CLOSE WINDOW

Gpb027.010: khro bo khams gsum rnam par rgyal ba'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀྲོདྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཏནྟ། བོད་སྐད་དུ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ་བཅོམ་ལྡན་འདས་ཁྲོས་པའི་མངའ་བདག་ཏུ་གྱུར་པའི་རྒྱལ་པོ། འཇིགས་པའི་སྐུ་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས། ཁྲོས་པའི་གསུང་དྲག་པོའི་གདངས་སྒྲས་ཐམས་ཅད ་ཟིལ་གྱིས་གནོན་པའི་རང་བཞིན་ཡོངས་སུ་དག་པར་བཞུགས་ཏེ། འོག་མིན་གྱི་གནས་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། དུར་ཁྲོད་ཀྱི་གཞལ་ཡས་ཁང་ན། རྟག་ཏུ་ཡུམ་དང་ལྷན་ཅིག་ཏུ་བཞུགས་ཏེ། འཁོར ་ཀརྨ་ཧེ་རུ་ཀ་དང་། དྲེད་མོའི་མགོ་ཅན་དང་།། སྲེ་མོའི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་ཀྱིས་འདི་སྐད་ཅེས་ཞུས་སོ། ཨེ་མ་ཧོ།། དེ་ཉིད་མ་བཅོས་བྱང་ཆུབ་སེམས།། དེ་ཉིད་གསལ་བའི་ངང་དུ་ཤར།། གདུག ་པའི་མི་རྣམས་ལྷན་ནེའོ།། ཁྲོས་པའི་བདག་པོ་མི་གནས་པའི།། ཐམས་ཅད་དོན་དམ་བྱང་ཆུབ་སེམས།། ཞེས་གསོལ་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་ཐུགས་སུ་ཆུད་དེ། ལན ་འདི་གསུངས་སོ།། ཨེ་མ་ཧོ།། རྨད་དུ་བྱུང་བ་གསང་བའི་བཀའ།། གསང་བ་བདག་ལ་གོས་པ་མེད།། ག་བུར་དྲི་ལྡན་རྒྱུན་མི་གཅོད།། ཅེས་གསུངས་སོ།། དེའི་ཚེ་ལོག་པའི་ང་རྒྱལ་ཅན་གྱི་མ་དང་བུ ་མོའི་ཚོགས་ཐམས་ཅད་ཆགས་པའི་སེམས་སྐྱེས་པར་གྱུར་ཏོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོ་སྦྱོར་སྒྲོལ་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཆོ་འཕྲུལ་གྱི་དཀྱིལ་འཁོར་ཐུགས་ལ་བཏོན་ནས་འགྲོ་བའི་དོན ་མཛད་དོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། ཕྲིན་ལས་ཀྱི་དཀྱིལ་འཁོར་འདི་གསུངས་སོ།། ཁམས ་གསུམ་རྣམ་རྒྱལ་དཀྱིལ་འཁོར་ནི།། མཐིང་ནག་གྲུ་གསུམ་མི་བཟད་པ།། རབ་ཏུ་འབར་བའི་མེ་ཡིས་བསྐོར།། སོར་བཞི་ནང་དུ་བརྐོས་གྱུར་པ།། དེ་ཡི་ནང་དུ་བཞག་པའི་རྫས།། དཔག་བསམ་ཤིང་ལོ་བླངས་ནས ་ནི།། རབ་ཏུ་གཏུབ་ཅིང་སྔགས་མང་བཟླས།། དེ་ནས་གྲོག་མཁར་ས་དང་བསྲེ།། བོང་བུའི་བདུད་རྩི་གཟུགས་སྦྲུས་ཏེ།། ཤིང་ཤུན་མིང་རུས་གིས་བྲིས་ལ།། སྙིང་གར་བླན་ཏེ་བཟླས་པས་འགྲུབ།། དེ་ཡི་སྟེང་དུ་བསམ ་པའི་ལྷ།། ས་བོན་འོད་ལས་དེ་སྐྱེས་པར།། མཁས་པས་ཤེས་པར་བྱ་བ་ཡིན།། དེ་ལ་ཐམས་ཅད་རྫོགས་པར་བྱ།། རབས་ཆད་རྐང་གི་ཕུར་པ་ལ།། བཟླས་པ་ཁྲི་ཕྲག་གསུམ་དུ་བྱ།། དེ་ནས་མཚན་མ་མཐོང་བ ་དང་།། གདབ་པའི་ལས་རྣམས་བྱ་བ་ནི།། དེ་ནས་གཏུབས་དང་བསྟབ་བརྡུང་ལ།། ཀུན་ལ་དེ་བཞིན་ཤེས་པར་གྱིས།། འདི་ཡིས་གསད་པ་ངེས་པར་འགྱུར། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས།། ་དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། གསད་པའི་ལས་རྣམས་འདི་གསུངས་སོ།། ཞིང་ཆེན་རས་མའི་དུམ་བུ་ལ།། རྩིབས་དྲུག་འཁོར་ལོ ་གས་དྲུག་བྲི།། ཚིལ་ཆེན་དུད་པས་སྣག་ཚ་བྱ།། ལག་ཐུར་དག་གིས་སྨྱུག་གུ་བྱ།། བྲི་བའི་དུས་ནི་ཉི་མ་རླངས་སླུ་བས་བྱུང་དང་ཟླ་བ་རྟ།། ཡང་ན་སྨིན་དྲུག་ས་འོག་སོང་།། དེ་ཡི་དུས་སུ་བྲི་བར་བྱ།། གྲོ་ག་ཤིང་ཤུན ་རས་དག་ལ།། དགྲ་བོའི་མིང་བྱང་བྲི་བར་བྱ།། དཔྲལ་བར་རུས་ལ་སྙིང་གར་མིང་།། གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ།། འདོམས་སུ་མཱ་ར་ཡ་ཞེས་བྲིས།། ཡན་ལག་བཞི་ལ་འབྱུང་ཆེན་བཞི།། ཐ་མ་འབྲུ་དགུས་བསྐོར ་བར་བྱ།། འཁོར་ལོའི་དབུས་སུ་བཅུ་གནས་ནི།། མོན་པ་ཕོ་མོའི་ཐོད་པ་རུ།། འཁོར་ལོའི་སྔགས་དྲུག་གོང་མ་བཞིན།། ཐོད་པ་གའུ་ཁ་སྦྱར་དུ།། དགྲ་ཡི་མིང་དང་འཁོར་ལོ་གཞུག། སེང་ལྡེང་ཕུར་པ་སོར་བཞི ་ལ།། མིང་བྱང་འཁོར་ལོའི་དབུས་སུ་གདབ།། གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་དུ།། དབུས་སུ་གའུ་ཁ་སྦྱར་བཞག། གཡོན་དུ་འགུགས་པའི་དཀྱིལ་འཁོར་བྲི།། གཡས་སུ་གསང་བའི་མཱ་ར་ཡ།། ལྕགས་ཀྱུ་ཅན་གྱིས ་དགུག་བྱས་ལ།། བསྙེན་ཕུར་ངག་གིས་གདབ་པར་བྱ།། རྩ་སྔགས་ལས་སྔགས་རབ་ཏུ་གཅེས།། སྔགས་དྲུག་འཕྱོང་གི་འཁོར་ལོ་བསྐོར།། མཚན་མ་བཟང་པོ་བྱུང་བ་དང་།། ཟླ་བ་བདུན་གྱིས་འགྲུབ་པར ་བྱེད།། གང་ལ་བཏབ་ཀྱང་ཐོགས་པ་མེད།། ཅེས་གསུངས་སོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། སྲོག་གི་འཁོར་ལོའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག ་འཐུང་གི་རྒྱལ་པོས། བླ་དང་ལྷ་འདྲེ་རྒྱུ་བའི་དོན་བསྟན་ཏེ།། ཤ་བ་གླང་བ་སྲོད་ལ་རྒྱུ།། ལུག་དང་སྙན་གཉིས་ནམ་ཕྱེད་རྒྱུ།། ཕག་གི་བླ་ནི་ཐོ་རངས་རྒྱུ།། བྱི་བ་ཉི་མའི་རྩེ་ལ་རྒྱུ།། རྟ་ནི་ཉི་མ་ཕྱེད་ན་རྒྱུ།། ར་ནི་ཉི་མ ་ནུབ་ན་རྒྱུ།། གཡག་དང་གླང་ནི་ས་སྲོས་རྒྱུ།། འཚོ་བར་བྱེད་པ་ཡུལ་ལྷ་སྟེ།། སྐྱོབ་པར་བྱེད་པ་དགྲ་ལྷའོ།། འགེགས་པར་བྱེད་པ་མ་སྨན་ཡིན།། འགོ་བ་བན་བོན་སྲུང་མ་ཡིན།། སྲུང་བར་བྱེད་པ་སྲོག་ལྷའོ།། ཐོ ་རངས་ལྷ་འདྲེ་རྒྱལ་པོ་རྒྱུ།། ཉི་མའི་རྩེ་ལ་དགྲ་ལྷ་རྒྱུ།། ཉིན་ཕྱེད་དྲོས་ནས་དམག་དཔོན་རྒྱུ།། ས་རྣམས་ཚབ་ཆུབ་བཙན་ཡང་རྒྱུ།། སྲོད་ཀྱི་དུས་སུ་བདུད་ཀྱང་རྒྱུ།། ནམ་གྱི་གུང་ལ་གཤིན་རྗེ་རྒྱུ།། ནམ་ཕྱེད་དུས་སུ་མ ་མོ་རྒྱུ།། རྒྱུ་བའི་དུས་སུ་དྲག་སྔགས་བརྡེག། ལས་སྦྱོར་དག་ནི་བརྩམས་པར་བྱ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། ལྷ་འདྲེ་དང་བླ་རྒྱུ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས ་ཁྲག་འཐུང་གི་རྒྱལ་པོ་དེས། དྲག་སྔགས་ཀྱི་དོན་འདི་བསྟན་ཏོ།། ཨ་ནི་སྐུ་ཡི་སྙིང་པོ་སྟེ།། ལུས་ནི་སྒྲོལ་བའི་དྲག་སྔགས་ཡིན།། ཀ་ནི་གསུང་གི་སྙིང་པོ་སྟེ།། ངག་ནི་སྒྲོལ་བའི་དྲག་སྔགས་ཡིན།། ཙ་ནི་ཐུགས་ཀྱི་སྙིང ་པོ་སྟེ།། ཡིད་ནི་སྒྲོལ་བའི་དྲག་སྔགས་ཡིན།། མཱ་ར་བདུད་ཀྱི་བུ་མོ་སྟེ།། འདི་ནི་སྒྲོལ་བའི་དྲག་སྔགས་ཡིན།། ས་ནི་གཟའ་ཡི་བུ་མོ་སྟེ།། འདི་ནི་སྒྲོལ་བའི་དྲག་སྔགས་ཡིན།། པྲ་ནི་བཙན་གྱི་བུ་མོ་སྟེ།། ཡིད་ནི་སྒྲོལ ་བའི་དྲག་སྔགས་ཡིན།། ནཱ་ནི་ཀླུ་ཡི་སྙིང་པོ་སྟེ།། འདི་ནི་སྒྲོལ་བའི་དྲག་སྔགས་ཡིན།། ཏ་ནི་མིང་པོ་དག་ཡིན་ཏེ།། འདི་ནི་སྒྲོལ་བའི་དྲག་སྔགས་ཡིན།། རུ་རུ་ཀ་ཏང་ཤོ་ན་སྟེ།། མ་མོ་སྒྲོལ་བའི་དྲག་སྔགས་ཡིན།། རུ ་ནི་རཀྵ་སྲིན་པོ་ཡིན།། བདག་ཉིད་མ་ཡི་དྲག་སྔགས་ཡིན།། ཡ་ནི་བདུད་ཀྱི་དྲག་སྔགས་ཡིན།། ཀ་ནི་རྒྱལ་པོའི་དྲག་སྔགས་ཡིན།། ཧཱུཾ་ནི་ཐམས་ཅད་དབང་དུ་སྡུད།། ཕཊ་ནི་སྒྲོལ་བའི་དྲག་སྔགས་ཡིན།། མ་མ་ནག་མོ ་དག་ཉིད་དེ།། བ་ནི་སྲོག་གཅོད་དྲག་སྔགས་ཡིན།། མ་ཏང་བ་སེན་མོ་དག་ཉིད་དེ།། ཨི་ནན་མནན་པ་དྲག་སྔགས་ཏེ།། ད་དྷི་ཤོ་ན་བདག་ཉིད་དེ།། ཀརྨ་ཕྲིན་ལས་དྲག་སྔགས་ཡིན།། ཤཱི་གྷྲཾ་གྱིང་ཆེན་དག་ཡིན་ཏེ།། ཀ ་ར་སྒྲོལ་བའི་དྲག་སྔགས་ཡིན།། ཡ་ནི་འཆི་བདག་བདུད་ཡིན་ཏེ།། ཧཱུཾ་ཕཊ་སྒྲོལ་བའི་དྲག་སྔགས་ཡིན།། ཨོཾ་དང་བཛྲ་ཀཱི་ལ་ཡ།། སྐུ་གསུང་ཐུགས་ཀྱི་སྔགས་སུ་བསྟན།། ཡང་ན་འཆི་བདག་བདུད་ཀྱི་སྔགས།། སརྦ ་སྒྲོལ་བྱེད་གིང་གི་སྔགས།། བིག་ནན་འགུགས་བྱེད་མ་མོའི་སྔགས།། བཾ་ནི་འབྲུབ་ཁུང་ལས་ཀྱི་སྔགས།། ཨོཾ་ནི་ཐམས་ཅད་དབང་དུ་སྡུད།། ཕཊ་ནི་ཐམས་ཅད་སྒྲོལ་བའི་སྔགས།། སྔགས་དྲུག་ཡེ་ཤེས་ལྷ་དྲུག ་པོས།། ལས་སྦྱོར་དག་ཏུ་སྔགས་དྲུག་པོས།། འཇིག་རྟེན་དྲུག་ཏུ་དགྱེ་བར་གསུངས།། དང་པོ་མགོ་ནས་ཨ་རུ་གནས།། དབུ་མ་ན་རོ་ཞབས་སུ་བསྟན།། དང་པོ་ཧ་རུ་རབ་ལྡན་ཏེ།། དབུ་ཞབས་བསྐྱེད ་པའི་ཚུལ་དུ་གནས།། ཨི་ཨང་ཐིག་ལེ་ཨ་རུ་བསྟན།། དབུ་མ་མཐའ་རུ་རབ་ལྡན་ཞིང་།། དབུ་དང་ཞབས་སྐྱེད་ཧ་ཧེ་བསྡུ།། རྩ་སྔགས་ལས་སྔགས་བསྡུ་ཞིང་བསྡུ།། བསྐྱེད་པ་རྒྱུན་གྱི་སྔགས་སུ་བསྒོམ། བསྐུལ་བ་རྦད ་དང་བཟླས་དང་གསུམ།། དོན་གྱི་ཡི་གེ་བསྡུ་བའོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། དྲག་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། བུ་མོ ་དགུག་པའི་ལས་བསྟན་ཏེ། གནས་ཁང་ཚུལ་དང་ལྡན་པ་རུ།། དཀྱིལ་འཁོར་རྩིབས་བརྒྱད་བྲིས་བྱས་ལ།། རྫས་དགྲམ་ཕུར་པ་དགོད་ནས་ནི།། བསྙེན་ཕུར་དག་ལ་ཞག་བདུན་བཟླས།། རང་གི་སྨིན་དབྲག་དག་ཏུ ་ནི།། ཙནྡན་ལྡེ་གུས་འཁོར་ལོ་དྲུག་ཀྱང་བྲི། འཁོར་ལོ་དྲུག་ལ་སྔགས་དྲུག་བྲི།། དབུས་ཀྱི་ལྟེ་བར་འབྲུ་དགུ་བྲི།། མཐའ་མ་ཁྲོ་བཅུར་ཤེས་པར་བྱའོ།། རྣལ་འབྱོར་རང་ཉིད་བསྒོམ་པའི་དུས།། ལག་པ་གཡས་པ་བྲི ་བར་གསུངས།། རང་ཉིད་ཁམས་གསུམ་རྣམ་རྒྱལ་བསྒོམ།། བསྒྲུབ་པ་ཐོན་པའི་ནང་བར་དེ། ཁ་རུ་སྤོ་ནི་སོ་ཆ་མུར།། མྱ་ངན་མེད་ཀྱི་གྲིབ་མ་ལ།། རྩ་སྔགས་གཞུག་ལ་སྔགས་དྲུག་བཟླས།། འབྲུ་དགུ་དོན་གྱི་མགོ་ལ ་དྲིལ།། ལྷ་དང་ཀླུ་ཡི་བུ་མོ་དང་།། འཁོར་ལོ་མཐོང་ཚད་གམ་དུ་འོང་།། གསང་བའི་དབང་བསྐུར་སྤྱོད་པ་བརྩམ།། ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར།། ལྷུན་གྱིས་གྲུབ་པའི་ས་ལ་གནས། ཁྲོ་བོ་ཁམས་གསུམ་རྣམ་པར ་རྒྱལ་བའི་རྒྱུད་ལས། བུ་མོ་དཀུག་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེ་ལ། ཀརྨ་ཧེ་རུ་ཀ་དང་། དྲེད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས ་དགྱེས་ནས་གསུངས་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཇི་ལྟར་ཁྲག་འཐུང་རྒྱལ་པོ་ལགས།། ཇི་ལྟར་ཁྲོ་བོའི་རྒྱལ་པོ་ལགས།། ཇི་ལྟར་དུས་གསུམ་རྒྱལ་པོ་ལགས།། ཇི་ལྟར་ཆོས་ཉིད་རྒྱལ་པོ་ལགས།། ཞེས ་གསོལ་པས། འཁོར་རྣམས་ལ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ནི་འཁོར་བ་ཞལ་དུ་རྔུབ།། ང་ནི་དུས་གསུམ་རྩད་ནས་གཅོད།། ང་ནི་ལོག་རྟོག་ཚར་གཅོད་ཅིང་།། ང་ནི་དུས་གསུམ་འགྱུར། ་བ་མེད།། ཅེས་གསུངས་པས་འཁོར་རྣམས་དགེས་ནས་ལེགས་སོ་ཞེས་བྱ་བ་བྱིན་ནས། སླར་མཉམ་པའི་ངང་ལ་ཐིམ་མོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན ་པའོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་རྫོགས་སོ།། །། ་