CLOSE WINDOW

Gpb026.007: rdo rje phur pa chen po gtor ma'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་མ་ཧཱ་བ་ལི་ཏ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག ་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དཔལ་ཐམས་ཅད་མཁྱེན་པས། སྐུ་ཐམས་ཅད་ཀུན་ཏུ་གསལ་ཞིང་མཚན་དང་དཔེ་བྱད་དུ་ལྡན་ནས། ཐམས་ཅད་ཀུན་ཏུ་མ་བསྒྲིབས་པས། ་ཕྱོགས་ཐམས་ཅད་ནས་གསལ་བར་གྱུར་ཏེ། ལྷན་ནེ་ལྷང་ངེ་མ་བསྒྲིབས་པར་གསལ་བ་སྟེ། གསང་སྔགས་དམ་པ་འབྱུང་བའི་དུས་ན་བྱིན་གྱིས་བརླབས་ཀྱིས་སྟོན་པ་ཉིད་དུ་རྣམ་པར་གོ་བར་གྱུར་པ་སྟེ།། འོག་མིན ་དམ་པའི་གནས་མཐའ་དང་དབུས་མེད་པ་ན། རིན་པོ་ཆེའི་གཞལ་ཡས་ཁང་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། བྱང་ཆུབ་སེམས་དཔའི་འཁོར་མང་པོ་དང་། གཉིས་སུ་མེད་པར་བཞུགས་ནས་མཉམ ་འི་ངང་གིས་རྣམ་པ་གསུམ་གྱི་ཚུལ་དུ་སྟོན་པར་གྱུར་ཏེ། ཐམས་ཅད་མཁྱེན་པ་མ་ལུས་པ།། ཡང་དག་དོན་རྣམས་བསྟན་པའི་ཕྱིར།། ཐུགས་རྗེ་རྒྱ་མཚོ་ཆེན་པོ་ལ།། ཐམས་ཅད་འབྱུང་ཞིང་རྣམ་པར་འདུ།། ཉོན ་མོངས་སྤངས་པའི་ཕ་རོལ་ན།། རྒྱལ་བ་བྱ་བ་རྡུལ་ཙམ་མེད།། སེམས་ཉིད་བྱང་ཆུབ་སེམས་འདི་ཡང་།། རྒྱལ་བར་གྱུར་པའི་སྙིང་པོ་ཡིན།། སྟོང་པའི་ཆོས་ཉིད་དམ་པ་ཡིན།། སྣང་བ་མ་འགགས་ལྷུན ་གྱི་གྲུབ།། གཉིས་སུ་མེད་པའི་དམ་པ་ཡིན།། འཁོར་བའི་བཅུད་ཕྱུང་བདེ་གཤེགས་རྒྱུ།། འཁོར་བའི་དྲི་མ་རང་བཞིན་དག། རྒྱུད་དང་ལུང་དང་མན་ངག་གསུམ།། བསྟན་ཅིང་གོ་སྟེ་ཤིན་ཏུ་གསལ།། མེད་པ་མ་ཡིན། ་སྙིང་པའི་དོན།། ནམ་མཁའི་སྙིང་པོ་མཐའ་ཡས་མཆོག། ངེས་མེད་སེམས་ནི་སྣ་ཚོགས་ཏེ།། སྣ་ཚོགས་ངོ་བོ་གཅིག་ཏུ་སྣང་།། སྣང་བ་ཉིད་དུ་གཟུང་དུ་མེད།། ཐམས་ཅད་མཆོག་གི་སྙིང་པོ་འདི།། གཞན་དུ་རྒྱལ ་བས་ཆོས་མི་བཙལ།། རང་རིག་སྙིང་པོ་མ་རྟོགས་ན།། བཙལ་བས་རྒྱལ་བའི་ཆོས་མི་རྙེད།། འཁོར་བ་མེད་ཅིང་སངས་རྒྱས་མེད།། ལྷ་ཡང་མེད་ཅིང་འདྲེ་ཡང་མེད།། མཐོ་རིས་མེད་ཅིང་ངན་སོང་མེད།། ཐམས་ཅད ་སེམས་ཉིད་རིག་པའི་སློང་།། འདི་ནི་གང་ཡིན་བདེར་གཤེགས་རྒྱུ།། དེ་ཉིད་མ་སྤངས་ལྷུན་གྱིས་གྲུབ།། མ་བཙལ་མ་བསྒྲུབས་ལྷུན་གྱིས་གྲུབ།། ཀུན་ཏུ་བཟང་པོ་ཐམས་ཅད་མཁྱེན།། རྡོ་རྗེ་སེམས་དཔའི་དོན་རྣམས ་སྟོན།། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས།། གཉིས་སུ་མེད་པའི་འདུལ་བའི་དོན།། ཀུན་བཟང་དམ་པ་ལྷ་ཡི་ལྷ།། ཚད་མ་གསུམ་ནི་ངེས་བཟུང་ནས།། ངེས་གཞི་དོན་ལ་ཡང་དག་འབེབས།། གཉིས་སུ་དོན་རྟོག་གང ་འཛིན་པ།། གཉིས་མེད་ངོ་བོར་ཡོངས་མི་འགྲུབ།། དྲུག་དང་བཅུ་ཡིས་མ་གྲུབ་ཅིང་།། བཅུ་བདུན་རྩ་གཅིག་ངེས་པར་འགྲུབ།། ངེས་གཟུང་མེད་པར་དོན་རྟོགས་ན།། ཐོབ་མེད་འབྲས་བུ་སྒྲུབ་མི་དགོས།། རྩོལ་མེད ་ལམ་ལ་བགྲོད་མི་དགོས།། རིམ་པས་ས་ལ་སྦྲང་མི་དགོས།། ཡང་དག་ཉིད་དུ་དོན་རྟོགས་པས།། དེ་མ་རྟོགས་པས་འབྲས་བུ་མེད།། བསྒོམ་མེད་སྩོལ་མིན་སྙིང་པོའི་དོན།། ཉམས་སུ་ལེན་པའི་དམ་པ་འདི།། ཉམས ་མེད་རྟོག་པས་བཅིངས་པ་འདིས།། རྟོག་པས་འབྲས་བུ་གང་བལྟས་པ།། དེ་ཉིད་རྟོག་པ་ཉིད་དུ་འགྱུར།། རྟོག་པས་བལྟས་པ་འཁོར་བའི་རྒྱུ།། རྟོག་པ་ཉིད་ཀྱང་ངེས་བཟུང་བྲལ།། ངེས་པ་རྟོགས་པ ་གང་དུ་འཛིན།། མ་ངེས་རྟོག་པར་གཟུང་བ་མེད།། དེ་ཕྱིར་རྟོག་པའི་ངེས་བཟུང་བྲལ།། མ་རིག་རྟོག་པའི་གཟུང་འཛིན་བྲལ།། རྒྱུ་ལས་བསྐྱེད་པར་སྣང་མི་སྣང་།། རྒྱུ་ལས་བསྐྱེད་པར་གྱུར་པ་ན།། རྒྱུ་ལས་བསྐྱེད་པར ་འཇིགས་པར་འགྱུར།། དེ་ལ་ཡང་དག་དོན་མི་དགོས།། གལ་ཏེ་རྒྱུ་ལས་མ་གྲུབ་ན།། དཔེར་ན་ནམ་མཁའ་སྟོང་པ་ལ།། རྒྱུ་མེད་རྐྱེན་གྱིས་དེ་མི་འཇིགས།། མ་རིག་རྒྱུ་མེད་སྟོང་པ་ལ།། ཇི་ལྟར་བྱས་ཀྱང་ངལ་བའི ་རྒྱུ།། དཔེར་ན་ནམ་མཁའ་སྟོང་པ་ལ།། རྒྱུ་དང་རྐྱེན་དུ་མ་བསྟན་ཀྱང་།། སྤྲིན་དང་ན་བུན་ཁུ་རླངས་འབྱུང་།། དེ་བཞིན་སེམས་ཉིད་སྟོང་པ་ལ།། རྒྱུ་ལས་བསྐྱེད་དང་མ་བསྐྱེད་པའི།། དོན་ཉིད་ཡང་དག་བཤད་དཀའ ་ཡང་།། མ་རིག་ནམ་མཁའི་སྤྲིན་དང་འདྲ།། ནམ་མཁའ་སྤྲིན་དུ་མ་ཤེས་ཤིང་།། སྤྲིན་ཉིད་ནམ་མཁར་མ་ཤེས་ན།། སྤྲིན་དང་ནམ་མཁའ་ཐ་དད་མེད།། སེམས་ཉིད་སྟོང་པ་ནམ་མཁའ་ལ།། མ་རིག་པ་ཉིད་སྤྲིན་དང ་འདྲ།། མ་རིག་ཡེ་ཤེས་ཐ་དད་མེད།། མ་རིག་པ་ཉིད་ཡང་དག་ལམ།། འཁོར་བ་ཉིད་ཀྱང་བདེ་གཤེགས་རྒྱུ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། དཔེར་ན་རིན་ཆེན་གསེར་གླིང་འདྲ།། རིན་ཆེན་གསེར་གླིང་ཕྱིན ་གྱུར་ན།། དབྱིབས་དང་ཁ་དོག་ཐ་དད་ཀྱང་།། ཐམས་ཅད་གསེར་གྱི་ངོ་བོར་གཅིག། དེ་བཞིན་སེམས་ཀྱི་མཚན་ཉིད་ཀྱང་།། མཚན་མ་སྣ་ཚོགས་ཅིར་སྣང་ཡང་།། ཐམས་ཅད་སེམས་ཀྱི་ངོ་བོར་གཅིག། བསྟན་པའི ་སྙིང་པོ་དམ་པ་འདི།། འདི་དང་འདི་རུ་བསྟན་པར་ནི།། བདེར་གཤེགས་ཉིད་ཀྱིས་བརྗོད་པར་དཀའ།། དོན་དམ་ཆོས་དབྱིངས་ནམ་མཁའ་འདྲ།། སྐྱེ་མེད་ནམ་མཁའི་ངོ་བོ་ལས།། སྐྱེ་བའི་ཆོ་འཕྲུལ་ཅིར་ཡང ་སྣང་།། དེ་བཞིན་སྐྱེ་མེད་ཆོས་དབྱིངས་ལས།། སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྣང་།། གླེང་གཞི་བྱང་ཆུབ་སེམས་ཉིད་ཡང་།། དཔེར་ན་ནམ་མཁའ་ཉིད་དང་འདྲ།། དངོས་པོར་སྣང་བའི་ཆོས་རྣམས་ཀུན།། འབྱུང་ཡང ་ནམ་མཁའ་ཉིད་ལས་འབྱུང་།། འདུས་ཀྱང་ནམ་མཁའ་ཉིད་ལ་འདུས།། གླེང་གཞི་བྱང་ཆུབ་སེམས་ཉིད་ལ།། ལྟ་བ་སྒོམ་པ་དཀྱིལ་འཁོར་དང་།། ལྷ་དང་དམ་ཚིག་ལ་སོགས་པ།། མཆོད་པ་དང་ནི་བསྟོད་པ ་དང་།། ཐམས་ཅད་བྱང་ཆུབ་སེམས་ལས་འབྱུང་།། འདུས་ཀྱང་བྱང་ཆུབ་སེམས་ལ་འདུས།། ཡང་དག་བསྟན་པའི་སྙིང་པོ་འདི།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། གཉིས་སུ་གཟུང་དུ་ག་ལ་ཡོད།། ངེས་བཟུང ་བྲལ་བའི་ཆོས་ཉིད་ལ།། དངོས་པོར་བཟུང་དུ་ག་ལ་ཡོད།། མཐའ་དབུས་མེད་པའི་ཆོས་ཉིད་ལ།། ཕྱོགས་ཆར་བཟུང་དུ་ག་ལ་ཡོད།། སྣང་སྟོང་གཉིས་སུ་མེད་པ་ལ།། སྣང་ཞེས་མཚན་མར་ག་ལ་འཛིན།། སྟོང་ཞེས ་ཆད་པར་ག་ལ་བལྟ།། དེ་ཕྱིར་སྣང་སྟོང་གཉིས་སུ་མེད།། ཀུན་ཏུ་བཟང་པོ་ཀུན་གྱི་གཞི།། ཞེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་བརྗོད་དུ་མེད་པའི་དོན་བསྟན་ཏོ།། རྡོ་རྗེ་ཕུར་པ ་ཆེན་པོ་གཏོར་མའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་མཉམ་པའི་ངང་གིས་ཡུམ་གྱི་བྷ་ག་ལ་བཞུགས་ནས། ཨེ་མ་ཧོ་མཉམ་པ་ཉིད་ཀྱི་ངོ་བོ་ནི།། བསྟན་པའི་སྙིང་པོ་དོན་གྱིས་གོ། འདི་ནི ་སངས་རྒྱས་འབྱུང་བ་སྟེ།། ཀུན་བཟང་ཉིད་དུ་རྣམ་པར་གྲགས།། ཨེ་མ་འདི་ལྟར་ངོ་མཚར་ཆེ།། ཡ་མཚན་འཕྲུལ་ཆེན་རང་ལས་བྱུང་།། མི་བཙལ་རང་བྱུང་ངོ་མཚར་ཆེ།། ངོ་མཚར་ཆེན་པོ་ལྷ་ཡི་སྐུ།། ཇི་ལྟར ་བལྟས་པས་འགྲུབ་པར་འགྱུར།། འདི་ནི་རབ་ཏུ་ངོ་མཚར་ཆེ།། ཨེ་མ་འདི་ནི་ངོ་མཚར་ཆེ།། སྐྱེ་བ་མེད་པའི་ཆོས་དབྱིངས་ལས།། བསྟན་པས་གོ་བ་ངོ་མཚར་ཆེ།། དོན་ཉིད་བརྗོད་དུ་མེད་པ་ལ།། བརྗོད་པས་གོ་བ་ངོ། ་མཚར་ཆེ།། མུན་པ་ལྟ་བུའི་གཏི་མུག་ལ།། མར་མེ་ལྟ་བུའི་འོད་བྱུང་ནས།། གཏི་མུག་མུན་སེལ་མར་མེ་སྒྲོན།། མུན་པ་འཇོམས་པའི་ཤེས་རབ་འོད།། འདི་ལྟར་གདུལ་བྱེད་བདེ་གཤེགས་བྱུང་།། འདུལ་བའི་ངོ་ལ ་ཅིར་ཡང་སྣང་།། གཉིས་སུ་མེད་པར་མཉམ་པར་སྦྱར།། ཨེ་མ་འདི་ལྟར་ངོ་མཚར་ཆེ།། ནམ་མཁའ་སྟོང་པ་སྐྱེ་མེད་ལ།། སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྟོན།། དེ་བཞིན་སྐྱེ་མེད་ཆོས་དབྱིངས་ལས།། སྐྱེ་བའི་ཆོ་འཕྲུལ ་བསམ་མི་ཁྱབ།། སྟོན་པ་འབྱུང་ཞིང་འཁོར་རྣམས་འབྱུང་།། ཐུགས་རྗེ་འབྱུང་ཞིང་བྱིན་རླབ་འབྱུང་།། དཀྱིལ་འཁོར་འབྱུང་ཞིང་མཆོད་པ་འབྱུང་།། ཐམས་ཅད་ཐམས་ཅད་འབྱུང་བ་ཡིན།། ཐུགས་རྗེ་ཆེན་པོའི་བྱིན་རླབ ་ཀྱིས།། བདེ་བ་ཆེན་པོ་དབབ་ཏུ་གསོལ།། ཨེ་མ་འདི་ནི་གང་འབྱུང་བ།། ཐུགས་རྗེ་སྤྲུལ་པ་ཆེན་པོ་འབྱུང་།། འགྲོ་བ་འདུལ་བ་བསྟན་པའི་ཕྱིར།། གང་གིས་འདུལ་བ་དེ་བཞིན་དུ།། འདུལ་བའི་ངོ་ལ་ཅིར་ཡང ་སྟོན།། ཡབ་ལ་དགྱེས་ཤིང་ཡུམ་ལ་ཆགས།། ཆགས་པའི་མདངས་ཀྱི་དགྱེས་པ་ན།། སེམས་དང་སེམས་སུ་འདྲེས་པས་ན།། སེམས་ཉིད་མི་འགྱུར་བརྟན་པའི་མཆོག། དགྱེས་པ་ཆེན་པོས་དབབ་ཏུ་གསོལ།། ཨེ་མ་མི ་འགྱུར་བརྟན་པ་ལ།། འགྲོ་བ་ཀུན་གྱི་དོན་གྱི་ཕྱིར།། ཡབ་ལ་འཁྱུད་ཅིང་དགེས་པ་བསྐུལ།། འདོད་པས་གཡོས་ཤིང་རབ་ཏུ་འཛུམ།། ཟིམ་བག་བཅས་ཤིང་བརྩེ་བ་སྐྱེ།། མཆུ་འགུལ་ལྕེ་འདྲིལ་རབ་ཏུ་གདུང་།། རྩ ་རྣམས་རབ་ཏུ་རྒྱས་མཛད་དེ།། པདྨ་ལ་ནི་བདེ་བ་དབབ།། ཨེ་མ་སྟོན་པ་ཡུམ་དང་བཅས།། ཡུམ་ནི་དགེས་པས་ཡབ་ལ་འཁྱུད།། ཡབ་ཀྱི་བདེ་བ་ཆེན་པོ་འདི།། ཡུམ་གྱིས་དགེས་པས་བསྐང་བའི་ཕྱིར།། གསང་བའི ་རྡོ་རྗེ་བདེ་བ་འབེབས།། བདེ་བ་ཆེན་པོ་འདི་དག་ནི།། ཡུམ་ལ་དབབ་ཀྱི་དགེས་པར་མཛོད།། ཡབ་ཡུམ་བདེ་བ་ཆེན་པོ་འདི།། དགེས་པ་ཆེན་པོས་དབབ་པར་མཛོད།། ཨེ་མ་ཨོཾ་ཨཱཿཧཱུཾ་ཕཊ། ས་མ་ཡ་ཧོཿས་མ་ཡ་སྟྭཾ། ་ཨ་ནུ་རཱ་ག་ཡ་མི། ཨ་ནུ་རཱ་ག་ཡ་ཧཱུཾ། ཛཧྞཱ་བ་དྷ་ནྡྷནྣ་ཧཱུཾ། གཉིས་སུ་མེད་པར་མཉམ་སྦྱར་ནས།། བདེ་བ་ཆེན་པོའི་བྱིན་བརླབས་ལས།། ཐམས་ཅད་དབང་བསྐུར་སྒྲིབ་སྦྱངས་ནས།། ཉོན་མོངས ་སྦྱངས་ཤིང་བྱང་སེམས་འཕྲོ།། དྲག་པོ་ལ་སོགས་རྣམ་བཞི་ཡིས།། ཇི་ལྟར་འདུལ་བ་བཞིན་སྤྲོས་ན།། དཀར་དམར་གནག་དང་སེར་བ་དང་།། དུས་རྣམས་ཀུན་ཏུ་རབ་སྦྱར་ནས།། ཡང་དག་ཉིད་དུ་རྣམ་པར ་སྤྲོ།། འདི་ནི་སངས་རྒྱས་བྱིན་བརླབས་ཡིན།། ཐབས་དང་ཤེས་རབ་གཉིས་མེད་པར།། དུས་གསུམ་སྔ་ཕྱི་མེད་པར་སྦྱོར། ཧཱུཾ་ཧཱུཾ་ཧཱུཾ། ཤཱནྟིང་ཀུ་རུ་སྭཱ་ཧཱ། པུཥྚིང་ཀུ་རུ་སྭཱ་ཧཱ། བ་ཤང་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ས་མ་ཡ་ཧཱུཾ་ཕཊ། ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། རྣམ་བཞིས་འདུལ་བ་གང་ཡིན་པ།། དེ་ནི་སངས་རྒྱས་མཛད་སྤྱོད་ཡིན།། རྔམ་པ་ཆེན་པོའི་ལྷ་ཚོགས་ནི།། འཇིགས་བྱེད་ཆེན་པོ་འདི་ལྟ་བུ།། དྲག་པོ་རྔམ་པའི་ཧཱུཾ་སྒྲ་ཅན།། དེ་ཡིས་སྟོང ་གསུམ་རབ་ཏུ་གཡོས།། ཡབ་ཡུམ་སྲས་དང་བཅས་པ་རྣམས།། རྔམ་པའི་ང་རོ་དྲག་པོར་སྒྲོགས།། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་རྔམ་ཞིང་ངོ་མཚར་བའི་ཁྲོ་བོ་རབ་ཏུ་འཕྲོས་ནས། ཐམས་ཅད་རབ་ཏུ་འདུས ་ནས་སྣང་ལ་རང་བཞིན་མེད་པར་གྱུར་ནས། མཉམ་པའི་ངང་གིས་བཞུགས་སོ།། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་སྒྲོལ་བ་ཆེན་པོའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས། ཉོན་མོངས་འཁོར་བའི་སེམས་ཅན་རྣམས།། གབ་སྦས་ལྟ་བའི་དོན་མ་རྟོགས། ཁམས་གསུམ་འཁོར་ཞིང་སྡུག་བསྔལ་མྱོང་།། ཤིན་ཏུ་མ་རུངས་སྲིན་པོར་འགྱུར།། ཡི་དྭགས་སྲིན་པོ་མ ་རུངས་པ།། ནད་དང་མ་རུངས་སྣ་ཚོགས་འབྱུང་།། སྲིན་པོ་གདུག་པའི་བྱིན་བརླབས་ལས།། སེམས་ཅན་ཐམས་ཅད་གདུག་པར་འགྱུར།། རང་ལ་རང་ཉིད་རབ་ཏུ་གདུག། རང་གི་རྟོག་པས་བལྟས་པས་ན།། མེ ་བཞིན་ཚ་བས་རབ་ཏུ་གདུང་།། དེ་ཡང་རང་རིག་རྣམ་རྟོག་ཡིན།། རང་ལ་རང་གིས་འཚིག་པར་བྱེད།། ཆུ་བཞིན་གྲང་བ་རང་ལས་འབྱུང་།། རང་ཉིད་རང་ལས་སྡུག་བསྔལ་འབྱུང་།། དམྱལ་ཁམས་བཅོ་བརྒྱད་སྡུག ་བསྔལ་ཀྱང་།། རང་གི་རྣམ་རྟོག་བལྟས་ལས་བྱུང་།། ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡང་།། རང་གི་རྣམ་རྟོག་བལྟས་ལས་བྱུང་།། བྱོལ་སོང་གླེན་ལྐུགས་སྡུག་བསྔལ་ཡང་།། རང་གི་རྣམ་རྟོག་བལྟས་ལས ་བྱུང་།། དེ་ལ་སོགས་པའི་སྡུག་བསྔལ་ནི།། རང་གི་རྟོག་པས་དེ་ལྟར་སྣང་།། ཞེ་སྡང་དཔལ་ཆགས་མེ་ལྟར་འབར།། གཏི་མུག་ཁང་པ་མུན་ལྟར་འཐིབས།། ཕྲག་དོག་ཟུར་རྣོ་རྟ་ལྟར་འགྱེས།། འདོད་ཆགས་འཛིན་བྱེད ་ཅི་ལྟར་འཛིན།། ང་རྒྱལ་བདེན་མེད་འབྲུག་བྲག་ལྟར་འཚེར།། ལེ་ལོ་སྒྱིད་སྙོམས་ཆུ་ལྟར་འཕྱོ།། ཉམས་མེད་སྤྱོད་པ་རང་དགར་བྱེད།། འདོད་འགྲོ་ཉམས་པའི་དབང་གྱུར་ན།། ཉེས་མེད་ལྔ་པོ་རྣམ་པར་འཆང་།། དོན ་མེད་སྤྱོད་པ་རླུང་ལྟར་འཕྱོ།། འདི་རྣམས་བསྒྲལ་བའི་ཞིང་བཅུ་སྟེ།། བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན།། བསྒྲལ་བའི་དམ་ཚིག་ཉམས་པར་གྱུར།། ཉམས་བྱེད་ལྔ་ནི་རབ་ཏུ་བསྒྲལ།། ཟ་བྱེད་ལྔ་ནི་རྟོད ་ལ་མནན།། མགྱོགས་བྱེད་ལྔ་ནི་ཞགས་པས་བཅིངས།། སྒྲིབ་བྱེད་ལྔ་ནི་རྟ་ལ་བསྐྱོན།། འཁྲུགས་བྱེད་ལྔ་ནི་རབ་ཏུ་གསལ།། སྨྱོ་བྱེད་ལྔ་ནི་སྤྲོ་དང་དཔྲལ།། འཛིན་བྱེད་ལྔ་ནི་བཅིངས་པས་གྲོལ།། མེད་པ་ལྔ་ནི་གཏེར ་དང་སྤྲད།། ཡོད་པ་ལྔ་ནི་ཕྱམ་ལ་བསྐུར།། ལྐུག་པ་ལྔ་ནི་སྒྲ་རུ་གཞུག། བཅིངས་པ་ལྔ་ནི་ཞགས་པ་ཁྲོལ།། འཕྱོ་བྱེད་ལྔ་ནི་བཅིངས་ལ་བཞག། ཉེས་བྱེད་ལྔ་ནི་རྣམ་པར་སྤངས། ཡངས།། འཛིན་པ་གསུམ་ནི་རྣམས ་སྤངས་ལ།། ཉེས་བྱེད་གཉིས་ནི་ཤེས་པར་བྱ།། རྩ་བ་གཅིག་ཏུ་ཡང་དག་བསྒྲལ།། འཛིན་པ་ལྔ་རུ་རབ་འཛིན་ཞིང་།། མཚང་ཅན་གསུམ་དང་རབ་ཏུ་འགྲོགས།། ཆེན་པོ་གཅིག་ནི་རབ་ཤེས་ན།། ཐམས་ཅད་མ་སྤངས ་ལྷུན་གྱིས་གྲུབ།། སྤོང་བྱེད་རྣམས་ཀྱི་སྦྱངས་མི་དགོས།། དེ་ཡིས་བསྒྲལ་བ་ཆེན་པོར་འགྱུར།། མ་བསྒྲལ་ཉམས་པར་ཡང་དག་བཤད།། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལས། གདུག་པ་ཅན་འདུལ་བའི་ལེའུ་སྟེ ་གསུམ་པའོ།། །། ་དེ་ནས་རབ་ཏུ་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཤིན་ཏུ་གདུག་པའི་སེམས་ཅན་ཆེན་པོ་ལ་རབ་ཏུ་བསྒྲལ་བ་བསྟན་ཏེ། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ།། དཀྱིལ་འཁོར་འདོམ་གང་གྲུ ་བཞི་ལ།། ཐིག་དང་བྲི་བར་བྱས་ནས་སུ།། དུས་མ་ནོར་བར་བསྒྲུབ་པར་བྱ།། རྫས་སུ་བསྟན་པ་མ་ལུས་ཀུན།། གཏོར་མའི་རྫས་རྣམས་འདི་ལྟ་སྟེ།། དཔལ་གྱི་གཏོར་མ་ཆེན་པོ་ནི།། ཤ་སྣ་ལྔ་ལས་རབ་བཤམ ་ས་ནས།། དཀྱིལ་འཁོར་ལྟར་བསྐྱེད་སྤྱན་དྲངས་ནས།། མཆོད་པ་མ་ལུས་དབུལ་བ་ཀུན།། གཏོར་མ་ཆེན་པོའི་ལས་རྣམས་ཏེ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་བ་ལི་ཏ་ཁཱ་ཧི།། དུས་དྲུག་གཏོར་མ་དབུལ་བྱས་ལ།། ་མི་འཛིན་གཏོང་བས་གཏོར་མ་སྟེ།། དུས་རྣམས་ཀུན་ཏུ་བཏང་བ་དང་།། ལོ་དང་ཟླ་བར་བཏང་བ་དང་།། ཐམས་ཅད་ཀུན་ཏུ་བཏང་བ་དང་།། དམ་ཚིག་ཆེན་པོའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་པའི།། དུས་གསུམ་རྒྱལ་བའི་གདུང་འཚོབ་པ།། རིགས་འཛིན་བདག་ཅག་རྣམས་ལ་ནི།། རྟགས་དང་མཚན་མ་བསྟན་པ་དང་།། ཀི་ལ་ཡ་ཡི་དངོས་གྲུབ་སྩོལ།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། སརྦ་བིགྷྣཱཾ་བཾ ་ཧཱུཾ་ཕཊ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། སྲོག་གི་གོ་རུ་ཤར་བ་དང་།། སྙིང་གི་གོ་རུ་བསྒོམ་པར་བྱ།། སྙིང་རྗེས་བསྒྲལ་བའི་དམ་ཚིག ་ནི།། བསད་ཅིང་མནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམ་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། མེ་རུ་འབར་རམ་འོད་དུ་འབྱུང་།། འགུལ་ལམ་ལྡེག་གམ་འཕྱོ་བའམ།། འདི་རྣམས་གང ་བྱུང་གཏོར་མ་འགྲུབ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།། མཱ་ར་ཡ་བ་ལི་ཏ་བྷྱོ་བྷྱོ་བྷྱོ། གང་ཡིན་ཕྱོགས་སུ་འཕང་ནས་ནི།། སྤྲུག་ཅིང་གདབ་སྟེ་ཁྲག་ཀྱང་གཏོར། ཁྲོ་བོ་ཆེན་པོ་བཅུ་རྣམས་ལ།། གཏོར་མ་ཆེན་པོ་འདི་ལྟ ་སྟེ།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། སྟེང་ཕྱོགས་ཁྲོ་བོ་ཧཱུཾ་ཀཱ་ར།། ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ།། ཕྲ་མེན་ཕག་དང་སྒྲིག་བུར་བཅས།། གླང་ཆེན་ཤ་དང་ཐོད་ཁྲག་དང་།། གོ་རོ་ཙ་ནའི་གཏོར་མ ་དབུལ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་གྱི་ཁྲོ་བོ་རྣམ་པར་རྒྱལ།། ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ།། ཕྲ་མེན་སྟག་དང་བྱ་རྒོད་བཅས།། སེང་གེ་དཀར་མོའི་ཤ་དག་དང་། དྲི་ཆེན་བདུད་རྩི་ཆེན་པོ ་ང་། སྐམ་པ་ཆེན་པོའི་ཤ་གཏོར་དབུལ།། ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཤར་ལྷོའི་ཁྲོ་བོ་དབྱུག་སྔོན་པོ།། ཡུམ་ཆེན་རྡོ་རྗེ་སྡེར་མོ་མ།། ཕྲ་མེན་གཡག་དང་བྱ་རོག་བཅས།། འཛིན་བྱེད་ཁྲ་ཡི་ཤ་དག ་དང་།། འཛུལ་བྱེད་གཅེར་བུའི་ཤ་ཡི་མཆོད་པ་འབུལ།། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ།། ལྷོ་ཡི་ཁྲོ་བོ་གཤིན་རྗེ་གཤེད།། ཡུམ་ཆེན་ཁྲོ་མོ་དུར་ཁྲོད་མ།། ཕྲ་མེན་ཤ་བ་འུག་པར་བཅས།། གཤོག་མེད ་འཕུར་དང་མཱཾ་ས་དང་།། ཆགས་མེད་ཤ་ཁྲག་མཆོད་པར་འབུལ།། ཨཱིཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བནྡྷ་བནྡྷ་ཧཱུཾ་ཕཊ། ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན།། ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ།། ཕྲ་མེན་གཟིག་དང་ཁཱ་རུ ་བཅས།། སྒྲོལ་བྱེད་སྲིན་པོའི་ཤ་ཁྲག་དང་།། མེ་འབར་ཤིང་གི་བདག་པོ་དང་།། འགྲོ་བྱེད་སྟབས་འབྲལ་ཤ་ཁྲག་མཆོད་པར་འབུལ།། ཨཱ~ཾ་བཛྲ་ཀྲོ་དྷ་ཧ་ཡ་གྲ་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ནུབ་ཀྱི་ཁྲོ་བོ་རྟ་མགྲིན ་རྒྱལ།། ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་།། སྤྲུལ་པ་བྱི་ལ་པུ་ཤུད་བཅས།། དུས་འཛིན་པདྨའི་ཁྲག་དག་དང་།། འབྱོང་བྱེད་ཤ་ཡི་མཆོད་པ་འབུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་བྱང་ཁྲོ་བོ ་གཞན་གྱི་མི་ཐུབ་དང་།། ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ།། ཕྲ་མེན་ཁྲ་དང་སྦྱང་ཀུར་བཅས།། སྒྲིབ་བྱེད་ཤ་དང་རྡེག་བྱེད་ལག། མྱོ་བྱེད་ཤ་ཡི་མཆོད་པ་འབུལ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཙྪིནྡ་ཙྪིནྡ་ཧཱུཾ ་ཕཊ། བྱང་གི་ཁྲོ་བོ་བདུད་རྩི་འཁྱིལ།། ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ།། ཕྲ་མེན་སེང་གེ་པ་ཝང་བཅས།། སྐྱོང་། སྐྱེད་བྱེད་མོ་དང་བྲན་དྲན་བྱེད་སྙིང་།། དྲི་ཆུ་ཤ་ཡི་མཆོད་པ་འབྲལ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ་བིན་དྷ་བིན་དྷ་ཧཱུཾ་ཕཊ། བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ།། ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་།། ཕྲ་མེན་དྲེད་དང་སྲེ་མོའི་མགོ། དྲན་བྱེད་ཤ་དང་འགྲོ་བྱེད་རྐང་།། ཉལ་བྱེད་ཤ་ཡི་མཆོད་པ་འབུལ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། འོག་གི་ཁྲོ་བོ་སྟོབས་པོ་ཆེ།། ཡུམ་ཆེན་རྡོ་རྗེ་གསོད་མ་དང་།། ཕྲ་མེན་དོམ་དང་བྱི་བའི་མགོ།། ཉན་བྱེད་ཀླུ་དང་སྡོད་བྱེད་ཤ། འཇོམས་བྱེད་ཤ་ཡི་མཆོད་པ་འབུལ།། བཞི ་ཚན་བཅུ་ཡི་ལྷ་ཡི་ཚོགས།། ཧཱུཾ་མཛད་ཐོག་འབེབས་སྨྱོ་འདུལ་རྒྱལ།། སྲེད་བྱེད་དབྱུག་དང་སྒྲོལ་བྱེད་གཤེད།། གནོད་བྱེད་མགོན་དང་དབང་སྡུད་རྟ།། འཕེན་བྱེད་གཞན་དང་གསོད་བྱེད་བདུད།། འཛིན་བྱེད་ཁམས ་དང་འཕེབས་བྱེད་སྟོབས།། སོ་སོའི་ལས་རྣམས་སྒྲུབ་པ་དང་།། སོ་སོའི་མཐུ་ཕྱིན་རབ་ཏུ་སྟེར།། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། སྒྲོལ་བྱེད་ཆེན་མོའི་ལྷ་མཆོག་ནི།། སྐུ་མདོག་གནག་ཅིང་ཐོ་བ་བསྣམས།། རྐང་ལེབ་ཤ་ཡི ་མཆོད་པ་འབུལ།། གང་ཡིན་སྒྲོལ་བའི་ལས་ལ་བརྩོན།། ཧ་ས་ཡ་ར་ཧ་ད་ན་ཡ་ཧཱུཾ་ཧ་ས་ཡན་ཡན་ཧ་ཕཊ།། འབྲལ་བྱེད་ཆེན་མོའི་ལྷ་མཆོག་ནི།། སྐུ་མདོག་མཐིང་ཞིང་གུ་གུལ་བསྣམས།། རྨིག་ཟླུམ་ཤ་ཡི་མཆོད་པ ་འབུལ།། གང་ཡིན་སྐྱོབ་བྱེད་ལྷ་དང་འབྲལ།། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། འགུགས་བྱེད་ཆེན་མོའི་ལྷ་མཆོག་ནི།། སྐུ་མདོག་དཀར་ཞིང་ལྕགས་ཀྱུ་འཛིན།། དྲན་བྱེད་སྙིང་གི་མཆོད་པ་འབུལ།། ཤི་གྷྲཾ་ཨཱ་ན་ཡ་ཧཾ ་ཕཊ། འཆིང་བྱེད་ལྷ་མཆོག་ཆེན་མོ་ནི།། སྐུ་མདོག་སྔོ་ཞིང་ཞགས་པ་བསྣམས།། མཁལ་མ་ཁྲག་གི་གཏོར་མ་འབུལ།། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུཾ་ཕཊ།། སྨྱོ་བྱེད་ལྷ་མཆོག་ཆེན་པོ་ནི།། སྐུ་མདོག་དམར་ཞིང་དུག་རྣམས ་བསྣམས།། འདུ་བྱེད་མེད་པའི་མཆོད་པ་འབུལ།། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། སྟོབས་པའི་ལྷ་མཆོག་ཆེན་པོ་ནི།། སྐུ་མདོག་ལྗང་སྔོན་གཟས་པ་བསྣམས།། དོན་སྙིང་སྣ་ལྔའི་མཆོད་པ་འབུལ།། ལྷ་དྲུག་བསྒྲུབ་པ་དྲུག་ཏུ ་བསྟན།། ཉམས་དྲུག་རྟགས་དྲུག་རབ་ཏུ་གཟས།། བསྐྱེད་དང་སྤྱན་དྲང་མཆོད་པ་འབུལ།། འཛབ་བསྟོད་ལ་སོགས་དེ་བཞིན་བྱ།། བསྒྲུབ་དང་བསྒྲུབ་པ་ཆེན་པོ་དང་།། ཕྲིན་ལས་རྫོགས་པར་ཤིན་ཏུ ་བཟང་།། དམ་ཅན་གསུམ་ལ་རིམ་པ་བཞིན།། ནག་སྨུག་སྙིང་དང་མཁལ་མ་དང་།། པདྨའི་ཁྲག་དང་སྲིན་བྱའི་ཤ། གཅན་གཟན་ཤ་ཡི་མཆོད་པ་འབུལ།། ཛ་ཡེ་བི་ཛ་ཡེ།། རིམ་པ་བཞིན་དུ་ཤེས་པར་བྱ།། ནལ་བུའི ་ཤ་དང་དབང་པོའི་ཤ། ནག་མོ་ཤ་ཡི་མཆོད་པ་འབུལ།། ཀ་ཏཾ་ཀ་ཡེ། བརྟེན་པ་བྲན་དང་འཁོར་ལྟར་བྱ།། མར་དང་ཁྲག་དང་འོ་མ་དང་།། སྦྲང་རྩི་ཆུ་ལུག་ལྟོ་སེར་དང་།། གཞོབ་མགོ་སྣ་སྐྱ་མཆོད་པ་འབུལ།། ཨ་ཛི་ཏེ ་ཨ་པ་ར་ཛི་ཏེ།། རིམ་པ་ཉིད་དུ་དེ་སྦྱར་ནས།། བསྐྱེད་དང་སྤྱན་དྲང་མཆོད་པ་དང་།། འཛབ་བསྟོད་དེ་བཞིན་མཆོད་པ་འབུལ།། བསྒྲུབ་དང་བསྒྲུབ་པ་ཆེན་པོ་ནི།། ཡང་དག་ཉིད་དུ་དེ་བརྟེན་བྱ།། ཧཱུཾ་མ་མ་བཤང་ཀུ་རུ ་དམ་ཉ་ཀ་ར་ཨི་ནན།། དདྷི་མ་མ་ཀརྨ་ནན་ཏི་ཛ།། ཉིད་ཀྱི་བཀའ་ལས་འདའ་མ་བྱེད།། བཀའ་ཉན་གསུང་སྡོད་དྲན་ལྟར་ཁོལ།། ལས་བཞི་བསེ་མོ་ཉིད་ལ་འདུས།། བསེ་མོའི་རྟགས་རྣམས་རབ་ཏུ་བརྟགས།། མཱ ་ར་སེ་ན་པྲ་མར་དྷ་ན་ཡེ་ཧཱུཾ་ཕཊ།། ཐམས་ཅད་ལས་སྔགས་ཡང་དག་པ།། འདི་དག་བསེ་མོ་ཉིད་དུ་བྱ།། གང་བསྒྲུབ་པ་ཡི་རིམ་པ་ལ།། དམ་ཅན་རྣམ་གསུམ་བཀའ་བཞིན་ཉན།། བྲན་དང་ཕོ་ཉ་བཀའ ་ཉན་ཚོགས། ཁྱོད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་ལྟར་དམ་བཅས་བཞིན།། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། དཀར་པོའི་སྙིང་དང་སྐྱེས་པའི་སྙིང་།། རྟ་དང་འདྲས་དང་གྲི་ཡི་ཤ། དཀར་པོའི་ཤ་གསུམ ་མཆོད་པ་འབུལ།། ཤྲཱི་གྷྲཾ་ཀ་ར་ཡ། དྲུག་དང་གཅིག་དང་བཞི་རྣམས་དང་།། དྲུག་ལ་རྫས་དྲུག་ཡང་དག་བཤད།། དེ་བཞིན་ཡང་དག་ཤེས་པར་བྱ།། དེ་རྣམས་ཀུན་གྱི་ལས་རྣམས་ནི།། བསད་པའི་ལིངྒ་བརྐྱངས་ལ ་བྲི།། བསྟབ་པའི་ཡིངྒ་བསྐུམ་ལ་དྲི།། མནན་པའི་ལིངྒ་ཕྱི་ནང་གཉིས།། གཟིར་བའི་ལིངྒ་ནང་ནས་དྲང་།། བསད་དང་བསྟབ་པ་བརྐྱང་བ་ལ།། ཕྱི་མ་གཉིས་པོ་འཁོར་ལོ་དྲུག། བསད་པ་དག་གི་སྔགས་རྣམས་བྲི། ཁྲོ ་བཅུའི་སྔགས་རྣམས་ལ་སོགས་པ།། ཐོད་པའི་ཕྱི་རིམ་དེ་བཞིན་བསྐོར།། རྣོ་བའི་མཚོན་གྱི་ལུས་ལ་གཏུག། སྨུག་ནག་ཐལ་ཁ་རབ་ཏུ་བྱ།། བཀོད་པའི་རིམ་པ་ཡང་དག་བསྟན།། རྡོ་རྗེ་གཞོན་ནུའི་རིག་འཛིན ་རྣམས།། སྲིད་པ་ཕུར་བུ་གྲུབ་མཛོད་མ་ཀརྨ་ནན་ཏི་ཛ།། ཉིད་ཀྱི་བཀའ་ལས་འདའ་མ་བྱེད།། བཀའ་ཉན་གསུང་སྡོད་དྲན་ལྟར་ཁོལ།། ལས་བཞི་བསེ་མོ་ཉིད་ལ་འདུས།། བསེ་མོའི་རྟགས་རྣམས་རབ་ཏུ ་བརྟགས།། མཱ་ར་སཻ་ན་པྲ་མར་དྷ་ན་ཡེ་ཧཱུཾ་ཕཊ།། ཐམས་ཅད་ལས་སྔགས་ཡང་དག་པ།། འདི་དག་བསེ་མོ་ཉིད་དུ་བྱ།། གང་བསྒྲུབ་པ་ཡི་རིམ་པ་ལ།། དམ་ཅན་རྣམ་གསུམ་བཀའ་བཞིན་ཉན།། བྲན་དང་ཕོ་ཉ་བཀའ ་ཉན་ཚོགས། ཁྱོད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་ལྟར་དམ་བཅས་བཞིན།། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། དཀར་པོའི་སྙིང་དང་སྐྱེས་པའི་སྙིང་།། རྟ་དང་འདྲས་དང་གྲི་ཡི་ཤ། དཀར་པོའི་ཤ་གསུམ ་མཆོད་པ་འབུལ།། ཤྲཱི་གྷྲཾ་ཀ་ར་ཡ། དྲུག་དང་གཅིག་དང་བཞི་རྣམས་དང་།། དྲུག་ལ་རྫས་དྲུག་ཡང་དག་བཤད།། དེ་བཞིན་ཡང་དག་ཤེས་པར་བྱ།། དེ་རྣམས་ཀུན་གྱི་ལས་རྣམས་ནི།། བསད་པའི་ལིངྒ་བརྒྱངས་ལ ་བྲི།། བསྟབ་པའི་ཡིངྒ་བསྐུམ་ལ་དྲི།། མནན་པའི་ལིངྒ་ཕྱི་ནང་གཉིས།། གཟིར་བའི་ལིངྒ་ནང་ནས་དྲང་།། བསད་དང་བསྟབ་པ་བརྐྱང་བ་ལ།། ཕྱི་མ་གཉིས་པོ་འཁོར་ལོ་དྲུག། བསད་པ་དག་གི་སྔགས་རྣམས་བྲི། ཁྲོ ་བཅུའི་སྔགས་རྣམས་ལ་སོགས་པ།། ཐོད་པའི་ཕྱི་རིམ་དེ་བཞིན་བསྐོར།། རྣོ་བའི་མཚོན་གྱི་ལུས་ལ་གཏུག། སྨུག་ནག་ཐལ་ཁ་རབ་ཏུ་བྱ།། བཀོད་པའི་རིམ་པ་ཡང་དག་བསྟན།། རྡོ་རྗེ་གཞོན་ནུའི་རིག་འཛིན ་རྣམས།། སྲིད་པ་ཕུར་བུ་གྲུབ་མཛོད་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནན། མོ་ཧ་གྷ་ཡ། བྷ་ག་བཱན། ཧྲཱིཿཥྚྲྀཿབི་ཀྲི།། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ། ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ ་བཾ་ཧོཿསརྦ་བིགྷྣཱཾ་བཛྲ་ཀི་ལི་ཀཱི་ལ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཧཱུཾ་ཀཱ་ར་ཧཱུཾ་ཨ་ཨ། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག ་ཆིངས་ཤིག་རྣམ་པར་སྡོམས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རིང་པར་ཁུག་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ང་ཡི་དབང་དུ་གྱུར་ནས་ཀྱང་།། བསྒོ་བའི་བཀའ་རྣམས་ཉན་པར ་གྱིས།། པ་ར་བིདྱཱན་ཧཱུཾ་ཕཊ། ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ། བིན་དྷ་བིན་དྷ་ཧཱུཾ་ཕཊ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་ཧཱུཾ་ཕཊ། མ་ཐ་མ་ཐ་བཛྲ། སུ་རུ་སུ་རུ་བཛྲ། མུ ་རུ་མུ་རུ་བཛྲ། ཛ་ལ་ཛ་ལ་བཛྲ། ལས་ཀྱི་སྔགས་རྣམས་དྲིལ་དྲིལ་ནས།། སྙིང་དང་དབང་པོ་རྣམ་ཤེས་ལ།། རིམ་པ་བཞིན་དུ་ཕུར་པ་ཐོབ།། སྤྱི་མཐུན་ཀུན་ཏུ་མ་ལུས་གདབ།། སྟོང་པ་ཁོ་ནར་ཡང་དག་སྦྱོར།། ཆོས ་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ།། སངས་རྒྱས་ཀྱི་མཐུའོ།། ཨ་བྷི་ཙེརྱའི་དུས་ལ་བབ།། གནག་པ་དེ་ཁོ་ན་ལའོ།། དཀར་ནག་མཚམས་སུའོ།། ནག་པོ་གྲུ་གསུམ་གཏོར་མ་ལ།། མཚོན ་རྩེ་གཉིས་དང་དབྱིག་དུག་ཟངས།། གཞན་གྱི་དངོས་པོ་མཚོན་རྣམས་ལ།། བསྒྲུབ་པ་ཚུལ་བཞིན་བྱས་ནས་ནི།། མཚན་མ་བརྟན་པོ་བྱུང་བ་དང་།། དགྲ་བགེགས་དབང་པོ་མངོན་སུམ་བསྒྲལ།། རྡོ་རྗེ་གསང་བའི ་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ལས་སྔགས ་མཚོན་དུ་བཅས་པས་གདབ།། དུམ་བུ་ཉིད་དུ་དེ་བཞིན་འགྱུར།། དྲག་པོ་གྲུ་གསུམ་གཏོར་མ་ལ།། དྷ་དུ་ར་ཡི་རྩ་བ་དང་།། ལུག་མིག་གྲིབ་སྐམས་བྱས་པ་དང་།། རྩ་བ་ལོ་མ་འབྲས་བུ་དང་།། ཐམས་ཅད་དུག་ཏུ་གྱུར ་པ་ཀུན།། ནག་པོ་དག་ཏུ་ཡང་དག་བྱ།། བསྙེན་བསྒྲུབ་ཚུལ་དུ་བྱས་ནས་ནི།། མེ་འབར་འོད་དུ་འབྱུང་རྟགས་ནི།། རིམ་པ་བཞིན་དུ་ཡང་དག་སྦྱར།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལྷའམ་འོན་ཏེ་བདུད་ཀྱང ་རུང་།། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། ལས་སྔགས་དག་ལ་ཡང་དག་སྦྱར།། ཉོན་མོངས་འཁོར་བ་གཞོམ་པའི་ཕྱིར།། གཏན་གཏུན་མཁའ་དབྱིངས་ཡང་དག་བསམ།། རྡུངས ་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུང་བྱས་ནས།། ལྷ་ཡང་རུང་སྟེ་བརླག་པར ་བྱོས།། ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཁྱད་པར་ཆེན་པོའི་གཏོར་མ་ནི།། ཤ་ཆེན་དམ་རྫས་མཆོད་པ་དང་།། སྙིང་ཁྲག་དྲོན་མོ་མ་ལུས་དང་།། ཉོན་མོངས་ལྔ་པོ་རྩད་བཅད་ཅིང་།། ་འཇོམས་བྱེད་ནད་ལ་གཞོམ་བྱེད་ཕྱིར།། སྣ་ལྔ་ཚོན་གྱིས་འདབ་མས་དགབ།། བསྙེན་པ་ཉིད་དུ་ཡང་དག་ལྡན།། ཀློང་དྲུག་སྔགས་དྲུག་ལྷ་དྲུག་དང་།། རྫས་དྲུག་ལས་རྣམས་མ་ལུས་བྱ།། བསྙེན་བསྒྲུབ ་དྲོད་དུ་གྱུར་པ་དང་།། ནད་རྣམས་མ་ལུས་དབབ་པར་བྱ།། དེས་ནི་འཁོར་བ་གཏིང་ནས་སྐེམས།། ཉོན་མོངས་འཇོམས་པར་ཡང་དག་བཤད།། ལས་རྣམས་མ་ལུས་གྲུབ་བྱའི་ཕྱིར།། སྲེག་པའི་ཀློང་དྲུག་ཡང་དག ་བསྟན།། ཕྲིན་ལས་ལས་རྣམས་བྱ་བའི་ཀློང་།། འཛབ་ཚོགས་གཉིས་ནི་དྲག་པོའི་ཀློང་།། བསྲེག་ཅིང་མཆོད་དེ་བསྟབ་པའི་ཀློང་།། དགུག་ཅིང་བསྟིམ་དང་གདབ་སྟེ་བརྡུང་བའི་ཀློང་།། མཉེས་བྱེད་མཆོད་པ་འབུལ ་བའི་ཀློང་།། གཟིར་གནོན་ཁྲོ་བོའི་སྟངས་སྟབས་ཀློང་།། བསྲེག་པའི་ཀློང་དྲུག་ཉོན་མོངས་དག་པར་བསྲེག། ཐུགས་རྗེ་མེ་ཡི་བྱིན་བརླབས་ཡིན།། གདུག་པ་མེ་ལ་རབ་ཏུ་བསྔགས།། དྲག་པོ་མེ་ཡི་ལས་བྱའི ་ཕྱིར།། ཀློང་དྲུག་ལས་འདི་རྣམ་པར་བསྟན།། ཕྲིན་ལས་བྱ་བ་ལས་ཀྱི་ཀློང་།། འཛབ་དང་ཚོགས་གཉིས་དྲག་པོའི་ཀློང་།། དྲག་པོ་སྒྲོལ་བ་དུས་ཀྱི་ཀློང་།། ཚིག་བཤད་དྲག་པོ་གྱེར་གྱི་ཀློང་།། དྲག་པོའི་སྔགས་རྣམས ་འཕང་བའི་ཀློང་།། དམོད་པ་བྲལ་བའི་ཀློང་དང་དྲུག། ཀློང་དྲུག་དྲག་པོ་འཕང་བའི་ཀློང་།། ལམ་བསྟན་ཟོར་གྱི་ཀློང་དྲུག་ཡིན།། ལམ་རྣམས་ཡང་དག་འགྲུབ་པར་འགྱུར།། ཉོན་མོངས་འཁོར་བ་གནན་པའི ་ཕྱིར།། གནན་པའི་ཀློང་དྲུག་འདི་ལྟ་སྟེ།། ཕྲིན་ལས་བྱ་བ་ལས་ཀྱི་ཀློང་།། འཛབ་དང་ཚོགས་གཉིས་དྲག་པོའི་ཀློང་།། བརྒྱ་དང་བརྒྱད་ནི་གདབ་པའི་ཀློང་། ཁྱད་པར་བལ་ཚོན་བྱད་ཀྱི་ཀློང་།། བསྐྱེད་དང་སྤྱན་དྲང ་གཏད་པའི་ཀློང་།། ཕོ་བྲང་སྟངས་སྟབས་གནན་པའི་ཀློང་།། ཀློང་དྲུག་གནན་པ་ལས་ཀྱི་མཆོག། ལས་གསུམ་ཕྲིན་ལས་མཚོན་པའི་ཕྱིར།། འདི་ཉིད་དྲག་པོའི་ཕྲིན་ལས་ཡང་དག་བསྟན།། བྱ་བ་གསུམ་དུ་ཡང་དག ་བསྟན།། རྣལ་འབྱོར་གང་ཞིག་གཙོར་འཛིན་པ།། གཞུང་དང་ལྡན་པའི་གཏོར་མ་ལ།། སྟོང་པ་ཆེན་པོ་ཆོས་ཀྱི་མཆོག། ཧཱུཾ་ལས་སྔགས་ཀྱིས་གཙོ་བོར་བསམ།། ཧཱུཾ་གཉིས་འཁོར་གཉིས་རབ་ཏུ་བསམ་མོ།། ཛཿཧཱུཾ་བཾ ་ཧོཿས་སྤྱན་དྲངས་ནས། ཧཱུཾ་གསུམ་བསྟིམ་པའི་ལས་རྣམས་བྱ།། གཏོར་མ་ཧཱུཾ་གསུམ་ལྷ་མོ་དྲུག། རྩ་སྔགས་གཞུགས་ལ་བསྟབ་སྔགས་གདགས།། ཉི་ཤུ་རྩ་གཅིག་སྔགས་ཀྱིས་བསྟབ།། ཕྲིན་ལས་བཅོལ་བའི་ལས ་རྣམས་བྱ།། དེ་བཞིན་དུ་བྱས་རྫས་ཀྱིས་མཆོད།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཆགས་པ་མེད་པས་ཞེ་འདོད་མེད།། མཉམ་པ་ཉིད་དུ་བཞག་པས་ན།། ཐམས་ཅད་ཡེ་གྲུབ་གཏོར་མ་ཡིན།། འབྲས་བུ་ཡེ་ཤེས ་ཚོགས་སུ་འགྱུར།། ཚོགས་བསག་རིམ་པ་རྣམ་པ་གཉིས།། ཡང་དག་ཉིད་དུ་རྣམ་པར་བཤད།། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལས།། དྲག་པོ་གཏོར་མས་གདུག་པ་བཏུལ་བའི་ལེའུ་སྟེ་བཞི་པའོ།། །། དེ ་ནས་བཅོམ་ལྡན་འདས་ལས་ཐམས་ཅད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ལས་ཀྱི་དོན་བསྟན་པ་འདི་ལྟ་བུ།། དང་པོ་བྱང་ཆུབ་སེམས་བསྐྱེད་དེ།། བུམ་པ་ཁ་རྒྱན་མགུལ་ཆིངས ་བཅས།། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ།། སྤོས་ལྔ་སྙིང་པོ་ལྔ་དག་དང་།། བགེགས་བསྐྲད་དྲི་ཡིས་ཡང་དག་གདུག། ལྷ་རྣམས་བསྐྱེད་པའི་རིམ་པ་ཡང་དག་བྱ།། སྤྱན་དྲངས་དབང་བསྐུར་མཆོད་པར་བསམ།། བསྐུལ ་དང་འཛབ་དང་རིམ་པ་ནི།། ཉི་ཤུ་རྩ་གཅིག་སྔགས་རྣམས་ལ།། གདབ་པའི་སྔགས་ཀྱིས་ཡང་དག་བསྒྲུབས།། གཉིས་པ་བསྡུས་ཤིང་བུམ་པར་ཐིམ།། མཚན་མ་བརྟན་པོ་བྱུང་བ་དང་།། བུམ་པ་སྐུ་གསུང་ཐུགས ་དབང་བསྐུར།། ཉི་ཤུ་རྩ་གཅིག་སྔགས་རྣམས་ཀྱིས།། ཅིས་ཀྱང་མི་ཚུགས་ཚེ་དབང་བསྐུར།། འཆི་མེད་ཚེ་ཡི་དབང་དང་ལྡན།། རབ་ཏུ་བརྟན་འགྱུར་དབང་དང་ལྡན།། བདུད་པོ་པདྨ་དབང་ཕྱུག་དང་།། བདུད་མོ་གར ་གྱི་དབང་ཕྱུག་གཉིས།། དཔག་བསམ་ཤིང་གི་སྐེད་པ་ལ།། འདུས་བྱས་བུ་ནི་བཅུ་གཅིག་བྱུང་།། གནོད་སྦྱིན་བཅུ་གཅིག་རབ་ཏུ་གྲུབ།། འགྲོ་བ་ཀུན་གྱི་དོན་བྱའི་ཕྱིར།། ཐོད་པ་བཅུ་གཅིག་མནན་པའི་རྫས།། གནད ་དུ་བསྟན་པའི་ས་རྣམས་ནི།། མི་འགྱུར་གཏན་དུ་གནན་པའི་ས།། དབུས་སུ་སྙིང་པོ་ཏྲི་རྣམས་བྲི།། འཁོར་ལོ་དྲུག་ལ་སྔགས་དྲུག་བྲི།། གནད་པའི་ལིངྒར་ཤེས་པར་བྱ།། སྤྱི་ལྟར་ཤེས་པ་རབ་ཏུ་གཅེས།། སྔོན་དམར ་དཀྲི་ཤིང་རེ་བས་གཏུམ།། བྱ་བའི་ལས་རྣམས་བྱས་པ་དང་།། གང་ཡིན་གནན་པ་དག་ཏུ་གནན།། དོན་རྣམས་མ་ལུས་འགྲུབ་པར་འགྱུར།། དེ་ཡིས་འགྲོ་བ་རབ་ཏུ་མོས།། གདུག་པ་ཅན་གྱི་ཟིན་པ་ལ།། འབུམ་མམ ་ལྷ་སྔགས་མང་བཟླས་ཏེ།། གང་ཡིན་བསྟན་པའི་ས་དེ་ལ།། རྩ་གསུམ་ལྕེ་ཡི་སྔགས་བཟླས་ལ།། ལྡག་ཅིང་ནད་རྣམས་ཞི་བར་འགྱུར།། འདག་པ་ཆུ་དག་གང་ཡང་རུང་།། མང་དུ་བཟླས་པས་ནད་ལ་བསླན།། ནད ་རྣམས་ཐམས་ཅད་ཞི་བར་འགྱུར།། ཕན་པའི་སྨན་ལ་སྔགས་བཏབ་ལ།། གང་ཡིན་ནད་ལ་གླན་པར་བྱ།། ནང་ནུབ་དུས་གསུམ་དག་ཏུ་གདབ།། རྡོ་རྗེའི་ལྕེ་ཡི་ནད་རྣམས་ཞི།། ལྷ་ཡི་ཏིང་འཛིན་རབ་ཏུ་གསལ།། དེས ་ནི་གནོད་པའི་ནད་རྣམས་བཞི།། ནད་རྣམས་མ་ལུས་ཞི་གྱུར་ན།། གནས་ལྔ་བསྲུངས་ལ་བགེགས་རྣམས་བསྐྲད།། བསྲུང་བའི་རིམ་པ་རབ་ཏུ་འབྱུང་།། ཉུང་དཀར་ཐལ་ཆེན་ལ་བསྔགས་ཏེ།། སོར་བཞི་པ་ཡི་གླང་མ ་ལ།། འབྲུ་དགུ་གསུམ་སྔགས་རྣམས་བྲི་བྱ་སྟེ།། གདུག་པ་ཅན་གྱི་ཤིང་དག་ལ།། ཕུར་པ་སོར་བཞི་ཉུང་དཀར་གདགས།། ས་ཡ་དྲུག་འབུམ་མང་དུ་བཟླས།། དུས་རྣམས་ཀུན་ཏུ་སྲུང་མ་བསྐུལ།། དྲེགས་པ་མཆོད་ཅིང ་ཆང་ཕུད་གཏོར།། མཐོ་བསྐོར་རྫས་རྣམས་རབ་ཏུ་སྦ།། ཉུང་དཀར་ཐལ་ཆེན་དེ་བཞིན་སྦ།། བཟླས་ཉུང་སྦྲེང་ཞིང་མཐའ་མ་བསྐོར།། དེ་བཞིན་རབ་ཏུ་བརྗོད་པར་བྱ།། བྱང་ཆུབ་སེམས་ནི་རབ་ཏུ་སྟོན།། སངས་རྒྱས ་རྣམས་ཀྱི་དགོངས་པ་ཡང་།། འཁོར་བ་རྟོགས་ལས་ཡང་དག་བྱུང་།། དུས་གསུམ་བྱང་ཆུབ་སེམས་ལས་འབྱུང་།། བསྐལ་པ་སྟོང་དུ་རབ་བཙལ་ཀྱང་།། སེམས་ཉིད་བྱང་ཆུབ་རྙེད་མི་འགྱུར།། གལ་ཏེ ་སེམས་དེ་རྙེད་འགྱུར་ན།། དངོས་པོ་སྟོང་པར་ག་ལ་འགྱུར།། ཡང་དག་བསྟན་པའི་སྙིང་པོ་འདི།། བསྟན་པའི་སྙིང་པོ་དམ་པ་འདི།། སངས་རྒྱས་ཀུན་གྱི་རྙེད་མི་འགྱུར།། རྙེད་པར་ཀུན་བཟང་ཡོངས་མ ་གསུངས།། ཀུན་ཏུ་བཟང་པོའི་ངང་ཉིད་ལས།། བསྟན་པ་འདི་དག་བརྗོད་ལས་འདས།། དེ་ཉིད་བརྗོད་པར་སུས་གསུངས་པ།། དེ་ནི་བརྗོད་པར་བསྟན་པ་མིན།། འདི་དང་འདི་རུ་བསྟན་པ་ནི།། གསུང་བའི་ངོ་བོར ་བརྗོད་པ་མེད།། སུས་ཀྱང་ག་ལ་བཅིང་བ་མེད།། རང་རིག་རྣམ་རྟོག་བདག་ཏུ་འཛིན།། དེ་ཡིས་བཅིངས་པ་རབ་ཏུ་དམ།། སྐྱེ་མེད་ཆོས་དབྱིངས་དམ་པ་ལས།། རྩ་བའི་དཀྱིལ་འཁོར་དམ་པ་དང་། ཁྲོ་བཅུའི་དཀྱིལ ་འཁོར་དམ་པ་དང་།། སྲས་མཆོག་དཀྱིལ་འཁོར་དམ་པ་དང་།། སྤྱན་དྲང་མཆོད་པའི་དཀྱིལ་འཁོར་དང་།། འཛབ་དང་ཚོགས་ཀྱི་དཀྱིལ་འཁོར་དང་།། དྲག་པོ་ལས་ཀྱི་དཀྱིལ་འཁོར་དང་།། བསྲེགས་པ་མེ་ཡི་དཀྱིལ ་འཁོར་དང་།། མནན་པ་ས་ཡི་དཀྱིལ་འཁོར་དང་།། འཕང་བ་ཟོར་གྱི་དཀྱིལ་འཁོར་དང་།། དབྱེ་བ་རྫས་ཀྱི་དཀྱིལ་འཁོར་དང་།། ཕྱག་རྒྱ་མནན་པའི་དཀྱིལ་འཁོར་དང་།། བསྲུང་བྱ་བཟློག་པའི་དཀྱིལ་འཁོར ་དང་།། འཆི་མེད་ཚེ་ཡི་དཀྱིལ་འཁོར་དང་།། དཀྱིལ་འཁོར་བཅུ་བཞི་ཡང་དག་བསྟན།། ཧཱུཾ། གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། ཡབ་ཡུམ་དགྱེས་པའི་སྐུ་བསྐྱེད་ནས། གདུག་པ་འདུལ་ཞིང་རྔམ་པའི ་ཞལ།། ཡེ་ཤེས་དྲུག་གི་ཕྱག་རྒྱ་ཅན།། ཞབས་བཞི་རྫུ་འཕྲུལ་བཞི་ཡི་ཞབས།། ཡུམ་དང་གཉིས་སུ་མེད་པར་བཞུག། ཧཱུཾ་མཛད་སྒྲ་འབྱིན་ཕག་དང་སྨིག་བུའི་མགོ། རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ། དབྱུག ་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ།། གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ། མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཡི་མགོ། རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ། གཞན་མིན་མདའ་སྙེམས་སྦྲང་མོ་ཁྲ་ཡི ་མགོ། བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ་ཁམས་གསུམ་གསོད་བྱེད་དྲེད་དང་སྲེ་མོའི་མགོ། སྟོབས་ཆེན་བསྐྱེད་མ་དོམ་དང་བྱི་བའི་མགོ། ཐུགས་དམ་གཉེན་པོའི་དུས་ལ་བབ། ཧཱུཾ། སྲས་ཀྱི་དམ་པར་དབང ་བསྐུར་བའི།། མཐིང་ག་དཀར་བ་སྔོ་དང་དམར།། ནག་དང་ལྗང་སྔོན་སྐུ་མདོག་ཅན།། ཕུར་པ་གུ་གུལ་ལྕགས་ཀྱུ་འཛིན།། ཞགས་པ་དུག་གཏོར་ཐོ་བ་འཛིན།། གང་ཡིན་ཉམས་པ་ཕྱག་ན་བསྣམས།། སྐུ་སྟོད་ཁྲོ་བོ ་ཆེན་པོ་ལ།། སྐུ་སྨད་ལྕགས་ཕུར་དཔལ་དང་ལྡན།། གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ན།། རྩེ་མོ་ལྟ་བུར་རྣམ་པར་བསམ།། ཡེ་ཤེས་དབྱིངས་ཀྱི་ཕྱག་རྒྱ་དང་།། རིག་པ་རང་རྟགས་ཕྱག་རྒྱ་དང་།། བརྒྱ་བྱིན་དཔའ་རྟགས ་ཕྱག་རྒྱ་དང་།། འཛིན་བྱེད་ཕོ་ཉའི་ཕྱག་རྒྱ་དང་།། ཏིང་འཛིན་མཉམ་པའི་ཕྱག་རྒྱ་དང་།། རྡུང་བྱེད་ཐོ་བའི་ཕྱག་རྒྱ་དང་།། རྡེག་བྱེད་མཚོན་གྱི་ཕྱག་རྒྱ་དང་།། གནོན་བྱེད་རི་རབ་ཕྱག་རྒྱ་དང་།། སྲེག་བྱེད ་མེ་ཡི་ཕྱག་རྒྱ་དང་།། འཕེན་བྱེད་ཟོར་གྱི་ཕྱག་རྒྱ་དང་།། ཕྱག་རྒྱ་བཅུ་ཡི་རབ་བསྟན་ནས།། སྐྱེ་མེད་ཆོས་དབྱིངས་ཕྱག་རྒྱར་འདུས།། ཀ་ལ་སོགས་པའི་ཡི་གེ་རྣམས།། ཡི་གེ་ཀུན་གྱི་རྩ་བ་སྟེ།། ཡི་གེ་ཐམས་ཅད་འབྱུང ་བར་བྱེད།། མཚོན་བྱེད་ཡི་གེའི་མཚན་ཉིད་ལས།། སྐྱེ་མེད་ཆོས་དབྱིངས་རྣམ་པར་དག། སྐྱེ་བ་མེད་ལས་ཐམས་ཅད་སྐྱེ།། འདི་ནི་སངས་རྒྱས་ཕྱག་རྒྱ་ཡིན།། ལས་རྣམས་ཐམས་ཅད་མ་ལུས་ཀུན།། ཡང་དག་ཉིད་དུ ་བསྟན་པར་བྱས།། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལས།། ལས་ཐམས་ཅད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཐམས་ཅད་འདུས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། གནས་ནི ་རབ་ཏུ་བསྟན་པའི་ཕྱིར།། དུར་ཁྲོད་མ་མོ་ཚོགས་པའི་སར།། བདག་པོ་གང་ཡིན་ས་རིན་བཅལ།། མཎྜལ་འདོམ་གང་གྲུབ་བཞི་ལ།། དུར་ཁྲོད་རུས་པའི་ཕྱེ་མས་གདབ།། དམ་རྫས་སྣ་ལྔས་ཆག་ཆག ་གདབ།། མཚམས་བཅད་རིམ་པ་མ་ནོར་བྱ།། ཐིག་ནི་ཧཱུཾ་ལས་ཡབ་ཡུམ་བསྐྱེད།། ས་མཱ་ཛ་དང་ཕྱག་རྒྱ་བཞིས།། སྤྱན་དྲང་བསྟིམ་པར་བྱས་ནས་ནི།། རྩ་བའི་སྔགས་ཀྱིས་མཆོད་པ་འབུལ།། ས་ཐིག་གནམ་ཐིག ་གཉིས་སུ་གདབ།། ཚོན་ལ་ཧཱུཾ་ལས་ཉིད་དུ་བསམ།། རིམ་པ་གོང་བཞིན་ཤེས་པར་བྱ།། གྲུ་གསུམ་ཟླ་གམ་མུ་ཁྱུད་དང་།། གྲུ་ཆད་སྣམ་བུ་སྒོ་བཞིར་བཅས།། དུར་ཁྲོད་སྣ་ཚོགས་ཁྲོལ་མ་བཏགས།། རྫས་རྣམས་མ ་ལུས་རིམ་པར་ཡང་།། དམ་ཅན་གསུམ་གྱི་མཐུན་རྫས་བསགས།། ཏིང་འཛིན་ཆེན་པོའི་བྱིན་བརླབས་པས།། གཙོ་བོ་བསྐྱེད་དམ་མ་མོ་ནི།། གང་བྱེད་རང་སྔགས་འཁོར་བསྐྱེད་ནས།། ཐམས་ཅད་སྔགས་ཀྱིས་བྱ་བར ་འདུས།། ལྷ་ལ་མཆོད་ཅིང་བསྙེན་པ་དྲང་།། ཕྱི་ནང་གསང་གསུམ་གང་བྱེད་པར།། སྔགས་ཀྱི་རིམ་པ་དེ་བཞིན་བྱ།། དྲོད་རྟགས་བརྟན་པོ་བྱུང་བ་དང་།། བསྒྲུབ་པ་དག་ཀྱང་དེ་བཞིན་བྱ།། དེ་ཡིས་གོང་འདྲ་དེ་བྱུང ་ན།། ཕུར་པ་ལྔ་ནི་གདབ་བྱ་སྟེ།། སྙིང་དང་ཡན་ལག་བཞི་རྣམས་དང་།། རང་རང་ཐུན་དུ་བཅས་པ་ཡི།། ལས་རྣམས་མ་ལུས་རྫོགས་པ་དང་།། གང་ཡིན་མེ་ལ་བསྲེག་བྱས་ནས།། ལྷ་ལ་རྩ་བའི་སྔགས་ཀྱིས ་འབུལ།། གང་བྱས་ཉིད་ལ་གཏོར་མ་འབུལ།། ཚེ་བསྟིམས་རིམ་པ་ལྷ་ལྔས་བྱས།། དབབ་པ་དེ་བཞིན་ཤེས་པར་གྱིས།། རྐྱང་པ་བཅུ་གཉིས་སྒྲུབ་པ་ཡང་།། གཙོ་བོ་རེ་དང་ལས་བྱེད་པ།། སྔགས་ཀྱི་བྱེ་བྲག་ཡང་དག ་ལྡན།། ཟ་མ་སྙིང་པོ་རབ་ཏུ་བསྟན།། དྲེགས་པ་དབང་སྡུད་ཡང་དག་པ།། དཀར་པོ་གསུམ་གྱི་སྙིང་ཁྲག་ལ།། བརྟེན་པའི་རྫས་སུ་ཡང་དག་བསྟན།། གཙོ་བོ་ཉིད་ནི་ཡང་དག་བསམ།། འབྲུ་དགུ་སྔགས་ཀྱི་བསྙེན་པ ་དྲང་།། བསྒྲུབ་བྱ་དྲེགས་པའི་ལྷ་ལ་གཏད།། སྙིང་དང་དབང་པོ་ལྔ་ལ་གདབ།། ཐ་མ་ལས་བསྟན་ཡང་དག་བཤད།། དྲུག་དང་བཞི་ཡིས་བསྒྲུབ་པ་ལ།། སྔགས་དྲུག་རྫས་དྲུག་ལྷ་དྲུག་དང་།། གཙོ་ག ་ཉིད་ལ་རབ་ཏུ་བསྐོར།། བཞི་ཡི་ལས་སུ་བསྟན་པ་ནི།། དབྱེ་དང་བསྟབ་པ་དོར་བྱས་ལ།། བཞི་ཡི་ལས་ཀྱི་དམག་དཔོན་བསམ།། རིམ་པ་བཞིན་དུ་ཤེས་བྱ་སྟེ།། དྲུག་གི་ཡན་ལག་ལྔ་རྣམས་དང་། སྙིང་དང་དྲངས་མ ་བཞི་ལ་གདབ།། དེ་བཞིན་རིམ་པ་གྲངས་ཀྱིས་སྦྱར།། རྟགས་ཟོན་བསྒྲུབ་པར་ཡང་དག་བསྟན།། ནུས་པ་རྟེན་འབྲེལ་ཡང་དག་ནི།། ཤ་ཡི་བྱ་བ་ཡང་དག་དང་།། ཞོ་དང་འོ་མ་ཟངས་བྱེད་དང་།། མལ་འོག་དག་ཏུ ་ཞག་གསུམ་མནན།། དྷ་དུ་ར་དང་ཀ་ན་སི་ཡིས།། འཚེར་བྱེད་ཤིང་དང་སློང་བྱེད་གཞི།། ལྔ་གསུམ་གཅིག་ཏུ་མནན་པར་བྱ།། གདུག་པའི་མགོ་དང་དུག་རྣམས་དང་།། རྫས་རྣམས་བསྲེས་པའི་ཕྱི་མ་ལ།། གང་ཡིན ་ཞབས་འོག་ཉིད་དུ་མནན།། ཆུ་གྲང་དག་ལ་སྔགས་བཏབ་ལ།། ཚེས་བརྒྱད་ནམ་ལངས་དག་ལ་བཏུང་།། འཛིན་པའི་ཤ་དང་དམར་བྱེད་ཕྲག། ཆང་དང་མཐུན་པར་རབ་བསྙམས་ལ།། མེ་ལ་བསྲོས་ལ་རབ་ཏུ ་སྦྱིན།། དཀར་པོ་གསུམ་དང་མར་རྙིང་དང་།། དཀར་པོ་ཕུམ་དམར་སྙིང་དག་དང་།། དེ་ལ་སོགས་པའི་དཀར་པོ་ལྔ།། སྲོག་སྙིང་དམ་པར་རབ་བསྒྲགས་ཏེ།། གང་ཡིན་ལྷ་རྟེན་དག་ཏུ་སྦ།། ནག་པོ་སྤྱི་དཀར་སྙིང་དག ་དང་།། མོན་པ་ནག་པོའི་སྙིང་ཁྲག་གཉིས།། སྲོག་སྙིང་ཉིད་དུ་བཅས་པ་གསུམ།། གང་ཡིན་ས་ལ་མནན་པར་བྱ།། ཙ་རའི་སྙིང་དང་སྙིང་པོ་དང་།། ཐོད་པ་སྙིང་ཤུན་དག་ཏུ་སྦས་བྱས་ལ།། ར་ཡི་ཐོད་པའི་ནང་དུ ་མནན།། ཀླུ་ཡིས་བཟུང་བའི་ཐོད་པ་རུ།། གདུག་པ་ཅན་གྱི་སྙིང་བཅུག་ལ།། མིང་རུས་བཅུག་པ་ཡང་དག་མནན།། དེ་ནས་ཕུང་བའི་རྫས་དེ་ནི།། གདུག་པ་ཀླུ་ཡི་གནས་སུ་སྦ།། སྨྱོན་པ་དག་གི་ཐོད་པ་རུ།། གང་ཡིན ་མིང་བྱང་བཅུག་བྱས་ལ།། དཀར་པོ་གསུམ་གྱི་སྙིང་ཤུན་ཏུ།། དཀར་པོ་ཉིད་ཀྱི་སྔགས་བཅུག་ལ།། དྲེགས་པའི་སྙིང་པོ་ཀུན་བྲིས་ལ།། གུ་གུལ་དུད་པ་བཏང་བྱས་ལ།། སྨེ་བའི་རྫས་རྣམས་ལྷ་རྟེན་སྦ།། ཐོད་པ་གང ་ཡིན་གནས་སུ་སྦ།། རིམས་ཀྱིས་ཤི་བའི་ཐོད་པ་རུ།། དེ་ཉིད་ཁྲག་དང་ཟངས་ཕྱེ་དང་།། དུག་རྣམས་མ་ལུས་བླུགས་བྱས་ལ།། གནན་པ་ཆེན་པོ་རབ་ཏུ་བྱ།། སྲེ་མོང་དག་གི་ཐོད་པ་རུ།། གཅན་གཟན་སྣ་ཚོགས་སྙིང ་བཅུག་ལ།། དྲག་པོ་སྔགས་ཀྱིས་བསྐོར་བྱས་ལ།། སྒོ་གསུམ་འདུས་པའི་མདོ་རུ་སྦ།། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལས། ཐམས་ཅད་བསྡུས་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་འདས་དམ་ཚིག ་སྔགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དམ་ཚིག་གཉེན་པོ་ངས་བསྟན་གྱིས།། བསྟན་པ་གོ་བར་རབ་ཏུ་གཅེས།། སྙིང་པོ་མཆོག་རྣམས་དམ་ཚིག་སྟེ།། འདི་ནི་སངས་རྒྱས་བསྟན་པ་སྟེ།། བསྟན་པའི་དམ ་ཚིག་འདི་དག་ནི།། ས་གཞི་ལྟ་བུར་རབ་ཏུ་བསྟན།། ཡི་དམ་དམ་པ་མི་སྤང་ཞིང་།། ཉི་མ་རེ་ལ་ལན་གསུམ་དུ།། དྲན་པ་ཉིད་དུ་རབ་ཏུ་བཟུང་།། སྔགས་དང་ཕྱག་རྒྱ་སྙིང་པོ་དང་།། འདི་དག་རབ་ཏུ ་བསྟན་པ་ཡིན།། ཉམས་པ་ལྔ་ནི་གཞི་ནས་བསྟན།། གསུམ་དང་གཅིག་གིས་རྩ་བ་ཉམས།། སྒྲུབ་པ་བཞིན་དུ་མ་ཤེས་ན།། མིང་དང་མཁན་ཁམས་ཀྱང་རྣམས་རབ་བརྒྱུད་དེ།། རང་གར་བཟུང་བ་ངར་འཛིན་ཏེ།། ངོ ་བོ་ཞེས་པ་ཉམས་པའི་རྒྱུ།། ཡི་དམ་ལྷ་དང་སྙིང་པོའི་དོན།། སྔགས་དང་ཕྱག་རྒྱ་ལ་སོགས་དང་།། རྡོ་རྗེ་སློབ་དཔོན་མཆེད་ལྕམ་དང་།། བསྲུང་བའི་རིམ་པ་དེ་བཞིན་བྱ།། སྔགས་ཀྱི་ལས་རྣམས་འདི་ལྟ་སྟེ།། འབྲུ་དགུ ་ཡེ་ཤེས་ལྷ་མཆོག་སྟེ།། འཁོར་གྱི་དྲེགས་པ་རང་བཞིན་འདུ།། སྐུ་གསུང་ཐུགས་ཀྱི་སྔགས་རྣམས་ལ།། བདུད་དང་མ་མོ་སྒྲོལ་བའི་གིང་།། ལས་ཀྱི་དྲག་པོ་ཉིད་དུ་སྒྲོལ།། གཡས་པ་ཐབས་ལ་གཡོན་པ་ཡུམ།། མ་དང ་ཨ་ཡི་བྱིན་རླབས་ལས།། ཧཱུཾ་དང་མ་ཡི་བྱིན་རླབས་འབྱུང་།། ཧཱུཾ་ལྔ་ཡབ་ལྔ་མ་ལྔ་ཡུམ།། སྔགས་ཀྱི་རྣམ་པར་བསམ་པར་བྱ།། ཡབ་ཡུམ་སྐུ་རུ་གྱུར་པ་ལས།། གཡས་དང་གཡོན་གྱི་མཁྲིག་མ་ལས།། སྔགས་ཀྱིས་རབ ་ཏུ་བསྐོར་བྱས་ལ།། བདག་ཉིད་ཡི་དམ་ལྷར་བསམ་ལ།། སྣོད་ནི་ཨ་དང་བཅུད་ནི་ཧཱུཾ།། འོག་ཏུ་རཾ་དང་ཡཾ་བསྒོམ་ལ།། བདེ་བ་སྔགས་ཀྱི་བྱིན་རླབས་ཀྱིས།། རླུང་བསྐྱོར་རཾ་གྱིས་མེ་སྦར་ནས།། ཨ་དང་ཧཱུཾ་དང་བཅས་པ ་ཞུ།། བདུད་རྩི་ཆེན་པོ་ཉིད་དུ་གྱུར།། གཡས་དང་གཡོན་དུ་བསམ་པ་ཡི།། ཧཱུཾ་དང་ཨ་ཡི་བྱིན་རླབས་ལས།། མཁྲིག་མ་སྔགས་ཀྱི་འཁོར་ལོ་ལས།། ཡབ་ཡུམ་སྦྱོར་བ་མཛད་པ་ལས།། བདུད་རྩི་ཆེན་པོ་ཉིད་དུ ་གྱུར།། དེ་བཞིན་གཏོར་མ་ཉིད་ལ་ཡང་།། སྣོད་དང་བཅུད་ཞུ་ལྷ་མོ་དྲུག། ཡབ་ནི་བདུད་རྩི་ཉིད་དུ་གྱུར།། རཀྟ་ཐོད་པ་ཉིད་ལ་བསམ། སྣོད་དང་བཅུད་དུ་གྱུར་པ་ལས།། རྦ་ཀློང་འཁྲུག་ཅིང་མཚོ་ལྟར་འཁྱིལ།། ཡབ ་ཡུམ་སྔགས་ལས་ཐམས་ཅད་འབྱུང་།། ཁྲོ་བོ་ཧསྟིའི་ལས་རྣམས་ནི།། རྣམ་པར་རྒྱལ་བར་ཡང་དག་བཤད།། དང་པོ་རྫས་རྣམས་ཚོགས་གྱུར་ན།། སྟོང་པ་ཉིད་ལས་རྣམ་གསུམ་གྱིས།། ཧསྟི་རབ་ཏུ་བསྒོམ་བྱས ་ལ།། གཙོ་བོའི་དབུ་ཡི་གཙུག་ཏུ་བསམ།། སྔགས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས།། སྔགས་རྣམས་རབ་ཏུ་དེ་ཤེས་པ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། སྔགས་སྟོང་ཧསྟི་ཡབ་ཀྱི་སྔགས།། ཧཱུཾ་ནི་ཧསྟི ་ཡུམ་གྱི་སྔགས།། ཧ་ན་ཧསྟི་ཡབ་ཀྱི་སྔགས།། ཧ་ན་ཧསྟི་ཡུམ་གྱི་སྔགས།། ཧཱུཾ་ཕཊ་ཐམས་ཅད་ལས་ཀྱིས་སྔགས།། བསྐྱེད་པ་དང་ནི་སྤྱན་དྲངས་ལ།། མཆོད་པ་དང་ནི་བསྟོད་པ་དང་།། ཐམས་ཅད་སྔགས་སུ་ཤེས་པར ་བྱ།། མཁའ་འགྲོ་ལྔ་ལ་ལས་ལྔ་ནི།། ཡང་དག་ཉིད་དུ་འབྲུ་ཉིད་སྒྲུབ།། མཁའ་འགྲོ་གསུམ་ནི་མཆོད་བྱ་སྟེ།། རིམ་པ་དོན་གྱིས་གོང་དུ་བསྟན།། ཡི་དམ་ལྷ་ལ་རབ་མཆོད་ནས།། མཁའ་འགྲོ་རྣམ་གསུམ་སྤྱན་དྲངས ་ལ།། ཐོད་པའི་ཕྱག་རྒྱ་རབ་ཏུ་བསྟན།། རང་རང་རྩ་སྔགས་གང་ཡིན་ལ།། བ་ལི་ཏ་ཡིས་གཏོར་མ་འབུལ།། གཤེགས་སུ་གསོལ་དང་ཕྲིན་ལས་བཅོལ།། ཡུམ་གྱི་མཁའ་འགྲོ་མཆོད་པ་ནི།། གང ་ཡིན་ཐོད་པར་རྫས་བླུགས་ལ།། ཡབ་ཡུམ་གཉིས་མེད་བསྐྱེད་བྱ་ལ།། སྔགས་ཀྱི་བྱ་བ་ཀུན་ཀྱང་བྱ།། གཏོར་མ་ཨ་ལས་བྱིན་བརླབ་ནས།། མཁའ་འགྲོ་རྣམ་གསུམ་སྔགས་ཀྱིས་མཆོད།། ཕྲིན་ལས་བཅོལ་ལ་ལས ་གཉེར་གཏད།། ཉི་མ་རེ་ལ་ལན་གསུམ་བཏང་།། ཅི་བསམ་ལས་རྣམས་གྲུབ་པར་འགྱུར།། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལས། དམ་ཚིག་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྒྱུད་གཏད་པ་རབ ་ཏུ་གསུང་ཏེ། སངས་རྒྱས་ཀུན་གྱིས་སྤྱི་མེས་ནི།། ཀུན་ཏུ་བཟང་པོ་ང་ཡིན་ཏེ།། སོ་སོར་སྟོན་པས་གསུངས་པ་བཞིན།། སྡུད་པོ་རྣམས་ཀྱིས་རབ་བསྡུས་ནས།། སངས་རྒྱས་ཀུན་གྱི་སྤྱི་མེས་ངས།། རིག་ཅན་སྐྱེས་བུ ་ཁྱོད་ལ་གཏད།། གསང་སྔགས་བརྡའ་ཡིས་གོ་བར་གྱིས།། ལས་དང་སྐལ་བར་ལྡན་པ་དང་།། སྦྱངས་དང་ལས་འཕྲོར་ལྡན་ན་ནི།། ཤེས་པ་རྣོ་ལ་ཐོས་པ་ཆེ།། ཐོགས་པ་མེད་པར་རྩོལ་བ་དེས།། དེས་ནི་རྒྱུད་འདི ་རྟོགས་པར་འགྱུར།། རྡོ་རྗེ་ཕུར་པ་ཆེན་པོ་གཏོང་མའི་རྒྱུད་ལས་རྒྱུད་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་རྫོགས་སོ།། ། ་