CLOSE WINDOW

Gpb027.009: khro ba bdud rtsi 'khyil ba'i rgyud
Wyliee-texts produced with BDRC’s OCR application

པའི་ལེའུ་སྟེ་ལྔ་པའོ།། །། ཁྲོ་བོ་གཞན་གྱི་མི་ཐུབ་པའི་རྒྱུད་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ཀྲོ་དྷ་ཀུཎྜ་ལི་ཨ་མྲྀ་ཏ་ཏནྟ། བོད་སྐད་དུ། ཁྲོ་བོ་བདུད་རྩི་འཁྱིལ་བའི་རྒྱུད། དཔལ ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ཡིས། འོག་མིན་གྱི་གནས་གཞི་མཐའ་དང་དབུས་མེད་པ། མི་འགྱུར་བའི་མཁའ ་ཀློང་རྣམ་པར་དག་པའི་གཞལ་ཡས་ཁང་ན། ཡུམ་དང་གཉིས་སུ་མེད་པར་སྦྱོར་བའི་ངང་ལ་བཞུགས་པའི་ཚེ། ཀརྨ་ཧེ་རུ་ཀ་དང་། སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་དང་ཡུམ ་འཐོར་བྱེད་མས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ།། གསང་བའི་འོད་ཟེར་འབར་བ་ཡིས།། གདུག་པ་འཇོམས་པའི་དྲག་པོ་འདི།། རོལ་པའི་གདངས་སྒྲ་འཇིགས་པའི་སྐུ། ཁྲོས་པའི་སྐུ་མཆོག་བདག་ལ་སྟོན།། ཞེས ་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། བསྐུལ་བ་ཐུགས་སུ་ཆུད་དེ། འོད་ཟེར་གྱི་ངང་ལ་གདུག་པ་ཅན་ཐམས་ཅད་བསྒྲལ་ནས། ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལས ་བཞེངས་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་འདི་གསུངས་སོ།། ཁྲོ་བོ་བདུད་རྩི་འཁྱིལ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། བདུད་རྩི་འཁྱིལ ་བའི་དཀྱིལ་འཁོར་འདི་གསུངས་སོ།། བདུད་རྩི་འཁྱིལ་བའི་དཀྱིལ་འཁོར་ནི།། ལྗང་ནག་གྲུ་གསུམ་འབར་བ་ཡི།། མཐའ་མ་མཚོན་ཆའི་འཁོར་ལོ་བསྐོར།། རབ་ཏུ་འོད་དང་ལྡན་པར་བྲི།། དེ་ཡི་དབུས་སུ་བསམ་བྱ ་བ།། རླུང་གི་གདན་ཉིད་བསམ་པར་བྱ།། དེ་ཡི་སྟེང་དུ་ཉི་ཟླའི་གདན།། དེ་སྟེང་བརྫུས་སྐྱེས་རིམ་པ་ཡིས།། བདུད་རྩི་འཁྱིལ་པ་རབ་རྫོགས་པར།། དེ་ལ་དཀྱིལ་འཁོར་རབ་བཅུག་སྟེ།། དེ་ཡིས་ཐམས་ཅད་ལྡན་པར ་འགྱུར།། དུང་གི་ཕུར་པ་ཚོན་གང་བ།། རབ་རྫོགས་བྱང་ཆུབ་སེམས་ལས་ཕྱུང་།། བྱང་ཆུབ་སེམས་ཀྱིས་དེ་དབང་བསྐུར།། བཟླས་པ་ཁྲི་ཕྲག་གཅིག་ཏུ་བྱ།། དེ་ནས་སྟག་པའི་ལོ་མ་ལ།། བྱང་ཆུབ་སེམས་ནི་ཡུབ་ཡུམ ་གྱིས།། དེ་ཡི་མཚན་མ་བྲི་གསལ་བར།། བྱས་ལ་གསང་བའི་གནས་སུའོ།། དེ་ལ་གདབ་པར་བྱས་ནས་ནི།། ངེས་པར་དམིགས་པ་དེ་བརླག་འགྱུར།། དུས་གསུམ་སངས་རྒྱས་དེས་བསྐུལ་ན།། སེམས་ཅན་ཀུན་ལ་ངོ ་བོ་ཉིད།། རབ་ཏུ་ཤེས་ནས་དོན་རྣམས་མཛད།། དུར་ཁྲོད་ཞིང་གཽ་རས་མ་ལ།། ཤ་བའི་འཁོར་ལྀ་རབ་བརྩམས་ལ།། དེ་ཡི་སྟེང་དུ་གཟུགས་བརྟན་བྱ།། བཟླས་པ་ཁྲི་ཕྲག་གསུམ་དུ་བདྨ།། དེ་ལ་རླུང་གི་དཀྱིལ་ལ ་བསྐྱེད།། ལ་ལས་ཁྲིད་དེ་ལ་ལས་བརྡེག། དེ་ཡིས་ལྷོ་ཕྱོགས་བསྐྱལ་ལ་བཞག། ཡང་ན་རང་གི་གནས་སུ་བསྐྱལ།། དུར་ཁྲོད་དབུས་སུ་དེ་བཅུག་ན།། དེ་ཡིས་གནས་ལ་བསྐྱོད་པར་ངེས།། གུ་གུལ་སྦྱར་མ་བཟང་པོ ་ལ།། གསང་བའི་སྔགས་ཀྱིས་རབ་བཏབ་སྟེ། ཁྲོས་པའི་སེམས་སུ་གནས་བྱས་ཏེ།། དུར་ཁྲོད་མེ་ཆེན་རབ་སྦར་ན།། གདོན་དང་འབྱུང་པོ་མ་རུངས་དང་།། མུ་སྟེགས་ལྷ་རྣམས་བྲེད་ཅིང་བརྒྱ་ལ།། འདི་ནི་བདུག་པའི ་མཆོག་ཡིན་ནོ།། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་ལས།། དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། བདུད་རྩི་སྒྲུབ་པའི་དོན་འདི་གསུངས་ཏེ། དཀྱིལ ་འཁོར་པདྨ་འདབ་བརྒྱད་ལ།། དབུས་སུ་སྔགས་ཀྱི་བདག་པོ་དགོད།། འདབ་བརྒྱད་སོ་སོའི་ལྷ་རྣམས་དགོད།། དབུས་སུ་བམ་ཆེན་བསྒྲིལ་ལ་བསྒྲུབ།། ཆོ་འཕྲུལ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ།། བཀྲ་ཤིས་མི་འགྱུར་རྡོ ་རྗེ་ཀ་པཱ་ལ།། དངོས་གྲུབ་རྟགས་འབྱིན་རྡོ་རྗེ་ཀ་པཱ་ལ།། བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ།། ཡང་ན་རུས་སྦལ་ཁོག་པ་རུ།། ཡང་ན་ཅེ་སྦྱང་ཐོད་པ་རུ།། ཤ་ལྔ་བདུད་རྩི་ལྔ་ཡང་བླུགས།། སྐྱོབས་ནི་བདུད་རྩིའི་རྒྱུད ་ལས་གྲགས།། རྩ་བ་བརྒྱད་ལ་ཡན་ལག་སྟོང་།། སྤྱི་ཡི་བརྒྱད་དང་ནང་གི་བརྒྱད།། གསང་བའི་བརྒྱད་དང་མཐར་ཟུག་བརྒྱད།། ཡལ་ག་རྒྱལ་བའི་དགོངས་པ་མཉམ། ཁ་དོག་རིགས་ཀྱིས་ཤེས་པར ་བྱ།། བདུད་རྩི་ཆེན་པོའི་རིལ་བུ་བྱ།། བསྙེན་བསྒྲུབ་གསུམ་གྱི་རིམ་བུ་སྦྱང་།། གསང་སྔགས་གཞུག་ལ་ཨ་མྲི་ཏ།། སྔགས་རྣམས་རབ་ཏུ་བཟླས་པ་གཅེས།། དེ་ནས་རྣལ་འབྱོར་དངོས་གྲུབ་བླང་།། རིལ་བུ་ཆེན་པོ ་བཟའ་བར་བྱ།། བཅུད་ལེན་དངོས་གྲུབ་ཐོབ་པར་འགྱུར།། བདར་ལ་ཞི་ཁྲོའི་ལྷ་ལ་གཏོར།། བདུད་རྩི་མཆོག་སྒྲུབ་ཅེས་བྱའོ།། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་ལས།། བདུད་རྩི་སྒྲུབ་པའི་ལེའུ་སྟེ་གསུམ ་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། གཏོར་མ་གཏོང་བ་འདི་གསུངས་ཏེ།། རིན་ཆེན་སྣོད་དུ་གཏོར་བསགས་ལ།། རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བྱ།། གཏོར་མ་སྟོང་པ་ཉིད་དུ ་བསམ།། གཏོར་མའི་ནང་དུ་ཧཱུཾ་གཅིག་བསམ།། རྩ་བའི་སྔགས་ཀྱིས་ཁྲོ་བོར་བསམ།། ཧཱུཾ་གཉིས་ཁྲོ་བཅུ་སྲས་དང་བཅས།། ཧཱུཾ་ལས་མི་བཟད་ཕུར་པ་དྲུག། ཛཿཧཱུཾ་བཾ་ཧོཿསྤྱན་ཡང་དྲངས།། མགྲོན་གྱི་ལྷ་རྣམས་སྤྱན ་དྲངས་ཤིང་།། ཧཱུཾ་ཧཱུཾ་ཧཱུཾ་གིས་བསྟིམ་པར་བྱ།། ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་བརླབས་ལ།། འདོད་ཡོན་དྲུག་གི་ལྷ་མོར་བསམ།། རྩ་བའི་སྔགས་ཀྱིས་མགོ་དྲངས་ལ།། བཛྲ་ཡཀྵས་དབུལ་བར་བྱ།། ཕྲིན་ལས་བཅོལ་བའི ་ཚིག་གིས་བསྐུལ།། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློག། ཐལ་མོ་བརྡབ་ཅིང་ཕྲིན་ལས་བཅོལ།། དེ་ལྟར་རྟག་ཏུ་བྱས་པ་ན།། མཁའ ་འགྲོ་རྣམས་ཀྱང་མངོན་དུ་འགྱུར། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་ལས། གཏོར་མའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། སེམས་ཀྱི་དོན་བསྟན་ཏེ། སེམས་ནི་ཆོས་ཀྱི ་དབྱིངས་ཉིད་ལས།། ཅིར་ཡང་སྣང་བ་ཅིར་ཡང་མེད།། ཆོས་ཉིད་ཡང་དག་རྡོ་རྗེ་འདྲ།། མ་བཅོས་ཆོས་ཉིད་མཉམ་པ་ཉིད།། མ་རྟོགས་པ་ཡི་སེམས་ཅན་ལ།། ཞི་བ་དབང་དང་དྲག་པོ་དང་།། རྒྱས་པ་ལ་སོགས་མང་དུ ་བསྟན།། བྱང་ཆུབ་སེམས་གྱི་རང་བཞིན་ཏེ།། ཞི་བ་ཡང་ནི་བྱང་ཆུབ་སེམས། ཁྲོ་བོ་ཡང་ནི་བྱང་ཆུབ་སེམས།། རྟོགས་པ་རྣམས་ལ་དབང་ཆེན་པོ།། བྱང་ཆུབ་སེམས་ཀྱི་དོན་རྟོགས་ན།། ཞི་ཁྲོ་རང་གི་བྱང་ཆུབ ་སེམས།། རྟོགས་ན་རང་དབང་ཆེན་པོ་ཐོབ།། འདུས་པ་ཐམས་ཅད་མི་རྟག་པའོ།། འདོད་ན་ཆོས་ཀྱི་དབྱིངས་སུ་འདོད་ཀྱང་ང་རུ་འཛིན།། ཆགས་ན་སྐུ་དང་ཡེ་ཤེས་གཉིས་ལ་ཆགས་ཀྱང་འདོད་ཆགས་རྒྱུ།། ཞེན་ན་སྐུ ་དང་ཡེ་ཤེས་གཉིས་ལ་ཞེན་ཀྱང་འཁོར་བའི་རྒྱུ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཆགས་པ་མེད་ལ་ཞེ་འདོད་མེད།། མཉམ་པ་ཉིད་དུ་བཞག་པ་ནི།། ཐམས་ཅད་མི་འགྱུར་གཏོར་མ་ཡིན། ཡེ་གྲུབ་ཡང་།། སེམས ་རྣམས་ཐམས་ཅད་ཆོས་ཉིད་དོ།། ཉོན་མོངས་བདུད་ལ་ཡེ་ཤེས་རྩི།། བདུད་རྩི་ཞེས་ཀྱང་དེ་ལ་བྱ།། ཐམས་ཅད་ཆོས་ཉིད་ངང་ལ་གནས།། ཆོས་ཀྱི་དབྱིངས་ལས་གཡོས་པ་མེད། ཁྲོ་བོ་བདུད་རྩི་འཁྱིལ ་པའི་རྒྱུད་ལས། ལྟ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀ་ལ་སོགས་ཏེ། འཁོར་རྣམས་དགྱེས་ནས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ་ཁྲག་འཐུང་རྒྱལ་པོ ་ལེགས་སོ་ལེགས་སོ།། ཇི་ལྟར་ཁྱོད་ཀྱི་བསྟན་བཞིན་དུ། ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབ་ཀྱིས།། བདག་ལ་རབ་ཏུ་བཤད་པའོ།། མ་དག་འཁོར་བའི་དོན་དུ་ནི།། བཅོམ་ལྡན་འདས་ཀྱི་བདག་ལ་ལུང་བསྟན་དུ ་གསོལ།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུ་ཀའི་ཚིག་གསན་ནས།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ། བདེ་བ་སླད་མའི་ལུང་སྟོན་ཡིན།། གདུག་པ་སླད་ཀྱི་ཚར་གཅོད་ཡིན།། ཡེ་ཤེས་སྤྲུལ་པའི ་སྐུ་མཆོག་ཡིན།། སྤྲོས་མེད་མཁྱེན་པའི་ཐུགས་མཆོག་ཡིན།། ཞེས་བཀའ་སྩལ་ཏོ། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་ལས། རྒྱུད་ཡོངས་སུ་བཏད་པའི་ལེའུ་སྟེ་དྲུག་པའོ།། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་རྫོགས ་སོ།། ། ་