CLOSE WINDOW

Gpb018.003: bcom ldan 'das dpal che mchog 'dus pa rtsa ba'i rgyud ces bya ba
Wyliee-texts produced with BDRC’s OCR application

དཔེའོ།། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ། དགེའོ།། @#།། རྒྱ་གར་སྐད་དུ། ཤྲི་བྷ་ག་ཝཱན་མ་ཧཱ་ཧེ་རུ་ཀ་བྷི་རུ་མཱ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས ་པ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ ་རུ་ཀ་ཆེན་པོ་དེ། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྣམ་པར་དག་པ་བྷ་ག་ཡངས་པའི་ཀློང་ཆེན་པོ། ནམ་མཁའི་དབྱིངས་བསམ་གྱིས་མི་ཁྱབ་པ། རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་གཞལ་མེད་ཁང ་རྣམ་པར་འཕྲོ་བ། དུར་ཁྲོད་ཆེན་པོའི་ནང་འཇིགས་པར་བྱེད་པ་ན། སྐུ་གསུང་ཐུགས་མཉམ་པ་ཉིད་ལ་གནས་པ་ཆེན་པོས་བཞུགས་པའི་ཚེ། གསང་བ་ཆེན་པོའི་འཁོར་དཔག་ཏུ་མེད་པ་འདུས་པ་ནི་འདི་ལྟ་སྟེ། དེ ་བཞིན་གཤེགས་པ་རབ་ཏུ་རྣམ་པར་སྣང་མཛད་པ་དང་། རབ་ཏུ་མི་འཁྲུགས་པ་དང་། རིན་པོ་ཆེའི་འབྱུང་གནས་དང་། འོད་དཔག་ཏུ་མེད་པ་དང་། གདོན་མི་ཟ་བར་གྲུབ་པ་དང་། རྡོ་རྗེ་རོལ་པ་དང་། ས་རྡོ་རྗེ་མ ་དང་། ཆུ་རྡོ་རྗེ་མ་དང་། མེ་རྡོ་རྗེ་མ་དང་། རླུང་རྡོ་རྗེ་མ་དང་། ནམ་མཁའི་རྡོ་རྗེ་མ་དང་། གཞན་ཡང་ཕྱོགས་བཅུའི་ནམ་མཁའི་ཁམས་དང་མཉམ་པའི་དེ་བཞིན་གཤེགས་པ་ཡབ་དང་ཡུམ་དུ་སྣང་བ་དཔག་ཏུ་མེད་པ ་དང་། རབ་ཏུ་ཞི་བ་དང་། ཀུན་ནས་ཁྲོ་བ་དང་། ཞིང་གི་བཀོད་པ་རྣམ་པར་སྣང་བ་དང་། རབ་ཏུ་རྫོགས་པའི་གཞལ་མེད་ཁང་གི་རྣམ་པར་སྣང་བ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་སྣང་བ ་དང་། སྤྲུལ་པ་དང་། སྤྲུལ་པའི་ཡང་སྤྲུལ་པ་དང་། བྲན་དང་བྲན་གྱི་ཡང་བྲན་གྱི་ཚོགས་དང་། བརྗོད་ཀྱིས་མི་ལངས་པའི་ཡང་བརྗོད་ཀྱིས་མི་ལངས་པ་རྣམས་དང་ཡང་ཐབས་གཅིག་གོ། དེ་ནས་འཁོར་གྱི་ཚོགས་དེ ་དག་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀྱི་སྐུ་ལ་བལྟས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཧེ་རུ་ཀ། ཆེ་བའི་ཆེ་མཆོག་ཀུན་གྱི་གཙོ།། དཔལ་ལྡན་རྗེ་བཙུན་འགྲོ་བའི་མགོན།། ཁྱེད ་ཀྱི་སྐུ་གསུང་ཐུགས་ཀྱི་དག། རྣམ་པར་བཞི་ལས་ཁྲོ་མཛད་ཅིང་།། ནམ་མཁའི་མཐའ་ཁྱབ་གཞལ་མེད་ཁང་།། དག་ཅིང་གཙང་བའི་ངང་ཉིད་ལས།། དུར་ཁྲོད་ལྟར་མཛད་ཅི་ཡིས་ཕྱིར།། ཆགས་མེད་ནམ་མཁའི་རང ་བཞིན་ལས།། ཤེས་རབ་སྙོམས་མཛད་ཅི་ཞིག་ལགས།། སྒྱུ་མ་ལྟ་བུའི་ཆོས་ཉིད་ལ།། ཁྱོད་ཀྱིས་ངེས་པར་མཛད་པ་གང་།། གཞན་ཡང་ཁྱོད་ཀྱི་ཆོས་ཉིད་ལས།། རྣམ་པར་འཕྲུལ་པ་མ་ལུས་པའི།། དོན་དེ་དེང་འདིར ་བསྟན་དུ་གསོལ།། ཨ་ལ་ལ་ཧོ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་འདུས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས། སེམས་རབ་ཏུ་དད་པས ་ཉོན་ཅིག། འདི་ལྟ་སྟེ། སྔོན་བསྐལ་པ་ཆེན་པོ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་འདས་པའི་ཡང་སྔོན་རོལ་དུ། བསྐལ་པ་ཆེན་པོ་གདུལ་དཀའ་བ་རབ་ཏུ་དགའ་བ་ཞེ་བྱ་བ་ལ། འཇིག་རྟེན་གྱི ་ཁམས་སྦྱང་དཀའ་བ་ཞེས་བྱ་བ་ཞིག་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། འཇིག་རྟེན་མཁྱེན་པ། ལྷ་དང་མི་རྣམས་ཀྱི ་སྟོན་པར་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མར་གྱུར་པ། ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི ་གསང་བ་ཆེན་པོ་དོན་གྱི་དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་དང་། ངེས་པ་མ་ཡིན་པ་དང་། སྒྲའི་ཚུལ་དུ་རྣམ་པར་བརྗོད་པ་དང་། སྒྲའི་ཚུལ་དང་རྣམ་པར་མ་ཡིན་པར་བརྗོད་པ་དང་། དགོངས་པ་ཟབ་མོའི་ཚུལ་དུ ་བརྗོད་པ་དང་། རང་གི་དོན་མངོན་གསུམ་དུ་བརྗོད་པའི་སྒོ་ནས་ཆོས་བསྟན་པས་འདུལ་བར་གྱུར་ཏོ།། དེའི་ཚེ་འཁོར་གྱི་ཚོགས་དེར་འདུས་པའི་སྐྱེས་བུ་ཞིག། བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་དྲག་པོས་ཕྱི་རོལ ་གྱི་ཡུལ་ཉེ་བར་བཟུང་ནས། རྒྱུའི་ཁྱད་པར་དང་འབྲས་བུའི་ཁྱད་པར་དང་། ལས་དང་ལས་ཀྱི་ཁྱད་པར་མ་བརྟགས་ཏེ། སྤང་བར་བྱ་བ་རྣམས་ནི་བླངས་ལ་བླང་བར་བྱ་བ་རྣམས་ནི་སྤངས་ཏེ། གསང་བའི་ཚིག་ལ ་ལོག་པར་བལྟ་བར་གྱུར་པའི་དབང་གིས། ལས་མི་བཟད་པ་དྲག་པོ་ཉེ་བར་བསགས་པས། སྲིད་པ་ལས་བྱུང་བའི་ས་བོན་རབ་ཏུ་རྩུབ་མོས་འཕངས་ནས། རབ་ཏུ་རྣམ་པར་སྨིན་པའི་འབྲས་བུས ་མནར་མེད་པའི་གནས་སུ་སྐྱེ་བར་གྱུར་ཏེ།། ཡང་དེ་ཉིད་དུ་བདག་སྡུག་བསྔལ་གྱི་དངོས་པོ་འདི་ལས་ཐར་བར་གྱུར་ན་ཅི་མ་རུང་སྙམ་པ་དང་། དེའི་འོག་ཏུ་རབ་ཏུ་ཚ་བ་དང་། ཚ་བ་ཆེན་པོ་ལ་སོགས་པ་རྣམས་ཀྱི ་སྡུག་བསྔལ་རིམ་གྱིས་ཉམས་སུ་མྱོང་བར་གྱུར་ཏོ།། དེ་ནས་ཡང་བདག་ཚ་བའི་སྡུག་བསྔལ་འདི་ལས་ཐར་ནས་གྲང་བར་གྱུར་ན་ཅི་མ་རུང་སྙམ་པ་དང་། པདྨ་ལྟར་གས་པ་ལ་སོགས་པ་གྲང་བའི་སྡུག་བསྔལ་དཔག་ཏུ ་མེད་པ་མྱོང་བར་གྱུར་ཏོ།། དེ་ལྟར་སེམས་ཅན་དམྱལ་བ་ཆེན་པོ་ཇི་སྙེད་པ་རྣམས་ཀྱི་ནང་དུ། བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་ཉམས་སུ་མྱངས་ཏེ། དེ་ལས་ཐར་བར་འདོད་པ་དང་། ཡི ་དྭགས་ཆེན་པོ་རྣམས་དང་། བྱོལ་སོང་གི་ལུས་ཆེན་པོ་དག་ཏུ་སྐྱེས་ཏེ། བསྐལ་པ་སྟོང་ཕྲག་གཅིག་གི་བར་དུ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་གྱུར་ཏོ།། དེ་ནས་ཡང་ལས་ངན་གྱི་ཤུགས་མི་བཟད་པ་དེ་བག་ཙམ ་བསྲབས་པར་གྱུར་ནས། སྔོན་གྱི་ཁྲོ་ཞིང་གཏུམས་པའི་བག་ཆགས་ཀྱི་རྒྱུ་མཐུན་པས་ཉིང་མཚམས་སྦྱར་ནས་འཇིག་རྟེན་གྱི་བདག་པོ་དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས་ཀྱི་སྲིད་པ་བླངས་ཏེ་ཡུམ་གྱི་ལྷུམས་ན་ཡང ་འཇིག་པའི་སྒྲ་དྲག་པོ་འབྱིན་པ་ལ་ཐོན་པ་དང་། ཡི་དྭགས་ཀྱི་གཙོ་བོ་སྲིན་པའི་ཆ་བྱད་འཛིན་པ་འཇིགས་པའི་གཟུགས་ཅན་རབ་ཏུ་ཁྲོ་ཞིང་གདུག་ལ་གཏུམ་པ། ཐལ་བའི་མདོག་ཅན་མིག་དམར་བ། རལ་པ་རབ་ཏུ ་འབར་བ་གྱེན་དུ་བརྫེས་པ། ཁ་གདངས་པའི་མཆེ་བ་གཙིགས་ཤིང་དྲི་དད་དང་ཁ་རླངས་དྲག་པོས་གཞན་བསྐྲད་པར་ནུས་པ། དུད་འགྲོའི་གཙོ་བོ་དང་། གཅན་གཟན་ཁྲོ་བོ་དང་། སྲིན་པོའི་རྒྱལ་པོ་པགས་པ་ལུས་ལ ་བགོས་པ། མགོ་དང་སྐེད་པ་དང་། ཡན་ལག་གི་ཚིགས་རྣམས་ནི། དུག་སྦྲུལ་ནག་པོ་ཁ་ནས་མེ་འབར་བ་དང་། མགོ་བོའི་ཕྲེང་བ་འཇིགས་སུ་རུང་བས་དཀྲིས་པ། ལག་པ་དྲུག་གི་གཡས་ན་ནི། ཏྲི་ཤཱུལ་དང་། ཐོད་པ ་དང་། ཅང་ཏེའུ་དང་། ཐོད་པའི་ཕྲེང་བ་དང་བཅས་པའི་དགྲ་སྟ་དང་། ཞགས་པ་དང་། རལ་གྲི་ཐོགས་པ། གཡོན་ན་ནི། ཁ་ཊྭཱཾ་ག་དང་། རྒྱུ་མའི་ཕྲེང་བ་དང་། མེ་འབར་བ་དང་། དབྱུག་པ་ཆེན་པོ་དང་། ལྕགས་ཀྱུ ་དང་། གྲི་གུག་དག་བཟུང་བ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ནི། ལུས་གཅིག་ལ་མགོ་བརྒྱ་སྟོང་པ། མགོ་གཅིག་ལ་ལུས་བརྒྱ་སྟོང་པ་དང་། ཡན་ལག་ཉིད་ལག་པ་སྤུའི་ཚོགས་རྣམས་ལས་མཚོན་ཆའི་ཚོགས་དུ་མ ་འགྱེད་པར་བྱེད་དོ།། དེའི་ལས་དང་མཐུན་པའི་ཆུང་མ་སྲིན་མོ་ནག་མོ་འགྱེད་གི་ཉི་མ་ཡང་ཏི་མ་ཞེས་བྱ་བ་ཡང་རབ་ཏུ་འཇིགས་པའི་གཟུགས་ཅན་མདོག་ནག་ཅིང་རལ་པ་འཁྲིགས་པ་ཁ་མིག་ནས་མེ་རབ་ཏུ་འབར་བ། ་ཡན་ལག་གི་རྣམ་པར་འཕྲུལ་པ་ལས་ཀྱང་ལས་ཀྱི་སྲིན་མོ་ཆེན་མོ་ཟ་བྱེད་མ་ཞེས་བྱ་བ་དང་། བྲག་བྱེད་མ་དང་། ཆུ་བྱེད་མ་དང་། རླུང་བྱེད་མ་དང་། ཤམ་ཤམ་མོ་དང་། སྐམ་པ་མོ་དང་། དབྱངས་ཅན ་མ་དང་། དྲི་སྣོམ་མ་དང་། ཆང་འཐུང་མ་དང་། ཕོར་ཐོགས་མ་དང་། ཐོད་ཕྲེང་མ་དང་། གཡང་གཞི་མ་དང་། དེ་དག་ལ་སོགས་པ་འབྱིན་པ། དེའི་བྲན་དང་། ཕོ་ཉའི་ཚོགས་དག་ཀྱང་། ཁྱི་དང་། ཝ་དང་། ཕག་དང་། ་སྟག་དང་། སེང་གེ་དང་། བྱ་རོག་དང་། འུག་པ་དང་། བྱ་རྒོད་དང་། ཁྲ་མ་དང་། པུ་ཤུད་དང་། བྱི་ལ་དང་། བྱི་བ་དང་། སྲེ་མོ་དང་། རྨིག་བུའི་མགོ་ཅན་གྱི་ཚོགས་ཀྱིས་རབ་ཏུ་བསྐོར་བ། གཞན་ཡང་ལོག་སྲིད་ཅན ་གྱི་རིགས་ལས་བྱུང་བའི་སྲིན་པོ་དང་། གནོད་སྦྱིན་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོའི་ཚོགས་རྣམས་ཀྱང་བྲན་ཏུ་བྱས་ཏེ། དེ་དག་ཐམས་ཅད་ཀྱང་འཇིགས་ཚུལ་དྲག་པོ་དང་བཅས་ཏེ་མཚོན་ཆ་བཟུང་ཞིང ་འདུག་པའི་ང་རོ་སྒྲོག་པ། དབུགས་ཚ་བ་དང་རབ་ཏུ་གྲང་བའི་རླུང་དྲག་པོ་ཕྱོགས་བཅུར་འབྱིན་པ་ལས། རིམས་དང་དུག་དང་། དབྱིག་དུག་ལ་སོགས་པ་ནད་དང་མཚོན་གྱིས་ཆར་འབབས་པས། གཙང་མའི་རིགས ་ཀྱི་ལྷ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་སེམས་དང་དབང་པོ་དང་། ཁམས་དང་སྐྱེ་མཆེད་དག་མ་རུང་བར་བྱེད་ཅིང་ཕོ་ཉར་བཅས་ཏེ། གང་གསོད་པ་དང་གཅོད་པའི་ལས་ལ་འགོད་པར་བྱེད་པ་ཐམས་ཅད་ཕྱག ་བརྙན་པར་བྱས་ཏེ་འདུག་གོ། ལས་དེ་ལྟ་བུས་ཁམས་གསུམ་པའི་སེམས་ཅན་མ་ལུས་པ་རྣམས་ངན་འགྲོའི་ལས་ཀྱི་ལམ་མི་གཟོད་པ་ལ་ལོག་པར་གཞོལ་བ་དེའི་ཕྱིར། ངའི་སྐུ་དང་གསུང་དང་ཐུགས་ཀྱི་གསང ་བའི་སྡེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་ཡང་དག་པ་ལས་བསྟན་པ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་དག། དེ་ལྟ་བུའི་སྐྱེས་བུ་དེ་ནི་གཅིག་དུ་མ་ཟད་དེ། བདག་ཏུ་ལྟ་བའི་ཡིད་ཀྱི་ཕྱི་རོལ་གྱི་ཡུལ་དག་ལ ་དངོས་པོ་དང་མཚན་མར་བརྟགས་ནས་བདག་གིར་གྱུར་པ་ནི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་གནས་སོ།། ཡང་ནང་དུ་བདག་མེད་པ་ལ་མཚན་མའི་མཚན་མར་བརྟགས་ནས། ང་དང་བདག་ཏུ ་བཟུང་བ་ལས་གྱུར་པ་ནི། དྲན་པའི་ཚོགས་ལ་གནས་པར་བྱེད། ལས་དང་ལས་ཀྱི་འབྲས་བུ་མཐའ་དག་ཡོངས་སུ་ཆད་ཅིང་མེད་པར་བཟུང་བ་ལས་གྱུར་པ་ནི། སེམས་ཅན་གྱི་ཁམས་མ་ལུས་པའི་ངག་གི་ཡུལ་དང ་ནམ་མཁའི་ཁམས་དབང་བྱེད་པ་སྟེ། དེའི་ཕྱིར་ངའི་གྲོགས་པོ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བརྩེ་གཅིག་པའི་སྙིང་རྗེ་ཆེན་པོ་དང་། ཡོན་ཏན་གྱི་ཚོགས་དང་འཕྲིན་ལས་ཀྱི་མཛད་པ་ཆེན ་པོས་ང་ལ་ཡོངས་སུ་བསྐུལ་ཏེ། སྤྱན་རྣམ་པར་དག་པས་གཟིགས་ཤིང་སེ་གོལ་གྱིས་སྒྲས་མངོན་པར་གོ་བར་མཛད་དེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱང་ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་ངང་ལས ་གཟུགས་ཀྱི་སྐུ་རོལ་པ་ཆེན་པོའི་སྣང་བར་བཞེངས་ནས། འོད་ཟེར་ཆེན་པོ་རྡོ་རྗེ་ཀྱོ་བའི་རྣམ་པས་དྲངས་པས། དེ་ཉིད་ཏིལ་གྱི་གང་བུ་བཞིན་དུ་གྱུར་པ་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོར་ཞུ་ནས ་གསང་བའི་ལམ་ནས་བྱུང་བ་སོ་སོར་སྣང་ཞིང་མ་འདྲེས་པ་ཉིད་ཀྱི་ཐུགས་ཡི་གེའི་ངོ་བོར་གནས་པ། དབུགས་དྲི་ཞིམ་ཞིང་རིང་བར་གྱུར་པར་བྱེད་པ་རྡོ་རྗེའི་སྣའི་རྩེ་མོ་ལ་དྲིལ་ཞིང་ཐ་མི་དད་ཅིང་དབྱེ་བ་མེད་པ ་གསང་བའི་པདྨའི་གེ་སར་གྱི་རྩེ་མོ་ལ་ཡང་རེག་ཅིང་འཕྲོ་བར་མཛད་ནས། ཡུམ་པདྨའི་དབྱིངས་སུ་བབ་པ་རྒྱ་མཚོ་ལྟར་བསྐྱིལ་བ་ལ་བྱིན་གྱིས་རླབས་ཀྱིས། ངའི་ཕྱག་རྒྱའི་ངོ་བོར་གྱུར་ནས། ཁྲོ་མོ་རྡོ་རྗེ་དབང་ཕྱུག་མ ་ཡང་འོད་ཀྱི་ཚུལ་དུ་སྣང་བར་གྱུར་པར་མངོན་པར་འདུ་མཛད་ནས། ཞེ་སྡང་རྣམ་པར་དག་པའི་སྐུ་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེགས་པའི་འོད་དང་ལྡན་པའི་བསྐལ་པའི་མེ་ཆེན་པོ་དང་ལྡན་པ། ཁྲག་གི ་རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས་བྱུང་བའི་ཀེང་རུས་ཀྱི་རི་རབ་ཆེན་པོའི་རྩེ་ལ། དུར་ཁྲོད་ཆེན་པོའི་རང་བཞིན་ཅན་གྱི་གནས་ཆེན་པོ་བརྒྱད་དུ་སྤྲུལ་ཞིང་གནང་བར་བྱས་ཏེ། སྐྱེས་བུ་དག་ཏུ་ལྟ་བ་དེའི་ལས་ཀྱི་རྣམ ་པར་སྨིན་པ་སྦྱང་བའི་ཕྱིར། ཐུགས་རྗེའི་ཤུགས་དྲག་པོ་མངོན་དུ་ཕྱུང་ནས། དེ་བས་ཀྱང་ཆེས་ལྷག་པའི་རོལ་པའི་ཆོ་འཕྲུལ་བསྟན་ཅིང་དེ་གདུལ་བའི་ཕྱིར་སྣང་བ་ཡིན་གྱི། ཁྱེད་རྣམས་ངའི་སྐུ་དང་གསུངས ་དང་ཐུགས་ཀྱི་གསང་བའི་མཛོད་འདི་ལ་ཐེ་ཚོམ་དང་སོམ་ཉི་ཟ་བར་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ།། བཅོམ་ལྡན་འདས་དཔལ་ཆེན་པོ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་ཕྲིན་ལས་ཡོངས་སུ་མཛད་པ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་འཁོར་རབ་ཏུ་འདུས་པ་དེ་རྣམས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས། མ་འོངས་པ་ཕྱི ་མའི་ཚེ་ཕྱི་མའི་དུས་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཁྱོད་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་ཚོགས་འདི་དག་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་དུ་མ་གྱུར་ཅིང་། ཁམས་གསུམ་པའི་ས་ལ་སྣང ་བར་གྱུར་ནས། ཚུལ་འདི་ལྟ་བུ་དང་མཐུན་པའི་ལོག་སྲེད་ཅན་དག་ལས་རྣམ་པར་མ་དག་པ་འབྱུང་སྟེ། བླ་ན་མེད་པའི་ས་ཐོབ་པར་འདོད་པ་དག་ལ་ཡང་རབ་ཏུ་རྣམ་པར་འཚེ་བར་འགྱུར་ན། ཁྱོད་ཀྱི་སྔོན་གྱི་ཕྲིན ་ལས་ཇི་ལྟ་བ་དེ་བཞིན་དུ་བགྱི་བར་འཚལ་ན། བདག་ཅག་ལ་བརྩེ་བ་ཆེན་པོས་དགོངས་ཏེ། ཡང་དག་པར་བསྟན་དུ་གསོལ་ཞེས་ཞུས་པ་དང་། དེ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུའི་ངང་ལས ་གཟུགས་ཀྱི་སྐུ་འཇིགས་བྱེད་འབར་བ་ཐམས་ཅད་ཀྱི་ནང་ན་ཆེ་བའི་མཆོག་ཏུ་གྱུར་པ་ཧེ་རུ་ཀ་ཆེན་པོའི་ངོ་བོར་བཞེངས་ཏེ། གསུང་གཅིག་གི་དབྱངས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་མཛད་སྟེ་འདི་སྐད ་ཅེས་བཀའ་སྩལ་ཏོ།། ཀྱེ་མ་འདུས་པའི་ཚོགས་ཆེན་དག། འདས་པའི་དུས་ན་སྔོན་བྱུང་བ།། མ་འོངས་དུས་ན་འབྱུང་བ་ཡང་།། དེ་བཞིན་གཤེགས་པའི་གསུང་རབ་ལས།། བདག་ཉིད་ཆེན་པོ་རྟག་པ ་ཡི། ཁྲོ་བོའི་ཚུལ་དུ་སྔོན་བྱུང་བ།། དེ་ཚེ་སེམས་ཅན་ཐམས་ཅད་ཀུན།། ཤིན་ཏུ་ཁྲོ་དྲག་གཏུམ་པོ་ཡིས།། འོ་དོད་འབོད་ཅིང་ལྟུང་བར་གྱུར།། མི་བཟད་ཆེན་པོའི་སྡུག་བསྔལ་ཏེ།། དུག་གསུམ་མཁའ་ལ་མངོན་ཞེན ་པའི།། ཇི་ལྟར་མཛད་པའི་ཐབས་ཀྱིས་གདུལ།། སྲིད་གསུམ་བདག་པོ་འདུལ་བའི་ཕྱིར།། ང་རྒྱལ་ཆེན་པོའི་སྐུར་བསྟན་ཏེ།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། གཉིས་སུ་མེད ་པའི་ཆོ་འཕྲུལ་ལས། ཁྲོ་བོ་འཆོལ་བའི་དམག་བསྡུས་ནས།། སྔོན་གྱི་ཕྲིན་ལས་ཇི་ལྟ་བ།། སངས་རྒྱས་མཛད་པ་རྫོགས་པར་སྤྱད།། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ།། ཞི་བས་ཕན་པར ་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ངོ་བོ་ལས།། ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། ཁྲོ་བོའི་ཚུལ་འཆང་ཁྲོས་པས་ཀྱང་།། འཇིག་རྟེན་གསུམ་རྣམས་སྲེག་བྱེད་ན།། སངས་རྒྱས་ཐུགས་རྗེས་ཁྲོས་པ་ཡིས། ཁམས ་གསུམ་མ་ལུས་སྨོས་ཅི་དགོས།། ཐུགས་རྗེ་ཆེ་དང་ལྡན་པ་ཡི།། ཀུན་ཏུ་བཟང་པོ་དེ་བཞིན་གཤེགས།། དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར།། དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ།། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ས་མ་ཡ ་དེ་བྱི་ཤོ་དྷ་ཡ་སྟ་ན་ཧཱུཾ་ཕཊ། ཧཱུཾ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས།། སངས་རྒྱས་ཐམས་ཅད་བསྡུས་བྱས་ནས།། ཁམས་གསུམ་འཁྲུགས་པའི་བདུད་ཆེན་པོ།། ཞི་བར་བསྟན་པས་འདུལ་མ་ཡིན།། ཁྲོ་བོའི་ཚོགས ་ཀྱིས་གདུལ་བར་བྱ། ཁ་ཏྲང་ཁ་རུ་ཏྲ་ཨཱ་ཀཪྵ་ཡ་མ་ཏ་ཁ་རུ་ལུ་རུ་ལུ་མཱ་ར་ཡ་ཧཱུཾ་ཕཊ། དེ་ཡིས་དྲེགས་པའི་བདག་པོ་དེ།། ཕུང་པོ་ཉམ་ཐག་གན་རྐྱལ་མནན།། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར ་མཚམས་སུ་བརྐྱང་།། སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི།། འཛམ་བུའི་གླིང་གི་ས་ཡི་ཆར།། དུར་ཁྲོད་ཆེན་པོ་བརྒྱད་དུ་བྱས།། དེ་ཡི་འཁོར་བྱུང་ལྷ་བརྒྱད་བསྒྲལ།། རང་བྱུང་མཆོད་རྟེན་ཆེན་པོ་བརྒྱད།། སྲིན་མོ ་ཤམ་ཤམ་མོ་ལ་སོགས།། གནས་ལས་གྲུབ་པའི་མ་མོ་བརྒྱད།། ཡོན་ཏན་བརྒྱད་ལྡན་མཁའ་འགྲོས་བསྲུང་།། ཕོ་ཉ་སེང་གེ་སྟག་ལ་སོགས།། རང་གིས་ལུས་དང་མཐུན་པས་བཏུལ།། ཟ་བ་མོ་ལ་སོགས་པ ་ཡིས།། སྲིན་མོ་ཉི་ཤུ་བརྒྱད་རྣམས་ཀྱང་།། བཏུལ་ཏེ་བཀའ་ཡི་བསྲུང་མར་བཞག། དེ་ཡི་རྣམ་ཤེས་ཧཱུཾ་དུ་བསྒྱུར།། བྱིན་རླབས་སྤྲུལ་པའི་སྦྱོར་མཚམས་སུ།། འཕངས་ཏེ་རྒྱལ་བས་སྲས་སུ་བྱས།། ཐལ་བས་རྒྱན་པའི ་ཞིང་ཁམས་སུ།། ཐལ་བའི་དབང་པོ་ཞེས་བྱ་བའི།། སངས་རྒྱས་ཉིད་དུ་ལུང་བསྟན་གྱིས།། ལས་ཀྱི་ལྷག་མ་ཙམ་ཉིད་ལས།། རང་དང་ཆོས་མཐུན་ཚར་གཅོད་ཅིང་།། སྒྲོལ་བྱེད་ནག་པོ་ཆེན་པོ་ཡིན།། དེ་ཡི་འཁོར ་གྱི་ཐོག་མར་བྱུང་།། ཕྱོགས་ཀྱི་དྲེགས་པའི་བདག་པོ་བཅུ།། བསྒྲལ་ཅིང་ཚར་བཅད་འདུ་བྱེད་པའི། ཁྲོ་བཅུའི་ཞབས་ཀྱི་གདན་ཡིན་ནོ།། གནོད་སྲིན་མོ་ནི་མིག་གཅིག་མ།། གློག་འགྲུ་མ་དང་རླུང་ཤུགས ་ཅན།། ཀླུ་འདུལ་མ་རྣམས་ཁྱོ་དང་བཅས།། བསྒྲལ་ཅིང་ཚར་བཅད་འདུལ་བྱེད་པ།། མཐར་བྱེད་ཆེན་པོ་བརྒྱད་རྣམས་སྤྲུལ།། དེ་ཡི་གནས་དང་ཕོ་བྲང་ཡང་།། གཞལ་ཡས་ཁང་དུ་བྱིན་གྱིས་བརླབས།། དེ་ཡི་ཕུང་པོ ་ཤ་ཕྲག་ནི།། བདུད་རྩིར་བྱིན་གྱིས་བརླབས་ཏེ་རོལ།། མདོར་ན་འདོད་ཁམས་དབང་ཕྱུག་གིས།། དྲེགས་པ་ཁྱོ་ཤུགས་གཡོག་འཁོར་བཅས།། མ་ལུས་བསྒྲལ་ཞིང་ཚར་གཅད་དེ།། ཁ་ཅིག་འཁོར་དང་ཕོ་ཉར ་མངག། ལ་ལ་གནས་དང་གདན་དུ་བྱས།། མ་འོངས་དུས་ན་སྐྱེས་བུ་དག། དུས་གསུམ་སངས་རྒྱས་ཀུན་ངོ་བོ།། སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག། ཀུན་ཏུ་བཟང་པོ་ཀུན་གྱི་བདག། ཧེ་རུ་ཀ་ཡི་ཚུལ་འཆང ་བརྟུལ་བཞུགས་བཟང་པོ་དེ་ལ་ནི།། མ་རིག་ལོག་པར་བལྟ་བའི་ཚོགས།། བདུད་བཞིའི་ཕྱོགས་སུ་རྟོགས་རྣམས་ཀྱིས།། འཚེ་ཞིང་བར་དུ་གཅོད་པའམ།། གདུག་ཅིང་འདའ་བར་ནུས་མ་ཡིན།། དེ་ལ་འདི་ཡི ་གཞི་ཉིད་ཀྱང་།། ངོ་བོ་སེམས་རྒྱུན་མ་ཆད་ཅིང་།། ཚིག་ལས་འདའ་བར་མི་བྱ་སྟེ།། བདེ་བར་གཤེགས་པ་དམ་པའི་ཚིག། རྩ་བ་ཉིད་དུ་གྱུར་པ་སྟེ།། སྙིགས་མའི་དུས་ཀྱི་སྟོན་པ་དང་།། ད་ལྟ་སངས་རྒྱས་འདི་དག ་ལ།། ཐ་དད་དུ་ནི་ཅུང་མི་བརྟག། རྡོ་རྗེ་གསང་བའི་གྲོགས་དག་ཀྱང་།། དེ་དང་རྗེས་སུ་མཐུན་པར་བལྟ།། སྒོ་གསུམ་གུས་པས་བརྩོན་བྱ་ཞིང་།། དམ་པའི་ཚིག་ལས་འདའ་མི་བྱ།། དེ་བཞིན་ཧེ་རུ་ཀ་ཡི་ཚོགས།། མིང ་ལས་བྱུང་བའི་རྒྱུ་དང་རྐྱེན།། སྤྲོ་བསྡུ་ལས་ལ་སྦྱར་བ་དང་།། དུས་བཞིའི་ཕྱག་རྒྱ་དེ་ཉིད་ནི།། སྔགས་དང་རྣལ་འབྱོར་ལྡན་པ་ཡིས།། རྒྱུན་མི་ཆད་པར་བསྙེན་ཅིང་མཆོད།། ང་ཡི་ཐུགས་ལ་མཉེས་བསམ་པ།། རྫས ་དང་ཡོ་བྱད་གནས་དང་དུས།། ཕྱག་རྒྱ་ཆོ་ག་དཀྱིལ་འཁོར་དག། གསང་བར་འོས་པ་གསང་བའི་བར།། འདི་དག་ཀུན་ལ་གཉེར་དུ་གཏད།། དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ།། ནམ་ཡང་སྤང་བར་མི་བྱ་ཞིང་།། གཤང་གཅི ་ཁུ་བ་ཤ་དང་ཁྲག། ལོངས་སྤྱོད་ཆེན་པོ་རྟག་ཏུ་རོལ།། བསད་ཅིང་རྐུ་སྟེ་མི་རིགས་སྤྱད།། བརྫུན་ཞིང་རྩུབ་ལ་བླང་བའི་ཚིག། དེར་ནི་རྟག་ཏུ་སྨྲ་བར་བྱོས།། ཕུང་པོ་དང་ནི་འབྱུང་བ་ཀུན།། ང་ཡི་རིགས་ཀྱི་ཡབ་ཡུམ ་སྟེ།། ཡུལ་དང་རྣམ་ཤེས་དེ་ཡི་འཁོར།། འཁོར་དང་སྐྱེ་མཆེད་གཞན་རྣམས་ཀྱང་།། དེ་ལས་བྱུང་བར་ཤེས་པ་ཡིས།། རིགས་ཀྱི་སྐུ་ལྔ་རབ་ཏུ་བསྒྲུབ།། མཐོང་དང་རིག་དང་ཤེས་དང་སྤྱད།། འདི་ལས་འདའ་བར་མ ་གྱུར་ན།། ལོག་པར་བལྟ་བ་འདུལ་ནུས་ཤིང་།། སངས་རྒྱས་རྣམས་དང་ང་ཉིད་འགྲུབ།། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། ཕྱི་མ་མངོན་པར་འབྱུང་བ་དམ་ཚིག་གི་ཕྱག་རྒྱའི་ལེའུ་སྟེ ་གཉིས་པའོ།། །། དེ་ནས་ཀུན་བཟང་ཧེ་རུ་ཀས།། ཉིད་ཀྱི་དཀྱིལ་འཁོར་མངོན་སྤྲུལ་པ།། ཆོས་ཀུན་གུད་ན་ཡང་མེད་དེ།། ནམ་མཁའ་ཡངས་པའི་དབྱིངས་ཉིད་ལས།། མི་རྟོག་རང་བྱུང་ཐུགས ་རྗེའི་ཤུགས།། རང་བཞིན་མ་འགགས་ཅིར་ཡང་གསལ།། རྣམ་པར་ཤེས་པའི་གཞི་ཉིད་ཀྱང་།། བསྐྱེད་པའི་ནུས་པ་རྒྱུ་དང་ལྡན།། དངོས་པོར་སྣང་བ་འཇིག་རྟེན་བསྲེགས།། བག་ཆགས་སྡུག་བསྔལ ་མ་ལུས་གཏོར།། འདོད་ཆགས་འཁོར་བའི་རྒྱན་ལམ་བཀྲུས།། གཏི་མུག་མི་ཟད་གཏེར་དུ་གཏམས།། ཞེ་སྡང་ཀེང་རུས་འབར་བ་བརྩེགས།། དུག་གསུམ་ཐོད་པ་སྣ་ཚོགས་དང་།། ལྷ་ཀླུ་གཟའ་དང་རྒྱུ་སྐར ་བཅས།། ཆུ་སྲིན་སྦྲུལ་དང་རུས་སྦལ་དང་།། དྲེགས་པ་རཱ་ཏྲ་བསྒྲལ་བ་ཡི།། ཤ་ཁྲག་རུས་པ་པགས་པ་དང་།། དོན་སྙིང་སྣོད་བཅས་རྣམས་ཀྱིས་བརྒྱན།། གཞལ་ཡས་ཁང་པ་དུར་ཁྲོད་བཅས།། གང་གིས་འདུལ་བ་དེ ་ལྟར་བལྟ།། དངོས་པོ་མ་ལུས་ཆོས་དབྱིངས་ལས།། རྡུལ་ཙམ་གཡོ་བ་མེད་པ་སྟེ།། ང་ནི་ཆོས་དབྱིངས་ཧེ་རུ་ཀ། ངེས་པའི་དོན་དེ་ང་ཡི་གནས།། ང་ལ་ཡུལ་དང་ཕྱོགས་མ་གྲུབ།། ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་སྟེ།། འདི ་ནི་ང་ཡི་བཞུགས་པའི་གནས།། བསྒྲལ་བའི་ཞིང་བཅུ་མངོན་སྤྱོད་ཀྱིས།། བསྒྲལ་ཏེ་ཐུགས་རྗེས་མི་རྟོག་འཛིན།། མ་འོངས་རྣལ་འབྱོར་པ་ལ་བསྟན།། འདི་ནི་ང་ཡི་ལུང་གི་གནས།། ཕྱོགས་བཅུ་དྲེགས་པའི་བདག་པོ ་བཅུ།། ཁྲོ་ཆེན་བཅུ་ཡི་གདན་དུ་གསལ།། ང་ཡི་བསྒྲུབ་པའི་གནས་ཞེས་བྱ།། འབྱུང་བ་དང་ནི་ཕུང་པོ་རྣམས།། ང་ཉིད་གཞི་ཡི་གནས་ཡིན་ནོ།། དམན་པའི་ཐེག་པ་དྲང་བའི་ཕྱིར།། འདུ་ཤེས་བཅུ་ནི་བསམ་པའི ་གནས།། ལམ་ལྔ་དང་ནི་རྣལ་འབྱོར་ལྔ།། འགྲོ་བའི་གནས་སུ་ང་ཡིས་བཤད།། རིག་དབང་སྟོབས་ལྔ་བརྟེན་པའི་གནས།། དུག་ལྔ་རྒྱུ་ལྔ་སྦྱངས་པའི་གནས།། བདུད་བརྩི་ཤ་རྣམས་བསྟེན་པའི་གནས།། འདི་ལས་མ ་གཏོགས་དངོས་གཞན་མེད།། རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ།། ཐོབ་བྱེད་ས་བཅུ་འདི་ལ་གནས།། ཐམས་ཅད་རྫོགས་པས་གནས་ཤེས་བརྗོད།། ཁྱད་པར་དུ་ནི་འདུལ་བའི་ས།། འཕགས་ལམ་དང་ནི་རྣམ་ཐར ་བརྒྱད།། དམན་པའི་ཐེག་པ་བརྒྱད་ཉིད་དང་།། ས་བརྒྱད་མ་བཅོས་རྫོགས་པ་ནི།། ཀ་བ་རིན་ཆེན་པདྨ་དང་།། འཁོར་ལོ་དག་གིས་ངེས་པར་བྱས།། བྱོལ་སོང་གཙོ་བོ་ཆེན་པོ་དང་།། དྲེགས་པའི་བདག་པོ་ལྷ་ཆེན ་བརྒྱད།། ཐབས་དང་ཤེས་རབ་འོད་ཀྱི་དཀྱིལ།། འདམ་སྐྱེས་མཛེས་པ་བསམ་མི་ཁྱབ།། ས་བོན་ཕྲ་མོ་ཏིང་ངེ་འཛིན།། འཕྲོ་འདུ་ལས་ཀྱི་མཉེས་ཤིང་སངས།། བསྡུས་ཤིང་བསྟན་པ་འདི་ཉིད་དེ།། མཐིང་ནག་ཞལ ་གསུམ་ཕྱག་དྲུག་ལྡན།། ཆོས་ཀྱི་སྐུ་ལ་འགྱུར་མེད་ཅིང་།། སྐུ་གསུམ་ཕ་རོལ་ཕྱིན་དྲུག་རྫོགས།། ཉོན་མོངས་སྐྱོན་བྲལ་གཡས་ཞལ་དཀར།། ཐུགས་རྗེ་ཆགས་པས་གཡོན་ཞལ་དམར།། ཡེ་ཤེས་ལྔ་རྫོགས་སངས་རྒྱས ་ལྔ།། རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་།། རྩེ་གསུམ་གཡས་ཀྱི་ཕྱག་གིས་འཛིན།། ཐོད་པ་ཚར་གསུམ་གཡོན་ན་བསྣམས།། ཐེག་པ་རིམ་དགུ་ངང་གིས་རྫོགས།། ཉོན་མོངས་ལྔ་འཇོམས་ཡེ་ཤེས་ལྔ།། ཁམས ་གསུམ་སྦྱོར་ཞིང་དུག་གསུམ་གཅོད།། བདུད་བཞི་འཇོམས་མཛད་ཞབས་བཞིར་བགྲད།། གནམ་ཞལ་དབྱིངས་ཕྱུག་ཁྲོ་མོ་ནི།། ཆོས་ཉིད་རོལ་པའི་དགེས་པ་སྟོབ།། གཉིས་མེད་སྣང་བ་འོད་ཀྱི་ཚུལ།། དྲིལ་བུ་ཐོད ་ཁྲག་འཛིན་ཅིང་སྟོབ།། ཨཱ~ཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། འབར་ཞིང་གསལ་ལ་རྫོགས་པར་བལྟ།། གལ་ཏེ་གདུལ་བར་མ་ནུས་ན།། ཧཱུཾ་སྤྲོ་ཞིང་བསྡུ་བ་བསྟན་པ་ལས།། དབུ་དགུ་ཕྱག་ནི་བཅོ ་བརྒྱད་དེ།། ཐེག་པའི་འདོད་པ་ཡོངས་རྫོགས་ཤིང་།། ཁམས་ཆེན་བཅོ་བརྒྱད་རྩད་བཅད་ནས།། སྟོང་པ་བཅོ་བརྒྱད་ངང་དུ་སྦྱོར།། རྣམ་ཐར་བརྒྱད་ཀྱི་ཞབས་བགྲད་ཅིང་།། ཕྱག་དགུ་གཡས་ཀྱི་དང་པོ་ཡི།། ཆོས ་ཉིད་མི་འགྱུར་རྡོ་རྗེ་འཛིན།། དུག་གསུམ་རྩད་གཅོད་ཁ་ཊྭཱཾ་ག། ཆོས་ཀྱི་སྒྲ་སྒྲོག་རྔ་བོ་ཆེ།། འཁོར་ལོས་འཁོར་བ་རྩད་ནས་ཆོད།། དགོས་འདོད་འབྱུང་བའི་རིན་པོ་ཆེ།། པདྨ་ཆགས་མེད་སྐྱོན་དང་བྲལ།། རལ ་གྲིས་ཉོན་མོངས་དྲ་བ་གཅོད།། དགྲ་སྣས་བདུད་ཀྱི་དཔུང་རྣམས་འཇོམས།། ཞགས་པས་ཁམས་གསུམ་རྒྱུད་དྲུག་འདྲེན།། གཡོན་གྱི་དང་པོ་ཐོད་ཁྲག་ནི།། ཐུགས་རྗེས་འགྲོ་དོན་ཁྱབ་པར་མཛད།། ཞིང་དབྱུག་རྡོས ་པའི་ཕུང་པོ་འཇོམས།། ཉོན་མོངས་ཐལ་བ་རློག་པའི་གཤོལ།། ཉི་མ་དང་ནི་ཟླ་བ་ཡིས།། མ་རིག་མུན་པའི་ཚོགས་རྣམས་སེལ།། རི་རབ་དྲེག་པ་རཱུ་ཏྲ་གནོན། ཁྲག་གིས་རྒྱ་མཚོས་གནས་ངན་འཁྲུ།། མེ་དཔུང་ལས ་དང་བག་ཆག་བསྲེག། དངོས་འཛིན་དྲི་མ་གཏོར་བའི་རླུང་།། བཅོ་བརྒྱད་ཕྱག་གི་འགྲོ་དོན་རྫོགས།། ཆེ་མཆོག་དཔའ་བའི་ཆས་བརྒྱད་ནི།། གླང་ཆེན་ཀོ་རློན་སྟོབས་བཅུ་ལྡན།། སྟག་ལྤགས་འཕྲིན་ལས་རྣམ་བཞི ་མཛད།། སྦྲུལ་རྒྱན་གདུག་པའི་དུག་རྣམས་འདུལ།། ཞིང་ལྤགས་ཉོན་མོངས་རྩ་བ་གཅོད།། རཀྟའི་ཐིག་ལེ་འགྲོ་དོན་ཆགས།། ཐལ་ཆེན་མཚན་མས་ཕྲིན་ལས་བརྩོན།། ཞག་གི་ཟོ་རིས་ཉོན་མོངས་རྔུབ།། བསྐལ ་པའི་མེ་དཔུང་རྟོགས་ཚོགས་བསྲེག། འབར་བའི་སྤྱན་ནི་དགུ་ཕྲག་གསུམ།། གཟིགས་པས་མ་ལུས་བདེ་ལ་འགོད།། ལྷ་མོ་དབང་ཕྱུག་ཁྲོ་མོའི་རྒྱལ།། ཞལ་གསུམ་ཕྱག་དྲུག་རྫོགས་པ་ལ།། སྔར་བཤད་ཡབ་ཀྱི་ཕྱག ་མཚན་འཛིན།། ཀུན་ནས་རབ་ཏུ་བསྐྱོད་པའི་ཚུལ།། སྔོན་གྱི་ཕྲིན་ལས་ཇི་བཞིན་དུ།། གནས་གསུམ་ཡུལ་དུ་གསལ་བར་བྱ།། དེ་ཡི་འདུལ་བའི་ལས་རྣམས་བྱེད།། གལ་ཏེ་འདུལ་བར་མ་ནུས་ན།། ཧཱུཾ་བྷྱོ་སྥ་ར་ཎ་ཕཊ། ་སཾ་ཧ་ར་ཎ་ཧཱུཾ། ཨོཾ་བཛྲ་མ་ཧ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རཱི་ད་ར་མ་བྷྱོ་ཧཱུཾ། ང་ནི་ཀུན་བཟང་ཧེ་རུ་ཀ། ཆེ་བའི་ཆེ་མཆོག་དཔལ་གྱི་སྐུ།། དབུ་ནི་ཉི་ཤུ་རྩ་གཅིག། ་ལྡན།། ས་དང་ཡེ་ཤེས་མ་ལུས་རྫོགས།། བཞི་ཅུ་རྩ་གཉིས་ཕྱག་ན་ནི།། ཇི་ལྟར་བཤད་པའི་སངས་རྒྱས་ནི།། བཞི་བཅུ་རྩ་གཉིས་རྫོགས་པར་བཞུགས།། ཞབས་བརྒྱད་བགྲད་པས་ལྷ་ཆེན ་བརྒྱད།། བྱོལ་སོང་བརྒྱད་དང་བཅས་པ་གནོན།། ཏིང་འཛིན་བརྒྱད་དང་ཆོས་ཉིད་སྦྱོར།། རལ་པ་ཁམ་ནག་སྲིད་རྩེར་འབར།། སྨིན་མཚམས་སྣ་ཕྲག་གློག་སྟོང་འགྱུ།། འབར་བའི་སྤྱན་ནི་དྲུག་ཅུ་གསུམ།། སྡང་མིག ་ཞེ་ལ་གདོན་ཅིང་གཟིགས།། ཤངས་ནས་འཐོར་རླུང་སྤོར་ཞིང་འཚུབ།། སྙན་ནས་དྲག་པོའི་འབྲུག་སྟོང་སྒྲོག། རྔམས་པའི་ཞལ་གྱིས་ཁམས་གསུམ་རྔུབ།། གནམ་ལྕགས་མཆེ་བ་ཟངས་ཡག་གཙིགས།། ལེ་བརྒན ་ལྗགས་འགྲིལ་གློག་སྟོང་འགྱུ།། བ་སྤུ་ཐུ་ལུམ་མེ་སྟག་འཕྲོ། རྡོ་རྗེའི་གཤོག་པ་ནམ་མཁར་ཁྱབ།། དཔའ་ཞིང་སྒེག་ལ་འཇིགས་སུ་རུང་།། རྒོད་ཅིང་གཤེ་ལ་འཇིགས་པར་སྟོན།། སྙིང་རྗེའི་རྔམ་དང་ཞི་བའི ་ཚུལ།། འབར་བའི་འོད་ཀྱི་ཕྱོགས་བཅུར་ཁྱབ།། ཁྲོ་མོ་འདོད་ཆགས་ཡེ་ཤེས་ཆེ།། ཧེ་ཧེ་དགྱེས་པའི་གཟི་གདངས་ཅན།། རིན་ཆེན་པདྨ་རབ་རྒྱས་ལ།། མཉེས་པའི་སྦྱོར་བའི་རོལ་པ་སྟོབ།། དབུ་དགུ་ས་དགུའི་རྟོགས ་པ་འཇོམས།། སྟོང་པ་བཅོ་བརྒྱད་ཕྱག་དང་ལྡན།། གཡས་ཀྱི་དང་པོ་རྡོ་རྗེ་ཡི།། ཆོས་སྐུ་འགྱུར་མེད་ཚུལ་གྱིས་བཞུགས།། གཡོན་གྱི་དང་པོ་ཐོད་ཁྲག་གསོལ།། དུག་གསུམ་མ་ལུས་སྟོང་པར་གསོལ།། གཡས་ཀྱི་ཕྱག ་བརྒྱད་འོག་མ་ན།། གོ་རཱི་མ་མོ་བརྒྱད་འཕྱར་ཞིང་།། གཡོན་གྱི་འོག་མ་ཕྲ་མེན་བརྒྱད།། ཞབས་བཞི་རིགས་བཞི་དབྱིངས་སུ་གནོན།། དུར་ཁྲོད་དཔའ་བའི་ཆས་ལ་སོགས།། ཇི་ལྟར་བཤད་པས་ཚུལ་འཛིན ་པའི།། འཇིགས་པའི་ཚུལ་གྱིས་སྐུ་ལ་འཁྲིལ།། ཧཱུཾ་ཨཱ་ཨོཾ་ཧཱུཾ་ཕཊ་ཨཱཿ། ཞེས་ཉིད་ཀྱི་སྐུའི་དཀྱིལ་འཁོར་དེ་ལྟ་བུའི་དེད་དཔོན་དབང་ཕྱུག་ལ་སོགས་པ་རྣམས་ལ་དེ་ལྟར་སྣང་བར་མཛད་དོ།། བཅོམ་ལྡན་འདས་དཔལ ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། སྐུའི་དཀྱིལ་འཁོར་ཆེ་བའི་མཆོག་ཏུ་གྱུར་པ་རྩ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཀུན་བཟང་ཧེ་རུ་ཀས།། སྤྲུལ་པའི་དཀྱིལ་འཁོར་དབྱུང་བའི་ཕྱིར།། མཁའ་དབྱིངས ་རྡོ་རྗེ་བྱིན་གྱིས་བརླབས།། ཉི་མའི་དཀྱིལ་འཁོར་ཧཱུཾ་ལྡན་དང་།། ཟླ་བའི་དཀྱིལ་འཁོར་ཨོཾ་དང་ལྡན།། ཆགས་མེད་པདྨའི་དཀྱིལ་འཁོར་རྫོགས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ ་ག་ཏ་པཱ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་བཛྲ་པདྨ་སརྦ་ཡོ་གི་ཏ་པྲ་ཝེ་ཤ་ཕཊ། མཁའ་ཀློང་པདྨའི་གཞལ་ཡས་སུ།། བདེ་ཆེན་ཐུགས་ཀྱི་དཀྱིལ་འཁོར་སྤྲོ།། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ།། རབ་དགྱེས་མཉམ ་པའི་སྦྱིན་པས་བསྟིམ།། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་པཱུ་ཛ་པྲ་བར་ཏ་ན་བཛྲ་སྭ་བྷ་ཨཱཏྨ་ཀོ&ཧཾ། ཨཽ་དང་ལྡན་པའི་ཐིག་ལེ་ལས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྐྱོད།། ཧཱུཾ་གིས་མཁའ་ལ་ཕབ་བྱས་ཏེ།། ཐབས་དང ་ཤེས་རབ་བྱང་ཆུབ་སེམས།། མཁའ་ལ་གསལ་དག་ཉི་ཟླའི་འོད།། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡཱ་མི། བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས། ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་སྤྲོ།། སངས ་རྒྱས་མཛད་པ་རྫོགས་བྱའི་ཕྱིར།། ཕྱོགས་བཅུའི་དྲེགས་པ་མ་ལུས་བསྒྲལ།། ཨོཾ་བཛྲ་ཀྲོ་ཏ་བི་ཤྭ་ཛ་ལ་ཨཱ་ཀཪྵ་ཡ་ཡ་ད་ཧ་ཛ་ལ་ཧཱུཾ་ཕཊ།། ཨེ་ཧྱེ་ཧི་ཧཱུཾ་བྷྱོ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། ཧཱུཾ ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ། ཛཿཧཱུཾ་བཾ་ཧོཿ། ང་ཡི་སྤྲུལ་པའི་དཀྱིལ་འཁོར་དག། རང་ལས་བྱུང་བ་གཞན་ལ་གསལ།། ཞལ་གསུམ་ཕྱག་དྲུག་འཇིགས་གཟུགས ་འཆང་།། རིགས་ཀྱི་ཁྲོ་བོ་མངོན་པར་ཕྱུང་།། བཅོམ་ལྡན་རཀ་ཤ་ཧེ་རུ་ཀ་སྨུག་ནག་གཡས་དཀར་གཡོན་དམར་ཞལ།། འཁོར་ལོ་ཏི་ར་ཁྱུང་ཆེན་གཡས།། བྷན་དམར་རྒྱུ་ཞགས་པ་སུ་གཡོན།། ར་ཀ་ཤ་ཀྲོ་ཏི་ཤྭ་རཱི ་ཡུམ། འཁོར་ལོ་བྷ་ན་དྷ་སྟོབ་ཅིང་འཁྲིལ།། བཅོམ་ལྡན་གུ་ཧྱ་ཧེ་རུ་ཀ། སེར་ནག་གཡས་མཐིང་གཡོན་དམར་ཞལ།། རིན་ཆེན་རི་རབ་དགྲ་སྟ་གཡས།། ཐོད་ཁྲག་རི་རབ་རྒྱུ་ཞགས་གཡོན།། གུ་ཧྱ་ཀྲོ་ཏི་ཤྭ་རཱི་ནི།། ་རིན་ཆེན་བྷན་དམར་སྟོབས་ཅིང་འཁྲིལ།། བཅོམ་ལྡན་བི་ཤྭ་ཧེ་རུ་ཀ། དམར་ནག་གཡས་མཐིང་གཡོན་དཀར་སྐུ།། པདྨ་བེ་ཅོན་དགྲ་སྟ་གཡས།། བྷན་དམར་རི་རབ་ཐོང་གཤོལ་གཡོན།། བི་ཤྭ་ཀྲོ་ཏི་ཤྭ་རཱི ་ནི།། པདྨ་ཟོད་ཁྲག་སྟོབ་ཅིང་འཁྲིལ།། བཅོམ་ལྡན་ཡཀྵ་ཧེ་རུ་ཀ། ལྗང་ནག་གཡས་དཀར་གཡོན་དམར་ཞལ།། རྒྱ་གྲམ་རལ་གྲི་དགྲ་སྟ་གཡས།། བྷན་དྷ་ཞགས་པ་ཟོང་གཤོལ་གཡོན།། ཡཀྐ་ཀྲོ་ཏི་ཤྭ་རཱི་མ། རྒྱ ་གྲམ་ཐོད་ཁྲག་སྟོབ་ཅིང་སྦྱོར།། ཁྲོ་མོའི་ཚོགས་འདི་ཐམས་ཅད་ཀྱང་།། ཞལ་གཅིག་ཕྱག་གཉིས་གཙོ་བོའི་མདོག། ཡབ་ཡུམ་ཁྲོ་ཚོགས་རྣམས་ཀྱི་སྐུ།། གཙོ་བོ་དང་མཐུན་ཆས་ཀྱི་རྒྱན།། རང་གི་ཕྱོགས་ནས་མཉམ ་པར་བཞུགས།། གནས་མཆོག་དེ་ཡི་ཕྱི་རིམ་ལ།། ཕྱོགས་བཅུའི་དྲེགས་པ་འདུལ་བྱེད་པ།། ཞལ་གཅིག་ཕྱག་གཉིས་ལྡན་པ་བཅུ།། མདོག་དཀར་འཁོར་ལོ་ཏྲི་ཤུལ་འཛིན།། མེ་དཔལ་དབྱུག་ཏོ་འཛིན་དམར ་སེར།། མཐིང་ནག་ཐོད་དབྱུག་དགྲ་སྟ་ཐོགས།། སྨུག་ནག་རལ་གྲི་ཞགས་པ་འཛིན།། སྤུ་གྲི་སྦྲུལ་ཞགས་ཐོགས་པ་དམར།། དམར་སྐུ་བྷནྡྷ་རྔ་ཡབ་ཐོགས།། ལྗང་གུ་རྒྱ་གྲམ་དྲིལ་བུ་ཐོགས།། མཐིང་ནག་དགྲ་སྟ་རྩེ ་གསུམ་འཛིན།། སྔོ་སྐྱ་མདའ་གཞུ་འགེང་ཤིང་འཕེན།། དུད་ཀ་ཐོ་བ་ཞགས་པ་ཐོགས།། ཀུན་ཀྱང་ཞབས་གཉིས་བརྐྱང་བསྐུམ་གྱིས།། སོ་སོའི་ཕྱོགས་ཀྱི་དྲེགས་པ་གནོན།། ཇི་ལྟར་འཇུག་པའི་ཕྱོགས་བཞི་རུ།། ཤེས ་རབ་གཤིན་རྗེ་པདྨ་དང་།། སྟོབས་ཆེན་ཁྲོ་བོ་ཆེན་པོ་བཞི།། དཀར་པོ་འགུགས་བྱེད་ལྕགས་ཀྱུ་འཛིན།། སེར་པོ་ཞགས་པས་འཆིང་བྱེད་ཅིང་།། ལྕགས་སྒྲོག་སྡོམ་བྱེད་དམར་པོ་སྟེ།། རྡེག་བྱེད་དྲིལ་བུ་ཅན་མདོག ་ལྡང་།། སྤྲུལ་པའི་སྲས་ཚོགས་འདི་རྣམས་ཀུན།། རང་གི་རིགས་མཆོག་དབུ་བརྒྱན་ཅིང་། ཁྲོ་བོའི་ཆས་དང་ཉམས་ཀྱི་མཛེས།། མཁའ་ལ་མངོན་པར་རྐྱེན་གྱིས་དབྱུང་།། ཨོཾ་མ་ཧཱ་ཤྲཱི་རཀྵ་ཧེ་རུ་ཀ་ཧཱུཾ་ཕཊ། ་ཨོཾ་མ་ཧཱ་ཤྲཱི་གུ་ཧྱ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཤྲཱི་བི་ཤྲ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཤྲཱི་ཡཀྑ་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་ར་ཀ་ཤ་ཁྲོ་མོ་ལ་ཀྲོ་དྷི་དང་། ཁྲོ་བོ་ལ་ཀྲོ་དྷ་ཐོབ་ཀྱང་བརྡའ་རྙིང་སོར་བཞག་བྱས། ཀྲོ་ཏི་ཤྭ་རཱི་ཧཱུཾ་བྷྱོ། ཨོཾ་གུ་ཧྱ་ཀྲོ་ཏི་ཤ་རཱི་ཧཱུཾ་བྷྱོ། ་ཨཽ་བི་ཤྭ་ཀྲོ་ཏི་ཤྭ་རི་ཧཱུཾ་བྷྱོ། ཨཱཾ་ཡག་ཤ་ཀྲོ་ཏཱི་ཤྭ་རཱི་ཧཱུཾ་བྷྱོ། ཨཱིཾ་མ་ཧཱ་ཀྲོ་ཏ་ཨིནྡྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་མ་ཧ་ཀྲོ་ཏ་ཨ་ག་ནི་ད་ཧ་ད་ཧ་ཧཱུཾ་ཕཊ། ཨཱིཾ་མ་ཧཱ་ཀྲོ་ཏ་ཡ་མ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱིཾ་མ་ཧཱ་ཀྲོ་དྷ་རཀ་ཤ་བྷནྡ་བྷནྡ་ཧཱུཾ ་ཕཊ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ནཱ་ག་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏ་བ་ཡ་བེ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏ་ཡཀྑ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏ་བི་ན་ཡ་ཀ་བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀྲོ་ཏ་བྲཧྨ་ཎཿགརྫ་གརྫ་ཧཱུཾ་ཕཊ། ་ཨོཾ་མ་ཧཱ་ཀྲོ་ཏ་བེ་སྣ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨོཾ་པྲཛྙཱནྟ་ཀྲྀཏ་ཧཱུཾ་ཕཊ། ཨཱ~ཾ་ཡ་མནྟ་ཀྲྀཏ་ཧཱུཾ་ཕཊ། ཨོཾ་བི་གྷ་ནནྟ་ཀྲྀཏ་ཧཱུཾ་ཕཊ། ཨཱ~ཾ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ། རུ་རུ་ཤྲི་ཏ་མ་རུ་སོད། སྲོག་ཐུན་མུག་སོད།། མ་རག་དུ་རྦད་ཡ་སོད། ཁ ་རུག་ཤ་ཤ་མ་སོད། སྲོག་ཐུན་ནི་རྦད་སོད། ནརྀ་ཡ་ནརྀ་ཡ་ཙ་ཏུ་ན་སོད། ཤ་རྒུད་སྙིང་ཕྱུང་ཕྱུང་། སྙིང་རྒྱུད་སྲོག་ཆོད། སྲོག་རྒྱུད་དབུགས་ལོང་། མ་མ་ཐུན་ཐུན་སོད་སོད། སྲོག་ལ་རྔམས་པའི་ཚོགས་ཀུན་གྱིས།། སྟོང ་གསུམ་མ་ལུས་འཇིག་རྟེན་གང་། ཨོཾ་ཨཱཿཧཱུཾ། ཨཽ་ཧཱུཾ་སྭཱ་ཧྲཱིཿཧ། ཀ་ཡ་ཝཱ་ཀ་ཙིཏྟ་ཀྵ་ཨ་དྷིཥྛ་ན་ཨཱ་ཝེ་ཤ་ཡ། པྲཱ་ཝེ་ཤ་ཡ་ཧཱུཾ། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ། ཛཿཧཱུཾ་བཾ་ཧོཿ། བཛྲ་གྷ་ན་ཙཀྲ་མ་དྷ་ལ། ཨེ་ཨཱ་ར་ལི་ཛཿ། ་ས་མ་ཡ་པ་ཤྱ་ཧོཿ། ཞེས་གསུངས་ནས་རྡོ་རྗེ་ཆེ་མཆོག་གསང་བ་ཆེན་པོའི་དཀྱིལ་འཁོར་གྱི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ལས་ཕྱུང་སྟེ། ཁམས་གསུམ་པའི་ས་ལ ་གནང་བར་མཛད་པ་དང་། འཇིག་རྟེན་གྱི་གཙོ་བོ་དྲེགས་པ་ཅན་རབ་ཏུ་འདུལ་བར་དཀའ་ཞིང་། འཇིགས་པར་མི་ནུས་པ་དག་ཀྱང་སྔངས་ཤིང་བཀྲག་སྟེ་ས་ལ་འགྱེལ་ནས་སྒྲ་ངར་ངར་པོ་དེ་འདོན་ཅིང་། ཡིད ་ཀྱི་དམིགས་པ་ཙམ་གྱིས་ཕྱོགས་བཅུ་དང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་གསང་བའི་ཆེ་བའི་མཆོག་ཏུ་གྱུར་པ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ཞིང་འདུག་པར་གྱུར་ཏོ།། བཅོམ་ལྡན ་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། སྤྲུལ་པའི་དཀྱིལ་འཁོར་མངོན་པར་སྤྲོ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་ཚོགས་དེ་རྣམས་ཀྱིས་ཀྱང་བཅོམ་ལྡན ་དས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཀུན་བཟང་ཧེ་རུ་ཀ། མ་འོངས་དུས་ཀྱི་སེམས་ཅན་རྣམས།། སྐལ་བ་མེད་ཅིང་འདུལ་དཀའ་བ།། གཙང་ཞིང་སྨེ་བའི་རྟོག་པས་བཅིངས། ཁྱོད་ཀྱིས་དམ་པར་གསུངས་པའི ་ཚིག། གཤང་དང་གཅི་བ་བམ་པའི་རྫས།། རྫོགས་པར་ལོངས་སྤྱོད་མ་ནུས་ན།། གཙང་སྒྲས་གྲོལ་བར་འགྱུར་རམ་ཅི།། འཇིག་རྟེན་ལོག་རྟོག་ཅན་རྣམས་ལ།། གསང་ཞིང་སྤྱད་པ་ཇི་ལྟ་བུ།། ཐབས ་དང་ཡོན་ཏན་གྲུབ་པའི་ཚད།། མཁྱེན་པའི་ཐུགས་རྗེས་དཔག་མེད་པས།། མྱུར་དུ་སྟོན་ཅིག་ཆེ་བའི་མཆོག། དེ་སྐད་གསོལ་པ་གསན་ནས་ཀྱང་།། ཀུན་ཏུ་བཟང་པོ་ཧེ་རུ་ཀས།། མ་ལུས་བཤད་ཅིང་བཀྲོལ་བའི ་དུས།། སྟོང་གསུམ་འཇིག་རྟེན་ཁམས་འདི་ན།། ཚངས་དང་དྲང་སྲོང་གཙང་མ་ཟ།། དེ་དག་གྲོལ་བར་ངས་མ་བཤད།། ཀླུ་དང་བྲམ་ཟེར་གཙང་སྒྲར་སྤྱོད།། དེས་ཀྱང་གྲོལ་བར་ངས་མ་བཤད།། བྱོལ་སོང་རྩཝ་མཆོག ་གཙང་མ་ཟ།། ཅི་སྲིད་འཚོ་བའི་བར་དུ་སྤྱོད།། དེའང་གྲོལ་བར་ངས་མ་བཤད།། རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ།། ཐམས་ཅད་བདུད་རྩིའི་རང་བཞིན་ཏེ།། དོན་དམ་ངེས་པའི་ལུང་དེར་ཉོན།། ཞེས་བཀའ་སྩལ་ནས།། ་ཉིད་ཀྱི་ཐུགས་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་ལས་འོད་ཟེར་དཔག་ཏུ་མེད་པ་རྣམ་པར་འཕྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཚང་པ་དང་བརྒྱ་བྱིན་དང་དབང་ཕྱུག་ཆེན་པོ་ལ་སོགས་པ ་ལྷའི་རིགས་རྣམས་དང་། མཐའ་ཡས་དང་། འཇོག་པོ་དང་། ནོར་རྒྱས་ཀྱི་བུ་དང་། དེ་ལ་སོགས་པའི་ཀླུ་རྣམས་དང་། གཞོན་ནུ་སྨིན་དྲུག་དང་། ཁྱབ་འཇུག་ལ་སོགས་པ་གཟའ་དང་རྒྱུ་སྐར་གྱི་ཚོགས་དང་། རྒྱུན ་ཤེས་ཀྱི་བུ་དང་། ལྗང་སྔོན་དང་། གཡོན་ཕྱོགས་ལྷ་ལ་སོགས་པ་དྲང་སྲོང་གི་ཚོགས་རྣམས་དང་། གཞོན་ནུ་སྤྲིན་དང་། གོའུ་ཏ་མ་དང་། གཞོན་ནུ་ལོག་སྲེད་ལ་སོགས་པ་བྲམ་ཟེའི་ཚོགས་རྣམས་དང་། གཞན་ཡང་དྲི ་ཟ་དང་། མེ་ལྷ་དང་། རླུང་ལྷ་དང་། གནོད་སྦྱིན་གྱི་གཙོ་བོ་སོ་སོ་འཁོར་དང་བཅས་པ་རྣམས་དང་། འབྲང་སྐྱོང་དང་། ཛམ་བྷ་ལ་དང་། དྲ་ཤུ་བའི་བུ་མོའི་འོད་འཆང་མ་དང་། ནོར་གྱི་རྒྱུན་མ་དང་། རྨ་བྱའི་མགུལ་ལ ་སོགས་པ་ཤིང་ཐོག་དང་། རྩི་ཐོག་དང་། སྨན་དུ་གྱུར་པ་རྣམས་ཀྱི་གཙང་སྒྲ་ལ་སྤྱོད་ཅིང་། གཞན་ཡང་འོ་མ་དང་། འབྲས་དང་། མངར་དང་། མེ་ཏོག་དང་། ཆུ་དང་། ཤིང་ཐོག་གི་འབྲུ་དང་། ཤུ་ཏི་དང་། ཉེའུ་ཤིང ་དང་། ར་མོ་ཤག་དང་། ཨ་བ་རུ་དང་། བྲག་རྩི་དང་། ཨ་ན་ས་ལ་སོགས་པ། ས་ལ་གཙང་སྦྱར་སྤྱོད་པའི་སྒོ་ནས། བཅུད་ལེན་ཅིང་དཀའ་ཐུབ་དང་ཚངས་པར་སྤྱོད་པས་འཚོ་བར་བྱེད་པ་རྣམས་འཁོར་གྱི་དཀྱིལ་དུ ་བསྡུས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་སའི་སྙིང་པོ་ལ་སོགས་པ་རྣམས་ནི་ཀུན་ཏུ་བཟང་པོ་ཧེ་རུ་ཀ་བལྟ་བར་མི་བཟོད་པ་རྣམས་ཀྱི་སྟོན་པར་བཞུགས་ནས་ཡང་འདི་སྐད་ཅེས ་བཀའ་སྩལ་ཏོ།། ཐམས་ཅད་མ་ལུས་བདུད་རྩི་ལྔ།། ཐབས་དང་ལྡན་པས་རིག་ཅིང་རྟོག། ཆོས་ཉིད་གཅིག་ལས་ཐ་དད་པའི།། རིགས་ལྔའི་མཚན་ཉིད་ཡོན་ཏན་ཚོགས།། འདི་ལྟར་རྟོགས་ན་གྲོལ་བར་འགྱུར།། རང ་བཞིན་གདོད་ནས་དག་པ་ཡི།། མཉམ་ཉིད་དབྱིངས་སུ་རབ་རྟོགས་ཤིང་།། གཉིས་མེད་དོན་གྱིས་ཟིན་པ་ན།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། གཙང་དང་མི་གཙང་རྟོགས་པའི་ཡིད།། མཁས ་པས་གཉིས་སུ་སྒྲ་མི་བྱ།། ཡེ་ཤེས་སྐུ་ལྔ་རྫོགས་པའི་ཕྱིར།། དྲི་ཆེན་གསེར་མདོག་རྣམ་སྣང་མཛད།། མངོན་འབྱུང་སྤྲུལ་པ་ཆོས་ཀྱི་སྐུ།། བྱང་ཆུབ་སེམས་ནི་དཀར་བའི་མདོག། དྲི་མེད་དག་པའི་ཡེ་ཤེས་སྐུ།། མངས ་ཡིད་བཞིན་རིན་ཆེན་འབྱུང་།། སྣ་ཚོགས་འབྱུང་ལྡན་མཉམ་ཉིད་སྐུ།། རཀྟ་ཆགས་མེད་དམར་བས་ན།། དྲི་མེད་རྣམ་དག་པདྨའི་སྐུ།། དྲི་ཆུ་དག་བྱེད་ལྗང་གུའི་མདོག། ཀུན་ཏུ་དོན་གྲུབ་ལས་རབ་སྐུ།། སྐུ་ལྔ་ལྷུན་གྲུབ ་བདུད་རྩི་ལྔ།། རང་གི་ལུས་ལ་ངང་གིས་གནས།། དྲི་ཆེན་དྲི་ཆུ་རཀྟ་དང་།། མངས་བྱང་སེམས་འདི་རྣམས་ཀུན།། སེམས་ཅན་རྟོག་པ་བཟློག་པ་ཡི།། གཙོ་བོར་དང་དུ་བླངས་ཤིང་བསྒྲུབ།། མི་རྟོག་གཙང་སྦྲ་མེད ་པར་སྤྱད།། རང་བཞིན་རྣམ་དག་བདུད་རྩི་ལྔ།། སྤྱད་ཅིང་ཟོས་པའི་ཡོན་ཏན་ནི།། སྨྱོ་འབོག་དུག་དང་གླང་ཟབས་དང་།། མཛེ་དང་གག་པ་ལ་སོགས་སེལ།། སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ།། ཨ་འབྲས་རྒུན་འབྲུམ་པ ་ནས།། ལྷ་རྫས་དགེ་བའི་ཨ་རུ་ར།། ཤ་ལྔ་ཟོས་པའི་ཡོན་ཏན་ནི།། ཤེས་རབ་གསལ་ཞིང་ཏིང་འཛིན་བརྟན།། དུག་ལྔ་འཇོམས་ཤིང་མཐུ་སྟོབས་ཆེ།། རྫུ་འཕྲུལ་སྟོབས་ལྡན་མཁའ་འགྲོ་མཉེས།། ཐར་པ་ཆེན་པོའི ་དངོས་གྲུབ་ཐོབ།། སངས་རྒྱས་བྱང་ཆུབ་སེམས་དཔའི་གདུང་།། དཀར་ལ་གསལ་ལ་མཐེབ་ལོང་ཙམ།། ཉན་ཐོས་རང་རྒྱལ་རྣམས་ཀྱི་གདུང་།། སྲན་མ་མ་ཤའི་འབྲས་བུ་ཙམ།། གང་ཟག་སེམས་ཅན་ཕལ་པའི ་གདུང་།། ཉུང་འབྲུ་ཏིལ་འབྲུ་ཙམ་དེ་ཉིད།། སྤྱད་ཅིང་བསྟེན་པའི་ཡོན་ཏན་གྱིས།། རུས་པ་སྲ་མཁྲེགས་རྡོ་རྗེར་འགྱུར།། ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱེད།། སྔོན་ཚེ་ང་ཡི་ཕྲིན་ལས་ཀྱི།། ཐུགས་རྗེས་ཛ་ལ་རཀྵ ་བསྒྲལ།། དེ་ཡི་ཙིཏྟ་ཕྱུང་བའི་རྒྱུན།། ཙི་ཏྲ་ཀ་དང་སྙིང་ཞོ་ཤ། སྨྱོ་འབོག་ནད་རྣམས་སེལ་བར་བྱེད།། མངོན་ཤེས་དྲུག་གི་སེམས་དང་ལྡན།། ཡེ་ཤེས་དྲུག་གི་དངོས་གྲུབ་ཐོབ།། མེ་ཏོག་སོ་མ་འབྲས་བུ་དམར།། སྲིད ་པའི་ནད་སེལ་ས་ལས་སྐྱེས།། རྩ་བ་མཱུ་ལ་རཀྟ་ཁ།། འཁྲུ་བག་ནད་རྣམས་གསོ་ཞིང་གཅོད།། དབང་གི་དངོས་གྲུབ་འཐོབ་པར་བྱེད།། འབྱུང་བ་བཞི་ཡི་བྱིན་རླབས་ལས།། སྤྲིན་ཆེན་གློག་གི་ཕྲེང་བ་ཅན།། སྒྲ་དང ་ཡུད་ཙམ་བཅས་པ་ཡི།། ས་སྟེང་ཁྱབ་པར་ཆར་ཕབ་ནས།། བདུད་རྩི་ཐིགས་ཤིང་ཟགས་པ་ནི།། རྒྱ་མཚོའི་ལྦུ་བ་གངས་ཀྱི་ཆུ།། ནགས་ཀྱི་ཆུ་དང་ཆུ་སྣ་ཚོགས།། རྟག་ཏུ་འགྲོ་བའི་དོན་བྱེད་ནུས།། དམྱལ་བའི་ཚ་གྲང ་སྡུག་བསྔལ་སེལ།། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས།། ས་གཞི་ཡུམ་གྱི་རང་བཞིན་ལ།། བྱང་ཆུབ་སེམས་ཀྱི་ཆར་བབ་པས།། ཐམས་ཅད་སྨིན་ཅིང་བངས་པར་མཛད།། ཆུ་ཡི་བཅུད་ལས་གྱེས་པ ་ཡིས།། བདུད་རྩིར་གྱུར་ཏེ་ཐམས་ཅད་རྒྱས།། རྩ་བ་སྡོང་པོ་ཡལ་ག་དང་།། ལོ་མ་མེ་ཏོག་ཤུན་པ་དང་། ཁུ་བ་འབྲས་བུ་སྙིང་པོར་བཅས།། རོ་དང་དྲི་དང་ཁ་དོག་ལ།། རྩ་བ་གཅིག་ལ་ཡན་ལག ་བརྒྱད།། ཡོན་ཏན་སྟོང་དང་བཅས་པ་ཡི།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་།། འགྲོ་བ་དྲུག་གི་གསོས་སུ་འགྱུར།། སྲིད་པ་ཆགས་བྱེད་སྲུབ་ཤིང་གིས།། བདུད་རྩིའི་རྒྱ་མཚོ་བསྲུབས་པ་ལས།། བཅུད་ཀྱི་རྒྱལ་པོ ་བདུད་རྩིར་གྱུར།། ཆོས་བཟང་ལྷ་ཡི་མདུན་ས་ནས།། རཱ་ཧུ་ལ་ཡིས་བརྐུས་ཏེ་འཐུང་།། བརྒྱ་བྱིན་ཁྲོས་ཏེ་སྐེ་བཅད་པས།། ཁྲག་ཐིག་བདུད་རྩི་ས་ལ་ལྷུང་།། བསྐྱེད་ཅིང་སྨིན་པ་ལྷ་ཡི་རྫས།། དུས་མིན་འཆི་ལས་ཐར ་བར་བྱེད།། མངོན་ཤེས་ལྔ་ཡི་དངོས་གྲུབ་ཐོབ།། གསེར་དངུལ་ཟངས་ལྕགས་དེ་བཞིན་གཡུ།། རིན་ཆེན་བདུད་རྩིའི་ཟགས་ཆུ་ནི།། ཤེ་ལ་ཛཱ་ཏུ་ཡོ་ག་སི།། མཆིན་པའི་ནད་རྣམས་སེལ་བར་བྱེད།། གྲུབ་པའི་རིག ་འཛིན་འཐོབ་པར་འགྱུར།། སྲེད་མེད་བུ་དང་ཁྱབ་འཇུག་གི། དེ་ཡི་ཟག་པའི་དྲི་གཤང་གཅི།། ཆུ་ཀླུང་གངས་ཀྱི་འགྲམ་དུ་སྐྱེ།། ཉེའུ་ཤིང་དང་རམ་ཉེའུ།། ནང་ཁྲོལ་དོན་སྙིང་ནད་རྣམས་སེལ།། ཟག་པ་ཟད་དེ་ནམ ་མཁར་འགྲོ།། རིག་པ་འཛིན་པའི་གོ་འཕང་ཐོབ།། དང་པོ་སྲིད་པའི་བདུད་རྩི་ལ།། ལྷ་དང་ལྷ་མིན་རྩོད་ཅིང་འཐབ།། བརྒྱ་བྱིན་དབང་པོའི་ལག་པ་ལ།། ལྷ་མ་ཡིན་གྱིས་མཚོན་ཕོག་ལྷུང་།། དེ་ཡི་ཤ་ཁྲག་སྨིན་ཅིང ་བསྐྱེད།། དབང་པོའི་ལག་དང་བྱི་ཚེ་ལག། དངོས་གྲུབ་བླང་བའི་ཕྱག་རྒྱ་སྟེ།། ནོར་དང་འབྲུ་རྣམས་འདུ་བར་འགྱུར།། རྟ་མགྲིན་དབང་གི་དངོས་གྲུབ་ཐོབ།། ཡུལ་འཁོར་བསྲུང་གི་བུ་ཐུ་བོ།། དྲང་སྲོང་ཡན་ལག ་དགའ་བ་སྟེ།། མིང་ནི་རྒྱལ་པོ་བཤེས་གཉེན་ཅན།། བྷུ་སུ་ཀུ་ནི་རྒྱ་ཆེར་མཛད།། འདོད་ཁམས་ལྷ་ཡི་གཙོ་བོར་སྐྱེས།། བོད་པ་འཕྱིས་པས་དྲག་པོ་འཕྲོས།། ལྷ་ཆེན་དེ་ཡི་དཔྲལ་བ་ནས།། མིག་གཅིག་ལྷག་པར་འདུག ་པ་ལས།། སྨིན་ཅིང་བསྐྱེད་པས་ས་སྟེང་ཁྱབ།། འབུ་སུ་ལུག་མིག་རྣམ་གསུམ་གྱི།། མིག་གི་མངོན་ཤེས་ཐོབ་པར་བྱེད།། ས་ཡི་སྙིང་པོའི་དངོས་གྲུབ་ཐོབ།། ང་ཡི་སྔོན་གྱི་ཕྲིན་ལས་ཀྱི།། ལྷ་ཆེན་ཚངས་པ་བསྒྲལ་བ ་ལས།། སྣ་ནས་ཁྲག་ཟག་བསྐྱེད་ཅིང་སྨིན།། སྣ་མའི་འབྲས་བུ་སྲིན་གྱི་ཤིང་།། དྲི་ཡི་མངོན་ཤེས་ཐོབ་པར་བྱེད།། ནམ་མཁའ་སྙིང་པོའི་དངོས་གྲུབ་ཐོབ།། འདས་པའི་དུས་ན་སྔོན་གྱི་ཚེ།། རྟ་མགྲིན་དབང་གི་ཕྲིན ་ལས་ཀྱིས། ཁ་འབར་བཞི་ཡི་ལྕེ་བཅད་དེ།། སྨིན་ཞིང་བསྐྱེད་པས་བདུད་རྩིར་གྱུར།། དོ་བ་དང་ནི་གཉའ་བ་དང་།། ལྟ་བ་དང་ནི་སེ་བ་བཞི།། མེ་ཏོག་རྨ་ལོ་ཀྲི་ཀྲི་དང་།། གསེར་གྱི་མདུད་ཅན་ཧ་ལོ་ཏྲི།། སྤྱད་པས་ལྕེ ་ཡི་མངོན་ཤེས་དང་།། སྐྲན་རས་གཟིགས་ཀྱི་གོ་འཕང་ཐོབ།། ང་ཡིས་སྲིན་པོ་བུམ་སྣ་བསྒྲལ།། ཆུང་མ་སྲིན་མོ་ཛ་མུན་ཏི།། རྣ་བ་ཨ་ཤོ་ཀན་དྷར་གྱུར།། སྨད་པའི་རྣ་བའི་ནད་རྣམས་སེལ།། སྒྲ་ཡི་མངོན་ཤེས་མངའ ་བར་བྱེད།། ཕྱག་ན་རྡོ་རྗེའི་དངོས་གྲུབ་ཐོབ།། ཏིལ་མར་བུ་རམ་སྦྲང་རྩི་དག། ལན་ཚྭ་མར་དང་སྙིང་པོ་ལྔ།། བདུད་རྩི་གཙོ་བོའི་ཡན་ལག་སྟེ།། རླུང་མཁྲིས་བད་ཀན་ཆུ་སེར་དང་།། འདུལ ་བའི་ནད་རྣམས་སེལ་བར་བྱེད།། མངོན་ཤེས་ལྔ་ཡི་དངོས་གྲུབ་ཐོབ།། གོ་ས་ཧ་དང་ལེ་སེང་དང་།། གི་ཧཾ་ཆུ་ཏཾ་མ་ཛ་ཧཾ། མེ་ཏོག་ལྔ་ཟོས་ཡོན་ཏན་གྱིས།། བད་མཁྲིས་གློ་དང་དུག་རྣམས་སེལ།། རིགས་ཀྱི་ཡུམ་ལྔའི ་དངོས་གྲུབ་ཐོབ།། ཤིང་ཐོག་རྒུན་འབྲུམ་ཀ་ཀོ་ལ།། ཨ་འབྲས་པ་ན་འབྲས་བུ་ལྔས།། ཤ་ཁྲག་རུས་པ་ཆུ་སེར་དང་།། ལུས་ཀྱི་ནད་རྣམས་སེལ་བར་བྱེད།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ཕྲིན་ལས་ལྔ་ཡི ་དངོས་གྲུབ་ཐོབ།། ནཱ་ག་གེ་སར་ཤིང་ཚ་དང་།། སུག་སྨེལ་ག་ཏ་པ་ཏྲ་དང་།། སྐྱུ་རུ་ར་དང་དྲི་སྣ་ལྔས།། ཤ་ཁྲག་རུས་པ་ཆུ་སེར་དང་།། དུག་གི་ནད་རྣམས་སེལ་བར་བྱེད།། ཞི་རྒྱས་དབང་དང་མངོན་སྤྱོད་དང་།། ལས ་རྣམས་ཐམས་ཅད་འགྲུབ་པར་འགྱུར།། རྒྱ་སྤོས་ཛ་ཏི་ཕ་ལ་དང་།། ག་པུར་ཙནྡན་ལི་ཤི་ལྔ།། ཚ་བའི་ནད་རྣམས་སེལ་བར་བྱེད།། ཚུལ་ཁྲིམས་རྣམ་དག་དངོས་གྲུབ་ཐོབ།། འབྲས་དང་སོ་བ་མོན་ཁྲེའུ།། ནས་དང་གྲོ ་དང་ཏིལ་རྣམས་ནི།། མུ་གེའི་བཀྲེས་པ་སེལ་བྱེད་ཅིང་།། ཚེ་དང་སྟོབས་དང་བཀྲག་མདངས་གཟི།། ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱེད།། གསེར་དངུལ་ཟངས་ལྕགས་གཡུ་དང་ལྔ།། དབུལ་ཞིང་ཕོངས་པ་སེལ ་བྱེད་ཅིང་།། རིགས་ལྔ་ཐུགས་ཀྱི་དངོས་གྲུབ་ཐོབ།། རང་བཞིན་སྤྱད་པའི་ཡོན་ཏན་ལས།། བསྒྲུབ་པའི་ཡོན་ཏན་བསམ་མི་ཁྱབ།། ཀྱེ་མ་ཚངས་པ་དྲང་སྲོང་དང་།། ལྷ་ཀླུ་དྲི་ཟ་བྲམ་ཟེ་སོགས། ཁྱེད་ཀྱི་བརྟུལ་ཞུགས ་དཀའ་ཐུབ་ཀྱིས།། བསྟེན་ཅིང་སྤྱད་པའི་རྫས་འདི་རྣམས།། སྔོན་ཚེ་འདས་པའི་དུས་ཉིད་ནས།། བཤང་གཅི་ཁུ་བ་ཤ་ཁྲག་གིས།། མ་བསྐྱེད་པ་དང་མ་བྱུང་མེད།། ཐམས་ཅད་བདུད་རྩི་ལྔའི་རང་བཞིན།། གཙང་སྦྲས ་ཉམས་པར་གྱུར་ཏ་རེ།། བརྟུལ་ཞུགས་འཛིན་པ་དེ་བོར་ལ།། དུས་གསུམ་སངས་རྒྱས་མ་ལུས་པའི།། བཀའ་ཡི་དམ་པ་འདི་ཟུང་ཞིག། ཅེས་བཀའ་སྩལ་པས། ཚངས་པ་དང་དྲང་སྲོང་ལ་སོགས་པའི་འཁོར་དེ ་དག་ཐམས་ཅད་ཀྱིས་རང་རང་གི་གཙང་བ་དང་སྨེ་བར་འཛིན་པའི་ལོངས་སྤྱོད་རྣམས་བཤང་བ་དང་གཅི་བ་དང་བྱང་སེམས་ཀུནྡ་ལྟ་བུ་དང་། པདྨ་ལྟ་བུ་དང་། མི་དང་། རྟ་དང་། ཁྱི་དང་། བ་གླང་དང་། གླང་པོ་ཆེའི ་ཤ་དང་། མྱོས་པར་བྱེད་པ་འབྲུ་བཅུད་ཀྱི་བཏུང་བ་རྣམས་ཀྱི་རླབས་ཏེ། རྒྱ་མཚོ་དང་ཆུའི་རྒུན་ལྟ་བུ་དང་། རིགས་ཀྱི་ནང་ན་གདོལ་པ་དང་། ཁྱི་དང་། ཕག་དང་། བོང་བུའི་ཚོགས་རྣམས་ཀྱི་ཁུ་བ་དང་། ཁྲག་གི་ཀློང ་ཆེན་པོ་སྣང་བར་གྱུར་ནས་བརྒྱལ་ཏེ། གཙང་བྲ་དང་སྨེ་བའི་རྣམ་པར་རྟོག་པ་དྲག་པོས་གཟིར་ཞིང་འདུག་པ་ལ། རང་རང་གི་ལས་དང་མཐུན་པར་གདུལ་བར་ནུས་པའི་སྟོན་པ་འཇམ་དཔལ་དང་། སའི་སྙིང་པོ་ལ ་སོགས་པ་ཉིད་ཀྱི་སྐུ་གསུང་ཐུགས་གསང་བ་ཆེན་པོ་ལས་ཕྱུང་སྟེ། འདི་སྐད་དུ། རིགས་ཀྱི་བུ་དག་མ་འཇིགས་ཤིག་མ་འཇིགས་ཤིག། འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡང་གཏིང་དཔག་དཀའ་ཞིང་། རྒྱ་ཆེ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་དག་པ་སྟེ། ཚུལ་འདི་ལྟ་བུས་ལོངས་སྤྱད་ན། བློ་མཆོག་ཏུ་གྱུར་ཅིང་ཡངས་པ་དང་ལྡན་པ་རྣམས ་ཀྱི་དོན་རྒྱ་ཆེན་པོ་མཛད་དོ།། ད་ལྟར་དང་མ་འོངས་པའི་དུས་ན་ཡང་ཕྲིན་ལས་ཆེན་པོ་སྤྱོད་པ་དག་འབྱུང་བར་འགྱུར་ཡང་།། སེམས་ཅན་བློ་ཆུང་བ་རྣམས་ཀྱི་མིག་ལམ་དུ་སྣང་བར་མི་འགྱུར་རོ།། རིགས་ཀྱི་བུ་དག ་ཁྱེད་རྣམས་ནི་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པའི་བྱ་བ་བྱས་ཤིང་བྱང་ཆུབ་སེམས་བསྐྱེད་དེ། སྨོན་ལམ་རྒྱ་ཆེན་པོས་འགྲོ་བའི་དོན་རྣམ་པར་སྤྱོད་པ་ལ་རབ་ཏུ་གཞོལ་བའི་སྤྲོ་བ་དང་ལྡན་པས། སེམས་ཅན་གྱི་རིགས ་དང་ཁམས་དང་། བག་ལ་ཉལ་དང་ལས་དང་བསམ་པ་མཐུན་པ་རྣམས་འདུལ་བའི་དུས་དང་ཚོད་ལ་བབ་པ་སྟེ་སྐྲག་པར་མ་བྱེད་ཅིག། འདིར་ནི་བདག་ཅག་གི་སྟོན་པ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ཉིད་ཀྱིས་བདག་ཅག ་ལ་སོགས་པ་ཚུལ་འདི་ལྟ་བུས་འདུལ་བར་འོས་པ་རྣམས་ཀྱི་དོན་དུ་མངོན་པར་སྤྲུལ་པ་སྟེ། དོན་དམ་པར་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་འདུས་མ་བྱས་པ། བདག་མེད་པ། རྣམ་པ་ཞི་བ། ཟག་པ་མེད ་པ། ཁ་ན་མ་ཐོ་བ་མེད་པ་འཇིག་རྟེན་ལས་འདས་པ། དེ་བཞིན་ཉིད་ལས་གཡོ་བ་མེད་པ་ལས་སྤྲུལ་པ་ཙམ་དུ་ཟད་ཀྱིས། ཐེ་ཚོམ་ཟ་བར་མ་བྱེད་ཅིག། ཅེས་དབུག་དབྱུང་བ་མཛད་དོ།། དེ་ནས་ཚངས་པ་དང་དྲང་སྲོང ་དང་བྲམ་ཟེའི་ཚོགས་དེ་དག་ལ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་རོལ་པ་ཆེན་པོ་མངོན་དུ་བསྟན་ཏེ། འཁོར་གྱི་དཀྱིལ་འཁོར་གྱི་ཚོགས་དང་བཅས་པ་རྣམས་ཀྱིས་ཚངས་པ་དང་དྲང་སྲོང་ལ ་སོགས་པ་དེ་དག་ལ་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན་ཉིད་གསང་བའི་དབང་བསྐུར་བས་དབང་བསྐུར་བར་མཛད་པས། དེ་དག་ཐམས་ཅད་རང་གི་ལུས་ནི་རིགས་ཀྱི་ལྷ་དང་ལྷ་མོའི་ཚོགས་སུ་སྣང་བར་གྱུར་ལ། ་ངག་གིས་ནི་ཐམས་ཅད་བདུད་རྩིའི་རང་བཞིན་ནོ།། ཞེས་བྱ་བའི་སྒྲ་རྒྱུན་དུ་བརྗོད་དེ། ཕྱི་དང་ནང་གི་རྣམ་པར་རྟོགས་པ་ལས་གྲོལ་ཞིང་། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཆེན་པོར་རོ་གཅིག་པར་གནས་པར་གྱུར ་ཏོ།། མི་གཙང་ཞིང་སྨེ་བའི་རྫས་ཀྱི་དངོས་པོ་རྣམས་ཀྱང་དྲི་དང་ཁ་དོག་དང་རོ་ཕུན་སུམ་ཚོགས་པ། ལྟ་ན་སྡུག་ཅིང་། ལོངས་སྤྱོད་ཀྱི་གཙོ་བོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་འདོད་པའི་དོན་མ་ལུས་པ་ཐོགས་པ ་མེད་པར་འགྲུབ་པ། དངོས་གྲུབ་ཀྱི་རྒྱ་མཚོ་མི་ཟད་པའི་གཏེར་ཆེན་པོར་གྱུར་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་མཆོད་པ་མཉེས་པར་འགྲུབ་ཅིང་། རིགས་འཛིན་པའི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་ལོངས་སྤྱོད་དམ་པའི་མཆོག་ཏུ་གྱུར་ཏོ།། གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་རིགས་ཀྱི ་བུ་དག་མ་འོངས་པའི་དུས་སུ་སེམས་ཅན་གང་དག་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཉིད་ཀྱི་རྣམ་པར་འཕྲུལ་པ་དང་། བྱིན་གྱིས་རླབས་ཀྱི་ཚུལ་འདི་དག་ཉིད་ཀྱིས་འདུལ་བ་མ་རྟོགས་པ་ཁ་ཅིག་ནི། ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཀྱི་རྒྱལ་པོའི་བྱིན་གྱིས་རླབས་ཀྱི་རྣམ་པར་འཕྲུལ་པས་དོན་བྱེད་པར་འགྱུར་རོ།། གཞན་ཁ་ཅིག་ནི་འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ལག་ན་རྡོ་རྗེ་དང་། སའི་སྙིང་པོ ་ལ་སོགས་པ་རྣམས་ཀྱི་དོན་བྱེད་དེ། གཞན་ཁ་ཅིག་ནི་འཇིག་རྟེན་གྱི་ལྷ་ཚངས་པ་ཆེན་པོ་དང་། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་དང་། ཙ་ར་ཀ་དང་། ནབ་སོ་སྐྱེས་དང་།། ཐ་སྐར་གྱི་བུ་ལ ་སོགས་པ་གཟའ་དང་རྒྱུ་སྐར་གྱི་དེད་དཔོན་ཆེན་པོ་རྣམས་དང་། གཡོན་ཕྱོགས་ཀྱི་ལྷ་དང་རྐང་གཉིས་སྤྱོད་པ་ལ་སོགས་པ་ཀླུའི་གཙོ་བོ་དང་། ཟང་ལ་གནས་དང་མེ་བཞིན་འཇུག་ལ་སོགས་པས་དོན་བྱེད་དོ།། མེ་ལྷ ་དང་རླུང་ལྷའི་གཙོ་བོ་ཁྱེད་རྣམས་ནི་ལོ་མ་དང་། མེ་ཏོག་དང་འབྲས་བུ་ལས་གྱུར་པ་རྣམས་ལོངས་སྤྱད་དེ། དྲི་དང་རོ་དང་ནུས་མཐུ་དང་འབྲས་བུའི་ཡོན་ཏན་གྱིས་སེམས་ཅན་གྱི་ནད་རིགས་བསལ་བའི་ཕྱིར། སྔོན ་གྱི་གནས་ཀྱི་རིགས་རྗེས་སུ་གཟུང་བར་གྱིས་ཤིག། བྲམ་ཟེ་གཞོན་ནུའི་སྤྲིན་ལ་སོགས་པ་རྣམས་ཀྱི་ནི་སྨན་ཆེན་པོའི་བཅུད་ཀྱི་ལེན་གྱིས། སེམས་ཅན་གྱི་རིགས་ཀྱི་ཚེ་དང་ཁ་དོག་དང་སྟོབས་དང་ལང་ཚོ་བཀྲག་དང ་གཟི་བརྗིད་རྣམས་འཕེལ་བར་བྱ་བའི་ཕྱིར་རིགས་རྗེས་སུ་གཟུང་བར་གྱིས་ཤིག་འབྲས་སྐྱོང་གི་བུ་མོ་དང་། ཛམ་བྷ་ལ་དང་། ད་བ་ཤུའི་བུ་མོ་དང་། ལྷ་དང་ཀླུའི་བུ་མོ་རྣམས་ཀྱིས་ནི་རང་རང་གི་ལོངས་སྤྱོད་པའི ་རྫས་གང་གིས་ལོངས་སྤྱད་པ་དེ་དག་ལ།། སོ་སོའི་བཅུད་དང་བྱིན་གྱིས་རླབས་དང་དངོས་གྲུབ་གསོལ་བའི་ཕྱིར་རིགས་རྗེས་སུ་གཟུང་བར་གྱིས་ཤིག། ཁྱེད་རྣམས་ནི་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཡང་དག་པར ་གཟུང་བའི་ཕྱིར་མངོན་དུ་མཛད་པ་ཡིན་གྱིས་དོན་ཆེན་པོ་ཡལ་བར་དོར་བར་མ་བྱེད་ཅིག་ཅེས་སྨྲས་པ་དང་། ཚངས་པ་དང་དྲང་སྲོང་ལ་སོགས་པའི་འཁོར་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་བཅོམ་ལྡན་འདས ་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོས་ཡོངས་སུ་འཛིན་པར་མཛད་པའི་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ཆེ་བའི་མཆོག་ཏུ་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ།། བདག་ཅག་རྣམས་ནི་ཁྱོད་འཁོར་དང ་བཅས་པ་རྣམས་ཀྱིས་ཇི་ལྟར་བསྒོ་བ་དང་། མ་འོངས་པའི་གང་ཟག་རྣམས་ཀྱིས་སྨོན་ཅིང་ལྟོས་པ་ལས་བདག་ཅག་འདའ་བར་བྱེད་རེ་ཀན་ཞེས་བྲོ་བོར་རོ།། སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ན་ར་ཀན་ཞེས་བརྗོད་དེ། ཐ ་ཚིག་ལ་གནས་པར་གྱུར་ཏོ།། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། དམ་ཚིག་ཆེན་པོའི་ལས་ཉེ་བར་བསྒྲུབ་པ་དངོས་གྲུབ་ཀྱི་རིག་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །། དེ ་ནས་བཅོམ་ལྡན་འདས་ལ་འདུས་པའི་འཁོར་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཉིད་ཀྱི་དམ་ཚིག་ཆེན་པོ་རབ་ཏུ་གསལ་བའི་ཚོགས་དེ་དག་ཉེ་བར་བསྒྲུབ་པའི ་གནས་དང་སྟོན་པ་དང་འཁོར་དང་ཡོ་བྱད་ཀྱི་ཁྱད་པར་དང་། དེའི་ཐབས་དང་འབྲས་བུ་དང་། ཡོན་ཏན་གྱི་ཚོགས་ཇི་སྙེད་པ་དག་དུས་ཕྱི་མའི་ཚེ་ན་འབྱུང་བའི་སེམས་ཅན་ཉོན་མོངས་པས་རབ་ཏུ་དཀྲིས་པ་རྣམས ་ཀྱིས་གྲོལ་བ་དང་ཐར་པ་ཐོབ་པར་བྱ་བའི་ཕྱིར་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བསྟན་དུ་གསོལ།། ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་གསུང་ཐུགས་གསང་བའི་དཀྱིལ ་འཁོར་ཆེན་པོ་བདུན་དང་རྡོ་རྗེའི་དམ་ཚིག་ཆེན་པོའི་སྦྱོར་བའི་བྱིན་རླབས་ཡང་དག་པར་སྤྲོ་བ་བརྒྱད་མངོན་པར་སྤྲུལ་ཏེ་ཀུན་ཏུ་སྣང་བར་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་འདུས་པའི་འཁོར་ཚོགས ་རྣམས།། ལེགས་སོ་ལེགས་སོ་ཤིན་ཏུ་ལེགས། ཁྱོད་ཀྱི་དྲི་བ་འདི་ཉིད་ཀྱིས།། བསོད་ནམས་བྱས་པའི་ཁྱད་པར་ནི།། དུས་གསུམ་སངས་རྒྱས་མ་ལུས་པས།། བསྐལ་པར་གསུངས་ཀྱང་མཛད་མི་ནུས།། དེ་བས་རིགས ་ཀྱི་བུ་རྣམས་ཉོན།། མཐོང་ཞིང་གོམས་ལ་བརྟུལ་ཞུགས་གནས།། རེ་ཞིང་དོགས་མེད་གཙང་བ་སྟེ།། ཟབ་ཅིང་མཐར་ཕྱིན་དཔའ་བསྐུར་ལ།། ཐབས་མཁས་བློ་ཆེ་བརྟན་ཞིང་གསལ།། སྟོན་པ་ཉིད་ཀྱིས་རྗེས་བཟུང ་བས།། ལུས་ངག་ཡིད་ཀྱི་ཉེས་བྱས་ཟད།། བློ་ལྡན་གཏོང་ཕོད་བརྩོན་འགྲུས་ཆེ།། མི་ཕྱེད་དད་ཅན་རིགས་དག་ལ།། བརྟུལ་ཕོད་མ་ཞུམ་ངེས་པར་སྤྱོད།། ནུས་པ་བསྐྱེད་དང་སྨིན་པའི་དུས།། ཇི་ལྟར་བཤད་པའི ་མཚན་ཉིད་དང་།། ཡོན་ཏན་རྒྱན་རྟགས་ལྡན་པའི་གནས།། མི་མཛའི་ཕྱོགས་ཀུན་རབ་བཟློག་རྫས།། ཟླ་བ་ཕྱེད་པ་བྱུང་ནས་བརྩམ།། ཚོགས་བསག་བར་ཆད་བསལ་ལ་འབད།། རང་ཉིད་ཞེ་སྡང་རྡོ་རྗེ་ཡི།། སྔོན་གྱི ་ཕྲིན་ལས་མ་ལུས་སྦྱར།། གཞི་དེ་བརྟག་ཅིང་སྦྱང་བ་དང་།། བདག་གིར་བྱ་བ་མཆོག་ཡིན་ནོ།། དམ་ཚིག་རྫས་ཀྱི་མཛེས་པར་མཉམ།། རང་གི་རིགས་དང་ཕྱོགས་དག་གནས།། རྡོ་རྗེ་བ་སུ་ཏ་ཡིས་གཅད།། ཉི་ཟླ ་གསལ་བའི་དཀྱིལ་འཁོར་དུ།། འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་གསལ།། གྲུབ་མེད་ནོར་བུ་རིན་པོ་ཆེ།། རིགས་ཀྱི་མཚན་མས་བརྒྱན་པའི་སྣོད།། ཉིད་ཀྱི་ཕྱོགས་སུ་གསལ་བར་དགོད།། རིགས་ལྔ་རྩ་བའི་དམ ་ཚིག་ལྔ།། ཡན་ལག་དྲི་དང་ཁ་དོག་གིས།། དམན་པ་སྒྲིབ་བྱེད་མཐུན་པའི་སྐྱོབས།། རྒྱལ་པོ་བློན་པོ་དམངས་དང་བཅས།། མ་ལུས་པ་ནི་ཐམས་ཅད་ཀུན།། མཐུན་པའི་རིགས་ཀྱིས་རབ་ཏུ་དབྱེ།། ཕོ་བྲང་དེ་ཡི་རྒྱན ་དང་རྟགས།། དགོད་དང་བྱིན་བརླབ་ལ་སོགས་ཀུན།། ངས་བཤད་དོན་ལས་འདའ་མི་བྱ།། ཕྱག་མཚན་བཅས་པའི་དཀྱིལ་འཁོར་ཉིད།། དམ་པ་རིགས་བརྒྱའི་ཏིང་ངེ་འཛིན།། བྱིན་བརླབ་དབང ་བསྐུར་ཆོ་འཕྲུལ་གྱིས།། མཆོད་ཅིང་བསྟོད་དེ་སྦྱང་བ་དང་། བསྡུ་ཞིང་བསྟིམ་པ་མྱུར་བར་བྱ།། ཨོཾ་སརྦ་པཉྩ་ཛྙཱ་ན་ས་ཏྭ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤཱ་རཱི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། འདི་ལ་བསྟོད་ཅིང ་བཤགས་བྱང་དང་།། མ་ལུས་ཕོ་བྲང་དབབ་པ་དང་།། འཇིག་རྟེན་དམན་པའི་རྣམ་རྟོག་གཞོམ།། སྔ་མ་ཕྱི་མ་དུས་ཀྱི་བདག། གཉིས་སུ་བལྟ་ཞིང་ངག་གི་སྒྲ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་སྟ་ན་ཛ་ཡ་གྷུ་ཧྱ ་སིདྡྷི་ཧཱུཾ་ཧྲཱིཿཋ། རྡོ་རྗེ་སེམས་དཔའི་ང་རྒྱལ་འཆང་།། བསྐྱེད་པའི་བྱིན་རླབས་དངོས་ལ་བསྡུ།། འཕྲོ་འདུ་གསལ་ཏེ་རྟགས་དང་སྦྱར།། རིགས་ཀུན་འཛིན་པ་དག་པའི་ཕྱིར།། རྩ་བའི་དཀྱིལ་འཁོར་ལྔར་བསྡུས་པ།། ཨོཾ ་ཨཱཿཧཱུཾ་སྭཱ་ཧ། འཁོར་ལོ་རྡོ་རྗེ་རིན་པོ་ཆེ།། པདྨ་རྒྱ་གྲམ་འོད་དང་ལྡན།། དུག་ལྔ་རྒྱུད་ལྔ་སྦྱངས་ཤིང་དྲང་།། འཇའ་ཚོན་ལྟ་བུ་དེ་མཉེས་བྱ།། སྙིང་གར་ཐབས་དང་ཤེས་རབ་འོད།། སྦྱོར་བས་འཕྲོ་འདུ་འཕྲོས་པ ་ལས།། མཉེས་དང་སྦྱང་བ་བསྡུ་བྱས་པ། ཐིམ་པས་མི་བཟད་འཁོར་ལོའི་དབྱིངས།། སྐུ་དང་ཡེ་ཤེས་གསལ་བར་བལྟ།། ཨོཾ་ཨཱཿཧཱུཾ་སཱ་ཧཱ་ཛྙཱ་ན་པཉྩ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཕྱག་རྒྱ་ལྔ་ཉིད་མཉེས་པར ་བསྐང་།། དངོས་གྲུབ་བཅུད་ཀྱི་གང་བར་བལྟ།། སྔོན་གྱི་ཕྲིན་ལས་ཇི་བཞིན་སྤྱད།། དེ་ཉིད་ལྔ་རུ་སྣང་བ་ཡང་།། གཅིག་ཉིད་ཁོ་ན་ཡིན་པའི་ཕྱིར།། རྡོ་རྗེ་སེམས་དཔའ་ཉིད་དུ་བརྟག། རྡོ་རྗེ་པདྨ་འཁོར་ལོ་ལ།། ཨོཾ ་ཨཱཿཧཱུཾ་བཛྲ་ས་ཏྭ་ས་མ་ཡ་སྭཱ་ཧཱ། འབྲུ་གསུམ་ཁ་དོག་ལྡན་པ་ནི།། བསྐོར་ཞིང་ལྷག་མར་བཅས་པ་བཟླས།། ཀུན་གྱི་ཕྲིན་ལས་གཅིག་གི་ངང་།། དང་པོར་བྱ་བའི་ལས་ཡིན་ནོ།། བདུད་རྩི་འཁྱིལ་པའི་དཀྱིལ་འཁོར ་ནི།། སྟོང་དང་སྙིང་རྗེའི་ས་བོན་ལས།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཧྲཱིཿ། ཞེས་པས་འདི་ཡི་བདག་པོ་ཉིད།། མདོག་དཀར་ཞལ་གཅིག་ཕྱག་གཉིས་པ།། ཕྱག་གཡས་རྡོ་རྗེ་གཡོན་པ་ཡིས།། བདུད་རྩིས ་བཀང་བའི་ཐོད་པ་འཛིན།། གཞི་ཉིད་ཀུན་བཟང་ཡབ་ཡུམ་མཁའ།། ངོ་བོ་བདེ་བ་བྱང་ཆུབ་སེམས།། དཀར་དང་དམར་བའི་སྤྲིན་ཚོགས་འདུས།། ཐུགས་རྒྱུད་བསྐུལ་ཞིང་མོས་པ་བསྐྱེད།། གནས་ངན་སྦྱངས་ཤིང་ས ་ལ་དགོད།། ཡོན་ཏན་ཐོབ་ཅིང་གཞན་དོན་རྫོགས།། རབ་ཏུ་མཉེས་ཤིང་དབང་བྱིན་སྩལ།། འབྲས་བུ་བླངས་ཤིང་བར་ཆད་བཟློག། འཕྲོ་འདུ་འཛམ་བུ་ན་ད་བཞིན།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་རཾ། ་དེ་ལས་གཞན་པའི་བྱ་བའི་གཙོ།། ནམ་མཁའི་དབྱིངས་ཀྱི་དབུས་དག་ཏུ།། གཙང་དང་རྣམ་རྟོག་དེ་ཉིད་ལས།། སྦྱངས་ཤིང་བར་ཆད་ཕྱིར་བསལ་ཕྱིར།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་གྷ་གཞན་ནས་གྲ་ཧནྟེ་ཧ་ན་ཧ་ན ་ཧཱུཾ་ཕཊ། ཡང་བྱུང་། ཧི་ཨ་ན་ཡ་ཧོཿབ་ཡ་ཧཱུཾ་ཕཊ། དེ་ཡི་བྱེ་བྲག་ཕྱེད་པར་བྱ།། གཉིས་མེད་བདུད་རྩིར་རབ་སྦྱང་ཕྱིར།། བཅུད་བཞིའང་མཉམ་པ་ཉིད་དུ་སྦྱར།། ཨོཾ་ཨ་མྲྀ་ཏ་ཛ་གད་བྱི་ཏི་ལ་ཤོ་དྷ་ཡ། རཏྣ་ཙ་ཏ ་བི་ཤུདྡྷེ་ཀུཎྜ་ལི་སྭཱ་ཧཱ།། རྒྱལ་བའི་མཆོད་སྦྱིན་མེ་ལྷའི་ཚོགས།། མ་ཉམས་དེ་ཡིས་མཉེས་པར་བྱ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་ཧཱུཾ་ཧྲཱིཿཋ། ཆོས་མ་རྡོ་རྗེ་མཛེས་མ་ཡིས།། དངོས་གྲུབ་སྤེལ་ཕྱིར་མཉམ་པར ་གཞལ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧྲཱིཿ། རྒྱས་གདབས་བྱིན་གྱིས་བརླབ་པར་བྱ།། དངོས་གྲུབ་རྐྱེན་དུ་བསྔགས་པ་རྣམས།། ང་ཡིས་བཤད་པ་བཞིན་དུ་བྱ།། རྒྱལ་བ་མཉེས་པའི་ཐབས ་རྣམས་ཀྱིས།། མཆོད་དེ་ཡན་ལག་ཚང་བར་སྤྱད།། རོལ་པ་ཆེན་པོའི་ཕོ་བྲང་གསལ།། ང་ཡི་དགོངས་རྒྱུད་སྦྱོར་བ་ནི།། བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས།། སྟོང་གསུམ་འཇིག་རྟེན་ཁྲོ་བཅུར་གསལ།། སྟེང་ཕྱོགས ་རིགས་བཞིའི་ཧེ་རུ་ཀས།། དཔའ་བོ་གཉིས་གཉིས་ཞབས་ཀྱིས་བརྫིས།། སླར་ཡང་གཙོ་བོའི་ཞབས་བཞིས་མནན།། དེ་སྟེང་དབྱིངས་མའི་ཞབས་བརྒྱད་ཀྱིས། ཁྲག་འཐུང་གཡས་གཡོན་དབུས་གཉིས ་མནན།། དབུས་མ་དེ་ཡི་མཁའ་ལ་རྫོགས།། དེ་ལ་རྫོགས་པའི་ཧེ་རུ་ཀ། ཞབས་ཀྱི་དབུ་བརྒྱད་བརྫིས་མཛད་ཅིང་།། སྨིན་མཚམས་དབྱིངས་སུ་གསང་མཆོག་རྫོགས།། དེ་ཡི་ཞལ་དབུས་ལྗགས་སྟེང་དུ།། སྲས་མཆོག ་ས་ནུ་ཧེ་རུ་ཀ། མདོག་དཀར་གསལ་བ་ཡབ་ཡུམ་བཅས།། ཚོན་གང་དེ་ཡི་ལྗགས་དཀྱིལ་དུ།། འབྲུ་དགུས་མི་འགྱུར་དོན་ལ་བསྐོར།། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧྲཱིཿ། དེ་འོག་དམིགས་པའི་ཕོ་བྲང་དུ།། རང་གི་ས་བོན ་ལས་བྱུང་བའི།། གཙོ་ཆེན་གསང་བའི་ཡུམ་བཞིར་བཅས།། བསྡུས་པའི་མཁའ་ལ་དབང་གི་ལྷ།། མདོག་དམར་ཞལ་གཅིག་ཕྱག་གཉིས་པ།། ཕྱག་གཡས་པདྨ་གཡོན་པ་ཡིས།། རྡོ་རྗེ་རྒྱ་གྲམ་ཕོ་བྲང་གནོན།། ཕྱེད ་ཙམ་མཁའ་ནུབ་སྦྱོར་བ་སྟེ།། འཕྲོ་འདུ་བྱིན་རླབས་རབ་བསྐུལ་བ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། སྒྲ་དང་འོད་ཀྱི་བརྟུལ་བཞུགས་ཀྱིས།། བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་འཁྱིལ།། སངས་རྒྱས་མ་ལུས་མཉེས ་པར་བལྟ།། དཀྱིལ་འཁོར་བདག་པོ་ཧེ་རུ་ཀའི།། སྙིང་གའི་འབྲུ་དགུ་འོད་ཟེར་གྱིས།། གཙོ་བོའི་དབུ་བཙུགས་ལམ་ནས་ཞུགས།། ལྗགས་ཀྱི་དཀྱིལ་འཁོར་འཕྲོ་འདུ་མཛད།། ཕྱག་མཚན་དཀྱིལ་འཁོར་བཅས་པ ་ཡང་།། ཐབས་དང་ཤེས་རབ་འོད་ལྡན་དེ།། གཙོ་མོ་ཡུམ་གྱི་ཞལ་སྒོར་འབབ།། དེ་ཉིད་ཧེ་རུ་ཀ་དཔལ་ལོ།། རིགས་བཞིའི་དབང་མཆོག་ཁྲོ་བཅུ་རྣམས།། ཡུམ་བཅས་བདེ་ཆེན་གཅིག་ཏུ་གྱུར།། སླར་ཡང་ཕོ་བྲང་ཆེན ་པོ་རུ།། རིགས་ཀྱི་བདག་པོ་རྣམས་སུ་གསལ།། རིམ་པ་བཞིན་དུ་དབང་བསྐུར་རོ།། གནས་མཆོག་དེ་ཡི་ཕྱོགས་ཀུན་ནས།། འོད་ཕུང་འབར་བས་དངོས་ཉིད་སྦར།། བྱིན་གྱིས་རླབས་ཀྱིས་ཁྲོ་ཚོགས་དང་།། དབང ་ཆེན་ཡུམ་བཞི་གནང་བར་མཛད།། དེ་ཡི་རིགས་བཞི་གསང་མཆོག་དང་།། སྐུ་གདུང་འབར་བའི་གཞལ་ཡས་ཁང་།། རིགས་བཞི་གཙོ་དང་འཁོར་རྣམས་ལས།། འོད་སྤྲིན་སྟེང་ཕྱོགས་འབར་བ ་ལས།། ཡུམ་ཆེན་མཁའ་མཉམ་ཀློང་གི་དཀྱིལ།། གསལ་བའི་ཞབས་དང་གསང་བའི་དབྱིངས།། དབུ་མའི་བྱིན་རླབས་སྤྱི་བཙུགས་འབར།། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་མཐོང་།། འོད་བྱུང་ཕྱོགས་ཀུན་ཕྱག ་མཚན་ཚོགས་ཀུན་གྱིས།། བྱིན་ཕབས་ལྗགས་ཀྱི་སྦྱོར་བ་ལས།། དབང་གི་དཀྱིལ་འཁོར་ཡུམ་དང་བཅས།། འཕྲོ་འདུ་མ་ལུས་ཁྱབ་བྱས་ཏེ།། སྦྱངས་ཤིང་བཏུལ་ཏེ་ཚར་བཅད་དེ།། གཙོ་ཆེན་སྟེང་ཕྱོགས་འཐིམ་པར ་བལྟ།། རྒྱུན་དུ་གནས་པའི་ཡན་ལག་ལས།། མཐུན་འཇུག་སྦྲུལ་སྐུའི་མཛད་པ་ཡིས།། མ་ལུས་གཞན་དོན་རྫོགས་པར་དམིགས།། མཉེས་བྱ་བསྐུལ་ཞིང་དབབ་དང་བཟློག། ཕྲིན་ལས་རྒྱུན་དུ་འབད་པ་ལས།། འོད ་དང་དུ་བ་དྲི་དང་སྒྲ།། ལྷ་མོའི་གཟུགས་ཀྱང་སྟོན་པར་བྱེད།། མང་དུ་འཕེལ་ན་གྲུབ་རྟགས་ཡིན།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་གུ་ཧྱ་སིདྡྷི་ཨ་བྷི་ཥིཉྩ་ཨཱ། གལ་ཏེ་ཚུལ་བཞིན་མ་གྱུར་ན།། ཀུན་ནས་སྒྲེགས་ཏེ་བསར ་ཞིང་འབད།། དབབ་བསྐྱིལ་བསྡུ་ཞིང་བླང་བར་བྱ།། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཀུནྡ་ལི་ཧཱུཾ་ཧྲཱིཿཋ། ཧ་ཡ་གྷཱི་ཝ་ཧུ་ལུ་ཧུ་ལུ་བྷནྡ་བྷནྡ་ཧཱུཾ་ཧྲཱིཿཋ། མཉྫུ་ཤྲི་བྱ་བ་ལོ་ཀེ་ཏེ་ཧཱུཾ་ཧྲཱིཿཋ། ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ནི ་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧྲཱིཿཋ། རྡོ་རྗེ་སློབ་མའི་ཚོགས་རྣམས་ཀྱིས།། མེ་ཏོག་དོར་ཏེ་གསོལ་བར་བྱ།། ཨོཾ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོ།། རྡོ་རྗེ་རྒྱལ་པོ་དེ་ཡིས་ནི།། ཡིད་བཞིན་ཕོ་བྲང་དེ་ལ་བསྟན།། ཨོཾ་ཨཱཿཧཱུཾ་མ ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་སྟཾ། སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨ་ཨཿ། སྲོག་གི་སྙིང་པོ་རྒྱུད་གསུམ་པོ།། གནས་གསུམ་བྱང་ཆུབ་སེམས་ལ་ཐིམ།། ཨཱིཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨཱ་ཡུ་ཕ་ལ ་སིདྡྷི་ཧཱུཾ། མཁའ་དབྱིངས་ཕྱག་རྒྱ་ཆེ་བའི་མཆོག། དཔལ་གྱི་ཐ་ཚིག་གཏམ་པ་དགྲོལ།། པདྨ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། དོན་དམ་གཉིས་མེད་ཐིག་ལེ་ལས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར།། མ་ཧཱ་གུ་ཧྱ་ཀཱ་ཡ་ཝ་ཀ ་ཙིཏྟ་སིདྡྷི་སིདྡྷི་ཧྲཱིཿཥ་ཧཱུཾ། ཐམས་ཅད་མཁའ་ཡི་མཚན་ཉིད་སྟེ། ཁ་དོག་དབྱིབས་དང་མཚན་མ་གྲུབ།། སྐྱེ་བ་མེད་ཅིང་འགག་པ་མེད།། རིམ་པའི་དོན་ལ་འཇུག་པར་གྱིས།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། དབང ་བསྐུར་སྤྱོད་ཡུལ་དམ་པ་སྟེ།། དམ་ཚིག་ཕྱག་རྒྱ་སྲུང་བའི་མཆོག། བསོད་ནམས་མཆོག་ཏུ་ཕྱིན་པ་སྟེ།། བླ་ན་མེད་པ་མྱུར་དུ་འགྲུབ།། དེ་བས་ཁྱེད་ཀྱིས་བརྩོན་པར་གྱིས།། ཞེས་གསུངས་སོ།། བཅོམ་ལྡན་འདས ་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། དམ་ཚིག་ཆེན་པོ་བྱིན་གྱིས་རླབས་པའི་ཐབས་ཡང་དག་པར་བསྡུ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་གཙོ་ཆེན་ཧེ་རུ་ཀས།། འདུས་པའི་འཁོར་ལ་འདི་སྐད ་གསུངས།། ཀུན་ཏུ་བཟང་པོ་ཧེ་རུ་ཀ། ང་ནི་ཡོན་ཏན་གཙོ་བོ་སྟེ།། ཆེ་བའི་མཆོག་ཏུ་གྱུར་པ་ཡིན། འདི་ལ་ཐེ་ཚོམ་མ་ཟ་ཅིག། དམན་པའི་འཇིག་རྟེན་ཆོས་ཀྱི་ནི།། རྒྱུ་དང་ལས་དང་ཉོན་མོངས ་ཀྱི།། སྡུག་བསྔལ་ཕུང་པོ་བསྐྱེད་པས་ན།། ང་ཡི་ཡོན་ཏན་ཤེས་མི་འགྱུར།། ལོག་པའི་བརྩོན་འགྲུས་ཤེས་རབ་ཀྱིས།། རགས་པའི་རྒྱུ་དང་འབྲས་བུ་དག། མེ་ལོང་རྟོགས་ཏེ་ཕྲ་བ་མིན།། དཀའ་ཐུབ་བརྟུལ་བཞུགས ་མཆོད་སྦྱིན་དག། འདོད་པའི་ཁམས་དང་གཟུགས་ཡོད་མེད།། ང་རྒྱལ་སྙོམས་འཇུག་མངོན་ཤེས་ལུས།། ཚེ་དང་བསྐལ་པ་ཐོབ་ཟིན་ཡང་།། སྲིད་པའི་ས་བོན་མ་ཟད་པས།། ང་ཡི་ཡོན་ཏན་རྟོགས་པ་མིན།། རྒྱུན ་བཞུགས་མི་རྟོགས་རང་རྒྱལ་བས།། བལྟ་དང་སྒོམ་པས་སྤངས་བྱ་བའི།། ཀུན་ནས་ལྡང་བར་རགས་པ་ཙམ།། སྤངས་པའི་དགྲ་བཅོམ་ཐོབ་ཟིན་ཀྱང་།། འགྱུ་བྱེད་ཕྲ་མོ་བག་ཉལ་བས།། ང་ཡི་ཡོན་ཏན་ག་ལ ་རྟོགས།། ཀུན་རྫོབ་དོན་དམ་ཚུལ་ཤེས་པས།། ཤེས་པ་ཉིད་དང་ཉོན་མོངས་པའི།། སྒྲིབ་བྱེད་སྤངས་ཏེ་སྟོན་པའི་ས།། རླབས་ཆེན་གསོས་ཀྱང་ཅུང་ཙམ་ལས། ཡང་དག་མཐར་ཟུག་ཤེས་པ་མིན།། བྱ་བ་ལུས་ངག ་རབ་སྤྱོད་དང་།། མཉམ་པའི་གཟུགས་བརྙན་གསུམ་དག་གིས།། ཕྱག་རྒྱའི་མཚན་མ་སྣང་མོད་ཀྱང་།། ཐབས་དང་ཤེས་རབ་མཉམ་སྦྱོར་བའི།། བདེ་ཆེན་རོ་དེ་མ་མྱོངས་ཤིང་། འདོད་པའི་ལམ་ལ་རྒྱབ་ཕྱོགས ་པས།། ང་ཡི་ཡོན་ཏན་མ་མཐོང་ངོ་།། གང་དག་ཆགས་སོགས་སྲིད་པའི་གཞི།། རིགས་བྱེད་པ་དང་ཐ་དད་དང་།། ཉོན་མོངས་ཉེ་བའི་ཉོན་མོངས་དག། རང་གི་དེ་ཉིད་ཡོངས་ཤེས་ཤིང་།། བག་ཆགས་དང་བཅས ་ཀུན་གྱི་གཞི།། རྣམ་པར་ཤེས་པའི་ཡུལ་ཚོགས་རྣམས།། ཟག་བཅས་ཟག་མེད་འདུས་མ་བྱས།། རང་བཞིན་བྱུང་བའི་བཅོམ་ལྡན་འདས།། དབང་པོའི་ལོངས་སྤྱོད་ཡུལ་གྱུར་རྣམས།། དེ་ཉིད་ཤེས་པས་ཡོངས ་བསྒྲུབས་པ།། ང་ཡི་ཡོན་ཏན་མཐོང་བ་ཡིན།། ནམ་མཁའི་མཚན་ཉིད་ཇི་བཞིན་དུ།། བཅིང་བ་མེད་ཅིང་གྲོལ་བ་མེད།། དབྱེར་མེད་མཐའ་གཉིས་མི་གནས་ཤིང་།། ཆགས་མེད་ཆགས་དང་བྲལ་བ་མེད།། རྣལ་འབྱོར ་བཞི་དང་སྐུ་ལྔ་དང་།། ཡེ་ཤེས་ཕྲིན་ལས་མ་ལུས་པ།། སྣང་མེད་ཚུལ་གྱི་སྣང་བ་དེ།། ང་ཡི་ཡོན་ཏན་ཤེས་པ་ཡིན།། དེ་བས་རིགས་ཀྱི་བུ་ཁྱེད་རྣམས།། ང་ཡིས་ཇི་ལྟར་བཤད་པ་ཡི།། ཡོན་ཏན་ཆེན་པོ་འདི་ལོང ་ལ།། དམན་པ་བར་མ་མཆོག་ཏུ་གྱིས།། ཡུལ་དང་དངོས་པོ་སེམས་རྒྱུན་དང་། ཁམས་དང་བྱེད་པ་ལས་རྣམས་ཀུན།། ང་ལ་དམན་པ་ཡོངས་མེད་པས།། དེ་བས་ང་ཉིད་ཀུན་ཏུ་བཟང་།། ཆེ་བའི་མཆོག་སྟེ་མཆོག་ཏུ ་གྱུར།། ཅེས་གསུངས་སོ།། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། ཡོན་ཏན་གྱི་ཚོགས་ཉེ་བར་བསྡུ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་གཙོ་ཆེན་ཧེ་རུ་ཀས།། འདུས་པའི་འཁོར་ལ ་འདི་སྐད་གསུངས། ཁྱད་པར་སྒྲུབ་པ་རྒྱལ་བའི་བཀའ།། སྣང་སྲིད་སྣང་བར་ཤེས་པའི་སྐུ།། རྒྱུ་གཉིས་རྐྱེན་གསུམ་ལས་བྱུང་བའི།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི།། བདེ་ཆེན་མཉམ་ཉིད་ཐུགས ་ཀྱི་ངང་།། བདག་འཛིན་རྣམ་དག་ཤེས་རབ་སྐུ།། ཆགས་པ་ཀུན་བྲལ་སྐྱེ་མེད་དབྱིངས།། གཉིས་མེད་དོན་ལས་སྣ་ཚོགས་སྟོན།། འདི་ནི་དོན་གྱི་བདུད་རྩིའོ།། མ་སྐྱེས་ཀུན་བཟང་ཆེ་བའི་མཆོག། བདེ་ཆེན་ཀློང་འདུས ་དབྱིངས་ཕྱུག་མ།། ཉོན་མོངས་རྣམ་དག་རིགས་ཀྱི་གཙོ།། ཡེ་ཤེས་ལྔ་རྫོགས་སྐུ་ལྔར་གྲུབ།། དུག་ལྔར་རྟོག་པ་རང་གྲོལ་བ།། འདི་ནི་མིང་གི་བདུད་རྩིའོ།། འདུལ་བའི་ཐབས་མཁས་ཁྲོ་བོའི་སྐུ།། སྒྲ་ཚིག ་སྦྱངས་མཛད་འཁོར་ལོའི་གསུངས།། འཆི་མེད་ལས་ཀྱི་བདུད་རྩིའོ།། ཆོས་ཉིད་རིག་པ་བྱང་ཆུབ་སེམས།། འདྲེས་དང་མ་འདྲེས་ཡོངས་སུ་རྫོགས།། ཉོན་མོངས་མ་རིག་མི་གཙང་ནད།། ཆོས་ཉིད་ཡེ་ཤེས་ནུས་པས ་སྦྱོང་།། ཚང་ལུགས་བརྒྱད་ལྡན་ཆོས་ཀྱི་རོ།། ཤེས་པ་བརྒྱད་ཀྱི་དོན་བདུད་རྩི།། སྨན་རྣམས་བདུད་རྩིར་དམིགས་པ་སྟེ།། བསྒོམ་པ་བརྒྱད་ཀྱི་དམ་རྫས་སོ།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། བདུད་རྩི་དེ་ཉིད ་རྣམ་ལྔ་སྟེ།། སོ་སོ་རང་ཉིད་རྩ་བ་བརྒྱད།། དབྱིབས་དང་ཁ་དོག་ཕྱི་དང་ནང་།། ཐབས་དང་ཤེས་རབ་རོ་དང་མཐུ།། སྐུ་དང་གསུང་དང་ཐུགས་ཉིད་དང་།། ཡོན་ཏན་ཕྲིན་ལས་ཡན་ལག་གོ། ངང་དང་རང་བཞིན ་བདག་ཉིད་རྒྱུ།། དུས་གསུམ་དེ་ཉིད་ཤེས་པར་སྤྱོད།། བདུད་བཞི་ཉོན་མོངས་ནད་འཇོམས་སེལ།། སྐྱེ་ཤི་འདུ་བྲལ་མེད་པའི་དོན།། ལྟ་སྤྱོད་དམ་ཚིག་ཕྲིན་ལས་དང་།། ཡེ་ཤེས་དཀྱིལ་འཁོར་སྒྲུབ་པའི་ལུང་།། ཕྱི ་དང་ནང་གི་འབྱུང་བ་དང་།། སེམས་དང་སེམས་ཉིད་ཆོས་དང་ནི།། ཆོས་ཉིད་གསང་བ་དེ་ཉིད་དོ།། བདེ་བ་དང་ནི་སྡུག་བསྔལ་དང་།། འཁོར་འདས་ཆོས་དང་གཙང་མི་གཙང་།། ལོག་རྟོགས་སྤང་ལེན་ལམ་དུ ་རྫོགས།། སྦྱོར་བའི་དོན་དུ་དཀྱིལ་འཁོར་བརྒྱད།། མཉམ་ཉིད་ཐུགས་ཆུད་ཀློང་དུ་བཞག། སྐྱེ་འཆི་མེད་ཅིང་མ་བཅོས་ལ།། ཕུང་པོ་སྣོད་ལྔ་ཡེ་ཤེས་ལྷ།། རང་བྱུང་ཀུན་བཟང་ཡབ་ཡུམ་སྟེ།། འདི་ནི་དག་པའི་དགོངས ་པའོ།། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། རྣམ་པར་དག་པའི་དགོངས་པའི་ཁྱད་པར་ཉེ་བར་བསྡུ་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གཙོ་ཆེན་ཧེ་རུ་ཀས།། འདུས་པའི ་འཁོར་ལ་འདི་སྐད་གསུངས།། སྤྱི་དང་ཁྱད་པར་བྱེ་བྲག་གིས།། ཡོངས་སུ་རྫོགས་དང་སོ་སོ་ཡི།། ནུས་པ་གཅིག་པུར་དབྱུང་བའི་ཕྱིར།། དམ་ཚིག་རྩ་བ་རྣམ་པ་ལྔ།། ཡན་ལག་ཕན་ཡོན་བཅས་པ་ནི།། ང་ཡིས་སྔར ་བཤད་དེ་དག་ལས།། རང་གི་རིགས་མཐུན་གཉེན་པོ་དང་།། གྲོགས་དང་སྐྱོབ་ཀྱི་ཁྱད་པར་ལས།། རྒྱལ་པོ་བླུན་པོ་དམངས་ལྟ་བུ།། སྐད་ཅིག་ཟུག་ཕྲད་བསྟན་པ་ཡིས།། ཚེ་རིང་ནད་མེད་བདེ་བ་དང་།། ལང་ཚོ་ཁ ་དོག་སྟོབས་དང་གཟི།། འཕེལ་ཞིང་དབང་པོ་རིག་པ་གསལ།། མཁའ་ལ་འགྲོ་ཞིང་ཕ་རོལ་གྱི།། ནུས་སྟོབས་གནོད་པས་མི་ཚུགས་ཤིང་།། ཀུན་གྱིས་བཀུར་སྟིའི་འོས་སུ་མཐོང་། ཁམས་ཀྱི་ཟས་དང ་མ་འབྲེལ་ཞིང་།། གོས་མེད་མཁའ་ལ་གཅེར་བུར་སྤྱོད།། སྔོན་གྱི་རྒྱལ་བ་ཆེ་རྣམས་ཀྱི།། རིག་པ་འཛིན་པའི་གྲལ་ཐོབ་འགྱུར།། དེ་ཉིད་མ་རིག་བར་དུ་ཡང་།། ནད་དང་མུ་གེས་མི་ཚུགས་ཤིང་།། བར་གྱི་བསྐལ་པ ་འཇིགས་ལས་ཐར།། གཞན་ལ་ཕན་པ་སྒྲུབ་ལ་སོགས།། ཡོན་ཏན་ཆེན་པོ་དཔག་མེད་ཐོབ།། དེ་བས་རྣལ་འབྱོར་ཆེ་རྣམས་ཀྱིས།། ང་དང་སངས་རྒྱས་ཐམས་ཅད་ཀྱི།། གསུང་བཞིན་མྱུར་དུ་འབད་པར ་བསྒྲུབས།། ཀུན་བཟང་ང་དང་རིགས་ལྔ་ཡིས།། བསྡུས་པའི་སངས་རྒྱས་ཐམས་ཅད་ཀྱི།། བཀའ་འདི་འཇམ་དཔལ་རྣོན་པོ་ཡིས།། ཚངས་དང་འཇོག་པོ་ལི་ཙ་བྱི།། དྲང་སྲོང་བྲམ་ཟེ་རྗེས་གཟུང་ཕྱིར།། ཇི་ལྟར་བཤད ་པ་བཞིན་ལོང་ལ།། དམ་པ་རྗེས་སུ་བསྒྲུབ་པར་གྱིས།། བསྟན་པ་འདི་བཞིན་གང་བསྒྲུབ་པ།། འཁྲུལ་པའི་རྣམ་རྟོག་འཆིང་བ་ལས།། འདི་ཉིད་དུ་ནི་གྲོལ་བར་འགྱུར།། ད་ལྟ་ཐུབ་པ་ཆེན་པོ་ཡིས།། འཛམ་བུ་གླིང་གི ་ས་ཡི་ཆར།། ཚུལ་འདི་ཉིད་ཀྱིས་བསྟན་གྱུར་ཀྱང་།། བློ་དམན་སྐལ་བ་གཞན་པ་ཡིས།། གཙང་སྒྲ་དཀའ་ཐུབ་སྤྱོད་པར་རྟོགས།། སངས་རྒྱས་རྣམས་ཀྱི་བསྟན་པ་གཅིག། བསྲུང་གཅིག་དག་གིས་ངེས་བསྟན ་ཀྱང་།། རང་གི་རྣམ་པའི་ཚུལ་གྱིས་གོ། འདི་ནི་བདག་གི་དོན་སྤྱོད་ཅེས།། མཐུན་པའི་གདུལ་བྱ་ཁ་ཅིག་བལྟ།། དེ་བས་རིག་པ་འཛིན་པ་ཡི།། སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱིས།། གང་ལ་གང་གིས་འདུལ་བ ་ཡིས།། རིགས་ཆེན་གཉེན་པོ་དེ་བཟུང་ལ།། ལྷ་དང་དྲང་སྲོང་བྲམ་ཟེ་དང་།། མཁན་པོ་སློབ་དཔོན་ཆ་བྱད་ཀྱིས།། ནུས་པ་གང་ཡིན་དེ་ཉིད་ལ།། ཇི་ལྟར་འདུལ་བ་དེ་སྟོན་ཅིག། ཕྱི་མའི་དུས་ཀྱི་ཚེ་དག་ན།། ང་ཡི ་བསྟན་པའི་ཚུལ་འདི་ལ།། མོས་དང་མི་མོས་འདུལ་མི་འདུལ།། ཐ་དད་སོ་སོར་འབྱུང་འགྱུར་ཏེ།། གསང་ཞིང་བསྟན་པའི་ཚུལ་དེ་ཉིད།། སྐད་ཅིག་དུས་ལ་རིག་པར་གྱིས།། ཞེས་གསུངས་ནས། ལོངས་སྤྱོད་རྫོགས ་སྐུའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་སྦྱོར་བ་དང་བཅས་པ་དེ་དག་འོད་ཟེར་གྱི་ཀྱོ་བ་ཆེན་པོས་དྲངས་ཏེ་རྫུ་འཕྲུལ་གྱི་ལུས་ཀྱི་ཕྱག་རྒྱ་རབ་ཏུ་བསྟན་པའི་ཕྱིར་མི་མཇེད་ཀྱི་ཁམས་ལ་སོགས་པ་རྣམས་སུ་སྤྲུལ་པའི་སྐུ་སྣ ་ཚོགས་སྣང་བར་མཛད་ནས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དོན་གྲུབ་པར་སྣང་ངོ་།། ས་ཆེན་པོ་ལ་རྟོགས་པའི་འདུས་པའི་འཁོར་དེ་དག་ནི། ཉིད་ཀྱི་སྐུ་གསུང་ཐུགས་གསང་བའི་མཛོད་ཆེན་པོར་བཞུགས ་ནས། ནམ་མཁའི་ཁམས་ལྟ་བུས་དབྱིངས་ན་འཚོ་ཞིང་གཞེས་པ་ལ།། རིགས་ཆེན་པོ་ལ་སོགས་པའི་འཁོར་རྣམས་རྗེས་སུ་ཡིད་རངས་ཏེ་མངོན་པར་བསྟོད་དོ།། །། ཚངས་པ་ལ་སོགས་པའི་འཁོར་རྣམས ་ཀྱང་།། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། སའི་སྙིང་པོ་ལ་སོགས་པ་རང་རང་གི་རིགས་ཀྱི་སྟོན་པ་དེ་ལ། དུས་དེ་ཉིད་དུ་དགའ་ཞིང་རྗེས་སུ་ཡི་རང་བའི་ཚིག་གིས་མངོན་པར་རབ་ཏུ་བསྟོད ་ཅིང་འདུག་གོ།། བཅོམ་ལྡན་འདས་དཔལ་ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། དམ་ཚིག་གི་ཡན་ལག་གི་ཡོན་ཏན་རྗེས་སུ་བསྟན་ཅིང་གདམས་པའི་ལེའུ་སྟེ་དགུ་པའོ།། །། བཅོམ་ལྡན་འདས་དཔལ་ཆེ ་མཆོག་འདུས་པ་རྩ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་བདག་གིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། རྒྱལ་པོའི་བླ ་དཔེའོ།། །། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། རྒྱ་རྒྱ་རྒྱ།། ། ་