| Wylie | e-texts produced with BDRC’s OCR application |
རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས། ཁྲོ་བོ་པུན་དྷ་རཱི་ཀའི་ཏནྟྲ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཧེ་རུ་ཀ་ཡི་སྒྲུབ་ལུགས་འདི།། ཕུན་སུམ་ཚོགས་པ་བཞི་ལྡན ་པས།། གནས་དང་ས་གཞི་བརྟག་པར་བྱ།། འཇིག་རྟེན་ས་བདག་ལྷ་ཀླུ་ལ།། ས་རིན་བྱིན་ཏེ་ས་བསླང་ངོ་།། ས་གཞི་དེ་ཡི་ཕྱི་མཚམས་སུ།། ས་ལས་བྱས་པའི་མཐོ་བཞི་བརྩིག། མཐུ ་ཆེན་རྒྱལ་པོ་སྡེ་བཞི་རུ།། སྤྱན་དྲངས་བྱིན་གྱིས་བརླབས་ལ་གཞག། དེ་ནས་དམ་སྲི་གནན་པར་བྱ།། སྒོ་ནས་འདོམ་གང་ཕྱི་རོལ་དུ།། མཁའ་འདྲའི་ཧོམ་ཁུང་ཁྲུ་གང་བ།། གྲུ་གསུམ་པ ་ལ་ཟླུམ་པོར་བྲི།། དུར་ཁྲོད་མནན་པའི་ཐོད་པ་ལ།། ནང་དུ་དམ་སྲི་བྲིས་ནས་ནི།། དུར་ཁྲོད་རྐང་གི་ཕུར་བུ་ལ། ཁྲོ་བོ་ཨཱརྱ་ཨ་ཙ་ལར།། བསྐྱེད་ནས་སྒྲུབ་པ་པོ་རྣམས་ཀྱིས།། དུར་ཁྲོད ་ཕུར་བུ་བཞི་གྲངས་ལ།། ཕྱོགས་ནས་འདྲིལ་ཞིང་གདབ་པའི་ཚུལ།། བསྟན་ཅིང་གནན་པའི་ལས་བྱའོ།། དཀྱིལ་འཁོར་བཀྲ་ཤིས་པར་བྱའི་ཕྱིར།། བཀྲ་ཤིས་པ་ཡིས་སྨོན ་ལམ་གདབ།། བསྒྲུབ་པ་ཆེ་ཆུང་གང་བསྒྲུབ་པ།། མཚན་དང་ལྡན་པའི་བྷནྡ་ལ།། གསོལ་བྱང་བྲིས་ལ་ཤར་དུ་གཞག། བསྐྱེད་པའི་ས་བོན་འབྱུང་བ་ལྔ།། དཀྱིལ་འཁོར་བསྐྱེད་ཅིང ་བསྒོམ་པར་བྱ།། དེ་ལྟར་དབང་ཆེན་བསྐྱེད་ནས་ནི།། གསལ་བར་གྱུར་པ་དེ་སྟེང་དུ།། རིན་པོ་ཆེ་ཡི་གཞལ་ཡས་ཁང་།། ཏ་ལའི་སྐྱེད་ཤིང་ཅོང་ཅོང་དྲིལ།། དེ་ནང་དུར་ཁྲོད་གཞལ་ཡས ་ཁང་།། རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་།། ཆེ་མཆོག་ཧེ་རུ་ཀ་དབུ་དགུ།། ཕྱག་ཉི་ཤུ་རྩ་གཅིག། སྤྱན་ཉི་ཤུ་རྩ་བདུན་འབར་བ། ཞབས་བརྒྱད་དུ་གཏམས་པའོ།། ཧཱུཾ་ཧཱུཾ། དེ་ནས་ཞལ་ཟས ་ལ་སོགས་ལ།། ཟླ་བའི་དཀྱིལ་འཁོར་གསལ་བར་བསྐྱེད།། དེ་སྟེང་ཚོམ་བུའི་དཀྱིལ་འཁོར་བསྒོམ།། དེ་ལྟར་གསལ་བར་བསྒོམས་ནས་ནི།། དཀྱིལ་འཁོར་དེ་ཡི་སྔ་དེ་ནུབ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ་སྤང་སྐོང་ཀླག་པ་དང་།། ཚ་ཚྭ་གདབ་པ་ལ་སོགས་པ་དགེ་བའི་རྩ་བ་ཅི་ཆེར་བསྐྱེད། དེ་ནས་མཎྜལ་བའི་ཀོ་བ་ཙམ་བྱས་ལ། མཆོད་པ་རྣམ་པ་ལྔ་བཤམས་ལ།། དུས་གསུམ་བདེ་བར་གཤེགས་པ་དང་།། འཕགས་པ ་དཀོན་མཆོག་གསུམ་ལ་མཆོད་པ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་མཆོད་པ་དང་། ཁམས་གསུམ་སྙིང་རྗེའི་མགྲོན་རྣམས་ལ་སྦྱིན་པ་དང་། རེ་བ་བསྐང་བ་དང་། སྡིག་པ་བཤགས་པ་དང་། སྨོན་བཅོལ ་བགྱིའོ།། དེ་ཡང་གཏོར་མ་ཆ་གསུམ་རྣམས་རིམ་གྱིས་མཆོད་ཅིང་གཏང་བར་བྱ། གཏོར་མ་ཐ་མལ་དམིགས་ནས་ལན་ཆགས་ཀྱི་བགེགས་སུ་གྱུར་པ་རྣམས་ལ་བསྔོ། དེ་ན་སར་སོག་གཡས་པ་ལ། ཁྲག་གི་ཡི་གེ་བྲིས ་ནས་ནི། གཞལ་ཡས་སྒོ་ལ་གདགས་པར་བྱ། དེ་ནས་ཕུར་པ་དར་གྱི་ཅོད་པན་ཅན་བཅུ་མངའ་གསོལ་ལ། ཕྱོགས་མཚམས་སུ་བཞག་གོ། དེ་ནས་རྡོ་རྗེ་གཞོན་ནུ་དང་བསྲུང་བའི་འཁོར་ལོའི་ལས་བྱའོ།། ཚོན་རྩི་རྣམ ་པ་ལྔ་པོ་ཡང་། ཚོམ་བུ་ལྔ་ཡི་ལྷ་བཀོད་ཅིང་། སྙིང་པོ་ལྔས་བྱིན་གྱིས་བརླབ་བོ།། གསང་བའི་དཀྱིལ་འཁོར་ཁྲུ་གང་བ། བདུད་རྩི་ལྔ་ཡི་གོ་མ་ཡི། དྲི་ཆེན་དྲི་ཆུས་སྐྱང་ནུལ་བྱ། དེ་ན་གཟུངས་མ་མཚན་དང་ལྡན་པ ་གཅིག་ལ། ལས་ཀྱི་རྡོ་རྗེ་མོར་དབང་བསྐུར་ལ། ཐིག་སྐུད་འཕེལ་དུ་གཞུག་གོ། དེ་ནས་ཐིག་སྐུད་སྤྱི་བོར་བཞག་ལ། གནས་ལྔར་དཔའ་བོ་འབྲུ་ལྔ་དགོད་དོ།། འབྲུ་ལྔ་སྤྲོས་བསྡུས་པས། སྐུ ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབང་བསྐུར་ལ། ཡེ་ཤེས་ལྔར་བྱིན་གྱིས་བརླབ་བོ།། མོ་ཧ་ར་ཏི་ཛ་ཞེས་བརྗོད་པས། ཡུམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབ་བོ།། དེ་ནས་ཡབ་ཡུམ་གྱི་མཁའ་རྡོ་རྗེ་པདྨོར ་བྱིན་གྱིས་བརླབ་བོ།། བྱང་ཆུབ་ཀྱི་སེམས་འོད་ཞུར་གྱུར་པས་དཀྱིལ་འཁོར་གྱི་ཐོག་ཏུ་དཀར་མེར་ཀྱིས་གྱུར་པ་བསམ་མོ།། དེ་ནས་ཛྙཱ་ན་ཧཱུཾ་ཞེས་བརྗོད་པས་གནམ་ཐིག་གདབ། བཛྲ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད ་པས་ས་ཐིག་གདབ།། སྟེགས་བུ་འདོམ་གང་གྲུ་བཞི་ལ།། དབུས་སུ་ཟླ་གམ་ཟླུམ་པོར་བྱ།། མཐའ་མ་རྡོ་རྗེའི་ར་བས་བསྐོར།། སྒོ་བཞི་པ་དང་ལྡན་པར་བྱ།། དེ་ལྟ་བུ་ཡི་དཀྱིལ་འཁོར་ལ།། དབུས་སུ་བྷནྡ་མཚན་ལྡན ་ལ།། ཡ་བ་ཡུམ་སྙིང་པོ་བྲིས་ལ་གཞག། དབུས་ཀྱི་བྷནྡའི་མདུན་དྲང་དུ།། བྷནྡ་ཤིང་ལོའི་འདབ་མ་ལ།། མ་བརྒྱད་སྙིང་པོ་བྲིས་ལ་གཞག་བྷནྡ་ཚལ་བུ་བཞི་ལ། བསྒྲུབ་པའི་གསང་མཚན་དང་གསོལ་བྱང་བྲིས་ལ ་གཞག། གཞན་ཡང་ཞིང་ཆེན་གྱི་རས་གོས། ཤ་ཆེན་གྱི་ལང་ལིང་། རྒྱན་གྱིས་བརྒྱན་པར་གཞག། ཚིལ་ཆེན་གྱི་མེ་མར་ལ། དུར་ཁྲོད་ཀྱི་ཞིང་རས་ཀྱིས་སྡོང་བུ་བྱས་ལ་བཏང་ངོ་།། དེ་ནས་ལྷ་བཤོས་ཟླ་གམ་ལ ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ་ཚིལ་ཆེན་གྱི་ཞལ་ཁེབས་ཅན་དང་།། སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་བྷནྡའི་བཟེད་ཕོར་དང་། དམར་གྱི་ཨརྒྷ་དང་བཅས་དྲང་ངོ་།། དེ་ནས་སྒྲུབ་པ་པོ ་རྣམས་ཀྱི་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་གདབ་བོ།། རྟགས་དང་མཚན་མས་བཏབ་ནས་རྒྱན་སྤྲས་ཏེ་བཞུགས་སོ།། དེ་ནས་ཞི་ཁྲོའི་ལས་གཞུང་བཞིན་བྱས་ལ། ལྷ་རེ་རེ་ལ་བསྙེན་པ་བརྒྱ ་རྩ་བརྒྱད་དབུལ་ལོ།། འཛབ་རྫོགས་པ་དང་ཐུགས་དམ་བསྐུལ་ཕྲིན་ལས་བཅོལ་ལོ།། སྟོང་ཚིགས་ཀྱི་མཆོད་པ་ཆོ་གས་དབུལ། ཡང་ན་སྟོང་ཚིགས་ཀྱི་མཆོད་པ་དང་ཞལ་ཟས་མཆོད་པ་དབུལ། ཡང་བསྙེན་པ་ཡང ་ཉིན་མཚན་གཅིག་ལ་དྲུག་སྟོང་བགྲང་། དགོངས་དང་ཐོ་རངས་གཏོར་མ་གཏང་། གཏོར་མ་སླད་མ་ཡང་དེའི་རྗེས་སུ་གཏང་། དེ་ལན་རེ་ལ་ཡང་མཚམས་བཅད་པ་དང་། ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་དོ།། སྟན་མི ་སྦུསྡུག། གྲལ་མི་བསྣོར། ལངས་པའི་ཚེ་སྟན་བྱིན་གྱིས་བརླབ་བོ།། དེ་ནས་བསྒྲུབ་པ་ཕྱིན་པ་དང་གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་སྦྱིན་བསྲེག་བྱ། ཚོ་གཅིག་མཁའ་འགྲོ་ལ་བསྲུང་། ཚོ་གཅིག་མི་ཟད་པའི ་གཏེར་དུ་སྦ། དེ་ནས་སྒོ་དབྱེ། པྲ་བརྟག་སྒྲུབ་པ་རིམ་པ་ནས་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར། དངོས་གྲུབ་བཀྲ་ཤིས་གསོལ་ལ་ཚོགས་བྱ། དེ་ནས་དཀྱིལ་འཁོར་བསྡུ། སློབ་དཔོན་ལ་ཡོན་འབུལ། ནོངས ་པ་བཟོད་པར་གསོལ། དེ་ནས་གཏོར་མ་ཆ་གཅིག་ལ་ཚངས་པ་བརྒྱ་བྱིན་ལ་བསྔོ། མཚམས་ཀློང་ངོ་།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཟླ་གམ་གཅིག་པའི་སྒྲུབ་ལུགས་ཏེ ་གཅིག་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕྱག་རྒྱ་ཆེན་པོ་དགུ་བསྒྲུབ་པའི་ཕྱིར།། ཟླ་གམ་དགུ་པའི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན ་ནས།། གནས་དང་ས་གཞི་བརྟག་པར་བྱ།། འཇིག་རྟེན་ས་བདག་ལྷ་ཀླུ་ལ།། ས་རིན་བཅལ་ཏེ་ས་བསླང་ངོ་།། ཕྱི་ནང་ས་ཡི་མཚམས་རྣམས་སུ།། ཕྱོགས་བཞི་དག་ཏུ་མཐོ་བཞི་གཟུག། རྒྱལ་ཆེན་བཞི་རུ་མངའ ་གསོལ་ལོ།། དེ་ནས་ཤེས་རབ་མཚན་དང་ལྡན་པ་གཅིག་ཐིག་སྐུད་འཁོལ་དུ་བཅུག། དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབ། ཙ་ར་དྷ་ར་ཧི་ཞེས་ཐིག་གདབ། འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ།། ཟླ་གམ་དམར་པོ ་ཁ་བྱང་དུ་བསྟན་པ་བྲི། རྩིབས་བརྒྱད་ལ་ཟླ་གམ་རེ་རེ་ཁ་ནང་དུ་བསྟན་པ་བྲི།། དེའི་ཕྱི་རིམ་དུ་རྡོ་རྗེ་ར་བས་འཁོར་བ་བྲི།། སྒོ་བཞི་དང་ལྡན་པར་བྲི། དེའི་ཕྱི་རིམ་བསྐལ་པའི་མེ་དཔུང་འབར་བ་བྲི། དཀྱིལ་འཁོར ་དབུས་སུ་བྷནྡ་མཚན་དང་ལྡན་པ་ལ། དཔལ་ཆེན་ཡབ་ཡུམ་བྲིས་ལ་གཞག། ཚལ་བུ་བརྒྱད་ལ་གོའུ་རི་མ་བརྒྱད་བྲིས་ལ་བཞག། ཚིལ་ཆེན་གྱིས་མེ་མར་དགུ། དབུས་དང་ཕྱོགས་མཚམས་སུ་གཞག། དཀྱིལ་འཁོར ་གྱི་རྒྱན་རྣམས་ཀྱང་ཚུལ་བཞིན་དུ་དགོད། མཆོག་ཕུར་དར་གྱི་ཅོད་ཕན་བཏགས་ལ་གཞག། ཧེ་ཆེན་དགུའི་དཀྱིལ་འཁོར་དུ།། དུར་ཁྲོད་ཆེན་པོ་དགུ་ནི་ཀློང་དགུར་གསལ།། མཚལ་གྱི་ཐིག་ཕྲན་དགུ་དག་ནི།། ཐིག ་ལེ་ཆེན་པོ་གསུམ་གྱི་དང་།། དེ་ལྟ་བུ་ཡི་དཀྱིལ་འཁོར་ནི།། འདུ་འབྲལ་མེད་པའི་ངང་དུ་རྫོགས།། རྫས་དང་མཆོད་པའི་ཡོ་བྱད་ཀྱང་།། མཚན་མའི་དངོས་པོ་ཀུན་བྲལ་ཏེ།། ཀུན་ཏུ་བཟང་པོའི་རོལ་པའོ།། ཞེས ་དཔལ་ཧེ་རུ་ཀས་ཉིད་ལ་ཉིད་ཐུགས་ཀྱི་ཀློང་བརྟོལ་ནས་ངོམ་མོ།། དེ་ལྟ་བུ་ཡི་དཀྱིལ་འཁོར་དུ། མཆོད་པ་བཀྲམ་པ་ཡང་། ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་དང་། ་སྒྲུབ་པ་པོ་རེ་རེའི་མདུན་དུ་བྷནྡའི་བཟེད་ཕོར་དང་། དམར་གྱི་ཨརྒྷ་དྲང་ངོ་།། སྒྲུབ་པ་པོ་རྣམས་ལ་ཡང་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས། ཐལ་ཆེན་གྱི་མཚན་མ་བཏབ་ལ། རྒྱན་སྤྲས་ཏེ་བཞུགས་སོ།། ཞི་ཁྲོའི ་དཀྱིལ་འཁོར་གཞུང་བཞིན་བྱ། ལྷ་རེ་རེ་ལ་བསྙེན་པ་དྲུག་སྟོང་དྲུག་སྟོང་དབུལ། འཛབ་རྫོགས་པ་དང་ཐུགས་དམ་བསྐུལ།། ཕྲིན་ལས་བཅོལ། སྟོང་ཚིགས་ཀྱིས་མཆོད་པ་འབུལ། ཚེ་ལ་སོགས་པ་དངོས་གྲུབ ་གསོལ། དཀྱིལ་འཁོར་བསྡུ། དགོང་དང་ཐོ་རངས་གཏོར་མ་གཏང་། གཏོར་མ་སླད་མ་ཡང་དྲང་། གཏོར་མ་ཚོ་གསུམ་དུ་བཅད་ལ། ཚོག་གཅིག་སྤྲིན་བསྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི ་ཟད་གཏེར་དུ་སྦ། རྒྱལ་ཆེན་ལ་བསྲུང་བའི་གཏང་རག་གཏང་བར་བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཟླ་གམ་དགུ་པའི་དཀྱིལ་འཁོར་སྒྲུབ་ལུགས་ཏེ་གཉིས ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཧེ་རུ་ཀས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་ལུགས་གསུངས་ནས། ཟླ་གམ་བཅོ་བརྒྱད་པའི་སྒྲུབ་ལུགས་ཕྲིན་ལས་ཀྱི་གོ་རིམ་འདི་གསུངས ་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། རྫས་དང་ས་གཞི་བརྟག་པར་བྱ།། ས་བདག་རྣམས་ལ་ས་རིན་གཞལ།། བསླང་དང་སྤྱད་པ་ཚུལ་བཞིན་བྱ།། ཕྱོགས་བཞི་དག་ཏུ་མཐོ་བཞི་བཙུག། བསྲུང་དང་མཚམས ་ཀྱི་ལས་རྣམས་བྱ།། གཟུངས་མ་མཚན་དང་ལྡན་པ་ལ།། བྱིན་གྱིས་བརླབ་ཅིང་ཐིག་སྐུད་འཁོལ་དུ་བཅུག། ཙ་ར་དྷ་ར་ཧི་ཞེས་ཐིག་གདབ། དབུས་ཟླ་གམ་དཀར་དམར་ཁ་སྤྲོད་བྱས་ལ་བྲི། འཁོར་ལོ་རྩིབས་བརྒྱད་ལ ་ཟླ་གམ་ཁ་སྤྲོད་དུ་བྲི།། སྒོ་བཞི་དང་ལྡན་པ། མཐའ་རྡོ་རྗེའི་ར་བས་བསྐོར་བ། དེའི་ཕྱི་རིམ་བསྐལ་པའི་མེ་རིས་བསྐོར་བ་བྲི།། དབུས་སུ་བྷནྡ་མཚན་དང་ལྡན་པ་གཅིག་ལ། དཔལ་ཆེན་པོ་ཡབ་ཡུམ་བྲིའོ།། ཤར་དུ ་ཚལ་བུ་ལ་བཛྲ་ཧེ་རུ་ཀ་དང་། ཡུམ་བཛྲ་ཀྲོ་ཏཱི་བྲིས་ལ་གཞག། ལྷོར་རཏྣ་ཧེ་རུ་ཀ་བྲིས་ལ་གཞག། ནུབ་ཏུ་པདྨ་ཧེ་རུ་ཀ་བྲིས་ལ་གཞག། བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་གཞག། བྱང་ཤར་དུ་བྷནྡ་མཚན་དང ་ལྡན་པ་ལ་གསོལ་བྱང་བྲི་ལ་གཞག། སྒོ་བཞིར་ཛ་བཞི་བྲིས་ལ་གཞག། དེ་ནས་ཤར་ལྷོའི་འཁོར་ལོ་ལ། ཚལ་བུ་ལ་རཀྵ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་གཞག། ལྷོ་ནུབ་ཏུ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་གཞག། ནུབ ་བྱང་དུ་གུ་ཧྱ་ཧེ་རུ་ཀ་བྲིས་ལ་གཞག། བྱང་ཤར་དུ་ཡཀྵ་ཧེ་རུ་ཀ་ཡབ་ཡུམ་བྲིས་ལ་གཞག། དེ་ནས་མཆོག་ཕུར་དར་གྱི་ཅོད་པན་ཅན་བཅུ། ཁྲོ་བོ་བཅུར་མངའ་གསོལ་ནས་མཚམས་གཅད་དོ།། སྣང་སྲིད་སྒྱུ་མའི་རང ་བཞིན་ལ།། ཡེ་ནས་དག་པའི་མཆོག་ཕུར་འདིས།། གདེང་དང་ལྡན་པའི་སྔགས་འཆང་གིས།། བྱིན་ཆེན་དབབ་པར་མངའ་གསོལ་ལོ།། ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ།། ཨོཾ་ཨཱཿཧཱུཾ། སྐྱེ་ལ་དབང་མཛད ་བྲན་ཚུལ་མི་གཡོ་མགོན།། ཨོཾ་ཨཱཿཧཱུཾ། ཚེ་ལ་དབང་བྱེད་འཇིགས་བྱེད་གཤིན་རྗེ་གཤེད།། ཨོཾ་ཨཱཿཧཱུཾ། ཆོས་ལ་དབང་མཛད་ཧ་ཡ་གྷྲྀ་བ་དཔལ།། ཨོཾ་ཨཱཿཧཱུཾ། ལས་ལ་དབང་མཛད་བདུད་རྩི་ཀུཎྜ་ལི།། ཨོཾ་ཨཱཿཧཱུཾ། ཡེ་ཤེས ་དབང་མཛད་ཁྲོ་རྒྱལ་དབྱུག་སྔོན་ཅན།། ཨོཾ་ཨཱཿཧཱུཾ། སེམས་ལ་དབང་མཛད་ཁྲོ་བོ་འདོད་པའི་རྒྱལ།། ཨོཾ་ཨཱཿཧཱུཾ། རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ།། ཨོཾ་ཨཱཿཧཱུཾ། སྐྱེ་བཞི་མངོན་པར་རྫོགས་མཛད་ཧཱུཾ་ཀ ་ར།། ཨོཾ་ཨཱཿཧཱུཾ། སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎྜ་ལི།། ཨོཾ་ཨཱཿཧཱུཾ། དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དུར་ཁྲོད་རྫས་ཀྱིས་ཆག་ཆག་གདབ།། བདུད་རྩི་དྲི་ཆེན་ཡེ་ཤེས་བཅུད་ལྡན་འདིས།། དེ ་བཞིན་གསང་མཆོག་རིགས་ཀྱི་དངོས་བསྒྲུབ་པའི།། བཀའ་གསང་བསྒྲུབ་པའི་དཀྱིལ་འཁོར་དུ།། དམ་རྫས་བདུད་རྩི་འབར་བའི་ཆག་ཆག་འདེབས།། ཨོཾ་མ་ཧཱ་བ་སུ་མཎྜ་ལ་ཧཱུཾ། དམ་རྫས་དག་པའི ་བདུད་རྩི་དྲི་ཆུ་འདིས།། ཡེ་ཤེས་རང་བྱུང་བདུད་རྩི་བསྒྲུབ་པའི་ཕྱིར།། གསང་བའི་བདུད་རྩི་ཆེན་པོའི་ཆག་ཆག་འདེབས། མ་ཧཱ་ས་མ་ཡ་མ་མ་ཀུ་ཀུ་ལ་མཎྜ་ལ་ཧཱུཾ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར ་འདིར།། འཁོར་བའི་རྒུན་གཅོད་བྱང་ཆུབ་སེམས་ཀྱི་ངང་།། མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ།། རཀྟ་གསང་བའི་དཀྱིལ་འཁོར་ཆག་ཆག་འདེབས།། མ་ཧཱ་རཀྟ་མཎྜ་ལ་ཧཱུཾ། རོ་ཡི་ཚོར་སྟོད་རྣམ་བཞི ་ཡིས།། དུར་ཁྲོད་རྫས་མཆོག་མ་ཉམས་བཙལ།། དུར་ཁྲོད་རོ་ཡི་སྙིང་ཁུང་དུ།། སེང་ལྡིང་ཕུར་པ་སོར་བརྒྱད་གདབ།། ཨཱརྱ་ཨ་ཙ་ལ་ཧཱུཾ། ཨོཾ་ཨཱཿཧཱུཾ། བྱ་བས་བྱིན་གྱིས་བརླབས་ལ་བཞག། དེ་ནས་དུག་གསུམ་འཁོར ་རང་རྒྱུད་གཅོད་པའི་བྲོ་བརྡུང་ངོ་།། དུར་ཁྲོད་གསང་བའི་དཀྱིལ་འཁོར་འདིར།། དུག་གསུམ་རབས་རྒྱུད་གཅོད་པའི་བྲོ།། སྐྲ་གསུང་ཐུགས་སུ་ལྷན་གྱིས་གྲུབ།། དབང་པོ་འབྲོས་པའི་སྒོ་དགུ་རུ།། སྐྲ་དགུ་བཀོད ་པའི་བྲོ་བརྡུངས་པས།། ཡེ་ཤེས་དགུ་ཡི་བྱིན་རླབས་ལས།། ཚོར་ཞིང་ལེན་པའི་རྣམ་ཤེས་དགུ།། ཀློང་ཆེན་དགུ་རུ་ལྷུན་གྱིས་གྲུབ།། ཞེ་སྡང་འདུས་པའི་ཕུང་པོ་ལ།། ཧཱུཾ་གི་འཕྲོ་འདུ་འཁྲུགས་པ་ལ།། མཐིང་ནག་ཆེན ་པོ་འཇིགས་པའི་གཟུགས།། ཀློང་ཆེན་དགུ་ཡི་བྱིན་རླབས་ལས།། ཞེ་སྡང་ཅན་དང་དམྱལ་བའི་གནས།། དུག་གསུམ་སྐྱེ་བའི་རྒྱུན་བཅད་ནས།། ཐིག་ལེ་ཆེན་པོའི་ངང་དུ་བསྒྲལ།། སུམ་བྷ་ནི་སུམ་བྷ་ནན། གཏི་མུག ་འདུས་པའི་ཕུང་པོ་ལ།། ལྟ་བྱེད་གཡས་ཀྱི་ཕུང་པོ་ལས།། ཨཽ་གྱི་འཕྲོ་འདུ་འཁྲུགས་པ་ལས། བུདྡྷ་ཁྲག་འཐུང་སྤྲིན་ཕུང་བཞིན།། སྨུག་ནག་ཆེན་པོ་འཇིགས་པའི་གཟུགས།། གཏུམ་པོ་རྔམ་ཆེན་འཁྲུགས་པ ་ཡིས།། གཏི་མུག་ཅན་དང་བྱོལ་སོང་གནས།། སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ།། ལྟ་བྱེད་གཡོན་གྱི་དབང་པོ་ལ།། ཨཱཾ་གི་འཕྲོ་འདུ་འཁྲུགས་པ་ཡིས།། པདྨ་ཁྲག་འཐུང་སྤྲིན་ཕུང་བཞིན།། དམར་ནག་ཆེན་པོ ་འཇིགས་པའི་གཟུགས།། གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས།། འདོད་ཆགས་ཅན་དང་མི་ཡི་གནས།། སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ།། སྣོམ་བྱེད་དབང་པོ་གཡས་པ་ལ།། སྭཱ་ཡི་འཕྲོ་འདུ་འཁྲུགས་པ ་ཡིས།། རཏྣ་ཁྲག་འཐུང་སྤྲིན་ཕུང་བཞིན།། སེར་ནག་ཆེན་པོ་འཇིགས་པའི་གཟུགས།། གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས།། ང་རྒྱལ་ཅན་དང་ལྷ་མིན་གནས།། སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ།། སྣོམ ་བྱེད་གཡོན་གྱི་དབང་པོ་ལ།། ཧཱ་ཡི་འཕྲོ་འདུ་འཁྲུགས་པ་ཡིས།། ཀརྨ་ཁྲག་འཐུང་སྤྲིན་ཕུང་བཞིན།། ལྗང་ནག་ཆེན་པོ་འཇིགས་པའི་གཟུགས།། གཏུམ་པོ་རྔམ་ཆེན་འཁྲུགས་པ་ཡིས།། ཕྲག་དོག་ཅན་དང་ཡི་དྭགས ་རྒྱུ།། སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ།། ཉན་བྱེད་དབང་པོ་གཉིས་པོ་ལ།། ཧཱུཾ་གི་འཕྲོ་འདུ་འཁྲུགས་པ་ཡིས།། དབང་ཕྱུག་ཆེན་པོ་འཇིགས་པའི་གཟུགས།། གཏུམ་པོ་རྔམ་ཆེན་འཁྲུགས་པ ་ཡིས།། ཞེ་སྡང་ཅན་དང་དམྱལ་བའི་གནས།། སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ།། སུམ་བྷ་ནི་སུམ་བྷ་ཧཱཾ། གྷྲྀ་ཧྣ་གྷྲྀ་ཧྣ་ཧཱཾ། གྷྲྀ་ཧྞཱ་པ་ཡ་གྷྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བི་དྷ་རཱ་ཛ་སྥོ་ཊ་བཾ།། འཇིག་རྟེན ་དྲུག་གི་ཕྱོགས་བཅུ་ཅན།། འབྱུང་བ་ལྔ་ཡིས་བསླད་པ་དང་།། ཉོན་མོངས་ལྔ་ཡིས་བཅིངས་པ་རྣམས།། སྟོངས་ཤིང་ཟད་མཛད་དབྱིངས་སུ་བསྒྲལ།། ཤཱནྟིཾ་ཀུ་རུ་ཨ་ལ་ལ་ཧོ། ལྷོ་སྒོར་གཟི་ལྡན་ཡུམ་བྱུང་སྟེ། དུར་ཁྲོད ་ཆེན་པོའི་གནས་འདི་རུ།། ཡེ་ཤེས་ལྔ་ཡི་ཀློང་དཀྱིལ་དུ།། གཟི་ལྡན་ཡུམ་གྱི་བྲོ་བྱུང་ངོ་།། དུག་ལྔ་དབྱིངས་སུ་ལྷུན་གྱིས་གྲུབ།། དབང་པོ་ལྔ་ཡི་ཡུལ་ལྔ་ལ།། ཡུམ་ཆེན་ལྔ་ཡིས་བྲོ་བརྡུངས་པས།། སྐུ་ལྔ་དབྱིངས་སུ ་ལྷུན་གྱིས་གྲུབ།། མནོ་བའི་ཡུལ་ལ་བྲོ་བྱུང་ངོ་།། བུདྡྷ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། ཆགས་པ་དབྱིངས་སུ་སྡུད་པའི་བྲོ།། གཏི་མུག་གནས་སུ་དག་པའི་བྲོ།། བྲོ་བརྡུང་བྱོལ་སོང་སྙིང་ལ་བརྡུང་།། གཏི་མུག་གཙོ་བོ་ཐལ་བར ་རློག། བྱོལ་སོང་འཇིག་རྟེན་ཐམས་ཅད་ཀུན།། དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ།། མཐོང་བྱེད་ཡུལ་ལ་བྲོ་བྱུང་ངོ་།། པདྨ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། འདོད་ཆགས་དབྱིངས་སུ་དག་པའི་བྲོ།། བྲོ་བརྡུང་མི་ཡི་སྙིང་ལ ་བརྡུང་།། འདོད་ཆགས་གཙོ་བོ་ཐལ་བར་རློག། མི་ཡི་འཇིག་རྟེན་ཐམས་ཅད་ཀུན།། དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ།། ཉན་བྱེད་ཡུལ་ལ་བྲོ་བྱུང་ངོ་།། རཏྣ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། ང་རྒྱལ་དབྱིངས་སུ་དག་པའི ་བྲོ།། བྲོ་བརྡུང་ལྷ་མིན་སྙིང་ལ་བརྡུང་།། ལྷ་མིན་གཙོ་བོ་ཐལ་བར་རློག། ལྷ་མིན་འཇིག་རྟེན་ཐམས་ཅད་ཀུན།། དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ།། སྣོམ་བྱེད་ཡུལ་ལ་བྲོ་བྱུང་ངོ་།། ཀརྨ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། ཕྲག ་དོག་གནས་སུ་དག་པའི་བྲོ།། བྲོ་བརྡུང་ཡི་དྭགས་སྙིང་ལ་བརྡུང་།། ཕྲག་དོག་གཙོ་བོ་ཐལ་བར་རློག། ཡི་དྭགས་འཇིག་རྟེན་ཐམས་ཅད་ཀུན།། དབྱིངས་སུ་བསྡུ་ཞིང་ཀློང་དུ་བསྒྲལ།། ཉན་བྱེད་ཡུལ་དུ་བྲོ་བྱུང ་ངོངོ།། བཛྲ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། ཞེ་སྡང་དབྱིངས་སུ་དག་པའི་བྲོ།། བྲོ་བརྡུང་དམྱལ་བའི་སྙིང་ལ་བརྡུང་།། ཞེ་སྡང་གཙོ་བོ་ཐལ་བར་རློག། དམྱལ་བའི་འཇིག་རྟེན་ཐམས་ཅད་ཀུན།། དབྱིངས་སུ་བསྡུ་ཞིང་ཀློང་དུ ་བསྒྲལ།། ཀྲོ་ཏི་ཤྭ་རའི་བདེ་ཀློང་མཁའ་ལ་འདུས།། ནུབ་ཏུ་གསང་བའི་ཧེ་རུ་ཀ་བཞིའི་བྲོ་བྱུང་སྟེ།། ཉན་བྱེད་ཡུལ་གྱི་དབང་པོ་ལ།། གསང་བ་ཡབ་ཀྱི་བྲོ་བྱུང་ངོ་།། རཀྵ་ཧེ་རུ་ཀ་ཡི་བྲོ་བྱུང་ངོ་།། རྡོ་རྗེ་ལྟ་བུའི་ཡེ་ཤེས ་ཀྱིས།། བདུད་དང་མུ་སྟེགས་དབང་དུ་སྡུད།། ཚོར་བྱེད་ལྕེ་ཡི་དབང་པོ་ལ།། ས་ནུ་ཧེ་རུའི་བྲོ་བྱུང་ངོ་།། འདའ་དཀའ་ཐུགས་ཀྱི་ཡེ་ཤེས་ཀྱིས།། བདུད་དང་མུ་སྟེགས་དབང་དུ་སྡུད།། ཆགས་པར་བྱེད་པའི་གསང ་གནས་ལ།། གསང་བ་ཡབ་ཀྱི་བྲོ་བྱུང་ངོ་།། གྷུ་ཧྱ་ཧེ་རུའི་བྲོ་བྱུང་ངོ་།། ཀློང་དུ་གྱུར་པའི་ཡེ་ཤེས་ཀྱིས།། བདུད་དང་མུ་སྟེགས་དབང་དུ་སྡུད།། རེག་བྱ་ཡུལ་གྱི་དབང་པོ་ལ།། གསང་བ་ཡབ་ཀྱི་ཁྲོ་བྱུང ་ངོངོ།། ཡཀྐ་ཧེ་རུའི་བྲོ་བྱུང་ངོ་།། དབྱིངས་སུ་སྒྲོལ་བའི་ཡེ་ཤེས་ཀྱིས།། བདུད་དང་མུ་སྟེགས་དབང་དུ་སྡུད།། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྷྲྀ་ཧཱ་གྷྲྀ་ཧྞ་ཧཱུཾ། གྷྲྀ་ཧྞཱ་པ་ཡ་གྷྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཏོ། བྷ་ག་ཝཱ་ན། བིདྱཱ་རཱ་ཛ་ཧཱུཾ ་བཛྲ་སྥོ་ཊ་བཾ། བྱང་སྒོར་གསང་བ་ཡུམ་གྱི་ཕྲོ་བྱུང་ངོ་།། ཉན་པའི་ཡུལ་ལ་བྲོ་ཕྱུང་ངོ་། རཀྵ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། དྲོད་ལས་སྐྱེས་པའི་གནས་བཅོམ་ནས།། སྐྱེ་བཞི་ཕྱག་མས་བཏབ་ནས་ནི།། ཕྱག་རྒྱ་བཞི་ཡི་ངང་དུ ་རྫོགས།། ཚོར་བྱེད་ཡུལ་ལ་བྲོ་བྱུང་བ།། ས་ནུ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། འདོད་ཆགས་སྐྱེ་བའི་གནས་བཅོམ་ནས།། སྐྱེ་བཞི་ཕྱག་མས་བཏབ་ནས་ནི།། ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས།། སྐྱེ་གནས་ཡུལ་ལ་བྲོ་བྱུང་བ།། གུ་ཧྱ ་ཀྲོ་ཏིའི་བྲོ་བྱུང་ངོ་།། བརྫུས་ནས་སྐྱེས་པའི་གནས་བཅོམ་ནས།། སྐྱེ་བཞི་ཕྱག་མས་བཏབ་ནས་ནི།། ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས།། རེག་བྱའི་ཡུལ་ལ་བྲོ་བྱུང་བ།། ཡཀྵ་ཀྲོ་ཏཱིའི་བྲོ་བྱུང་ངོ་།། སྤྲུལ་ཏེ་སྐྱེ་བའི་གནས ་བཅོམ་ནས།། སྐྱེ་བཞི་ཕྱག་མས་བཏབ་ནས་ནི།། ཕྱག་རྒྱ་བཞི་ཡི་ངང་དུ་རྫོགས།། གསང་ཆེན་བཞི་ཡི་ཕྱག་རྒྱ་ཡིས།། བཏབ་པས་ཐིག་ལེའི་ངང་དུ་རྫོགས།། དེ་ནས་བྱང་ཤར་མཚམས་སུ་སྤྲོ་བར་བྱའོ།། ཐིག་སྐུད ་བཅུ་ཚལ་གདབ་པར་བྱ།། མགོ་ལུས་ཡན་ལག་ལྔ་པོ་ལ།། མཚོན་བྱ་ལྔ་ཡིས་སྤྲོ་བར་བྱའོ།། དེ་ནས་བསྐོས་གདབ་བོ།། བསྐོས་ལ་སྤྱན་བྲང་ངོ་།། འོག་མིན་ཆོས་ཀྱི་ཕོ་བྲང་ནས།། དགུ་ཀློང་འབར་བའི་བསྐོས ་ལ་སྤྱོན།། དབང་པོ་དགུ་ནི་ཡབ་ཀྱིས་བསྐོས།། དེ་ཡི་ཡུལ་དགུ་ཡུམ་གྱིས་བསྐོད།། དཔལ་ཆེན་འཁོར་ཚོགས་བསྐོས་ལ་སྤྱོན།། དེ་ནས་སྨོན་ལམ་གདབ།། ཧོ་དགོངས་སུ་གསོལ་ལོ།། སྟོང་གི་རབ་འབྱམས་འཇིག ་རྟེན་གྱིས་ཁམས་ཐམས་ཅད། འཁོར་བ་དང་ངན་སོང་ལས་ཐུགས་རྗེས་བསྒྲལ། སྐུ་གསུང་ཐུགས་སུ་སྦྱར་ནས། གདལ་བ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་པར་གྱུར་ཅིག། དེ་ནས་བྱང་ཤར་མཚམས་སུ་ཕུང་པོ་བཤིག ་གོ། མ་ཏྲཾ་གི་དབང་པོ་ལྔ་རིགས་ལྔའི་ཧེ་རུ་ཀའི་རྫས་སུ་དབུལ། དབུས་ནས་རང་བྱུང་གྲུབ་པའི་ལྷ།། སྐུ་མཆོག་བུདྡྷ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག ་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཤར་ནས་རང་བྱུང་གྲུབ་པའི་ལྷ།། ཐུགས་མཆོག་བཛྲ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུཾ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ།། ཡོན་ཏན་རཏྣ་ཧེ་རུ་ཀ། དུར ་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུཾ། ནུབ་ནས་རང ་བྱུང་གྲུབ་པའི་ལྷ།། གསུང་མཆོག་པདྨ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་ག ་སོལ།། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། བྱང་ནས་རང་བྱུང་གྲུབ་པའི་ལྷ།། ཕྲིན་ལས་ཀརྨ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར ་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཤར་ལྷོ་མཚམས་ནས་རང་བྱུང་གྲུབ་པའི་ལྷ།། ཕྲིན་ལྟུར་བ་ཡང་ལས་རཀྵ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི ་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་རཀྑ་ཤྲཱི་ཧེ་རུ་ཀ་ཧཱུཾ། ལྷོ་ནུབ་མཚམས་ནས་རང་བྱུང་གྲུབ་པའི་ལྷ།། སྦྱོར་དམ་ཆག་ཀྱང་བ་ཡཀྐ་ཧེ་རུ་ཀ། དུར ་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་ཡཀྵ་ཤྲཱི་ཧེ་རུ་ཀ་ཧཱུཾ། ནུབ་བྱང་རང་བྱུང་གྲུབ་པའི ་ལྷ།། གསང་བ་གྷུ་ཧྱ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཨོཾ་བྷུ་ཧྱ་ཤྲཱི་ཧེ ་རུ་ཀ་ཧཱུཾ། བྱང་ཤར་རང་བྱུང་གྲུབ་པའི་ལྷ།། སྒྲོལ་བ་ཡཀྵ་ཧེ་རུ་ཀ། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར།། དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར ་བཞུགས་སུ་གསོལ།། ཨོཾ་ཡཀྐ་ཤྲཱི་ཧེ་རུ་ཀ་ཧཱུཾ། དབུས་ཀྱི་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། བུདྡྷ་ཀྲོ་དྷི་ཤྭ་རཱིའི་སྐུ།། དགྱེས་པ་ཆེན་པོའི་བདག་ཉིད་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ ་གསོལ།། ཤར་གྱི་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། བཛྲ་ཀྲོ་དྷཱི་ཤྭ་རཱི་སྟམ།། དགྱེས་པ་ཆེན་པོའི་སྟོབས་ཀྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ལྷོ་ཡི་ཡུམ་ཆེན་མི་ཕྱེད ་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། རཏྣ་ཀྲོ་དྷི་ཤྭ་རཱི་སྟྭམ།། དགྱེས་པ་ཆེན་པོའི་ཚུལ་གྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ནུབ་ཀྱི་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད ་མ།། པདྨ་ཀྲོ་དྷི་ཤྭ་རཱི་སྠཱམ།། དགྱེས་པ་ཆེན་པོའི་ཚུལ་གྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བྱང་གི་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། ཀརྨ་ཀྲོ་དྷི་ཤྭ་རཱི་སྟཾ། དགྱེས་པ་ཆེན ་པོའི་ཚུལ་གྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཤར་ལྷོའི་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། རཀྵ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། དགྱེས་པ་ཆེན་པོའི་ཚུལ་གྱིས་ནི།། དགྱེས ་ཤིང་བརྟན་པར་བཞུགས་སུ་གསོལ།། ལྷོ་ནུབ་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། ས་ནུ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། དགྱེས་པ་ཆེན་པོའི་ཚུལ་གྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ནུབ ་བྱང་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན་པའི་བདག་ཉིད་མ།། གྷུ་ཧྱ་ཀྲོ་དྷི་ཤྭ་རཱི་སྟྭཾ།། དགྱེས་པ་ཆེན་པོའི་ཚུལ་གྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བྱང་ཤར་ཡུམ་ཆེན་མི་ཕྱེད་མ།། གཙོ་ལ་བརྟེན ་པའི་བདག་ཉིད་མ།། ཡཀྐ་ཀྲོ་དྷི་ཤྭ་རཱི་སྟྭཾ།། དགྱེས་པ་ཆེན་པོའི་ཚུལ་གྱིས་ནི།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། དེ་ནས་བྷནྡ་བླངས་ལ། མཚན་དང་དབུས་གསོལ་བྱང་བླངས་ལ་འདི་སྐད་དོ།། འཕྲུལ ་ཞལ་ཡིད་བཞིན་ཕྲ་མེན་བརྒྱད་ཀྱིས་ཀླུབས།། རྐང་མེད་མཁའ་ལ་འགྲོ་བའི་ཏོག་ཏོག་རྐན་སྒྲ་རྡེབ།། སྔོན་གྱི་སྐྱེས་མཆོག་སྒྲུབ་པའི་རྫས་ཡིན་ཏེ།། སུ་ཞིག་དངོས་གྲུབ་འདོད་པ་ད་ལྟ་ང་ལས་ལོང་།། གང་ཞིག་བཀའ ་ལྟར་མི་བྱེད་དམ་ལ་མི་གནས་ན།། འདི་ཡི་སྒྲ་ཐོས་གཟུགས་ཉིད་མཐོང་བས་ཀྱང་།། ལུས་ངག་ཡིད་གསུམ་མོད་ལ་བརླག་པར་འགྱུར།། དཀར་པོ་ཟང་ཡག་འཚེར་བ་ནི།། སྔར་བས་འདས་པའི་བཅོམ་ལྡན ་འདས།། ཆོས་ཀྱི་སྐུ་དང་རབ་ལྡན་ཞིང་།། འགྲོ་བའི་དོན་ལ་དེ་བཞིན་གཤེགས།། རློན་པ་ལྕང་ལོར་ལྡན་པ་ནི།། ད་ལྟར་བཞུགས་པའི་བཅོམ་ལྡན་འདས།། ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཞིང་།། ད་ལྟ ་འགྲོ་བའི་དོན་ལ་དེ་བཞིན་གཤེགས།། དམར་པོ་ར་རི་ཆགས་པ་ནི།། སླད་ནས་འབྱོན་པའི་བཅོམ་ལྡན་འདས།། སྤྲུལ་པའི་སྐུ་དང་རབ་ལྡན་ཞིང་།། འགྲོ་བའི་དོན་ལ་དེ་བཞིན་གཤེགས།། ཟླ་གམ་གྱི་ནི་དབུས་སུ ་གཞག། བསྐུལ་བའི་རྡོ་རྗེ་ཨཾ་ཀུ་ཤ། རྟ་གདོང་དཀར་མོ་གཤེགས་སུ་གསོལ།། བསྐུལ་བའི་རྡོ་རྗེ་པ་ཤྭ་ཧཱུཾ།། ཕག་གདོང་སྔོན་མོ་གཤེགས་སུ་གསོལ།། སྐུལ་བའི་རྡོ་རྗེ་སྒོ་ཊ་བཾ།། སྡོམ་བྱེད་ཆེན་མོ་ལྕགས་སྒྲོག ་མ།། རྨོངས་བྱེད་ཆེན་མོ་གཤེགས་སུ་གསོལ།། སྐུལ་བའི་རྡོ་རྗེ་གྷཎྜེ་ཧོཿ།། ལྗང་གུ་ཐལ་བྱེད་གྷཎྜེ་ཧོཿ།། ཐལ་བྱེད་ལྡང་ནག་གཤེགས་སུ་གསོལ།། འདི་བཞི་དོན་གྱིས་བགོད།། རྡོ་རྗེ་དྲིལ་བུ་རིག་པ་འཛིན།། རྡོ ་རྗེ་ཐབས་ཀྱི་རང་བཞིན་དང་།། དྲིལ་བུ་ཤེས་རབ་རང་བཞིན་ནི།། དཀྱིལ་འཁོར་དབུས་སུ་བརྟན་པར་དགོད།། དེ་ནས་མཆོད་པ་དགྲམ་པ་ནི།། ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བྱས་ལ། དམ་རྫས་ཚང་བའི ་གཏོར་མ་ལ་ཚིལ་ཆེན་གྱི་ཞལ་བཀའ་དྲང་ངོ་།། དེ་ནས་སྒྲུབ་པ་པོ་ཀུན་གྱི་མདུན་དུ། བྷནྡའི་བཟེད་ཕོར་དང་། དམར་གྱི་ཨརྒྷ་དྲང་ངོ་།། ཏིལ་ཆེན་གྱི་མེ་མར་དགུ་གཏང་། དེ་ནས་སྒྲུབ་པ་པོ་ལ་རྟགས་དང་མཚན ་གདབ་སྟེ། ཞག་ཞལ་ཡ་བླངས་ལ། དོན་དམ་བཅུད་ཀྱི་རྒྱས་བཏབ་པས།། ཀུན་ཏུ་འོད་ཀྱི་ས་མནན་ནས།། དཔལ་ཆེན་དགུ་དང་མཉམ་པར་སྦྱོར།། ཐལ་ཆེན་གདུག་པ་འདུལ་བའི་རྒྱན།། སྤྲུལ་པའི་སྐུ ་དང་ལྡན་པ་ཡིས།། འཁོར་ལོ་ཚོགས་ཆེན་ས་མནན་ནས།། མ་ཚོགས་ཕྲ་མེན་ཚོགས་དང་སྦྱར། ཧོ།། རཀྟ་ཐུགས་རྗེ་ཆགས་པའི་རྒྱན།། པདྨ་ཅན་གྱི་ས་མནན་ནས།། ཡུམ་ཆེན་དགུ་དང་མཉམ་པར་སྦྱོར།། ནང་མི ་དམ་པར་མཛད་དུ་གསོལ།། རྒྱན་སྤེལ་ཏེ་བཞུགས་སུ་གསོལ།། དེ་ནས་བརྡའ་སྒོ་དབྱེ།། དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་ཁང་།། ཡེ་ཤེས་བརྒྱད་ཀྱི་སྒོ་ཕྱེ་ཞིག། མཁའ་དབྱིངས་དག་པའི་གཞལ་ཡས་ཁང་།། མི ་གནས་ཡེ་ཤེས་ཆེན་པོའི་སྒོ་ཕྱེ་ཞིག། དེ་ནས་དངོས་གྲུབ་གསོལ་ཏེ།། སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་དང་།། འདུ་འབྲལ་མེད་པ་གཟུངས་ཀྱི་དངོས་གྲུབ་དང་།། འཕོ་འགྱུར་མེད་པ་གནས་ཀྱི་དངོས་གྲུབ་སྟེ།། གསུམ ་འདི་རྣམས་དུས་འདིར་སྩལ་དུ་གསོལ།། དེ་ལྟར་དངོས་གྲུབ་གསོལ་ནས།། ད་ནི་དམ་བཅའ་སྟེ། དུར་ཁྲོད་གནས་པའི་དཔལ་ཆེན་ཧེ་རུ་ཀ། རྟོག་མཐའ་རྨོངས་པའི་འབྱུང་པོ་ཟ་བྱེད་ཅིང་།། རྔམ་པའི་ཚུལ་གྱིས ་སྲིན་པའི་ཚུལ་སྟོན་པ།། མཁའ་མཉམ་དབྱིངས་ནས་ཉམས་པ་རྡུལ་ཙམ་མེད།། ཧཱུཾ་ཐུགས་རྗེ་ཆེན་པོའི་ངང་ལས་མ་འདའ་ཞིག། རྒྱ་མཚོ་ཆེན་པོའི་རླབས་ལས་མ་འཁྲུགས་ཤིག། དཔལ་ཆེན་ཧེ་རུ་ཁྲོ་རྒྱལ་ཡབ་ཡུམ ་རྣམས།། ཉོན་མོངས་འཁོར་བའི་སྡུག་བསྔལ་སྟོངས་པར་མཛོད།། ཧཱུཾ་ཨོཾ། མི་སྲིང་སྲིད་པའི་གཉེན་རྣམས་དགྲར་གྱུར་ཏེ།། བདག་གི་ལུས་འདི་དུམ་བུ་སྟོང་གཏུབས་ཀྱང་།། འཕགས་པའི་སྤྱན་སྔར་བདག་གིས་དམ ་བཅས་པ།། སུན་པར་མི་བགྱིད་མགོན་ཁྱོད་སྐུ་མི་བསླུ།། ཧཱུཾ། དེ་ལྟར་དམ་བཅས་ནས། ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམས་ནས། ཞི་ཁྲོ་གཞུང་བཞིན་བསྐྱེད་ནས། སྤྱན་དྲང་ཕྱག་བྱ་བརྟན་པར་བཞུགས་སུ ་གསོལ། ལྷ་རེ་རེ་ལ་བསྙེན་པ་སྟོང་རྩ་བརྒྱད་དབུལ་ལོ།། འཛབ་རྫོགས་ནས་སྟོང་ཚིགས་ཀྱི་མཆོད་པ་འབུལ། ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་དང་། གཏོར་མ་དགོང་དང་ཐོ་རངས་བཏང་། ལྷག་མ་ཡང ་རྗེས་ལ་དྲང་བར་བྱའོ།། བསྒྲུབ་པ་འདིའི་ལུགས་ཀྱིས། ཐུབ་པར་བྱ་བའི་དམ་ཚིག་བདུན་བསྲུང་བ་དང་། ཉམས་སུ་ལེན་པའི་བར་ཆོད་ལྔ་བཟློག་པར་བྱའོ།། དམ་ཚིག་ལ་ཡང་བསྲུང་བར་བྱ་བ་གསུམ་དང་། ་ཁྱད་པར་གྱི་དམ་ཚིག་བཞི་སྟེ་བདུན་བསྲུང་ངོ་།། བསྲུང་བར་བྱ་བའི་དམ་ཚིག་གསུམ་ནི། རྡོ་རྗེ་སློབ་དཔོན་ཡི་དམ་གྱི་ལྷ་བཞིན་དུ་དྲན་པར་བྱ་བ་དང་། བསྒྲུབ་པའི་དུས་སུ་རྐྱེན་ཅིས་བདས་ཀྱང་། ཚིག་གི་མཚོན་མི ་ཤོར་བར་བྱ་བ་དང་། བསྒྲུབ་པའི་དུས་སུ་གཉིད་ཆང་གི་དབང་དུ་མི་གཏོང་ངོ་།། ཁྱད་པར་གྱི་དམ་ཚིག་གི་བཞི་ནི། སྲིད་པ་ཕོ་བསྒྲལ་ནས་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་དང་། ཁམས་གསུམ ་དབང་དུ་བསྡུས་ནས་དུག་གསུམ་མཆོད་པར་སྦྱར་བ་དང་། དེ་ལྟ་བུའི་རྫས་ལ་བློ་ལ་ཁུ་འཕྲག་མེད་པར་དང་དུ་བླངས་པའི་དམ་ཚིག་དང་། དེ་ལྟ་བུའི་མཛད་སྤྱོད་ཅི་མཛད་ཀྱང་། ཡེ་ཆོས་ཉིད་བྱང་ཆུབ ་སེམས་ལས་མ་གཡོས་པར་བྱ་བའི་དམ་ཚིག་དང་བཞིའོ།། ཉམས་ལེན་པར་ཆད་བཞི་བཟློག་སྟེ།། དེ་ཡི་འདུལ་སྐལ་ཆེན་མོ་ནི།། དགོངས་ཀྱི་ཏིང་འཛིན་མི་གསལ་ན།། སྔོན་གྱི་ཉམས་ལེན་ཆེན་མོ་སྟེ།། གྲིབ་སོ་སྡུད ་པའི་དབང་མོ་ཆེ།། རྫུ་འཕྲུལ་བྱ་རོག་སྐད་སྐྱུར་མ།། དེ་ཡི་འདུལ་སྐལ་ཆེན་མོ་ནི། ཁ་དོག་ནུབ་ཀའི་དམར་ཐག་འདྲ།། རལ་པ་སྤྲིན་དམར་འཁྲིགས་པ་བཞིན།། རལ་པ་སྤྲུག་པའི་སྒྲ་གསེབ་ནས།། གཟའ་རྒོད་མིག ་དམར་ཆར་དུ་འབེབས།། ཨ་ལ་ལ་ཡི་ཕྱག་མཚན་ནི།། གནམ་ལྕགས་ཞུན་མའི་ཁྲོ་ཆུ་བསྐོལ། ཁྲོས་ནས་གཉེན་པོར་རྦད་པའི་ཚེ། ཁྲོ་ཆུ་ཁོལ་མའི་སྦྱིན་ཟང་འབེབས།། སྲིད་པའི་གནམ་ས་དཀྲུགས་པ་སྐང་།། སྲིན ་པོའི་འཇིག་རྟེན་རྦ་ལ་གཡེང་།། དམ་ལས་འདས་པ་བཙོ་སྲེག་བྱེད། ཁྱོད་ཀྱིས་ཕྲིན་ལས་སྐལ་ཕོགས་པ།། དགོང་ཀའི་བར་ཆད་བྱེད་པའི་བདུད།། དགྲ་བགེགས་ཐམས་ཅད་ཐལ་བར་རློགས།། རཀྵ་རུ་ཏྲ་ཡཱ་ཡཀྵ ་ཚལ་པ་ཁཱ་ཧི། ཧ་ན་ཧ་ན་ཧཱུཾ་ཕཊ། སྲོད་ལ་ཏིང་འཛིན་མི་གསལ་ན།། སྔོན་གྱི་ཉམས་ལེན་ཆེན་མོ་སྟེ།། ཕྱོགས་སྐྱོང་བུ་མོ་མ་རུངས་མ།། དེ་ཡི་འདུལ་སྐལ་ཆེན་མོ་ནི།། ཐོགས་མེད་རླུང་ལྟར་འཕྱོ་བ་ཡི།། སྲིད་པའི ་རྒྱལ་མོ་སྲོག་གི་བདག། སྲིད་བདག་ཆེན་མོ་ཀུན་གྱི་རྗེ།། ཡེ་ཤེས་འོད་སྟོང་འབར་བའི་རྫུ་འཕྲུལ་ཅན། ཁྱེད་ཀྱི་ཕྲིན་ལས་སྐལ་ཕོགས་པ།། སྲོད་ལ་བར་ཆད་བྱེད་པའི་བདུད།། དགྲ་བགེགས་ཐམས་ཅད་ཐལ་བར ་རློགས། རཀྵ་རུ་ཏྲ་ཡཱ་ཡཀྟ་ཚལ་པ་ཁཱ་ཧི། ཧ་ན་ཧ་ན་ཧཱུཾ་ཕཊ། ནམ་ཕྱེད་ཏིང་འཛིན་མི་གསལ་ན།། དཀར་མོ་ཕྱོགས་ཀྱི་མ་རུངས་མ།། དེ་ཡི་འདུལ་སྐལ་ཆེན་མོ་ནི།། རལ་གྲིའི་ལུས་ལ་རྐང་ལག་གློག། རལ་པ་སེམ ་སྤྲིན་འཁྲིགས་པ་འདྲ།། སྤྱན་ནི་ཉི་ཟླ་ཞུན་མ་ལ།། སྔགས་པས་གདུང་བས་བོས་པའི་ཚེ།། མཆི་མ་ཐུ་ལུམ་ཆར་དུ་འབེབས།། མཆི་མ་ཐུ་ལུམ་ཐིགས་རེས་ཀྱང་།། དཀར་པོའི་བུ་ཕྲན་མ་ལུས་ཀུན།། གཞོབ་སྒོག་རྡོག ་པས་བརྫིས་པ་བཞིན།། གསོ་གླགས་མེད་པར་དམྱལ་ཐག་གཅོད།། རྒྱལ་བའི་ངག་ཉན་དམ་ཚིག་ཅན། ཁྱོད་ཀྱི་ཕྲིན་ལས་སྐལ་ཕོག་པ།། ནམ་ཕྱེད་པར་ཆད་བྱེད་པའི་བདུད།། དགྲ་བགེགས་ཐམས་ཅད་ཐལ་བར ་རློག། རཀྵ་རུ་ཏྲ་ཡཱ་ཡཀྐ་ཚལ་པ་ཁཱ་ཧི། ཧ་ན་ཧ་ན་ཧཱུཾ་ཕཊ། ཐོ་རངས་ཏིང་འཛིན་མི་གསལ་ན།། ཐོ་རངས་བར་ཆད་བྱེད་པའི་བདུད།། ཧོར་སྟོན་བུ་མོ་མ་རུངས་མ།། དེ་ཡི་འདུལ་སྐལ་ཆེན་མོ་ནི།། མགོ་ནི་སེང་གེའི ་མགོ་བོ་ལ།། ཕུར་མོ་སེང་གེའི་ང་རོ་སྒྲོགས།། སྲིད་པའི་གནམ་ས་གྲུམ་པ་སྐད།། རལ་པ་སེར་སྤྲིན་འཁྲིགས་པ་བཞིན། ཁྱོད་ཀྱི་ཕྲིན་ལས་སྐལ་ཐོགས་པ།། ཐོ་རངས་བར་ཆད་བྱེད་པའི་བདུད།། དགྲ ་བགེགས་ཐམས་ཅད་ཐལ་བར་རློགས།། རཀྵ་རུ་ཏྲ་ཡཱ་ཡཀྐ་ཚལ་པ་ཁཱ་ཧི། ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་ཀའི་ཏིང་འཛིན་མི་གསལ་ན།། ཤར་གྱི་ཟེར་ལ་བར་གཅོད་མ།། སྲབ་མདའ་ཟེར་ལ་ཞོན་པ་མོ།། དེ ་ཡི་འདུལ་སྐལ་ཆེན་མོ་ནི།། དུང་གི་གདོང་ལ་ཤེལ་གྱི་ལྕེ།། རལ་པ་སེར་སྤྲིན་འཁྲིགས་པ་འདྲ།། གནམ་ལྕགས་ཐོག་གི་སེར་ཆེན་འབེབས། ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ།། ཤར་ཀའི་ཟེར་ལ་བར་གཅོད ་པའི།། བདུད་དགྲ་ཐམས་ཅད་ཐལ་བར་རློགས།། རཀྵ་རུ་ཏྲ་ཡཱ་ཡཀྐ་ཚལ་པ་ཁཱ་ཧི། ཧ་ན་ཧ་ན་ཧཱུཾ་ཕཊ། ཉམས་ལེན་ལྔ་དེ་ལྟར་བཟློག་གོ། བསྒྲུབ་པ་ཞག་དུ་དམ་བཅས་པའི་ཕྱེད་དེ་ནུབ། གཏོར་མ་ཚོ་གསུམ་དུ་བཅད ་དེ། ཚོ་གཅིག་སྦྱིན་བསྲེག་བྱ། ཚོ་གཅིག་ལ་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། དེ་ནས་ཧེ་རུ་ཀའི་སྦྱིན་བསྲེག་བྱ་སྟེ། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ།། ཤེས་རབ་ནམ ་མཁའི་བསྐལ་པས་རྒས་རྒུད་སྟོངས། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ།། གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀར།། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག ་བྱ།། བུདྡྷ་ཧེ་རུ་ཀ་ལ་མཆོད་པ་འབུལ།། མི་གནས་པའི་ཀློང་ན་དཔལ་ཆེན་ཁྲག་འཐུང་བཞུགས་པ་ལ་སེམས་ཅན་ཉོན་མོངས་པ་གཏི་མུག་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཏོ།། ཡེ་ཤེས་རྡོ་རྗེས་ཉོན་མོངས་འཁོར་བ་འཇོམས།། ཐབས་འཛིན་མཚོན་ཆས་བསྐལ་པའི་དངོས་པོ་འཇིག། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པའི།། ཞེ་སྡང ་རྡོ་རྗེ་བཛྲ་ཧེ་རུ་ཀར།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། བཛྲ་ཧེ་རུ་ཀ་ལ་མཆོད་པ་འབུལ།། མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན་རིག་པའི་རྒྱལ་པོ ་བཛྲ་ཧེ་རུ་ཀ་བཞུགས་པ་ལ་སེམས་ཅན་ཉོན་མོངས་པ་ཞེ་སྡང་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་ཏོ།། རིན་ཆེན་དབྱིངས་ལྟར་རེ་འདོད་ཀུན ་སྐོང་ཞིང་།། བདག་ལ་གཉིས་མེད་ཆུ་ཡི་བསྐལ་པས་འཁྲུ།། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ།། ང་རྒྱལ་དཔལ་ཆེན་རཏྣ་ཧེ་རུ་ཀ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར ་བའི་སྦྱིན་བསྲེག་འདི།། རཏྣ་ཧེ་རུ་ཀ་ལ་མཆོད་པ་འབུལ།། མི་གནས་པའི་ཀློང་ན་དཔལ་རཏྣ་ཧེ་རུ་ཀ་བཞུགས་པ་ལ་སེམས་ཅན་ཉོན་མོངས་པ་ང་རྒྱལ་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས ་ཏེ་ཕུལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཏོ།། འཁོར་བའི་འདམ་ནས་པད་ལྟར་སྐུ་འཁྲུངས་ཀྱང་།། ལྷག་མཐོང་ཤེས་རབ་བསྐལ་པའི་མེ་ཡིས་བསྲེག། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས ་མཛད་པ།། འདོད་ཆགས་དཔལ་ཆེན་པདྨ་ཧེ་རུ་ཀ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། པདྨ་ཧེ་རུ་ཀ་ལ་མཆོད་པ་འབུལ།། མི་གནས་པའི ་ཡེ་ཤེས་ཆེན་པོའི་ཀློང་ན་རིག་པའི་རྒྱལ་པོ་པདྨ་ཧེ་རུ་བཞུགས་པ་ལ་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་འཁོར་བའི་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་སོ་སོར་རྟོག་པའི་ཡེ་ཤེས ་དང་ལྡན་པར་གྱུར་ཏོ།། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང་།། ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད།། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ།། ཕྲག་དོག་དཔལ་ཆེན་ཀརྨ་ཧེ་རུ ་ཀ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། ཀརྨ་ཧེ་རུ་ཀ་ལ་མཆོད་པ་འབུལ།། མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན་དཔལ་ཀརྨ་ཧེ་རུ་ཀ་བཞུག་པ་ལ ་སེམས་ཅན་ཉོན་མོངས་པ་ཕྲག་དོག་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་བྱ་བ་ནན་ཏན་ཡེ་ཤེས་སུ་གྱུར་ཏོ།། དེ་ནས་ཡུམ་ཁྲག་འཐུང་གི་དབང་མོ་ལྔ་ལ་མཆོད་པ་འབུལ ་ཏེ།། ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཀྱང་།། སྙིང་རྗེ་མཐར་ཕྱིན་ཞེ་སྡང་རྣམ་པར་དག། རྟོགས་པའི་རེག་བྱའི་མཆོད་པས་མཉེས་མཛད་པས།། སྲ་བརྟན་ཁྲོ་བོར་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཡེ་ཤེས ་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། བཛྲ་ཀྲོ་ཏཱིའི་སྐུ་ལ་མཆོད་པ་འབུལ།། མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན་ཡུམ་བཛྲ་ཀྲོ་ཏཱི་བཞུགས་པ་ལ་སེམས་ཅན་ཉོན ་མོངས་པ་ནམ་མཁས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་ཡེ་ཤེས་ཆེན་པོའི་ངང་དུ་ཐིམ་མོ།། སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཀྱང་། ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག། ཕྱག་རྒྱ་སྐུ་ཡི་མཆོད ་པས་མཉེས་མཛད་པའི།། ཆོས་ལ་དབང་བསྐུར་ནམ་མཁའི་ཁྲོ་མོའི་རྒྱལ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩིས་འབར་བའི་སྦྱིན་བསྲེག་འདི།། བུདྡྷ་ཀྲོ་དྷཱི་སྐུ་ལ་མཆོད་པ་འབུལ།། མི ་གནས་ཡེ་ཤེས་ཆེན་པོའི་ཀློང་ན་བུདྡྷ་ཀྲོ་ཏི་ཤྭ་རཱི་བཞུགས་པ་ལ་སེམས་ཅན་ཉོན་མོངས་པ་སས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་ཡེ་ཤེས་ཆེན་པོར་ཐིམ་མོ།། ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས ་ཀྱང་།། སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག། ལོངས་སྤྱོད་དྲི་ཡི་མཆོད་པས་མཉེས་མཛད་མ།། མཉམ་ཉིད་གནས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད ་རྩི་འབར་བའི་སྦྱིན་བསྲེག་འདི།། རཏྣ་ཀྲོ་ཏཱིའི་སྐུ་ལ་མཆོད་པ་འབུལ།། མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས་རཏྣ་ཀྲོ་ཏཱི་ཤྭ་རཱི་བཞུགས་པ་ལ་སེམས་ཅན་འབྱུང་བ་ཆུས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས ་ཡེ་ཤེས་ཆེན་པོའི་ངང་དུ་ཐིམ་མོ།། གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཀྱང་།། ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག། གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་པ།། ལྷག ་མཐོང་ཡེ་ཤེས་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྤྲིན་བསྲེག་འདི།། པདྨ་ཀྲོ་ཏཱིའི་སྐུ་ལ་མཆོད་པ་འབུལ།། མི་གནས་པའི་ཡེ་ཤེས་ཆེན་པོའི ་ཀློང་ན་པདྨ་ཀྲོ་ཏཱི་ཤྭ་རཱི་བཞུགས་པ་ལ་སེམས་ཅན་ཉོན་མོངས་པ་མེས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་ཡེ་ཤེས་ཆེན་པོར་ཐིམ་མོ།། ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཀྱང་།། བཟོད་པ་མཐར་ཕྱིན ་ཕྲག་དོག་རྣམ་པར་དག། བཟོད་པ་དྲི་ཡི་མཆོད་པས་མཉེས་མཛད་པ།། ཐོགས་མེད་ལས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག ་འདི།། ཀརྨ་ཀྲོ་ཏཱིའི་སྐུ་ལ་མཆོད་པ་འབུལ།། མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ན་ཡུམ་ཀརྨ་ཀྲོ་ཏཱི་ཤྭ་རཱི་བཞུགས་པ་ལ་སེམས་ཅན་ཉོན་མོངས་པ་རླུང་གིས་བསླད་པ་ཐམས་ཅད་བསྡུས་ཏེ་ཕུལ་བས་ཡེ་ཤེས་ཆེན ་པོའི་ངང་དུ་ཐིམ་མོ།། མཚམས་ཀྱི་ཧེ་རུ་ཀ་བཞི་ལ་མཆོད་པ་འབུལ་ཏེ།། སྒྲ་ཡི་ཆ་དང་དངོས་པོ་ཡིས།། བག་ཆགས་རྟོག་པ་འཇོམས་མཛད་པ།། ཡེ་ཤེས་དཔལ་ཆེན་རཀྵ་ཧེ་རུ་ཀ། གྷ་ན་ཆེན་པོའི་ཚུལ་གྱིས་སྤྱན ་དྲངས་ནས།། ཐུགས་རྗེ་ཆེན་པོའི་སྦྱོར་བས་འདོད་ཆགས་འཇོམས་མཛད་པ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། རཀྵ་ཧེ་རུ་ཀ་ལ་མཆོད་པ ་འབུལ།། བཅོམ་ལྡན་རཀྵ་ཧེ་རུ་ཀ་ལ་སྣང་སྲིད་ཕྱིན་ཅི་ལོག་ཏུ་བལྟས་པ་བསྡུས་ཏེ་ཕུལ་བས་འཁོར་བ་ཐམས་ཅད་བདེ་བ་ཆེན་པོའི་ཀློང་དུ་ཐིམ་པར་གྱུར་ཏོ།། མྱོང་བྱེད་རྟོག་པ་འཇོམས་མཛད་པ།། དམ་ཚིག་དཔལ ་ཆེན་ས་ནུ་ཧེ་རུ་ཀ། དགོངས་སྤྱོད་ཐུགས་དམ་ཟབ་མོ་ཡིས།། རྩ་བ་ཉམས་པ་སོར་འཛུད་པ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། ས་ནུ་ཧེ་རུ་ཀ་ལ་མཆོད ་པ་འབུལ།། བཅོམ་ལྡན་ས་ནུ་ཧེ་རུ་ཀ་ལ་སྣང་སྲིད་རྩ་བ་ཉམས་པས་འཁྲུལ་འཁོར་ཐམས་ཅད་བསྡུས་ཏེ་ཕུལ་བས། དམ་ཚིག་ཉམས་པ་ཐམས་ཅད་བསྐང་བར་གྱུར་ཏོ།། མཚན་མའི་སྐྱེ་གནས་རྟོག་པ་འཇོམས་མཛད ་པ།། གསང་བ་གྷུ་ཧྱ་དཔལ་ཆེན་ཧེ་རུ་ཀ། ཉོན་མོངས་སྐྱེ་གནས་ཐམས་ཅད་འཇོམས་མཛད་པ།། བླ་མེད་གསང་གནས་དཔལ་ཆེན་ཧེ་རུ་ཀར།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི ་འབར་བའི་སྦྱིན་བསྲེག་འདི།། གྷུ་ཧྱ་ཧེ་རུ་ཀ་ལ་འཆོད་པ་འབུལ།། བཅོམ་ལྡན་གྷུ་ཧྱ་ཧེ་རུ་ཀ་ལ་སྐྱེ་གནས་ཀྱི་མཚན་མ་ཐམས་ཅད་བསྡུས་ཏེ་ཕུལ་བས། འཁོར་བའི་རྟོད་ཕུར་ཕྱུང་ནས་ལྷུན་གྱིས་གྲུབ་པའི་དབྱིངས ་སུ་ཐིམ་མོ།། རེག་བྱའི་རྟོག་པ་འཇོམས་མཛད་པ།། བླ་མེད་དཔལ་ཆེན་ཡཀྵ་ཧེ་རུ་ཀ། རེག་བྱ་གཟུགས་ཀྱི་རྟོག་པ་བཅོམ་ནས་ནི།། བདེ་བ་ཆེན་པོའི་དབྱིངས་སུ་སྒྲོལ་བའི་ངང་།། ཡེ་ཤེས་ཀློང་ཡངས ་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། ཡཀྐ་ཧེ་རུ་ཀ་ལ་མཆོད་པ་འབུལ།། བཅོམ་ལྡན་འདས་ཡཀྐ་ཧེ་རུ་ཀ་ལ་གཟུགས་སུ་སྣང་བའི་རེག་བྱ་ཐམས་ཅད་བསྡུས་ཏེ་ཕུལ་བས་རེག ་བྱའི་རྣམ་པར་རྟོག་པ་ཐམས་ཅད་གཏན་སྤངས་ནས་སྐྱེ་ཤི་དང་རྒས་རྒུད་མེད་དེ་ཆོས་ཀྱི་སྐུའི་དངོས་གྲུབ་ཐོབ་བོ།། ད་ནི་གསང་བའི་ཡུམ་ཆེན་མོ་བཞི་ལ་མཆོད་པ་དབུལ་ཏེ།། སྒྲ་རྣམས་རྟོག་པ་འཇོམས་མཛད ་མ།། རཀྵ་ཁྲོ་མོ་ཉིད་ཀྱི་སྐུ།། དྲོད་ལས་སྐྱེས་པའི་གནས་རྣམས་འཇོམས།། སྐྱེ་བཞི་དབྱིངས་སུ་སྒྲོལ་མཛད་མ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། རཀྵ ་ཀྲོ་ཏཱིཏིའི་སྐྲ་ལ་མཆོད་པ་འབུལ།། ཡུམ་རཀྑ་ཀྲོ་ཏི་ལ་སྒྲའི་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས་ཆོས་ཀྱི་གསུང་རྣམ་པར་དག་པར་གྱུར་ཏོ།། ཚོར་བྱེད་ཡུལ་རྣམས་འཇོམས་བྱེད་མ།། ས་ནུ་ཀྲོ་ཏི་ཤྭ་རཱིའི ་སྐུ།། ཆགས་པའི་སེམས་ཅན་འཇོམས་མཛད་པ།། སྐྱེ་ཤི་ཕྱགས་མས་དབྱིངས་སུ་འདེབས།། མཁའ་བཞི་དབྱིངས་སུ་རྫོགས་མཛད་མ།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི ་སྦྱིན་བསྲེག་འདི།། ས་ནུ་ཀྲོ་ཏཱིའི་སྐུ་ལ་མཆོད་པ་འབུལ།། ཡུམ་ས་ནུ་ཀྲོ་ཏི་ལ་ཚོར་བའི་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས་ཟླ་གམ་གྱི་ལྗགས་རྣམ་པར་དག་པའི་དངོས་གྲུབ་ཐོབ་བོ།། སྐྱེ་གནས་ཡུལ ་རྣམས་འཇོམས་མཛད་མ།། གྷུ་ཧྱ་ཀྲོ་ཏཱི་ཤྭ་རཱིའི་སྐུ།། བརྫུས་པའི་སྐྱེ་གནས་ཐམས་ཅད་འཇོམས་མཛད་མ།། སྐྱེ་བཞི་མཁའ་བཞིར་ཕྱགས་མས་འདེབས།། བྷ་ག་བཞི་ཡི་ངང་དུ་རྫོགས།། ཡེ་ཤེས་ཀློང་ཡངས་འཁྱིལ ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། གྷུ་ཧྱ་ཀྲོ་ཏཱིའི་སྐུ་ལ་མཆོད་པ་འབུལ།། ཡུམ་གྷུ་ཧྱ་ཀྲོ་ཏི་ཤྭ་རཱི་ལ་སྐྱེས་གནས་ཡུལ་དུ་སྣང་བ་ཐམས་ཅད་བསྡུས་ཏེ་ཕུལ་བས་མཁའ་བཞིའི་ཀློང་དུ ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ།། རེག་བྱའི་ཡུལ་རྣམས་འཇོམས་མཛད་མ།། ཡཀྵ་ཀྲོ་ཏི་ཤྭ་རཱའི་སྐུ།། སྤྲུལ་ཏེ་སྐྱེ་བའི་གནས་བཅོམ་ནས།། སྐྱེ་བཞི་མཁའ་བཞིར་ཕྱགས་མས་འདེབས།། བྷ་ག་བཞི་ཡི ་ང་དུ་རྫོགས།། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།། དམ་རྫས་བདུད་རྩི་འབར་བའི་སྦྱིན་བསྲེག་འདི།། ཡཀྑ་ཀྲོ་ཏིའི་སྐུ་ལ་མཆོད་པ་ཕུལ།། ཡུམ་རཀྵ་ཀྲོ་ཏཱི་ཤྭ་རཱི་ལ་སྐྱེས་གནས་མཚན་མའི་ཡུལ་དུ་སྣང ་བ་ཐམས་ཅད་བསྡུས་ཏེ་ཕུལ་བས་དུས་གསུམ་འགྱུར་བ་མེད་པའི་སྐུ་ཐོབ་པར་གྱུར་ཏོ།། དོན་གྱིས་མཆོད་པ་བསྒོམ་བཞི་ལ་དབུལ་ལོ།། དེ་ལྟར་ཚོ་གཅིག་ལ་སྦྱིན་བསྲེག་བྱ། ཚོ་གཅིག་གཞལ་ཡས་ཁང་གི་ཕྱི་རོལ་དུ ་ཁྱེར་ཏེ། ལྷག་མའི་གནས་བདུན་བྱ། གོམ་པ་བཅུ་གསུམ་བོར་ཞིང་གནས་རེ་རེ་བྱས་ཤིང་ལས་བཅོལ་ལོ།། གོམ་པ་བདུན་ཅུ་རྩ་གསུམ་ཙམ་དུ་ཕྱིན་པ་དང་། ཧོམ་ཁུང་ཟླ་གམ་དུ་བརྐོས་ལ། དབང ་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་སྦྱིན་བསྲེག་བྱ། དེ་ནས་སླར་ལོག་ནས། བྷནྡ་ལ་རིགས་ལྔའི་མཚན་བྱང་བྲིས་པ་སློབ་དཔོན་གྱིས་བླངས་ལ། དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་གདན་ལ་འདུག་ལ། སློབ་མས་རུ་ལུ་གར ་གྱི་བྲོས་བསྐོར་ལ་དངོས་གྲུབ་གསོལ་ལོ།། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར།། བང་རིམ་དམར་པོ་དག་ལ་རྟེན་བཅས་ཤིང་།། ཟླ་གམ་དམར་པོའི་སྟེང་དུ་དབང་ནོད་ནས།། མེ་མར་དགུ་པ་དག་ལ ་མདངས་ཕྱུང་ནས།། བྷནྣ་མཚན་ལྡན་དག་ལ་ཐ་ཚིག་བསྒོས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། བདག་ཅག་བསྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ།། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དཔོན་སློབ་ཀུན ་གྱིས་བཟླས། དེ་ནས་སློབ་དཔོན་གྱིས་རིམ་བཞིན་དབང་བསྐུར་རོ།། བདག་ཉིད་དངོས་གྲུབ་བླང་བ་འདི་སྐད་དོ།། དཔལ་དང་ལྡན་པའི་བྷནྡྷ་མཆོག། རང་བཞིན་གནས་པའི་ལྕང་ལོ་ཅན།། བདུད་རྩིས་བཀའ་བས ་ཆེ་མཆོག་སྟེ།། ཐམས་ཅད་དབང་གི་རང་བཞིན་ལ།། བདག་ཉིད་དབུས་སུ་འདུག་ནས་ནི།། རང་བཞིན་རང་བྱུང་ཡེ་ཤེས་ལྷ་རྣམས་ལ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག། ཕྱི་མའི་དུས་ལ་མི་བཞེད་པར། ད་ལྟ། ་བདག་ལ་རྩལ་དུ་གསོལ།། ཞེས་བརྗོད་ལ་ངང་ལ་བདག་ཉིད་ཀྱིས་དངོས་གྲུབ་བླང་ངོ་།། དེ་ནས་སློབ་མ་རིམ་བཞིན་དུ་དབང་བསྐུར་རོ།། སློབ་མ་རྣམས་ཀྱིས་ཀྱང་།། དུར་ཁྲོད་ཀྱི་མེ་ཏོག་ཐལ་མོའི་བར་དུ་བཅུག་ལ། ་འདི་སྐད་བརྗོད་དོ།། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ།། དུར་ཁྲོད་རྫས་ཀྱི་མེ་ཏོག་བོར་ནས་ཀྱང་།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། དེ་སྐད་བརྗོད་ནས་དཀྱིལ་འཁོར་ལ་འབུལ ་ལོ།། དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་ཏུ་རྡོ་རྗེ་བྱིན་ནས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ།། བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས་ནས་ནི།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། དཀྱིལ ་འཁོར་གྱི་དབུས་སུ་བཞག་ལ་དབང་བསྐུར་རོ།། ངང་ལ་མེ་མར་དང་བྷནྡྷས་དབང་བསྐུར་བ་འདི་སྐད་དོ།། ཡེ་ཤེས་གཉིས་མེད་འཁྱིལ་པའི་རྒྱ།། སྣ་ཚོགས་ཚོགས་ཆེན་འབྱུང་བའི་རྒྱུ།། སྐལ་ལྡན་འདི་ལ་དབང་ཆེན ་བསྐུར་བའི་ཕྱིར།། བདུད་རྩི་མཆོག་བསྒྲུབ་དམ་རྫས་ཀ་པཱ་ལ།། གསང་རྫོགས་ཐུགས་ཀྱི་དངོས་གྲུབ་འདི་ལ་སྦྱིན།། བཛྲ་ཛཱ་ཡུ་ཛཱ་ཡུ། དེ་ནས་སྐུ་ལྔས་དབང་བསྐུར་ཏེ་འདི་སྐད་དོ།། མཐིང་ནག་གྲུ་གསུམ་འགྱུར་མེད ་སྐུ།། རྟག་ཏུ་ཧཱུཾ་ཆེན་ཀློང་ན་འཁྱིལ་བའི་ས།། བདེ་ཆེན་བྱང་ཆུབ་སེམས་སུ་མངོན་རྫོགས་པ།། བཛྲ་ཧེ་རུ་ཀ་ཡི་དབང་བསྐུར་རོ།། ཆགས་པས་མི་གཏང་དབང་གི་རྒྱལ་པོ་སྟེ།། བྱང་ཆུབ་གཏེར་ལྡན་ལྔ་དང་རྟག་ཏུ ་འཁྱིལ་བའི་ས།། འཁོར་བ་མ་ལུས་མྱ་ངན་ལས་འདས་པ།། པདྨ་ཧེ་རུ་ཀ་ཡི་དབང་བསྐུར་རོ།། དཀར་བས་ཆོས་ཉིད་ཅིར་ཡང་གསལ་བའི་སྐུ།། མཁའ་མཉམ་དབྱིངས་ཕྱུག་བརྒྱད་དང་རྟག་ཏུ་རོལ ་པའི་ས།། སྲིད་པའི་ཆོས་ལ་ཡིད་ཀྱིས་དབང་སྒྱུར་བ།། བུདྡྷ་ཧེ་རུ་ཀ་ཡི་དབང་བསྐུར་རོ།། སེར་པོ་ཡིད་བཞིན་ཡོན་ཏན་རྒྱས་པའི་སྐུ།། རི་རབ་ཆེན་པོ་སྤྱི་སྐོར་བརྒྱད་དང་རོལ་པའི་ས།། འདོད་དགུ་ཡིད་བཞིན་རེ་བ ་སྐོང་མཛད་པ།། རཏྣ་ཧེ་རུ་ཀ་ཡི་དབང་བསྐུར་རོ།། ལྗང་གུ་ཕྲིན་ལས་སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ།། བསྙེན་པས་སྦྱངས་པའི་གདན་དང་རོལ་པའི་ས།། འགྲོ་བ་མ་ལུས་བྱང་ཆུབ་འདི་ལ་བཀོད།། ཀརྨ་ཧེ་རུ་ཀ ་ཡི་དབང་བསྐུར་རོ།། བཛྲ་ཧེ་རུ་ཀ་ཡི་ཆེ་བ་དག། པདྨ་ཧེ་རུ་ཀ་ཡི་དབང་འདུ་དང་།། བུདྡྷ་ཧེ་རུ་ཀ་ཡི་དངོས་གྲུབ་དང་།། རཏྣ་ཧེ་རུ་ཀ་ཡི་བརྟན་པ་དང་།། ཀརྨ་ཧེ་རུ་ཀ་ཡི་བྱིན་རླབས་དང་།། ཧེ་རུ་ཀ་ལྔའི་གྲུབ་པ་མི ་གྱུར་བར་གནས་སོ།། ད་ནི་གསང་བའི་ཧེ་རུ་ཀ་བཞིའི་དབང་བསྐུར་ཏེ། འཁོར་བ་དབྱིངས་སུ་སྦྱོར་བས་དབང་གི་རྒྱལ་པོ་སྟེ།། འཁོར་བའི་སེམས་ཅན་མ་ཆགས་ཀློང་དུ་སྦྱོར།། ཆགས་མེད་པདྨ་བདེ་ཆེན་འཁྱིལ ་པའི་ས།། རཀྵ་ཧེ་རུ་ཀ་ཡི་དབང་བཀུར་རོ།། ཐུགས་རྗེས་མི་བསྙེལ་འཁོར་བའི་མཐའ་ལ་དགོངས།། ཐུགས་དམ་གཟུགས་ཀྱིས་འགྲེལ་པས་རྟག་ཏུ་དགོངས།། དམ་ཚིག་རྫོགས་ཆེན་བླ་མེད་འཁྱིལ་པའི་ས།། ས་ནུ་ཧེ ་རུ་ཀ་ཡི་དབང་བསྐུར་རོ།། གསང་བའི་ཐུགས་རྗེ་གཟུངས་ཀྱི་བྱིན་རླབས་ཀྱིས།། ཉོན་མོངས་ཐ་བ་ཀློང་དུ་བརླན་མཛད་ཅིང་།། གསང་བ་འཁྱིལ་བ་བདེ་ཆེན་ཡུམ་གྱི་མཁའ།། གྷུ་ཧྱ་ཧེ་རུ་ཀ་ཡི་དབང་བསྐུར་རོ།། ཉོན ་མོངས་འཁོར་བ་མ་ལུས་རྩད་གཅོད་ཅིང་།། ཐུགས་རྗེས་མ་ལུས་བདེ་ཆེན་དབྱིངས་སུ་སྒྲོལ།། དྲག་ཤུལ་རྔམས་པས་སྲིན་པོ་ཚར་གཅོད་དེ།། དོན་དམ་བྱང་ཆུབ་སེམས་ལ་གསལ་བར་མཛད།། ཡཀྵ་ཧེ་རུ་ཀ་ཡི་དབང ་བསྐུར་རོ།། དེ་ལྟར་རྡོ་རྗེ་དབྱིངས་ཕྱུག་མ་ནི་ཆེ་བ་ཡབ་ཀྱི་མཁའ།། པདྨའི་དབྱིངས་ཕྱུག་མ་ནི་གསང་བ་ཡུམ་གྱི་དབང་།། རིན་ཆེན་དབྱིངས་ཕྱུག་མ་ནི་ཡོན་ཏན་རྫོགས་པའི་དབང་།། ལས་ཀྱི་དབྱིངས་ཕྱུག་མ་ནི་ཕྲིན ་ལས་རྒྱ་མཚོའི་དབང་།། མཁའ་ལ་དབྱིངས་ཕྱུག་མ་ནི་སྤྱི་འབྱམས་རྒྱལ་མོའི་དབང་།། དབྱིངས་ཕྱག་རྒྱལ་མོ་ལྔ་ཡི་དབང་བསྐུར་རོ།། འབྱུང་ལྔས་བསྡུས་པས་ཀུན་གྱི་རྒྱལ་པོར་འགྱུར།། རཀྵ་ཀྲོ་ཏཱི་ཆགས་མེད་སྐྱོན ་བྲལ་དབང་།། ས་ནུ་ཀྲོ་ཏི་དམ་ཚིག་རྫོགས་པའི་དབང་།། གྷུ་ཧྱ་ཀྲོ་ཏི་སྐྱེ་ཤི་མེད་པའི་དབང་།། ཡཀྵ་ཀྲོ་ཏཱི་འཁོར་བ་རྩད་གཅོད་དབང་།། གསང་བ་ཡུམ་ཆེན་བཞི་ཡིས་དབང་བསྐུར་བས།། འདུ་འབྲལ་མེད་པའི་ཀློང ་དུ་ལྷུན་གྱིས་གྲུབ།། དེ་ནས་དང་ལ་བྷནྡྷས་དབང་བསྐུར་ཏེ།། མཚན་མའི་སྐྱོན་བྲལ་བྷནྡྷའི་རྫས་མཆོག་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས།། དེ་བཞིན་གཤེགས་པའི་དངོས་གྲུབ་འཐོབ་པར ་འགྱུར།། བྷནྡྷས་དབང་བསྐུར་བས་ཆོས་སྐྱེ་བ་མེད་པའི་དོན་རྟོགས་ནས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག། དེ་ནས་བྱང་སེམས་ཀྱི་དབང་བསྐུར་ཏེ།། སྐྱེ་མེད་བྱང་ཆུབ་སེམས་ཀྱི ་རྫས་མཆོག་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས།། རྡོ་རྗེ་རིགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར།། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་མ་འགགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར ་གྱུར་ཅིག། དེ་ནས་ཤ་ཆེན་གྱིས་དབང་བསྐུར་ཏེ། ཁམས་གསུམ་བསྒྲལ་བའི་རྫས་མཆོག་ཤ་ཆེན་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས།། རིན་ཆེན་རིགས་མཆོག་དངོས་གྲུབ་འཐོབ་པར་འགྱུར། ་ར།། ཤ་ཆེན་གྱིས་དབང་བསྐུར་བས་རིན་པོ་ཆེའི་རིགས་ཀྱི་དངོས་གྲུབ་ཐོབ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག། དེ་ནས་རཀྟས་དབང་བསྐུར་ཏེ།། གསང་བ་མཆོག་གི་རཀྟ་དམ་རྫས ་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས།། གསུང་མཆོག་པདྨ་རིགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར།། པདྨ་རཀྵས་དབང་བསྐུར་བས་པདྨའི་རིགས་ཀྱི་དངོས་གྲུབ་ཐོབ་ནས། སོ་སོར་རྟོག་པའི་ཡེ ་ཤེས་དང་ལྡན་པར་གྱུར་ཅིག། དེ་ནས་དྲི་ཆུས་དབང་བསྐུར་ཏེ། ལས་མཆོག་གྲུབ་པའི་རྫས་མཆོག་དྲི་ཆུ་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་བས།། ལས་ཀྱི་རིགས་ཀྱི་དངོས་གྲུབ་འཐོབ་པར ་འགྱུར།། དྲི་ཆུས་དབང་བསྐུར་བས་ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་ནས། བྱ་བ་ནན་ཏན་ཡེ་ཤེས་དང་ལྡན་པར་གྱུར་ཅིག། གྲུབ་པའི་རྫས་དང་ཡོན་ཏན་ལ།། དང་དུ་མི་ལེན་བློ་ཆུང་ན།། འདི་ནི་སྤང་ཞིང་དབྱུང ་བར་བྱ།། ཞེས་བཀའ་སྩལ་ཏོ།། དེ་ནས་བཀྲ་ཤིས་ལས་ཀྱང་པའི་རྫས་དང་། རྡོ་རྗེའི་ཚེ་གསོལ་བས་འདོད་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག། སྨོན་ལམ་བཏབ་ནས། དཀྱིལ་འཁོར་ནས་དབྱུང་སྒྲུབ་པ་པོ་རིམ་པ་ནས ་དབང་བསྐུར་རོ།། དེ་ནས་ལས་ཐམས་ཅད་དངོས་གྲུབ་དུ་བྱ། དངོས་གྲུབ་དབང་དུ་བྱ་བ་ནི།། ཟླ་གམ་དབང་གི་ལྷ་བཤོས་དང་། སྤྱན་གཟིགས་སྣ་ཚོགས་པས་དྲངས་ཏེ།། དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད། དབང ་གི་དངོས་གྲུབ་ནི། ཟླ་གམ་གྱི་ལྷ་བཤོས་ལ་བསྟིམ་མོ།། བཤོས་ཀྱང་སྟབས་ལ་གསོལ་ལོ།། དེ་ནས་གྲུབ་པ་ཕྱིན་པ་དང་། སློབ་དཔོན་ལ་ཡོན་དབུལ་གཏང་རག་གཏོང་། དེ་ནས་དཀྱིལ་འཁོར་བསྡུ། དཀྱིལ་འཁོར ་མཐའ་ནས་མི་བསྡུ་རྒྱུ།། སྣང་སྲིད་འཁོར་བའི་སེམས་ཅན་རྣམས།། བདེ་ཆེན་ཀློང་དུ་དྲིལ་བའི་དོན།། ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ། དཀྱིལ་འཁོར་ལྷ་ཚོགས་དབུས་ཀྱི་གཙོ་བོའི་ཐུགས་ཀར་བསྡུ། དབུས་ཀྱི ་གཙོ་བོ་ཕྱག་མཚན་རྡོ་རྗེར་བསྡུ། ཕྱག་མཚན་རྡོ་རྗེ་ཡི་གེ་ཧཱུཾ་ལ་བསྡུ། ཡི་གེ་ཧཱུཾ་ནི་སྐྱེ་ཤི་མེད་པའི་དོན། མཐའ་ཡི་ཕོ་བྲང་དབུས་ཀྱི་འཁོར་ལོའི་ལྟེ་བར་བསྡུ།། འཁོར་ལོའི་ལྟེ་བར་སྤྲོས་པ་མེད་པའི་ངང་།། སྤྲོས་མེད་སྐྱེ ་ཤི་མེད་པ་བདེ་བ་ཆེན་པོའི་ཀློང་།། ད་ནི་སྣང་སྲིད་མཐའ་ནས་བསྡུ།། སྣང་སྲིད་མཐའ་ནས་མི་བསྡུ་རྒྱུ།། སྣང་སྲིད་ཐམས་ཅད་སངས་རྒྱས་རྒྱུ།། དུག་གསུམ་སྐུ་གསུང་ཐུགས་སུ་བསྡུ།། ཉོན་མོངས་ལྔ ་ནི་ཡེ་ཤེས་ལྔ་རུ་བསྡུ།། སྨད་ཅིང་བཤུད་པའི་དམ་རྫས་བདུད་རྩི་ལྔ་རུ་བསྡུ།། སྣང་སྲིད་ཐམས་ཅད་ཀུན་བཟང་ཀློང་དུ་བསྡུ།། ཕྱི་ནང་སྣོད་བཅུད་ཐིག་ལེའི་དབྱིངས་སུ་བསྡུ།། ཞེས་བཀའ་སྩལ་ཏོ།། དེ་ནས་གཏེར ་སྦས་ཏེ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ།། སྒྲུབ་མཆོག་བྱང་ཆུབ་ལམ་དུ་ཞུགས་པའམ།། སྣང་སྲིད་ཐམས་ཅད་མི་རྟག་དུས་བྱུང་ན།། ཟད་མེད་མི་འཛད་གཏེར་གྱིས་མདུན་ནས་བསུ།། སྐྱེ་ཤི་མེད་པའི ་ཚེ་དང་འཕྲད་པར་ཤོག། དུག་གསུམ་སྐུ་གསུང་ཐུགས་སུ་གཏེར་དུ་སྦས།། དུག་གསུམ་རྣམ་པར་དག་པས་འཁོར་གསུམ་དང་།། སྐུ་གསུམ་འདུ་འབྲལ་མེད་པའི་ངང་དུ་སྦ།། འགྱུར་བ་མེད་པ་ཐིག་ལེའི་གཏེར་དུ ་སྦ།། རྫོགས་པ་ཆེན་པོ་ཐིག་ལེ་བདེ་ཆེན་ཀློང་།། ཐིག་ལེ་བདེ་ཆེན་ཀློང་དུ་གཏེར་སྦས་པས།། སྣང་སྲིད་ཐམས་ཅད་བདེ་ཆེན་ལམ་ལ་དགོད།། ལམ་གྱི་ནང་ནས་ཉེ་ལམ་འདིར་རྫོགས་པ།། ཟབས་ཀྱི་ནང་ནས་མ་ནོར ་དམ་པ་སྟེ།། ཟག་མེད་བྱང་ཆུབ་སེམས་ཀྱིས་གཏེར་སྦས་པས།། དུས་གསུམ་སངས་རྒྱས་སེམས་ཅན་གཉིས་མེད་དེ།། མི་འཛད་གཏེར་གྱི་དངོས་གྲུབ་ཐོབ་པར་འགྱུར།། ཞེས་བཀའ་སྩལ་ཏོ།། ཧཱུཾ་དུར་ཁྲོད་གསང་བ ་མཆོག་གི་དཀྱིལ་འཁོར་དུ།། འཕྲུལ་ཞལ་ཡིད་བཞིན་བྷནྡྷའི་རྫས་མཆོག་དང་།། མ་རིག་མུན་སེལ་མེ་མར་དགུ་པོ་དང་།། ཟླ་གམ་བཅོ་བརྒྱད་གསང་བའི་གནས་འདི་རུ།། ངན་སོང་འཁོར་བ་རྣམས་ཀྱང་བསྒྲལ ་ལགས་ལ།། དུས་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ཤིང་།། དཔལ་ཆེན་ཧེ་རུ་ཀ་ཡང་བསྒྲུབས་ལགས་ཏེ།། མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྒྲུབས་ལགས་ལ།། དངོས་གྲུབ་བྱིན་རླབས་མཆོག་རྣམས་བླང་ལགས ་ཤིང་།། མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབས་ལགས་ཀྱིས།། དང་པོའི་གནས་མཆོག་ཆོས་ཀྱི་དབྱིངས་སུ་གཤེགས།། དེ་ནས་སློབ་དཔོན་གྱིས་སྨོན་ལམ་བཏབ་སྟེ། མི་གནས་ཡེ་ཤེས་ཆེན་པོ་ཐུགས་ཀྱི་དཀྱིལ ་འཁོར་དུ།། འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་།། རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས།། འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག། འདི་ལྟ་བུ་ཡི་མན་ངག་ལུང་སྟོན་པའི།། བཀའ་དྲིན་ཆེ་བའི ་དགེ་བའི་བཤེས་གཉེན་དང་།། སྲོག་གི་ལུ་གུ་རྒྱུད་ཀྱིས་སྦྲེལ་པ་རྣམས།། འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ།། དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་།། གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ ་འཁོར་དུ།། བླ་མེད་སྐུ་གསུང་ཐུགས་སུ་གྲུབ་པར་ཤོག། དེ་ནས་ཕུར་པ་ཅོད་པན་བཀྲོལ་ལ།། གཏོར་མ་གཅིག་བཤམས་ལ།། རྒྱལ་ཆེན་དང་ཕྱོགས་སྐྱོང་ལ་བསྔོས་ལ།། མཚམས་གློད་ལུས་བསྲུང་། བཟོད་པར ་གསོལ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཟླ་གམ་བཅོ་བརྒྱད་པའི་དཀྱིལ་འཁོར་སྒྲུབ་ལུགས་ཏེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་སྟེ། མ་ཏྲཾ་ཞལ་གྱི་དཀྱིལ་འཁོར་གྱི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པར་ཞིར་ལྡན་ནས།། རྫས་དང་ས་གཞི་བརྟག་པར་བྱ།། ས་བདག་རྣམས་ལ་ས་རིན ་གཞལ།། བླང་དང་སྦྱང་བ་ཚུལ་བཞིན་བྱ།། ཕྱོགས་བཞི་དག་ཏུ་མཐོ་བཞི་བརྩིག། བསྲུང་དང་མཚམས་ཀྱི་ལས་རྣམས་བྱ།། མཚམས་ཀྱི་དུས་ཕུར་བུ་དར་གྱི་ཅོད་པན་བཏགས་ལ།། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། བྷིནྡ་བྷིནྡ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། སྟེགས་བུ་འདོམ ་གང་ས་བཅུ་ལ་གདབ། དེ་ནས་མ་ཏྲཾ་མནན་པར་བྱ་སྟེ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། སྔོན་ཡང་དཔལ་ཆེན་ཧེ་རུ་ཀས།། བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད།། ད་ཡང་རྣལ་འབྱོར་དབང་ཕྱུག་གིས།། བསྒྲལ་ནས ་དཀྱིལ་འཁོར་ཆེན་པོར་མཛད།། ཛཿཧཱུཾ་བཾ་ཧོཿམ་ཧཱ་ཤྲི་ཧེ་རུ་ཀ། མ་ཏྲཾ་རཱ་ཏྲ། ཧ་ན་ཧ་ན། ཧ་ཧ་ཧ་ཧ། པྲ་བེ་ཤ་ཡ་ཧཱུཾ་ཕཊ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཡོ་ཕྱག་རྒྱ་ཆེན་པོ་ཡིས།། རཱ་ཏྲ་ཆེན་པོ་བསྒྲལ ་ནས་ནི།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན།། མ་ཏྲཾ་མགོ་ལུས་ཡན་ལག་ལ།། དཀྱིལ་འཁོར་བཅུ་གཅིག་བྲི་བར་བྱ།། དཀྱིལ་དུ་མཐིང་ནག་གྲུ་གསུམ་བྱ།། ཡམ་ཤིང་དག་གིས ་བརྫངས་ནས་ནི།། སྦྱིན་སྲེག་རྣམ་གསུམ་ཚུལ་བཞིན་བྱ།། སྙིང་གར་གྲུ་གསུམ་སུམ་བརྩེགས་ལ།། དཀྱིལ་འཁོར་བང་རིམ་གསུམ་པ་བྱ།། ཕུར་བུ་ཉི་ཤུ་རྩ་བདུན་དགོད།། ལྟེ་བར་གྲུ་གསུམ་མཐིང་ནག་ལ།། ཚལ་བུ ་དགུ་ལ་ཁ་ཊྭཱཾ་དགུ།། ཕུར་བུ་བཅུ་དང་སྦགས་ལ་གཞག། སྟེང་འོག་ཕྱོགས་མཚམས་བརྒྱད་དུ་གཞག། གནས་བརྒྱད་དག་ཏུ་དཀྱིལ་འཁོར་བྲི།། བསྐལ་པའི་མེ་རི་འབར་བས་བསྐོར།། གཞུང་བཞིན་རྫས་ཀྱང་དགོད ་པར་བྱ།། བྷནྡྷ་མཚན་དང་ལྡན་པ་ལ།། དཔལ་ཆེན་ཡབ་ཡུམ་མཚན་བྲིས་ཏེ།། བང་རིམ་དང་པོའི་སྟེག་དུ་གཞག། བར་མ་མེ་མར་དགུ་པོ་དགོད།། ཐ་མ་བྷནྡྷ་མཚན་ལྡན་བཞིར།། རིགས་བཞི་ཡབ་ཡུམ་དགོད་པར ་བྱ།། དཀྱིལ་འཁོར་ཆེན་པོ་བརྒྱད་པོ་ལ།། མ་མོ་ཆེན་མོ་བརྒྱད་དགོད་དོ།། དབུས་ནས་རང་བྱུང་གྲུབ་པའི་ལྷ།། ཐུགས་མཆོག་བཛྲ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ ་དུ།། མ་ཏྲཾ་བསྣོལ་བའི་གཞལ་ཡས་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཤར་ནས་རང་བྱུང་གྲུབ་པའི་ལྷ།། སྐུ་མཆོག་བུདྡྷ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས་འབར་བའི་ཀློང ་དཀྱིལ་དུ།། མ་ཏྲཾ་བསྣོལ་བའི་གཞལ་ཡས་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ལྷོ་ནས་རང་བྱུང་གྲུབ་པའི་ལྷ།། ཡོན་ཏན་རཏྣ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། ཡེ་ཤེས ་འབར་བའི་ཀློང་དཀྱིལ་དུ།། མ་ཏྲཾ་བསྣོལ་བའི་གཞལ་ཡས་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ནུབ་ནས་རང་བྱུང་གྲུབ་པའི་ལྷ།། གསུང་མཆོག་པདྨ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན ་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། མ་ཏྲཾ་གི་ནི་གཞལ་ཡས་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བྱང་ནས་རང་བྱུང་གྲུབ་པའི་ལྷ།། ཕྲིན་ལས་ཀརྨ་ཧེ་རུ་ཀ། དུར་ཁྲོད་ཆེན་པོའི་གནས་ཆེན ་འདིར།། ཡེ་ཤེས་འབར་བའི་ཀློང་དཀྱིལ་དུ།། མ་ཏྲཾ་གི་ནི་གཞལ་ཡས་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། རྒྱ་གར་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་གོ་རཱིའི་གནས།། དུར་ཁྲོད་ཆེན་པོའི་གནས་ཆེན ་འདིར།། འདི་ཡི་ལག་པ་གཡས་པ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ལི་ཡི་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་ཙོའུ་རའི་མ།། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར།། འདི་ཡི་ལག་པ་གཡོན་པ ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བལ་པོའི་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་པྲ་མོ་ཧ།། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། འདི་ཡི་རྐང་པ་གཡོན་པ་ལ།། དགྱེས་ཤིང་བརྟན་པར་བཞུགས ་སུ་གསོལ།། ཐོ་གར་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་བེ་ཧཱ་ལཱི།། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར།། འདི་ཡི་རྐང་པ་གཡས་པ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཟ་ཧོར་ཡུལ་ནས་གྲུབ་པ ་མོ།། མ་མོ་ཆེན་མོ་པུཀྐ་སཱི།། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། འདི་ཡི་དཔྲལ་བར་བཞུགས་སུ་གསོལ།། ཨུ་རྒྱན་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་གྷསྨ་རཱི།། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། འདི་ཡི ་མཁལ་མ་གཡས་པ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། སིང་གའི་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་སྨ་ཤ་ནཱི།། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། འདི་ཡི་མཁལ་མ་གཡོན་པ་ལ།། དགྱེས ་ཤིང་བརྟན་པར་བཞུགས་སུ་གསོལ།། གླིང་དགུའི་ཡུལ་ནས་གྲུབ་པ་མོ།། མ་མོ་ཆེན་མོ་ཙནྡྲ་ལཱི།། དུར་ཁྲོད་ཆེན་པོའི་གནས་ཆེན་འདིར།། འདི་ཡི་ཕོ་མཚན་དཀྱིལ་འཁོར་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ ་གསོལ།། འདི་ཡི་དཔུང་པ་གཡས་གཡོན་ལ།། སྟག་སེང་གཉིས་དང་རྒོད་ཀང་གཉིས།། སྟོད་ཅིང་ཟ་བའི་ཚུལ་དུ་གཞུགས།། བརླ་ནི་གཡས་དང་གཡོན་པ་ལ།། ཝ་སྦྱང་གཉིས་དང་བྱ་རོག་འུག། སྟོད་ཅིང་ཟ་བའི ་ཚུལ་དུ་བཞུགས།། གཡས་གཡོན་ལག་པའི་བོ་ལ་གཉིས་ལ།། ལྕགས་ཀྱུ་ཞགས་པ་སྟོད་པའི་ཚུལ།། འདི་ཡི་རྐང་བོ་ལ་གཡས་གཡོན་ལ།། ལྕགས་སྒྲོག་དྲིལ་བུ་སྟོད་པའི་ཚུལ།། འདི་ཡི་འཁོར་ལོའི་སྒལ་ཚིགས ་ལ།། གཡག་མགོ་ཅན་ལ་སོགས་པ་ཡི།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་།། ཟ་ཞིང་སྟོད་པའི་ཚུལ་དུ་བཞུགས།། དེ་ནས་རྫས་དགྲམ་སྟེ།། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས ་ལ།། དམ་རྫས་ཚང་བའི་གཏོར་མ་ལ།། སྤྲིན་ཆེན་གྱི་ཞལ་ཁེབས་ཅན་སྤྱན་དྲང་ངོ་།། སྒྲུབ་པ་པོའི་མདུན་དུ་བྷནྡྷའི་བཟེད་ཕོར་དང་།། དམར་གྱི་ཨརྒྷཾ་དྲང་ངོ་།། རྫས་ཀྱི་དཀྱིལ་འཁོར་སྒྲུབ་ལུགས་སོ།། དཀྱིལ་འཁོར ་གྲུ་གསུམ་སུམ་བརྩེག་ལ། ཕུར་བུ་ཉི་ཤུ་རྩ་བདུན་དགོད།། མ་ནོར་ལྷུན་གྲུབ་དབྱིངས་ཀྱི་དང་།། རང་བཞིན་ལྷུན་གྱིས་གྲུབ་པའི་ཀློང་།། དེ་ལས་སེམས་ཀྱི་འབྲས་བུ་བསྐྱེད།། གདོད་ནས་མ་སྐྱེས་ལྷུན་གྱིས་གྲུབ།། དེ ་ནས་གཞལ་ཡས་བྱང་ཆུབ་སེམས།། དེ་ནི་རྒྱུ་འབྲས་མ་བཀག་ཆོས།། དེ་ནས་ཕུར་བུ་བྱང་ཆུབ་སེམས།། རྒྱུ་འབྲས་གཉིས་ཀ་མྱ་ངན་འདས།། དེ་ནས་བདག་གི་བྱང་ཆུབ་སེམས།། སྲིད་པ་གསུམ་ལ་དབང་བསྐུར ་ཞིང་།། བཅོམ་ལྡན་འདས་དང་སྐལ་པ་གཅིག། གསང་བ་བྱང་ཆུབ་སེམས་སུ་བསྟན། ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར།། གྲུབ་པའི་ཡེ་ཤེས་ཚོན་གང་བ།། གསང་བ་སྔགས་ཀྱིས་བཏབ་ནས་ནི།། སྐུ་དང་ལྡན ་པར་རབ་བརྒྱན་ཏེ། ཁམས་གསུམ་ཁྲོ་བོས་གང་བར་མཛད།། མཉམ་ཉིད་རིག་པའི་རྩལ་འཕང་གིས།། བསྒྲལ་ནས་ཧཱུཾ་གི་རང་བཞིན་ཏེ།། ཕུང་པོ་ཆོས་སྐུ་ཐོབ་པར་འགྱུར།། སྐུ་གསུམ་རྒྱལ་བའི་སྲས་སུ་སྐྱེ། ཁམས ་གསུམ་ཀུན་གྱི་དོན་བྱས་ནས།། སྤྲོས་པས་སྟོང་གསུམ་ལྷུན་གྱིས་གྲུབ།། སྣང་སྲིད་སྲོག་སྟེ་སངས་རྒྱས་ཐུགས།། སྐུ་གསུང་ཐུགས་ཀྱི་ས་བོན་ཏེ།། སྣང་སྲིད་ཧེ་རུ་ཀ་ཡི་ཐུགས།། ཐམས་ཅད་རབ་ཏུ་བརྗིད་བསྒྲལ ་བས།། དེ་ནས་སེམས་ཉིད་མྱ་ངན་འདས། ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ།། ཐུགས་རྗེ་ཆགས་པས་བསྒྲལ་ཕྱིར་རུ།། སྣང་སྲིད་གདར་ཤ་བཅད་ནས་ཀྱང་།། སྤྱོད་པ་རྣམ་པ་བཅུ་དང་ལྡན།། མཛད་སྤྱོད་ཐམས ་ཅད་ཀུན་བཟང་ཀློང་།། ཐམས་ཅད་ཡི་གེ་ཧཱུཾ་ནི་སྐལ་པ་བཟང་།། སྣང་སྲིད་དབང་དུ་འདུས་ནས་ཀྱང་།། སྣང་སྲིད་ཀུན་ལས་འདས་པར་བསྒོམ།། གཟུང་འཛིན་རྣམ་གཉིས་གཏན་སྤངས་ནས།། རིག་པའི་ཡེ་ཤེས་སྐད ་ཅིག་ལ།། སྣང་སྲིད་གཉིས་འཛིན་རྟོགས་པ་རྣམས།། བསད་པ་ལས་ཀྱང་མྱ་ངན་འདས།། སྣང་སྲིད་མྱ་ངན་ལས་འདས་པས།། ཀུན་བཟང་ཀློང་དུ་ངང་གིས་སྦྱོར།། སྲིད་པ་གསུམ་ཡང་མྱ་ངན་འདས།། སྣང་སྲིད ་འཁོར་བའི་སྐྱེ་རྒྱུན་བཅད།། བྱང་ཆུབ་སེམས་ཀྱི་གོལ་ས་བཅད།། དེ་ནི་བྱང་ཆུབ་སེམས་ཀྱི་དོན།། བྱང་ཆུབ་སེམས་ཀྱི་ཕུར་བུ་འདི།། དྲིལ་བས་འཁོར་བ་རྩད་ནས་བཅད།། སྣང་སྲིད་ཕུར་བུས་ཐེབས་ཞེས་བྱ།། སྣང ་སྲིད་ཐིག་ལེའི་ངང་དུ་རྫོགས།། ལྟེ་བ་གྲུ་གསུམ་མཐིང་ནག་ལ།། ཟུར་ལ་ཐོད་པ་ཞལ་གསུམ་བྲི།། གཞུང་བདུན་དགྲ་སྟ་བརྒྱད་ཀྱང་དགོད།། ཕུར་བུ་དགུ་དང་ཁ་ཊྭཱཾ་དགུ།། རྩང་དམར་དྲུག་ཅུ་རྩ་བརྒྱད ་དགོད།། དབུས་སུ་རྡོ་རྗེ་རྒྱ་གྲམ་མོ།། སྐེ་ཚེ་ཤ་ཁྲག་ལེན་ཆ་རྣམས།། དུག་དང་བསྲེས་ལ་གཏོར་མ་བྱ།། ཐུགས་རྗེ་ཆེན་པོའི་ཞི་བ་ལས།། གདུག་པའི་ལས་རྣམས་གཏན་སྤངས་ཏེ།། ཤིན་ཏུ་གདུག་པར ་གཏུམ་པོ་ལ།། ཞི་བས་འདུལ་བར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། ཁྲོས་པའི་སྐུ་མཆོག་འབར་བ་དང་།། སྤྲུལ་པའི་ཁྲོ་བོ་མང་པོ་ཡིས།། གདུག་བྱེད་མ་ལུས་བཏུལ་ནས་ནི།། དུག་གསུམ་རྩ་བ ་བཅད་ནས་ནི།། གཏན་དུ་འཕོ་བའི་ལས་རྣམས་བྱ།། འབྱུང་བའི་དགོངས་པ་གཏན་འཕོའི་ལས་བྱའོ།། དེ་ནས་ཏིང་འཛིན་རྣམ་གསུམ་བསྐྱེད།། འཛབ་དབུལ་འཛབ་ཐེམ་པ་དང་། དངོས་གྲུབ་གསོལ། ཕྲིན་ལས ་བཅོལ། གཏོར་མ་དགོང་དང་ཐོ་རངས་གཏང་། སྦྱིན་སྲེག་གཞུང་བཞིན་བྱ། བསྒྲུབ་པ་མཐར་ཕྱིན་པ་དང་།། གཏོར་མ་གཅིག་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བ་བསྔོས་ལ།། གཏང་རག་གཏང་།། རྡོ་རྗེ་རིགས་ཀྱི་སྒྲུབ ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། མ་ཏྲཾ་ཞལ་གྱི་སྒྲུབ་ལུགས་ཏེ་བཞི་པའོ།། །། དེ་ནས་དཔལ་ཧེ་རུ་ཀས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དུག་གསུམ་གྱི་དཀྱིལ་འཁོར་བང་རིམ་གསུམ་པ་འདི ་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས་དང་ས་གཞི་བརྟག་པར་བྱ།། འཇིག་རྟེན་ས་བདག་ལྷ་ཀླུ་ལ།། ས་རིན་གཞལ་ནས་ས་བསླང་ངོ་།། ས་གཞི་དེ་ཡི་ཕྱི་རིམ་དུ།། ཐོ་བཞི་དག་ཀྱང་གཟུག ་པར་བྱ།། སྤྱན་དྲངས་བྱིན་གྱིས་བརླབས་ལ་བཞག། བསྲུང་དང་མཚམས་ཀྱི་ལས་རྣམས་བྱ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ།། ཕྱི་ཡི་སྤང་སྐོང་གཞུང་བཞིན་བྱ།། གཟུངས་མ་བྱིན་བརླབ་ཐིག་སྐུད་བཀལ།། རྩ ་བའི་དཀྱིལ་འཁོར་ཆེན་པོ་ལ།། བསྒྲུབ་ལུགས་ཆེན་པོ་བཅོ་བརྒྱད་དོ།། ཡང་དག་ཐབས་མཆོག་རྫོགས་པ་ཡིས།། སངས་རྒྱས་བདེ་ཆེན་གཅིག་པུ་ཉིད།། འབྲས་བུའི་བདེ་ཆེན་ཀུན་འདུས་པས།། རྣལ་འབྱོར་ཟབ་མོ ་སྐུ་གསུམ་རྫོགས།། ངེས་པར་བརྟགས་པའི་ས་གཞི་ལ།། སློབ་མ་ངེས་པའི་ལུང་འདི་བསྟན།། རོ་ཡི་སྒྲུབ་ཐབས་ཆེན་པོ་ནི།། ལུང་དང་མན་ངག་གཏན་ཚིགས་སོ།། བལྟ་བ་འདི་ལས་མ་འདས་ན།། བསྒྲུབ་པ་རྣམས ་ཀྱང་དེ་བཞིན་བསྒྲུབ།། སྟེགས་བུ་འདོམ་གང་གྲུ་བཞི་ལ།། བར་མ་མཐིང་ནག་གྲུ་གསུམ་པ།། ཡ་ཐ་དམར་ནག་ཟླ་གམ་མོ།། བྷནྡ་མཚན་དང་ལྡན་པ་ལ།། དཔལ་ཆེན་ཧེ་རུ་ཡབ་ཡུམ་བྲིས་ལ་བཞག། ཚོམ་བུ་བརྒྱད ་ལ་གོ་རཱི་མ་བརྒྱད་བྲིས་ལ་བཞག། ཚིལ་ཆེན་གྱི་མེ་མར་དགུ་བཏང་། བར་མ་ལ་ཤ་ཆེན་དང་ཞིང་རས། ཐ་མ་ལ་ཕྱག་རྒྱ་བཞི་དགོད། ཕུར་བུ་དར་གྱི་ཅོད་པན་ཅན་བཅུ་ཁྲོ་བོ་བཅུའི་རྫས་སུ་དགོད་དེ། ཐུབ་པར་བྱ ་བའི་དམ་ཚིག་དང་། གཙང་དང་འཇིགས་པའི་བརྟུལ་ཤུགས་ཅན། དེ་དག་གོམས་ནས་ཉམས་སུ་བླང་།། བློ་ཞན་ཤེས་རབ་ཆུང་བས་ནི།། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ།། ཕུང་བྱེད་གཉིས་ཀ་བསྲེག་བྱས ་ནས།། དེ་བས་གཞན་དུ་སྤེལ་བ་མེད།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། རྫས་དང་ས་གཞི་བརྟགས་ནས་ནི།། དཀྱིལ་འཁོར་དམར་ནག་གྲུ་བཞི་ལ།། དབུས་སུ་འཁོར་ལོ་རྩིབས་བརྒྱད་བྱ།། དེ ་ཡི་དབུས་སུ་རོ་བཞག་ནས།། སྣང་མཛད་སྐུ་རུ་བསྒོམས་ནས་ནི།། དེ་ལ་རྩ་བའི་སྔགས་ཀྱིས་གདབ།། རྫོགས་པའི་བལྟ་བའི་ངང་དུ་བཞུགས།། མཚན་མ་བྱུང་ནས་དངོས་གྲུབ་བླང་།། མཚན་མ་དཀའ་ན་སྒྲོག་པར ་བྱ།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། དུག་གསུམ་བང་རིམ་གསུམ་པའི་སྒྲུབ་ལུགས་ཏེ་ལྔ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་གྱི་སྒོ་ནས། ཕྲིན་ལས་ཀྱི ་སྒྲུབ་པ་ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས་དང་ས་གཞི་བརྟག་པར་བྱ།། ས་བདག་རྣམས་ལ་ས་རིན་གཞལ།། བསླང་དང་སྦྱང་བ་ཚུལ་བཞིན ་བྱ།། ཕྱོགས་བཞི་དག་ཏུ་མཐོ་བཞི་བཙུག། བསྲུང་དང་མཚམས་ཀྱི་ལས་རྣམས་བྱ།། སྡིག་སྦྱང་བྱང་ཆུབ་སེམས་ཀྱང་བསྐྱེད།། ཕྱི་ཡི་སྤང་སྐོང་གཞུང་བཞིན་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གཟུངས་མ ་བྱིན་བརླབས་ཐིག་སྐུད་བཀལ།། དཀྱིལ་འཁོར་ཆེན་པོའི་ཐིག་གདབ་བོ།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། སྒོ་བཞི་དག་དང་ལྡན་པར་བྱ།། དེ་ཡི་ཕྱི་རིམ་སྣམ་བུ་ནི།། དམར་པོ་སྒོ་བཞི་ལྡན་པར་བྱ།། དེ་ཡི ་ཕྱི་རིམ་མེ་རི་ལ།། ལག་ཆུ་ཧཱ་དང་ལྡན་པར་བྱ།། དབུས་སུ་དཔལ་ཆེན་ཡབ་ཡུམ་ལ།། དེ་ཡི་ཕྱི་རིམ་ཁྲག་འཐུང་ཡབ་ཡུམ་མོ།། རྩིབས་ལ་གོ་རཱི་མ་བརྒྱད་དགོད།། རྩིབས་མཚན་ལ་སིང་ཧ་མ་བརྒྱད་དགོད།། སྒོ་བཞི ་དག་ཏུ་ཕྱག་རྒྱ་མ།། དེ་ཡི་ཕྱི་རིམ་དམར་ནག་ལ།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད།། དེ་ཡི་ཕྱི་རིམ་ལག་ཆུ་ཧཱ། ཁྲོ་བོ་ཆེན་པོ་བཅུ་རྣམས་དགོད།། བ་སུ་ཏ་ཡི་རྒྱུ་འཕྲེང་གིས།། དཀྱིལ་འཁོར་ཆེན་པོ་བསྐོར་བར ་བྱ།། འགེབས་པའི་གཡང་གཞི་ཆེན་པོ་ནི།། བླ་རེ་དག་ཏུ་བྲི་བར་བྱ།། དགུ་འམ་དྲུག་ཅུ་རྩ་བརྒྱད་དགོད།། དེ་ནས་སྒྲུབ་པ་པོ་རྒྱན་བཞི་དང་དབང་ཡང་བསྐུར་རོ།། དེ་ལྟ་བུ་ཡི་དཀྱིལ་འཁོར་ལ། རྫས་དགྲམ་པ་ནི།། ་ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ལ། སྤྲིན་ཆེན་གྱི་ཞལ་ཁེབ་ཅན་དྲང་ངོ་།། བྷནྡའི་བཟེད་ཕོར་ཚིལ་ཆེན་གྱི་མེ་མར། དམར་གྱི་ཨརྒྷ་དང་བཅས་པ་དགྲམ་མོ།། དེ ་ནས་ཞི་བའི་དཀྱིལ་འཁོར་བསྐྱེད། འཛབ་རྫོགས་པ་དང་། སྟོང་ཚིགས་ཀྱི་མཆོད་པ་འབུལ། དངོས་གྲུབ་གསོལ། གཏོར་མ་དགོང་དང་ཟོ་རངས་གཏོང་། སླད་མ་ཡང་དྲང་། ལྷ་བསྐྱེད་མཆོད་པ་དབུལ། འཛབ ་གྲངས། དེ་ནས་བསྒྲུབ་པ་ཕྱིན་པ་དང་། གཏོར་མ་ཚོ་གསུམ་དུ་བཅད་ལ། ཚོ་གཅིག་ལ་སྦྱིན་སྲེག་བྱ། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦ། དེ་ནས་པྲ་ཝེ་ཤས་སྒོ་དབྱེ་དཀྱིལ་འཁོར་ནས་བྱུང་། དབང་བསྐུར་ཡོན་ཕུལ། ་གཏང་རག་བཏང་། དེ་ནས་ཕྱི་རོལ་དུ་གཏོར་མ་ཆ་གཅིག་སྲུང་མ་ལ་མཆོད། སླར་གཤེགས་སུ་གསོལ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲ་བོ་པྲཎྜ་རེ་ཀའི་རྒྱུད་ལས། ཟླ་གམ་དྲུག་ཅུ་རྩ་བརྒྱད་པ་སྟེ་དྲུག ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། འཁོར་ལོ་རྩིབས་བརྒྱད་གང་བུ་གཅིག་པའི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས ་དང་ས་གཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་བཅལ་ཏེ་ས་བསླང་ངོ་།། སྦྲང་དང་བསྲུང་བ་ཚུལ་བཞིན་བྱ།། དེ་ནས་བསྒྲུབ་པ་གཞུང་བཞིན་བྱ།། དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད ་ལ།། དུར་ཁྲོད་ཆག་ཆག་རྣམ་གསུམ་བྱ།། དབུས་སུ་བྷནྡྷ་མཚན་ལྡན་གཞག། ཤར་དུ་བྷནྡ་ཟླུམ་པོ་གཞག། ལྷོར་སུལ་མངས་གཞག། ནུབ་ཏུ་ཟླ་གམ་གཞག། བྱང་དུ་གྲུ་གསུམ་གཞག། དབུས་སུ་དྲི་ཆེན། ཤར་དུ ་བྱང་སེམས། ལྷོར་ཤ་ཆེན། ནུབ་ཏུ་པདྨ་རཀྟ། བྱང་དུ་དྲི་ཆུ། དབུས་སུ་གླང་པོ་ཆེ་ལ་སོགས་པ་རྨིག་པ་ཁ་བྲག། ཤར་དུ་སྟག་དང་སེང་གེ་ལ་སོགས་པ་མཆེ་བ་ཅན། ལྷོར་མི་ལ་སོགས་ཏེ་རྐང་ལེ་བ།། ནུབ་ཏུ་རྟ་ལ ་སོགས་ཏེ་རྨིག་ཟླུམ། བྱང་དུ་ནམ་མཁའ་ལྡིང་ལ་སོགས་ཏེ་འདབ་ཆགས། དབུས་སུ་ཀ་ཀོ་ལ། ཤར་དུ་རུ་ཀ། ལྷོར་ཛཱ་ཏི་པ་ལ། ནུབ་ཏུ་ཏི་ཀི་ཤམ། བྱང་དུ་ལྕེ་པོག་དཀར་པོ། དབུས་སུ་ཨ་རུ་ར། ཤར་དུ་ག་བུར། ་ལྷོར་གུར་གུམ། ནུབ་ཏུ་ལི་ག་དུར། བྱང་དུ་རྩི་བོ་ཆེ། དབུས་སུ་ཨོཾ། ཤར་དུ་ཧཱུཾ། ལྷོར་སྭཱ། ནུབ་ཏུ་ཨཱཾ། བྱང་དུ་ཧཱ། དབུས་སུ་དཔལ་ཆེན་པོ་ཡབ་ཡུམ། ཕྱོགས་བཞིར་རིགས་བཞི་ཡབ་ཡུམ། བྷནྡ་ཚལ་བུ་བརྒྱད་ལ། ་གོའུ་རཱི་ལ་སོགས་བརྒྱད་ཀྱི་སྙིང་པོ་བྲི་ལ་དགོད། ཏིལ་གྱི་མར་མེ། དུར་ཁྲོད་ཀྱི་རོ་རས། འདི་སྐོར་ཡིག་ནོར་ཕྲིན་ཡོད་འདྲ། ཡུམ་ནི་དུས་གསུམ་གྱི་ཕྱེ་མ། ཟླ་གསང་དཀར་དམར་རླུང་དཀར་ལྕི། ཉུང་ཡང་པཉྩ་ཡན་བཅད ་དོ།། མི་ཕྱེད་པ་ནི་བདུད་གནས་པའི།། ཐུགས་ཀྱི་དངོས་གྲུབ་དམ་པ་ནི།། རེ་དོགས་མེད་པར་དངོས་གྲུབ་བླང་།། དེ་ཚེ་འབྲས་བུ་གདམས་པར་བྱ།། མ་དག་པ་ནི་མཚམས་བཅད་དོ།། ལས་ཀྱི་གཙོར་ནི་བསྐང་གསོ ་བྱ།། སྦྲང་དང་བཙག་དང་སྦལ་པ་དང་།། ནན་ཏན་གྱིས་ནི་བརྩོན་འགྲུས་བྱ།། ཐེ་ཚོམ་མེད་ན་ངེས་པར་འགྲུབ།། ཅེས་བཀའ་སྩལ་པས་ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡི་རངས་ཏེ།། བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་བསྟོད་པ།། ཨེ་མའོ་སངས་རྒྱས་ལས་བྱུང་བའི། བྱང་ཆུབ་བདེ་ཆེན་ཉིད་ལ་རྫོགས། འཁོར་ལོ་རྩིབས་བརྒྱད་གང་བུ་གཅིག་པའོ།། དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལ། སྨན་དང་འོ་མ ་གཉིས་བསྲེས་ཏེ། ལྕགས་ཀྱི་བར་བུ་སྟེང་དང་བཅས། དེ་ཡི་སྟེང་དུ་མཚན་ལྡན་གཞག། དར་དཀར་དག་གིས་ཁ་བཅད་དེ། གཟུངས་ཐག་དག་གིས་བཏགས་ལ་བསྒྲུབ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རི་ཀའི ་རྒྱུད་ལས། འཁོར་ལོ་རྩིབས་བརྒྱད་པའི་སྒྲུབ་ལུགས་ཏེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། བདུད་རྩི་ཆེན་པོས་སྒྲུབ་ལུགས་པདྨ ་འདབ་བརྒྱད་ཕྱེ་མ་སྦྱང་བའི་དཀྱིལ་འཁོར་གྱི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས་དང་ས་གཞི་བརྟག་པར་བྱ།། སྦྲང་དང་བླང་བ་ཚུལ་བཞིན་བྱ།། དེ་ནས་སྒྲུབ་པ་གཞུང ་བཞིན་བྱ།། བདུད་རྩིའི་སྒྲ་ལས་དྲངས་ནས།། བྷ་ག་པདྨ་ལྡན་པ་རུ།། ཐབས་དང་ཤེས་རབ་ལྡན་པ་རུ།། ཐམས་ཅད་ཡེ་ཤེས་ལྔ་རུ་འགྲུབ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་རུ།། དུར་ཁྲོད་ཆག་ཆག་རྣམ་གསུམ ་གདབ།། དྷ་ར་ཧི་ཞེས་བརྗོད་ནས་ནི།། པདྨ་འདབ་བརྒྱད་ཐིག་ཏུ་གདབ།། དེ་ནས་པདྨ་འདབ་བརྒྱད་དུ་བྱས་ལ། དེའི་ཕྱི་རིམ་དུ་ཟླ་གམ་དམར་པོ་སྒོ་ཡོད་པ་བྲི། མཐའ་རྡོ་རྗེའི་ར་བས་བསྐོར་བ་བྲི། དེ་ནས་རྫས ་དགྲམ་པ་ནི། དཀྱིལ་འཁོར་དབུས་སུ་བྷནྡྷ་མཚན་ལྡན་སུལ་མེད་ཅེས་བྱ་སྟེ།། སྲུབས་མེད་པ་གཞག་ཤར་དུ་བྷནྡ་སུལ་འགྲེང་ཞེས་སུ་སྟེ། ཚངས་པའི་སྐུད་པ་ཅན་གཞག། ལྷོར་བྷནྡྷ་སུལ་མངས་ཞེས་བྱ་སྟེ།། གཙུག ་ན་འབུར་བཞི་ཡོད་པ་གཞག། ནུབ་ཏུ་བྷནྡྷ་ཟླ་གམ་ཞེས་བྱ་སྟེ།། གཤོང་བུ་གཉིས་པ་གཞག། བྱང་དུ་རྒྱ་གྲམ་ཞེས་བྱ་སྟེ།། གཤོད་བུ་བཞི་པ་གཞག། དབུས་སུ་བྱང་ཆུབ་སེམས། ཤར་དུ་དྲི་ཆེན། ལྷོར་ཤ་ཆེན། ནུབ ་ཏུ་པདྨ་རཀྟ། བྱང་དུ་དྲི་ཆུ། དབུས་སུ་པ་ན་སེ། ཤར་དུ་ཨ་རུ་ར། ལྷོར་སྨིན་པ་ཨ་མྲ། ནུབ་ཏུ་གུ་ན་བ་ཏ། བྱང་དུ་ནེ་བ་ཏ། དབུས་སུ་ཨ་རུ་ར། ཤར་དུ་ག་བུར། ལྷོར་རྒུན་འབྲུ། ནུབ་ཏུ་པ་ན་སེ། བྱང་དུ་ན་ལི་ཀེ་ར། ་དབུས་སུ་ཀ་ཀོ་ལ། ཤར་དུ་དུ་རུ་ཀ། ལྷོར་ཛཱ་ཏི་ཕ་ལ། ནུབ་ཏུ་ཏི་ཀི་ཤ་མ། བྱང་དུ་ལྕེ་པོག་དཀར་པོ། དབུས་སུ་ཛཱ་ཏི་ཕ་ལ། ཤར་དུ་ག་ཕུར། ལྷོ་རུ་བ་ལིག། ནུབ་ཏུ་ལི་ཤི་བྱང་དུ་ཀྱི་ལྕེ་དཀར་པོ། དབུས་སུ་སེའུ ་འབྲུ། ཤར་དུ་སུག་སྨེལ། ལྷོར་ལི་དོང་གྲ། ནུབ་ཏུ་ཤིང་ཚ། བྱང་དུ་མུ་ལ། དབུས་སུ་ཙོང་ཞི། ཤར་དུ་བྲག་ཞུན། ལྷོར་ཏིལ་ཞུན། ནུབ་ཏུ་སྦྲང་རྒོད། བྱང་དུ་ཡུང་མར། དབུས་སུ་ཛཱ་ཏི་ཕ་ལ། ཤར་དུ་ག་བུར། ལྷོར་བ ་ལོག། ནུབ་ཏུ་ལི་ཤི། བྱང་དུ་ཀྱི་ལྕེ་དཀར་པོ། དབུས་སུ་གངས་ཆུ། ཤར་དུ་མཚེ་ཆུ། ལྷོར་འབབ་ཆུ། ནུབ་ཏུ་འདམ་ཆུ། བྱང་དུ་ནག་ཆུ། ཆུ་སྣ་འདི་སྐོར་འདྲ་མིན་ཡང་བས་དཔྱད། དབུས་སུ་ཧཱུཾ། ཤར་དུ་ཨོཾ། ལྷོར་སྭཱ། ནུབ་ཏུ་ཨཱཾ། ་བྱང་དུ་ཧ། སྨན་སྣ་སྟོང་། དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱ། སྡོང་པོ་ཡལ་ག་མེ་ཏོག་དང་།། ལོ་མ་འབྲས་བུ་ཤུན་པ་དང་།། མི་ཆེན་ཀླ་ཀློའི་སྙིང་ལ་སོགས།། གཞུང་བཞིན་འབྱོར་པ་དེ་ནི་གཞག། དེ་ནས ་བདུད་རྩི་བསྒྲུབ་པ་ནི།། དབུས་སུ་བྷནྡྷ་མཚན་ལྡན་ལ། ཡབ་ཡུམ་སྙིང་པོ་བྲིས་ལ་གཞག། ཕྱོགས་བཞི་དག་གི་ཟླ་གམ་ལ།། བྷནྡ་མཚན་དང་ལྡན་པ་ལ།། རིགས་བཞིའི་སྙིང་པོ་བྲི་ལ་གཞག། དེ་ཡི་ཕྱི་རིམ་ཟླ་གམ ་ལ།། ཚལ་བུ་བརྒྱད་ལ་མ་བརྒྱད་བྲིས།། དཀྱིལ་འཁོར་ཕྱི་རིམ་བསྐོར་ལ་གཞག། དཀྱིལ་འཁོར་ཆེན་པོའི་མཐའ་སྐོར་དུ།། ཤ་དང་ཞིང་གི་རས་མ་གཞག། ཞལ་ཟས་ཚང་བའི་གཏོར་མ་ལ།། སྤྲིན་ཆེན ་གྱི་ཞལ་ཁེབས་ཀྱིས་བཀབ་ལ་དྲང་ངོ་།། བྷནྡྷའི་བཟེད་ཕོར་དམར་གྱིས་ཨརྒྷ་དྲང་ངོ་།། དཀྱིལ་འཁོར་གཞུང་བསྲང་ངོ་།། ཆོས་སྐུ་ཡེ་ནས་དག་པ་ལ།། སྒྱུ་མས་བསླད་པ་མ་ཡིན་ཡང་།། རང་རིག་བྱང་ཆུབ་སེམས་ཀྱི ་ང་།། དུག་ལྔ་ཡེ་ནས་བདུད་རྩི་ལྔ།། རྣམ་པར་དག་པའི་འབྲས་བུ་སྟེ།། སྐུ་ལྔ་ཡེ་ཤེས་ལྔ་རུ་གསལ།། མུ་ཏིག་དཀར་པོ་དྲི་མེད་དང་།། ཙན་དན་སྨུག་པོ་རྨ་མེད་དང་།། བསེ་ཕོར་མཚན་ལྡན་སྲུབ་མེད་དང་།། རྒྱ་ཕོར ་ནང་དམར་གཞུང་ལྡན་དང་།། བདུད་རྩི་ཆེན་པོའི་དོན་ལྡན་དང་།། ཆོས་ཉིད་ཆེན་པོ་རང་རྟགས་དང་།། བདེ་བ་ཆེན་པོ་རྒྱུ་གཅིག་བརྒྱད།། དེ་བརྒྱད་ཚོགས་པས་དཔལ་དང་ལྡན།། བདུད་རྩི་ཞེས་ནི་དེ་ལ་བྱ།། ཀུན ་ཏུ་བཟང་མོ་ཡུམ་གྱི་གཞལ་ཡས་སུ།། ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས།། སྣོད་བཅུད་བདུད་རྩི་བྱེ་བྲག་རབ་སྦྱངས་ཏེ།། ཐམས་ཅད་ཡེ་ཤེས་ལྔ་རུ་གྱུར་ནས་ཀྱང་།། འབྲས་བུའི་སྐུ་གསུང་ཐུགས་སུ ་རབ་སྒྲུབ་སྟེ།། སྐྱེ་ཤི་མེད་པའི་བདུད་རྩི་ཆེན་པོར་བྱ།། དེ་ནས་བཏག་དང་བཙག་པར་བྱའོ།། དེ་ནས་བྷནྡྷ་མཚན་ལྡན་ལ།། བཏག་པ་ཙག་ཚར་ནས་བླུགས་ནས་ནི།། དར་དཀར་དག་གིས་ཁ་བཅད་དེ།། གསང་བའི ་རྒྱ་ཡིས་བཏབ་ནས་ནི།། གཟུངས་ཐག་དག་གིས་བཏགས་ནས་ནི།། དབུས་སུ་བཏགས་ལ་བསྐོར་བར་བྱ།། ཨོཾ་ཨཱ་ཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱི་ཐཱ། ཨོཾ་ཛྙཱ་ན་བཛྲ་ཧཱུཾ་ཕཊ། བཟླས་ཤིང་བསྒྲུབ་པས་རྟགས་རྣམས ་འབྱུང་།། རྟགས་རྣམས་མྱུར་དུ་མ་བྱུང་ན།། སྤོགས་དང་སྦྱར་བའི་ལས་རྣམས་བྱ།། འོད་དང་དུ་བ་དྲི་དང་སྒྲ།། ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད།། དེ་ཚེ་དམ་ཚིག་གཟུངས་ལྡན་པས།། ཡི་དམ་ལྷ་ལ་མཆོད་པ ་འབུལ།། ཉི་ཟླ་པདྨའི་གདན་སྟེངས་སུ།། བྷནྡ་དཔལ་དང་ལྡན་པར་བསྒོམ། བྷནྡ་དཔལ་དང་ལྡན་བསྒོམས་པས། ཆོས་ཉིད་རྣམ་པར་དག་པའི་ངང་། དང་པོར་ལྷ་ལ་མཆོད་བྱས་པས།། ལྷ་དང་གཉིས་སུ་མེད་པ་སྟེ། ་ཡི་དམ་ལྷ་ཡི་ཐུགས་དམ་བསྐང་།། ལྟ་བ་རྡོ་རྗེ་ཐིག་ཆེན་ནོ།། ནམ་མཁའ་རྡོ་རྗེ་མཐའ་ཡས་པར།། འཁོར་ལོ་རྡོ་རྗེ་བསྐོར་བསྐུལ་ཞིང་།། འདི་ནི་པཉྩ་ཨ་མྲྀ་ཏ།། ལྷ་ལ་མཆོད་པས་ཐུགས་དམ་བསྐང་།། རྣལ་འབྱོར ་མཆེད་ལ་མཆོད་བྱས་པས།། བཞི་བརྒྱ་རྩ་བཞིའི་ནད་བསལ་ནས། ངན་སོང་སྦྱོང་ཤིང་མཐོ་རིས་ཐོབ།། མི་མཐུན་བགེགས་ལ་གཏོར་བྱས་པས།། བྲག་པོ་གཏུམ་པོའང་ལྷན་ནེར་འགྱུར།། ཨོཾ་ཨཱཿཧཱུཾ། པཉྩ་ཨ་མྲྀ་ཏ ་ཀུཎྜ་ལི་ཧཱུཾ་ཧྲཱི་ཐཱ།། དེ་ནས་དངོས་གྲུབ་གསོལ་ཏེ།། ཨོཾ་དཔལ་ལྡན་རྡོ་རྗེ་སྐུ་འཆང་བ།། རྡོ་རྗེ་མེ་ཕྱེད་སྐུ་དང་ལྡན།། དེང་བདག་སངས་རྒྱས་སྐུ་འཛིན་པས།། བྱིན་གྱིས་བརླབ་པའི་གནས་མཛོད་ཅིག། ཨོཾ་སརྦ་ཏ་ཐཱ་ག ་ཎ་ཀ་ཡ་བརྡ་ས་བྷཱ་ལ་ཨཏྨ་ཀཿ། མ་དཔལ་ལྡན་རྡོ་རྗེ་གསུང་འཆང་བ།། རྡོ་རྗེ་མ་བྱེད་གཟུང་དང་ལྡན།། དང་བདག་སངས་རྒྱས་གསང་འངན་པས།། བྱིན་གྱིས་བརླབ་པའི་གནས་མཛད་ཅག ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་སྭ་བྷ་ཝ་ཨཱཏྨ་ཀོཉྫ་ཧཾ།། ཧཱུཾ་དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ།། རྡོ་རྗེའི་མི་ཕྱེད་ཐུགས་དང་ལྡན།། དེང་འདིར་སངས་རྒྱས་ཐུགས་འཛིན་པས།། བྱིན་གྱིས་བསླབ་པའི་གནས་མཛོད་ཅིག། ཨོཾ་སརྦ ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཨཱཏྨ་ཀོ&ཧཾ།། བདུད་རྩིའི་སྒྲ་ལས་དྲངས་ནས་ཀྱང་།། བྷ་ག་པདྨ་ལྡན་པ་རུ།། ཐབས་དང་ཤེས་རབ་ལྡན་པ་ཡིས།། ཐམས་ཅད་ཡེ་ཤེས་སྐུ་རུ་འགྲུབ།། ལས་འདིའི་ལུང་གིས་བསྒྲུབ་བྱ ་བ།། མི་སྤང་བ་དང་དང་དུ་བླང་།། སྤྱད་པའི་དམ་ཚིག་བཅོ་ལྔ་བསྲུང་།། དེ་ཡང་མ་ཧཱ་ས་མ་ཡ། བཞི་པོ་རྫོགས་ནས་ཀུན་ཏུ་བཟང་།། ཞི་རྒྱས་དབང་དང་མངོན་སྤྱོད་པ།། མནན་ཟློག་དུག་ནི་གཅིག་ཏུའོ།། དེ་ནས ་བདུད་རྩི་གྲུབ་པ་དང་།། ཚོ་གཅིག་ཡེ་ཤེས་ལྷ་ལ་འབུལ།། ཚོ་གཅིག་སློབ་དཔོན་སྒྲུབ་པ་པོ་ལ་འབུལ།། ཚོ་གཅིག་རྣལ་འབྱོར་ཡོངས་ལ་དྲང་།། བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ཡེ་ཤེས་ལྔ་རུ་སྒྲུབ་པ ་འདི།། ཚོ་གཅིག་ཡེ་ཤེས་ལྷ་ལ་འབུལ།། ཡེ་ཤེས་ལྷ་ལ་མི་འབུལ་རྒྱུ།། སྐུ་གསུང་ཐུགས་ཀྱི་མངའ་བདག་ལགས།། ཚོ་གཅིག་སློབ་དཔོན་ཡབ་ལ་འབུལ།། སློབ་དཔོན་ཡབ་ལ་མི་འབུལ་རྒྱུ།། སྒྲུབ་པོ་རྣམས་ཀྱི་མངའ ་བདག་ལ།། ཚོ་གཅིག་རྣལ་འབྱོར་ཡོངས་ལ་དྲང་།། རྣལ་འབྱོར་ཡོངས་ལ་མི་འདྲེན་རྒྱུ།། དངོས་གྲུབ་ཡོངས་ཀྱི་སྐལ་པ་ལགས།། དེ་ནས་བསྒྲུབ་པ་ཕྱིན་པ་དང་།། གཏོར་མ་ཚོ་གསུམ་དུ་བཅད་ལ། གཅིག་སྦྱིན་སྲེག ་བྱ། གཅིག་གིས་མཁའ་འགྲོ་མ་བྱ་སྐྱོང་།། གཅིག་མི་ཟད་པའི་གཏེར་དུ་སྦ། པྲ་བེ་ཤས་སྒོ་དབྱེ། དབང་བསྐུར། དཀྱིལ་འཁོར་བསྡུ། གཏོར་མ་ཆ་གཅིག་མགོན་པོ་ལ་གཏང་རག་གཏང་།། གཙྪས་གཤེགས་སུ ་གསོལ།། བར་ཆད་མེད་ལས་དག་ཏུ་བྱ། གཅིག་ལ་གཅིག་བཟོད་པར་གསོལ། བཤགས་པ་བྱ། གཏང་རག་གཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། སྨན་ཕྱེ་མ་སྒྲུབ་ལུགས་ཏེ་བརྒྱད ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། བདུད་རྩི་ཆེན་པོའི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས་དང་ས ་གཞི་བརྟག་པར་བྱ།། བསླང་དང་སྦྱང་བ་ཚུལ་བཞིན་བྱ།། དེ་ནས་སྒྲུབ་པ་གཞུང་བཞིན་བྱ།། ཐམས་ཅད་ཡེ་ནས་དག་པ་ལ།། ལོ་ཏོག་རྣམ་པ་གཉིས་སུ་འགྲུབ།། ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས།། ཐམས་ཅད་ཚང ་ཞིང་དྲི་མེད་ལས།། རྣམ་རྟོག་མི་མཐུན་སོ་སོར་གྱུར།། ལ་ལའི་སྨན་ལ་ལ་ལའི་དུག། སྨན་དུ་མ་གྱུར་གང་ཡང་མེད།། དུག་ཏུ་མ་གྱུར་གང་ཡང་མེད།། ཐམས་ཅད་མ་ལུས་རྒྱུ་གཅིག་ལས།། མི་མཐུན་ཁྱད་པར་སོ ་སོར་སྣང་།། སུས་ཀྱང་མ་བྱས་སུ་བྱེད་ཡོད།། རྣམ་རྟོག་ཞགས་པས་སོ་སོར་བཅིངས།། ལུས་གནས་ལོངས་སྤྱོད་སྣ་ཚོགས་དང་།། སྡུག་བསྔལ་འཁྲུལ་འཁོར་སྣ་ཚོགས་དང་། ཁམས་གསུམ་ཕྱིན་རྩ ་ལོག་བཞི་དང་།། ཉོན་མོངས་སྡུག་བསྔལ་སྦྱོང་བར་བྱེད།། རྣམ་པར་ཐར་པ་ལྔ་རྫོགས་ཏེ།། ས་བཅུར་རྫོགས་ཏེ་སངས་རྒྱས་བྱེད།། དེ་ཕྱིར་སྨན་འདི་རབ་ཏུ་བསྒྲུབ་པར་བྱ།། ཀུན་ལ་ཕན་པ་སྨན་ཡིན་པ།། དེ་ཕྱིར་ང ་དང་བདག་མ་འཛིན།། གཙང་དང་སྨེ་བའི་བློ་རྟོག་བོར།། ཐམས་ཅད་མཉམ་པ་ཉིད་དུ་སྤྱོད།། རྩ་བ་བྱང་ཆུབ་སེམས་ཉིད་རྫོགས།། ཐབས་ཀྱི་ཕ་རོལ་ཕྱིན་པ་སྤྱོད།། སྙིང་རྗེས་ཆུད་མ་ཟོས་པར་གྱིས།། བདུད་རྩིའི ་ཆོས་ནི་མཉམ་པའི་དབྱིངས།། བདུད་རྩིའི་དོན་ནི་སྐྱེ་ཤི་མེད།། བདུད་རྩིའི་གནས་ནི་བྱང་ཆུབ་སེམས།། བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་།། བདག་གི་དཔལ་ཚོགས་འགྲོ་དོན་མཛོད།། སྨན་གྱི་བྱིན་རླབས་བསམ་མི ་ཁྱབ།། ངན་སོང་སྐྲངས་ཤིང་བླ་མེད་སྒྲོལ།། གསེར་འགྱུར་སྨན་དང་མུན་སེལ་ཞིང་།། གཞན་ཡང་དགོས་པ་སྣ་ཚོགས་འགྲུབ།། རྐྱེན་ལས་གྱུར་པའི་དུག་རྣམས་དང་།། རྩ་བའི་དུག་དང་སྦྱར་བའི་དུག། ཀླུ་དུག་རྒོད ་གཏོང་དུག་ལ་སོགས།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། དུས་རྣམས་མ་ལུས་འདུལ་བའི་ཕྱིར།། དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ།། དེ་ནས་དཀྱིལ་འཁོར་དབྱིངས་སུ་བསྟིམ།། དང་པོ་དཀྱིལ་འཁོར ་བསྐྱེད་པ་ནི།། བདག་ཉིད་བདུད་རྩི་འཁྱིལ་བར་བསྒོམ།། སྐུ་མདོག་གངས་ལ་ཉི་ཤར་འདྲ།། ཟླ་བ་པདྨའི་གདན་ཁྲི་ལ།། ཉི་མ་སྟོང་གི་དཀྱིལ་འཁོར་ལྡན།། ལྷ་དང་ལྷ་མོའི་ཚོགས་ཀྱི་བདག། ཁྲོ་བོ་ཁྲོ་མོའི་དཀྱིལ ་འཁོར་བཅས།། གནས་དང་ཡུལ་གྱི་ཕྱག་རྒྱར་བཅས།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། དབུས་སུ་བདུད་རྩི་འཁྱིལ་པ་སྟེ།། ཤར་དུ་རྡོ་རྗེ་སེམས་དཔའ་ཉིད།། ལྷོ་རུ་རིན་ཆེན་འབྱུང་ལྡན་ཏེ།། ནུབ་ཏུ་སྣང་བ ་མཐའ་ཡས་སོ།། བྱང་དུ་དོན་ཡོད་གྲུབ་པའོ།། ཐབས་དང་ཤེས་རབ་ལྡན་པར་བསྒོམ།། ཕྱག་རྒྱ་རྣམས་ཀྱང་གསལ་བར་བསྒོམ།། སྙིང་པོ་འབྲུ་གཅིག་གསལ་བར་བཟླས།། དེ་ནས་བདུད་རྩིའི་ཕྱག་རྒྱ་ནི།། བྷནྡ་ཡིད ་བཞིན་འབར་བ་སྟེ།། རེ་བ་ཡིད་བཞིན་སྐོང་བར་བྱེད།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། འདོད་པའི་ཡོན་ཏན་ལྡན་པར་བྱེད།། དངོས་གྲུབ་ཆེན་པོ་བླ་མེད་པའོ།། བདུད་རྩི་ཆར་བཞིན་འབེབས་པར ་བྱེད།། སྒོ་བཞི་ཕྱག་རྒྱ་བཞི་དང་ལྡན།། ཨ་མྲྀ་ཏ་ཡི་རྒྱུ་འདི་ནི།། བྱང་ཆུབ་སེམས་དང་ཤ་ཆེན་དང་།། དྲི་ཆེན་དྲི་ཆུ་མཱཾ་སར་བཅས།། པདྨ་རཀྟ་ལ་སོགས་ཏེ།། གཞན་ཡང་འདོད་ཡོན་སྣ་ཚོགས་བཅས།། དབྱེ་བའམ ་ཡང་ན་མི་དབྱེ་བར།། བདུད་རྩི་ཉིད་དུ་བྱིན་གྱིས་བརླབ།། རྟོག་པའི་བག་ཆགས་སྦྱང་བའི་ཕྱིར།། གཙང་སྨེ་མེད་པར་བཟའ་བར་བྱ།། དབྱིངས་སུ་ཡང་ནི་ཐིམ་པར་བྱ།། ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ།། བཞི ་བརྒྱ་རྩ་བཞིའི་ནད་བསལ་ནས།། དུག་གསུམ་སྡུག་བསྔལ་མེད་པ་དང་།། བསྐལ་པར་ཡུན་རིང་གནས་པ་དང་།། དངོས་གྲུབ་ཆེན་པོ་འཐོབ་འགྱུར་ཏེ།། ཚོགས་གཉིས་རྫོགས་ཞེས་ཡང་དག ་གསུངས།། དེ་ནས་སྨན་ཚོ་གསུམ་དུ་བགོ། གཏོར་མཚོ་གསུམ་དུ་བཅད། གཅིག་མི་ཟད་གཏེར་དུ་སྦ།། གཅིག་ལ་སྦྱིན་བསྲེག་བྱ། གཅིག་ལ་མཁའ་འགྲོ་མ་བསྐྱང་། སྒོ་དབྱེ་དབང་བསྐུར་རོ།། དཀྱིལ་འཁོར་བསྡུ། ་བར་ཆད་མེད་པའི་ལས་དྲག་ཏུ་བྱ། གཅིག་ལ་གཅིག་བཟོད་པར་གསོལ། བཤགས་པ་བྱ། གཏང་རག་གཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རའི་ཀའི་རྒྱུད་ལས། བདུད་རྩི་ཆེན་པོའི་དཀྱིལ་འཁོར་སྒྲུབ ་ལུགས་ཏེ་དགུ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཚེའི་ལས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས་དང ་ས་གཞི་བརྟག་པར་བྱ།། སྦྱང་དང་བསླང་བ་ཚུལ་བཞིན་བྱ།། བཅོམ་ལྡན་ཚེ་དཔག་མེད་པ་ཡི།། ཐུགས་ཀར་སེམས་དཔའི་ཧཱུཾ་ལས་ནི།། དབུས་སུ་ཨཱ་དཀྱིལ་བསམ་པ་ནི།། བིན་དུར་གྱུར་པས་ཨཱ་ཡུའོ།། སྟེང་དུ་བཾ ་ལས་རྡོ་རྗེ་ཡི།། ལུ་གུ་རྒྱུད་ཀྱིས་རྒྱ་གྲམ་དུ།། འདི་ནི་ཨཱ་ཡུ་བཅིང་བའོ།། དེ་ནས་ཨཱ་ཡུ་དགུག་པ་ནི།། ལག་སོར་བསྣོལ་མར་བཀྲོ་བྱས་ལ།། ཨཱིཾ་བཛྲ་མུ་ཀ་ཏ་ཧོ།། འདི་ནི་ལན་གསུམ་བརྗོད་པ་ཡིས།། འཇིག་རྟེན ་བཅིངས་པ་བཀྲོལ་འགྱུར་ཏེ།། ཨཱ་ཡུ་དབང་དུ་སྦས་པ་ནི།། ལྷ་མོ་དཀར་མོ་ལྕགས་ཀྱུ་ཅན།། མང་པོས་དེ་བཀུག་བསམ་པ་ནི།། ཨཱ་ཡུ་དགུག་པའི་ཆོ་གའོ།། དེ་ནས་ཨཱ་ཡུ་བསྣན་པ་ནི།། ནཱ་ས་གཉིས་ནས་ཧཱུཾ་བསྒྲིལ ་ནས། ཁྱད་པར་སེམས་ཅན་མང་པོ་ཡི།། ཚེ་ཟད་ནད་པ་བདེར་འགྱུར་ཏེ།། ཤེས་རབ་ཐབས་སུ་འབྲེལ་བ་ཡིས།། བོ་དྷི་ཙིཏྟས་དབང་བསྐུར་རོ།། ཨཱ་ཡུའི་སྟེང་དུ་མུ་ཏིག་བཞིན། ཁུ་འཕང་དཀར་པོ་འདྲིལ་བ ་བཞིན།། འདི་ནི་ཨཱ་ཡུ་བསྣན་པའོ།། ཧཱུཾ་ནི་རྣམ་བཞི་བཀོད་པ་ཡི།། ཡུམ་གྱི་ཕྱག་རྒྱར་གྱུར་པ་ཡི།། ཐམས་ཅད་མ་ལུས་མཁའ་འགྲོ་ཡི།། དབང་བསྡུས་ཚེ་དབང་ཕུན་སུམ་ཚོགས།། ཐུགས་ཀར་ཚོན་གང་གཟུགས ་ལས་ནི།། སྐུད་པས་མེ་ཏོག་དཀར་པོ་གཉིས།། སྔགས་བཟླས་བརྒྱ་རྩ་བརྒྱད་དབུལ་བྱ།། ལངས་ནས་གཟི་མདངས་འཁྲུངས་པར་འགྱུར།། སྔ་མའི་རྒྱ་གྲམ་ནང་དུ་ནི།། གཟུགས་འགྱུར་བོས་ནས་སྤྱི་ནས་སུ།། བསྙེན ་པའི་བུམ་པས་དབང་བསྐུར་རོ།། གཟུགས་ཅན་དཀྱིལ་འཁོར་དེ་དབུས་སུ།། བྷནྡ་དཔལ་དང་ལྡན་པར་བསྒོམ།། ཟླ་གམ་དམར་པོའི་སྟེང་དུ་ནི།། ཚེ་ཡི་དངོས་གྲུབ་གསོལ་བྱང་གཞག། བཅོལ་བའི་དངོས་གྲུབ ་གསོལ་བ་གདབ།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཏིང་ངེ་འཛིན་གྱི་ཚེ་སྒྲུབ་པ་སྟེ་བཅུ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས་གསང་བའི་དཀྱིལ ་འཁོར་ལ་ཚེ་སྒྲུབ་པ་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་པས།། གནས་དང་ས་གཞི་བརྟག་པར་བྱ།། བཙལ་དང་བཟུང་བ་བསླང་བ་དང་།། ས་གཞི་ཡོངས་སུ་སྦྱང་བར་བྱ།། དཀྱིལ ་འཁོར་འདོམ་གང་གྲུ་བཞི་བརྩིག། ཙ་ད་དར་ཧི་ཞེས་ཐིག་གདབ།། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ།། དབུས་སུ་ཟླ་གམ་གཅིག་པ་ལ།། མཐའ་ལ་རྡོ་རྗེའི་ར་བས་བསྐོར།། སྒོ་བཞི་པ་དང་ལྡན་པར་བྲི།། བྷནྡ ་མཚོན་དང་ལྡན་ནང་དུ།། ཆང་དང་ཚེ་འབྲས་ཀྱིས་བཀང་སྟེ།། བྷནྡྷ་གཅིག་ལ་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་བྲིས་ཏེ།། བྷནྡྷ་ཁ་སྤྲོད་དུ་བྱས་ཏེ། སྒྲུབ་པ་པོ་ཡབ་ཡུམ་གསང་མཚན་དང་དངོས་གྲུབ་ཅི་གསོལ་བ ་བྲིས་ལ་གཟུངས་ཐག་གིས་བཏགས་ལ་དབུས་སུ་གཞག། དེ་ཡི་ཕྱི་རིམ་སྟེ་ཁྱམས་ལ། བྷནྡ་ཚལ་བུ་བཞི་ལ། ཡབ་ཡུམ་བཞི་བྲིས་ལ་གཞག། ཤར་དུ་དཔལ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ ་རྣམ་པར་སྣང་མཛད་ཡབ་ཡུམ། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ། སྒོ་བཞིར་ཚལ་བུ་བཞི་ལ་སྒོ་བ་བཞི་བྲིས་ལ་དགོད། ཏིལ་གྱི་མེ་མར་དགོད། དེའི་ཕྱི་རིམ་དུ་མདའ་དར་སྣ་ཅན་བཞི་གཟུག། རྒྱན་ཆ་རྣམས་ཀྱང ་དགོད་པར་བྱའོ།། དེའི་ཕྱི་རིམ་དུ་ཕུར་བུ་དར་གྱི་ཅོད་པན་ཅན་བཅུ་ཐམས་པ་ཁྲོ་བོ་བཅུར་མངའ་གསོལ། དེ་ནས་མཆོད་པ་དགྲམ་པ་ནི། ལྷ་བཤོས་ཟླ་གམ་ལ། རཀྟའི་ཐིག་ལེ་དགུ་བྱས་པ་དང་དམ་རྫས་ཚང་བའི ་གཏོར་མ་བྷནྡའི་བཟེད་ཕོར། དམར་གྱི་ཨརྒྷ་དྲང་ངོ་།། མཁའ་འགྲོ་མའི་ཁྲུས་བྱ། རྟགས་དང་མཚན་མས་གདབ་བོ།། རྒྱན་སྤེལ་ཏེ་བཞུགས་སོ།། རྫས་ཀྱི་དཀྱིལ་འཁོར་ཚོམ་བུ་ལྔར། ཧཱུཾ་ནུབ་ཕྱོགས་པདྨ་དབང་གི ་དཀྱིལ་འཁོར་ནས།། བྱམས་ལྡན་མགོན་པོ་ཚེ་དཔག་མེད།། ཐུགས་ཀྱི་དཔལ་བེའུ་ཟླ་གམ་གའུ་ནས།། བྱང་ཆུབ་སེམས་ཀྱི་ཨཱ་ཡུ་དམར་པོ་འདི།། རྩེ་གཅིག་བདག་ཅག་སྒྲུབ་པའི་ཚེ་ལགས་ན།། བྱིན་གྱིས་བརླབས ་ཤིང་བདག་ལ་ཚེ་དབང་སྩོལ།། ཕྱག་རྒྱའི་ཚོགས་ཆེན་ཡེ་ཤེས་གསང་བའི་ཚེ།། འབྱུང་བ་དང་ནི་འབྲས་བུ་བྱང་ཆུབ་སེམས།། ཚོམ་བུ་ལྔ་ཡི་དཀྱིལ་འཁོར་ནས།། བདེ་གཤེགས་ཡབ་ལྔ་གསང་བའི་ཐུགས།། ཤ་ཡི། ་ཁམས་ནས་ཚེ་ཉམས་ན།། ས་ཡི་ཁམས་ནས་དགུག་པར་བྱ།། དུས་གསུམ་རྒྱལ་བའི་ཡུམ་མཆོག་སངས་རྒྱས་སྤྱན།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས།། འབྱུང་བ་ས་ཡི་ཁམས་རྣམས་ཀུན།། གསང་བའི་ཚེ་རུ་བྱིན ་བརླབས་ནས།། ཤ་ཡི་གནས་སུ་བསྟིམ་པར་བྱ། ཁྲག་གི་ཁམས་ནས་ཚེ་ཉམས་ན།། ཆུ་ཡི་ཁམས་ནས་དགུག་པར་བྱ།། དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀི།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས།། འབྱུང་བ ་ཆུ་ཡི་ཁམས་རྣམས་ཀུན།། གསང་བའི་ཚེ་རུ་བྱིན་བརླབས་ནས།། ཁྲག་གི་གནས་སུ་བསྟིམ་པར་བྱ།། དྲོད་ཀྱི་ཁམས་ནས་ཚེ་ཉམས་ན།། མེ་ཡི་ཁམས་ནས་དགུག་པར་བྱ།། དུས་གསུམ་རྒྱལ་བའི་ཡུམ་མཆོག་ན ་བཟའ་དཀར།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས།། འབྱུང་བ་མེ་ཡི་ཁམས་རྣམས་ཀུན།། གསང་བའི་ཚེ་རུ་བྱིན་བརླབས་ནས།། དྲོད་ཀྱི་གནས་སུ་བསྟིམ་པར་བྱ།། དབུགས་ཀྱི་ཁམས་ནས་ཚེ་ཉམས ་ན།། རླུང་གི་ཁམས་ནས་དགུག་པར་བྱ།། དུས་གསུམ་རྒྱལ་བའི་ཡུམ་མཆོག་དམ་ཚིག་སྒྲོལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས།། འབྱུང་བ་རླུང་གི་ཁམས་རྣམས་ཀུན།། གསང་བའི་ཚེ་རུ་བྱིན་བརླབས ་ནས།། དབུགས་ཀྱི་གནས་སུ་བསྟིམ་པར་བྱ།། ཡིད་ཀྱི་ཁམས་ནས་ཚེ་ཉམས་ན།། ནམ་མཁའི་ཁམས་ནས་དགུག་པར་བྱ།། དུས་གསུམ་རྒྱལ་བའི་ཡུམ་མཆོག་ཀུན་ཏུ་བཟང་།། འཇིག་རྟེན་དྲུག་གི་ཕྱོགས་བཅུ ་ནས།། འབྱུང་བ་ནམ་མཁའི་ཁམས་རྣམས་ཀུན།། གསང་བའི་ཚེ་རུ་བྱིན་བརླབས་ནས།། ཡིད་ཀྱི་གནས་སུ་བསྟིམ་པར་བྱ།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། མེ་ཆུ་ས་རླུང་ལ་སོགས་ཏེ།། འབྱུང་བ་ཆེན་པོ་ལྔ་ཡི ་རང་བཞིན་ནོ།། འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་མཛད་མ།། ཤར་ཕྱོགས་དཀར་མོ་ཤེལ་གྱི་ཞིང་ཁམས་ནས།། དཀར་མོ་མགྱོགས་མ་ཞི་བྱེད་འོད་ཟེར་འཕྲོ་བའི་ཚོགས།། ཚེ་དང་གཟི་བྱིན་དགུག་པའི་ལས་མཛད ་མ།། རྡོ་རྗེའི་ཚེ་མཆོག་དགུག་པའི་ལས་མཛོད་ཅིག། ལྷོ་ཕྱོགས་བཻ་ཌཱུརྱ་ཡི་ཞིང་ཁམས་ནས།། སྔོན་མོ་དྲག་ཤུལ་འོད་ཟེར་འཕྲོ་བའི་ཚོགས།། ཚེ་དང་ཡེ་ཤེས་དགུག་པའི་ལས་མཛད་མ།། རྡོ་རྗེའི་ཚེ་མཆོག་དགུག་པའི ་ལས་མཛོད་ཅིག། ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས།། དམར་མོ་དབང་སྡུད་འོད་ཟེར་འཕྲོ་བའི་ཚོགས།། ཚེ་དང་ཡེ་ཤེས་དགུག་པའི་ལས་མཛད་མ།། རྡོ་རྗེའི་ཚེ་མཆོག་དགུག་པའི་ལས་མཛོད་ཅིག། བྱང ་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས།། མགྱོགས་བྱེད་ལྗང་གུ་འོད་ཟེར་འཕྲོ་བའི་ཚོགས།། ཚེ་དང་ཡེ་ཤེས་དགུག་པའི་ལས་མཛད་མ།། རྡོ་རྗེའི་ཚེ་མཆོག་དགུག་པའི་ལས་མཛོད་ཅིག། ཏིང་ངེ་འཛིན་གྱིས་བསྡུས་ནས ་ནི།། འོད་དུ་གྱུར་ཏེ་དཀྱིལ་འཁོར་དབུས་སུ་བསྟིམ།། ཞེས་བརྗོད་དོ།། རྣལ་འབྱོར་བྱང་ཆུབ་སེམས་ཀྱི་ཨཱ་ཡུ་དམར་པོ་འདི།། ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྡུ།། དེ་ལ་ཕྱག་རྒྱ་བདུན་གྱིས་གདབ།། དང་པོར ་སྐུ་གསུང་ཐུགས་ཀྱི་རྒྱ།། གཉིས་པ་རྡོ་རྗེ་རྒྱ་གྲམ་རྒྱ།། གསུམ་པ་རྟ་མཆོག་དབང་གི་རྒྱ།། བཞི་པ་གསེར་གྱི་ཟོར་བའི་རྒྱ།། ལྔ་པ་གར་མཁན་མཆོག་གི་རྒྱ།། དྲུག་པ་ཟླ་གམ་དབང་གི་རྒྱ།། བདུན་པ་ཆོས་ཉིད་དབྱིངས ་ཀྱི་རྒྱ།། ཆོས་ཉིད་དབྱིངས་སུ་ཚེ་སྦས་པས།། དུས་གསུམ་རྒྱལ་བའི་སངས་རྒྱས་ཀྱང་།། དེ་ལ་གཟུང་ཞིང་གཏང་དུ་མེད།། དེ་ལྟ་བུའི་བསྒྲུབ་པ་མཐར་ཕྱིན་ནས།། གཏོར་མཚོ་གསུམ་དུ་བཅད་ལ། ཚེ་གཅིག་སྦྱིན ་བསྲེག་བྱ། ཚོ་གཅིག་གིས་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་གཏེར་དུ་སྐྲ། སྒོ་དབྱེ་དབང་བསྐུར། བཀྲ་ཤིས་དབུལ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། རྫས་དང་དཀྱིལ་འཁོར་ལ་ཚེ ་སྒྲུབ་པ་སྟེ་བཅུ་གཅིག་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ཚེའི་ཁྲོ་བོའི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས ་དང་ས་གཞི་བརྟག་པ་དང་།། དབུས་ཀྱི་གཙོ་བོ་དཔལ་པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྙིང་པོ་བྲི། བྷནྣ་གཅིག་ཚེ་སྐྱེམས་དང་། ཚེ་འབྲས་ཀྱིས་བཀང་ནས། བྷནྣ་ཁ་སྤྲོད་དུ་བྱས་ལ། གཟུངས་ཐག་གིས་བཏགས་ལ། ་དབུས་ཀྱི་གཙོ་བོ་ལ་མངའ་གསོལ། དེའི་ཕྱི་རིམ་པདྨའི་ལྟེ་ཁྱམས་ལ། བྷནྡྷ་ཚལ་བུ་བཞི་ལ། གསང་བའི་ཡུམ་བཞི་བྲིས་ལ་གཞག། བར་དུ་དཔལ་རྡོ་རྗེ་ཧེ་རུ་ཀ་བྲིས་ལ་གཞག། གོའུ་རཱི་པུཀྐ་སཱི། སིང་ཧ་གྲྀ་ཌྷ་མ་དང ་བཞི། ལྷོར་རཏྣ་ཧེ་རུ་ཀ། འཁོར་ཙོའུ་རཱི། གྷསྨ་རཱི་བྱཱ་གྷྲི་མ། ཀང་ཀ་མ་དང་བཞི། ནུབ་ཏུ་བྷུདྡྷ་ཧེ་རུ་ཀ། འཁོར་པྲ་མོ་ཧ། སྨ་ཤ་ནི། སྲྀ་གཱ་ལ་མ། ཀ་ཀ་མ་དང་བཞི། བྱང་དུ་དཔལ་ཀརྨ་ཧེ་རུ་ཀ། བེ་ཏ་ལཱི། ཙནྡ་ལཱི། ཤྲ ་ན་མ། ཨུ་ལྱཱ་མ་དང་བཞི། རྫས་ལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། དེ་ནས་ཚེ་བསྐུལ་དགུག་པ་དང་། ཚེ་བསྡུ་ཞིང་གནས་བྱ་བ་ལ་སོགས་པ་བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཁྲོ་བོ་ཚེ་སྒྲུབ ་པ་སྟེ་བཅུ་གཉིས་པའོ།། །། དེ་ནས་དཔལ་རྡོ་རྗེ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ཕྲིན་ལས་ཀྱི་དཀྱིལ་འཁོར་ལ་ཚེ་སྒྲུབ་པ་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། གནས ་དང་ས་གཞི་བརྟག་པར་བྱ།། སྦྱང་དང་བསྲུང་དང་བསླང་བར་བྱ།། མ་ཏྲཾ་ཧེ་ཡི་དཀྱིལ་འཁོར་དུ།། དབུས་སུ་འཁོར་ལོ་རྩིབས་བརྒྱད་པ།། དེ་དབུས་འཁོར་ལོ་རྩིབས་བརྒྱད་དགོད།། དྲུག་ཅུ་རྩ་བརྒྱད་དོན་བསྒོམས ་ནས།། ཡིག་འབྲུས་ཕྱོགས་བཅུར་གང་བར་གནས།། བྷྲཱུཾ་ཛཿཧཱུཾ་བཾ་ཧོཿཡིས་དགུག། སྐུ་གསུང་ཐུགས་ཀྱི་སྙིང་པོའི་མཆོག། ལུས་ངག་སེམས་ལ་བསྟིམ་པར་བྱའོ།། དེ་ཉིད་དངོས་སམ་ཡིད་བཞིན་མཆོད།། བུམ་པའི ་མཆོག་ནི་བཟང་པོ་ཡི།། ཚེ་གཞག་གནས་ནི་དེ་ཡིན་ཏེ།། ཡང་ནས་ཡང་དུ་བཀུག་བྱས་ནས།། མངོན་སུམ་སྨིན་པར་གྱུར་པ་དང་།། དབྱིངས་སུ་ཡང་ནི་སྦ་བར་བྱ།། རྡོ་རྗེ་ཆོ་གས་བསྲུང་བ་ཡིན།། བརྟན་ཞིང་འཁོར ་ལོས་བརྒྱན་པར་བྱ།། སྙིང་པོར་འབྲུ་ལྔ་ནང་དུ་བསྟིམ།། སངས་རྒྱས་མ་ལུས་ཐམས་ཅད་ཀུན།། རྒྱལ་བ་ཚེ་དཔག་མེད་པར་བསྒོམ།། སྐུ་མདོག་གངས་རི་འཚེར་བ་ལ།། རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན།། ཡིད ་བཞིན་རིན་ཆེན་ཕྲེང་བ་དང་།། རིན་ཆེན་རྒྱན་དང་ཟ་མ་ཏོག། གཞན་ཡང་འགྲོ་བའི་དོན་བྱ་བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། བགེགས་ཀྱིས་ནརྀ་རྣམས་མི་སྟེར་ན།། ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ།། ཕྱོགས ་བཅུ་ནམ་མཁའི་ཁམས་བཀང་ནས།། སྐྲ་སྐད་དྲག་པོ་བརྟེན་ནས་ནི།། ཐམས་ཅད་མ་ལུས་གདུལ་བར་བྱ།། དབང་དུ་ཚེ་དཔག་མེད་པ་བསྒོམ།། ཚེ་བསྙེན་དང་ནི་ཉེ་བསྙེན་དང་།། ཚེ་བསྒྲུབ་དང་ནི་བསྒྲུབ་ཆེན ་དང་།། ཐབས་དང་ཤེས་རབ་འབྱོར་པ་ཡིས།། ཅི་འདོད་ལས་རྣམས་བསྒྲུབ་པར་གསུངས།། ཚེ་དབང་མོ་ནི་རྒྱུད་འཕེལ་ལོ།། དཀར་མོ་མདོག་ལ་འོད་འཕྲོ་འབར།། ཕྱག་མཚན་སྣ་ཚོགས་ཅིར་ཡང ་འགྱུར།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། གནས་པའི་འགྲོ་དྲུག་མ་ལུས་ཀུན།། ཕན་པའི་ཚེ་དབང་འདིར་སྦྱིན་ནོ།། དེ་ལས་ལྷག་པའི་རྒྱུད་འཕེལ་མེད།། དེ་ཡི་བཟླས་པའི་ཆེན་པོ་འདི།། རྣམ་གསུམ་ཚུལ་གྱིས་མ ་འཁྲུལ་བར།། སྔགས་བཟླས་ཆོ་ག་རྒྱུན་མ་གཅད།། ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱུཾ་བཾ་བྷྲཱུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨཱཿོཾ། ཚེ་རྣམས་དབང་དུ་མ་གྱུར་ན།། བདེ་གཤེགས་ལྔ་དང་ཚེ་དཔག་མེད།། སྐུ་གསུང་ཐུགས་ཀྱི་གཟུངས་ཀྱིས་ནི།། ཕྱོགས ་བཅུ་ནམ་མཁའི་ཁམས་བཀང་ནས།། ཕྱག་རྒྱ་ཚོགས་ཆེན་སྣ་ཚོགས་ཀྱིས།། འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས།། འགྲོ་ལྔའི་ཚོགས་རྣམས་དབང་དུ་བསྡུས།། ཕྱག་རྒྱའི་གཤོལ་ལ་སོགས་པ་ཡིས།། འོག་གི ་འཇིག་རྟེན་ཁམས་དཀྲུགས་ནས།། གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ།། སྙིང་པོ་ལྔ་ལ་བསྟིམ་པར་བྱ།། ཕྱག་རྒྱའི་འཁོར་ལོ་ཆེན་པོ་ཡིས།། སྟེང་གི་འཇིག་རྟེན་ཁམས་བསྐོར་ཏེ།། དབང་ཕྱུག་ལྷ་ཆེན་ལ་སོགས ་དང་།། བར་སྣང་ཁམས་རྣམས་རྒྱུ་བ་ལས།། ནརྀའི་ཚེ་རབ་ཏུ་དགུག་པར་བྱ།། འཁོར་ལོའི་དབུས་ལ་བསྟིམས་ནས་ནི།། དེ་ནས་ཡི་གེ་འབྲུ་ལྔ་སྟེ།། ནརྀ་ནི་ནམ་མཁར་བསྟིམ་པར་བྱ།། ཨོཾ་ཨོཾ་ཨོཾ། བཛྲ་ཀ་བ་ཙ་རཀྵ་ཧཾ།། ་ཨོཾ་སརྦ་ཐཱ་ག་ཏ་བཛྲ་ཨ་བྷི་ཏིཥྛ་སྭཱ་ཧཱ། ཕྱག་རྒྱ་སྲུང་བའི་ཆོ་ག་སྟེ།། འབྲུ་ལ་ཡི་གེ་འབྲུ་གཅིག་སྟེ།། འབྲུ་གཅིག་མི་དམིགས་དབྱིངས་སུ་ཐིམ།། ཨ་ཡིད་བཞིན་བུམ་པ་རིན་པོ་ཆེ།། རྒྱན་དང་རིན་ཆེན་ཕྲེང་བས ་བརྒྱན།། རིན་ཆེན་ལྔ་དང་སྨན་ལྔ་དང་།། འབྲུ་ལྔ་སྤོས་ལྔ་ཡུངས་ཀར་བཅས།། སྔགས་མཁན་རབ་ལྡན་བློ་བརྟན་པས།། ཡན་ལག་མ་ཉམས་སྔགས་བཟླས་བསྒོམ།། རྒྱན་ཆ་ལྔ་དང་ལྡན་བྱས་ནས།། མཆོད་ཡོན་རྣམ ་པ་སྣ་ཚོགས་ཀྱིས།། མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར།། དེ་ལྟ་བུ་ཡི་དོན་རྟོགས་ནས།། བསྒྲུབ་པ་ཟིན་ནས། གཏོར་མ་ཆ་གསུམ་དུ་བཅད་ནས། ཚོ་གཅིག་སྦྱིན་བསྲེག་བྱ། ཚོ་གཅིག་གིས་མཁའ་འགྲོ། ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྠ། པྲ་དབྱེ། དབང་བསྐུར། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཕྲིན་ལས་ཀྱི་དཀྱིལ་འཁོར་ལ་ཚེ་སྒྲུབ་པ་སྟེ་བཅུ་གསུམ་པའོ།། །། དེ་ནས་དཔལ ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། གསང་བ་ཆེན་པོ་འདི་གསུངས་སོ།། ཡེ་ཤེས་ཆེན་པོ་བདེ་བ་ཆེ།། ཡེ་ནས་རྣམ་དག་ཀུན་བཟང་ཀློང་།། རྣམ་དག་ལམ་ཆེན་བསྒྲལ་བའི་ངང་།། མ་སྐྱེས ་པས་ན་འགག་པ་མེད།། ཆེན་པོ་ལྔ་ཉིད་བདེ་ཆེན་ཀློང་།། ཆེན་པོ་ལྔ་ཡི་ངང་ཉིད་དུ།། ཐམས་ཅད་མ་ལུས་སངས་རྒྱས་སོ།། ཐམས་ཅད་ཐིག་ལེའི་རང་བཞིན་ཏེ།། སྣང་སྲིད་ཐམས་ཅད་མྱ་ངན་འདས།། ཐམས་ཅད་ཧཱུཾ ་གི་རང་བཞིན་ཏེ།། ཡི་གེ་ཧཱུཾ་ཡང་དངོས་གཞི་ཀུན་དང་བྲལ།། ཡེ་ནས་དག་པས་བདེ་ཆེན་བྱང་ཆུབ་སེམས།། ཆེན་པོ་ལྔ་ཡི་ངང་དུ་སྣང་སྲིད་ཐམས་ཅད་སྦྱོར།། ཐིག་ལེ་གཅིག་གི་ངང་དུ་སྦྱར་བས་དུས ་གསུམ་ལྷུན་གྱིས་གྲུབ།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། སྤྱིར་བཏང་བའི་མན་ངག་སྒྲུབ་ལུགས་ཏེ་བཅུ་བཞི་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར ་ནས། བསྒྲལ་བའི་ལུང་འདི་གསུངས་སོ།། ཕུན་སུམ་ཚོགས་པ་བཞིར་ལྡན་ནས།། རྫས་དང་ས་གཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་བཙལ་ཏེ་ས་བསླང་ངོ་།། སྦྱང་དང་བསྲུང་བ་ཚུལ་བཞིན ་བྱ།། དེ་ནས་བསྒྲུབ་པ་གཞུང་བཞིན་བྱའོ།། སྣང་སྲིད་ཐམས་ཅད་སྐྱེ་མེད་དབྱིངས་སུ་བསྒྲལ།། ཡི་གེ་བྷྲཱུཾ་ནི་བྱང་ཆུབ་སེམས་ཀྱི་དང་། ཁྲག་དང་རུས་པ་སེམས་དང་དབུགས་ལ་སོགས།། བསྒྲལ་བའི་རྒྱུ་ལ་དཔའ ་པོབོཔོ་འབྲུ་ལྔ་དགོད། ཁྲོ་ཆེན་བཅུ་ནི་རྔམ་པའི་སྟངས་སྟབས་ཅན།། དེ་ལྟར་བསྒྲལ་ན་དོན་གྱི་སྙིང་པོ་ཡིན།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་ལུཎྜ་རཱི་ཀའི་རྒྱུད་ལས། ཏ་ན་བསྒྲལ་བའི་ལུང་གི་སྒྲུབ་ལུགས་སྟེ་བཅོ་ལྔ ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས།། ག་ཎའི་སྒྲུབ་ལུགས་འདི་གསུངས་སོ།། མ་སྐྱེས་དབྱིངས་སུ་མི་འགག་སྦྱར།། ཀུན་ཏུ་བཟང་མོའི་ངང་དུ་སྣང་སྲིད་ཐམས་ཅད ་སྦྱོར།། པདྨ་ཅན་དང་དུང་ཅན་དང་།། བུ་མོ་མིག་རིངས་ཞེས་བྱའོ།། ཟླ་གསང་དཀར་དམར་རླུང་དཀར་ལྕི།། ལྗོན་ཕྲན་དང་ནི་ལྕུག་ཕྲན་དང་།། རི་མོ་ཅན་དང་སྡོང་གཅིག་མ།། མེ་རིག་དང་ནི་རིགས་ངན ་མོ།། མཚམས་གཅད་བྱིན་བརླབ་དབང་བསྐུར་ནས།། དེ་ལ་སྦྱོར་བའི་ཆོ་ག་ནི།། ཏིང་ངེ་འཛིན་གྱིས་གསལ་བར་བསྒོམ།། དེ་ནས་ཚོམ་བུ་ཉི་ཤུ་རྩ་ལྔ་དགོད།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས།། ་ག་ཎ་ཆེན་པོའི་སྒྲུབ་ལུགས་ཏེ་བཅུ་དྲུག་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། མ་ཏྲཾ་བཞི་བསྣོལ་གསང་བ་གཏེར་གྱི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་སུམ་ཚོགས་པ ་བཞིར་ལྡན་ནས།། རྫས་དང་ས་གཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་གཞལ་ནས་ས་བསླང་ངོ་།། སྦྱང་དང་བསྲུང་བ་གཟུང་བཞིན་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ།། གྲ་ཡི་སྟེགས ་བུ་མཁྱེད་རེ་བྱ།། དེ་སྟེང་མ་ཏྲཾ་བཞི་བསྣོལ་བྱ།། མཐའ་མ་རྡོ་རྗེའི་ར་བས་བསྐོར།། དེ་ཡི་ཕྱི་རིམ་མེ་རི་དགོད།། དེ་ཡི་ཕྱི་རིམ་ཐོད་པ་བྲི།། དེ་ཡི་ཕྱི་རིམ་སྟེགས་བུ་ལ།། མེ་ཡི་སྤུ་གྲི་འབར་བ་བྲི།། དེ་ཡི་ཕྱི་རིམ་སྒོ་བཞི ་བྲི།། དེ་ཡི་ཕྱི་རིམ་སྒོ་ཁྱུད་ལ།། ཞིང་གི་ཟ་ར་ཚགས་བྲིའོ།། དེ་ནས་བྷནྡྷ་མཚན་ལྡན་ལ།། དཔལ་ཆེན་ཡབ་ཡུམ་སྙིང་པོ་བྲི། ཚལ་བུ་ལ་རལ་པ་ཅན་བརྒྱད་བྲི། དེའི་ཕྱི་རིམ་ཚལ་བུ་ལ་ཕྲ་མེན་མ་བརྒྱད་བྲི། ཚལ་བུ ་བཞི་ལ་སྒོ་མ་བཞི་བྲི།། ཐར་པ་གནས་ཀྱི་དཀྱིལ་འཁོར་དུ། གདོལ་བ་འབྱུང་པོ་ང་རྒྱལ་ཅན།། ཞེ་སྡང་རྣམས་ཀྱིས་བསླད་པའི་རྒྱུ།། དེ་ཡི་དུས་གསུམ་གཞིག་པའི་ཕྱིར།། དོན་གྱི་བསྒྲུབ་པ་ཆེན་པོ ་བཤད།། བགེགས་ནི་མི་རྟོག་སེམས་ལས་བྱུང་།། མ་དག་རྣམ་གསུམ་རྒྱུ་ཡི་རྩ་བ་ཡིན།། ཐུགས་རྗེ་འབྱུང་བ་བཅོམ་ལྡན་འདས།། སྒྲུབ་པ་དོན་གྱི་དཀྱིལ་འཁོར་རྩ་བ་ཡིན།། དུག་གསུམ་བསླད་པ་རྣམས་ཀྱི་རྩ་བ ་ཡིན།། དུར་ཁྲོད་ཆེན་པོའི་གནས་ཀྱང་ཡིན།། བརྗིད་ལྡན་སྐུ་བརྙེས་དཔལ་ཆེན་ཧེ་རུ་ཀ། བདག་གཞན་འཇོམས་པའི་ཏིང་འཛིན་གྱིས།། སྟོང་གསུམ་རུ་ཏཱའི་ཁོག་སྦུབས་སུ།། དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ།། མ ་རིག་སྦུབས་ཀྱི་ཁ་ཕྱེ་ནས།། དུག་གསུམ་འབྱུང་བའི་སྒོ་ཕྱེ་ནས།། རྣམ་རྟོག་གཟུང་འཛིན་མཚམས་བཅད་དེ།། ངན་སོང་གསུམ་དུ་དུག་གསུམ་གྱི།། ཉོན་མོངས་སེམས་ཅན་སྡང་བྱེད་པ།། ཞེ་སྡང་དང་ནི་གཏི་མུག ་དང་།། ང་རྒྱལ་ཕྲག་དོག་ལྔ་པོ་ཡང་།། ཆེ་བའི་ཡེ་ཤེས་ཆེན་པོ་ཡིས།། བསྡུས་ནས་སེམས་ཅན་ནམ་མཁའ་ཆེ།། བདེ་བ་སྦྱིན་པའི་མཆོད་པ་ཡིས།། རོ་མཆོག་ལྔ་དང་མཉམ་སྦྱོར་བས།། བདེ་ཆེན་སྦྱིན་པའི་མཆོད་པ ་ཆེ།། སྣ་ཚོགས་བདེ་བར་བསྒྲུབ་པའི་ཕྱིར།། དམ་ཉམས་མཆོད་པར་བོར་བ་བཞེས། ཁམས་གསུམ་དྲ་བ་གཞོམ་པའི་ཕྱིར། ཁྲོ་བདག་ཕྱག་རྒྱར་བཅས་པ་ནི།། མགྱོགས་མའི་ཕོ་ཉས་བསྐུལ་བར་བྱ།། མགོ་ནི་ལྷོ་ནུབ ་མཚམས་སུ་བསྒྲལ།། རྐང་པ་བྱང་ཤར་མཚམས་སུ་བསྒྲལ།། ཡན་ལག་གླིང་བཞིའི་ཡུལ་དུ་བསྒྲལ།། ལག་པ་གཡས་པའི་དུར་ཁྲོད་ནི།། རྒྱ་གར་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་ཀོའུ་རཱི་མ།། མཐིང་ནག ་འབར་བའི་རལ་པ་ཅན།། མཆེ་གཙིགས་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་ལག་པ་གཡོན་པ་ནི།། ལི་ཡི་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་ཙོའུ་རཱི་མ།། སེར་མོ་འབར་བའི་རལ་པ་ཅན།། མཆེ་གཙིགས ་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་རྐང་པ་གཡས་པ་ནི།། བལ་པོའི་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་པྲ་མོ་ཧ།། དམར་མོ་འབར་བའི་རལ་པ་ཅན།། མཆེ་གཙིགས་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད ་རྐང་པ་གཡོན་པ་ནི།། ཐོ་གར་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་བེ་ཏ་ལཱི།། ནག་མོ་འབར་བའི་རལ་པ་ཅན།། མཆེ་གཙིགས་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་འདི་ཡི་མགོ་བོ་ནི།། ཟ་ཧོར་ཡུལ་དུ་བསྒྲལ ་བར་བྱ།། དེ་ཡི་བདག་པོ་པུཀྐ་སཱི།། དམར་སེར་འབར་བའི་རལ་པ་ཅན།། མཆེ་གཙིགས་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་མཁལ་མ་གཡོན་པ་ནི།། ཨུ་རྒྱན་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་གྷསྨ ་རཱི།། དཀར་ལྗང་འབར་བའི་རལ་པ་ཅན།། མཆེ་གཙིགས་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་འདི་ཡི་ཕོ་མཚན་ནི།། སེང་གེའི་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་སྨ་ཤ་ནཱི།། མཐིང་ནག་འབར་བའི་རལ་པ ་ཅན།། མཆེ་གཙིགས་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་མཁལ་མ་གཡས་པ་ནི།། གླིང་དགུའི་ཡུལ་དུ་བསྒྲལ་བར་བྱ།། དེ་ཡི་བདག་མོ་ཙཎྜ་ལཱི།། ལྗང་སེར་འབར་བའི་རལ་པ་ཅན།། མཆེ་གཙིགས ་རྐན་བརྡེབ་དུར་ཁྲོད་སྒྲོལ།། དུར་ཁྲོད་དཔུང་མགོ་གཡས་གཡོན་ནི།། ཕྲ་མེན་སྟག་དང་སེང་གེའི་རྫས།། དུར་ཁྲོད་བརླ་ནི་གཡས་དང་གཡོན།། ཕྲ་མེན་ཝ་སྦྱང་བྱ་རོག་འུག། ཕོ་ཉའི་རྒྱལ་མོ་དེ་ཡི་རྫས།། དུར ་ཁྲོད་ཐར་པའི་རྐང་ལག་བཞི།། ཕོ་ཉ་འགུག་མ་དེ་བཞིའི་རྫས།། དུར་ཁྲོད་བདག་མོ་སྤྱན་དྲངས་ཏེ།། བགེགས་ཀྱི་རྒྱལ་པོ་རཱུ་ཏྲ་བསྒྲལ།། བདེ་བ་ཆེན་པོའི་ངང་ཡིན་ནོ།། དེ་ནི་དུར་ཁྲོད་དབང་ཕྱུག་སྟེ།། སངས་རྒྱས ་སྐུ་སྟེ་ཡེ་ཤེས་ཡིན།། འཇམ་དཔལ་རྣོན་པོའི་མཚོན་ཆ་ཡིན།། ལོག་རྟོག་འཁོར་བའི་རྒྱུན་བཅད་དོ།། ཨོཾ་མ་ཧཱ་ཤྲི་ཧེ་རུ་ཀ། པཉྩ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ།། སྟོང་གསུམ་རཱ་ཏྲའི་ཁོག་སྦུབས་ལ།། ཟ་བྱེད་ལྔ་དང་འཇིགས ་བྱེད་ལྔ།། དུར་ཁྲོད་གནས་སུ་བཀོད་བྱས་ནས།། རྫོགས་པའི་ཏིང་འཛིན་དབྱིངས་སུ་སྤྲོ་བ་ཞེས་བྱ། ཁྲོ་བོ་དབུ་ལྔ་ཧོམ་ལྔའི་དཀྱིལ་འཁོར་དུ། ཁྲོ་བོ་ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ།། ཡེ་ཤེས་ལྔ་ཡི་མེ་སྦར ་ལ།། ཉོན་མོངས་ལྔ་ཡི་རྫས་བསྲེགས་པས།། ཞེ་སྡང་ཁྲོ་བོ་ཞལ་གྱི་ཧོམ་ཁུང་དུ།། རྡོ་རྗེ་ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ།། མེ་ལོང་ལྟ་བུའི་མེ་སྦར་ལ།། ཞེ་སྡང་རྫས་རྣམས་བསྲེག་བྱས་པས།། རྡོ་རྗེའི་རིགས་ཀྱང ་མཉེས་གྱུར་ནས།། ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། གཏི་མུག་ཁྲོ་བོ་ཞལ་གྱི་ཧོམ་ཁུང་དུ།། བུདྡྷ་ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ།། ཆོས་དབྱིངས་ཡེ་ཤེས་མེ་སྦར་ཞིང་།། གཏི་མུག་རྫས་རྣམས ་བསྲེགས་བྱས་པས།། བདེ་གཤེགས་རྣམས་ཀྱང་མཉེས་གྱུར་ནས།། སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ།། ང་རྒྱལ་ཁྲོ་བོ་ཞལ་གྱི་གོམ་ཁུང་དུ།། རིན་ཆེན་ཁྲག་འཐུང་ཡམ་ཤིང་བརྫངས་པ་ལ།། མཉམ་པའི་ཡེ་ཤེས་མེ ་སྤསྦར་ཞིང་།། ང་རྒྱལ་རྫས་རྣམས་བསྲེག་བྱས་པས།། རིན་ཆེན་རིགས་ཀྱང་མཉེས་གྱུར་ནས།། ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ།། འདོད་ཆགས་ཁྲོ་བོ་ཞལ་གྱི་ཧོམ་ཁུང་དུ། པདྨ་ཁྲག་འཐུང་ཡམ་ཤིང་བརྫངས་པ ་ལ།། རྟོག་པའི་ཡེ་ཤེས་མེ་སྦར་བས།། འདོད་ཆགས་རྫས་རྣམས་བསྲེགས་བྱས་པས།། པདྨའི་རིགས་ཀྱང་མཉེས་གྱུར་ནས།། གསུང་གི་དངོས་གྲུབ་སྩལ་དུ་གསོལ།། ཕྲག་དོག་ཁྲོ་བོ་ཞལ་གྱི་ཧོམ་ཁུང་དུ།། ཀརྨ་ཁྲག ་འཐུང་ཡམ་ཤིང་བརྫངས་པ་ལ།། ནན་ཏན་ཡེ་ཤེས་མེ་སྦར་བས།། ཕྲག་དོག་རྫས་རྣམས་བསྲེག་བྱས་པས།། ལས་ཀྱི་རིགས་ཀྱང་མཉེས་གྱུར་ནས།། ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ།། ཟ་བྱེད་ཁྲོ་བོའི་ཧོམ་ཁུང ་དུ།། ཕུད་དང་ལྷག་མའི་རྫས་རྣམས་བསྲེགས། ཁྲག་འཐུང་རཀྵ་མཉེས་གྱུར་ནས།། བསྟན་པ་སྲུང་བའི་དངོས་གྲུབ་སྩོལ།། ཆོ་ག་ཕྱི་མ་གཞན་དང་མཐུན།། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པཎྜ་རཱི་ཀའི་རྒྱུད་ལས།། ་མ་ཏྲཾ་བཞི་བསྣོལ་གསང་བ་གཏེར་གྱི་སྒྲུབ་ལུགས་ཏེ་བཅོ་བརྒྱད་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལས།། མཆོག་བསྒྲུབ་ཆེན་པོ་འདི་གསུངས་སོ།། ཕུན་སུམ ་ཚོགས་པ་བཞིར་ལྡན་ནས།། རྫས་དང་ས་བཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་བཙལ་ཏེ་ས་བསླང་ངོ་།། སྦྱང་དང་བསྲུང་བ་ཚུལ་བཞིན་བྱ།། དེ་ནས་བསྒྲུབས་པ་གཞུང་བཞིན་བྱ།། སྡིག ་སྦྱང་བྱང་ཆུབ་སེམས་བསྐྱེད་དོ།། བཤགས་སྦྱང་སྤོང་སྐོང་ཚ་ཚ་གདབ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཞི་རྒྱས་སྦྱིན་བསྲེག་ཚུལ་བཞིན་བྱ།། རྒྱས་པར་རབ་འབྲིང་གཞུང་བཞིན་འདོན།། སྦྱིན་པ་རྒྱ་ཆེན་དུས ་བཞིར་བྱ།། དེ་ནས་བསྒྲུབས་པ་གསུང་བཞིན་བྱའོ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ།། ཕྱོགས་བཞིར་བྲིས་ལས་དཀྱིལ་འཁོར་བྱ།། དབུས་སུ་དཀྱིལ་འཁོར་བརྩེགས་མ་བྱ།། དེ་དཀྱིལ་ཟླ་གམ་བརྒྱད་དུ ་བྱ།། ཕྱོགས་བཞི་དག་ནི་མེ་ཡིས་བསྐོར།། ལྔ་ཡི་ཕྱི་རིམ་ཟོད་ཕྲེང་བསྐོར།། དེ་ཡི་ཕྱི་རིམ་མེ་དཔུང་བྲི།། གྲུ་བཞི་པ་ལ་སྒོ་བཞི་དགོད།། དབུས་སུ་བྷནྡྷ་མཚན་ལྡན་ལ།། ཡབ་ཡུམ་སྙིང་པོ་བྲིས་ལ་གཞག། དེ་ཡི་ཕྱི ་རིམ་ཟླ་གམ་ལ།། མ་མོ་ཕྲ་མེན་བརྒྱད་ཀྱང་ཚུལ་བཞིན་དགོད།། ནག་པོ་ལ་ནི་མེ་རིས་བསྐོར།། སེར་པོ་ལ་ནི་ཐོད་པས་བསྐོར།། དམར་པོ་ལ་ནི་ཤ་ཆེན་གཞག། སྒོ་ལ་སྒོ་བ་ཡབ་ཡུམ་སྟེ།། སྒོ་ཁྱུད་ལ་ནི་དབང་ཕྱུག ་མ།། དེ་ནས་སྒྲུབ་པ་པའི་མདུན་དུ།། བཅཝའི་བཟོད་པར་ར་དང་། དམར་གྱི་ཨརྒྷ་ཡང་དྲང་།། ཟླ་བའི་ཕྲིན་ལས་གཞུང་བཞིན་བྱ།། སྟོང་ཆགས་མཆོད་པ་གཟུང་བཞིན་དཔྲལ།། འཇིགས་བྱེད་བསྐལ་པའི་དབུ ་འཁོར་དུ།། བ་བྱེད་ལྔ་ཡི་དཀྱིལ་འཁོར་བཅས།། ཐོད་པ་ཚར་གཉིས་བསྐལ་བའི་ཕྱིར།། དྲད་ཚད་གསུམ་གྱིས་གཏན་ལ་དབབ།། དག་པ་གསུམ་གྱིས་བསྐལ་བར་བྱ།། མཚན་བཟང་པོ་ནི་ཡོད་པ་རྣམས།། ད་ཉིད ་བསྒྲུབ་པའི་རྒྱུ་ཡིན་ཏེ།། ཁ་བྱེད་ལྔ་འི་དཀྱིལ་འཁོར་དུ།། འཇིགས་བྱེད་ལྔ་འི་ཆོ་འཕྲུལ་གྱིས།། པྲ་གུ་སྒོ་ལྔའི་དཀྱིལ་འཁོར་དུ།། བདུད་རྩི་ལྔ་ཡི་ཟིལ་དངར་གྱིས།། པྲ་གུ་ལྔ་ཡི་ཐིག་བཏབ་བོ།། ང་ནི་བཟེད་ཆགས ་བཀོད་དེ།། དབུས་ནས་རང་བྱུང་གྲུབ་པའི་ལྷ།། ཐུགས་མཆོག་བདྡྷ་ཧེ་རུ་ཀ། རྒུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ཐུགས་མཆོག་རཀྵ་ཧེ་རུ་ཀ། དབུས་ཀྱི་ཕོ་བྲང་ཟླུམ་པོ ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཤར་ནས་རང་བྱང་གྲུབ་པའི་ཝ།། སྒྲ་མཆོག་བཛྲ་ཧེ་རུ་ཀ། རྒྱུད་དྲུག་གནས་སུ་གྲོལ་བའི་ས།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། སྐུ་མཆོག་ར ་ཧེ་རུ་ཀ། ཤར་གྱི་དཀྱིལ་འཁོར་ཆེན་པོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ལྷོ་ནས་རང་བྱུང་གྲུབ་པའི་ཝ།། ཡོན་ཏན་རཏྣ་ཧེ་རུ་ཀ། རྒུད་དྲུག་གནས་སུ་སྒྲོལ་བའི་ཝ།། དུག་གསུམ་དབྱིངས་སུ་སྡུད ་པའི་མཆོག། ཡོན་ཏན་རཀྵ་ཧེ་རུ་ཀ། ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ནུབ་ནས་རང་བྱུང་གྲུབ་པའི་ལྷ།། གསུང་མཆོག་པདྨ་ཧེ་རུ་ཀ། རྒྱུད་དྲུག ་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། གསུང་མཆོག་རཀྵ་ཧེ་རུ་ཀ། ནུབ་ཀྱི་དཀྱིལ་འཁོར་ཆེན་པོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བྱང་ནས་རང་བྱུང་གྲུབ་པའི ་ལྷ།། ཕྲིན་ལས་ཀརྨ་ཧེ་རུ་ཀ། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ལས་མཆོག་རཀྵ་ཧེ་རུ་ཀ། བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། མཐིང་ནག་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང ་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། སེར་ནག་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ལྷོ་ཡི་འཁོར་ལོའི ་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། དམར་ནག་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི ་མཆོག། ནུབ་ཀྱི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། ལྗང་ནག་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་ད ་བྱིངས་སུ་སྡུད་པའི་མཆོག། བྱང་གི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས།། གསེར་མདོག་སེང་ཧ་རཀྟའི་རལ་པ་ཅན།། རྒྱུད་དྲུག ་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ཤར་ལྷོ་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས།། དམར་ནག་བྱཱ་གྷྲ ་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ཤར་ལྷོ་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཕྲ་མེན་མགྱོགས་མ་འཇིགས ་པའི་གཟུགས།། མཐིང་ནག་ཤྭ་མ་རཀྟིའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ ་གསོལ།། ཕྲ་མེན་མགྱོགས་མ་རྔམས་པའི་གཟུགས།། དམར་ནག་སྲྀ་ལ་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། བྱང་ཤར་འཁོར་ལོའི་རྩིབས་སྟེང ་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། དམར་སེར་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི ་མཆོག། ཤར་གྱི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། དཀར་ལྡང་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག ་གསུམ་དབྱིངས་སུ་སྡུད་པའི་མཆོག། ལྷོ་ཡི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། མཐིང་ནག་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ནུབ་ཀྱི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། མ་མོ་ཆེན་མོ་གཏུམ་ཁྲོའི་གཟུགས།། སེར་ནག་རཀྟའི་རལ་པ་ཅན། རྒྱུད་དྲུག ་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། བྱང་གི་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས།། དཀར་སེར་རཀྟའི ་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ཤར་ལྷོའི་འཁོར་བའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཕྲ་མེན་མགྱོགས་མ་རྔམ་པའི ་གཟུགས།། སྐྱ་སྣར་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཕྲ ་མེན་ཆེན་མོ་གཏུམ་ཁྲོའི་གཟུགས།། མཐིང་ནག་འབར་བའི་རལ་པ་ཅན། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ།། དགྱེས་ཤིང་བརྟན་པར ་བཞུགས་སུ་གསོལ།། ཕྲ་མེན་མགྱོགས་མ་རྔམ་པའི་གཟུགས།། སྣ་ཚོགས་རཀྟའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། བྱང་ཤར་འཁོར་ལོའི་རྩིབས་སྟེང ་དུ། དགྱེས་ཤིང་བརྟན་པར་ཞུགས་སུ་གསོལ།། བསྐུལ་བ་རྡོ་རྗེ་ཨཾ་ཀུ་ཤ། དཀར་ལྗང་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། དཀྱིལ་འཁོར་ཆེན ་པོའི་ཤར་སྒོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། འཆིང་བྱེད་རྡོ་རྗེ་པཱ་ཤ་ཧཱུཾ།། སེར་ནག་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི་མཆོག། དཀྱིལ ་འཁོར་ཆེན་པོའི་ལྷོ་སྒོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། སྡོམ་བྱེད་རྡོ་རྗེ་སྒོ་ཊ་བཾ།། དམར་ནག་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག་གསུམ་དབྱིངས་སུ་སྡུད་པའི ་མཆོག། དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཐལ་བྱེད་རྡོ་རྗེ་གྷཎྜེ་ཧོཿ།། ལྗང་ནག་འབར་བའི་རལ་པ་ཅན།། རྒྱུད་དྲུག་གནས་སུ་སྒྲོལ་བའི་ལྷ།། དུག ་གསུམ་དབྱིངས་སུ་སྡུད་པའི་མཆོག། དཀྱིལ་འཁོར་ཆེན་པོའི་བྱང་སྒོ་རུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོ་ཆེན་པོ་ཨཱརྱ་ཨ་ཙ་ལ།། དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན།། དཀར་ལྡང་རཀྟའི ་རལ་པ་གྱེན་དུ་འཁྱིལ།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན།། མཐིང་ནག་རཀྟའི་རལ་པ་གྱེན ་དུའཁྱིལ།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ།། དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན།། དམར་ནག་རཀྟའི་རལ་པ་གྱེན་དུ ་འཁྱིལ།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ།། དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན།། ལྗང་ནག་རཀྟའི་རལ་པ་གྱེན་དུ་འཁྱིལ།། རིན ་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། རྡོ་རྗེ་ཆེན་མོ་སྙེམས་ཆེན་མོ།། དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་གཙོ་བོའི་སྐུ་ལ་འཁྲིལ།། གཡོན་པ་བྷནྡ་གཙོ་ལ ་སྟོབ།། རཀྟའི་རལ་པ་ཁམ་ནག་གྱེན་དུ་འཁྱིལ།། གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། རྡོ་རྗེ་དུར་ཁྲོད་བདག་ཆེན་མོ།། དབུ་གཅིག ་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་གཙོ་བོའི་སྐུ་ལ་འཁྲིལ།། གཡོན་པ་བྷནྡ་གཙོ་ལ་སྟོབ།། རཀྟའི་རལ་པ་ཁམ་ནག་གྱེན་དུ་འཁྱིལ།། གཙོ་ལ་བརྟེན་པའི་བདག་ཉིད་ཀྱིས།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས ་ཤིང་བརྟན་པར་བཞུགས་སུ་གསོལ། རྡོ་རྗེ་ཁྲོ་མོ་གཏུམ་ཆེན་མོ།། དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་གཙོ་བོའི་སྐུ་ལ་འཁྲིལ།། གཡོན་པ་བྷནྡྷ་གཙོ་ལ་སྟོབ།། རལ་པ་ཁམ་ནག་གྱེན་དུ་འཁྱིལ།། གཙོ་ལ ་བརྟེན་པའི་བདག་ཉིད་ཀྱིས།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། རྡོ་རྗེ་ཁྲོ་མོ་སྒྲ་འབྱིན་མ།། དབུ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་གཙོ་བོའི་སྐུ་ལ ་འཁྲིལ།། གཡོན་པ་བྷནྡྷ་གཙོ་ལ་སྟོབ།། རལ་པ་ཁམ་ནག་གྱེན་དུ་འཁྱིལ།། གཙོ་ལ་རྟེན་པའི་བདག་ཉིད་ཀྱིས།། རིན་ཆེན་འབར་བའི་ལྟེ་བ་ལ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཤར་ནས་རང་བྱུང ་གྲུབ་པའི་ལྷ།། སྒྲོལ་བ་རཀྐ་ཧེ་རུ་ཀ། མཐིང་ནག་རཀྟའི་རལ་པ་ཅན།། སྔོན་ཚེ་བསྙེན་ཅིང་བསྒྲུབས་པའི་ལྷ།། སྔོན་ཡང་ཐུགས་དམ་དབྱིངས་སུ་གཅིག། ཟླ་གམ་དབང་གི་དཀྱིལ་འཁོར་དུ།། དགྱེས ་ཤིང་བརྟན་པར་བཞུགས་སུ་གསོལ།། ལྷོ་ནས་རང་བྱུང་གྲུབ་པའི་ལྷ།། དམ་ཚིག་ས་ནུ་ཧེ་རུ་ཀ། སེར་ལྡང་འབར་བའི་རལ་པ་ཅན།། སྔོན་ཚེ་བསྙེན་ཅིང་བསྒྲུབ་པའི་ལྷ།། སྔོན་གྱི་ཐུགས་དམ་དབྱིངས་སུ ་གཅིག། ཟླ་གམ་དབང་གི་དཀྱིལ་འཁོར་དུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ནུབ་ནས་རང་བྱུང་གྲུབ་པའི་ལྷ།། གསང་བ་གྷུ་ཧྱ་ཧེ་རུ་ཀ། དམར་ནག་འབར་བའི་རལ་པ་ཅན།། སྔོན་ཚེ་ཡེ་ནས་བསྙེན ་པའི་ལྷ།། སྔོན་གྱི་ཐུགས་དམ་བདག་དང་གཅིག། ཟླ་གམ་དབང་གི་གཞལ་ཡས་སུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། བྱང་ནས་རང་བྱུང་གྲུབ་པའི་ལྷ།། སྦྱོར་བ་རཀྵ་ཧེ་རུ་ཀ། ལྗང་ནག་རཀྟའི་རལ་པ ་ཅན།། སྔོན་ཚེ་ཡེ་ནས་བསྙེན་པའི་ལྷ།། སྔོན་གྱི་ཐུགས་དམ་བདག་དང་གཅིག། ཟླ་གམ་དབང་གི་གཞལ་ཡས་སུ།། དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ།། ཡུམ་བཞི་ཡང་དགོད། བྱང་གི་དཀྱིལ་འཁོར་དུ ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱང་དགོད། ཁྱམས་ཟླ་གམ་དུ་བྲི། དེ་ནས་དཔལ་གྱི་སྦྱིན་བསྲེག་བྱ། དེ་ནས་གཏོར་མ་ཚོ་གསུམ་དུ་བཅད་ལ། མཆོད་པ་བགྱི། ཕུར་པ་དབྱུང་། ཁྲུས་བགྱི། གཏོར་མ་གཅིག་བྱིན་གྱིས ་བརླབས་ལ། རྒྱལ་པོ་ཆེན་པོ་བཞི་མཆོད། སླར་གཤེགས་སུ་གསོལ།། དེ་ནས་སྨོན་ལམ་བཏབ་ལ་ཡོན་དབུལ་བ་དང་སླད་མ་ཀུན་གཞན་དང་མཐུན། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། སྐུ ་གསུང་ཐུགས་ཀྱི་ཕྲིན་ལས་མཆོག་བསྒྲུབ་ཆེན་པོ་སྟེ་བཅུ་དགུ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། ལང་ཀའི་དཀྱིལ་འཁོར་རལ་པ་ཅན་གྱི་སྒྲུབ་ལུགས་འདི་གསུ ་ངས་སོ།། ཕུན་གསུམ་ཚོགས་པ་བཞིར་ལྡན་ནས།། རྫས་དང་ས་གཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་བཅལ་ཏེ་ས་བསླང་ངོ་།། སྦྲང་དང་བསྲུང་བ་ཚུལ་བཞིན་བྱ།། སྡིག་སྦྱང་བྱང་ཆུབ ་སེམས་བསྐྱེད་དེ།། བཤགས་སྦྱང་སྤང་སྐོང་ཚ་ཚ་གདབ།། དེ་ནས་དཀྱིལ་འཁོར་གཞུང་བཞིན་བྱ།། ལང་ཀའི་ཁོར་སྦུབས་བསྒྱེལ་བ་ལ།། སྙིང་གར་འདོམ་གང་གྲུ་བཞི་བྱ།། དུར་ཁྲོད་ཆག་ཆག་གསུམ་གྱིས ་གདབ།། འཁོར་ལོ་རྩིབས་བརྒྱད་ཐིག་ཏུ་གདབ།། དབུས་སུ་རིན་ཆེན་ཟུར་བརྒྱད་བྲི།། ཕྱི་རོལ་པདྨ་འདབ་བརྒྱད་པ།། དེ་ཡི་ཕྱི་རིམ་མེ་རི་བྱ།། དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར།། དེ་ཡི་ཕྱི་རིམ་སྒོ་བཞི་བྲི།། སྟེང ་ནས་འགེགས་པའི་གཡང་གཞི། འོག་ཐར་པའི་རྐང་ལག། བར་བྷནྡ་ལྕང་ལོ་ཅན།། ཕྱི་མ་བྷནྡའི་བཟེད་ཕོར། དམར་གྱི་ཨརྒྷ། རཀྟའི་ཐིག་ལེ་དགུ་བྱས་པ་དྲང་། དེ་ནས་རྫས་དགོད། དུར་ཁྲོད་འབར་བའི་ཕོ་བྲང་དུ། ་ལང་ཀའི་ཁོག་སྦུབས་སུ། རལ་པ་རྣམས་སྦྱངས་ནས།། རྫས་དང་བྱ་བ་གཞུང་བཞིན་བྱ།། རཀྟ་འཇོམས་པའི་ཕོ་ཉ་ནི།། ཟ་བྱེད་ལྔ་ཡི་རལ་པ་ཅན།། དབང་མོ་ལྔ་ནི་རྫས་ལ་དབང་།། མགྱོགས་མ་བརྒྱད་ནི་དུར་ཁྲོད ་འཇོམས།། གཏུམ་མོ་བརྒྱད་ནི་དབྱིངས་ན་རོལ། ཁྲོ་བོ་བརྒྱད་ནི་རོལ་པ་མཛད།། རཀྟ་འབར་བའི་རལ་པ་ཅན།། སྲིད་པ་ནམ་མཁའི་ཐུན་ཕྱེད་ན།། དཔལ་ལྡན་མ་མོ་ལས་བྱེད་ཅིང་།། རྫས་ལ་དབང ་བྱེད་མཐུ་འཕྲོག་པ།། དེ་ནས་ཁྲོ་བོའི་འཛབ་སྟོང་དྲང་།། སྟོང་ཚིགས་མཆོད་པ་འབུལ། ཐུགས་དམ་བསྐུལ། བཟོད་པར་གསོལ། དངོས་གྲུབ་བླང་། དབང་བསྐུར། པྲ་དབྱེ། དེ་ནས་གཏོར་མ་ཚོ་གསུམ་དུ་གཅད། ཚོ ་གཅིག་ལ་སྦྱིན་བསྲེག་ལ་སོགས་བྱ། དེ་ནས་ཡོན་དབུལ། གཏང་རག་གཏང་། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས།། ལང་ཀའི་དཀྱིལ་འཁོར་རལ་པ་ཅན་གྱི་སྒྲུབ་ལུགས་ཏེ་ཉི་ཤུ ་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས། བམ་བསྒྲུབ་ཆེན་པོ་ཟླ་གམ་བརྒྱད་ཅུ་རྩ་གཅིག་པའི་སྒྲུབ་ལུགས་འདི་གསུངས་སོ།། ཕུན་གསུམ་ཚོགས་པ་བཞིར་ལྡན ་པས།། རྫས་དང་ས་བཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་བཏུལ་ཏེ་ས་བསླང་ངོ་།། སྦྲང་དང་བསྲུང་བ་ཚུལ་བཞིན་བྱ།། སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་དེ།། བཤགས་སྦྲང་སྤང་སྐོང་ཚ་ཚྭ ་གདབ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། བསྒྲུབ་པའི་དཀྱིལ་འཁོར་གཞུང་བཞིན་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དུར་ཁྲོད་ཆག་ཆག་རྣམ་གསུམ་གདབ།། དབུས་སུ་འཁོར་ལོ་རྩིབས་བརྒྱད་ཐིག་ཏུ ་གདབ།། དབུས་སུ་ཐིག་བཞི་བཏབ་ལ་ལིང་ཚེ་དགུ་བྱ།། དབུས་སུ་ཟླ་གམ་དཀར་དམར་གཉིས། ཕྱོགས་མཚམས་སུ་ཟླ་གམ་བྲི། དེའི་ཕྱིར་རིམ་དུ་ཁ་ནང་དུ་བསྟན་པ་བྲི། དེའི་ཕྱིར་རིམ་དུ་ཕྱིར་བསྟན་པ་བྲི། དེའི ་ཕྱིར་རིམ་དུ་བཞི་ནང་དུ་བསྟན་པ་བྲི།། དེའི་ཕྱིར་རིམ་དུ་ཟླ་གམ་བཞི་ཁ་ནང་དུ་བསྟན་པ་བྲི། དེའི་ཕྱིར་རིམ་དུ་ཟླ་གམ་བཅུ་ཁ་ཕྱིར་བསྟན་པ་བྲི། དེའི་ཕྱིར་རིམ་དུ་ཟླ་གམ་ཉི་ཤུ་རྩ་དྲུག་ཁ་ཕྱིར་བསྟན་པ་བྲི། དེའི ་ཕྱིར་རིམ་དུ་ཟླ་གམ་བཞི་ཁ་ནང་དུ་བསྟན་པ་བྲི། དེ་ནས་རྫས་དགོད་པ་དང་། ལས་ལ་བྱ་བ་ཀུན་འཕེལ་སྡུད་ལ་ལྟོས། བྷནྡྷའི་གཞལ་ཡས་ཁང་དུ། ལྷ་གཞུང་བཞིན་བསྐྱེད། བྷྲཱུཾ་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར ་དུ།། དབང་ཆེན་རྒྱ་གྲམ་ཟླ་གམ་གཏམས་པ་ལ།། རྡོ་རྗེ་ཡེ་ཤེས་མི་ཕྱེད་དགུ་འབར་བ།། ཆེ་བ་དགུ་ཡི་ཁྱད་པར་བྱེ་བྲག་ལས།། དཔལ་ཆེན་དགུ་ནི་སྐུ་ལ་རྫོགས།། ཡུམ་ཆེན་དགུ་ནི་དབྱིངས་སུ་རོལ།། རྡོ་རྗེ་དགུ ་ནི་ཐུགས་ལ་འབར།། ཧཱུཾ་ཆེན་དགུ་ནི་ཀློང་ན་འཁྱིལ།། ཆེ་བ་དགུ་ནི་སྐད་དུ་རྫོགས།། བྷནྡྷ་དགུ་ནི་དཔལ་གྱི་སྐུ།། ཟླ་གམ་དགུ་ནི་ཡུམ་གྱི་དབྱིངས།། ཐིག་ལེ་དགུ་ནི་བྱང་ཆུབ་སེམས།། མེ་མར་དགུ་ནི་ཡེ་ཤེས ་དང་།། དེ་ལྟར་དགུ་དགུ་དགུ་བྱུང་བ།། དགུ་ཀློང་འབར་བ་གཅིག་གི་ངང་།། དགུ་བཀག་གཅིག་ཕྱེ་ཐིག་ལེའི་དོན།། ཞེས་བརྗོད་ལ་སྤྲོ་བསྡུ་བྱ། དེ་ལྟ་བུའི་དཀྱིལ་འཁོར་དུ་མཆོད་པ་དྲང་བ་ནི། ལྷ་ཤོས་ཟླ་གམ་ལ།། ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་བའི་གཏོར་མ་ཡང་དྲང་། སླད་མ་ཡང་འཕེན་བསྡད་ལ་བལྟ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ཟླ་གམ་བརྒྱད་ཅུ་རྩ་གཅིག ་པའི་བམ་བསྒྲུབ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་དཔལ་ཧེ་རུ་ཀས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས།། མཆོག་ཕྲན་གི་སྒྲུབ་ལུགས་འདི་ཕྱུང་སྟེ་གསུངས་སོ།། ཕུན་གསུམ་ཚོགས་པ་བཞིར་ལྡན ་ནས།། གནས་དང་ས་བཞི་བརྟག་པར་བྱ།། ས་བདག་ལྷ་ཀླུ་ཐམས་ཅད་ལ།། ས་རིན་བཅལ་ཏེ་ས་བསླང་ངོ་།། སྦྱང་དང་བསྲུང་བ་ཚུལ་བཞིན་བྱ།། སྡིག་སྦྱང་བྱང་ཆུབ་སེམས་བསྐྱེད་དེ།། བཤགས་སྦྱང་སྤང ་སྐོསློང་གཞུང་བཞིན་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། དུར་ཁྲོད་ཆག་ཆག་གདབ་པར་བྱ།། དབུས་སུ་ཟླ་གམ་གཅིག་པ་ལ།། མཐའ་མ་རྡོ་རྗེའི་ར་བས་བསྐོར།། གནས་ཡུལ་ཕྱག་རྒྱ་དོན་གྱི ་གོད།། མཆོག་ཕྲན་དེ་ཡི་ལུས་པོ་ནི།། གཙང་མའི་སྤོས་དང་སྨན་གྱིས་བཀྲ།། ལྕེ་ཡི་དཀྱིལ་དུ་གཟུངས་ཐག་བཏགས།། མན་ངག་ལུང་ལྡན་ཕྱག་ཏུ་དབུལ།། བླ་མས་ཏིང་འཛིན་གསལ་བར་བསྒོམ།། དཀར ་དང་སེར་པོ་དམར་དང་ལྡང་།། སོ་སོའི་རིགས་ཀྱི་ཁ་དོག་བཞིན།། གོམས་པར་བྱས་སྟེ་ཉམས་སུ་བླང་།། ཕྱག་མཚན་སྙིང་པོ་ཕྲ་མོ་དང་།། བརྟན་པར་གྱུར་ཏེ་མཁའ་ལ་དགོད།། སྙིང་པོ་ཕྱག་མཚན་སྐུ་མདོག། ་དང་།། སོ་སོའི་རང་བཞིན་ཅིར་བསྟན་ཡང་།། བྱང་ཆུབ་སེམས་ནི་ལྷུན་གྱིས་གྲུབ།། ཐམས་ཅད་བདེ་ཆེན་གཅིག་གི་ངང་།། ཞེས་གསུངས་སོ།། དེ་ལྟ་བུའི་དཀྱིལ་འཁོར་དུ་མཆོད་པ་དགྲམ་པ་ནི། འཛབ་དྲུག་སྟོང ་དྲུག་ལ། སྟོང་ཚིག་ཀྱིས་མཆོད་པ་འབུལ། ནང་པར་གཏོར་མ་བཏང་། ཕུད་བཅད་ལ་བཞག། དཀྱིལ་འཁོར་སྟོང་པར་མི་གཞག། རེ་མོས་ལངས། སྟན་བྱིན་གྱིས་བརླབ། ལུས་བསྲུང་། སྐང་ཚོགས་པ་དང་། ་མཚམས་བཅད། དེ་ནས་མཆོག་ཕྲན་དེའི་ཤ་སྐམས་ལ། དེའི་ལོ་དུས་སུ་བདུད་རྩིའི་བསྒྲུབ་པ་བྱ། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས།། མཆོག་ཕྲན་གཙང་མའི་སྒྲུབ་ལུགས་ཏེ་རྩ་གཉིས ་པའོ།། །། རུས་པ་ཐལ་ཆེན་དུ་བསྒྲུབ། རྡོ་རྗེ་རིགས་ཀྱི་སྒྲུབ་ཟབས། ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ཆེན་པོ་རྫོགས་སོ།། །། དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཞལ་ནས་གསུངས་སོ།། སྡུད་པོ་རྡོ་རྗེ ་སེམས་དཔས་བསྡུས།། ལས་ཀྱི་བསྒྲུབ་པ་གཞུང་པདྨ་ས་བྷ་བས་བསྲང་། ལས་མདེའུ་ཆུང་ཧཱུཾ་ཀ་རས་བསྲང་བའོ།། ། @#།། རྒྱ་གར་སྐད་དུ། ཏ་ཐཱ་ཀུ་ལ་ས་དྷ་གུ་ཧྱ་ཨགྣི་ཙཿ ་