| Wylie | e-texts produced with BDRC’s OCR application |
སོ།། རྒྱུད་ཀྱི་རྒྱལ་པོ་རྣམ་པར་རྒྱལ་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་པའོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་རྫོགས་སོ།། །། @#།། རྒྱ་གར་སྐད་དུ། ཀྲོ་དྷ་ནཱི ་ལ་དཎྜ་ཏནྟྲ། བོད་སྐད་དུ། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད།། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དབྱུག་པ་སྔོན་པོ།། འོག་མིན་གནས ་ཀྱིས་གཞལ་ཡས་ན།། མཐའ་དང་དབུས་མེད་པའི་རང་བཞིན་གྱི་གསལ་བའི་གཞལ་ཡས་ཁང་ན། ཡུམ་དང་གཉིས་སུ་མེད་པར་བཞུགས་ཏེ། ཀརྨ་ཧེ་རུ་ཀ་དང་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་གྱི ་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་བའི་བདག་པོ་རང་བཞིན་ཅན།། མཆོག་གི་ལས་རྣམས་ཐམས་ཅད་མཁྱེན།། འདི་ནི་རྗེས་སྒྲུབ་རྣལ་འབྱོར་པས།། གནས་ཀྱི་ཁྱད་པར་མི་འཚལ་ལམ།། གནས ་རྣམས་རིམ་པ་ཇི་ལྟར་ལགས། ཁྲག་འཐུང་རྒྱལ་པོས་བཀའ་སྩོལ་ཅིག། དེ་སྐད་གསོལ་བ་གསན་ནས་ནི། ཁྲག་འཐུང་དཔའ་བོ་མཐུ་ཆེན་གྱིས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། གནས་ཀྱི་ཁྱད ་པར་ངས་བསྟན་གྱིས།། སྤྱིར་ནི་དྲག་པོའི་གནས་རྣམས་ནི།། དུར་ཁྲོད་གནས་སམ་ཤིང་གཅིག་དྲུང་།། མ་མོའི་གནས་དང་ཟེའུ་རང་གནས།། ལྷ་འདྲེ་འདུ་བའི་ལམ་རྒྱ་གྲམ།། ས་སྲིན་མ་མོ་དུ་མ ་འགྲོགས།། མི་རྣམས་ཕུང་བའི་ཁང་སྟོང་དང་།། དུག་ཤིང་སྐྱེས་པའི་གནས་རྣམས་ལ།། གདུག་པ་སྦྲུལ་ལ་སོགས་པའི་ཚང་།། མང་པོར་བཅས་ཤིང་འདུ་བ་དང་།། རལ་པ་འདྲ་བའི་གནས་སུ་ནི།། རྡོ་རྗེ་དྲག་པོ ་བསྐུལ་བའི་གནས།། ནགས་ཆེན་པོ་ནི་གང་ན་བར།། རྣལ་འབྱོར་མིག་གིས་བལྟས་པ་ཡི།། ལྷ་མི་ཡོངས་ལ་གྲགས་པའམ།། ཆུ་མིག་ལྐུགས་པ་ཀླུ་ཡི་མིག། རྒྱུ་ལམ་གོང་གསུམ་འབྱུང་པོའི་སྲང་།། ཕྱོགས་ལས་གྲུབ ་པའི་དགྲའམ་བགེགས།། མི་དཔུང་གྲུ་གསུམ་མ་རུངས་པ།། བ་ཚྭ་ཞུ་ཆུ་དམྱལ་བའི་ཆུ།། གནོད་སྦྱིན་མང་པོ་འདུ་བའི་ས།། སྲིན་པོ་ཁྲོས་པའི་གདོང་མདངས་འདྲ།། གདུག་པ་ཆུ་སྲིན་ཁ་གདངས་འདྲ།། དྲེད་མོ་རལ ་པའི་གསེབ་ནང་དུ།། དྲག་པོའི་ལས་སུ་བྱ་བ་ཡིན།། མེ་ཏོག་མང་པོའི་གླིང་ཡོད་དང་།། རི་ནི་རིན་ཆེན་སྤུངས་པ་འདྲ།། སྐྱེད་མོས་ཚལ་དང་དཔག་བསམ་ཤིང་།། ངང་པ་བུང་བའི་སྒྲ་སྒྲོགས་པ།། སྐད་སྙན་བྱ་ནི་སྣ ་ཚོགས་སྒྲོགས།། སྙིང་པོ་མཆོག་གི་འབྲུ་སྣ་ཅན།། གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ།། ས་ནི་པདྨ་འདབ་བརྒྱད་འདྲ།། གནས་ཀྱི་དབྱིབས་ལེགས་ཁ་ཤར་བལྟས།། ལུང་པ་རན་ཅིང་མཛེས་པར་ནི།། ལས་ཀྱི་བྱ་བ ་གཞུང་ཡང་བརྩམ།། བཀྲ་ཤིས་དོན་འགྲུབ་གནས་ཡིན་པས། དབང་དང་དགུག་པའི་གནས་སུ་བསྟན།། ནགས་ནི་ཚེར་མ་གདུག་པ་ཡོད།། སྟག་དང་དོམ་དང་གཟིགས་རྣམས་དང་།། སྦྲུལ་གདུག་གནས་པའི་ནགས ་འདབ་དང་།། གནམ་ནི་རལ་གྲི་འདྲ་བ་དང་།། མདའ་ཡིས་ཕུག་དང་གྲིས་བཤའ་འདྲ།། ས་ནི་ཟུར་གསུམ་འཇོམས་པའི་དབྱིབས།། ས་འཁོས་མེ་དཔུང་འབར་བ་འདྲ།། ལེགས་ལ་དུ་བའི་རི་མོ་ཡོད།། ཉམས་དང ་ལྡན་པས་བཙལ་བྱས་ན།། ངེས་པར་མྱུར་དུ་འགྲུབ་པར་འགྱུར། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས།། གླེང་གཞིའི་གནས་ཀྱི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ ་དེས།། དཀྱིལ་འཁོར་གྱི་ལས་བསྟན་ཏེ།། དབྱུག་པ་སྔོན་པོའི་དཀྱིལ་འཁོར་ནི།། མཐིང་ནག་གྲུ་གསུམ་འབར་བ་ལ།། ཐོད་པ་གསུམ་དང་དབྱུག་པས་བརྒྱན།། དབུས་སུ་རོ་ཡི་ཕུང་པོ་ལ།། སྐད་ཅིག་གིས་ནི ་གསལ་བར་བལྟ།། མཆེ་གཙིགས་རྐན་རྡེབ་དབྱུག་པ་ལེན།། ཧཱུཾ་གི་རང་སྒྲ་ཐམས་ཅད་སྒྲོགས།། ཆག་གང་དབུས་སུ་བཞག་པ་ནི།། རོ་སོགས་གཡས་པའི་དཀྱིལ་གནས་སུ།། གཟུགས་བརྙན་བྱས་ལ་གཞག་པར ་བྱ། དེ་ལ་ཤེས་པ་རབ་སྟིམས་ལ།། དབུས་སུ་ལྕགས་ཀྱི་ཕུར་གདབ་ལ།། གཞག་པར་བྱ་བ་ཡིན་པར་བཤད།། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀ་ཧྣ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན། བིདྱཱ་རཱ་ཛ་ཧཱུཾ ་ཕཊ། སྦྱོར་བ་དེ་ཡིས་རབ་སྦྱར་ན།། གང་ཡིན་གནས་སུ་དགུག་པར་བྱེད།། དེ་ནས་ལས་ལ་སྦྱར་ནས་ནི།། ལྕགས་ཀྱི་ཕུར་པ་ལྔ་བཏབ་ན།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། གདུག་པ་ཅན་ལ་ལྟ་ཅི ་སྨོས། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས། དཀྱིལ་འཁོར་དབྱེ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། དམ་ཚིག་ཉམས་པ་བསྒྲལ་བའི་དོན་བསྟན་ཏེ། དམ་ཚིག ་ཉམས་དང་འཁུས་པ་དང་།། དམ་ལས་ལོག་ཅིང་ཆོས་ལ་རྒོལ།། དམ་མེད་དཀྱིལ་འཁོར་མ་མཐོང་དང་།། སེམས་ཅན་ཡོངས་ལ་འཚེ་བ་དང་།། དཀོན་མཆོག་སྐུ་དགྲ་ཡོངས་ལ་སྡང་།། དམ་མེད་ཚོགས་ཀྱི་སྦྲང་ཀི ་བྱེད།། ཆོས་ལ་རྟོག་ཅིང་མཚང་ལ་རྒོལ། ཁ་ལ་ཆོས་བྱེད་སྙིང་རྗེ་མེད། ཁྲག་འཐུང་རྒྱལ་པོས་བསྒྲལ་བར་གསུངས།། དྲག་པོའི་གསང་སྔགས་དྲག་བཟླས་ཤིང་།། བཟླས་པར་བྱ་ཞིང་དུག་མེ་གཏོང་།། ཚིལ་ཆེན་ཞུན ་ར་རྩི་སྒྲར་ལ།། མཆོག་གི་རྐང་གིས་དཀྲུག་བྱ་ཞིང་།། ལེགས་པར་འདྲེས་པར་གྱུར་པ་དང་།། ཕོག་ཅིང་དཀྲུགས་ཏེ་བཟླས་པ་བྱ།། རྐང་རྗེས་ཤོག་ཤོག་མིང་བྱང་ལ།། དེ་ལ་རབ་ཏུ་བྱུག་བྱས་ཏེ།། དམ་ཚིག ་ཉམས་པ་དེ་ལ་བསྟིམ།། སྲས་ཀྱི་ཕུར་པ་དེ་ལ་གདབ།། བསྒྲལ་བའི་ཞིང་དུ་དེ་གཏོགས་སོ།། བཏབ་མ་ཐག་ཏུ་འཆི་བར་འགྱུར། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས། དམ་ཚིག་ཉམས་པ་བསྒྲལ་བའི་ལེའུ་སྟེ་གསུམ ་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། ཕྱུགས་ནད་བསྲུང་བར་བྱ་སྟེ། སྨན་སྣ་ལྔ་དང་དྲི་སྣ་ཚོགས།། ཕུར་པ་ཡུངས་ཀར་གུ་གུལ་དང་།། མཆོད་ཅིང་གཞུང་བསྲང་སྨན་མཆོད་བྱ།། འབྲུ ་དགུ་བཟླས་ཤིང་དྲག་སྔགས་གདགས།། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། ཛ་ཡེ་བི་ཛ་ཡེ། ཀ་ཏང་ཀ་ཡེ། སྲུང་མ་གསུམ་གྱི་སྔགས་རྣམས་གཅེས།། ཟླ་བ་དྲུག་ཏུ་བཟླས་པ་བྱ།། ཕྱུགས་ལ་སྨན་བླུད་ཕུར་པ་གདགས།། བཅོམ ་ལྡན་དབྱུག་སྔོན་སྲུངས་ཤིག་བྱ།། ཡུངས་ཀར་སྔགས་ཀྱི་ཕུར་པ་གདགས།། ཕྱུགས་ནད་བསྲུང་བ་འགྲུབ་པར་འགྱུར། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས། ཕྱུགས་ནད་བསྲུང་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས ་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ། ཀརྨ་ཧེ་རུ་ཀ་དང་། གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ལ་སོགས་པ་ཕྲ་མེན་གྱི་ཚོགས་ཀྱིས། འདི་སྐད་ཅེས་གསོལ་ཏོ།། ཕྱིས་ནི་ས་ཕྱོགས་གང་དུ ་དར།། གང་ཟག་ཅི་ལྟ་བུ་དང་འཕྲད།། འདི་སྟོན་སློབ་དཔོན་ཇི་ལྟར་ལགས།། བདག་ཅག་རྣམས་ཀྱིས་ཇི་ལྟར་བགྱི།། བཅོམ་ལྡན་འདས་ཀྱིས་ལུང་བསྟན་གསོལ།། དེ་སྐད་ཅེས་ནི་གསོལ་པ་དང་། ཁྲག་འཐུང་རྒྱལ ་པོས་འཁོར་གྱི་ཚིག། གསན་ནས་གསུང་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ནི་བཅོམ་ལྡན་འདས་དང་འདྲ།། སེམས་ཅན་ཀུན་ལ་ཕན་བྱེད་ཡིན།། མཁའ་མཉམ་པ་ཡི་ཕ་མ་ཡིན།། དེ་ཡང་འདི་ལྟར་གནས་པར་གྱིས།། ་ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་ལས།། རྒུད་ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། ཁྲོ་བོ་དབྱུག་པ་སྔོན་པོའི་རྒྱུད་རྫོགས་སོ།། @#།། རྒྱ་གར་སྐད་དུ། ཀྲོ་དྷ་ཡ་མནྟ་ཀ་ཏརྠ། བོད་སྐད་དུ། ་