| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྲོ་ཏ་ཧ་ཡ་གྲཱྀ་ཝ་རཱ་ཛ་ཏནྟྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས ་ཀྱི་དབྱིངས་ཀྱི་ཕོ་བྲང་ན། གྲུ་གསུམ་ཨེའི་དཀྱིལ་འཁོར་འབྱམས་པ་ན། བཙུན་མོའི་བྷ་ག་དྷརྨ་དྷཱ་ཏུ་ཆོས་ཀྱི་འབྱུང་གནས། པདྨ་བདེ་བ་ཅན་གྱི་ཞིང་ཁམས་དེ་ན། ཡུམ་དང་གཉིས་སུ་མེད་པར་ལྷུན་གྱི ་སྦྱོར་བ་ལ།། པདྨ་ཧེ་རུ་ཀ་དང་། བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། བཅོམ་ལྡན་རྡོ་རྗེའི་ངང་ཉིད ་ལས།། གདུག་པ་ལོག་ལྷ་གདུལ་སླད་དུ།། སྔོན་གྱི་སྨོན་ལམ་ཆེར་དགོངས་ཏེ།། སྙིང་རྗེ་ཆེན་པོ་བདག་ལ་སྟོན།། ཞེས་བསྐུལ་བས། དཔལ་ཁྲག་འཐུང་གི་རྒྱལ་པོས་ཏིང་ངེ་འཛིན་ལས་བཞེངས་ཏེ། སྐུ་གསུང་ཐུགས ་སུ་ཆུད། སྐུ་གསུང་ཐུགས་དེ་ཉིད་ཀྱི་ངང་ལས། སྨོན་ལམ་གྱི་དབང་གིས་རོལ་པའི་ཆོ་འཕྲུལ་མང་པོ་བྱུང་སྟེ། རྣམ་པར་གསལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རང་བཞིན་གྱི་ངང་ལ་བཞུགས་སོ། དེའི་ཚེ་ཡང ་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། ཐབས་ཀྱི་སྐྲ་མཆོག་གསང་བའི་ངང་།། རྣམ་དག་དྲི་མ་མེད་པའི་འོད།། ཡོངས་གསལ་ངང་ལས་སེམས་ཅན་དོན། ཁྲོས་པའི་སྐུ་མཆོག་བསྟན་དུ ་གསོལ།། ཞེས་རྣམ་པར་བསྐུལ་བས། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་མཁྱེན་ནས། ཁྲོ་བོ་རོལ་པའི་ཕྱག་རྒྱ་བཅས་ཏེ། གཟུགས་སྐུ་རྣམ་གཉིས་སུ་བཞེངས་ནས།། གདུག་པ་ཐམས ་ཅད་ཚར་བཅད་ནས། ཁྲག་འཐུང་གི་ཚོགས་དབང་དུ་བསྡུས་ནས་བསྐྱེད་པའི་རིམ་པ་ལ་བཞུགས་སོ།། རྟ་མགྲིན་གྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཁྲག་འཐུང་གི་རྒྱལ་པོ་དེས།། རྟ་མགྲིན ་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། རྟ་མགྲིན་རྒྱལ་པོའི་དཀྱིལ་འཁོར་ནི།། དམར་ནག་གྲུ་གསུམ་འབར་བ་ལ།། ལོགས་གསུམ་ཟླ་གམ་གསུམ་བྱས་ལ།། ཐོད་པ་འཇིགས་པ་གསུམ་ཡང་དགོད།། ཕྱི་རིམ་པདྨ་འདབ ་བརྒྱད་བྲི།། དབུས་སུ་ཀླུ་ཡི་རྒྱལ་པོ་བསམ།། དེ་སྟེང་ས་བོན་གསལ་བལྟས་ལ།། འོད་ཀྱི་འཕྲོས་པའི་འོད་ཕུང་ལས།། རང་སྔགས་སྒྲ་ཡིས་རབ་བསྐུལ་བས།། ཡོངས་སུ་རྫོགས་པའི་སྐུར་གསལ་གྱུར།། དེ་རྗེས་ཡེ ་ཤེས་རྗེས་དྲན་པས།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས།། མཆོད་ཅིང་བསྟིམ་པ་བྱས་ནས་ནི།། སྲས་མཆོག་ཟངས་མའི་སྐུ་མཆོག་ལ།། དབང་བསྐུར་བྱིན་བརླབས་བྱས་ནས་ནི།། བདག་ཉིད་མདུན་ན་གནས ་པར་བརྟག། སྙིང་པོ་རང་སྔགས་བཀོད་ནས་ནི།། བཟླས་པ་ཁྲི་ཕྲག་གཅིག་ཏུ་བྱ།། དེ་ནས་ལས་ལ་མྱུར་དུ་སྦྱར།། ཁྲོས་པའི་སེམས་ཀྱིས་བླངས་པ་ནི།། གྲོག་མ་རྒྱལ་པོའི་མཁར་ས་བླང་།། སྡོང་པོ་རྐང་གཅིག་ཟང ་ཆུས་སྤུ།། གཟུགས་བརྙན་སོར་བརྒྱད་ཚད་དུ་བྱ།། ཀླུ་ཡི་རྒྱལ་པོའི་ཁར་བཅུག་ལ།། དེ་ལ་དགུ་གཅིང་བསྟིམ་པ་ཡིན།། དེ་ནས་ཕུར་པ་གདབ་པ་བརྩམ།། སངས་རྒྱས་ཉིད་ཀྱང་འཁྲིག་པར་འགྱུར།། སེམས་ཅན་ཕལ ་པ་སྨོས་ཅི་དགོས།། བུམ་པ་བཟང་པོ་བསྟར་བྱས་ལ།། ནང་དུ་བདུད་རྩི་ལྔ་ཡང་བླུག། དེ་ཡི་ནང་དུ་ཡིག་འབྲུ་དགོད།། དེ་ལ་བདུད་རྩིས་གང་བར་བསམ།། དེ་ནས་མཎྜལ་པདྨ་བྱ།། དེ་སྟེང་དམིགས་པ ་དེ་བཞག་ལ།། སྔོན་ལ་སྟེང་གི་སྒོ་བཞིར་གཏུག། དེ་ནས་ཚངས་པའི་བུ་ག་ནས།། བདུད་རྩི་ཆུ་རྒྱུན་བླུགས་ནས་ནི།། ལུས་ལ་དུག་རྣམས་མི་གནས་པར།། འོག་གི་སྒོ་ནས་དབྱུང་བར་བསམ།། དེ་ལྟར་ཡང་དང་ཡང ་བྱས་པས།། དུག་རྣམས་ངེས་པར་འཇོམས་པར་བྱེད།། ཐལ་ཆེན་མཚན་མ་གདོང་ལ་གདབ།། ཐལ་ཆེན་ཡུངས་ཀར་བསྲེས་བྱས་ལ།། སྤྱན་བཟློག་བལྟས་ལ་དྲག་སྔགས་བཟླས།། དེ་ཡིས་སེར་བ་ངེས་པར ་བཟློག། པདྨའི་སྣོད་དུ་བདུད་རྩི་ལྔ།། དེ་སྟེང་སྨན་ལྔ་བྱུགས་ནས་ནི།། བཟླས་པ་སྟོང་ཕྲག་བརྒྱད་དུ་བྱ།། དེ་ནས་སྨན་རྣམས་དར་ཁྲུད་བཏུམ།། སྤྱི་བོ་དག་ཏུ་བཞག་ནས་ནི།། འཇིགས་པའི་གནས་ནས་ཐར་བར ་ངེས། ཁྲོ་བོ་རྟ་མགྲིན་རྒྱལ་པོའི་རྒྱུད་ལས། དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས།། གསུང་གི་དཀྱིལ་འཁོར་འདི་ཕྱེ་སྟེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱ་ཧཱུཾ། ་ཧཱ་ཧཱུཾ་ཧྣ་ཧཱུཾ། སྠཱམྦྷམྦྷ་སྟྱསྠཱ། མྦྷམྦྷམྦྷསྟྱམྦྷ། ཨོཾ་བཛྲ་ཀྲོ་དྷ་ཧཱཾ་ཀ་རཱ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཡ་ཙ་ལ་ཧཱུཾ། ཨོཾ་བཛྲ་ཀྲོདྷ་ཧ་ཡ་གྲྀ་བ ་ཕྱི་གྱིགྱིགྱི ་ཙྪ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཧེ་ནཱ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་རྠཱ། ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷཱི་དི་པ་ཡ་ཏི་ཧཾ། ཨོཾ་བཛྲ་ཀྲོ་དྷི་ལ་སེ་ཀི་ཧཱཾ། ཨོཾ་བཛྲ་ཀྲོ་དྷི་ཛ་ན་པ་ཏརྨཱ། ་ཨོཾ་བཛྲ་ཀྲོ་དྷི་ཤྭ་ཤཱ་ན་པརྟི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་མུ་པ་ལཱི་ཀྵྨཱཾ། ཨོཾ་བཛྲ་ཀྲོ་དྷི་ཙཎྜ་ལི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ས་བྷ་ཏིསྱཱཾ། ཨོཾ་བཛྲ་ཀྲོ་དྷི་མ་ར་ཎ་ལྱཾ། ཨོཾ་བཛྲ་ཀྲོ་དྷི་ཙུནྡ་པ་ཏི་ཀྵྨཱཾ། ཨོཾ་བཛྲ་ཏྲི་ཧྲི་ཏ་ལ་ཀྲོ་དྷ་ཡ་ཛ་ལ་ཀ་ལ་ཀ་ར་ཡ་ཧཱུཾ་ཧཱུ~ཾ ་ཕཊ། ཨོཾ་ཕཊ་ཊ་ཛ་ལ་ཛ་ལ། པྲ་ཛ་ལ་པྲ་ཛྭ་ལ། སྥུ་ཏ་སྥུ་ཏ། སྥུ་ཏ་ཡ་སྥུ་ཏ་ཡ། སརྦ་ནཱ་ག་བྷ་བ་མ་ཎི་པ་ར་ས་ར་ས་ར། སརྦ་དུཥྚཱཾ་ཧྲི་ད་ཡ། ཤོ་དྷ་རེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཱཾ། འཁོར་གྱི་སྔགས ་རྣམས་ཚུལ་བཞིན་དུ། དྷ་པེ། པུཥྤེ། ཨཱ་ལོ་ཀེ་གན་དྷེ། ལཱ་སྱེ་ཧཱུཾ། མཱ་ལེ་ཏཱཾ། གཱི་ར་ཏི་ཧྲཱིཿནི་ར་ཏི་ཨཱཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་མྲྀ་ཏ། མ་ཧཱ་ཨ་མྲྀ་ཏ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ་ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏོ་ཧྲི་ད་ཨ་ནུ་ཏ་ན་ཨ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏོ་པཱ་ཙ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། བཛྲ་ཨཾ་ཀུ་ཤ་ཛཿ། བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿོཾ་ལཾ། ཨཱ་ལཾ། ཧཱུཾ ་ལཾ། སྟཾ་བྷ་ནི། མོ་ཧ་ག་ཡ་བྷ་ག་བཱན། ཤྲཱི་ཏྲི་བི་གྲི། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་སརྦ་བིགྷ་ནཱན། ཀི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨཱ། ཚིན་དྷ་ཚིན་དྷ་བཛྲ་ཧཱུ~ཾ ་ཕཊ། བིན་དྷ་བིན་དྷ་ཧཱུཾ་བཛྲ་ཧཱུཾ་ཕཊ། གྲྀཧྞ་གྲྀ་ཧྞ་བཛྲ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ཏ་ཐ་ཡ་ཏ་ཐ་ཡ་བཛྲ་ཧཱུཾ་ཕཊ། ཧ་ས་ཡ་ཧྲི་བཛྲ་ཧཱུཾ་ཕཊ།། ཤྲཱི་གྷྲཾ་ཨཱ་ན་ཡ་བཛྲ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛྭ་ལ་པ་ཡ ་བཛྲ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨ་བེ་ཤ་ཡ་བཛྲ་ཧཱུཾ་ཕཊ། བྷིན་དྷ་ཡ་བྷིན་དྷ་ཡ་བཛྲ་ཧཱུཾ་ཕཊ། ད་ཧ་ད་ཧ་བཛྲ་ཧཱུཾ་ཕཊ། པ་ཙ་པ་ཙ་བཛྲ་ཧཱུཾ་ཕཊ། མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། ཛ་ལ་ཛ་ལ་བཛྲ་ཧཱུཾ་ཕཊ། སུ་རུ་སུ་རུ་བཛྲ་ཧཱུཾ་ཕཊ། མུ་རུ ་མུ་རུ་བཛྲ་ཧཱུཾ་ཕཊ། ཀ་ཊཾ་ཀ་ཊ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་མཱ་ར་སེ་ན་པྲ་མ་ར་དྷ་ན་ཡེ་བཛྲ་ཧཱུཾ་ཕཊ། ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཀ་ར་ཨི་དན་ཏེ། མ་མ་ཀརྨ་ཤཱི་གྷྲཾ་ཀ་ཏ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ན་ཡ་བཛྲ་ཧཱུཾ་ཕཊ། ཏདྱ་ཐཱ་བཛྲ་ཧཱུཾ། ་ཕཊ། ཨོཾ་སུ་རུ་སུ་རུ་ཧཱུཾ་ཕཊ། ཨུཙྪཥྤ་ཀྲོ་དྷ་ཧཱུཾ་ཕཊ། ཧཱུཾ་ཡ་ཧཱུཾ་ཡ་ཕུ་ཕུ་ནཱ་ག་ནཱ་ག་དུམ་པ་ལི་ཕཊ། ཤིནྟིཾ་ཀུ་རུ་སྭཱ་ཧཱ། པྲིཥྚིཾ་ཀུ་རུ་སྭཱ་ཧཱ། བ་ཤཾ་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཧཱུཾ་ཕཊ། བཏུ་བའི་ཡི་གེ་གཞན་དུ་བརྗོད།། རྟ་མགྲིན་རྒྱལ ་པོའི་རྒྱུ་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་དཔལ་ཁྲག་འཐུང་གིས་ས་བདག་བསྲུང་བ་བསྟན་ཏེ། གང་ནས་གནོད་པའི་ས་ཕྱོགས་ནས།། ས་བླང་སྦལ་པའི་གཟུགས་བྱས་ཏེ།། དེ་ལ་གླ་རྩི་ལན ་དང་།། སྐྱེ་ཚེ་ཁྲག་སྐམ་གཟུགས་བྱས་ལ།། ཤོག་བུར་སྦལ་པའི་གཟུགས་བྲིས་ལ།། དེ་ཡི་མཐའ་ལ་འཁོར་ལོ་རྩིབས་དྲུག་བྲི།། དེ་ལ་གབ་པའི་སྔགས་དྲུག་བྲི།། མགོ་བོ་ཡན་ལག་འབྲུ་དགུས་བསྐོར།། འདོམས་སུ་མ ་རས་ན་བྲི།། སྙིང་གར་སྲུང་མ་གསུམ་གྱི་སྔགས་བྲིས་ལ།། གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ།། མཐའ་མ་ཁྲོ་བཅུའི་སྔགས་ཀྱི་བསྐོར།། ས་ཆོ་ག་སྔོན་འགྲོ་མཚམས་གཅད་བྱ།། བསྙེན་བསྒྲུབ་གནད་སྲེག་འཕང་དང ་གདབ།། སྒྲུབ་པ་ཆེན་པོའི་བཀའ་བཞིན་བྱའོ།། གནོད་ཚབ་ཆུང་ལ་རང་སྔགས་བསྲུངས།། གནོད་ཚབས་ཆེན་གདབ་ལས་བྱ།། དེ་ལྟར་བྱས་ན་ཐེ་ཚོམ་མེད།། རྟ་མགྲིན་རྒྱལ་པོའི་རྒྱུད་ལས། ས་བདག་བསྲུང་བའི ་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའི་དོན་བསྟན་ཏེ།། ལྟེ་བར་གཏུམ་མོ་འབར་བ་ལ།། འཁོར་ལོ་རྩིབས་བཅུ་རབ་ཏུ་བསྟན།། ཆོས་ཀྱི ་འཁོར་ལོ་བཅུ་དྲུག་པོ།། ལོངས་སྤྱོད་འཁོར་ལོ་རླབས་ཆེན་པོ།། བཅུ་དྲུག་ཆ་ལ་མཉམ་པར་བསྒོམ།། བདེ་བ་ཆེན་པོའི་འཁོར་ལོ་ནི།། སོ་གཉིས་པར་ནི་རབ་ཏུ་བཤད།། གཡས་པའི་རྩ་ནི་བྱང་ཆུབ་སེམས།། གཡོན ་པའི་རྩ་ནི་མི་མཐོང་བཀྲ།། དབུས་ནི་དྷུ་མ་ཨ་བ་དྷཱ།། བདེ་བ་ཆེན་པོའི་འཁོར་ལོ་ལ།། མིང་གི་ཡི་གེ་སོ་གཉིས་དགོད།། ཆོས་དང་ལོངས་སྤྱོད་འཁོར་ལོ་ལ།། དབྱངས་ཀྱི་ཡི་གེ་བཅུ་དྲུག་དགོད།། ལྟེ་བ་ཤེས་རབ ་འཁོར་ལོ་ལ།། ཨ་ཐུང་བཅུ་གཉིས་མཐའ་མ་ཨཱ།། མ་བསྒོམས་སེར་ལ་བསྒོམས་པས་དམར།། ཛྭ་ལ་རཾ་གྱིས་མེ་སྦར་ལ།། དབབ་དང་བཟློག་པ་ཚུལ་བཞིན་བྱ།། གསང་བའི་དབང་ཆེན་དེ་རུ་བསྐུར།། ཤེས་རབ ་ཡེ་ཤེས་དབང་རྣམས་ནི།། དགའ་བ་བཞི་ཡི་ཉམས་མྱོང་སྐྱེད།། ལས་བཞིའི་བུད་མེད་གང་ཡང་ཤིས།། བྱང་ཆུབ་སེམས་ཀྱི་ལམ་ལ་འཇུག། མཉམ་པ་ཆེན་པོའི་ངང་ལ་གནས།། རྟ་མགྲིན་རྒྱལ་པོའི ་རྒྱུད་ལས། རྫོགས་རིམ་གྱི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀ་ལ་སོགས་ཏེ། འཁོར་རྣམས་ཀྱིས་ཞུས་པ། ཨེ་མ་ཧོ། བསྐྱེད་པའི་རིམ་པ་ཇི་ལྟར་ལགས།། རྫོགས ་པའི་རིམ་པ་ཇི་ལྟར་ལགས།། སྔགས་ཀྱི་མཚན་ཉིད་ཇི་ལྟར་ལགས།། མཉམ་པའི་མཚན་ཉིད་ཇི་ལྟར་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐྱེད་པའི་རིམ་པ་ཧཱུཾ་ལས་སྤྲོ།། རྫོགས་པའི་རིམ་པ ་ཨ་ལ་བསྡུ།། སྔགས་ཀྱི་མཚན་ཉིད་བཞི་རུ་དབྱེ།། མཉམ་པའི་མཚན་ཉིད་དང་ལ་བཞག། ཅེས་གསུངས་སོ།། དེ་ནས་འཁོར་རྣམས་དགྱེས་ནས། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་བསྟོད་དོ།། མངོན ་རྫོགས་རྒྱལ་པོ་ཡབ་ལ་བསྟོད།། ཁྲག་འཐུང་སྙིང་རྗེ་རྒྱལ་ལ་བསྟོད།། གསུང་མཆོག་རྒྱལ་པོ་ཁྱོད་ལ་བསྟོད།། མ་དཔུང་ཆས་བརྒྱད་ཁྱོད་ལ་བསྟོད།། ཅེས་བསྟོད་དོ།། ཁྲོ་བོ་རྟ་མགྲིན་གྱི་རྒྱུད་ལས། རྒྱུད་ཡོངས་སུ ་གཏད་པའི་ལེའུ་སྟེ་དྲུག་པའོ།། །། ཁྲོ་བོ་རྟ་མགྲིན་གྱི་རྒྱུད་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ཀྲོ་དྷ་རཱ་ཛ་ཨ་པ་རཱ་ཛ་ཏ་ཏནྟྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་གཞན་གྱི་མི་ཐུབ་པའི་རྒྱུད། ་