྱིན་རླབས་ལྷག་པར་བཟང་།། དཀར་ནག་མཚམས་སུ་ཐལ་ཕྱུང་སྟེ།། སྐུ་གསུང་ཐུགས་སུ་གཟིམ་མདངས་བསྐྱེད།། བསྙེན་པ་དུས་ཀྱི་དྲག་པོའོ།། བསྙེན་པ་དང་ནི་ཉེ་བསྙེན ་པོ།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ།། དུས་བཞི་དུས་སུ་བཟླས་པ་ནི།། ཇི་བཞིན་པ་ཡི་བཟླས་པ་ཡི།། ཡང་གཅིག་བསྙེན་པ་རབ་ཏུ་བྱ།། མེ་ཏོག་ཚོམ་བུ་རབ་ཏུ་དགྲམ།། སྦམས་པའི་ཕུར་བུ་རབ་ཏུ་དགོད།། ཏིང ་འཛིན་དཀྱིལ་འཁོར་བསྒོམ་པར་བྱ།། རང་བཞིན་དཀྱིལ་འཁོར་སྤྱན་ཡང་དྲངས།། སྤྱན་དྲངས་བཞུགས་དང་མཆོད་པ་དང་།། བསྟོད་ཅིང་གཤེགས་ལ་ཕྲིན་ལས་རྣམས།། བསྙེན་པའི་དུས་ཀྱི་དཀྱིལ་འཁོར ་ལ།། སྔགས་མཁན་གྱིས་ནི་ནན་ཏན་བྱ།། དེ་ནས་བསྙེན་པ་བསྡུ་བྱས་ཏེ།། ཇི་བཞིན་པ་ཡི་སྤྱོད་པ་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། སྲས་མཆོག་གི་འཛབ་ཀྱི་ལེའུ ་སྟེ་བཅུ་བདུན་པའོ།། ། དེ་ནས་ཡང་སྙིང་པོ་ལྷ་སྔགས་ཀྱི་རིམ་པ་ཞུས་པ། ཀྱེ་བཅོམ་ལྡན་འདས། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་པས་བཅོམ་ལྡན་འདས་ཆོ ་འཕྲུལ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཟག་ཏུ། དཀྱིལ་འཁོར་མངོན་པར་སྤྲུལ་པ་འདི་གསུངས་སོ།། ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར། བཛྲ་དྷཱ་ཏུ་དཱི་པ་ཡ་ཏི་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ ་བཛྲ་དྷཱ་ཏུ་ལཱ་སྱེ་ཀི་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱ་ནཱི་ལ་དཎྜ་ཧཱུཾ། བཛྲ་དྷཱ་ཏུ་ཏ་ན་པ་ཏ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། བཛྲ་དྷཱ་ཏུ་ཤྨ་ཤཱ་ན་པ་ཏི་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བཛྲ་དྷ་ཏུ་མུ་སཱ་ལཱི་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་བཛྲ ་ཀྲོ་དྷ་ཧ་ཡ་གྲཱི་ལ་ཏཱ། བཛྲ་དྷཱ་ཏུ་ཙཎྜ་ལིཙྪ་ཌྷཱ་ཏཱཾ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཏཱཾ། བཛྲ་དྷཱ་ཏུ་ཤ་བྱ་ཧརྦྷནྣ་ཧཱ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཐཱ། བཛྲ་དྷཱ་ཏུ་བྷྲྀ་མི་ཏནྣརྠཱནྣ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ ་ཧཱུཾ། བཛྲ་དྷཱ་ཏུ་མ་ར་ཎི་ཙཱ་ཧཱཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། བཛྲ་དྷཱ་ཏུ་ཙུནྡ་ཡ་ཏི་ཧཱུཾ་ཧཱཾ་ཧཱུཾ། ཨཱ~ཾ་ཨ་ཧཱུཾ་ས་མ་ཡ་ཧོ།། ས་མ་ཡ་སྟྭཾ། ར་ཧོ་ཧེ། ར་ག་ཡ་མི། བཛྲ་ཨངྒ་ཤ་ཛཿབཛྲ་པ་ཤ་ཧཱཾ། བཛྲ་སྥོ་ཊ་བ། བཛྲ་གྷརྞེ་ཧོ། པརྦྦ ་ཡོ་གེ་ནི། པྲ་ཝེ་ཤ་ཡ་ཕཊ། ཨོཾ་ཨཱིཾ་ཨཱིཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སྥ་ར་ཎ་ཕཊ། ཛྷ་ཛ། ཛྷ་ཛ། ཛྷ་ཛ། ཛྷ་ཛ། ཛྷ་ཛ། ཛྷ་ཛ། དྷ་ཛ། ཛྷ་ཛ། ཛྷ་ཛ། ཛྷ་ཛ། བཛྲ་སཱུ་ཀ་ར་མུ་ཁ་ཧཱུཾ། བཛྲ་ཨི་ཥུ་ས་མུ་ཁཱི་ཧཱཾ། བཛྲ་བྷ་གྷྲ་མུ་ཁ་ཧཱུཾ། ་བཛྲ་གྲྀ་ཌྷ་མུ་ཁཱི་ཧཱུཾ། བཛྲ་ཙ་མ་ར་ཁ་ཧཱུཾ། བཛྲ་ཀཱ་ཀ་མུ་ཁཱི་ཧཱཾ། བཛྲ་ཧ་རི་ཎ་མུ་ཁ་ཧཱུཾ། བཛྲ་ཨུ་ལཱ་ཀ་མུ་ཁཱི་ཧཱུཾ། བཛྲ་དི་བཱི་མུ་ཁ་ཧཱུཾ། བཛྲ་པྲེ་ཏ་མུ་ཁཱི་ཧཱུཾ། བཛྲ་བི་ཌ་ལ་མུ་ཁ་ཧཱུཾ། བཛྲ་བཀྵ་ཏི་མུ་ཁཱི་དྷྭཾ། བཛྲ་ཤྭ་ན་མུ་ཁ་ཧཱུཾ། ་བཛྲ་པ་ཏཱི་མུ་ཁཱི་ཧཱུཾ། བཛྲ་སིདྷ་མུ་ཁ་ཧཱུཾ། བཛྲ་ཏི་ཏཱི་ལ་མུ་ཁཱི་ཧཱུཾ། བཛྲ་ཏིཀྵ་མུ་ཁ་ཧཱུཾ། བཛྲ་ན་གུ་ལ་མུ་ཁཱི་ཧཱུཾ། བཛྲ་ཏཀྵཱ་མུ་ཁ་ཧཱུཾ། བཛྲ་ཀ་མི་ཀི་མུ་ཁཱི་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཨེ་ཝཾ་མ་ཡ། ་བྷྱོབྷོ་བྷྱོ་བྷྱོ་བྷྱོ། ཛཿཧཱུཾ་བཾ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཨོཾ་ཨཱཿཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨཽ ་སརྦ་ཏ་ཐཱ་ག་ཏ་ག་ར་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཏྲ་བཛྲ་སྭ་བྷཱ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཐཱ་ག་ཏ་ཀརྨ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཛ་ཛཿ། སྥ་ར་ཎ་ཕཊ། ཛཿཧཱུཾ་བཾ་ཧོཿབཛྲ་ཀཱི་ལི་ཀཱི་ལ་ཡ ་སརྦ་བིགྷྣཱཾ་ན་བཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་ཨཱིཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཨཱ་ག་ཙྪ་ཡ་ཨཱ་ག་ཙྪ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། བཛྲ་ཌཱ་ཀྐི་ནཱི་ཧྲི་ད་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ ་བཛྲ་སརྦ་དཥྚཾ་ས་མ་ཡ་མུ་དྲ་པྲ་ཝེ་ཤ་པྲ་བྷཉྩ་ཀྲ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿེ་ཧྱེ་ཧི་བྷ་ག་བཱན་ཛཿཧཱུཾ་བཾ་ཧོཿཽ་ཀི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཨཱིཾ་རུ་ལུ་རུ་ལུ་ཧཱཾ་བྷྱོ་ཧཱུཾ། དྲྀ་ཤྱ་ཧོ། ས་མ་ཡ་ཧཱུཾ། ས་མ་ཡ་སྟཱཾ། ཨེ་ཨ་ར་ལླི། ཧྲིང་ཧྲིང ་ཧྲིང་། སྤྱན་དྲང་བའི་སྔགས་སོ།། དེ་ཉིད་ལས་རྡོ་རྗེ་ཐལ་མོ་བསྣོལ་ཏེ་སྤྱན་དྲང་བར་བྱའོ།། ཛཿཧཱུཾ་བཾ་ཧོཿབཛྲ་ཀཱི་ལི་ཀཱི་ལ་ཡ། དཱིཔྟ་ཙཀྲ་ཨཱ་ཝེ་ཤ་ཨ་ཨ་ཨ། ཞེས་བསྟིམ་པར་བྱའོ།། དེ་ཉིད་ལས་རྡོ་རྗེ་ཐལ་མོ་སྦྱར ་ནས་བཅིངས་ཏེ། ཛཿཧཱུཾ་བཾ་ཧོཿབཛྲ་ཀི་ལི་ཀཱི་ལ་ཡ། དཱིཔྟ་ཙཀྲ་ཀཱ་ཡ་ཝཱཀྐ་ཙིཏྟ་ས་ཡ་ཏིཥྛ་བཛྲ་ལྷན། དེ་ཉིད་ལས་དམ་ཚིག་དབང་གི་ཕྱག་རྒྱ་བཅས་ལ། རྡོ་རྗེ་ཐལ་མོ་བུམ་པ་ལྟར་བྱས་ལ། ས་མ་ཡ་ཨ་བྷི་ཥི་ཥྱ་མཱཾ། ་ཞེས་དབང་བསྐུར་རོ།། ཧཱུཾ་ས་མ་ཡ་ཧཱུཾ། དམ་བཅའ་བའོ།། དེ་ཉིད་རྡོ་རྗེ་ཐལ་མོ་རྒྱབ་ཏུ་སྦྱར་ནས།། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བྱས་ལ། མཛུབ་མོ་གཉིས་མཆེ་བ་ལྟར་བྱས་ལ།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། བཛྲ་ས ་མ་ཡ་དཾཥྛ་ཨ་ཝ་སྟཾ་བྷ་ཀ་ཡ་ཧཱུཾ་ཕཊ། དེ་ཉིད་ལས་རྡོ་རྗེ་ཐལ་མོ་སོ་སོར་བསྣོལ་ཏེ། ཨོཾ་བཛྲ་ཨངྐུ་ཤ་དྲྀ་ཤ་ས་མ་ཡ་སྟྭཾ། བཛྲ་ཨ་གུ་ཧྱ། ས་མ་ཡ་ཕཊ། གདན་ལ་བོར་བའོ།། དེ་ཉིད་ལས་རྡོ་རྗེ་ཐལ་མོ ་གཤོག་པ་ལྟར་བྱས་ལ།། ཛཿཧཱུཾ་བཾ་ཧོཿ། བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། དིཔྟ་ཙཀྲ་བན་དྷ་ཡ་བན་དྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། བི་དྷཱ་ན་ས་ཡ་བི་ན་ས་ཡ། ཨེ་ཧྱེ་ཧི་བྷ་ག་ཝཱན་བུདྡྷ་ཀྵེ་ཏྲི་སྟཾ་བྷ་ཀ་ཡ་ཧཱུཾ་ཕཊ། ་ཞེས་གཟིར་བར་བྱའོ།། དེ་ཉིད་ལས་རྡོ་རྗེ་ཐལ་མོ་སྙིང་གར་བཞག་ལ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཨོཾ་བཛྲ་ཨ་མུ་ཀ་ཤྭ་ར་ཡ་ན་མཿ། ཨོཾ་བཛྲ་ཤྲཱི་རཱ་ག་ས་མ་ཡཱ་ཡ་ན་མཿོཾ་ཤྲཱི་བཛྲ་ཁ་ཊྭཱཾ་ག་པྲ་ཛ་ལ་ཡཱ་ཡ་ན ་མཿོཾ་བཛྲ་གྷརྠེ་པྲ་ཙ་ལ་ཡཱ་ཡ་ན་མཿ་ཏི་པུ་ཧོ། པྲ་ཏིཙྪ་ཧོ། ཏ་ཐཱ་ག་ཏ་བནྡ་ནཾ་ཀ་རོ་ཡཱ་མི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། སྙིང་པོ་སྔགས་ཀྱི་ལེའུ་སྟེ་བཅོ་བརྒྱད ་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་གང་ཟག་བསམ་པའི་དབང་གིས་ན། ཐེབས་དང་བཟློག་པའི་མཚན་ཉིད་གང་།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ཅེས་གསོལ ་པས། བཅོམ་ལྡན་འདས་ཀྱིས་གདེང་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་བཀའ་སྩལ་པ།། མ་རུངས་པ་ལ་ཕུར་པ་གདབ་པ་དང་།། ཐོད་པ་ལ་སོགས་གནན་པ་དང་།། ཟོར་ཁ་འཕང ་བའི་དུས་ངས་བཤད་པར་བྱའོ།། དེ་བཞིན་དུ་ཟླ་བ་བཅུ་གཉིས་ལོ་གཅིག་ལ་དབང་ཕྱུག་ཆེན་པོ་སྐྱེད་གདོང་ནག་པོ་དང་ལྷ་མོ་ཨུ་མ་དྷེ་ཝེ་གཉིས་ཟླ་བ་དེ་ཡི་བཅུ་གཉིས་ལ་སྐྱེ་འགྲོ་སྲང་ལ་འདེབས་ཤིང་ཉུལ་བའི་དུས།། ་བྱས་ན་དྲག་པོའི་ལས་རྣམས་ཐེབས་པའི་དུས། དེ་ཡང་དཔྱིད་ཟླ་ར་བའི་ཚེས་བཅུ་གཉིས་ལ། འཁོར་བརྟན་མ་རྣམས་དང་བཅས་ནས་ཉུལ་ཏེ། དུས་དེར་དྲག་པོའི་ལས་གང་བྱས་ཀྱང་ཐེབས་སོ།། དེ་བཞིན་དུ་འབྲིང ་པོའི་བཅུ་དྲུག་ལ། འཁོར་བདུད་བཞི་དང་བཅས་པས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་ཐ་ཆུང་གི་ཉི་ཤུ་གཉིས་ལ། འཁོར་མ་བདུད་དང་བཅས་པས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་དབྱར་ཟླ་ར་བའི་ཚེས་བརྒྱད ་ལ། འཁོར་གཟའ་ཆེན་པོ་དང་བཅས་ནས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་འབྲིང་པོའི་ཚེས་བཅོ་ལྔ་ལ། འཁོར་ཀླུ་བདུད་དང་བཅས་ནས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་ཐ་ཆུང་ལ་ཡབ་ཡུམ་དང་མ་མོ་ཐམས ་ཅད་ལྟད་མོ་ལ་ཡེངས་པས་ལས་མི་བྱའོ།། དེ་བཞིན་དུ་སྟོན་ཟླ་ར་བའི་ཉི་ཤུ་གསུམ་ལ་འཁོར་མ་མོ་ཡོངས་དང་བཅས་པས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་འབྲིང་པོའི་ཚེས་བཅུ་བདུན་ནས་གནམ་སྟོང་གི་བར་དུ།། ་འཁོར་རྒྱུ་སྐར་དང་བཅས་པས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་ཐ་ཆུང་གི་ཚེས་བརྒྱད་ནས་སྟོང་བར་དུ། འཁོར་ལྷ་ཆེན་པོ་བརྒྱད་ཀྱིས་བྱས་ནས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་དགུན་ཟླ་ར་བའི་ཚེས་བཅུ ་གསུམ་ནས་བཅུ་དྲུག་གི་བར་དུ། འཁོར་གནོན་སྦྱིན་དང་བཅས་ནས་ཉུལ་བས་ཐེབས་སོ།། དེ་བཞིན་དུ་འབྲིང་པོའི་ཉི་ཤུ་གཉིས་ནས་སྟོང་གི་བར་དུ། འཁོར་གཤིན་རྗེ་དང་བཅས་ནས་ཉུལ་བས་ཐེབས ་སོ།། དེ་བཞིན་དུ་ཐ་ཆུང་གི་ཉི་ཤུ་གཉིས་ལ་ལྷ་སྲིན་ཡོངས་སུ་ཁ་ལོ་བསྒྱུར་ནས། སེམས་ཅན་སྲང་ལ་འདེབས་ཤིང་། རྩིས་ཀྱང་འདེབས། སྲོག་སྡུད་པས་ཐེབས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། ་འཇིག་རྟེན་སྣང་བྱེད་ལས། དྲག་པོའི་ལས་ཐེབས་པའི་དུས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་དྲག་ལས་ཀྱི་བཟློག་པ་ནི།། དུས་ཚོད ་གང་དང་གང་ལ་ཟེར། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཞེས་གསོལ་པས། དགྲ་འདུལ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ། རྣལ་འབྱོར་པ་ཡི་དྲག་པོའི་ལས་རྣམས་ནི།། རང ་ལ་ལྡོགས་པ་བདག་གིས་བཤད།། དྲག་པོའི་ལས་ནི་ཅི་བྱེད་ཀྱང་།། ཕྱིར་ལྡོག་པ་ཡི་དུས་ཚོད་ནི།། དཔྱིད་ཟླ་ར་བའི་ཚེས་བཅུ་བདུན་དང་བཅུ་དགུ་ལ་བྱས་ན་ལྡོག། དེ་བཞིན་དུ་འབྲིང་པོའི་ཚེས་དང་བརྒྱད་ལ ་ལྡོག། ཐ་ཆུང་གི་གནམ་སྟོང་ལ་ལྡོག། དེ་བཞིན་དུ་དབྱར་ར་བའི་ཚེས་གཉིས་དང་ལྔ་ལ་ལྡོག། དེ་བཞིན་དུ་འབྲིང་པོའི་ཚེས་བདུན་ལ་ལྡོག། ཐ་ཆུང་གི་ཚེས་བཅུ་གཅིག་ལ་ལྡོག། དེ་བཞིན་དུ་སྟོན་ཟླ་ར་བའི་ཉི་ཤུ་ལྔ ་ལ་ལྡོག། དེ་བཞིན་དུ་འབྲིང་པོའི་ཚེས་གསུམ་ལ་ལྡོག། ཐ་ཆུང་གི་ཚེས་གཉིས་ལ་ལྡོག། དེ་བཞིན་དུ་དགུན་ཟླ་ར་བའི་ཚེས་བརྒྱད་ལ་ལྡོག། དེ་བཞིན་དུ་འབྲིང་པོའི་ཉི་ཤུ་དགུ་ལྡོག། དེ་བཞིན་དུ་ཐ་ཆུང་གི་ཉི་ཤུ་བདུན ་ལ་ལྡོག་དེ་ནི་ལྡོག་པའི་སྡེ་པ་སྟེ། སྔགས་མཁན་གྱི་རྟོག་པ་བསལ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ཐེབས་ལྡོག་པའི་ལེའུ་སྟེ་ཉི་ཤུ ་པའོ།། ། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་གསོལ་པ། ཀཱི་ལ་ཡ་ཡི་སྐུ་གདུང་མཆོག། དེ་རིང་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀོན་མཆོག་བསྟན་པ ་བཤིག་པ་དང་།། ཚེ་སྲོག་བར་དུ་གཅོད་པ་དང་།། བཀྲག་དང་གཟི་མདངས་ཕྲོག་པ་དང་།། བར་ཆད་བྱེད་པའི་དགྲ་བགེགས་རྣམས།། གྲོ་ག་ལ་ནི་མིང་བྲིས་ལ།། གུར་གུམ་བཟང་པོ་དམེ་ཁྲག་གམ།། ནན་ཏན་ཉིད ་དུ་བྱས་པ་དེ།། དུར་ཁྲོད་སའམ་ཕུང་ཤུལ་ས།། བཀྲ་མ་ཤིས་པའི་ས་ལ་ནི།། དང་པོར་བརྐོ་བའི་ལས་རྣམས་བྱ།། རཀྟ་བདུད་རྩིས་སྦྱངས་པ་ཡིས།། འཇིམ་པ་འབི་འབི་བྱས་པའི་ནང་།། མིང་དང་གཟུགས་དེ་རབ་ཏུ ་བཞུག། ཀཱི་ལ་ཡ་ཡིས་མགོ་དྲངས་ལ།། ཨ་ཀོ་ཊ་ཡས་ཤམ་བུ་བྱས།། མཱ་ར་ཡ་ནི་དབུས་སུ་བཞུག། སྙིང་པོ་རྡོ་རྗེ་གཞོན་དུ་སྟེ།། གློ་འབུར་བཅུ་ནི་ཁྲོ་བོ་བཅུ།། དེ་བཞིན་ཕྲ་མན་ཕྲ་ཐབས་དང་།། སྤྲུལ་པ་རྣམས་ནི་བར ་བར་དུ།། གནས་དང་ཡུལ་གྱིས་མ་མོ་དང་།། ཤ་ན་དང་ནི་རེ་མ་ཏི།། དེ་བཞིན་ས་བདག་བཞི་པོ་ཡང་།། ཕྱི་ཡི་པདྨའི་སྣ་ལ་བཞག། གདན་གྱི་པདྨའི་འཇུག་དག་ལ།། དབང་ཕྱུག་མ་ནི་ཡང་དག ་བཞག། བགེགས་རྣམས་གནན་པར་བྱ་བའི་ཕྱིར།། མཆེད་རྟེན་སྔོན་པོ་ནག་པོ་ཡིས།། བགེགས་ཀྱི་ལིངྒ་གནན་པར་བྱ།། བྱེ་བ་བདུན་འབུམ་གྲངས་སྙེད་ཀྱི།། མཆོད་རྟེན་ལ་ནི་ལྷར་བྱས་ལ།། བགེགས་ནི་བསྐལ ་པར་མི་ཐར་ཞེས།། ང་ཡིས་སྨྲས་པ་ཡོངས་སུ་བསྒྲག། གལ་ཏེ་རླུང་ལ་འདེབས་བྱེད་ན།། བི་ཙི་རམྦ་ཡང་དག་མངག། གལ་ཏེ་ཆུ་ལ་འདེབས་བྱེད་ན།། ཆུ་སྨན་འདེབས་བྱེད་རབ་ཏུ་མངག། གལ་ཏེ་མེ་ལ་འདེབས ་བྱེད་ན།། གཙུག་ཕུད་ལྔ་པ་ཡང་དག་མངག། དེ་རྣམས་ཀུན་གྱི་སྙིང་པོ་ནི།། བར་བར་མ་ནོར་དེ་བཞིན་གཞུག། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ། ཏྲི་ཆེ་གེ་མོ་མཱ་ར་ཡ་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། བསྙེན་པ ་དུན་འབུམ་སྔོན་དུ་བྱ།། སྔགས་མཁན་རྒྱལ་པོས་ཡང་དག་ནི།། དྲག་པོ་བགེགས་ཀྱི་ལས་སུ་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ལས ་གཅིག་རྡུང་གི་མན་ངག་མཆོག་གི་ཐབས་ཆེན་པོ། ཚ་ཚ་མཆོད་རྟེན་གྱི་རིམ་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་གསང་བའི་ལམ་གྱི་སྦྱོར་བ་ཞུས་པ། ཀྱེ ་བཅོམ་ལྡན་འདས་ཤིན་ཏུ་གསང་བའི་ལམ་འདི་བཤད་དུ་གསོལ། ཞེས་པས་ཤིན་ཏུ་གསང་བའི་ཏིང་ངེ་འཛིན་ལ་སེམས་པར་བཞུགས་ཏེ། ཤིན་ཏུ་གསང་བའི་དོན་འདི་ལྟ་བུ་གསུངས་སོ།། ཚོགས་ཀྱི་ལམ་དང་སྦྱོར ་བཔབའི་ལམ།། མཐོང་བའི་ལམ་དང་བསྒོམ་པའི་ལམ།། བར་ཆད་མེད་པ་གང་ཡིན་པས།། བསྐྱེད་པ་དང་ནི་རྫོགས་པར་འབྲེལ།། ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་དུ།། སངས་རྒྱས་དཀྱིལ་འཁོར་མ་ནོར ་བསྐྱེད།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི།། བདག་གི་དེ་ཉིད་ཁོ་ན་སྟེ།། བྱིན་བརླབ་དབང་བསྐུར་བྱ་བ་ནི།། འཁོར་ལོ་བཞི་དང་སྡོམ་པ་བཞི།། རང་ཉིད་བྱིན་གྱིས་བརླབས་བྱས་ན།། ཐབས་དང་ཤེས་རབ་ལྡན ་པ་ཡིས།། སྔགས་མཁན་མཁས་པ་གང་ཡིན་པ།། གྱེན་དུ་རྒྱུ་དང་ཐུར་དུ་རྒྱུ། རྣམ་པ་བཅུ་པོ་གཉིས་སུ་འགྱུར།། སྲོག་དང་རྩོལ་བ་ལས་བྱུང་བ།། རིམ་པ་རླུང་གི་དེ་ཁོ་ན།། སྔགས་ལ་དམིགས་པ་ཞེས་བྱ་བ།། སྔགས ་ཀྱི་དེ་ཉིད་ཁོ་ནའོ།། དེ་ནས་བདག་གི་དེ་ཁོ་ཉིད།། ནམ་མཁའ་ཁམས་ཀྱི་དབུས་སུ་ནི།། སངས་རྒྱས་གཞལ་ཡས་རྫོགས་རྗེས་ལ།། ཐབས་དང་ཤེས་རབ་དཀྱིལ་འཁོར་བསམ།། དེ་ཡི་དབུས་སུ་རྒྱལ་བ་རྣམས།། ཆོ ་ག་གཉིས་ཀྱིས་རྫོགས་བྱས་ལ།། ཕྱག་རྒྱ་བཞི་ཡི་རྒྱ་ཡིས་གདབ།། སྙིང་གར་ཡེ་ཤེས་སེམས་དཔའ་གནས།། རང་གི་གཙོ་བོས་དབུ་ལ་བརྒྱན།། སེམས་དཔའ་གསུམ་གྱི་སྦྱོར་བ་ཡིས། ཐབས་དང་ཤེས་རབ་འབྲེལ་པ ་སྟེ།། ཡན་ལག་བཞི་དང་རབ་ཏུ་འབྲེལ།། དེ་དང་དཀྱིལ་འཁོར་བཞི་རུ་འབྲེལ།། དཀྱིལ་འཁོར་བཞི་ནི་བརྟན་པར་བྱ།། བདག་གི་བསམ་པ་རྫོགས་པ་དང་།། རླུང་གི་བསམ་པ་ཡང་དག་བྱ།། རླུང ་བཅིང་བྱ་བ་མ་གཏོགས་པར།། བསམ་གཏན་བྱ་བ་ཡོད་མ་ཡིན།། དེ་ལྟར་རང་ཉིད་བྱིན་བརླབས་པས།། སྦྱོར་བའི་ཆོ་ག་ལས་བྱུང་བའི།། འཁོར་ལོ་བཞི་རྣམས་རབ་ཏུ་དམིགས།། ཆོས་དང་ལོངས་སྤྱོད་སྤྲུལ་པ ་རྣམས།། བདེ་བ་ཆེན་པོའི་འཁོར་ལོའོ།། པདྨ་འདབ་མ་ལས་བྱུང་བའི།། ས་བོན་ཡི་གེ་རྣམས་ཀྱིས་མཚན།། སུམ་བཅུ་རྩ་གཉིས་མཚན་འཆང་ལ།། ཁྲོ་བདག་འཇིགས་པའི་ཡི་གེ་དང་།། དང་པོའི་ཡི་གེ་ཧཾ་གིས ་མཚན།། དེ་ཉིད་འགོག་པ་བདེ་བའི་ལམ།། དེ་ནི་བདེ་བ་ཆེན་པོའི་སྐུ།། དེ་ཉིད་སྨིན་པར་བྱེད་པ་ཡི།། དང་པོ་བུམ་པའི་དབང་དུ་གསུངས།། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ།། དབང་མཆོག་དེ་ལ་གནས ་འོ། འབྲས་བུ་ལམ་གྱི་ཚུལ་འཆང་ན།། ངག་ནི་ཚངས་པའི་གསུངས་དབྱངས་མཚུངས།། ལྟེ་བ་ལ་ནི་ཡི་གེ་ཧྲིཿ།། དེ་ཉིད་ལམ་དུ་གསུངས་པས་ན།། ལོངས་སྤྱོད་རྫོགས་པ་ལོངས་སྤྱོད་སྐུ།། མཐོང་བའི་ལམ་དང ་བསྒོམ་པའི་ལམ།། གསང་བའི་དབང་དུ་ཡང་དག་འགྲོ།། བདེན་པ་བཞི་ཡི་རང་བཞིན་ཅན།། ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པས།། ལྟེ་བ་ལ་ནི་ཡི་གེ་ཧཱུཾ།། ཐབས་དང་ཤེས་རབ་མཐའ་དག་ཏུ།། དེ་བཞིན་རྣམ་པ་ཀུན ་འབྱུང་བས།། ཆོས་ཀྱི་སྐུ་ཡི་བདག་ཉིད་པས།། ཤེས་རབ་ཡེ་ཤེས་གང་ཡིན་པས།། བར་ཆད་མེད་པའི་ལམ་དུ་འགྲོ།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། ཐུན་མོང་མཚན་དང་རྣམ་ལྡན་པ།། རྣམ་པ་གཉིས་སུ ་འགྱུར་བས་ན།། ཕྱོགས་མཚམས་དག་ནི་རིགས་རྣམས་ཀྱང་།། ས་བོན་གཉིས་ཀྱི་མཚན་མ་སྟེ། ལྟེ་བ་ལ་ནི་ཡི་གེ་ཨོཾ།། སྡུག་བསྔལ་བདག་ཉིད་ལྡན་པས་ན།། སྤྲུལ་པ་དོན་མཛད་གང་ཡིན་པ།། འཁོར་ལོ་ཚོགས་ཆེན ་བཞི་པའི་དབང་།། མྱ་ངན་མི་འདའ་ཐུགས་རྗེ་ཡིས།། སྐུ་གསུམ་ལྷུན་གྱིས་གྲུབ་པའོ།། རྩ་ནི་ཆུ་ཡི་ཁམས་ཡིན་ཏེ།། བྱང་ཆུབ་སེམས་ཀྱིས་གང་བར་གནས།། དེ་སྙེད་རྣམ་པ་ཇི་སྙེད་པའང་།། སུམ་བརྒྱ་དྲུག་ཅུ་ཡང ་དག་གནས།། བྱང་ཆུབ་སེམས་ནི་སྤྲིན་གྱི་ཁམས།། ཐབས་ཀྱི་ཆོ་གས་ཀུན་ཏུ་རྒྱུག། རང་བྱུང་ཡེ་ཤེས་བྲག་ཡིན་ཏེ།། ཀུན་འདར་ཁ་ཕྱེ་འོད་གསལ་མཐོང་།། ཕྲ་མོའི་ཐིག་ལེ་ནཱ་ད་དང་།། འོད་ནི་སངས་རྒྱས་ཐམས ་ཅད་ཀྱིས།། བྱང་ཆུབ་ཆེན་པོ་བླ་ན་མེད།། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས།། སྔགས་ལ་དམིགས་པ་ཐོབ་པར་འགྱུར།། སྔགས་ལ་དམིགས་པའི་སྦྱོར་བ་ཡིས།། སྟོང་ཉིད་ཡེ་ཤེས་མཐོང་བར་བྱེད།། སྔགས་ལ ་དམིགས་པའི་རང་བཞིན་གྱིས།། ཐབས་ཀྱི་བྱེ་བྲག་མང་པོ་ནི།། བསམ་གྱིས་མི་ཁྱབ་མན་ངག་སྟེ།། མེ་དང་རླུང་གི་སྦྱོར་བ་ཡིས།། དང་པོ་དགའ་བ་བསྐྱེད་པར་བྱེད།། གཉིས་པ་དགའ་བའི་དགའ་བ་བསྐྱེད།། གསུམ ་པ་ཤིན་ཏུ་དགའ་བ་བསྐྱེད།། བཞི་པ་མཆོག་ཏུ་དགའ་བ་བསྐྱེད།། སྦྱོར་བའི་མཚམས་སུ་ཕཊ་ཀྱིས་འཕངས།། པདྨ་ཟླ་བ་ཁ་སྦྱར་བ།། དེ་ཡི་ཚངས་པའི་བྲ་ག་ནས།། འོད་ཟེར་འཕྲོ་འདྲའི་སྦྱོར་བ ་ཡིས།། དབུགས་ནི་ཐིག་ལེ་ཉིད་དུ་གཞག། སྔགས་ལ་དམིགས་པའི་བྱང་ཆུབ་འགྲུབ།། གསང་བའི་གནས་སུ་ཞུ་བར་བྱེད།། འོད་ཟེར་ཐབས་ཀྱི་བྱིན་རླབས་ཀྱིས།། བྱང་ཆུབ་སེམས་ནི་རབ་ཞུ་བས།། མི་རྟོག་ཡེ་ཤེས ་སྐྱེ་བར་བྱེད།། ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས།། དང་པོ་སྔགས་ཀྱི་དྲོད་ཚད་ནི།། འདར་བ་དང་ནི་སྤུག་དང་འཕར།། བར་སྣང་དག་ལ་ཕུར་བར་བྱེད།། དེ་ཉིད་ཐབས་ཀྱི་མན་ངག་ནི།། བྱིང་རྒོད་སྦུབས་ནི་རབ་ཞི ་ནས། ཁམས་ཀྱི་ཟས་དང་རྣམ་བྲལ་ནས།། དལ་བར་རྒྱུ་བ་འབྱུང་བར་བྱེད།། དེ་ནས་གཟུགས་ཀྱི་མཐོང་བའི་ཆོས།། སྨིག་རྒྱུ་ལྟ་བུའི་རྣམ་པ་དང་།། དུ་བ་ལྟ་བུའི་རྣམ་པ་དང་།། སྲིན་བུ་མེ་ཁྱེར་འདྲ་བ་དང་།། མར ་མེའི་ཚུལ་དང་ནམ་མཁའ་བཞིན།། འོད་གསལ་ཟུང་འཇུག་བདེ་བ་ཆེ།། ཡེ་ཤེས་བདེ་བ་དེ་ཉིད་ལས།། ཟླ་བ་དྲུག་དང་བཅུ་གཉིས་དང་།། བཅོ་བརྒྱད་བཅུ་དྲུག་སུམ་ཅུ་གཉིས།། དེ་བཞིན་སྐྱེ་བ་གཅིག་གིས ་འགྲུབ།། གལ་ཏེ་དེས་ཀྱང་མ་འགྲུབ་ན།། སྣོན་པའི་ཚུལ་གྱིས་བསྒྲུབ་པར་བྱ།། འཕགས་པའི་ཐུགས་རྗེ་མ་བྱུང་ཡང་།། རང་རིག་ཡེ་ཤེས་བློ་ལྡན་ན།། མི་ཚེ་གཅིག་གིས་འགྲུབ་པར་ངེས།། འདི་ནི་རྒྱལ་བ་ཐམས་ཅད ་ཀྱིས།། རྣམ་པར་གྲོལ་བའི་ལམ་དུ་གྲགས།། ལམ་མཆོག་རྒྱལ་བ་མངོན་པ་འདི།། ཉན་དང་འཆད་དང་ཀློག་པ་དང་།། དེ་བཞིན་ཡི་གེ་འབྲི་མཆོད་དང་། ཁ་ཏོན་སྦྱིན་པ་བསྒོམ་པ་རྣམས།། རྣལ་འབྱོར་རབ་ཀྱི་སྐལ་བ ་སྟེ།། ངན་སོང་གསུམ་ལས་རྣམ་པར་ཐར།། རྒྱུ་མཐུན་འབྲས་བུ་དེར་བཞག་ནས།། སྐྱེ་བས་མཐོང་བའི་གང་ཟག་ལ།། སྲིད་པ་ཐ་མ་སྐྱེ་བར་འགྱུར།། གང་གིས་འདི་ལ་མཉམ་གཞག་ན།། ས་རྣམས་ཀྱི་ནི་མིང་ཡང ་མེད།། རྣམ་པར་ཤེས་པ་ཡེ་ཤེས་མཆོག། ཟབ་མོའི་དོན་རྣམས་མཐོང་གྱུར་ཏེ།། སྐུ་གསུམ་བདེ་བ་མངོན་བྱང་ཆུབ།། མྱ་ངན་མི་འདའ་མི་བཀྲི་དྲང་།། འདི་ལས་གཤེགས་པའི་གནས་མེད་དོ།། དུས་གསུམ་རྒྱལ ་བ་ཐམས་ཅད་ཀྱང་།། ཆོས་ཀྱི་སྐུ་ལས་ཡོངས་མི་འདའ།། ཆོས་སྐུའི་ཡོན་ཏན་ཆེན་པོ་ནི།། གང་ཞིག་རྒྱལ་བའི་ཞིང་གི་ཁྱོན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག ་རྟེན་སྣང་བྱེད་ལས།། ལམ་གསང་བའི་མན་ངག་གི་དངོས་གྲུབ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། འཇིག་རྟེན་དག་གི་མི་རྣམས ་ཀྱིས།། སངས་རྒྱས་གཟུགས་ནི་མཐོང་མི་འགྱུར།། དེ་བཞིན་ཉིད་ལ་སོགས་པ་ཡང་།། བལྟས་ནས་མཐོང་བ་མ་ཡིན་ཏེ།། སོ་སོའི་ལས་ཀྱིས་དེ་ལྟར་མཐོང་།། གལ་ཏེ་ཇི་སྙེད་མཐོང་ན་ནི།། དེ་ཉིད་རྒྱལ་བ་དམ ་པའོ།། ང་ཡང་སུས་ཀྱང་མ་མཐོང་སྟེ།། ང་མཐོང་ཟེར་བ་སུ་ཡིས་མཐོང་།། དེ་ཡིས་པ་ནི་མཐོང་མི་འགྱུར།། རང་རིག་ཡེ་ཤེས་བྱ་བ་ནི།། སེམས་ཅན་ཀུན་ལ་མཉམ་པར་གནས།། དེ་ཉིད་མཐོང་ན ་མཐོང་བ་ཡིན།། མིས་ཀྱང་མི་ལ་མཐོང་བ་མེད།། དེ་བཞིན་ལྷ་ལ་སོགས་པས་ཀྱང་།། སངས་རྒྱས་གང་ཡང་མཐོང་བ་མེད།། སྟོང་པ་ཉིད་ཀྱི་དོན་རྟོགས་ན།། སངས་རྒྱས་སངས་རྒྱས་མཐོང་བ་ཡིན།། སེམས་ལ ་སེམས་ཀྱིས་བལྟས་པས་ན།། མཐོང་བ་མེད་ན་མཐོང་བའི་མཆོག། དེ་ཡི་བསྒོམ་པ་བསྒོམ་པ་མིན།། བསྒོམ་དུ་མེད་ན་སྒོམ་པའི་མཆོག། དེ་བཞིན་བརྗོད་དུ་ཡོད་མ་ཡིན།། བརྗོད་དུ་མེད་ན་བརྗོད་པའི་མཆོག། དེ ་བཞིན་བལྟ་རུ་ཡོད་མ་ཡིན།། བལྟ་རུ་མེད་ན་ལྟ་བའི་མཆོག། དེ་བཞིན་བསམ་དུ་ཡོད་མ་ཡིན།། བསམ་དུ་མེད་ན་བསམ་པའི་མཆོག། སངས་རྒྱས་སངས་རྒྱས་ཞེས་བྱ་བ།། མཚན་དང་དཔེ་བྱད་མེད་པ་ཡིན།། ངག ་ང་གསུང་དབྱངས་མེད་པ་ཡིན།། ཚིག་དང་ཐ་སྙད་མེད་པ་ཡིན།། སེམས་དང་དྲན་རྟོག་མེད་པ་ཡིན།། ཐུགས་དང་བསམ་དུ་མེད་པ་ཡིན།། ལས་དང་དཀྱིལ་འཁོར་མེད་པ་ཡིན།། འཁོར་བ་མྱ་ངན་འདས་པ ་མེད།། ཟུང་དང་ཟུང་དུ་འཇུག་པ་མེད།། དོན་དམ་ཀུན་རྫོབ་བྱ་བ་མེད།། ཐབས་དང་ཤེས་རབ་བྱ་བ་མེད།། སྐྱེས་པ་བུད་མེད་བྱ་བ་མེད།། ཉིན་མོ་མཚན་མོ་བྱ་བ་མེད།། དེ་ལྟར་ཐམས་ཅད་མེད་མཐོང་ན།། སངས ་རྒྱས་བྱ་བ་སངས་རྒྱས་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས་ཟག་པ་མེད་པ་སངས་རྒྱས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་བདག་ཅག་ཡོངས་ལ། བདག་དང་གཞན་ལ་སྤོབས་པ་བསྐྱེད་དུ་གསོལ། དགའ་བ་བསྐྱེད་དུ་གསོལ། བཀའ་སྩལ་པ། ་སེམས་ཅན་རྣམས་ལ་ཕན་པའི་དོན་ངས་བཤད་པར་བྱའོ།། ཁྱེད་ཅག་དག་དགའ་བ་བསྐྱེད་པར་གྱིས་ཤིག། སྔགས་མཁན་དགའ་བ་སྐྱེད་པའི་ཕྱིར། ཁྱད་པར་གྱི་དམ་ཚིག་དང་། ཁྱད་པར་གྱི་ལྟ་བ་དང་། ཁྱད་པར ་གྱི་སྤྱོད་པ་དང་། ཁྱད་པར་གྱི་ཏིང་ངེ་འཛིན་བསྟན་པར་བྱའོ།། ཁྱད་པར་གྱི་དམ་ཚིག་བསྟན་པ་ནི། སློབ་དཔོན་སྨད་པར་མི་བྱ་སྟེ།། ངན་སོང་གསུམ་ལས་ཐར་མི་འགྱུར། ཁྱད་པར་ལྟ་བ་བསྟན་པ་ནི།། ཅི་ཡང་མེད ་པའི་སེམས་ཉིད་ལ།། བཅོས་སུ་ཡོད་པར་ངས་མ་བསྟན། ཁྱད་པར་སྤྱོད་པ་བསྟན་པ་ནི།། རིག་མ་དག་ལ་སྤྱོད་པ་སྟེ།། བཟའ་བའི་ཟས་ལ་སྔགས་ལ་བཟླས་ལ།། དམ་ཚིག་ཅན་རྣམས་སྤྱན་དྲངས་ཏེ།། གདུག་པ ་རྣམ་གཉིས་ཚོགས་ལ་བསྟིམ། ཁྱད་པར་ཏིང་འཛིན་བསྟན་པ་ནི།། སྤྱི་བོ་ཧཾ་ལ་མགྲིན་པར་ཧྲཱིཿ། སྙིང་གར་ཧཱུཾ་ལ་ལྟེ་བར་ཨོཾ།། ཡི་གེ་གང་ཡིན་ཡན་ལག་ལ།། ཐབས་ཀྱི་སྦྱོར་བས་འོད་དུ་ཞུ།། དེ་ཉིད་ཡོངས་སུ་ཁྱབ་པ ་ལས།། ཉལ་བ་རྒྱུན་གྱི་ཏིང་འཛིན་ནི།། དྲུག་པོ་བཀག་ནས་ཉལ་བའི་ཚེ།། འོད་གསལ་མཐོང་བར་ང་ཡིས་བཤད།། སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་།། ཡན་ལག་ཉི་ཤུ་རྩ་བརྒྱད་ཉིད།། དམ ་ཚིག་ཀུན་གྱི་གཞི་དང་རྩ།། སྤྱོད་པ་སྡོམ་རྩོལ་སྤྱད་ཀྱང་།། ལྟ་བ་མ་ཉམས་དམ་ཚིག་ཡིན།། མོ་རྣམས་ཀུན་ལ་སྨད་མི་བྱ།། གདོལ་པ་མོ་ཡང་དང་དུ་བླང་། ཁྱད་པར་རིགས་ཅན་གཅེས་པར་གཟུང་།། དེ་ཡང་དམ་ཚིག ་རྩ་བ་ཡིན།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། དེ་ཡང་དམ་ཚིག་རྩ་བ་ཡིན།། ཏན་གཎ་སྤྱོད་པ་རྒྱུན་དུ་སྤྱོད།། དེ་ཡང་དམ་ཚིག་རྩ་བ་ཡིན།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། མདོའི་དམ་ཚིག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་ཡང་འདུས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།། དམར ་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། བསྐལ་པའི་མེ་ལྟར་འབར་བའི་སྐུར་བསྟན་པ།། ཤིན་ཏུ་མི་བཟད་དཔལ་ཆེན་རྡོ་རྗེའི་སྐུ།། ཞེ་སྡང་ཐུགས་མཆོག་ཡཀྵ་ཧེ་རུ་ཀ། ཡེ་ཤེས་སྐུ་མཆོག་རིག་འཛིན་འཁོར ་གྱིས་བརྒྱན།། དམིགས་མེད་ཐུགས་ནི་དོན་དམ་དབྱིངས་ན་གསལ།། གསུང་གི་ང་རོ་སྟོང་གསུམ་གང་བར་སྒྲོགས།། སྤྲུལ་པའི་བྱིན་རླབས་ཁྲོ་བཅུ་དབྱིངས་ནས་འགྱེད།། སྐུ་མདོག་མཐིང་ནག་འཇིགས་པའི་རྒྱན ་གྱིས་བརྒྱན།། གཡས་ཀྱི་ཞལ་མདོག་ལྗང་ནག་བསྟན་པ་ནི།། ཕྲིན་ལས་བཅོལ་བ་ཐམས་ཅད་འགྲུབ་པའི་རྟགས།། གཡོན་གྱི་ཞལ་མདོག་དམར་ནག་བསྟན་པ་ནི།། དབང་དྲག་རྣམ་གཉིས་དུས་གཅིག་རྫོགས་པའི ་རྟགས།། སྐྱེ་ཤི་རྩད་ནས་གཅོད་པའི་མཆེ་གཙིགས་ཤིང་།། བདུད་དགྲ་ཉེས་བྱེད་ཐལ་བའི་རྡུལ་དུ་རློག། རྡོ་རྗེ་རྩེ་དགུ་ཕྱག་ན་བསྣམས་པ་ནི།། ས་དགུ་འཇོམས་ཤིང་ཡེ་ཤེས་དགུ་དང་སྦྱོར།། རྡོ་རྗེ་རྩེ་ལྔ་བར་ན ་བསྣམས་པ་ནི།། རྒྱུད་ལྔ་སྦྱང་ཞིང་སྐུ་ལྔར་འདྲེན་པར་མཛད།། རྡོ་རྗེ་ཡེ་ཤེས་མེ་དཔུང་བསྣམས་པ་ནི། ཁམས་གསུམ་འཁོར་བའི་བགས་ཆགས་སྲེག་པར་མཛད།། རྡོ་རྗེ་ཁ་ཊྭཱཾ་ཞིང་ཆེན་བཟུང་བ་ནི།། བདུད ་བཞི་ཐལ་བར་རློག་ཅིང་དབང་དུ་སྡུད།། རྡོ་རྗེ་རི་རབ་ཕུར་བུ་འདྲིལ་ཞིང་འདེབས།། འགལ་བྱེད་མ་ལུས་ཐམས་ཅད་སྒྲོལ་བའི་རྟགས།། གླང་ཆེན་སྟག་ལྤགས་ཞིང་ཆེན་རྒྱན་གྱིས་བརྒྱན།། ཆེ་བཙན་དཔེ་མེད་ཁམས ་གསུམ་རྒྱལ་པོར་བསྟོད།། ཐོད་སྦྲུལ་ལ་སོགས་སྐུ་ལ་བརྒྱན་པ་ནི།། གདུག་པ་ཐམས་ཅད་ཟིལ་གྱི་མནོན་པར་མཛད།། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་ནི།། དུག་དང་བག་ཆགས་ངན་པ་བསྲེག ་པའི་རྟགས།། རྔམ་པའི་ཞལ་ནས་ཧཱུཾ་སྒྲ་འབྲུག་སྟོང་སྒྲོགས་པ་ནི།། བདུད་དང་སྲིན་པོའི་སྒྲ་སྐད་ཟིལ་གྱིས་མནོན།། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་དབྱིངས་དང་སྦྱོར།། ཞབས་གཉིས་གྱད་ཀྱི་དོར་ཐབས་གདུག ་པ་འདུལ།། སྤྲུལ་པའི་བྱིན་རླབས་ཕྱོགས་བཅུར་སྤྲིན་ལྟར་གཏིབས།། ཐུགས་རྗེ་རྩེ་གཅིག་བྲེང་བྲེང་རྒྱུན་མི་དགོངས། ཨོཾ་བཛྲ་ཀཱི་ལ་ཀི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཅེས་བསྟོད་དོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ་འཇིག་རྟེན་སྣང་བྱེད་ལས། ཀི་ལ་ཡ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་སྟེ་རྩ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག ་པོས་ཞུས་པ། ཆོས་ཀྱི་ཕུང་པོ་ཡང་མང་པོར་བཤད་དུ་གསོལ། སྟོན་པའི་ཕུང་པོ་མང་པོ་ཡང་བཤད་དུ་གསོལ། གནས་ཀྱི་ཕུང་པོ་ཡང་བཤད་དུ་གསོལ། འཁོར་གྱི་ཕུང་པོ་མང་པོ་ཡང་བཤད་དུ་གསོལ། དུས་ཀྱི་ཕུང ་པོ་མང་པོ་ཡང་བཤད་དུ་གསོལ། ཞེས་གསོལ་ཏོ།། ཆོས་ཀྱི་ཕུང་པོ་བཀའ་སྩལ་པ། ཆོས་ཀྱི་ཕུང་པོ་ནི་གསུམ་སྟེ། ལུང་དང་རྒྱུད་དང་མདོའོ།། སྟོན་པའི་ཕུང་པོ་ནི་གསུམ་སྟེ། སྐུ་གསུམ་གྱི་བྱེ་བྲག་གོ། གནས་ཀྱི་ཕུང ་པོ་ནི་གསུམ་སྟེ། འོག་མིན་པདྨ་ཅན་གྱི་གནས་དང་། རི་རབ་རིའི་རྩེ་མོ་དང་། མི་ཡུལ་གསེར་གླིང་ལ་སོགས་པའོ།། འཁོར་གྱི་ཕུང་པོ་ནི་གསུམ་སྟེ། ཕྱི་དང་ནང་དང་གསང་བའི་འཁོར་རོ།། དུས་ཀྱི་ཕུང་པོ་ནི་གསུམ ་སྟེ། བྱ་བ་བྱེད་པའི་དུས་དང་། དུས་ཀྱི་མཐའི་དུས་དང་། སྐད་ཅིག་མའི་དུས་སོ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ཕུན ་སུམ་ཚོགས་པའི་བྱེ་བྲག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ། སྔགས་ཀྱི་རྒྱལ་པོ་འདི་བསྟན་པར་ཟུང་ཞིག་ཅེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། བྱང་ཆུབ་ཆེན་པོ་བླ་ན་མེད།། འདའ་ཀ། ་དེ་བཞིན་གཤེགས་པ་ཡི།། རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྟགས།། འདའ་བར་མི་མཛད་དམ་ཚིག་མཆོག། ཕྱོགས་བཅུ་དུས་གསུམ་དེ་བཞིན་གཤེགས།། དེ་བཞིན་གཤེགས་པའི་ངོ་བོ་ཉིད།། བྲག་ཁུང་ཁ་ནི་བྱང་དུ ་བལྟ།། ཉི་མ་འཆར་བའི་སྐབས་མེད་ལྟར།། སོ་སོར་སྨིན་ཅིང་སྡུག་བསྔལ་བ།། གྲོལ་བར་བྱ་ཕྱིར་བླ་མེད་གནས།། བསྟན་ཕྱིར་ལོངས་སྤྱོད་རྫོགས་པར་བསྟན།། ལྕང་ལོ་ཅན་གྱི་གནས་མཆོག་ཏུ།། མགོན་པོ་ཀུན་ལ ་སྙོམས་པ་ངས།། རྡོ་རྗེའི་འཁོར་ལོ་བསྐོར་བ་ལས།། ལྗགས་ཀྱི་དབང་པོར་བདར་ནས་ནི།། ཆོས་རྣམས་ཀུན་གྱི་སྙིང་པོ་འདི།། ཀུན་གྱི་དོན་དུ་གསུངས་པ་འདི།། འཁོར་གྱི་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས ་དེ་བཞིན་གཤེགས་པ་རྣམས།། རྣལ་འབྱོར་དོན་ནི་བསྟན་པར་ཟུང་།། སོ་སོའི་སྐྱེ་བོ་ཇི་སྙེད་པ།། ཡི་གེ་འདྲི་མཆོད་སྦྱིན་པ་དང་།། ཉན་དང་འཛིན་དང་ཀློག་པ་དང་།། འཆང་དང་ཁ་ཏོན་བྱེད་པ་དང་།། དེ་སེམས་པ ་དང་སྒོམ་པ་དང་།། དེ་བཞིན་གཤེགས་པའི་ངོ་བོ་ཉིད།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར།། གང་ཞིག་འདི་ལ་མོས་གྱུར་པ།། རྒྱལ་བ་རྣམས་ཀྱིས་རབ་བསྔགས་པ།། ཡོན་ཏན་ཐམས་ཅད་འབྱུང་བར ་འགྱུར།། ས་ཡི་ཁྱད་པར་བགྲོད་ནས་ནི།། བདེ་བ་ཆེན་པོ་འབྱུང་བ་ཡིན།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། སྐུ་གསུང་ཐུགས་ཀྱི་གསང་བ་རྣམས།། རྟོགས་ཤིང་འཛིན་པར་བྱེད་པ་དང་།། རྟག་ཏུ་འཆང་བ་གང ་ཡིན་པ།། དེ་ཉིད་ང་དང་འདྲ་བས་ན།། སྐུ་གསུང་ཐུགས་ཀྱི་དབང་རྣམས་དང་།། གསང་བའི་དོན་དུ་བསྟན་པ་ཡིན།། དངོས་པོ་རྣམས་ཀྱི་དམ་ཚིག་ཀྱང་།། མཐོང་བཞིན་རྟོགས་ན་རྟོགས་པ་ཡིན།། དེ་བཞིན་གཤེགས ་པའི་དེ་བཞིན་མཆོག། དེ་བཞིན་ཉིད་དུ་གནས་བཅས་ནས།། མུ་སྟེགས་ལ་སོགས་སྐལ་མེད་བཞིན།། མགོན་པོ་ཀུན་གྱི་ཐུགས་རྗེ་ཡིས།། ལས་འཕྲོ་ཅན་དང་འཕྲད་པར་ཤོག། གང་གི་དེ་བཞིན་གནས་འགྱུར་བ།། དེ ་བཞིན་མཐོང་བ་དེ་བཞིན་གཤེགས།། དེ་བཞིན་ཉིད་ཀྱང་དབྱིངས་ཉིད་ལས།། རྩོལ་བ་མེད་པའི་རྩོལ་སེམས་དང་།། དམིགས་པ་མེད་པའི་དམིགས་སེམས་དང་།། བསྒོམས་དུ་མེད་པའི་བསྒོམ་པ་ཡིས།། ཤེས་རབ ་རྣམ་གསུམ་བདག་ཉིད་ཅན།། ས་ལམ་ཡེ་ཤེས་ཐོབ་འགྱུར་བས།། ཡེ་དག་ཡེ་ཤེས་མཐོང་འགྱུར་བ།། དེ་ནི་ལྷུན་གྱིས་གྲུབ་པ་ཡིན།། དེ་བཞིན་གཤེགས་པས་རབ་བསྔགས་པས།། འཕགས་པ་བྱིས་པའི་སྐྱེ་བོ ་དང་།། རང་གཞན་དག་གི་སྐྱེ་བོ་རྣམས།། གང་གིས་འདིར་དད་གྱུར་པ་ལ།། དམ་པ་འདི་ལ་བསྟན་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཀཱི་ལ་ཡའི་རྒྱལ་པོ་ལ། འཁོར་དེ་དག་ཐམས་ཅད་ཀྱིས། མགྲིན་གཅིག་དང ་དབྱངས་གཅིག་ཏུ་འདི་སྐད་བསྟོད་པའོ།། སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག། སྐུ་གསུང་ཐུགས་ཀྱི་སྙིང་པོའི་བདག། སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། བདག་ཅག་ཀུན་གྱིས་མཐོང་ཕྱག་འཚལ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི།། ཡང་དག་ཡེ་ཤེས་རྟོགས་འཛིན་པ།། རབ་ཏུ་མོས་པས་དུས་གསུམ་དུ།། དཔའ་བོ་ཁྱོད་ལ་བདག་ཕྱག་འཚལ།། བྱང་ཆུབ་སྙིང་པོ་ཅན་རྣམས་ཀྱིས།། དོན་དེ་ཉན་ཅིང་འཛིན་དང ་འཆང་།། བསྒོམས་ནས་གཞན་ལ་སྟོན་པ་ནི།། སྟོན་པ་བཞིན་དུ་བདག་ཕྱག་འཚལ།། ཡང་དག་ཡེ་ཤེས་རྒྱུད་རྒྱལ་འདི།། མཐོང་དང་མོས་དང་འབྲི་དང་ཉན།། གང་གིས་མིང་ཙམ་འཛིན་པ་ཡང་།། སྟོན་པ་བཞིན་དུ ་བདག་ཕྱག་འཚལ།། ཏོན་པ་བསྟན་པ་བླ་མེད་ལས།། མགུར་གྱི་བུམ་པར་དྲིལ་ནས་སུ།། ལྗགས་ཀྱི་དབང་པོར་བཀྲམ་བྱས་ཏེ།། ཡི་གེ་ཆོས་རྣམས་ཀུན་གྱི་རྒྱུ།། སྟོན་པ་བཞིན་དུ་བདག་ཕྱག་འཚལ།། ཞེས་གསོལ ་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀཱི་ལ་ཡའི་བདག་པོ་དེ་ཉིད་ཀྱིས་འཁོར་ལ་ཤིན་ཏུ་དགའ་བར་གྱུར་ཏེ། ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་མཐོང་ནས། སྐུ་གསུང་ཐུགས་ཀྱི་སྣང ་བ་སྐུ་གསུང་ཐུགས་རྡོ་རྗེ་ལ་སྙོམས་པར་ཞུགས་པར་མཛད་དོ།། འཁོར་རྣམས་ལ་གཟིགས་ནས་ཅང་མི་གསུང་བར་སྣང་ངོ་།། དེ་ནས་དེ་བཞིན་གཤེགས་པའི་འཁོར་དང་།། བྱང་ཆུབ་སེམས་དཔའི ་འཁོར་དང་།། ཆོ་འཕྲུལ་དང་རྫུ་འཕྲུལ་འབར་བའི་འཁོར་རྣམས་ཀྱང་སྟོན་པའི་བྱིན་རླབས་ཀྱིས། སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགས་སོ།། ཞུག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་དབྱེར ་མེད་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྣང་བའི་དགོངས་པ། འཇིག་རྟེན་སྣང་བྱེད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གསང་བ་དམ་པ་གསང་ཆེན་ལས། འཇིག་རྟེན་སྣང་བྱེད་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བཻ་རོ་ཙ་ནས་གཏན་ལ་ཕབ་པའོ།། ཀ་ཅོ་ཞང་གསུམ་གྱིས་ཀྱང་ཞུས་ཏེ ་དག།། @#།། རྒྱ་གར་སྐད་དུ། ཏནྟྲ་རཱ་ཛ་བཛྲ་མ་ལེ་ནཱ་མ། བོད་སྐད་དུ། རྒུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། དཔལ་འཇིགས་བྱེད་ཀྱི་ཚོགས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་