| Wylie | e-texts produced with BDRC’s OCR application |
བཞི་ལས་མི་གསུངས་ཏེ་ལེའུ་དྲུག་ཙམ་མ་འདུས་སོ།། @#།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏཱ་ཤ་ཡ་བྷ་ཀ་ར་ཎ། མ་ཧཱ་ཡོ་ག་གུ་ཧྱ་སཾ་བྷོ་ད། ཡོ་ཀ་ཙརྱ་བྷཱུ་མི་ཤྲཱི་བཛྲ་མཱ་ལ་ཨ་བྷི་དྷཱ་ན་པྲ་ཧ་ལ ་ལི་དྷ་ག་མ་ཏནྟྲ་སརྦ་ཧྲི་ད་ཡ་མ་ཧེ་ཤ་ས་མུ་དཱ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ། རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་བྱེ་བ་རྣལ་འབྱོར་སྤྱོད་པའི ་ས།། དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པ། རྟ་མཆོག་རོལ་བའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ། དབང་ཆེན་འདུས་པའི་རྒྱུད་ཅེས་བྱ་བ། ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད ་དུ་བདག་གིས་ཐོཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ།། དེ་ཉིད་ཀྱི་ཁྱད་པར་ལས་རྣམ ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་ཕྱོགས་པ་ནི།། དེ་བཞིན་གཤེགས་པ་རྡོ་རྗེ་རྟག་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཞེ་སྡང་དང་། དེ་བཞིན་གཤེགས་པ་རྡོ་རྗེ་ཡེ་ཤེས་དང་། དེ་བཞིན་གཤེགས་པ་རྡོ་རྗེ ་ཆགས་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་དམ་ཚིག་དང་བཅས་པ་དང་། གཞན་ཡང་རིགས་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དམ་ཚིག་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཆོས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཕྱག་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་བློ་གྲོས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་རྡོ། ་རྗེ་ཀུན་ཏུ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་རྒྱལ་པོ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ལོངས་སྤྱོད་དང་བཅས་པ་དང་། གཞན་ཡང་གདུག་པ་འདུལ་བ་ལ་ཕྱོགས་པ་ནི། གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། ་ཆོས་མཐར་བྱེད་དང་། བགེགས་མཐར་བྱེད་དང་བཅས་པ་དང་། གཞན་ཡང་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། འདུས་པ་རྣམས་ལྷན་ཅིག་ཏུ་བཞུགས་པ་ནི། དཔེར་ན་ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་དུ་བཞུགས ་སོ།། དབང་ཆེན་འདུས་པའི་ཏན་ཏྲ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས།། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་སོ།། དེ་ཡི་བྱིན་གྱིས་བརླབས་ལས།། བ་སྤུའི་བུ་ག་ནས་འོད་ཟེར་བརྒྱ་སྟོང་དུ་མ་འཕྲོས་པས་རྔ་རྗེ་སྙིང་པོ་ལ་ཕོག་པར་གྱུར་ཏོ། དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ལྷ་རྫས་ཀྱི ་མཆོད་པ་མང་པོས་མཆོད་ནས། འདི་སྐད་ཅེས་བསྐུལ་ཏོ།། རྣམ་པར་རྟོག་བྲལ་གདོད་ནས་སྐྱེ་མེད་དབྱིངས།། མ་བཅོས་མཐའ་ཡས་ཡེ་ཤེས་ཆེན་པོར་གསལ།། སྒྲ་བསམ་ཡུལ་འདས་མཐའ་དག་འོད་གསལ ་ཞིང་།། དམིགས་མེད་ཡུལ་བྲལ་སྙིང་རྗེས་ཡོངས་ལ་ཁྱབ།། མཁའ་དང་སྟོང་པའི་ཆོ་འཕྲུལ་གསལ་མཛད་ཅིང་།། དྲི་མེད་ཐུགས་རྗེའི་འོད་མདངས་གསལ་བ་ཡིས།། ཐུགས་ཀྱི་རྟགས་སྟོན་འོད་ཟེར་རྒྱལ་བའི ་སྐུ།། རྣམ་གསུམ་སེམས་དཔའ་གསང་སྔགས་འོད་ཕྲེང་ཚོགས།། ཆགས་པའི་སྐྱོན་བྲལ་ཡེ་ཤེས་ལྔ་ཡི་མདངས།། སྐུ་གསུང་ཡེ་ཤེས་རྣམ་ལྔའི་དགོངས་པ་རྣམས།། བདག་གཞན་འབྲས་བུ་ཐོབ་ཕྱིར་བཤད་དུ ་གསོལ།། ཞེས་གླུས་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་འབྱིན་པ་ཞེས་བྱ་བའི་དགོངས་པ་སྟོན་པ་ནི། གཟུངས་ཀྱི་རྒྱལ་མོ་ནམ་མཁའི་རྡོ་རྗེ་མ་དང་། ས་རྡོ་རྗེ་མ་དང་། ཆུ་རྡོ་རྗེ་མ ་དང་། མེ་རྡོ་རྗེ་མ་དང་། རླུང་རྡོ་རྗེ་མ་ལ་འཁྲིལ་བར་གྱུར་ཏེ། གཟུངས་ཀྱི་བྱང་ཆུབ་ཆེན་མོ། འདས་པའི་རྡོ་རྗེ་དང་། མ་འོངས་པའི་རྡོ་རྗེ་དང་། ད་ལྟར་བྱུང་བའི་རྡོ་རྗེ་དང་། མ་བྱོན་པའི་རྡོ་རྗེ་དང་། གཟུགས་རྡོ་རྗེ་མ ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། གཞན་གཟུགས་ཀྱི་ལས་མཛད་མ། འཛིན་བྱེད་རྡོ་རྗེ་མ་དང་། འཆིང་བྱེད་རྡོ་རྗེ་མ་དང་། སྡོམ་མཛད་རྡོ་རྗེ་མ་དང་། དགྱེས་པའི་རྡོ་རྗེ་མ་རྣམས་བཏོན་ཏེ། ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོ་བདེ་བ་ཆེན་པོས་རྒྱས་པར་མཛད་ནས། ཉིད་ཀྱི་ཐུགས་ལས་གར་གྱི་དབང་ཕྱུག་བདེ་ཆེན་བྱུང་སྟེ། ཞལ་གསུམ་ནི་སྔོན་པོ་དང་། སེར་པོ་དང་། དཀར་དམར་པདྨའི་མདངས་ཅན། ་ཕྱག་དྲུག་པདྨའི་སྡོང་བུ་དང་། བུམ་པ་དང་། རྡོ་རྗེ་རྩེ་གསུམ་དང་། དཔལ་བེའུ་དང་། མདའ་དང་། གཞུ་འཛིན་པར་གྱུར་ཏེ། འདི་སྐད་ཅེས་གསུངས་སོ།། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། ཆོས་དབྱིངས་མེ་ལོང ་མཉམ་ཉིད་དང་།། སོ་སོར་ཀུན་རྟོག་བྱ་བ་གྲུབ།། བདག་དང་གཞན་གྱི་ཕྱིར་སྤྱོད་པ།། ལྷ་སྤྱོད་དཀྱིལ་འཁོར་དབང་དམ་དང་།། ཕྲིན་བསྒྲུབ་མཆོད་དང་ཏིང་འཛིན་རྒྱ།། གཞི་ལམ་འབྲས་བུ་རྡོ་རྗེའི་བདག། གསང ་སྔགས་པ་ཡིས་བཤད་ཀྱིས་ཉོན།། ཞེས་གསུངས་སོ།། དབང་ཆེན་འདུས་པའི་རྒྱུད་ལས་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་རྡོ་རྗེ་ཡོངས་སུ་རྫོགས་པའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ཉིད་ལས་སྐུའི་ཚོགས་ཡོངས་སུ་གསལ་བ་ཞེས་བྱ་བའི་འདི་ཆེད་དུ་བརྗོད་དོ།། སྤྱི་གཙུག་འཁོར་ལོ་རྩིབས་བརྒྱད་ལ།། སངས་རྒྱས་རྣམ་སྣང་རང་བྱུང་སྐུ།། ཀང་ཀ ་ཤ་ཤེལ་ལྟར་དག། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན།། གཉིས་མེད་དམ་ཚིག་རྡོ་རྗེའི་སྐུ།། ཏིང་ངེ་འཛིན་གྱིས་འདི་སྐད་གསུངས།། དག་པ་དེ་བཞིན་གཤེགས་ཀུན་གྱིས།། ཕུང་པོ་ཁམས་སོགས་རྣམ་སྤང ་ཤིང་།། གཟུང་དང་འཛིན་པ་ལས་སྒྲོལ་ཞིང་།། ཆོས་བདག་མེད་པའི་སྟོང་ཉིད་ཅན།། ཞེས་གསུངས་སོ།། ཐུགས་ཀར་ཉི་མའི་གདན་སྟེང་སུ།། སངས་རྒྱས་མི་བསྐྱོད་རང་བྱུང་སྐུ།། མཐིང་ག་ས་གནོན་ཕྱག་རྒྱ ་ཅན།། ཀུན་གྱི་གཉིས་མེད་མི་ཟད་པའི།། ཡེ་ཤེས་ཏིང་འཛིན་སྙོམས་ཞུགས་ཏེ།། བྱང་ཆུབ་སེམས་ནི་འདི་གསུངས་སོ།། དངོས་པོ་འདི་དག་མ་སྐྱེས་པས།། ཕུང་པོར་གྲགས་པའི་ཆོས་ཉིད་མེད།། ནམ་མཁའ་ལྟ་བུར ་བརྟག་དཀའ་བའི།། བདག་མེད་བྱང་ཆུབ་སེམས་ཞེས་བྱ།། ཞེས་གསུངས་སོ།། མགྲིན་པ་པདྨ་འདབ་བརྒྱད་ལས།། སངས་རྒྱས་སྣང་མཐའ་རང་བྱུང་སྐུ།། པདྨ་རཱ་ག་མཉམ་བཞག་རྒྱ།། ཡེ་ཤེས་སྒྲོན་འབར་ངང་ནས ་གསུངས།། མ་སྐྱེས་པ་ཡི་ཆོས་རྣམས་ལ།། དངོས་པོ་མེད་ཅིང་བསྒོམས་པའང་མེད།། ནམ་མཁའི་གནས་སུ་སྦྱོར་བ་ཡིས།། ངོ་བོ་ཞེས་ནི་རབ་ཏུ་བཤད།། ཅེས་གསུངས་སོ།། ལྟེ་བ་རིན་ཆེན་ཟུར་བརྒྱད ་ལས།། སངས་རྒྱས་རིན་འབྱུང་རང་བྱུང་སྐུ།། འཛམ་བུ་ན་དའི་གསེར་འོད་འདྲ།། སྦྱིན་པ་གཏོང་བའི་ཕྱག་རྒྱ་ཅན།། བདག་མེད་རྡོ་རྗེའི་ཏིང་འཛིན་ལ།། སྙོམས་པར་ཞུགས་ནས་འདི་དག་གསུངས།། ཆོས ་རྣམས་ཐམས་ཅད་དགོས་མེད་ཅིང་།། ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས།། བདག་མེད་ཆོས་ལས་ཡང་དག་བྱུང་།། བྱང་ཆུབ་ཚུལ་ནི་བསྟན་པའོ།། །། ཞེས་གསུངས་སོ།། གསང་གནས་རྡོ་རྗེ་རྒྱ་གྲམ ་ལ།། སངས་རྒྱས་དོན་གྲུབ་རང་བྱུང་སྐུ།། སྦྱིན་གཏོང་ཨིནྡྲ་ནཱི་ལིའི་མདོག། ཟིལ་གནོན་རྡོ་རྗེའི་ངང་ནས་གསུངས།། ཆོས་འདི་རང་བཞིན་འོད་གསལ་ཞིང་།། གདོད་ནས་དག་པས་མཁའ་དང་མཉམ།། བྱང་ཆུབ་མེད ་ཅིང་མངོན་རྟོག་མེད།། བྱང་ཆུབ་སེམས་ནི་ཡིན་པར་བཤད།། ཅེས་གསུངས་སོ།། ཨེ་མ་ཧོ།། ཞེས་གསུངས་པས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱིས་ཁྱབ་པར་གྱུར་ཏོ།། དེ་ནས་ནམ་མཁའི ་དབྱིངས་ཕྲུག་མས་འདི་གསུངས་སོ།། སྣོད་བཅུད་སྣང་བའི་རང་བཞིན་འདི།། རྒྱུ་རྐྱེན་འབྲས་བུ་ངང་གིས་སྟོང་།། དེ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས།། ཆོས་རྣམས་ཡོངས་ཀྱི་འབྱུང་གནས་སོ།། དེ་ནས་སངས་རྒྱས་སྤྱན ་གྱིས་འདི་གསུངས་སོ།། རང་བཞིན་འོད་གསལ་སེམས་ཉིད་འདི།། མེད་ལས་ཡོད་སྣང་སྒྱུ་མར་སྣང་།། མེ་ལོང་ལྟ་བུར་རང་གསལ་བས།། ཡོངས་ལ་ཁྱབ་པར་དེ་འགྱུར་རོ།། དེ་ནས་མཱ་མ་ཀཱི་ས་འདི་གསུངས ་སོ།། འཁོར་བ་མྱ་ངན་འདས་པའི་ཆོས།། སྤྱི་དང་རང་གི་མཚན་ཉིད་རྣམས།། མ་འདྲེས་ཡོངས་སུ་རྫོགས་པའི་དོན།། རང་བཞིན་བང་གིས་མཉམ་པ་ཉིད།། དེ་ནས་གོས་དཀར་མོས་འདི་གསུངས ་སོ།། སྟོང་ཉིད་ཡེ་ཤེས་སྙིང་པོ་ནི།། ཕྱོགས་གཞན་རང་སར་རྟོགས་པའི་བློས།། སོ་སོའི་རང་གཞུང་ངེས་རྟོགས་ནས།། ཀུན་ཏུ་རྟོགས་པར་རབ་ཤེས་བྱོས།། དེ་ནས་དམ་ཚིག་སྒྲོལ་མས་འདི་གསུངས་སོ།། ཆོས་རྣམས ་ཡོངས་སུ་རྫོགས་པའི་དོན།། དབྱར་མེད་དང་དུ་གནས་པ་ནི།། བྱ་བ་ཐམས་ཅད་འགྲུབ་པ་སྟེ།། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད།། ཨ་ཧོ་ཞེས་བརྗོད་པས།། འཆད་པའི་སྐྱེས་བུ་ཉིད་དགྱེས་པར་གྱུར ་ཏོ།། དབང་ཆེན་འདུས་པའི་རྒྱུད་ལས།། བྱང་ཆུབ་མཆོག་ཏུ་སེམས་ངེས་པར་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཐེག་པ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འདི་སྐད་ཅེས་གསུངས་སོ།། ཡེ་ཉིད་ཇི་བཞིན་ལྷུན་གྲུབ་ནི།། ནམ་མཁའ་དང་ནི་ཉི་མ་བཞིན།། ཡངས་ཤིང་རྒྱ་ཆེ་འོད་གསལ་བ།། འཁོར་འདས་འབྱུང་བའི་རང་བཞིན ་ཅན།། སྲིད་རྩ་བདག་ལས་ལྷན་ཅིག་བྱུང་།། ཀུན་ཏུ་བརྟགས་པའི་རྟོག་པས་བསླད།། དགེ་སྡིག་ལས་གསུམ་བག་ཆགས་ཅན།། ཉོན་མོངས་ལྔ་ཡིས་རྣམ་པར་བསྐྱེད།། སྣོད་བཅུད་གཉིས་ལས་མ་གཏོགས ་པའི།། འགྲོ་བ་གཞན་ན་མི་མངའ་སྟེ།། ལས་དང་ལོངས་སྤྱོད་སོ་སོར་སྣང་།། གཅིག་ལས་དྲུག་རིགས་བསམ་ལས་འདས།། ཐོག་མཐའི་དོན་ལས་གོལ་ནས་སུ།། ཕྱི་ནང་རྟེན་ཅིང་འབྲེལ་འབྱུང་འཁོར།། བྱང་ཆུབ ་སེམས་ཀྱི་སྣང་བ་འདི།། དེ་ཡང་སྣང་ཡང་སངས་རྒྱས་ཡིན།། ཞེས་གསུངས་སོ།། དེ་ནས་སངས་རྒྱས་ཀྱི་མཁྱེན་པས་གཟིགས་ནས་ཐུགས་རྗེའི་ཡེ་ཤེས་ཆེན་པོར་བསྐྱེད་པའི་གཞི་འདི་སྐད་དུ་ཅེས་གསུངས ་སོ།། རྫོགས་སངས་རྒྱས་དང་དམྱལ་བ་ཡང་།། སེམས་ཉིད་རང་བཞིན་འོད་གསལ་ཏེ།། དེ་ལ་གཞི་དང་རྩ་བ་མེད།། ཆོས་སྐུ་ཉིད་པས་གཞན་མི་མངའ།། ཇི་ལྟར་ཐ་དད་སྣང་གྱུར་པ།། ཐམས་ཅད་མཁྱེན་པའི་སྤྱན་གྱི ་གཟིགས།། མངོན་ཤེས་དྲུག་གི་ཡུལ་དུ་སྣང་།། ལས་དང་ཐུགས་རྗེས་འབྲེལ་བའི་སྟོབས།། མུན་པའི་ནང་དུ་འཁོར་བ་ཀུན།། མ་རྟོགས་འཆལ་བ་རྒྱང་འཕེན་པ།། དམངས་རིགས་དང་ནི་རིགས་མ་དེས།། རིགས ་ཆད་པ་དང་འདུ་ཤེས་ཅན།། ལོག་པར་རྟོག་པའི་མུ་སྟེགས་པ།། རང་བཞིན་དབང་ཕྱུག་རྒྱུར་འདོད་དང་།། རྡུལ་ཕྲན་ངོ་བོ་ཉིད་གྱུར་སྨྲ།། བྱེད་པ་རིག་བྱེད་རྟག་པར་བལྟ།། ཚེ་ལ་སྔ་ཕྱི་མེད་འདོད་ཅིང་།། ཡོན་ཏན ་ལས་འབྲས་ཆད་པར་འདོད།། ཆོས་དང་གང་ཟག་བདག་ཏུ་འཛིན།། རྡུལ་ཕྲན་སྨྲ་བ་ཉན་ཐོས་ཅན།། ཕྱི་ནང་རྟེན་ཅིང་འབྲེལ་བ་དང་།། ལུགས་འབྱུང་དེ་ལྡོག་རང་སངས་རྒྱས།། དོན་དམ་བློ་ཡི་དང་སྟོང་ཞིང་།། ཀུན ་རྫོབ་སྒྱུ་མ་སྣང་བ་དེས།། དབྱེ་གཞི་ལ་སོགས་རྣམ་པ་ཡིས།། བྱང་ཆུབ་སེམས་དཔའ་ཕལ་ཆེན་ཏེ།། དག་པ་ཡེ་ཤེས་ཆོས་ཉིད་དུ།། རིགས་གསུམ་མགོན་ལ་སྤྱོད་པ་བལྟ།། འོག་སྤྱོད་གོང་ལ་བལྟ་བ ་ཡིས།། ཨུ་པ་ཡ་ཞེས་དེ་ལྟར་སྣང་།། རྣམ་པར་སྣང་མཛད་ཆེན་པོ་ཡིས།། རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་བལྟ།། ལོངས་སྤྱོད་རྫོགས་པའི་སྐུ་དག་ལ།། བདེན་པར་དབྱེར་མེད་མ་ཧཱ་ཡིན།། རྩོལ་བྲལ་དབྱེར་མེད་ཤིན་ཏུ ་རྫོགས།། འདིར་ནི་སྦྲུལ་སྐུ་དམ་པ་ཡིས།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། འོག་ཏུ་གྱུར་དང་སྟེང་ན་སྤྱོད།། མཐོ་དམན་ཐེག་པའི་གཏན་ཚིགས་ནི།། ཁྱད་པར་ཆེ་ལ་གཅིག་པའི་ཚུལ།། ཀུན་བརྟགས་འཁོར ་བའི་རང་བཞིན་ནི།། གཞན་དབང་དེ་བཞིན་གཤེགས་པ་སྟེ།། ཡོངས་སུ་གྲུབ་པ་ཆོས་ཀྱི་སྐུ།། རྒྱུ་བདུན་འདོད་པས་འབྲས་བུ་འཕགས།། རང་སེམས་མངོན་སུམ་ལྷ་སྐུར་འབེབས།། རྗེས་ཀྱི་ཤེས་པ་ལྷ་སྐུར ་རྟོགས།། རྫོགས་པ་ཨ་ནུ་ཡོ་ག་ནི།། མུ་བཞི་མཐའ་བྲལ་ཆོས་ཀྱི་དབྱིངས།། གཅིག་དང་དུ་མར་དེ་མ་གྲུབ།། རང་བྱུང་ཡེ་ཤེས་རྡོ་རྗེ་སྟེ།། ཀུན་ཏུ་བཟང་པོ་ཡབ་ཏུ་སྣང་།། དབྱིངས་དང་ཡེ་ཤེས་གཉིས་མེད་པ།། རྟེན ་ཅིང་འབྲེལ་བའི་བདེ་ཆེན་སྲས།། སྤྲུལ་པའི་ལོངས་སྤྱོད་རྒྱུན་མི་ཆད།། ཅེས་གསུངས་སོ།། དབང་ཆེན་འདུས་པའི་རྒྱུད་ལས། བལྟ་བ་རིམ་པར་ཕྱེ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡ་འདས་ཀྱིས ་འོད་ཟེར་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། དམ་པའི་རྒྱུད་ལུང་མན་ངག་མཛོད།། ལྟ་སྤྱོད་ཏིང་འཛིན་གདེང་ལྡན་ལ།། རང་བཞིན་སྦྱངས་པ་ཁྱད་པར་སྣོད།། བདེན་སྨྲ་མི་བསླུ་བཀའ ་བཞིན་བྱ།། ལྷ་སྤྱོད་མི་བསླུ་དོན་ལྡན་ནས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི།། སྟོང་པ་ཉིད་ཀྱི་ཏིང་འཛིན་བསྒོམ།། གཉིས་པ་ཀུན་སྣང་ནམ་མཁའི་ངང་།། སྙིང་རྗེའི་ཡུལ་གྱིས ་ཁྱབ་པའི་ཕྱིར།། མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ།། གསུམ་པ་རང་གི་ས་ནོན་ཏེ།། རབ་ཏུ་བརྟན་པའི་ཡེ་ཤེས་ལ། དེ་ནས་ཕྲ་མོའི་ཨ་འཕྲོ་འདུ།། སྤྲོས་ཤིང་བསྡུས་ཀྱང་འཕེལ་འགྲིབ་མེད།། དེ་ལས་བདག ་ཉིད་ཆེན་པོ་ནི།། ཐམས་ཅད་རྫོགས་པར་བསྐྱེད་བྱའོ།། རྒྱས་བཏབ་བྱིན་བརླབ་དབང་བསྐུར་བས།། རྩ་བའི་དཀྱིལ་འཁོར་རབ་ཏུ་རྫོགས།། ཐོག་མར་ཡབ་ཡུམ་རྣམ་གཉིས་མཁའ།། རྡོ་རྗེ་པདྨར་བྱིན་གྱིས ་བརླབ།། གཉིས་མེད་འཁྲིལ་བར་དགྱེས་པ་ལས།། བྷ་གའི་དཀྱིལ་དུ་ལིངྒ་ལ། སྒྲོ་བསྡུས་དབྱིངས་སུ་འཁྱིལ་བ་ལས།། དབང་ཆེན་ས་བོན་འབྲུ་ལྔར་གྱུར།། ཨེ་ལས་ནམ་མཁའ་ཡཾ་ལས་རླུང་།། བཾ་ལས་རྒྱ་མཚོ་སུཾ ་ལས་གསེར།། བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་།། དབྱིབས་དང་ཁ་དོག་བསམ་ཡས་མཆོག། འཁོར་ལོ་གདན་དང་རོལ་མོའི་ཚོགས།། གདན་དང་རྒྱན་བཅས་ཡོངས་སུ་གྲུབ།། རྟེན་འབྱུང་ནམ་མཁའ་ཡི་གེ ་ཨ།། འཕེལ་འགྲིབ་མེད་པར་གནས་པ་ལས།། གཉིས་མེད་དགྱེས་པའི་འཕྲོ་འདུ་ལས།། བཞི་བཅུ་རྩ་གཉིས་འོད་དུ་འབར།། གསུང་གི་དཀྱིལ་འཁོར་བཞི་བཅུ་གཉིས།། སྒྲོ་བསྡུ་གསལ་བར་གྱུར་པ ་ལས།། ཐུགས་མཆོག་བཞི་བཅུ་རྩ་གཉིས་འབར།། དེ་ལས་མངོན་རྫོགས་སྐུར་གསལ་ལོ།། གཟུགས་དང་རྣམ་ཤེས་ཚོར་བ་དང་།། འདུ་ཤེས་འདུ་བྱེད་ཕུང་པོའི་སྐུ།། ནམ་མཁའ་ས་ཆུ་མེ་རླུང་དབྱིངས།། རྡོ་རྗེ་སྐྱིལ ་ཀྲུཀླུང་རྫོགས་སངས་རྒྱས།། ས་དང་ནམ་མཁའ་སྤྱན་རས་ཕྱག། སྒེག་མོ་ཕྲེང་བ་དབྱངས་དང་གར།། བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ།། མེ་ཏོག་སྤོས་དང་མར་མེ་དྲི།། ཕྱི་ནང་སེམས་དཔའི་ངོ་བོ་སྟེ།། རང་གི ་རིགས་སུ་ངེས་པར་གསལ།། སྲིད་ཐུབ་འཛིན་དང་རྣམ་པར་རྒྱལ།། ཤཱཀྱ་སེངྒེ་རྣམ་པར་གནོན།། རྣམ་པར་སྣང་བྱེད་ཆོས་ཀྱི་རྒྱལ།། ཀུན་ཏུ་བཟང་པོ་བཟང་མོ་དང་།། གཤིན་རྗེ་སྟོབས་ཆེན་རྟ་མགྲིན་དང་།། བདུད ་རྩི་ལྕགས་ཀྱུ་ཞགས་པ་དང་།། སྒྲོག་དང་དྲིལ་བུ་འཛིན་པ་ཉིད།། བཞི་བཅུ་རྩ་གཉིས་ལྷུན་གྱིས་གྲུབ།། དཀར་སེར་དམར་ལྗང་མཐིང་གའི་མདོག། འོད་ཟེར་བྱེ་བ་ཕྲག་རྣམས་འགྱེད།། ཅེས་གསུངས་སོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་རབ་ཏུ་འདུས་པ་འདི་གསུངས་སོ།། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ།། ཐིག་བཞི་བཏབ་པའི་ཕོ་བྲང་དུ།། དབུས་སུ་མི་བསྐྱོད་ཡབ་ཡུམ་འཁྲིལ།། དེ་ཡི་ཕྱག་ན་རྡོ་རྗེ ་བསྣམས།། བརྒྱ་བྱིན་ཕྱོགས་སུ་རྣམ་སྣང་མཛད།། དེ་ཡི་ཕྱག་ན་འཁོར་ལོ་བསྣམས།། གཤིན་རྗེ་ལ་ནི་དཀོན་མཆོག་དཔལ།། དེ་ཡི་ཕྱག་ན་རིན་ཆེན་བསྣམས།། ནུབ་ཏུ་འོད་དཔག་མེད་པ་བྲི།། དེ་ཡི་ཕྱག་ན་པདྨ ་བསྣམས།། གནོད་སྦྱིན་ཕྱོགས་སུ་གདོན་མི་ཟ།། དེ་ཡི་ཕྱག་ན་རྒྱ་གྲམ་འཛིན།། མེ་ཡི་ཕྱོགས་སུ་དབྱིངས་ཕྱུག་མ།། བདེན་བྲལ་ཕྱོགས་སུ་མཱ་མ་ཀཱི།། རླུང་གི་ཕྱོགས་སུ་གོས་དཀར་མོ།། དབང་ལྡན་མཚམས་སུ་སྒྲོལ ་ཉིད།། ཤར་གྱི་སྒོར་ནི་གཤིན་རྗེ་ལ།། ལྷོར་ནི་སྟོབས་ཆེན་ནུབ་ཏུ་རྟ།། བྱང་ཆུབ་བདུད་རྩི་འཁྱིལ་བ་སྟེ།། ཞལ་གསུམ་ཕྱག་དྲུག་རྣམ་པར་བསམ།། དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཤིན་ཏུ་བསྡུས་པ ་ཞེས་བྱ་བ་འདི་གསུངས་སོ།། དུས་གསུམ་བདེ་གཤེགས་སྐུ་འདུས་པ། བཅོམ་ལྡན་རྣམ་པར་སྣང་མཛད་བསྒོམ།། གསུང་ནི་ཐམས་ཅད་མཚོན་པས་ན།། བཅོམ་ལྡན་སྣང་བ་མཐའ་ཡས་བསྒོམ།། ཐམས་ཅད་མ་ལུས ་ཀུན་འདུས་པ།། རྡོ་རྗེ་སེམས་དཔའ་ཐུགས་སུ་བསྒོམ།། ཞེས་གསུངས་སོ།། དབང་ཆེན་འདུས་པའི་རྒྱུད་ལས།། སྐུ་ཡོངས་སུ་རྫོགས་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས ་འདི་དག་ཆེད་དུ་བརྗོད་དོ།། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཥ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨོ། ཨཾ་ཨཿ། ཨཱིཾ་མ་ཧཱ་ཤཱནྱ ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། བྷྱཱཾ་བྷི་ཤ་བྷི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྱཱཾ། ཨོ་ཛི་ན་ཛི་ཀ་མུཾ་དྷཱ་ཏཱི་ཤྭ་རི། ཧཱུཾ་བཛྲ་དྷྲྀ་ཀ་ལཾ་དྭེ་ཥ་ར་ཏི། སྲི་རཉྫ་དྷྲྀཀ་མཱཾ་མོ་ཧ་ར་ཏི། ཨཱཾ་ཨ ་རོ་ལི་ཀ། པྱཾ་རཱ་ག་ར་ཏི། ཧ་བྲ་ཛྙཱ་དྷྲྀ་ཀ་ཏཱཾ་བཛྲ་ར་ཏི། ཀྵི་ཧི་རཱ་ཛ་ཡ། ཧཱུཾ་ལཱ་སྱེ། ཏྲི་ཨ་གརྦྷཱ་ཡ། ཏཱཾ་མཱ་ལེ། ཧྲི་ཧ་ཧཱུཾ་པདྨ་པཱདཾ་མ། ཧཱི་གི་རྟི། ཛྙཱི་ཀུ་རུ་པཱ་ཎ་ཧྲི། ཨཱཾ་ནི་ར་ཏི། མེ་དྷ་ར་ཎེ་སྭཱ་ཧཱ། ཛ་དྷ་པ། བྷཱི་ནི་སྨ་རཾ་བྷ་ཡ། ཧཱུཾ ་པུཥྤ། ཧཱུཾ་ས་རཱ་ཛ་ཡ། བཾ་དི་པ། མྲྀ་ཤྲཱི་ཨཾ་རཱ་ག་ལ། ཧོ་གནྡྷེ། ཨཱིཾ་མུཾ་ནི་ཀྲྀ། ཨོཾ་མུ་ནི་ཧཱུཾ། ཨོཾ་མུ་ནི་སྲྀ། ཨཱིཾ་མུ་ནི་བྲྀ། ཨཱིཾ་མུ་ནི་ཀྵཾ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨཱ~ཾ་བཛྲ་ཙིཏྟ་ཧཱུཾ། ཨོཾ་བཛྲ་བྷ་དྲ་ཨཽ། ཧཱཾ་ཡ་མཱན་ཏ་ཀྲྀ་ཧ་ཧཱུཾ་ཕཊ། ཛ་བཛྲ ་ཀྲོ་དྷི། ཧཱུཾ་པྲ་ཛྙཱ་ན་ཏ་ཀྲྀ་ཏ་ཕཊ། ཧཱུཾ་རཏྣ་ཀྲོ་དྷི། ཧཱུཾ་པདྨཱ་ན་ཏ་ཀྲེ་ཏ་ཕཊ། བཾ་པདྨ་ཀྲོ་དྷཱི། ཧཱུཾ་བིགྷྣཱཾ་ཏ་ཀྲོ་ཏ་ཕཊ། ཧོ་ཀརྨ་ཀྲོ་དྷི། ཨཱིཾ་མ་ཧཱ་ཤཱུ་ནྱ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་མ་ཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ་ཨོཾ་མ་ཧཱ་ས་མི་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཏུ་ཀོ&ཧཾ། ཨོཾ་མ་ཧཱ་ཀྲྀ་ནུཥྚ་ན་ཛྙཱ་ན་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱ་ཏ་ཀོ&ཧཾ། ཨོཾ་སརྦ་ཐཱ ་ག!ཀྵ་བཛྲ་ས?བྷ་ཡཏྨ་ཀོ&ཿ། ཨོཾ་སརྦ་ཏབ་ག་ཏཙེཿབཛྲ་བྷཱ་ལས་ཨཏྨ་ཀོ&ཏ། ཨོཾ་མ!ས?་ཁ་ཟ་དྷཱི་ཙེཿཛྷནདྷཉྲ་ཡ། ཞེས་གསུངས་སོ།། དབང་ཆེན ་འདུས་པའི་ཏན་ཏྲ་ལས། གསུང་གི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། ཉི་ཟླ་འབྲུ་ལྔའི་འོད་ཟེར ་ལས།། སྐུར་བའི་ཕྱག་རྒྱ་རྣམས་པར་བསྒྱུར།། འཁོར་ལོ་རྡོ་རྗེ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུར་བཅས།། རིན་ཆེན་མྱུ་གུ་རལ་གྲི་དང་།། པདྨ་དཀར་པོ་རྡོ་རྗེ་དང་།། ཀླུ་ཤིང་ཆོས་ཀྱི་འཁོར་ལོ་དང་།། ཨུཏྤལ་རིན ་ཆེན་སྙེ་མ་འཛིན།། མེ་ལོང་ཕྲེང་བ་པི་ཝང་གར།། མེ་ཏོག་བདུག་པ་མར་མེ་དང་།། དྲི་ཆབ་འཐོར་བས་དགྱེས་པར་རོལ།། པི་ཝང་གོ་ཆ་གསེག་པར་དང་།། ཆོས་ཀྱི་པོ་ཏི་རིན་ཆེན་སྒྲོམ།། མེ་ཆུ་མཉམ་གཞག་འོད་ཟེར ་འཕྲོ།། ཐོད་དབྱུག་རྡོ་རྗེ་སྦྲུལ་ཞགས་རྒྱ།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། དམ་ཚིག་རང་གི་ཡོན་ཏན་དངོས།། རྒྱལ་སྲས་རྣམས་ཀྱིས་རྒྱས་བཏབ་པ།། ལས་ཀྱི་རྣམ་སྨིན་ངེས་པ་ཡིས།། ཀུན་ནས་རྒྱས་བཏབ ་ལྟ་བུར་གནས།། གང་ཡང་འདི་ནི་ལས་གང་གིས།། དེ་འབྲས་ཇི་ལྟ་བཞིན་དུ་འགྱུར།། ཆོས་མེད་རང་བཞིན་མེད་པ་ཉིད།། རང་བཞིན་གྱིས་ནི་རྒྱས་བཏབ་ནས།། སྟོང་དང་སྙིང་རྗེ་མི་ཕྱེད་པ།། སངས་རྒྱས་ཞིང ་ནི་རྣམ་སྦྱོང་བ།། དེ་བཞིན་གཤེགས་པའི་ཕྲིན་ལས་ནི།། ཡོངས་སུ་དག་པར་མཛད་པའི་ལས།། དེའི་རང་བཞིན་རང་བཞིན་མེད།། ཕྱག་རྒྱ་ཆེན་མོ་ཞེས་ནི་བརྗོད།། བདེ་གཤེགས་རྣམས་ཀྱི་ཐུགས་འཛིན་པ།། སྲོག ་ཤིང་དབང་པོ་མྱོང་བ་དང་།། ཟ་བྱེད་ཀུན་ཏུ་རྒྱུ་བ་དང་།། ཀླུ་དང་རུས་སྦལ་རྩངས་པ་དང་།། ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ།། ཕུང་པོ་རྣམ་ཤེས་མ་ལུས་ཀུན།། འདི་དོན་ཤེས་ནས་གཟུང་བར་བྱ།། བྱེད ་པ་ཅན་གྱི་རླུང་འདི་ཡང་།། རྣམ་ཤེས་ཁམས་དང་འདྲེས་ནས་སུ།། དབང་པོའི་སྲང་ནས་ཐོན་འགྱུར་ཏེ།། ཡུལ་རྣམས་ཀུན་ལ་འཇུག་པས་ན།། སྣང་དང་མཆེད་དང་ཐོབ་པ་དང་།། ཉེ་བར་ཐོབ་པར་བྱེད་པ ་དང་།། ཡུལ་ཅན་གཞན་ལ་ལོག་པ་ན།། ཡུལ་ལ་དངོས་པོར་སུ་ཞིག་འཛིན།། རྣམ་ཤེས་ནང་དུ་འཇུག་པ་ཡང་།། རླུང་ལ་དངོས་པོར་མ་གྲུབ་པས།། སེམས་ལ་དངོས་པོར་སུ་ཞིག་འཛིན།། ཡུལ་སེམས་རབ་ཏུ་རྟོགས ་གྱུར་ན།། གདབ་ལྟས་པདྨ་དབང་གི་ལྷ།། ཇི་ལྟར་སྤྲད་ཀྱང་སྐྱོན་མེད་པས།། དབང་ཆེན་ཞེས་ཀྱང་དེ་ལ་བྱ།། གང་ཟག་ཉེ་ལམ་བསྒྲུབ་འདོད་པས།། གནས་ཁང་ཤིན་ཏུ་མུན་ནག་སར།། རྡོ་རྗེ་གཙུག་ཏོར་ལྟ་སྟངས ་ཀྱི།། ངེས་པ་ཁོ་ན་འགྲུབ་པ་སྟེ།། དེ་ལྟར་ཇི་ལྟར་བསྒོམ་ཞེ་ན།། ཞབས་ཀྱིས་རྡོ་རྗེ་བཅའ་བ་དང་།། ཕྱག་གཉིས་ཁུ་ཚུར་སྟ་ཟུར་མནན།། སྤྱན་གཉིས་རི་རབ་ནང་དུ་སྦ།། ལྕེ་རྩེ་གྱེན་གཏད་ཞལ་ཡང་གདངས།། སྲོག ་གི་རྩ་ནས་ཡེ་ཤེས་རླུང་།། སྤྱི་བོ་ཚངས་པའི་བུ་གར་འདོན།། འཇའ་ཚོན་སྣ་ལྔའི་འོད་ལ་བལྟ།། ངེས་པར་ཐོག་འགྱུར་ཐེ་ཚོམ་མེད།། ཅེས་གསུངས་སོ།། དབང་ཆེན་འདུས་པའི་ཏན་ཏྲ་ལས། ཐུགས་ཡོངས་སུ་རྣམ ་པར་དག་པའི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཡོངས་སུ་གསལ་བ་འདི་གསུངས་སོ།། དམིགས་པ་ཕྲ་བའི་རིག་པ་ནི།། གཙོ་བོའི་བསྙེན་པ་འབུམ་དུ ་བྱ།། འཁོར་རྣམས་ལ་ནི་ཁྲི་ཡིན་ཏེ།། དགེ་སློང་རྡོ་རྗེ་འཛིན་པས་བྱ།། དུར་ཁྲོད་དང་ནི་ཁང་ཁྱིམ་དང་།། རི་བོ་དབེན་གནས་ས་ཕྱོགས་སུ།། ས་དང་བར་སྣང་ནམ་མཁའ་བརྟབ།། འབྲུ་ལྔ་ཕྲ་བཀོད་སོར་མོ ་ཡིས།། དབང་གི་ཕུང་བ་སོར་བཞི་པས།། གདབ་པར་བྱ་ཞིང་མེ་ཡིས་སྦྱང་།། ལས་དང་བྱ་བ་ཏིང་འཛིན་སྦྱང་།། དེ་ན་གནས་པའི་འབྱུང་པོ་ལ།། འཚོ་བྱེད་བསྐྲད་ལ་ཐལ་མོ་བརྡབ།། ས་ལ་ལན་གསུམ་སྔགས་ཀྱིས ་སྦྱང་།། ཨོཾ་བཛྲ་ཀྲོ་དྷ་ཛ་ལ་ཨ་ན་ལཱརྐ་ཧཱུཾ་ཕཊ། ཨོཾ་ཨུངྒ་ཙྪ་ཏ། ཨོཾ་ཨུངྒ་ཙྪ་ཏ། སརྦ་བྷཱུ་ཏ་གྲ་ཧ་ཨཱཏྨ། ཨོཾ་ཨཱཿཧཱུཾ། བཛྲ་སཏྭ་ཨཱ་བེ་ཤ་ཏེ་ཧཱུཾ་ཕཊ། གསེག་མ་མགལ་དུམ་སྦྲན་པ་དང་།། བ་ཚ་གྱོ་མོ་སྤང་པ་ཡི།། མཉམ་ཞིང ་མེ་ལོང་ལྟར་འཇམ་པ།། རྣམ་པ་ལྔ་ཡིས་བྱུག་པར་བྱ།། ཕྱི་ནང་གསང་བའི་སྐུད་པ་ཡིས།། རབ་ཏུ་མཉམ་གྱུར་གྲུ་བཞི་པ།། སྐུ་གདུང་ཉི་ཤུ་ལྔ་ཡང་སྦ།། སྐུ་གསུང་ཐུགས་ལས་བྱུང་བ་ཡི།། དཔའ་བོ་འབྲུ་ལྔས་བསྐྲད ་པར་བྱ།། ཚངས་ཐིག་བཏབ་ནས་ཐིག་སྐུད་ལ།། ཞལ་བསིལ་ཆུ་ཡིས་གསང་བར་བྱ།། ཨོཾ་ཨ་མོ་གྷ་པདྨ་བ་སུ་དྷ་ར་དྷ་ར། དྷ་ར་ཎི་མཎྜལ་ཧཱུཾ། ཤར་ལྷོ་ནུབ་བྱང་ལ་སོགས་པ།། ཇི་ལྟར་འདོད་པའི་ཆ་ཕྱེད་ནས།། ནོར ་འཁྲུལ་མེད་པའི་དགོངས་ལྡན་གདབ།། རིན་ཆེན་འབྲུ་དང་རྡུལ་ཚོན་དང་།། དུར་ཁྲོད་རྫས་ཀྱིས་བྲི་བར་བྱ།། སྐུ་གསུང་ཐུགས་རྟེན་དགོད་པ་དག། རོལ་མོ་རྒྱན་རྣམས་དྲི་བར་བྱ།། རབ་ཏུ་མཛེས་པ་ཁོ ་ནར་བྱ།། ཕྱོགས་མཚམས་ཕུར་བུས་གདབ་པར་བྱ།། ཁྲོ་བོའི་རྐང་སྟབས་བསྐོར་བ་དང་།། དྲ་བ་ར་བས་བཅིངས་སོགས་པ།། མཚམས་ཀྱི་རིམ་པས་བསྲུང་བར་བྱ།། བུམ་པ་རྒྱུད་དབྱིབས་ཚད་ལྡན་དུ།། བྱུག་བདུག ་བསྐྲད་རླབས་རྫས་ཀྱིས་དགང་།། སྨན་འབྲུ་སྙིང་པོ་རིན་ཆེན་ལྔ།། དྲི་དང་མེ་ཏོག་དཔག་བསམ་ཤིང་།། བྱིན་བརླབ་ལས་བུམ་རྣམས་རྒྱལ་དང་།། ལྷ་གྲངས་མཉམ་པར་དགོད་པར་བྱ།། རང་གནས་དྲི་ཡི་ཐིག་ལེ ་ལས།། བསྐྱེད་དྲང་མཆོད་སོགས་ལྷག་གནས་བྱ།། སྔགས་བརྗོད་མེ་ཏོག་དོར་ནས་ནི།། ལྷ་གནས་དོང་ནས་རང་བཞིན་མཐོང་།། སྐུ་ཁྲུལ་རབ་ཏུ་གསོལ་བར་བྱ།། མེ་དང་ཉུང་དཀར་ཁྲོ་བོ་ཡིས།། རབ་ཏུ་སྦྱར་ཞིག ་ཉོན་མོངས་སེལ།། ཨོཾ་སརྦ་ཨ་བ་ར་ཎ་ཤུདྡྷ་སརྦ་པཱ་པཾ་བི་ཤུད་དྷ་བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱི་ནང་གསང་བའི་རྫས་མཆོད་དེ།། རང་གི་མིང་སྔགས་དག་གིས་དབུལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས ་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། ཆོས་དང་ལྡན་པའི་སློབ་དཔོན་གྱིས།། ཆོ་ག་ཇི་བཞིན་རབ་ཏུ་གནས།། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ལས་རྣམས་བྱ་བ་མང་པོ་དག། གཏོར་མའི་རྫས་མཆོག་སྣོད་བཟང་པོར།། བཤམས་ཏེ་ཀུན་ལ ་དབུལ་བར་བྱ།། ཨོཾ་པྲཏྶ་དྷེ་པ་ཏཱ་སརྦ་ཨིནྣ་ད་ཤ་ལོ་ཀ་རཀྵ་ཀ་ནཱ་ག་ག་ན་དྷ་རྦ་ཀུརྞྞ་ཎཱ། ཡཀྵ་དྷཱ་ཏ་ག་ཎཱཿ། ཏ་ཐཱ་པྲེ་ཏ་ཨུནྨ་ད་ཏ་པི་ཤཱ་ཙི་ཨ་པ་སྥཱ་ར་ཌཱ་ཀི་ནཱི་གྲཧ་བི་གྷཾ་མ་ཏྲཾ་ག་ཎཱཿསརྦ་ཏ་ཐཱ་ཨ་ནུ་ནེ་མ་ར་བེ་གྷཱ་ཧ། ཨཽ ་ཛོ་བྷ་ཀྵ་མ་ཧཱ་ཏེ་ཛ་མ་ནུ་བྷཱ་ནཱཾ་བི་ཧི་ས་ཀ་མུ་དྲ་མནྟ་ཨ་དྷི་དོ་བྷུ་ཤྩ། པྲ་ཧཱ་ན་ཀྵ་ཏྲ་མ་ནུཥྱ་ཨི་མཾ་བ་ལི་པྲ་ཏི་གྲྀ་ཧྞནྟ། སིདྡྷི་མྨེ་པྲ་ཡ་ཙཱནྟ་མེས་དཱ་ས་མ་ནེ་ཥུ་ཀ་ར་མེ་ཥུ། ས་ཏ་ས་ཧ་ལ་བྷ་བནྡྷ་ཙ། དྷ་ན་དྷ་ན་སུ་བ་སུ་པ་ར ་ནཉྫ། ད་དན་ཏུ་མ་མ་ཏོ་ཥི་ཏ་ཨི་ཏི་ཨུ་པ་ཏཱ་ཎ་རོ་ཥ་ཎི། ས་དཱ་ནཱ་མ་ནཱ་ཤ་ཡནྡྷ་ཙ་ཨཱཿཧཱུཾ་ཕཊ་སྭཱ་ཧ། རྡོ་རྗེའི་སྣོད་དང་ལྡན་པ་རྣམས།། དད་ཆུས་སེམས་ཀྱི་དྲི་མ་བཀྲུ།། གོས་གཙང་གོན་ལ་གཙང་ཁང་བྱུང་།། རས་ཀྱི ་ཡོལ་པས་གཅད་པར་བྱ།། གདོང་བསལ་སྤྱན་རས་དགབ་པར་བྱ།། ཨོཾ་ཙཀྵུ་ཙཀྲཱ་ས་མནྟ་ཙཀྵུ་མེ་ཏྲི་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། སྐུད་པ་ལེགས་པ་ཚད་ལྡན་ལ།། བསང་དང་རྡོ་རྗེའི་མདུད་པ་གསུམ།། མེ ་ཏོག་གཏོར་ཞིང་དཔུང་གཡོན་བཅིངས།། ཨོཾ་ལོ་ཙ་ནི་ཡ་ཐ་ཏཱད་ཏཾ་སཾ་པྲ་ཏཾ་མི་བྷ་བི་ཤུད་དྷེ་རཾ་རཏྣ་ཏྲ་ཡཱ་ཡ་སིདྡྷི་ན་ནི་ད་ད་ཤཱ་ཡ་སྭཱ་ཧཱ། སོ་ཤིང་བཟང་བའི་ཕུར་བུ་དེ།། བྱིན་བརླབ་ལག་གཏད་སློབ་མས་དོར། ཨོཾ་པྲ་ཏི ་བཛྲ་ས་མནྟ་ཨི་ག་རི་ཨཱཿཧཱུཾ་སྭཱ་ཧ། ཕྱོགས་བལྟས་དུར་བའི་སྔས་གདན་གྱིས།། ཉལ་ནས་ཇི་ལྟར་མཐོང་བ་སྨྲ།། གོ་བདེའི་རྣམ་པ་བླ་མས་བཤད།། ཞི་བའི་ལས་ཀྱི་སྡིག་སྒྲིབ་རྣམས། བགེགས་རྣམས་ཞི་བ་དོན་དུ ་བསྲེག། གོས་བཟང་བགོས་པའི་ཤིཀྟ་ཡིས།། ཐལ་སྦྱར་འཇུག་པར་གསོལ་བ་བཏབ།། གནང་བ་སྦྱིན་ཞིང་ཡི་དམ་ལྷས།། ཐུགས་རྗེས་གཟུང་བར་གསོལ་བ་གདབ།། དམ་ཚིག་ཆུ་བྱིན་གསང་བ ་བསྒྲག། ཡེ་ཤེས་ལྷ་ཡི་བྱིན་རླབས་དབབ།། ཨོཾ་ཏེཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤྭ་ཡ་ཧཱུཾ། བཛྲ་ས་ཏྭ་ཧི་མ་ཧེའི་དྱཱ་རཱ་ཛཱ་ཡ་བྷྱོ་མ་ཧེ་ཕཊ། དཀྱིལ་འཁོར་མཆོད་ནི་བསྟན་པར་བྱ།། རང་བཞིན་དཀྱིལ་འཁོར་རང་གནས ་མཐོང་།། སླར་ཡང་དབང་བསྐུར་གསོལ་གདབ་བསྐུར།། བུམ་པ་མི་བསྐྱོད་རྡོ་རྗེ་ཆུ།། མགོ་ཐོག་རྣམ་ཤེས་ཕུང་པོར་བསྐུར།། ཨོཾ་མ་ཧཱ་ས་མ་ཡ་ཨཱི་ཤྭ་ར་ཏཾ་ཨ་བྷི་ཥིཉྩ་མི་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི ་ཡེ་ཨཱཿཧཱུཾ། དབུ་རྒྱན་ཅོད་པ་ཎ་བཟང་པོ་ཡིས།། ཡོན་ཏན་རིན་ཆེན་འབྱུང་ལྡན་བསྒོམ།། ཨོཾ་སརྦ་ཏ་ཐ་ག་ཏ་རཏྣ་མུ་ཀུ་ཊ་པུ་ཛཱ་ཡ་ཨ་དྷི་ཥྛ་ཡཱ་མི་ཨཱཿཧཱུཾ། རྡོ་རྗེ་ཡེ་ཤེས་ལྔ་རྫོགས་པའི།། འོད་དཔག་མེད་པ་ལག་གཡས ་སྦྱིན།། ཀུན་བཟང་བརྟུལ་ཞུགས་རྡོ་རྗེ་ལོངས།། དངོས་གྲུབ་བཟང་པོ་ཟ་བར་གྱིས།། ཨ་བཛྲ་པ་ཎི་ཨ་བྷི་ཥྚྲཱིཉྩ་ཥྐཾ། དྲིལ་བུ་རལ་གྲི་དོན་གྲུབ་ནི།། ལག་པ་གཡོན་པ་དོན་ཡོད་གྲུབ།། ཨོཾ་དྷཱ་ཏུ་ཨ་བྷི་ཤིནྡྲ་ཧཱུཾ། རྣམ་པར ་སྣང་མཛད་ངོ་བོ་དེ།། རང་བཞིན་སེལ་བར་གྱུར་པ་དང་།། རྡོ་རྗེའི་མིང་གི་དབང་ཡང་བསྐུར།། གཟུགས་ཀྱི་ཕུང་པོ་རྣམ་པར་བསྒོམ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་བཛྲ་ས་ཏཱཾ་ཨ་བྷི་ཥིཉྩ་མི་སྭཱ་ཧཱ། དེ་ཡིས་རྡོ་རྗེ་སློབ ་དཔོན་དང་།། ཉན་དང་འཆད་དང་ཕྲིན་ལས་དང་།། རྡོ་རྗེ་རྒྱལ་པོ་འགྲུབ་པ་ཡི།། དབང་མཆོག་འདོད་ལ་ཚིམ་པར་བྱ།། གཟུངས་མ་བསྟན་པ་ཞུ་བའི་ཕྱིར།། གདོལ་བ་མོ་དང་ཁྲུས་མཁན་འོང་།། སྨེ་ཤ་ཅན་དང་གར ་མཁན་མ།། རོ་སྲེག་མོ་དང་བྲམ་ཟེ་མོ།། འགྲུབ་འགྱུར་དོན་དུ་རྣལ་འབྱོར་པས།། བདག་ཉིད་རོ་གཅིག་གནས་པར་བྱ།། རིན་ཆེན་པདྨ་དེ་བཞིན་ལས།། འཁོར་ལོའི་རིགས་སུ་ཤེས་པར་བྱ།། རྡོ་རྗེའི་རིགས་སུ་བརྗོད ་པ་དེའོ།། མ་དང་སྲིང་མོ་བུ་མོ་དང་།། ཆུང་མ་མནའ་མའམ་སྒྱུག་མོ་དང་།། ལུགས་ལས་ལྡོག་པར་ཤེས་པ་ཡིན།། སེམས་དང་ངག་ལུས་སྲོག་དང་ནི།། ཐུར་སེལ་དབུ་མའི་རླུང་ཞེས་བྱ།། ས་ཆུ་མེ་རླུང་ནམ་མཁའ ་དང་།། ནམ་མཁའ་ཆེན་པོར་རབ་ཤེས་ནས།། མངར་སྦྱར་ཁ་བ་ལན་ཚྭ་རོ།། བསྐ་བ་ཚ་བ་དངོས་གྲུབ་སྟེ།། དེ་དག་ཤེས་ནས་རང་བཞིན་མེད།། དེ་ལ་དངོས་གྲུབ་བླང་བར་བྱ།། དགའ་བ་མཆོག་དགའ་དགའ་བྲལ ་དང་།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ།། བ་དང་བེའུ་བྱ་དང་བྱིའུ།། བུང་བ་མེ་ཏོག་ལས་ཤེས་ཏེ།། རང་བཞིན་བདེ་བ་བླང་བྱ་ཞིང་།། སངས་རྒྱས་རྣམས་ལ་མཆོད་པ་འབུལ།། ཤིན་ཏུ་ཆགས་བྲལ་ཆགས་ཆེན ་པོས།། བདེ་བ་ཆེན་པོ་བླང་བར་བྱ།། རང་ལུས་སྲོག་དང་རྒྱལ་སྲིད་དང་།། གཅེས་པའི་རྣམ་པས་མནོས་པར་བྱ།། འདི་དང་ཕྱི་མར་བདེ་ལྡན་པའི།། ཡོན་ཏན་བརྗོད་ལས་འདས་པར་འགྱུར།། གང་ཡིན་བགེགས་ལ ་གཏོར་མས་མཆོད།། རྟག་ཏུ་དམ་ཚིག་ལ་གནས་བྱ།། ཨུཙྪིཿཀྵེ་ཏྲ་ལཱ་ལ་ཡེ་ཧྱེ་ཧི་ཙཀྲ་ཨུཙྪིཥྚ་སུ་བྷོ་ཛ་ནཾ་བི་བ་པི་བ་བྷ་ཀྵཱ་བྷ་ཀྵ་སརྦ་སིདྡྷི་མྨེ་པྲ་ཡཙྪ་མེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ།། ཞེས་སུངས་སོ།། དབང་ཆེན ་འདུས་པའི་རྒྱུད་ལས།། དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་མཉེས་པ་ཆེན་པོ་འདི་གསུངས་སོ།། ཨོཾ་བསོད་ནམས་ཡེ་ཤེས་ཚོགས་རྫོགས་སྐུ།། རྡོ ་རྗེའི་གསུང་དབྱངས་དྲུག་ཅུར་སློབ།། མི་རྟོག་ཐམས་ཅད་མཁྱེན་པའི་ཐུགས།། ཡོན་ཏན་མ་ལུས་རེ་བ་སྐོང་།། ཞི་རྒྱས་དབང་དྲག་ལྷུན་གྲུབ་པ།། རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ།། ཨ་ཧོ།། ཧཱུཾ་དྲི་མེད་རྣམ་དག་ཞི་བ ་ལས།། སྤྲོས་པ་ཐམས་ཅད་རབ་ཞི་བའི།། ཡེ་ཤེས་ཚོགས་མཆོག་མངའ་བརྙེས་པ།། རང་བཞིན་དག་པས་ཆོས་ཀྱི་སྐུ།། ཐུགས་རྗེས་སྡུག་བསྔལ་སེལ་མཛད་པ།། བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ།། ལས ་དང་ཉོན་མོངས་ཤེས་བྱ་ཡི།། དྲི་མ་སྤངས་པའི་སྐུར་སྤྲུལ་པ།། གསུང་མཆོག་སྐུ་གསུམ་དག་པ་ལ།། ལུས་ངག་སེམས་ཀྱིས་ཕྱག་འཚལ་བསྟོད།། ཐུགས་རྗེ་ཆེན་པོས་གཟུང་བ་དང་།། ཡེ་ཤེས་སྣང་བ་གསལ་བར ་མཛོད།། ཨ་ཧོ།། ཨོཾ་ཆོས་དབྱིངས་སྐྱེ་བ་མེད་པ་ལས།། ཐུགས་རྗེའི་དབང་གིས་སྐུར་བཞེངས་པ།། དབང་མཆོག་རྡོ་རྗེ་སེམས་དཔའ་ནི།། སངས་རྒྱས་ཀུན་གྱི་གསང་བའི་ཐུགས།། རབ་ཏུ་མི་རྟོག་དངོས་མེད ་པ།། ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། དབང་ཆེན་འདུས་པའི་ཏན་ཏྲ་ལས།། བསྟོད་ཅིང་ལས་བཅོལ་བའི་གུས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་གདུག་པ་འདུལ ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ལས་མ་དག་པའི་སྣང་བ་ཞེས་བྱ་བ་འདི་གསུངས་སོ།། ཀུན་ཏུ་བཀོད་པའི་བསྐལ་བ་ལ།། མངོན་པར་དགའ་བའི་ཞིང་ཁམས་སུ།། དགེ་སློང་ཐུབ་དཀའ་གཞོན་ནུ ་ལ།། ཐར་པ་ནག་པོ་དན་ཕག་གཉིས།། གསང་དོན་ཡན་ལག་རབ་ཞུས་པ།། ཇི་བཞིན་ཉིད་དེ་མ་བཅོས་ན།། དངོས་པོ་བཞི་ལ་གནས་སྤྱད་ཀྱང་།། ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ།། རྣལ་འབྱོར་དེ་ཉིད་དམ་པའི ་ལམ།། དེ་ཉིད་ལ་ནི་སོ་སོར་གོལ།། གཏམ་ཚིག་ཞེ་གཅོད་དེ་ཉིད་ཉམས།། དམྱལ་བ་ཡི་དྭགས་དུད་འགྲོ་སོགས།། རྡོ་རྗེའི་སྔགས་ཀྱི་རྣམ་སྨིན་ཕོག། སྲུལ་ནས་སྨད་འཚོང་མ་ཡི་བུ།། དུག་ཤིང་རལ་གྱི་གདོང་ནག ་ཏུ།། ཤ་ཟ་མ་ཡི་དུར་ཁྲོད་བདག། ལྷ་སྲིན་ཡོངས་ཀྱི་འཁོར་གྱིས་བསྐོར།། ལྷ་ཡི་སྡེ་དཔོན་ཀ་རུ་དང་།། སྲིན་པོ་ལང་ཀ་མགྲིན་བཅུ་དང་།། ལྷ་ཀླུ་མི་རྣམས་ལམ་ལོག་སྤྱོད།། ངན་སོང་གསུམ་དུ་འཁོར་བ ་ལས།། ཐུགས་རྗེའི་ཞིང་དུ་དེ་གཟིགས་ཏེ།། བདེ་གཤེགས་བཀའ་བགྲོས་བཅང་པ་ཡིས།། ཞི་བས་ཕན་པར་མ་གྱུར་ཏེ།། དེ་བཞིན་གཤེགས་ཀུན་ཁྲོ་བོར་གྱུར།། ཤ་རུས་ཁྲག་ལ་ལོངས་སྤྱོད་ཅིང་།། དུག་གསུམ་མ ་ལུས་ཁོང་དུ་ཟོས།། ཨོཾ་སརྦ་པཱ་བ་ཀ་ར་ཧེ་ཏ་པ་བི་ཤྲ་མ་ཏྲ་རུ་ཏྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་ས་བྱི་ཤྭ་ཁ་ཏོང་ཁ་རུ་ཏྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པ་ཀ་ར་ཧེ་ཏ་པ་བྱི་ཤྭ་ཨ་ཤ་རུ་དྲ་ཧཱུཾ་ཕཊ། ཧྲི་པདྨནྟ་ཀྲྀ་ཏ ་བཛྲ་མ་ཧཱ་ཀྲོ་དྷ་ཧ་གྲི་པ་ཧཱུཾ་ཕཊ། ཏྲི་ཟུམ་བྷྲཾ་ཛ། ཏེ་ཛ། བ་ཏྲི་ཡཾ་བུ་ཛ། ཡ་ད་ཤོ་ཛ། ག་ན་ཛ། ག་ག་ན་གྲ་ཙི་ཏི་ཙི་ཏི་ཛ། མ་མ་ཆུ་ག་ཛ། མཱ་ར་ཡ་ཧཱུཾ་ཕཊ། དེ་དག་སྣམ་ནས་བཏོན་ནས་ནི།། སྒྲིབ་སྦྱང་བཤགས་ཏེ་སྲོག ་སྙིང་ཕུལ།། འཁོར་རྣམས་བྲན་དུ་འཁོལ་ནས་ནི།། དཀྱིལ་འཁོར་སྐྱོང་བར་ཁས་བླངས་ཏེ།། ཐལ་བའི་དབང་པོར་ལུང་བསྟན་ནས།། འདིར་ནི་བསྟན་པ་བསྲུང་བའི་ཕྱིར།། སྲོག་སྔགས་འདི་དག་དངོས་པོར་ཕུལ།། ་ཤོག་ཧེ་ར་ནི་ཤོག་ཧེ་མ་དུ་མ་རི་ལ་ཤོག་དེར་ཤོག་འདིར་ཤོག་འདིར་དུཾ་འདིར་དུཾ། ཙི་ཏ་བཾ་ཙི་རྦད། ཏྲག་ར་ཀ་ཐུན་བྷྱོ།། ཏྲ་ག་རཀྐ་ཁཾ་ཁཾ། པུཾ་བུཾ་ག་ན་ཏི་ཏ་ཤག་ཨཽ་རཀྐ་ཤ་ར་ཏི། མ་ཧ་ཀ་ལ་ཀཱ་ལ་ཡ་སྟོ་ཡ་ཕཊ། ཡ ་སྟོ་ཡ་ཁུག་ཁུག་ནི་ག་ཏ་ཡ་ག་ཏ་ཡ་བེ་ཛེ་བེ་ཛེ་བྲུངས་ཕྱུང་རྩད་ཆོད། ཏྲག་རཀྵ་ཐུམས། ཁ་དུམ་རྦད་རྦད་ཛ་ཛ། ཅེས་སྲོག་ལས་དང་བཅས་པ་ཕུལ་ལོ།། དེ་ཡི་ཆོ་ག་འདི་ཡིན་ནོ།། བྲུག་ཁུང་ནག་པོ་གྲུ་གསུམ ་ནང་།། བར་བུ་ལྕགས་ཀྱི་ཁང་སྒྲོམ་འབར།། མདའ་དང་གསིལ་བྱེད་མཚོན་ཆ་ལ།། ཕུ་རུང་ཆས་གོས་ནག་པོར་ཤེས།། རུ་ཏྲ་ཀཱ་ལ་གྲི་གུག་ཐོད།། བེང་དང་བཅས་པ་བཟླས་པ་བརྩམ། སློབ་དཔོན་ཆོས་གྲོགས་ཕ་བུ ་དང་།། ཡུལ་དཔོན་བཙུན་ཆེན་ཉེ་བ་དང་།། མིག་དང་དོན་སྙིང་ཟ་ན་འགྲུབ།། སྦྲང་པོ་དབྱུག་པ་ཐོགས་པ་ངན།། བླང་བྱེད་ཁྲི་ཚོས་འབྲེལ་བ་དང་།། ལུས་ངག་སེམས་ཀྱི་ལས་སུ་ནི།། བསྐོར་བ་བཟླས་བརྗོད་ཏིང ་འཛིན་ཡིན།། བསྙེན་པ་ཐབས་ཀྱིས་བསྐོར་བར་བྱ།། རྦད་བསང་ཤེས་རབ་མེ་དང་མཚུངས།། སྦྱིན་བསྲེག་ཐལ་བ་ཕྱར་རམ་ནན།། དམ་ཚིག་ལ་སྡང་སྨོས་ཅི་དགོས།། དབང་ཆེན་འདུས་པའི་ཏན་ཏྲར་ལས།། རུ་ཏྲ ་བསྒྲུབ་པ་ཁྲོ་བོའི་གླེང་གཞི་བཅས་པ་སྟེ་ལེའུ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཐམས་ཅད་རབ་ཏུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་དོ།། བདེ་བ ་ཆེན་པོ་གར་དབང་ཕྱུག། པདྨ་རཱ་ག་ཀུན་ཏུ་ཞལ།། དབུ་ལྔ་མགོ་ལྔ་གཤོག་པ་བཞི།། ཤར་དུ་རོལ་པའི་ཕྱག་མཚན་ནི།། ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་ག། རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་།། ལྷོ་རུ་རོལ་པའི་ཕྱག་མཚན ་ནི།། ཐོད་ཁྲག་རྡོ་རྗེ་ལུ་གུ་རྒྱུད།། རྡོ་རྗེ་བེ་ཅོན་རྡེའུ་ཆུང་།། ནུབ་ཀྱི་ཕྱག་བཞིར་བསྣམས་པ་ནི།། མེ་ཡི་ཞགས་པ་ཁྱུང་གི་ཁྭ།། སྡིགས་མཛུབ་མེ་འབར་ཁ་ཊྭཱཾ་འཁྲོལ།། བྱང་གི་ཕྱག་བཞིར་བསྣམས་པ་ནི།། རྡོ་རྗེ་དགུ་ལྔ ་གསུམ་གཅིག་བརྡེག། ཞབས་བརྒྱད་ཁྲོ་བརྫིས་རྒྱན་དང་ལྡན།། སྐུ་ཡི་དབང་ཆེན་འདི་གསུངས་སོ།། སྲོག་དང་རྩོལ་བའི་བདག་ཉིད་ཅན།། འཇུག་གནས་ལྡང་བས་ཕྱི་དང་ནང་།། དེ་གཉིས་འབྲེལ་བའི་བདག་ཉིད ་ཅན།། དེ་ཉིད་ཁོ་ན་ངོ་བོར་གསལ།། ཚོགས་ཆེན་ཡོངས་འདུས་གར་གྱི་དབང་།། དབུ་ལྔ་དམར་པོ་རྟ་མགོ་ལྔ།། ཕྱག་ནི་བཅུ་དྲུག་གཤོག་པ་བཞི།། ཞབས་བརྒྱད་རྔོམ་བརྗིད་དུ་ཁྲོད་པ་རྒྱན།། གཡས ་ཀྱི་ཕྱག་བརྒྱད་བསྣམས་པ་ནི།། རྡོ་རྗེ་ཁ་ཊྭཱཾ་དྲིལ་བུར་བཅས།། རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས་དང་།། འཁོར་ལོ་རིན་ཆེན་ཟུར་བརྒྱད་དང་།། རལ་གྲི་རྡོ་རྗེ་ལུ་གུ་རྒྱུད།། པདྨ་ཡུ་འཛིན་ཐོད་ཁྲག་བཀང་།། ཁྲོ་སྙིང་གཤིན ་རྗེའི་དབྱུག་པ་དང་།། རྒྱ་གྲམ་རྡོ་རྗེ་བེ་ཅོན་དང་།། མེ་ཕྲེང་ཏྲི་ཤུལ་ཁྱུང་གི་ཁྭ།། གསུང་གི་དབང་ཆེན་འདི་གསུངས་སོ།། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་།། མཉམ་དུ་གནས་དང་ཁྱབ་པར་བྱེད།། ལྡང་ཤིང་རྒྱུ་བ་རྣམ ་པར་རྒྱུ།། ཡང་དག་རབ་ཏུ་ངེས་པར་རྒྱུ།། པདྨ་གསང་བ་དབང་ཆེན་སྐུ།། པདྨ་གསང་བའི་སྐུར་བྱུང་བས།། དབུ་ལྔ་དམར་པོ་གཤོག་པ་བཞི།། ཞབས་པར་བཅུ་དྲུག་ཕྱག་རྒྱ་ཆེ།། རྡོ་རྗེ་ལྕགས་ཀྱུ་སྦྲུལ་ཞགས ་དང་།། ཅང་ཏེའུ་ཁ་ཊྭཱཾ་ཐོད་རློན་ཁྲག། རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་།། རྩེ་གསུམ་རྩེ་གཅིག་འབར་བ་དང་།། རྡོ་རྗེ་ལྕགས་ཀྱུ་ལུ་གུ་རྒྱུད།། ཐོད་རློན་སྟོབས་དང་ཁྲོ་བརྒྱད་སྙིང་།། མེ་ཡི་ཞགས་པ་ཁྱུང་གི་ཁྲ།། སྡིགས་མཛུབ ་མེ་འབར་ཁ་ཊྭཱཾ་འཁྲོལ།། ཐུགས་ཀྱི་དཔལ་ཆེན་འདི་གསུངས་སོ།། སྙིང་ག་གསང་བ་ལྐོག་མ་དང་།། ལྟེ་བ་དང་ནི་ཚིགས་རྣམས་ལ།། རྒྱས་དང་རྣམ་པར་རྒྱས་པ་དང་།། མྱོང་ལྷུང་མཛའ་བའི་རྩ་ལ་གནས།། མིག་དང ་རྣ་བ་སྣ་དང་ནི།། ལྕེ་དང་ལུས་དང་སྐྱེ་མཆེད་ལ།། རླུང་གི་ཆ་དང་སྣ་དང་ནི།། བསྙེན་བཀུར་ལྐོག་ཤལ་མཆིན་པར་གནས།། ཤེས་རབ་རྟ་མགྲིན་དབང་གི་སྐུ།། དབུ་གསུམ་རྟ་མགོ་ལྗང་གུ་ནི།། རལ་པ་དམར་པོ་གྱེན ་དུ་འཁྱིལ།། ལྕགས་སྒྲོག་རལ་གྲི་དགྲ་སྟ་གཡས།། ལྕགས་སྒྲོག་གཤོལ་དང་ཐོ་བ་གཡོན།། བརྐྱང་བསྐུམ་ཆུ་བདག་ཉིད་སྟེང་བགྲད།། ཨེ་ཀ་དམར་ནག་དུར་ཁྲོད་ཆས།། ཁ་ཊྭཱཾ་ཐོད་རློན་དམར་བཀང་སྟོབ།། ཕྲ་མེན ་བྱོ་ལ་པུ་ཤུད་མགོ། དམར་ནག་བསྐལ་བའི་མེ་འབར་བ།། ལྕགས་ཀྱུ་ཕུར་པ་འཛིན་ཅིང་འདེབས།། རྩ་བའི་ལྷ་བཞི་འདི་གསུངས་སོ།། བག་ཆགས་ཉོན་མོངས་རླུང་ངོ་བོ།། དབང་པོ་གཉིས་དང་མཉམ་སྦྱོར ་འཇུག། སྲོག་རླུང་ཉ་འདྲ་དང་པོར་འཕོ།། གཉིས་པ་ཐུར་སེལ་རུས་སྦལ་འདྲ།། གསུམ་པ་གྱེན་རྒྱུ་ཕག་རྒོད་འདྲ།། དྲུག་པ་ཁྱབ་བྱེད་སེང་གེ་འཕོ།། ལྔ་ཡང་མཉམ་གནས་མི་ཡི་གཟུགས།། དྲུག་པ་ལས་རླུང་ས་ཁམས ་མིག། བདུན་པ་རྣ་བར་རུས་སྦལ་ཆུ།། བརྒྱད་པ་རྩ་རླུང་སྣ་བུག་མེ།། དགུ་པར་ལྷ་སྦྱིན་རླུང་ཁམས་རོ།། བཅུ་པ་གཞུ་རྒྱབ་ལུས་ཁམས་ཅན།། སངས་རྒྱས་སྤྲུལ་པའི་སྐུ་འདྲ་བ།། རབ་ཏུ་སྐྱེ་བར་དེ་ཡིས་བྱ།། པདྨས ་གར་གྱི་དབང་ཕྱུག་ནི།། ཞལ་གསུམ་ཕྱག་བརྒད་ཞབས་བཞིར་བགྲད།། དཀར་དང་དམར་ནག་ལྗང་ནག་ཞལ།། དབུ་གཙུག་རྟ་མགོ་ལྗང་གུ་ནི།། གྱེན་དུ་ཁ་གདངས་རྟ་སྐད་འཚེར།། ཁ་ཊྭཱཾ་རལ་གྲི་རྡེའུ་ཆུང ་དང་།། དགྲ་སྟ་གཡས་ཀྱི་ཕྱག་ན་འཛིན།། ཡེ་ཤེས་མདའ་དང་དབྱིངས་ཀྱི་གཞུ།། མདུང་ཐུར་གསེར་གྱི་ཞགས་པ་གཡོན།། སྤྱི་གཙུག་ཡེ་ཤེས་ཁྱུང་ཆེན་རྫོགས།། ཐུགས་ལ་རྡོ་རྗེ་གཏུམ་པོ ་འབར།། པདྨ་གར་གྱི་དབང་མོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་པ་རྡོ་རྗེ་ཡབ་ལ་འཁྱུད།། གཡོན་པ་བདུད་རྩི་ཡབ་ལ་སྟོབ།། དྲག་པོ་གསུམ་སྦས་འདི་གསུངས་སོ།། ལུས་ཀྱི་སྲོག་རྣམས ་གསུམ་འཛིན་ཅིང་།། རྡུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི།། ཤེལ་དང་ཡང་དག་འདྲེས་གྱུར་ནས།། དབང་པོའི་ལམ་ནས་བྱུང་ནས་ནི།། ཡུལ་རྣམས་ལ་ནི་འཇུག་པར་བྱེད།། སྣང་བ་གསུམ་དུ་གྱུར་ནས་ནི།། རང ་བཞིན་རྟོག་བཅས་བརྒྱད་ཅུ་པའོ།། ཡོངས་ལ་འཆར་ཞིང་འཇུག་པ་ནི།། རྟ་མཆོག་རཱ་གའི་མདོག་ལྡན་པ།། ཞལ་གསུམ་ཕྱག་དྲུག་ཞབས་བཞིར་གནས།། དམར་དང་དཀར་བ་མཐིང་གའི་གཟུགས།། རྟ་མགོ་ལྗང་གུ ་འཁྲུལ་མར་འགྱུར།། དང་པོ་རྡོ་རྗེ་བྷ་ན་དམར་འཕྱར།། བར་གཉིས་ལུ་གུ་རྒྱུད་བསྣམས།། ཐ་མ་རྡོ་རྗེ་ཕུར་བུ་འདྲིལ།། ཁྲོ་གཉེར་མ་ནི་འབར་འདྲ་འཁྲི།། མོ་ཡི་རྟགས་ལྡན་བྱང་ཆུབ་སེམས།། མཐར་བྱེད་རྟ་ཡིས་འདི ་དག་གསུངས།། ཐོག་མར་ལོ་བཅུ་ལོན་པའི་དུས།། རྒྱགས་པས་མྱོས་པས་གཞུ་རྒྱལ་ཟ།། ལོ་བཅུས་དེ་ཡིས་ལྷ་སྦྱིན་ཟ།། ལོ་བཅུས་རྒྱགས་རླུང་རྩངས་མ་ཟ།། ལོ་བཅུ་བཏང་བཟུང་རུས་སྦལ་ཟ།། རླུང་དང་བཏང ་བཟུང་ནུས་སྟོབས་མཚུངས།། གནོད་པ་མེད་པའི་ལོ་བཅུ་ཡིན།། བཅུ་གཞན་རྒྱགས་མྱོས་བཏང་བཟུང་ཟ།། བཅུ་བས་མྱོས་ཆུ་ཚེ་འཕེལ་བྱ།། བཅུ་གཞན་མྱོས་པའི་རླུང་ཟ་བྱེད།། མེ་རླུང་བཏང་བཟུང་ལོངས་སྤྱོད ་འཕེལ།། མེ་ཆུ་རླུང་རྒྱས་ཆུ་རླུང་འདྲེས།། དེ་ལྟར་ལོ་བཅུ་གཞན་དུ་ཕྱིན།། ཆུ་བཞི་འབྲས་བུ་བཞིན་དུ་འགྱུར།། རང་སེམས་ཐིག་ལེ་རོལ་པའི་སྐུ།། གཡས་དཀར་གཡོན་སྡེ་དབུས་དམར་བ།། རྟ་མགོ་ལྗང་གུ་རྟ་སྐད ་འཚེར།། རྡོ་རྗེ་རལ་གྲི་ལྕགས་སྒྲོག་དང་།། ཐོད་པ་ལྕགས་ཀྱུ་ཞགས་པ་རྣམས།། ཞབས་བཞི་རིགས་བཞི་ཀླུའི་སྟེངས་ན།། ངོ་བོ་ཉིད་ཀྱི་ཡུམ་དང་འཁྲིལ།། ཐིག་ལེ་རོལ་པས་འདི་གསུངས་སོ།། མཐར་ནི་མི་གནས ་འཕོ་བ་ཡིས།། མི་ཤིགས་འཆི་བ་འོད་གསལ་བྱེད།། སྣང་བ་གསུམ་དང་རླུང་མཉམ་པས།། བར་དོར་དངངས་ཤིང་ལུས་རྣམས་ལེན།། ཞལ་གསུམ་དཀར་དམར་བཻ་ཌཱུརྱ།། སྐུ་གསུང་ཐུགས་ཀྱི་ཁྱུང་གསུམ ་རྫོགས།། ཞིང་དབྱུག་རལ་གྲི་རྩེ་དགུ་དང་།། ལྟོ་འགྲོའི་ཞགས་པ་གཡོན་པ་སྟེ།། བེ་ཅོན་མགོ་གཉིས་རྡོ་རྗེ་བསྣམས།། ཡེ་ཤེས་ཆེན་པོས་འདི་གསུངས་སོ།། རླུང་དང་རྣམ་ཤེས་འདྲེས་པའི་ལས།། ཇི་ལྟར་ལྷ་ཡི་སྐུ ་རྣམས་ནི།། ཡོངས་སུ་གསལ་བར་བསྐྱེད་པ་ཡི།། བྱ་བ་ཀུན་ཡང་འགྲུབ་པར་བྱེད།། དཀར་དམར་སྔོ་བའི་ཞལ་གསུམ་མདོག། རྡོ་རྗེ་རིན་ཆེན་དབྱུག་པ་གཡས།། ཁྲོ་འཛུམ་མ་ཆགས་པདྨ་གཡོན།། བདེ་བ་ཆེན་པོས ་འདི་གསུངས་སོ།། བདེ་ཆེན་པདྨའི་གསང་སྦུབས་སུ།། ས་ཡི་རླུང་ཆེན་རྣམ་པར་རྒྱུ།། བྱང་ཆུབ་སེམས་ཀྱི་ཐིག་ལེ་འདི།། བདེ་བ་ཆེན་གྱི་ཡེ་ཤེས་ཐོབ།། དམར་པོ་ཞལ་གསུམ་ཕྱག་དྲུག་པ།། ཞལ་ནི་དེ ་བཞིན་མཚུངས་པ་ལ།། པདྨ་རལ་གྲི་གཏུན་ཤིང་གཡས།། དྲིལ་བུ་དགྲ་ཏཱ་མེ་ཡི་ཞགས།། འཕགས་པ་རྟ་མགྲིན་འདི་གསུངས་སོ།། ཡི་གེ་ཨཽ་ནི་སྐུ་ཡིན་ཏེ།། ཨཱཿཞེས་བྱ་བ་གསུང་དུ་འགྱུར།། ཧཱུཾ་ནི་མི་རྟོག་ཡེ ་ཤེས་ཐུགས།། རྡོ་རྗེའི་བཟླས་པ་འགྲུབ་པ་ཡིན།། ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། དཀར་དང་དམར་དང་སྔོ་བའི་མདོག། མུཉྫའི་གསེབ་ནས་ལྡང་ཞུར་ཅན།། གྱེན་དུ་ཁ་གདངས་ཧྲཱིཿསྒྲ་འབྱིན།། གཡས ་རྡོར་གཡོན་པ་དུང་ཕོར་འཛིན།། ཐ་མས་ཐབས་ཤེས་མདའ་གཞུ་ཅན།། གསང་བའི་ཡུམ་བཞི་འཁོར་དུ་གནས།། གྲི་གུག་ཐོད་པ་གཡས་གཡོན་འཛིན།། རྟ་མགྲིན་ལྷ་ལྔས་འདི་གསུངས་སོ།། རླུང་ལྔ་ལ་ནི ་དབང་ཐོབ་ནས།། དེ་ལས་སེམས་གསུམ་སྐྱེ་བ་དང་།། མ་དག་པ་ཡི་སྒྱུ་མ་འགྲུབ།། བསམ་གཏན་གཉིས་ཀྱི་འོད་གསལ་དུ།། དེ་ཉིད་མངོན་དུ་བྱེད་པ་སྟེ།། དག་པའི་སྒྱུ་མའང་གྲུབ་པ་ཡིན།། གཡས་དཀར་དབུས ་དམར་གཡོན་མཐིང་ལྗང་།། སངས་རྒྱས་འོད་ཀྱི་གོང་བུ་ན།། རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས།། དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན།། ཨེ་ཀ་ཙ་ཏི་དམར་ནག་འཁྲིལ།། ཁ་ཊྭཱཾ་ཐོད་པ་ཞལ་གསུམ་འདྲེན།། ཀུན་ཏུ་ཁ ་སྦྱོར་འདི་གསུངས་སོ།། ལ་ལས་རང་སྲོག་འཛིན་པ་དང་།། དྲི་ཆུ་ཁུ་བ་ཐུར་དུ་སེལ།། ཟས་དང་བཏུང་བ་འཇུ་བ་དང་།། གཏམ་སོགས་སྒྲ་ནི་འབྱུང་བ་དང་།། འགྲོ་དང་ལྡོག་པའི་ལས་ཆེན་དེ།། སྲོག་ཐུར་མེ་གྱེན་ཁྱབ ་པའི་ལས།། དམར་པོ་པདྨ་སྡིགས་མཛུབ་གཡོན།། ཁྱུང་ཆེན་དཀར་གསལ་ཐུགས་ལ་རྫོགས།། ཀླུ་རྣམས་འདུལ་མཛད་རྒྱན་དུ་ཆེ།། ནཱ་ག་གནོད་འདུལ་འདི་གསུངས་སོ།། རྒྱུ་བ་གཟུང་འཛིན་རྣམ་རྒྱུ་སྒྲ།། ཡང་དག ་དྲིལ་བ་རབ་རྒྱུའོ།། ངེས་པར་རྒྱུ་བ་རེག་བྱ་སྟེ།། དབང་པོ་རབ་ཏུ་ལས་ཀྱི་བདག། ཧྲཱིཿསྒྲ་རྡོ་རྗེའི་སྐུར་རྫོགས་པ།། དབུ་གསུམ་དེ་བཞིན་ཕྱག་རྒྱ་དྲུག། རྡོ་རྗེ་པདྨ་རྒྱུ་མ་དང་།། དུང་ཆེན་རྔེའུ་ཆུས་ཁ་ཊྭཱཾ་འཁྲོལ།། དམར ་སྒྲ་རྡོ་རྗེ་ཐོད་ཅན་ཡུམ།། དཔལ་ཆེན་འབར་བས་འདི་གསུངས་སོ།། རྟེན་ནི་ཟུང་དུ་འཇུག་ལ་གནས།། རྡོ་རྗེའི་བཟླས་པས་ལས་བཞི་འགྲུབ།། ཁྱབ་བྱེད་རྣལ་འབྱོར་བར་མ་དོར།། རང་བཞིན་འོད་གསལ་ཉམས་སུ ་མྱོང་།། ཧྲཱིཿལས་སྐྱེས་པའི་ཕྱག་རྒྱ་ཆེ།། དཀར་དང་དམར་དང་ལྡང་སྔོན་ཞལ།། དང་པོ་ཁ་ཊྭཱཾ་རྔེའུ་ཆུང་འཛིན།། བར་གཉིས་སྙིང་འདྲེན་ཕྱག་བྱས་པ།། མཐའ་གཉིས་ཞིང་དབྱུག་བྷནྡྷ་འཛིན།། རྟ་མགྲིན་གཏུམ་པོས ་འདི་གསུངས་སོ།། རྡོ་རྗེ་སྤྱན་ལ་སོགས་པ་ཡི།། མངོན་པར་ཤེས་པ་ལྔ་དང་ལྡན།། དེ་ཀུན་ཟག་པ་ཡོད་མེད་པ།། གནས་སྐབས་དང་ནི་མཐར་ཐུག་གོ། སྟོང་ཉིད་ཡེ་ཤེས་ཁྱབ་པའི་སྐུ།། ཞལ་གཅིག་ཕྱག་བཞི་བརྐྱང ་བསྐུམ་ཞབས།། གཡས་པ་ཐོད་དབྱུག་སྡིགས་མཛུབ་མེ།། ཆོས་འཁོར་སྐྱོན་མེད་པདྨ་འཛིན།། བརྐྱང་བསྐུམ་ཞབས་དང་ལྡན་པ་ཡི།། དཔའ་བོ་གཅིག་པས་འདི་གསུངས་སོ།། ཕུང་པོ་ཁམས་ནི་ལྔ ་འགྲུབ་བྱེད།། ཡུལ་ལྔའི་རང་བཞིན་ཀུན་དང་ལྡན།། དམར་པོ་པདྨ་གཡོན་དྲིལ་བུ།། དམར་པོ་གྲི་གུག་ཐོད་པ་འཛིན།། ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་ཞབས།། པདྨ་ཁྲོ་རྒྱལ་འདི་གསུངས་སོ།། ཆུ་ནི་ཞེ་སྡང་རྡོ་རྗེ ་ལ།། ས་ནི་ང་རྒྱལ་རིན་པོ་ཆེ།། མེ་ནི་ཆོས་རྗེ་འོད་དཔག་མེད།། རླུང་ནི་རྟ་མཆོག་ཀ་ཤ་ཏུ་ལས།། རྟེན་དང་བརྟེན་པར་བཟུང་བ་ནི།། རྣམ་པར་སྣང་མཛད་ཀུན་ཏུ་གསལ།། དམར་པོ་གྲི་གུག་ཐོད་པ་ཅན།། འཇིགས ་བྱེད་དཔལ་གྱིས་འདི་གསུངས་སོ།། ཆོས་དབྱིངས་སྲོག་ལ་མཉམ་ཉིད་ཐུར།། སོར་རྟོག་གྱེན་ལ་མེ་མཉམ་གྲུབ།། ཁྱབ་པ་མེ་ལོང་ཡེ་ཤེས་སོ།། རཱ་གའི་མདོག་འདྲ་དབྱུག་པ་ཅན།། སྡིགས་མཛུབ་མཛད་པས་འདི ་གསུངས་སོ།། གཟུགས་སྒྲ་དྲི་རོ་རེག་བྱ་ཡི།། ཆོས་ཀྱི་ལྷ་མོས་མཆོད་པར་བྱེད།། ཞལ་གསུམ་པ་ལ་འཇིགས་འཇིགས་བལྟ།། རྡོ་རྗེ་དུང་དམར་དབྱུག་པ་དང་།། ཞགས་པ་མཛུབ་མོ་རིགས་ལྔའི་ཁྱུང་།། ཁྱུང་གཤོག་མ ་ཡིས་འདི་གསུངས་སོ།། ས་ཆུ་མེ་རླུང་རྣམ་པ་བཞི།། ཕྱི་རོལ་སྟོན་དཔྱིད་དབྱར་རྒུན་རྒྱུ།། ཟླ་བ་ཉིན་ཞག་བཅས་པ་ལ།། གཡས་པ་ནས་ནི་འབྱུང་བའི་ཁམས།། མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ།། ཁ་དོག་དམར་བ ་བཟང་པོ་འདི།། བཅོམ་ལྡན་ཆགས་པ་ཆེན་པོའོ།། གཡོན་པ་དག་ནི་འབྱུང་བའི་ཁམས།། རླུང་གི་དཀྱིལ་འཁོར་དང་འདྲེས་པས།། ལྗང་སེར་དག་ཏུ་སྣང་བ་སྟེ།། བཅོམ་ལྡན་ལས་རབ་ཆེན་པོ་རབ།། གཉིས་པ་ལས་ནི ་འགྱུར་བའི་ཁམས།། གསེར་གྱི་མདོག་ཏུ་སྣང་བ་སྟེ།། དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད།། བཅོམ་ལྡན་དཀོན་མཆོག་དཔལ་ཡིན་ནོ།། དལ་ཞིང་རྒྱུ་བ་མེད་པའི་ཁམས།། དག་པའི་ཤེལ་ལྟར་སྣང་བ་ནི།། འདི་ནི་ཆུ ་ཡི་དཀྱིལ་འཁོར་ཏེ།། བཅོམ་ལྡན་རྡོ་རྗེ་བརྟན་པའོ།། ཁམས་ཀུན་ལས་ནི་ཡང་དག་བྱུང་།། རྟེན་དང་བརྟེན་པར་བཟུང་བ་ནི།། རྣམ་པར་སྣང་མཛད་རང་བཞིན་ཏེ།། འཆི་བའི་མཐར་ནི་འབྱུང་བར་གྱུར།། གཙོ་ལ ་འཁོར་དུ་སྣང་བ་ནི།། གྱེན་ལ་མེ་སྟེ་གསེག་ལ་རླུང་།། ཐུར་དུ་ཆུ་ལ་ཟད་ཀར་ས།། གྲངས་ནི་ཤེས་རབ་ཉིན་མཚན་ཐབས།། ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར།། ཞལ་གསུམ་དཀར་སྔོ་དམར་བ་ལ།། གཡས་པ ་གསུམ་ན་བསྣམས་པ་ནི།། རྡོ་རྗེ་ཁ་ཊྭཱཾ་ཅད་ཏེའུ་ལ།། མེ་དཔུང་ཞགས་པ་ཟོད་ཁྲག་གཡོན།། གཟི་ལྡན་རྡོ་རྗེ་ཟོད་ཁྲག་འཁྲིལ།། པདྨ་དོན་ཡོད་འདི་གསུངས་སོ།། འཛིན་པ་དཀར་ལ་སེལ་བྱེད་སེར།། མཉམ་གནས ་ལྗང་ནག་གྱེན་ནི་དམར།། ཁྱབ་པ་ནམ་མཁའ་སྔོ་བསངས་ཏེ།། ཡན་ལག་རྩ་བའི་རྗེས་སུ་འབྲང་།། ཞལ་གཅིག་པ་ལ་མདངས་ཀྱང་བཟང་།། གཡས་པ་རྡོ་རྗེ་གདེངས་པ་ལ།། གཡོན་པ་པད་སྡོང་ཐོད་པར ་བཅས།། པདྨ་གསང་ཆུང་འདི་གསུངས་སོ།། དེ་དག་ཀུན་གྱི་དགོས་པ་ཡང་།། རླུང་གིས་དེ་ཉིད་འཇུག་འགྱུར་ཞིང་།། རྡོ་རྗེ་ཡི་ནི་བཟླས་པ་འགྲུབ།། རྫོགས་པའི་རིམ་བསྒོམས་འཕྲལ་ནད ་འཇོམས།། རྡོ་རྗེ་རིག་པ་འཛིན་པ་ཡི།། རིག་འཛིན་དངོས་གྲུབ་མཆོག་ཐོབ་ནས།། དག་པའི་སངས་རྒྱས་ཞིང་དུ་བྱེད།། དབང་ཆེན་འདུས་པའི་ཏན་ཏྲ་ལས།། དབང་ཆེན་སྐུའི་ངོ་བོ་གསལ་བར་བསྟན་པའི་ལེའུ་སྟེ ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་རབ་ཏུ་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། རྡོ་རྗེ་དབྱིངས་དང་རྟ་མགྲིན་དབང་།། ཡེ་ཤེས་སེམས ་དཔའ་གཟི་ལྡན་མ།། འགྲོ་འདུལ་ཁམས་གསུམ་རྣམ་པར་རྒྱལ།། ཧཱུཾ་མཛད་དུས་གསུམ་བྱང་ཆུབ་སེམས།། ཁམས་རྒྱ་དྲུག་དང་ལོང་བ་བརྒྱད།། དམུས་ལོང་དྲུག་ཅུ་ལྕགས་སྦྱང་བརྒྱད།། ཡེ་ཤེས་ཁྱི་བཅུ་སྒོ་བ ་བཞི།། མེ་རླུང་འབྲུག་རྣམས་ཡོངས་སུ་རྫོགས།། བདེ་ཆེན་ཕོ་བྲང་རྣམ་སྣང་དང་།། མི་བསྐྱོད་རིན་ཆེན་སྣང་མཐའ་ཡས།། དོན་གྲུབ་ཡབ་ཡུམ་ལ་སོགས་པ།། སྐུ་མདོག་ཕྱག་རྒྱ་གདན་རྒྱན་བཞུགས།། ཐེག་པའི ་འགྲོས་ལྡན་རྟ་མགོ་ལྔ།། དམར་པོ་གྲི་ཁྲོད་སྲིན་པོ་འཇོམས།། རྡོ་རྗེ་རིན་ཆེན་ཁྱུང་གཤོག་སྤྲུལ།། ཨ་མོ་དྷེ་བ་གློག་འགྱུ་མ།། དཀར་སེར་དམར་ལྗང་གྲུ་གསུམ་ཀློང་།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། ཐོད་པ ་རྟ་མགོ་སྨན་བླ་དང་།། སྣང་མཐའ་དོན་གྲུབ་སྐུར་སྣང་ངོ་།། ཕྱག་རྒྱ་བཅུ་དྲུག་འཇིགས་པའི་མཚོན།། བདུད་དཔུང་སྤ་བཀོད་ཐལ་བར་བྱེད།། ཐུགས་ཀྱི་ཡེ་ཤེས་ཁ་སྦྱོར་བ།། དམར་པོ་འཁོར་ལོ་ཟ་མ་ཏོག། དམར་སྐྱ ་ནོར་བུ་ཟ་མ་ཏོག། ཕྱག་རྒྱ་ཡེ་ཤེས་སྔགས་དང་བཅས།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ།། དཔའ་བོ་སྟག་ཆས་ཧཱུཾ་ཆེན་བཅོམ།། རྒྱ་བྱེའུ་ལྕགས་ཀྱིས་མི་གཡོ་བ།། རྡོ་རྗེའི་གཤོག་པ་གཤིན་རྗེའི་གཤེད།། བསེ་ཁྲབ་སྔོན ་པོ་དབྱུག་སྔོན་ཅན།། སྦྲུལ་ནག་པདྨ་འཁྱིལ་པ་སྟེ།། མཆེ་བ་འདོད་པའི་རྒྱལ་པོ་ལ།། ཤུ་ཀེན་དར་གྱིས་བདུད་རྩི་འཁྱིལ།། གཅན་གཟན་གཟིག་གིས་སྟོབས་ཆེན་མནན།། ས་སྟོབས་དབང་ལྡན་སྦས་པས ་རོལ།། གཉིས་མེད་བྱང་སེམས་ལྷུན་གྱིས་གྲུབ།། དེ་བཞིན་རྡོར་རིན་པད་གྲུབ་གསང་།། དཀར་སེར་སྔོ་དམར་ལྗང་གུ་ནག། ཟངས་གྲི་ཐོད་པ་རྒྱུ་ཕྲེང་སྙིང་།། རང་སྔགས་བརྗོད་པ་ཐོད་པའི་གནས།། དམུས་ལོང་དྲུག ་ཅུ་བཅོ་ལྔ་ཕྱོགས།། ལྕགས་ཀྱུ་ཕུར་པ་ཁ་དོག་རིགས།། མགོ་བརྙན་སྤྲུལ་པ་ཅེ་སྤྱང་བརྒྱད།། མཐིང་ནག་གྲི་གུག་ཐོད་པ་ཁྲག། ལྕགས་སྤྱང་བརྒྱད་ཀྱི་ཁྲི་ལ་བཞུགས།། རང་གི་བརྒྱད་དང་ཡེ་ཤེས་བཅུ།། སྔགས་ལས ་གྲུབ་པའི་མེ་དཔུང་ཀློང་།། མགོ་དགུ་རྐང་གཅིག་ལྕགས་ཀྱུ་དཀར།། འོད་གཤོག་བརྒྱད་ལྡན་ཞགས་པ་སྔོ།། ཡེ་ཤེས་དྲུག་དྲུག་ལྕགས་སྒྲོག་དམར།། གསང་བ་གསུམ་ལྡན་དྲིལ་བུ་ལྗང་།། ཐོད་ཁྲག་སྔགས་སྒྲུབ་སྒོ ་བཞིར་གནས།། མེ་རླུང་འབྲུག་བརྒྱད་ཕྱོགས་བཅུར་ཁྱབ།། དུར་ཁྲོད་སྤྲུལ་པ་ཀུན་དང་རོལ།། དཀྱིལ་འཁོར་བརྒྱད་རྣམས་ཡོངས་སུ་གསལ།། མི་ཟོད་སྦྲུལ་དང་དུར་ཁྲོད་རྒྱན།། ཟུར་གསུམ་ལོགས ་གསུམ་ཁམ་རྒྱ་དྲུག། རིགས་མདོག་ཐོད་པ་གྲི་གུག་བཅས།། ཐོད་ཁྱམས་ལོང་བ་དམུས་ལོང་རྣམས།། གཡུ་འབྲུག་ལྕགས་རྟ་བ་གླང་དང་།། ཆུ་སྲིན་ལ་ནི་ཆིབས་སུ་མཛད།། ལེ་བརྒན་སེ་རལ་སྦྲུལ་དང་རླུང་།། སྐུ་ལ ་ན་བཟའ་རབ་ཏུ་གྱོན།། མེ་དཔུང་ཁྱུང་སྡེར་སྦྲུལ་ཞགས་སྙིང་།། དམུས་ལོང་སྤྱིར་ཡང་སྤྲུལ་པར་མཛད།། ཡེ་ཤེས་སྒྲོན་མ་ཕྱོགས་མཐུན་མཚམས།། མེ་དཔུང་ལྕགས་ཀྱི་སྦྲང་མོ་བརྒྱད།། ཡེ་ཤེས་སྤྲུལ་པའི་ཁྱི་བཅུར ་བཅས།། ཤར་དུ་མགོ་དགུ་རྐང་གཅིག་ནག། སྟ་རེ་ལྕགས་ཀྱུ་གཡོན་དང་བཅས།། ལྷོ་རུ་མགོ་བརྒྱད་རྡོ་རྗེ་ཕུར།། ནུབ་ཏུ་མགོ་དྲུག་ཕུར་པ་གཏོར།། བྱང་དུ་མགོ་གསུམ་སྙིང་དྲུག་ཟ།། མེ་འབྲུག་དམར་པོ་མེ་དང ་སྦྲུལ།། རླུང་འབྲུག་སྔོན་པོ་རླུང་ཐོད་སྤྲུལ།། རང་སྔགས་སྐུར་བྱུང་འཁོར་དུ་གནས།། ཞེས་གསུངས་སོ།། དབང་ཆེན་འདུས་པའི་རྒྱུད་ལས། འཁོར་གྱི་དཀྱིལ་འཁོར་ཡོངས་སུ་བསྟན་པའི་ལེའུ་སྟེ་བཅུ་གཉིས ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། མུཾ་ལཱ་བྷྲྀ་ཏཾ་མཾ་ཛ། ཨོཾ་པདྨ་ནྟ་ཀྲྀ་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ ་གྲཱི་བ་ཧྲཱིཿཛ། ཨོཾ་བཛྲ་ཛྙཱ་ན་སཏྭ་ཧཱུཾ། ཨོཾ་ཧ་ཧ་རུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཤ་ཧཱུཾ། སྥོ་ཊ་བཾ། ཨཾ་ཀུ་ཤ་ཛ། གྷ་ཎྜེ་ཧོ། ཨོཾ་བཛྲ་ཀྲོ་ཏ་ཨཱ་བེ་ཨཱཿཧཱུཾ་ཛ། ཨོཾ་ཀ་ཏི་ཀ་ཏཾ་བཾ་ཛ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཧཱུཾ་ཕཊ། ཨོཾ་པདྨ་ཤྲཱི་ཧེ ་རུ་ཀ་ཧཱུཾ་ཕཊ། བྷུདྡྷ་བཛྲ་ཨོཾ། སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཾ། དྷརྨ་བཛྲ་ཧྲཱིཿ། ཀརྨ་བཛྲ་ཧཱ། གུ་ཎ་བཛྲ་ཕཊ། ཨོཾ་ཤྭ་རཱི་ཁཱ་ཧི་ཧཱུཾ། ཤྭ་རཱི་ཁཱ་ཧི་ཏཱཾ། ཤྭ་རཱི་ཁཱ་ཧི་ཧྲཱིཿ། ཤྭ་རཱི་ཁཱ་ཧི་ཧོ། ཤྭ་རཱི་ཁཱི་ཁཱ་ཧི་ཧཱ། ཨོཾ་ཤྭ་རཱི་ཧཱུཾ། ཤྲཱི་ཁཱ་ཧི་ཏཱཾ། ཤྲཱི་ཁཱ ་ཧི་ཧྲཱིཿ། ཤྲཱི་ཁཱ་ཧི་ཧཱ། ཨོཾ་དཱིཔྟ་ཙཀྲ་ཤྭ་ན་མུ་ཁ་ཁུར་མོ་ར་ཁ་ཧཱུཾ་ཕཊ། ཀུ་རུ་ཀུ་རུ་ཡཀྵ་ཧཱུཾ་ཕཊ། ཀུ་ཀུ་ར་ཙ་ཁ་ལོང་ཁ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཏྲཱཾ་ཏྲཱཾ་ཕཊ། ཧཱུཾ་ཧྲཱིཿཧྲཱིཿཕཊ། ཧཱུཾ་ཧཱ་ཧཱ་ཕཊ། ཨོཾ་ཛི་ན་ལཾ་ཏེ་ཙ་ར་མ། ཡཀྐ་ཀུ་པ ་ན་ཙ་ཧཱུཾ་ཕཊ། འཁོར་གྱི་དཀྱིལ་འཁོར་གྱི་སྔགས་སོ།། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚ་ན། ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། སྐུའི་སྔགས་སོ།། ཨོཾ་པདྨ་བྷ་ཏ་སི་ཏི་ཧ་ཧེ་ཙཀྲ་བྷྱོ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། གསུང་གི་བསྙེན ་སྔགས་སོ།། ཨོཾ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱིཿཛ། ཐུགས་ཀྱི་བསྙེན་སྔགས་སོ།། ཨོཾ་ཧྲཱིཿཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡོན་ཏན་གྱི་བསྙེན་སྔགས་སོ།། ཨོཾ་ཧྲི་དི་མ་ད་རི་ཧ་ཡ་གྲཱི་ཝ་ཨེ་ཀ་ཛཱ་ཊི་ཧུ་ལུ་ཧུ་ལུ་ཧཱུཾ་ཛ་ཛ། ཕྲིན ་ལས་ཀྱི་བསྙེན་སྔགས་སོ།། གསང་སྔགས་ལྔ་པོ་འདི་དག་ལ།། གང་གིས་བསྙེན་པ་བསྐྱལ་བ་དེ།། རིག་འཛིན་ས་ལ་གདོན་མི་ཟ།། བདུད་དང་འབྱུང་པོ་སྨོས་ཅི་དགོས།། བཅོམ་ལྡན་འདས་པ་དེ་ཉིད་ཡིན།། དབང ་ཆེན་འདུས་པའི་ཏན་ཏྲ་ལས། སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོའི་ཕྱག་རྒྱ་འདི་དག་གསུངས་སོ།། རིགས་ལྔ་སྤྱི་ཡི་ཕྱག་རྒྱ་ཡིས།། རྡོ་རྗེ་དབྱིངས ་ཀྱི་དཀྱིལ་འཁོར་གསལ།། སྤྱི་གཙུག་རྒྱལ་བའི་ཚུལ་ཕྱག་འཚལ།། རྟག་དོང་ཞལ་གྱི་ཕྱག་རྒྱ་ཡིས།། རྟ་མགྲིན་བརྐྱང་བསྐུམ་སྲིན་པའི་ཕྱག། རིག་བྱེད་ལྕགས་ཀྱུས་ཕྱག་རྒྱ་ཡིས།། སེམས་དཔའ་བསམ་གཏན་མི ་གཡོའི་ཕྱག། ལུ་གུ་རྒྱུད་ཀྱི་འགྲོ་བ་འདུལ།། མ་མོ་འཛུམ་པའི་མདངས་དང་ལྡན།། རྣམ་པར་རྒྱལ་བ་ཁྱུང་གཤོག་རྫོགས།། ཀླུ་འབྲུག་འབྲོས་པའི་རྒྱ་དང་བཅས།། བརྐྱང་བསྐུམ་ཕུང་བ་ཧཱུཾ་མཛད་འདྲེན།། དྲང་སྲོང ་ཙོག་པུའི་ཚུལ་ཕྱག་འཚལ།། ལྷ་མོ་འཛུམ་མདངས་གཟི་དང་ལྡན།། དམ་ཚིག་སྦྱོར་བའི་ཚུལ་ཕྱག་བྱ།། ཀླུ་བྲོ་གར་ཕྱག་པདྨ་དབང་།། ཐལ་སྦྱར་མི་ཡི་ཕྱག་ཀྱང་འཚལ།། སྦྲུལ་ནག་ཞགས་པ་སྤྲུལ་པ་རྣམས།། དམ ་ཚིག་སྦྱོར་བའི་ཚུལ་དུ་བྱ།། དབང་ཆེན་འདུས་པའི་ཏན་ཏྲ་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་དང་དུ་བླང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས་འདི་གསུངས་སོ།། ཐོག་མར་ཤེས་པ་དམ་པ་སྟེ།། དེ་ཡང་ལུང་དང་མན་ངག་ཤེས།། མི་འཁྲུགས་སྦྱོར་བའི་རྒྱུ་བཙལ་ནས།། བརྡའ་སྐད་ཚོགས་ལ་མཁས་པའི་གིང་།། ལས་དང་ཕྱག་རྒྱ་ལེན་ཤེས ་ན། མང་པོའི་དོན་དུ་བྱེ་བ་རུང་། དགྱེས་པ་བསྐྱེད་དང་ཐུགས་དང་འཐད།། མཆོད་སྟོབ་རྡུལ་ཕྱག་འཁོར་དུ་བཅས།། ཏིང་འཛིན་མཆོག་དང་བཀྲ་ཤིས་ཤིང་།། ཡིད་འོང་ཉམས་དགའ་ལ་སོགས་པར།། དུས་དང་འཚོ ་བ་ལ་སོགས་བསྒྲུབ།། རིགས་དང་ཡོ་བྱད་མཚན་མ་དང་།། ལང་ཚོ་མན་ངག་གདན་པའི་དུས།། བཟའ་བ་བཅའ་བ་བཏུང་བ་བགོ། རབ་ཏུ་འབད་པས་གནོད་བྲལ་བའི།། དག་པའི་རྫས་ཀྱང་ལྡབ་ཏུ་བྱ།། མ་དག ་དམ་ཚིག་སྐོང་ཡོ་བྱད།། གོ་ཆ་སོགས་དགོད་དུད་པ་དང་།། འབྱུང་བཞིའི་ཁམས་ཀྱི་བཅུད་དང་བཅས།། བརྡའ་ཡི་བྱེ་བྲག་སྒྲ་སྒྲོག་པ།། མཆོད་དམ་སྐྱོ་བ་སེལ་བར་བྱེད།། སྒྲུབ་པ་སྐུ་དང་གསུང་ཐུགས་རྟེན།། བཀྲ ་ཤིས་དག་པ་སྒྲུབ་མཆོག་ཞིང་།། དེ་དག་དང་པོ་བཞི་རུ་ངེས།། དཀོན་མཆོག་མགོན་པོ་སྙིང་རྗེ་བགེགས།། མདོ་བཞི་ཐབས་ཀྱི་བར་ཆད་མཆོད།། རྒྱལ་པོ་ཁྲོ་བོའི་སྟངས་སྟབས་དང་།། དམ་སྲི་སྒོ་བྱང་མ་ཏྲཾ ་མནན།། རྒྱན་བསྡེབས་མེ་ཁྲག་སྟོང་པས་བསྲུང་།། དཀྱིལ་འཁོར་བྱུག་པ་ཚོན་ཐིག་གི། རྡོ་རྗེ་དྲིལ་བུ་སྐུ་རྫས་དགོད།། བླ་རེ་བཟའ་བཏུང་རྒྱན་གྱིས་བསྐོན།། རང་བཞིན་མེད་ལ་གོམས་པ་ཡིས།། ཅི་ཡང་འབྱུང་བའི ་ཆོ་འཕྲུལ་དུ།། གནས་རྫས་འཁོར་སོགས་རབ་ཏུ་གནས།། སྲི་མནན་འདྲེས་དང་མ་འདྲེས་ལ།། རང་བཞིན་དཀྱིལ་འཁོར་བསྐྱེད་པ་དང་།། ཡེ་ཤེས་དཀྱིལ་འཁོར་སྤྱན་ཡང་དྲང་།། བྲེང་ངེ་བ་དང་དུང་ངེ་བ།། ཤ་དྷ་བ ་དང་གྷ་ར་དྷ་བ།། ལྕང་ཀ་དེའུ་བང་དེའུ།། འཁོར་བ་སྦྱི་ནས་འདྲེན་པའི་བྲོ།། སྡུག་བསྔལ་ནད་མེད་ཐུགས་རྗེའི་བྲོ།། ཐུགས་ཀྱི་དབྱིངས་ནས་བསྐུལ་བའི་བྲོ།། ཡེ་ཤེས་རྒྱན་གྱི་བྲོ་བོ་ཆེ།། མ་མོ་མཁའ ་འགྲོ་འཁྲུགས་པའི་བྲོ།། ལངྐ་སྲིན་པོ་བསྒྲལ་བའི་བྲོས།། བདུད་བཞི་མ་ལུས་འཇོམས་པ་དང་།། འདས་དང་མ་འདས་དངོས་གྲུབ་ཐོབ།། དངོས་གྲུབ་བཟང་པོའི་མཚན་མ་ལ།། ཉམས་ལེན་པར་ཆད་གསལ་ཞིང ་བླང་།། སྤྱོད་ལམ་རྒྱུན་གྱིས་རྣལ་འབྱོར་པས།། མ་ཉམས་བལྟ་བའི་གདེང་དང་ལྡན།། ཞེས་གསུངས་སོ།། དབང་ཆེན་འདུས་པའི་ཏན་ཏྲ་ལས། བསྒྲུབ་པའི་དོན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས ་བཅོམ་ལྡན་འདས་ཀྱིས་ས་གཞི་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་གསུངས་སོ།། བླ་མ་དང་ནི་མཆེད་ལྕམ་ལ།། ལུས་ངག་ཡིད་ཀྱིས་གུས་པར་བྱ།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། ཡི ་དམ་ལྷ་དང་གསང་བའི་བཅུད།། མི་སྤང་སྣོད་ངན་སྤེལ་མི་བྱ།། འདི་ནི་སྐུ་གསུང་ཐུགས་ཀྱི་དམ།། གཟུངས་མ་མཚན་ལྡན་དང་དུ་བླང་།། ཞིང་བཅུ་ཡལ་བར་དོར་མི་བྱ།། ཁྱད་པར་རྫས་ལ་བླང་བར་བྱ།། བཅུད ་འཐིག་སྣོད་ངན་ངག་འཁྱལ་དང་།། ཚིག་རྩུབ་ལྟ་ངན་ཞེ་ཡང་བཅད།། གླང་པོ་མི་རྟ་བྱ་ཁྱི་དང་།། དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས།། མཱཾ་ས་པདྨ་རཀྟ་རྣམས།། དག་པའི་བདུད་རྩི་ཆེན་པོ་ཡིན།། ཉོན་མོངས་ལྔ་ཉིད་རྣམ ་དག་པས།། སྤང་བར་བྱ་བའི་རྒྱུ་ཡང་མེད།། རང་གི་ཕུང་པོ་ལྟར་ཤེས་ནས།། རིགས་ལྔའི་སངས་རྒྱས་ལོགས་ན་མེད།། ཡོན་ཏན་མཐའ་དག་ལྡན་གྱུར་ན།། བསྒྲུབ་ཅིང་དང་དུ་ཡོངས་ཀྱིས་བླང་།། རྒྱལ་བློན་ཕལ་པ ་ལྷ་སྲིན་ལྡང་།། ནད་མང་ནོར་འབྲི་ཚེ་ཐུང་བས།། མྱུར་དུ་གསོ་བའི་ལས་ལ་འབད།། མཆོད་པ་སྣ་ཚོགས་གཏོར་བསྐང་བས།། རྩ་བ་ལ་ནི་གསུམ་ཡིན་ཏེ།། ཡན་ལག་རྒྱུན་དུ་བསྐང་བ་དང་།། རྩ་བ་ཉམས་པའི་རྣལ ་འབྱོར་པས།། བསྐལ་པ་གཅིག་གཉིས་གསུམ་བར་དུ།། རྡོ་རྗེའི་དམྱལ་བར་སེམས་རྒྱུན་འཚིག། ཡན་ལག་ཉམས་ན་ངན་འགྲོར་ལྟུང་།། ཚེ་འདིར་བསམ་པ་འགྲུབ་པ་དང་།། ཕྱི་མར་སངས་རྒྱས་ས་ལ་འགྲོ།། དེ་ཕྱིར ་རྣལ་འབྱོར་དམ་ཚིག་བསྲུང་།། ཁྱད་པར་སྒྲུབ་པ་བྱེད་པའི་ཚེ།། ལུས་ངག་ཡིད་ཀྱི་བྱ་བ་ཡིས།། སྟོན་པའི་བཀའ་བཞིན་བསྲུང་བར་བྱ།། དེ་བས་མ་ཡི་ངག་ལྟར་ཉོན།། དབང་ཆེན་འདུས་པའི་རྒྱུད་ལས།། དམ་ཚིག་གི ་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བརྟུལ་ཞུགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། ཁྱུང་ཆེན་བརྟུལ་ཞུགས་ལྟ་འཕང་བཅད།། གླང་ཆེན་ལྟ་བུར་སྤྱོད ་པ་དོར།། ཝ་ལྟར་ཆོས་དང་མི་མཐུན་དོར།། གྱི་ལིང་ལྟ་བུར་བརྩོན་འགྲུས་མྱུར།། ཁྱི་ཕག་ལྟ་བུར་གཙང་སྨེ་སྤང་།། བུ་ཆུང་ལྟ་བུར་བླང་དོར་བྲལ།། སྨྱོན་པ་ལྟ་བུར་འཇིགས་མེད་སྤྱད།། བུང་བ་ལྟ་བུའི་བདུད་རྩི ་བླང་།། དྲང་སྲོང་སྤྱོད་པས་བརྩོན་འགྲུས་བསྒྲུབ།། བུ་བཞིན་མ་ཡི་ངག་ལ་སྤྱད།། དཀའ་བ་ཐམས་ཅད་དང་དུ་བླང་།། བགེགས་དང་འབྱུང་པོ་ཐོག་བརྫིས་བྱ།། ལུས་ངག་ཡིད་གསུམ་ལྷ་སྐུར ་སྦྱར།། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས།། ཁམས་གསུམ་ཁྲོན་ཏུ་བརྐོ་བར་བྱ།། ཁྱི་ཡི་བརྟུལ་ཞུགས་ཆེན་པོ་ཡིས།། བདུད་རྩི་ཟས་སུ་ཟ་བར་བྱ།། རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཀྱིས།། རྟ་སྐད་ཐེངས་གསུམ་འབོད་པར ་བྱ།། དཔལ་གྱི་རྟ་སྐད་ཆེན་པོ་ཡིས།། ཡང་དག་སྐུ་གསུམ་དབྱིངས་ནས་བསྐུལ།། མ་མོའི་བརྡའ་སྐད་སྦྲན་པ་ཡིས།། བརྡའ་སྐད་ཀློང་རྡོལ་ལས་ལ་རྦད།། རྣལ་འབྱོར་གསང་བ་བརྡའ་སྐད་ཀྱིས།། མཉམ་དང་བསྐུལ ་དང་རྟགས་ཙམ་འཛིན།། ཤ་རུལ་དོང་དུ་བཅུག་པ་ལ།། ཤ་སྦྲང་ཤིན་ཏུ་འདུ་བ་དང་།། སྦྱང་དང་ལུག་བཞིན་བྲེད་པ་དང་།། ཁྱི་དང་ཕག་བཞིན་རྦད་པར་འགྲོ།། དཔལ་གྱི་ཕེཾ་བརྡབས་ཧཱུཾ་སྒྲ་ལས།། བསྒྲུབ་པའི ་དབྱངས་དང་ཚངས་པ་ཡིས།། ཞིང་ཁམས་རི་རབ་རྩེ་ལ་བླངས།། གསུམ་ཞེས་བྱ་བ་དགུ་ཡི་ཆོས།། ལྟ་བ་སྤྱོད་དང་བསྒོམ་པ་དང་།། འབྲས་བུ་བཞིན་དུ་གར་གྱུར་པ།། རྦད་པས་ཐལ་བ་བཞིན་དུ་རློག། ལྷ་སྲིན་ཐམས ་ཅད་དབང་དུ་སྡུས།། དཔལ་གྱི་སྐུ་དང་གཉིས་སུ་མེད།། འདི་ནི་རྣལ་འབྱོར་སྤྱོད་པ་ཡིན།། དབང་ཆེན་འདུས་པའི་རྒྱུད་ལས།། སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས ་ཀྱིས་ནམ་མཁའ་དངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། སྔགས་ལ་རྒྱུ་འབྲས་ཐམས་ཅད་ཀྱང་།། ཆོས་རྣམས་རྒྱུ་འབྲས་མི་བསླུ་བས།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས།། གར་གྱི ་དབང་ཕྱུག་སྐུར་གསལ་བ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། ཐམས་ཅད་གཅིག་ཏུ་བསྡུས་པས་ན།། རྡོ་རྗེ་པདྨ་འཛིན་པའོ།། དེ་ཡི་ཐུགས་ཀར་ཀུན་རྫོབ་ནས།། སྐུ་གསུམ་ལྷུན་གྱིས་གྲུབ་པས་ན།། ཟག ་པ་མེད་པའི་འཕྲོ་འདུ་འགྱེད།། རིན་ཆེན་གཡུ་ཡི་ཆུ་མིག་ལ།། ཡིད་བཞིན་བདུད་རྩི་བབས་པ་ལས།། སྐལ་ལྡན་གང་ཞིག་བསྒྲུབ་པ་ནི།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཆོས་ཉིད་སྐྱེ་མེད་རྒྱ་མཚོ་བཞིན།། མི་སྐྱེ ་མི་འགག་མི་གཡོ་དང་།། དྲངས་ཤིང་རྟོག་མེད་རྒྱ་མཚོའི་དབྱིངས།། རྒྱུ་མའི་ཕྱག་རྒྱ་གསལ་བ་ནི།། དཔལ་ཆེན་ཡུམ་ནི་ཆོས་ཀྱི་སྐུ།། ངོ་བོ་ཉིད་ཀྱིས་གཉིས་སུ་མེད།། དངོས་པོའི་ཚུལ་གྱིས་སྦྱོར་ཞིང་འཁྲིལ།། འཕྲོ ་འདུ་བྱང་སེམས་འོད་ཟེར་ནི།། གསང་ཡུམ་ཕོ་ཉའི་ཚོགས་ལ་སོགས།། དངོས་པོ་སྦྲུལ་སྐུ་སྤྱིར་སྣང་མོད།། དོན་འདུས་ཆོས་དབྱིངས་རྒྱ་མཚོ་འདྲ།། དེ་ལ་སྤྲོས་ཀྱང་འཕེལ་འགྲིབ་མེད།། ལྟ་བ་རྒྱ་མཚོའི་རིན་ཆེན ་བཞིན།། དེ་བསྡུས་ཉུང་ཞིང་འགྲིབ་པ་མེད།། རྒྱ་མཚོའི་རླབས་ལྟར་དབྱིངས་སུ་ཐིམ།། འདི་རྟོགས་རྣལ་འབྱོར་སྐལ་བར་ལྡན།། སྤྱོད་པ་མཁའ་ལ་སྤྲིན་ཚོགས་ལྡིང་།། ཇི་ལྟར་བལྟས་ཀྱང་དབྱིངས་ན་ཡིན།། ནམ ་མཁའ་བྱ་བཞིན་ལྟུང་གནས་མེད།། དམ་ཚིག་ལྡན་པའི་རྣལ་འབྱོར་པས།། ངེས་པའི་དོན་རྟོགས་གནས་རབ་བགྲོད།། ཅེས་གསུངས་སོ།། དབང་ཆེན་འདུས་པའི་རྒྱུད་ལས། ལྟ་བ་གཡུའི་ཆུ་མིག་གི ་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་པཱུ་ཛ་སྣ་ཚོགས་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། མེ་ཏོག་བདུག་པ་མར་མེ་དྲི།། དཀར་སེར་དམར་ལྡང་ལྷ ་མོ་ཡིས།། སྤྱན་ཤངས་ཐུགས་ལ་དབུལ་བར་བྱ།། ཚད་མེད་བཞི་དང་ལྡན་པར་འགྱུར།། ཨཱིཾ་ནཱ་མཿསརྦ་ཏ་ཐཱ་ག་ཏ། དུཥྤེ། དྷཱ་ཡེ། ཨཱ་ལོ་ཀེ་གནྡྷེ། པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ལྷ་མོ་གཟུགས་མཛེས ་མ།། རིན་ཆེན་ལྷ་མོ་དཔལ་འཕྲེང་ཅན།། པདྨའི་ལྷ་མོ་གླིང་བུའི་སྒྲ།། ལས་ཀྱི་ལྷ་མོ་གར་མཁན་མ།། ཡེ་ཤེས་བཞི་དང་མཉམ་པར་རོལ།། ཨོཾ་ཨཱཿཧཱུཾ། ལཱ་སྱེ་ཧཱུཾ། མཱ་ལེ་ཏྲཾ། གིཏྟི་ཧྲཱིཿ། ནི་ར་ཏི་ཨ། འཁོར་ལོ་རིན་ཆེན ་མུན་པ་སེལ།། གླང་པོ་རིན་ཆེན་སྟོབས་དང་ལྡན།། བློན་པོ་རིན་ཆེན་དམ་ཆོས་སྐྱོང་།། བཙུན་མོ་རིན་ཆེན་དབྱིངས་དང་ལྡན།། རྟ་མཆོག་རིན་ཆེན་རྫུ་འཕྲུལ་ཤུགས།། ནོར་བུ་རིན་ཆེན་ཕོངས་པ་སེལ།། དམག་དཔོན ་རིན་ཆེན་བདུད་བ་ཞི་འདུལ།། རྒྱལ་སྲིད་མཆོད་པ་བླ་ན་མེད།། རཏྣ་པཱུ་ཛཱ་མེ་གྷ་ཧཱུཾ། དཔལ་ལྡན་པདྨ་ལྕང་ལོ་རུ། གླང་པོ་མི་རྟ་བྱ་ཁྱིའི་ཤ། སངས་རྒྱས་ཡེ་ཤེས་འོད་ཟེར་འཕྲོ།། དམ་རྫས་ལྷ་ཡི་མཆོད་པ ་འདིས།། མངོན་པར་ཤེས་པ་ལྔ་ཐོབ་བྱེད།། ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལི་ཏ་བ་ལ་བ་ཏི་གྷུ་ཧྱ་ས་མ་ཡེ་སྭཱ་ཧཱ། དཔལ་གྱི་ཞལ་བུ་ཕོ་བྲང་དུ།། རང་བྱུང་རྣམ་དག་བདུད་རྩི་ལྔ།། རིན་ཆེན་རྣམ་སྣང་ཆོས་ཀྱི་དབྱིངས།། བྱང ་སེམས་ཞེ་སྡང་མེ་ལོང་ཐུགས།། མཱཾ་ས་མཉམ་ཉིད་རིན་ཆེན་རིགས།། པདྨ་རཀྟ་འོད་དཔག་མེད།། དྲི་ཆུ་ཆེན་པོ་བྱ་བ་གྲུབ།། དུག་ལྔ་ཡེ་ཤེས་ལྔར་རྟོགས་བྱེད།། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞིང་གི་ཆོས ་དབྱིངས་རྣམ་པར་དག། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དུ།། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་བྱ་ཐོས་ཀྱི་ལོངས་སྤྱོད་རྣམས།། དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ།། ཡེ་ཤེས་ལ་ཡང་ཡེ་ཤེས་རོལ།། ཆོས་ཉིད ་ལ་ཡང་ཆོས་ཉིད་བཞེས།། ཀུན་ཏུ་བཟང་པོས་མཉེས་གྱུར་ཅིག། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྲ་མུ་ཁེ་བྷྱཿ། སརྦ་ཐ་ཁཾ་ཨུངྒ་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་མ་ཁཾ་སྭཱ་ཧ། བདག་རྟོག་ཕུང་ཁམས་སྤྱོད་ཡུལ་རྣམས།། ཡེ་ཤེས་ལྷ ་དང་གཉིས་མེད་པས།། དགྱེས་པར་རོལ་པའི་མཆོད་པ་འདི།། གཉིས་མེད་བླང་དོར་མེད་པར་བཞེས།། འཁོར་བ་མ་རིག་མུན་པ་ལས།། སྟོབས་ཆེན་ཡོངས་སྒྲལ་ཤ་དང་ཁྲག། དགྱེས་པར་རོལ་པའི་དམ་རྫས ་ཀྱིས།། སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་།། དབང་ཆེན་འདུས་པའི་རྒྱུད་ལས་མཆོད་སྦྱིན་དམ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་སྣ་ཚོགས་གསལ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། གང་གི་ཚེ་ཉམས་ཚེ་ཡར་བ།། དྲོད་ཚད་ལྡན་པའི་སློབ་དཔོན་གྱིས།། དཀྱིལ་འཁོར་རྩིབས་དྲུག་གང་རུང་ཡང་།། བུམ་པ་ཞལ་ཟས་རྫས་བཤམས་ཏེ།། གཟི ་ལྡན་མ་དང་ཁམ་རྒྱ་དྲུག། གཤོག་པའི་མ་མོ་བཞི་བསྐྱེད་ནས།། ཚེ་བསྐུལ་བསྒྲུབ་དང་གུག་པ་དང་།། གཟུང་དང་བསྟིམ་དང་སྦ་བ་དང་།། དབང་བསྐུར་དངོས་གྲུབ་བླང་བ་དང་།། རྒྱས་བཏབ་ལྷ་དང་ཚེ་ཚད ་མཉམ།། ཨཱིཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཨུཛྫ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། སརྦ་སཾ་སྐ་ར་པ་རི་ཤུདྡྷི་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། གང་གི་ལས་ཀྱིས་ཚེ། ་འཕོག་པས།། དངོས་གྲུབ་ཆེན་པོ་བལྟ་བ་གཅད།། རིན་ཆེན་གའུ་རིན་ཆེན་བླངས།། མཆོད་སྦྱིན་སྲེད་པ་ཆེན་པོ་བྱ།། གཞལ་ཡས་ཁང་དུ་བྷྲཱུཾ་ལས་བསྐྱེད།། རྡོ་རྗེ་རོལ་མོའི་གར་གྱིས་ཁྱེར།། དྲི་ཞིམ་དག་གི་ཆུ་ཡིས ་བཀྲུ།། བར་དོའི་ཤེས་པ་བརྟེན་ལ་དགུག། ངན་སོང་སྦྱོང་བའི་བྲོ་ཡིས་སྦྱོང་།། སྐབས་གསོལ་སེམས་ལྡན་དཀྱིལ་འཁོར་གཞུག། ལྷ་དང་རིག་པ་མཁའ་ལ་གཞུག། དགྲ་དང་བགེགས་ཀྱི་ཤེས་པ་བསྟིམ།། དུག ་གསུམ་འཁོར་བའི་ཆུ་ལས་བསྒྲལ།། ལྷ་དང་མཆོད་པའི་དམ་རྫས་བསྐྱེད།། ལས་ངན་སྡིག་སྒྲིབ་མེ་ལ་སྦྱང་།། ཐལ་བ་སྐུ་གདུང་མཆོད་པའི་རྟེན།། གཤེད་ལྕགས་ལྡང་པ་མེད་པར་མནན།། ལོངས་སྤྱོད་བདག་ཉིད ་རོལ་བ་ཡིན།། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀ་ཧྞ་གྲཱྀ་ཧྞ་ཧཱུཾ། བྷྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ།། བྷ་ག་ཝཱ་ན། བིདྱ་ར་ཛཱ་ཡ་ཧཱུཾ། ཧྲཱི་ལས་བྱུང་བ་དམར་མོའི་སྐུ།། གྲི་གུག་ཐོད་པ་ཕྱག་ན་བསྣམས།། ནེའུ་ལེའུ་རྐྱལ་བ་མཚན ་ན་བསྣམས།། རྡོ་རྗེའི་སྔགས་ཆུ་བདག་ཉིད་བཏུང་།། ཟས་ནོར་འདོད་པས་མཆོག་ཏུ་སྔགས།། ཨོཾ་ཛམྦྷ་མོ་ཧི་ཧི་ཐི་ཧྲི་ད་ཡ་མ་བར་པ་ནི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་དྷི་བེ་མོ་ཧེ་ཐི་བི་ནི་རི་ཧ་མ་མ་བ་སུ་པུཥྚིཾ་ཀུ་རུ་ཧྲིང་ཛ། གནོད ་སྦྱིན་མོ་ནི་ནོར་འཁྱིལ་མ།། མོན་ནག་སྤྱན་དམར་གཡས་པ་ན། རིན་ཆེན་བུམ་པ་ཐུགས་ཀ་ན།། གཡོན་པ་ནེའུ་ལེ་རིན་ཆེན་སྐྱུགས།། གོས་ནོར་ཟས་ཀྱི་བདག་མོ་ཡིན།། ཚངས་བུ་ལན་བདུན་གསུམ་དུ་ནི།། ཁྱིམས ་དང་སྐྱེ་རགས་གཙང་མའི་ས།། ཨོཾ་ཏདྱ་ཐཱ་ཨ་ན་ལེ་ཀུཎྜ་ལི་བྷ་ན་བི་ཤ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ན་མོ་ཁྲ་མོ་ཁྲི་ཡེ་སྭཱ་ཧཱ། ཨོཾ་ན་མ་ཁྲི་ཁ་མུ་མ་ཧཱ་ཁྲ་མོ་མ་ཧཱ་ཙི་ན་ཡེ་སྭཱ་ཧཱ། ལྟས་ངན་འདི་ཡང་བསྒྲུབ་ཁང་དང་།། རྟོལ་མོ་རོག ་མོ་ལ་མཛེར་ཅན།། སྲིན་པོའི་ལག་པ་འཕར་སྦྱང་ལྕེ།། རྫས་སྣ་གསུམ་གྱི་རིལ་བུ་བྱ།། གཏོར་མ་དུས་དྲུག་རང་ཉིད་ཀྱང་།། ཚ་བའི་ཟས་སོགས་ཤ་ཆང་བཟའ།། སྟག་གཡག་སྐྱེས་པ་བུད་མེད་ཞོན།། མདུན་དུ་མི་ལ ་བྲིད་པའི་སྐུ།། མི་སྨྲ་མི་འཕྲོ་མི་ཡུར་ཞིང་།། ལྷ་བསྙེན་གོང་དུ་སོང་པས་བཟླས།། རྫས་མེད་གྲུབ་པར་མི་འགྱུར་རོ།། ཤན་ནི་པ་སིན་ཏྲ་ས་མ་ཡ་ཛ། ཤད་ནེ་མ་སེན་ཏ་མ་ར་ཡ་ཕཊ། མཱ་ར་ཡ་ཛ། ཆེ་གེ་མོའི་ཙིཏྟ་ལ ་ཆུམས།། ཐུམས་ལིང་།། རྦད་སུ་ལིང་། ཤང་ཤན་རྒྱུག་རྒྱུག། རྒུད་རྒུད་ས་མ་ཡ་ཕཊ་ཛ། གང་གི་རྐང་ལག་རེང་བྱེད་པ།། སྣག་ཚ་ནང་དུ་མཚོན་རྩེ་བརྡར།། རབ་པོ་འཁོར་ལོ་རབ་གནས་བྲི།། དབང་གི ་སྐུར་བསྒོམ་བཟླས་པས་འགྲུབ།། ཨཱ~ཾ་ན་ཏྲ་མུ་ལ་ནི་སྭཱ་ཧཱ། མ་མ་སརྦ་དུ་ཁྲ། མུ་ཁ་སྟཾ་བྷ་ཡ། ཧ་ས་ཏ་བྷན་ཐཱ་ཡས་ཐད་བྷན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་གོ་ཆ་གོན་བྱེད་པ།། རིམ་པ་བཞི་པའི་འཁོར་ལོ ་ལ།། རྡོ་རྗེ་རྡོ་རྗེའི་ག་ལོགས་བྲི།། ཀ་དང་ཀ་ཡི་ཡ་ཏ་ཅན།། འཆང་ལ་བསྲུང་བའི་མིང་གིས་བསྐོར།། སྔགས་བཅས་རྡོ་རྗེ་ཕྱེད་པ་བཟློག། བྲིས་ན་བཏགས་ན་སྲུང་བའི་མཆོག། རྡོ་རྗེའི་གོ་ཆ་བླ་ན་མེད།། ཨོཾ་ཀྲུ་ཡི་ཝ ་ཁར་ལྕེ་མ་ར་ཐཾ་སུཾ་འབྱུང་ཀླ་གཙང་ནི་རྣམ་པ་དུག་རྣམས་བཟློག། ཡུལ་ཁམས་རབ་ཏུ་སྲུང་བྱེད་པ།། རིན་ཆེན་རྫ་ཡི་གའུ་རུ།། དཀར་གསུམ་མངར་བའི་རྣམ་པ་དང་།། ཡེ་ཤེས་ལྔ་དང་འཇའ་ཚོན་ལྔ།། སྐུ་དག་སྲིན ་མོའི་འོ་མ་དང་།། སྔགས་ཀྱི་འབྲུ་གུ་རྨུ་ཡི་དཀར།། དེ་ནི་སེར་བའི་གདོང་དུ་གཏད།། སིར་བའི་ཁལ་རྟ་མགོ་བཅད་དེ།། རིལ་བུ་སྔགས་རྫས་རྒྱས་བཏབ་ནས།། གཤེད་ཀྱི་ཐོད་པ་སྟེང་དུ་སྐྱོན།། སེང་སྒོ་སེར་བའི་སྲང ་ཡང་བཅད།། དྲོད་ཀྱི་དཔག་བསམ་གཞུ་བྱ་སྟེ།། དྲག་པའི་མདའ་ལ་བཙན་བྱའི་སྒོ།། སྲིན་གྱི་རྔ་མས་རྒྱུད་སྦྱར་ཏེ།། གདོང་བཟློག་མདེའུ་རྩེ་གནམ་དུ་གཏད།། བདག་ཉིད་རྟག་དོང་ཨོཾ་ཚུགས་བསྒོམ།། ཨོཾ་ཀ་ཛ་ཏི་ཕོ ་ཉར་མངག། དྲག་པོའི་རྫས་སྣ་ཚོགས་ཚད་ལ།། བསྙེན་ཅིང་གདོང་དུ་གདབ་པར་བྱ།། ཨོཾ་ཏདྱ་ཐ་ཙ་ཏི་ཙ་ཏི། གུ་གུ་ཏི། ཤ་ར་ཤ་ར་ཤུར་ཤུར། མ་ལི་མ་ལི། ཀྱི་ལ་ཀྱི་ལ་བྷྱོ་བྷྱོ། སུ་པྲ་ཏི་ཛ་ཡ། མི་ལི་མི་ལི། མ་མ་རུ ་ལུ་རུ་ལུ། ཧཱུཾ་བྷྱོ་ཧཱུཾ་ཕཊ་ཏ་ར། ཨོཾ་ན་ག་ཤེ་དུ་མ་པ་ཤེ། ནན་ཏི་ས་མ་ཡ། ཤཱཀྱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་འབྲུག་ཐོག་ཕྱིར་རུཾ་སྭཱ་ཧཱ། ཞིང་བཅུ་བསྒྲལ་བའི་ལས་བྱ་ན།། རིན་ཆེན་དབང་གི་གཞོང་པ་རུ།། པདྨ་རཀྟ་མཚལ་ཆེན ་དང་།། ཟེ་མ་ཀ་ལ་བིར་འདྲའི་སྙིང་།། འདོད་ཆགས་རང་གཤེད་ཟོད་པ་རུ།། ཁྲག་དུག་སྙིང་སྣ་མང་པོའི་སྙིང་།། བྱ་མོ་ནག་མོའི་གྲི་སྙིང་ནང་།། དོན་པོ་ལེབ་རྒན་ཁ་ཡང་བཅད།། མདུན་དུ་མུཾ་ལས་བྱང་ཆུབ ་མ།། དམར་སེར་གྲི་དང་བྷན་དྷ་བསྣམས།། མ་མོ་ནག་མོ་དུན་བྷྱོ།། མ་མོ་དུན་ཏིང་མ་ལས་ལ་དུན་བྷྱོ།། ཏྲག་རཀྵ་ཛ་མུན་ཏི་སྙིང་ཤད་ཤད་ནརྀ་ཛ་དུན་བྷྱོ།། འུར་སྐམ་མེ་ཤ་རཾ་ཁ་ཁ་ཧ་ཧ་གྲ་ཏ་ཧྲི་ཛ་ཛ། ཙ་ཐུན་མཱ་ར ་ཡ་ཐུན་སོད། ཤག་ཐུན་མཱ་ར་ཡ་ཐུན་སོད། རུ་རུ་རག་མོ་མཱ་ར་ཡ་ཐུན་སོད། མ་མ་མུག་ཏི་གྷྲི་ན་ཐུན་སོད། མ་མ་ཤ་ཐུན་ཏི་ཐུན་སོན། མ་མཐུན་ཐུན་མཱ་ར་ཡ་ཐུན་སོད། ཤག་ཤག་མཐུན་མུག་ཤག་ཐུན་སོད། མ་མ ་རག་མོ་མ་ཏི་ཛ་ཛ། རཀྟ་རུ་རུ་ཙ་མུན་ཏི་ཀི་ལ་ཡ་རྦད་ཟད། ཏྲག་རཀྵ་ཙ་མུ་ན་ཏི་ཀི་ལ་ཡ་རྦད་རྦད། མ་མ་སྙིང་ཁར་ག་ནརྀ་ཛ། པ་ལ་ནི་ས་ནི་མུགས་མུགས། རག་མོ་ནི་ཧེ་ཧེ་ཛ། ཟུམ་རི་ལི་རྦད་རྦད། ཏྲག་རཀྵ་མུ་ཏྲ ་སྙིང་ཁ་རག་མོ་དུན་བྱོ།། སྲིད་གསུམ་པར་དུ་སྡུད་པ་ཡི།། བདག་ཉིད་དམར་མོ་ཉིད་དུ་བསམ།། མདའ་དང་ལྕགས་ཀྱུ་གཞུ་དང་ནི།། ཨུཏྤལ་འཛིན་མ་བསམ་ལ་བཟླས།། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ་འབུམ་ཁྲི་བྱེ་བ་བདུན་འབུམ་གྱིས།། ཕྱུག་བདག་ལྷ་མིན་རྒྱལ་པོ་དང་།། སྐྱེ་དགུའི་འཇིག་རྟེན་དབང་དུ་གྱུར།། དམ་ལ་མི་གནས་བསྒྲལ་བའི་ཞིང་།། ཕོ་མོ་ཐོད་པ་དམར་ནག་ཏུ།། ཁྲག་དུག་སྙིང་སྣའི་རྫས་ལ ་འདོད།། དང་པོར་བཅུ་པ་བསྒྲིམས་ཏེ་གྲངས།། གཟེར་རམ་ཁོང་ཁྲག་ཡོད་གྱུར་ན།། དགོས་པའི་སྔགས་བྱང་འབྲུ་གཅིག་དབྱུང་།། བཅུ་གཉིས་དག་ཏུ་གཏོར་བའོ།། བླ་དགས་དག་ནི་བྱུང་གྱུར་ན།། བཅུ་གསུམ་དག ་ཏུ་རྦད་བྷྱོ་བཟློག། ཤན་དམར་གློ་དམར་རྟགས་བྱུང་ན།། དགུ་པ་གཏོར་ལ་འབྲུ་གཅིག་དབྱུང་།། ཁྱི་ནག་མ་མོ་བཟློག་གྱུར་ན།། ལྔ་དང་དྲུག་པ་མཐའ་བརྟུལ་དབྱུང་།། བདུན་དུ་གཏོར་བ་མན་ངག་ཡིན།། ཐོག་མར ་འབྲུ་བཞི་འཁོར་ལོའི་སྔགས།། བཅུན་ཡིན་བཅུ་པས་ཆོ་འཕྲུལ་འཇིལ།། ལྔ་རུ་གཏོར་བ་མན་ངག་ཡིན།། མུན་ལྟར་གཏིབས་པའི་མ་མོ་དམར།། ལྕགས་ཀླུ་ཞགས་ཐོགས་སྔགས་འདི་ཡིན།། མུ་རཀྑ་ཛ་མུན་ཏི་ཁ་ལ ་བྷྱོ་རྦད།། རླུང་སེམས་སྲོག་རྩོལ་ལྡན་པ་ཡིས།། སྲིད་གསུམ་སེམས་ཅན་ལས་ལ་སྤྱོད།། སྲིད་པའི་བར་དོར་གནས་པ་ཀུན།། པདྨ་དབང་ཆེན་ཁྲག་འཐུང་གིས།། རིགས་དྲུག་བཀུག་ལ་རྟེན་ལ་བསྟིམ།། སྐྱབས་གསོལ ་སེམས་བསྐྱེད་ས་ལ་བཞག། དཀྱིལ་འཁོར་གཞུག་པ་གཉིས་པ་སྟེ།། བསྙེན་པར་སྣང་བ་བྱ་བ་དང་།། ཉེ་བསྙེན་དང་ནི་བསྒྲུབ་པ་དང་།། སྒྲུབ་ཆེན་ཐོབ་ནས་སྐུ་གསུམ་གྱི།། ས་ལ་བཞག་པ་བདུན་པ་སྟེ།། བག་ཆགས ་ལས་ངན་བྱང་བའི་སྔགས།། ངན་སོང་རིགས་དྲུག་གཞོམ་པར་བྱ།། ཨཱ~ཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་སརྦ་དུ་རྒ་སརྦ་ག་མེ་སརྦ་ཀླེ་ཤ་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པར་བིད་ཁརྒ་ཙྪིནྡ་ཧཱུཾ་ཕཊ། ཚོན་སྣ་ལྔ་ལྡན་སྲད ་བུལ།། རྡོ་རྗེ་གསུམ་གདབ་མདུད་པའི་རྒྱ།། ཡེ་ཤེས་ལྷ་བསྟིམ་པོའོ་ཞུ་ནས།། སྐྱབས་འགྲོ་གསོལ་གདབ་ལུས་ལ་གདགས།། གྲོ་ག་ཤིང་ཤུན་དྲི་ལྡན་ཆུས།། ཡི་དམ་སྔགས་དང་ཕྱག་རྒྱ་བྲིས།། རབ་ཏུ་གནས་ཏེ་གང ་ཡིན་ལ། བཏགས་ན་གདོན་བགེགས་འཇོམས་པར་ནུས།། སྤྲིན་མེད་དྲངས་པའི་ཆོས་དབྱིངས་སུ།། ཚེ་ཡི་ཕྱག་རྒྱ་བཞི་བཅིངས་ནས།། དེའི་ཚེ་ཐུབ་དང་མི་ཐུབ་པའི།། བར་ཆད་ངེས་པར་བརྟག་པར་བྱ།། ཚེ་བསླུ་ཚེ ་བསྐྱེད་ལ་སོགས་པས།། རྣལ་འབྱོར་ཚེ་སྲོག་བརྟན་པར་གཟུང་།། རང་རིག་བསྒོམ་ལ་གཞོལ་བ་ཡིས།། མདུན་གྱིས་དམིགས་པ་འགུལ་གྱུར་ན།། ཧཱུཾ་གི་སྒྲ་དང་སེམས་སུ་བཅས།། ཡི་དམ་ལྷ་ཡི་ཐུགས་ཀར ་འགྲོ།། དང་པོ་ཞི་བའི་དུས་ཉིད་དུ།། ཤར་དུ་ཁ་བལྟས་ནམ་མཁའི་གནས།། བཅོམ་ལྡན་མགོན་པོ་ཆེ་དཔག་མེད།། མདོག་དཀར་བདུད་རྩི་ལྷུང་བཟེད་བསྣམས།། སྤྱན་དྲངས་མཆོད་པ་ཕུལ་ནས་ནི།། བདུན་པོ་རྣམ ་དག་མཉེས་བསམས་ནས།། གཡས་ཀྱི་རླུང་གིས་དངོས་གྲུབ་བསྐུལ།། གཡོན་གྱི་རླུང་གིས་བླངས་ནས་ནི།། རང་གི་ཐུགས་ལ་བསྟིམ་པ་དང་།། ཤིན་ཏུ་བརྟན་པར་བྱ་བ་དང་།། མི་གཡོ་འཆི་མེད་ཐོབ ་པའི་སྔགས།། ཉི་ཤུ་རྩ་གཅིག་གྲངས་དང་བཅས།། ཨོཾ་ཨཱ་ཡུ་ཥེ་ས་ར་ཧ་ག་ར་རི་ཤ་ར་རི་ཧཱུཾ་ཕཊ་སྭཱ་ཧཱ། ཨཱིཾ་ཨ་མ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨཱིཾ་མ་ཧཱ་ཨ་མ་ར་ཨཱ་ཡུར་ཛྙཱ་ན་བྷྱཱཾ་ཧཱུཾ། ཨཱིཾ་ཨ་མ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ།། གང ་གི་ཆུང་ཚེ་འཕེལ་བྱེད་པ།། སྒྲ་མེད་བྱ་ཡི་སྒྲོ་དང་ནི།། བྱང་ཆུབ་འཕེལ་བའི་དཔག་བསམ་ཤིང་།། རོ་དང་ལྡན་པའི་གསེར་མདོག་དང་།། ཟ་བྱེད་ཕྲ་མོའི་སྡེར་མོ་དང་།། རབ་ཏུ་གཅེས་སོགས་རྫས་བཅངས ་ཏེ།། གནམ་གཏའ་ཆོས་ཀྱི་དབྱིངས་སུ་སྦ།། བར་གཏའ་ལྷ་སྲིན་སྲོག་ལ་བཙུན།། ས་གཏའ་སྲིད་ཀྱི་ས་གཞི་གཟུང་།། འཇམ་པ་པོ་དང་རི་དྭགས་རྒྱལ།། ཛ་མི་ཀ་སོགས་བརྟག་པར་བྱ།། རྒྱལ་བ་སེན་ས་བདག་གཅུད ་ལ་བོར།། མེད་བཙལ་ཡོད་གསོ་ཤི་འཕྲོག་ཅོད།། བྱ་གདོན་མངལ་ཁ་ལ་སོགས་པས།། སྲའུ་གསོ་བ་བླ་ན་མེད།། འགོ་བའི་ལྷ་ལྔ་བསྟེན་པར་བྱ།། ཨཱིཾ་ཨཱ་ཡུརྞྞ་ན་བྷྱཱཾ་སྭཱ་ཧཱ། ཟླ་བ་ཞག་ལ་སོགས་པ་ཡི།། ཀེག་དང ་བཅས་པའི་གཏོར་མ་ཡིས།། གདོན་ཆེན་བཅོ་ལྔ་མཆོད་པར་བྱ།། དབང་ཆེན་འདུས་པའི་རྒྱུད་ལས། ལས་སྣ་ཚོགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་འདུལ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། རྣམ་སྨིན་འདུ་བ་གནོད་པའི་གདོན།། ཚོགས་དང་འཚོ་བྱེད་སྔགས་ཀྱིས་གཞོམ།། རྗེའུ་རིགས་ལག་གཡས་རྒྱལ་རིགས་མགོ། བྲམ་ཟེ་ལག་གཡོན་དམངས་རིགས ་གཡས།། གདོལ་བ་རྐང་པ་གཡོན་ནས་འཇུག། རྒྱལ་རིགས་རུས་ཏེ་རྗེའུ་རིགས་ལྤགས།། དམངས་རིགས་སྤུ་སྟེ་བྲམ་ཟེ་ཁྲག། གདོལ་པ་ཤ་ལ་ཞུགས་པ་དང་།། སྙིང་དང་གློ་བ་སྲོག་རྩ་མཆིན།། དབང་པོ་ཀླད་པ་ཆུ ་བ་རྣམས།། རང་གི་རྟགས་ཀྱིས་སྟོན་པར་བྱེད།། རྒྱལ་རིགས་ལྕེ་ཐིབས་ས་ཡི་དུག། བྲམ་ཟེ་ཆུ་དུག་གྲང་ཞིང་འདར།། རྗེའུ་རིགས་མེ་ནི་ཚ་ཞིང་བསྲེག། དམངས་རིགས་ཡང་ཞིང་གཡོ་བ་རླུང་།། གདོལ་བ་རེག ་མཐོང་ཁ་རླངས་ཅན།། གཟེར་ཞིང་ཟ་འཕྲུག་མྱོས་པར་བྱེད།། རྒྱལ་རིགས་རྒྱལ་པོ་རྟག་ཏུ་གནོད།། རྗེའུ་རིགས་ཀླུ་བཙན་རྟག་ཏུ་གནོད།། དམངས་རིགས་དམ་སྲི་རྣམས་དང་བསྡང་།། བྲམ་ཟེ་སྲིན་མོའི་ཚོགས་དང ་བཅས།། གདོལ་པ་མཛེ་འདྲེ་རྟག་ཏུ་གནོད།། མ་མོས་བྱེད་དུ་འཇུག་པ་དང་།། རྒྱལ་པོས་སྣ་འདྲེན་གློ་བུར་བཙན།། ཟེ་བྲང་དམ་སྲི་ཉེན་ལངས་གཅོད།། ལུས་སྙོམས་ཆུ་ལ་བརྟག་པ་ཡང་།། གཡའ་མེད་སྣོད་དུ་ཉི ་ཤར་དུས།། ནད་གཞི་ཁ་དོག་སྒོ་ནས་བརྟག། འབུར་ལོང་ག་གོ་ལ་ཡི་མདོག། མུ་ཏྲའི་མདོག་ནི་ནད་མེད་རྟགས།། མར་ཁུ་འོ་མ་ཆུ་རྩ་རམས།། མཁྲིས་རླུང་བད་ཀན་འདུས་པའི་ནད།། དེ་སོགས་བརྟགས་པས་མདོག ་རྣམས་གསལ།། གཟུགས་ལ་གདོན་བརྟག་ཕྱོགས་བཞི་དབུས།། ཁང་ས་ཞིང་ས་དུར་ས་དང་།། མཆིན་པ་སྙིང་གྲོ་མཁལ་མ་དང་།། རྒྱལ་པོ་རྗེའུ་རིགས་བྲམ་ཟེ་དམངས།། སྟོན་དཔྱིད་དབྱར་དགུན་ལ ་སོགས་བརྟག། ཁྲག་ལ་བཟང་ངན་དུས་དང་ནི།། ཐུབ་དང་མི་ཐུབ་བརྟག་པ་དང་།། དམར་སེར་ཁམ་པ་ནག་པོའི་དུས།། དང་པོ་ངན་ལ་བར་མ་འབྲིང་།། ཐ་མ་བཟང་ན་ཆུ་སེར་རྒྱས།། དང་པོ་བཟའ་འབྲིད་ཐ་མ ་ངན།། ཆུ་སེར་གཏིང་དུ་ཞེན་པ་དང་།། སྐྱོ་བོ་དམར་པོ་རྨ་ཁར་བཅུག། དྲིལ་ལམ་འབྱར་གྱིས་དབྱེ་བར་བྱ།། ཚངས་པའི་མཁར་དང་བདུད་ཀྱི་མཁར།། གནོད་སྦྱིན་མཁར་དང་སྲིན་པོའི་མཁར།། མ་མོའི་མཁར་དང ་སྲོག་གི་མཁར།། སྲིན་པོའི་མཁར་ཤོར་སྤང་བར་བྱ།། གཡས་པ་དཀར་སྟེ་གཡོན་པ་སླ།། ཤ་སྤུ་རུས་དུག་དཀའ་བར་འགྱུར།། དབང་པོ་གསལ་བྱེད་ཆུ་བུར་མིག། གདོན་གནོད་པ་དང་ཞག་ཟླ་ལོ།། འབྲས་བུ་སྨིན ་དང་མཚོ་རྡོལ་དང་།། རྣམ་སྨིན་རིགས་དང་བྱད་ཀ་དང་། ཀུ་རེ་མནོལ་ཕྱིར་རེ་འདོད་དང་།། དམིགས་བསལ་སྔགས་ཆུན་སྔགས་དྲེད་དང་།། གདོན་ཙབས་མཆོད་པའི་མིག་སྤྲིན་བརྟག། ལུས་ཀྱི་ཤ་མཚན་དོད་པ ་དང་།། ངག་གི་སྒྲ་སྐད་སྐྱེ་བ་དང་།། སེམས་ཀྱི་རྨི་ལམ་སྣ་ཚོགས་རྣམས།། གང་ཡིན་རབ་ཏུ་གཟུང་བར་བྱ།། རྣམ་པར་སྨིན་པའི་ལས་བྱུང་ན།། བསོད་ནམས་ཚོགས་དང་སྟོང་ཉིད་བསྒོམ།། འབྱུང་བ་འཁྲུགས་པའི་དུ ་བ་ལས།། སྨན་དང་སྣ་ཚོགས་རྫས་ཀྱི་གསོ།། སེང་ལྡེང་མུ་ཟི་རྒྱལ་བློན་བསྲེ།། ཀླུ་བདུད་ནག་པོ་བཤལ་སྨན་དང་།། ཕོལ་དང་ཤ་བཀྲ་ལ་སོགས་པར།། འབྲུ་སྤུ་ཤུན་ཤ་ཚིལ་གསུམ་དང་།། དུག་བཞི་ཁྲག་གཉིས་ལ ་སོགས་བདུག། སྤྱད་དུག་སྦྲང་ཚེར་གླ་རྩི་བཙོད།། སྣག་ཚ་ར་དུག་ལོང་རྡོལ་དང་།། གུ་གུལ་དྲི་ཆེན་ཏི་ཙ་དང་།། ཀ་ར་བི་ར་ག་པུར་དང་།། ཙནྡན་མུ་ཟི་ལྡོང་རོས་དང་།། མར་དཀར་ར་གཞོབ་ལ་སོགས་བྱུག། བདུད ་རྩི་མར་ཁུ་ཨ་རུ་ར། པི་པི་ལིང་དང་རྣམ་པ་གསུམ།། མཛེ་ནད་ནག་པོ་ཀླུ་བདུད་ནག། བཙན་དུག་གུ་གུལ་མུ་ཟི་ནག། ཤུ་དག་ནག་པོ་རྣམ་པ་དྲུག། མ་མ་གི་རམ་མཆོག་རིས་དང་།། བོད་ཏེའུ་རྨ་བྱ་ར་ལས་ཁྲག། ཐ ་ཀར་སྲོ་མ་གུ་གུ་ལ་དཀར།། ཟ་འབྲུ་སུག་མ་ཡུ་མོ་མདེའུ།། བྱང་བ་ཚ་སྲིན་སྡིག་སྔོ་སྔོ།། ཀ་ཀ་རུ་ནི་རྣམ་པ་ལྔ།། སེང་ལྡེང་རྒྱ་དོ་རྡོ་རྒྱུས་འགྲོན།། ལྟོ་རུ་གཏང་བར་ཡང་དག་བཤད།། ཡན་ལག་ཞ་གྲུམ་ལ་སོགས ་པ།། སྨན་གྱི་སྦྱོར་བས་གཞོམ་པར་བྱ།། འཕྲལ་ཡི་གྱེན་དབང་གྱུར་པ་ལས།། དྲག་པོ་སྔགས་ཀྱི་སྦྱོར་བ་གདབ།། ན་ག་ར་ཙ་མ་ར་ཡ་ཕཊ། པྲ་མེ་ར་ཙ་མ་ག་ཡ་ཕཊ། ས་ཁྲག་ར་ཙ་མཱ་ར་ཡ་ཕཊ། ཡ་མ་ཤུ་ཤུ་ནཱ་ག ་ཏྲི་ཐུན་ཟེར་རྦད། ར་ཙ་འདྲི་ལ་ཐིབ་ར་རཱ་ཙ་ཐང་ཐང་ཤི་ཤི་རྦད།། མ་མ་ཡཾ་ཏྲི་དུ་མེ་མཱ་ར་ཡ་རྦད།། ནག་མོ་ཤུ་ཤུ་མཱ་ར་ཡ་རྦད།། ནཱ་ག་ཙི་ཏྲ་དུན་ནན། ནཱ་ག་ཙ་ཏྲ་ཕུར་ནན། མཱ་ར་ཡ་རྦད། ས་དཾ་སོ་མཱ་ར་ཡ་རྦད། ཙཀྲ་རུ ་ཏྲི་རྦད། ནཱ་ག་རཱ་ཙ་མཱ་ར་ཡ་བཤད་ཁུག་ཛ། རུ་རུ་ས་དུར་ཁུག་ཛ། ནཱ་ག་ཡུམ་ཐུམས་རི་ལི་རྦད་ཛ། ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་འཇོམས་པའི་འཁོར་ལོ་འདི་གསུངས ་སོ།། སྨུག་ནག་གྲུ་གསུམ་གནམ་སྒོ་བཅའ།། མུ་ཁྱུད་གྲུ་ཆད་པར་ཁྱམས་སྒོ།། དཀྱིལ་འཁོར་དབུས་སུ་ཕུར་པ་གཉིས།། གནམ་སྒོ་ལ་ཡང་ཕུར་པ་གཉིས།། རོ་རས་གྲོ་ག་ཤིང་ཤུན་ལ།། བྱ་རོག་མགོ་རྩ་ཁྲག་དུག ་གིས།། སྔགས་གྲངས་མཉམ་པའི་རེ་མིག་ལ།། ཉི་ཤུ་རྩ་གཅིག་དྲག་སྔགས་དགོད།། ཕུར་བའི་སྔགས་ཀྱིས་ཀླུ་ལ་གཟིར།། ཞག་གྲངས་ཐེམས་ནས་སྲོག་རྩ་བཅད།། དྲག་པོའི་མེ་ལ་སྦྱིན་སྲེག་བྱ།། གདུག་པ་གསུམ ་དང་སྡོང་ཟླར་བཅས།། དབང་ཆེན་རྔམ་པའི་ཞལ་དུ་འབུལ།། དཔལ་གྱི་ཞབས་འོག་དག་ཏུ་མནན།། ཀླུ་ཡི་གདུག་རྩུབ་ཞི་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ།། ལས་ཀྱི་ཁྱུད་ནག་ཁྲོས་པ ་ནི།། རྡོ་རྗེ་རྒྱ་གྲམ་ཕྱག་ན་གསོར།། ཀླུ་གཉན་ས་བདག་ཞལ་དུ་གསོལ།། དེའི་སྐུ་གཟུགས་བྲིས་ནས་ནི།། ནུ་མར་རྫས་ཀྱི་ཐུམ་པོས་བརྒྱན།། སྤྲུལ་པ་རིགས་ལྔའི་ཁྱུང་ལྔ་འགྱེད།། དེ་ཡི་དྲག་སྔགས་འདི་དག ་ཡིན།། ཨཱིཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ནཱ་ག་སྲོག་ཚིག་ནན་རྦད།། ལུས་རྡུལ་བུན་ནཱ་ག་མཱ་ར་ཡ་རྦད་སོད། རཾ་རཾ་ཛ་ལ་ཛ་ལ་ཤི་ཤི་རྡུལ་བུན་ནཱ་ག་མཱ་ར་ཡ་རྦད་སོད། ཨཱིཾ་ནཱ་ག་ཤི་ནན། ནཱ་ག་བེར། ནཱ་ག་ཆིངས། ནཱ་ག ་སྡོམས། ནཱ་ག་སོད། ནཱ་ག་གོ་ལ་ཡ། ན་ག་རཱ་ཙ་ཆིངས། ནཱ་ག་རཱ་ཙ་ཧཱུཾ། ནཱ་ག་རཱ་ཙ་ཕཊ། ནཱ་ག་ཤུ་ཤུ་ནན། ནཱ་ག་བྱེར་ནཱ་ག་སྙིང་ལ་སྲོག་རྦད། པྲ་ཏི་ས་མ་ཡ། ན་ག་སྙིང་ཚལ་པ་དུམ་བུ་རྦད། ཨཽ་སིད་ཐཱ་ཐག་རུ་ཊ་བི ་ཤད་དེ་ན་ནན། ནཱ་ག་ཐམས། ཉི་མ་ས་ལན་ན་ཀླད་པ་ནན།། ཙིཏྟ་གྷུ་མིན་ན།། ཀུན་ཤིག་ཙིཏྟ་སཱུ་ཏྲ་བཟློག་བྱེར། ནཱ་ག་བཟློག་ནཱ་ག་ཤིག་ནཱ་ག་ནན། ནཱ་ག་མགོ་ལ་ནན། ནཱ་ག་བྱེར་བྱེར། མཱ་ར་ཡ་ཕཊ་རྦད་སོད། ཡ ་མ་ཤུ་ཤུ་སོད། ནག་པོ་ཤུ་ཤུ་མགོ་ལ་ནན། ས་དམ་ནག་པོས་ཁྲག་མཱ་ར་ཡ་རྦད། ན་མ་ཤམ་ཏྲི་རཀྵ་མཱ་ར་ཡ་རྦད། ཙཀྲྀ་དུ་ཏྲི་སུ་མི་མཱ་ར་ཡ་རྦད། རཱ་ཙ་ཐད་ཟད་ཤི་ཤི་རྦད། ཏྲཾ་རི་ལ་ཐུམས་ཀྱི་མ་ཏང་ཁུག་ཤེལ་རཱ་ཙ་མཱ ་ར་ཡ་རྦད། ཅེས་གསུངས་སོ།། དབང་ཆེན་འདུས་པའི་རྒྱུད་ལས། མཛེ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང ་དེངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། དགོས་པའི་ལོངས་སྤྱོད་ཚང་བ་ནི།། འབྱོར་ལྡན་ཡོ་བྱད་ཚོགས་ཡིན་ཏེ།། དགྱེས་ལྡན་ལྷ་དང་སྐལ་ལྡན་མི།། དེ་བཞིན་ཡང་དག་ཤེས་པར་ལྡན།། ཚེ་འཛིན་ཛ ་གད་ཛ་ཏི་དང་།། ཟླ་རྒྱས་ཟླ་ཕྲོམ་འཇམ་དེས་དང་།། མེ་ཏོག་ཙི་དང་ཀུན་ཏུ་རྒྱུག། འཇམ་སྙིང་བྱི་ལ་སེ་དང་ནི། ཀུན་འབྱོར་འབྲང་རྒྱས་འབྱོར་ཚོགས་རྣམས།། སྒྲུབ་པའི་རྫས་སུ་ཡང་དག་ལྡན།། ཨཱ་ཙརྱ་རྡོ་རྗེ་སློབ ་དཔོན་ཡིན།། གུ་རུ་ཏ་ར་མཁས་པས་བཤད།། རུ་པ་མ་རིའི་རྩེ་མོ་ཡིན།། མ་ཏང་ལ་ཀོ་སོ་མང་ཡུལ།། ཕ་ལམ་ཀ་ནི་གྲོང་ཁྱེར་ཡིན།། སུ་མེད་གྲོང་དུ་བཤད་པའོ།། ཀ་ལོ་ཀ་ནི་ཡོད་པའི་མིང་།། ཤ་རིང ་ག་ག་མ་སྐལ་ཡོད་ཤེས།། ཙེ་ཏྲ་ཀམ་ནི་སྐལ་མེད་བརྗོད།། ཕུར་ན་མ་ནི་སྣོད་ལྡན་མ།། ས་རི་བྱ་ནི་སྣོད་ངན་ཏེ།། ག་ཡ་ནི་ཞེས་རྒྱལ་རིགས་ལ།། ར་གམ་རྗེའུ་རིགས་ཞེས་ནི་བཤད།། བི་ར་རྒྱ་ནི་དམངས་རིགས ་སོ།། རམ་ས་ཀ་རི་བྲམ་ཟེར་བཤད།། བི་རདྦྷ་པེ་གདོལ་བ་ཅན།། ས་མུད་ཏྲཾ་ནི་རྒྱལ་པོར་བརྗོད།། ཙ་བམ་རིག་ངན་ཞེས་ནི་བཤད།། ཤམ་རཾ་སྨེ་ཤ་ཅན་དུ་བརྗོད།། བྷ་བ་ཙག་ཏཱི་ག་ལྤགས་མཁན།། ཁད་ཀཾ་རོ་སྲེག ་མ་རུ་བཤད།། པ་ཤ་ཞགས་འབར་མ་རུ་བཤད།། ཀུ་མ་རི་ནི་ཉིན་མོར་བཤད།། ཀ་ཉ་མཚན་མོ་རབ་ཏུ་གྲགས།། ཏ་པ་ཉི་མ་ཕྱེད་དུ་བཤད།། ཏ་པི་མཚམས་ཀྱི་ཆ་རུ་བཤད།། རྟི་ཏྲེ་བཟང་པོའི་དུས་སུ་བཤད།། པྲ་ཏི ་དུས་ངན་སྤངས་པར་གྱིས།། ཧི་ར་ནི་ནི་མེ་ཏོག་བརྗོད།། ཤ་རུ་ནཾ་ནི་ཡོངས་སུ་བརྗོད།། ཤ་ཀུ་ནི་ཀ་མར་མེར་བརྗོད།། ཤ་པྲ་ཏི་ཏ་ལྷ་བཤོས་ལ།། མཱ་ལ་ཏྲི་ནི་གྲི་རུ་བརྗོད།། ཀྲི་ཏི་མ་ཏི་སྒྲ་ཡིན་ཏེ། ཤ་ཀི་ཀ་ནི་གོས་སུ ་བཤད།། ག་ནི་བཤད་པར་ཡོངས་སུ་གྲགས།། རུ་ཤཾ་རི་ནི་ཁུ་མར་ཤེས།། ག་ནམ་ཤ་ཆེན་དུ་ནི་བཤད།། ཙན་ཏྲ་ན་མེ་ཁྲག་ཏུ་བཤད།། མེ་ག་མ་ཏྲཾ་ཅན་དུ་བརྗོད། ཀུ་ཏ་རཾ་ནི་འདོད་ཡོན་སྦྱོང་།། ཙ་ཏུཾ་རོ་དྲུག་ཟ་བ ་བོ།། སཾ་བྷོ་ང་ཀཾ་ཆང་འཐུང་ངམ།། བི་ཏུཾ་ཤ་རུ་མངོན་པར་བརྗོད།། ན་མི་ནི་པ་ཀྲྀ་ནི་ཐོད།། ཀུ་ལཾ་མི་ཡི་རུས་ལས་བརྒྱན།། ཤ་ཁམས་བཟང་བ་ཞེས་ནི་བརྗོད།། ཨཱ་རཾ་རོ་ནི་ཞིམ་པར་བཤད།། ཨ་ཀྵཾ་རཾ་ནི་རོ་མི ་ཞིམ།། བ་ཀོ་ལ་མུད་དམ་གླུ་ལེན།། མི་ཀྲ་གར་ཞེས་བྱ་བར་བཤད།། ཤབ་ཏ་ཚོལ་ཆོས་སྐུ་ནི་བཤད།། མི་གམ་མི་སྨྲ་བར་ནི་བརྗོད།། བ་རི་ཏྲཾ་ནི་སྔགས་ཞེས་བཤད།། དྷ་རི་ད་ར་དཀྱིལ་འཁོར་ཏེ།། བ་ཏྲ་པ་ནི་གྲལ ་ལ་འདུག། ཀ་པ་ཙེ་ཏྲ་བྱིན་རླབས་ཀྱིས།། མ་ལ་ཀི་ནི་དགོངས་པའོ།། ཀ་མ་ཀུ་ཏྲི་ཕྲིན་ལས་ཏེ།། ཕ་རི་བུ་ནི་སྨོན་ལམ་མོ།། ཉེ་ས་ར་ནི་གདོང་དུ་བརྗོད།། པ་ཊཾ་དཔྲལ་བ་ཞེས་སུ་བཤད།། མ་ལ་སྨིན་མར་ཡང་དག ་བཤད།། ཀོ་པ་བ་ཡ་མིག་ཏུ་ཤེས།། པདྨ་ཀར་ནི་ཀ་ནི་སྣ།། པ་ལ་འཁོལ་ནི་མཆུ་རུ་ཤེས།། ཨ་ན་དྷ་ན་ནི་སོ་རུ་བརྗོད།། བི་ཤ་མགྲིན་པ་རུ་ནི་གྲགས།། ཧཾ་བོ་ཕྲ་བ་རུ་ནི་བཤད།། ཨ་གུ་ཤ་ནི་དཔུང་པར་བརྗོད།། པ ་ཧིཧེ་རུ་ནི་ལག་པར་བཤད།། པ་ར་ཨར་ག་ཀེ་ས་ར།། སེན་མོར་ཤེས་ནི་ཡང་དག་བཤད།། གྷེ་སཾ་རྗེ་ངར་དུ་ནི་བཤད།། ཤི་ལ་ཕ་ལེན་བུ་མོར་བཤད།། ཛ་ཏི་པ་ལི་སྐེད་ཡིན་ནམ་སྐེད་པར་བརྗོད།། མ་ཏ་ནམ་ནི་ལྟེ་བར ་བརྗོད།། པདྨ་ཛ་ལམ་གསང་བའི་གནས།། ག་དམ་པ་ཉམས་བརླ་གཉིས་སོ།། ཆ་ག་ན་ནམ་རྐང་པར་བརྗོད།། ཤ་ཏ་ཀུ་སུ་སྨད་ལམ་སྟན།། ཤ་བ་ཏ་པུ་ཞེས་བྱ་བར་བརྗོད།། པདྨ་ནརྀ་ནི་ཞི་བའི་ཡུམ།། ཧ་ཏི་ཎི་ནི་རྒྱས ་པའི་ཡུམ།། ཤན་ཏྲི་ནི་ནི་དབང་གི་ཡུམ།། ཙན་ཏྲི་ཎི་ནི་དྲག་པའི་ཡུམ།། བ་ར་སྒེག་མོ་རོ་འབེབས་ན།། ས་ནི་པ་ཏྲ་མཚན་ལྡན་མ།། པཾ་སུ་ཏྲཾ་ནི་དབང་གཉིས་སྦྱོར།། ཨ་འབྲས་མེ་ཞེས་བྱ་བ་དང་།། རྒུ ་འབྲུ་གླང་པོ་ཆེ་ལ་སོགས།། ས་ལ་སི་ནི་རྟ་ཡིན་ཏེ།། ནི་ལོ་ནེ་རྒྱས་བྱ་ཞེས་བྱ།། ཨ་ཀ་རུ་ནི་ཁྱི་རུ་བརྗོད།། སུཾ་བྷཾ་ཞིང་ནི་བཟང་པོར་བཤད།། དྷ་ནི་རྟ་ནི་གསང་བར་བཤད།། ས་ར་བར་ཏ་འཚོལ་བ་བཤད།། མི་རཾ་པ ་མིའི་རོ་རུ་བརྗོད།། བ་ཧ་ར་ག་གད་པ་ཞེས།། བིཥྚ་ཡ་ཕག་ཅེས་བརྗོད་པར་བྱ།། ས་ལ་ཤ་ནི་ཉ་ཞེས་བརྗོད།། ནི་ནཾ་ར་སྐྱེས་སུ་ནི་བརྗོད།། མ་དང་ཨ་ཧཾ་འདབ་ཆགས་ཤའོ།། ཤྱ་ནྱ་སྲོག་ཅེས་བྱ་བར་བརྗོད།། ན་ནཾ་ནི ་ནི་རྣམ་ཤེས་བརྗོད།། ཨ་བི་ན་བཾ་རྒོད་པར་བཤད།། རུ་ཏྲི་རཾ་ནི་འཕྱ་བར་བརྗོད།། བྷ་ཧ་ནཾ་རི་ཆུ་རུ་བཤད།། ཨ་འཛམ་པ་ནི་མེ་ཞེས་བརྗོད།། ནི་ཙི་ད་དུར་ར་ནུ་བརྗོད།། རང་ན་ཆགས་པ་ཞེས་ནི་བཤད།། ས་ཀྵཾ་ཡན ་ལག་རབ་ཏུ་བཤད།། ཤུ་བཾ་བཟང་པོ་ཞེས་ནི་བཤད།། བ་ཌ་ཀཾ་ནི་ཉོན་ཞེས་བརྗོད།། གྷི་ཏཾ་ལཾ་དུ་བཤད་པ་དང་།། ན་ག་རཾ་ནི་བདག་ལུས་བརྗོད།། ན་ལ་ནི་ལུ་ལཾ་སྟོབས་མེད།། གོ་བག་ཥཱ་ལཾ་ཐམས་ཅད་རྫོགས།། ས ་ག་རཾ་ནི་རྒས་པར་བཤད།། བྱོ་མ་ག་ནཾ་ཕ་རོལ་དཔུང་།། ཀ་མ་ཡ་ནི་གྱིས་ཤིག་བརྗོད།། ཧོ་ནི་ཚིམས་པ་རུ་ནི་བཤད།། མ་ག་དོག་པ་རུ་ནི་བརྗོད།། ཨུ་ཙི་ལྷག་མ་ཞེས་བྱ་བཤད།། བྷ་ནི་ལི་གཏོར་གཏོར་མ ་བཤོས།། ཨུ་ཏྲེ་པ་ཀྲ་ལྷ་ཕུད་སྦྱོར།། མ་ནི་ཕུ་རི་ལྷག་ཕུད་མཆོད།། མ་ཧེ་ནི་ནི་རལ་གུར་གྱིས།། སྟཾ་བྷ་ནན་ནི་གཏོར་གཞོང་གནོན།། ཨོ་ཏྲི་བ་ནི་དཀྱིལ་འཁོར་བསྡུས།། ཨ་ཏྲི་སམ་ལ་རྫོགས་རིམ་བསྒོམ།། བ་ཡང་སུ ་ནི་རླུང་སྒྲར་གཟུང་།། ཟ་བ་བི་ར་འདི་ལྟ་སྟེ།། མ་ནི་པུ་རི་གང་ཞེ་ན།། ཀོ་ཊ་ཀྵ་ནི་སྲོག་འཛིན་པ།། ཀོ་ཏ་བར་ནི་ཐུར་དུ་སེལ།། ཀ་ཏ་གྱེན་དུ་རྒྱུ་བ་སྟེ།། གོ་ཏ་བ་ཤ་མེ་དང་མཉམ།། ཀོ་ཏེ་ར་ག་ཁྱབ་བྱེད་ཏེ།། ཀོ་ཏཀྵ ་ནི་རྒྱུ་བ་ལ།། ཀོ་ལ་བ་ཀོ་ལ་ནི་རྒྱུ།། ཀོ་ལ་བག་ཤ་ཡང་དག་དང་།། ཀོ་ལ་བ་ཤུ་རབ་ཏུ་མ།། ཀོ་ལ་ར་ཐ་ངེས་པར་རྒྱུ།། དབང་ཆེན་འདུས་པའི་ཏན་ཏྲ་ལས། ཚོགས་ཀྱི་འཁོར་ལོ་སྒྲས་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་པ་ཐམས་ཅད་འཇོམས་པར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། ཁྲུ་གང་སོར་ནི་བཅུ་གཉིས་པ།། དཀར་ཞིང་ཟླུམ ་པ་ཞི་བ་ལ།། ཁྲུ་དོ་ཟབས་སུ་དེ་ཕྱེད་སེར།། དམར་པོ་ཟླ་བ་ཕྱེད་པ་དབང་།། གསོད་པ་སོར་ནི་ཉི་ཤུ་པ།། གྲུ་གསུམ་ས་གཞི་ནག་པོར་བྱ།། དྲི་ཞིམ་དཀར་སེར་དམར་པོ་དང་།། དུག་དང་ཁྲག་དང་དུར་སོལ ་བྱུག། འཁོར་ལོ་རིན་ཆེན་པདྨ་དང་།། རྒྱ་གྲམ་རིམ་པ་བཞིན་དུ་བྲི།། ཞི་བ་རྒྱས་པ་དབང་དང་དྲག། ཤར་བྱང་ནུབ་དང་ལྷོ་རུ་བལྟ།། དགང་གཟར་དབྱིབས་དང་ཚད་ལྡན་པ།། གྲུ་བཞི་ཟླུམ་པོ་ཟླ་གམ་དང་།། ཟུར ་གསུམ་རྣམས་སུ་ལྡན་པར་བྱ།། བླུག་གཟར་རྡོ་རྗེ་ཕྱེ་བས་མཚན།། དགེ་སློང་རྒྱལ་པོ་བུད་མེད་དབང་།། བཤན་པ་ལས་བྱུང་ཤིང་དང་མེས།། བིལ་བ་ཨུ་དུམ་ཝ་ར་ལ།། མར་དང་སྦྲང་རྩིས་ལྤགས་པ ་ལ།། འོ་མ་སྤོས་ཆུས་བྱུག་པ་དབུལ།། རྩ་བ་རྩེ་མོ་དང་བྲལ་བ།། འོ་མ་ཞོས་སྤངས་སེར་པོ་དང་།། ནགས་ཀྱི་ལྕུག་མ་དམར་པོ་ལ།། དཔལ་ཁའི་མར་དང་དམར་པོས་བྱུག། ཁ་ལ་ཚོར་མ་ཅན་གྱི་ཤིང་།། གས་དང ་སྲོག་ཆགས་དག་གིས་ཟོས།། དུར་ཁྲོད་རོ་བསྲེག་ཁྲག་དུག་བྱུག། འབྲས་ཆེན་ནས་དང་འོ་མ་ཞོ།། སྦྲང་རྩི་མར་ནག་མི་ཤ་དང་།། ཁྲག་དང་ལན་ཚྭ་སྐྱེ་ཚེ་དབུལ།། ཙནྡ་ན་མེ་ཏོག་དཀར་པོ་དང་།། སེར་པོ་དམར ་དང་ཟང་ཆུ་ནག། བདུད་རྩི་རུས་པ་དང་བཅས་པས། བ་གླང་ལྕི་བ་རྩ་བའི་ཆ།། ནིམ་པ་རོ་སྒྱུར་ཚ་རོག་དྲི།། བོང་བུའི་སྤངས་ལ་རབ་ཏུ་བྱ།། ཚེས་གཅིག་ཞི་ལ་བཅོ་ལྔ་རྒྱས།། བཅུ་བདུན་དབང་ལ་ཉི་ཤུ་དགུ།། དྲག ་པོ་སྲོད་ཞི་སྔ་དྲོ་རྒྱས།། དགོང་དབང་ཉིན་མཚན་གུང་ལ་བསད།། དབྱར་དགུན་སྟོན་དཔྱིད་དུས་ཤེས་བྱ།། དཀར་པོ་རིན་ཆེན་དམར་ནག་པོས།། གཅེར་བུ་རབ་ཏུ་བྱ་བ་དག། དཀར་འཇམས་དམར་དང་རོ་རས ་བཏིང་།། བྱམས་དང་སྙིང་རྗེ་བཏང་སྙོམས་དགའ།། ཉ་ཕྱིས་དུང་ཕོར་རིན་ཆེན་གསེར།། ཟངས་གཞོང་ཐོད་པའི་ནང་དུ་བཤམ།། བྱང་ཆུབ་སེམས་བསྒོམ་རྒྱལ་རིགས་དང་།། སྨད་འཚོར་གདོལ་པའི་མེ་བོར་ཏེ། པདྨ ་དབང་ཆེན་འཁོར་བཅས་ལ།། མཆོད་པ་མཉེས་པར་ཕུལ་ནས་ནི།། གང་ལ་དམིགས་པའི་ལས་བཅོལ་ཏེ།། གཤེགས་ཏེ་སྨོན་ལམ་གདབ་པར་བྱ།། ཨོཾ།། ཐེག་ཆེན་བྱང་ཆུབ་མཆོག་ལ་རྟག་ཏུ་ཞུགས་པ་དང་།། ཟབ ་མོའི་ཆོས་ནི་རྟག་ཏུ་ཉན་པ་དང་།། རྡོ་རྗེ་སློབ་དཔོན་བཟང་དང་འགྲོགས་པ་དང་།། ལུས་ཀྱི་སྒྲིབ་སྐྱོང་བསྐྱེད་པའི་རིམ་བསྒོམ་ཞིང་།། ངག་གི་དྲི་མ་བྲལ་ཕྱིར་གསང་སྔགས་བགྲང་།། སེམས་ཀྱི་ལོག་ལྟ་ཞི་ནས་རྫོགས ་རིམ་བསྒོམ།། རྡོ་རྗེ་བཙུན་མོའི་ཁུ་བརྟག་ཏུ་འཐུང་།། ཐབས་དང་ཤེས་རབ་རྡོ་རྗེ་དྲིལ་བུ་འཛིན།། རྨད་བྱུང་གཏོར་མས་ཐུགས་དམ་ཡོངས་སུ་བསྐང་།། དུས་གསུམ་རྒྱལ་བ་མཆོད་པའི་སྐལ་བར་ལྡན།། སྐྱེ་ཞིང་སྐྱེ་བ ་ཚེ་རབས་ཐམས་ཅད་དུ།། སེམས་ཅན་དོན་བྱེད་བདག་དོན་ཡོངས་རྫོགས་ཤོག། ཨོཾ་མ་ཧཱ་བྷ་སྨི་ཀུ་རུ་ཧཱུཾ་སརྦ་སིདྡྷི་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཛ་ལ་ཛ་ལ་ཛྙཱ་ན་ཛ་ལ་ཧཱུཾ། ཨཱ~ཾ་ཨ་ན་ལ་མ་ཧཱ་སུ་ཏྲ་ཛ་སརྦ་བྷ་སྨི་ཀུ་རུ་བཛྲ ་དུཥྚ་ན་ཧཱུཾ་ཕཊ། ཨོཾ་མ་ཧཱ་སརྦ་ཀུ་རུ་ཧཱུཾ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཨོཾ་སརྦ་ཡཛྙཱ་ཡ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ལ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བི་གཱ་ཡ་སྭཱ་ཧཱ། ་ཨོཾ་ཨཱཿཧཱུཾ་སརྦ་ལོ་ཀེ་དྷ་པེ་པཱུ་ཛ་སྭཱ་ཧ། ཨོཾ་སརྦ་ལོ་ཀེ་པུཥྤེ་པཱུ་ཛ་སྭཱ་ཧཱ། ཨོཾ་སརྦ་ལོ་ཀེ་དཱི་པ་པཱུ་ཛ་སྭཱ་ཧཱ། ཨོཾ་སརྦ་གནྡྷེ་པཱུ་ཛ་སྭཱ་ཧཱ། ཨོཾ་སརྦ་ལོ་ཀེ་ནེ་བི་དྱེ་པཱུ་ཛ་སྭཱ་ཧཱ། ཨོཾ་སརྦ་ལོ་ཀེ་ཤཔྟ་པཱུ་ཛ་སྭཱ་ཧཱ། ཨོཾ་ཛ་ལ་ཀ་མ་ལ་ལཱ ་བྱེ་ཧཱུཾ། མཱ་ལེ་ཏྱཾ། གི་ཏཾ་ཧྲཱིཾ། ནིནྟི་ཨ། ཨོཾ་སརྦ་པཱ་པཾ་མ་མ་ཀ་སྱ་ཀུ་རུ་ཤཱན་ཏིང་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་པཱ་བ་མ་མ་ཀ་སྱ་ཀུ་རུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་མ་མ་ཀ་སྱ་ཀུ་རུ་བ་ཤང་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་པཱ ་པཾ་མ་མ་ཀ་སྱ་ཀུ་རུ་མཱ་ར་ཡ་ཕཊ། ཀུན་གཞི་རྣམ་དག་ཧོམ་ཁུང་དུ།། ཉོན་མོངས་ལྔ་ཡི་ཡམ་ཤིང་ལ།། ཡེ་ཤེས་ལྔ་ཡི་མེ་སྦར་ན།། ཡེ་ཤེས་བསོད་ནམས་ཚོགས་རྫོགས་སོ།། བྷ་ག་ཡངས་པའི་ཐབ་ཁུང་དུ།། ཕུང་པོ་ལྔ ་ཡི་བདག་ཉིད་ལ།། མར་དང་ཟར་བུའི་བྱ་ཐབས་ཀྱིས།། བསྙེན་པ་ཕུལ་བའི་ལས་བྱས་ནས།། ནམ་ཡང་འདུ་འབྲལ་མེད་པ་ཡིས།། གསང་བའི་སྦྱིན་བསྲེག་འགྲུབ་པ་ཡིས།། དབང་ཆེན་འདུས་པའི་ཏན་ཏྲ ་ལས།། སྦྱིན་སྲེག་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་འཁོར་རྣམས་རབ་ཏུ་དགའ་ཞིང་གུས་པ་དང་བཅས་པས།། ཕྱེ་མ་ཕུར་མ་དང་། གདུག་དང་། བ་དན་དང་། སིལ་སྙན་དང་། པདྨ་དང་། བ་ན་དྷུ ་ཀ་དང་། ཨུཏྤ་ལ་སོགས་པ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་སོགས་པ་དང་། དགའ་བ་དང་། བདེ་བ་དང་། ཚིམ་པ་དང་། ཡིད་ང་ལ་སོས་པའི་མཆོད་པ་མང་པོས་མཆོད ་ནས།། གསོལ་བ། མགོན་པོ་བདག་ཅག་འདུས་པ་ཡིས།། རྒྱུད་འདི་བཟུང་ཞིང་བཅང་བ་དང་།། ཇི་ལྟར་བཤད་ཅིང་བསྟན་པར་བྱ།། གུས་པས་ནམ་ཡང་མི་སྤང་ངོ་།། ཞེས་ཞུས་པ་དང་།། སྟོན་པས་བཀའ་སྩལ ་བ།། གང་གིས་བསྐལ་པར་སྦྱང་དཀའ་བ།། ངེས་པའི་བློ་ལྡན་ཅན་ལ་སྟེ།། དྲང་དོན་ངེས་པའི་དོན་དུ་བཤད།། ཇི་བཞིན་ཇི་བཞིན་མ་ཡིན་པ།། དགོངས་པ་དགོངས་མིན་རྣམ་པ་དྲུག། གསང་སྔགས་དོན་གྱི་རྒྱུད ་བཤད་བྱ།། ཡི་དམ་ཉིད་དུ་ངེས་པར་ཟུང་།། དེ་ལྟར་མི་ལྡན་སྐལ་མེད་ལ།། འཕྱར་བ་གཡེང་བས་བྱིན་གྱུར་ན།། དུར་ཁྲོད་དཔའ་བོ་དཔའ་མོ་རྣམས།། འདུས་ནས་ཤ་ཟ་སྲོག་ལ་འབེབས།། ཞེས་གསུངས ་པས།། འཁོར་དེར་འདུས་པ་ཐམས་ཅད་ཀྱང་།། བདེ་བ་ཆེན་པོའི་དོན་མངོན་དུ་བྱས།། སྐུ་གསུམ་དབྱེར་མེད་ལྷུན་གྲུབ་ཀྱི་ངང་དུ་བཞུགས་པར་གྱུར་ཏོ།། དགོངས་པ་དེ་མངོན་དུ་གྱུར་ནས།། བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱང་།། བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ།། བཅོམ་ལྡན་འདས་ཉིད་སྐུ་གསུང་ཐུགས།། ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ།། དབང་ཆེན་འདུས་པའི་རྒྱུད་ལས།། ་མཇུག་རྗེས་སུ་ཡི་རངས་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། རྒྱུད་ཀྱི་རྒྱལ་པོ་དབང་ཆེན་འདུས་ལ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པདྨ་འབྱུང་གནས་དང་།། བོད་ཀྱི་ལོ་ཙཱ་བ་སྦ་སང་ཤི་ཏ་དང་། ངན ་ལམ་རྒྱལ་བ་མཆོག་དབྱངས་དང་།། ཅོག་རོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། ་