CLOSE WINDOW

Gpb017.016: ma tshang kha bskang ba'i rgyud
Wyliee-texts produced with BDRC’s OCR application

འདུག་གོ།། མ་ཚང་ཁ་བསྐང་བའི་རྒྱུད།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྣམ་པར་དག་པའི་བདག་ཉིད་ཆེན་པོ་འགྱུར་བ་མེད་པ་རྡོ་རྗེའི་རང་བཞིན་ཅན། དུས་གསུམ་གྱི་འདོད་པ་མ་ལུས་པ་ཐམས་ཅད་བསྒྲུབ་པར་ནུས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ ་ཆེའི་གཏེར་མི་ཟད་པའི་དབྱིངས་ལྟ་བུ། སྲིད་པ་དང་ཞི་བའི་ཆོས་མ་ལུས་པ་སྐད་ཅིག་ཙམ་ལ་ཐུགས་སུ་ཆུད་པ། ཡེ་ཤེས་ཀྱི་ཐིག་ལེ་ཆེན་པོ་སྣ་ཚོགས་སུ་རྣམ་པར་འཕྲུལ་པའི་ངོ་བོ་ཉིད་རྣམ་པར་སྣང་བ་སྟེ། འོག་མིན ་གྱི་གནས་ཐུན་མོང་མ་ཡིན་པའི་ནམ་མཁའི་ཁམས་ཀྱི་གཏོས་ཆེན་པོ་རྡོ་རྗེ་བཙུན་མོའི་བྷ་ག་ཡངས་པའི་དབྱིངས། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཆེན་པོ་ཡོན་ཏན་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཕོ ་བྲང་། ཡེ་ཤེས་ཀྱི་གཞལ་མེད་ཁང་ཁ་དོག་དང་དབྱིབས་དང་། འདོད་པའི་ཡོན་ཏན་རྒྱ་ཆེན་པོས་མཛེས་ཤིང་། རྣམ་པར་བཀྲ་བར་བྱས་པ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དེ་ན་བཞུགས་ཏེ། དེའི་ཚེ་འཁོར་འདུས་པར་གྱུར་པ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ཆེན་པོ་དང་། དེ ་བཞིན་གཤེགས་པ་རིན་པོ་ཆེའི་འབྱུང་གནས་ཆེན་པོ་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཆེན་པོ་དང་། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ཆེན་པོ་དང་། དེ་དག་གི་ཡུམ་ཆེན་མོ་ཀུན་ཏུ་བཟང ་མོ་དང་། སངས་རྒྱས་ཀྱི་མིག་ཅན་མ་དང་། རྡོ་རྗེ་དབྱིངས་མ་དང་། བཟོད་པ་ཆེན་མོ་དང་། དམ་ཚིག་གི་ལྷ་མོ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ལག་ན་རྡོ་རྗེ་དང་། སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་མ་རྡོ་རྗེ་དབྱིངས་ཕྱུག་མ་དང་། རིན་པོ ་ཆེའི་དབྱིངས་ཕྱུག་མ་དང་། པདྨའི་དབྱིངས་ཕྱུག་མ་དང་། ལས་ཀྱི་དབྱིངས་ཕྱུག་མ་དང་། རྡོ་རྗེ་སེམས་མ་དང་། རིན་པོ་ཆེའི་སེམས་མ་དང་། པདྨའི་སེམས་མ་དང་། ལས་ཀྱི་སེམས་མ་དང་། དེ་དག་གི་ཡང་འཁོར ་གྱི་དམ་པར་གྱུར་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་མཛེས་པ་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་རྒྱལ་མཚན ་དང་། རྡོ་རྗེ་བཞད་པ་དང་།། རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་སྨྲ་བ་དང་། རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་རྒྱལ་མཚན་དང་། ་དབང་ཕྱུག་རྒྱལ་པོ་དང་། བཀོད་པའི་རྒྱན་དང་། རིན་ཆེན་འོད་འཕྲོ་དང་། སྣང་བའི་འོད་དང་། ཕྱག་རྒྱའི་རྒྱལ་པོ་དང་། སྤོས་ཀྱི་གླང་པོ་དང་། སྤོབས་པ་བརྩེགས་པ་དང་། པདྨའི་རྒྱལ་པོ་དང་། པདྨ་དམ་པ་དང་། ་རྡོ་རྗེ་མི་གཡོ་བ་དང་། ཐོགས་མེད་རྒྱལ་པོ་དང་། རིན་པོ་ཆེའི་དབང་སྡུད་དང་། གྲུབ་པའི་ལས་དང་། དགའ་བར་སྟོན་པ་དང་། མི་གཡོ་བའི་མཐའ་དང་། དེ་དག་གི་བྱང་ཆུབ་སེམས་མ་སྒེག་པ་མོ་དང་། བདུག་པ་མ ་ང། ལྕགས་ཀྱུ་མ་དང་། མེ་འོད་མ་དང་། ཕྲེང་བ་མ་དང་། མེ་ཏོག་མ་དང་། ཞགས་པ་མ་དང་། རླུང་གཡབ་མ་དང་། དབྱངས་མཁན་མ་དང་། མར་མེ་མ་དང་། ལྕགས་སྒྲོག་མ་དང་། གསལ་བཀྲ་མ་དང་། ་སྦྱར་མ་དང་། ཆུ་འཛིན་མ་དང་། དྲིལ་འཁྲོལ་མ་དང་། འབེབས་བྱེད་མ་དང་། བདེ་བ་རྒྱས་འདེབས་མ་དང་། བདེ་བ་ཟ་བྱེད་མ་དང་། བདེ་བ་རྨོངས་བྱེད་མ་དང་། བདེ་བ་ཚེ་འཕེལ་མ་དང་། ཁྲུས་ཀྱི་ལྷ་མོ་དང་། ་རྒྱལ་མཚན་གྱི་ལྷ་མོ་དང་། བླ་རེའི་ལྷ་མོ་དང་། གཟུགས་ཀྱི་ལྷ་མོ་དང་། ལྷ་མོ་དཔལ་བེའུ་མ་དང་། འཇིགས་བྱེད་མ་དང་། སྐྱོན་བྲལ་མ་དང་། མདངས་ཅན་མ་དང་། སྐྱབས་ཅན་མ་དང་། དྲི་མེད་མ་དང་། སྒྲ ་སྒྲོགས་མ་དང་། ཐོགས་མེད་མ་དང་། གཞན་ཡང་ལྷའི་བྱང་ཆུབ་སེམས་དཔའ་དང་། མིའི་བྱང་ཆུབ་སེམས་དཔའ་དང་། ལྷ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་དང་། ཡི་དྭགས་ཀྱི་བྱང་ཆུབ་སེམས་དཔའ་དང་། བྱོལ ་སོང་གི་བྱང་ཆུབ་སེམས་དཔའ་དང་། དམྱལ་བའི་བྱང་ཆུབ་སེམས་དཔའ་དང་། གཞན་ཡང་རྡོ་རྗེ་ལྕགས་ཀྱུ་ཅན་དང་། རྡོ་རྗེ་ཞགས་པ་ཅན་དང་། རྡོ་རྗེ་ལྕགས་སྒྲོག་ཅན་དང་། རྡོ་རྗེ་དྲིལ་བུ་ཅན་དང་། དེ་དག་ལ ་སོགས་པ་ཕྱོགས་བཅུའི་ནམ་མཁའི་ཁམས་མ་ལུས་པ་ཁྱབ་པའི་ཞིང་ཁམས་ཀྱི་བཀོད་པ་དང་། གཞལ་ཡས་ཁང་གི་འཁོར་ལོ་ལ་སྣང་བ་དང་། ཡབ་དང་ཡུམ་གྱི་རྣམ་པ་གཉིས་སུ་མེད་པ་དང་། ཐབས་ཀྱི་རང་བཞིན ་དུ་སྣང་བ་དང་། ཤེས་རབ་ཀྱི་ངོ་བོར་བཞུགས་པ་དང་། དེ་བཞིན་དུ་དེ་དག་སོ་སོའི་རང་བཞིན་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། ་སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར ་ཤེས་པའི་ཁམས་དང་། ཟད་པར་གྱི་ཁམས་དང་། མ་ལུས་པར་སྣང་བའི་ཁམས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་དུ་གནས་པ། དཔག་ཏུ་མེད་པ། གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད ་པ། བརྗོད་དུ་མེད་པ། དངོས་པོའི་རྡུལ་ཕྲ་རབ་ཀྱི་ཚད་དུ་གྱུར་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེས་རབ་ཏུ་འདུས་པའི་འཁོར་གྱི་ཚོགས་ཆེན་པོ་དེ་དག་དང་། གཞན་ཡང་འཇིག ་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པ་དང་། དྲི་མ་དང་བཅས་པ་དང་། སེམས་དང་སེམས་ལས་བྱུང་བ་དང་། སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་ཉིད་དང་། མ་རིག་པ་དང་། སྟོང་པ ་ཉིད་ཆེན་པོ་དང་། ཆུའི་ཚོགས་དང་། གཞིའི་ཁྱད་པར་དང་། ལམ་གྱི་རང་བཞིན་དང་། ཟབས་དང་ཤེས་རབ་ཀྱི་བྱེད་པ་དང་། མཐོང་བ་དང་། གོམས་པ་དང་། སྤྱད་པ་དང་། ཐོབ་པ་དང་། སྙོམས་པར་འཇུག་པ ་དང་། འགོག་པ་དང་། བགྲོད་པ་དང་། སྤངས་པ་དང་། སྦྱངས་པ་དང་། བསྒྱུར་བ་དང་། ཤེས་པ་དང་། མངོན་དུ་གྱུར་པ་དང་། དབང་དུ་གྱུར་པ་དང་། སོ་སོར་རིག་པ་དང་། རྟོགས་པར་བྱ་བ་དང་། ཀློང་དུ་གྱུར་པ ་དང་། བསྐྱོད་པ་དང་། འཇིག་པ་དང་། འགྱུར་བ་དང་། མི་གཡོ་བ་དང་། བརྟན་པ་དང་། ཕྱོགས་དང་། དུས་དང་། ཁམས་དང་། རིགས་དང་། བྱེད་པ་དང་། ལས་དང་། བསམ་པ་དང་། སྐྱེ་གནས་དང་། འཆི་འཕོ ་བཔ་དང་། ལེན་པ་དང་། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། ཡིད་ཀྱི་སྲིད་པ་དང་། ཐ་མལ་པ་དང་། ལོག་པ་དང་། ཕྱོགས་ཙམ་ཉིད་དང་། ཉེ་བ་དང་། ཡང་དག་པ་དང་། མཐར་ཐུག་པ་དང་། མཆོག ་ཏུ་སྣང་བ་དང་། མངོན་དུ་གྱུར་པ་དང་། ཐུན་མོང་དུ་སྣང་བ་ལ་སོགས་པ་ཡུལ་དང་། སྣང་བ་དང་། དངོས་པོ་དང་། སྲིད་པ་དང་། ཞི་བ་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་རག་མ་ལུས་ཤིང་ཡང་དག ་པར་གཟིགས་པས་རྣམ་པར་གཟིགས་པར་མཛད་དོ།། དེ་ནས་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་ལ་སོགས་པ་ཇི་སྙེད་དུ་འདུས་པའི་འཁོར་རྣམས་ཀྱིས་འདི་ཉིད་ཀྱི་དོན་དང་ལེན་པའི་ཆོས་རྣམས་རང་གི་ངོ་བོ་སྟོང་པར ་མཐོང་བ་ནི། དཔེར་ན་ནམ་མཁའི་མཚན་ཉིད་ནི། གཞན་གྱིས་བརྟག་པར་དཀའ་ཞིང་གཞལ་བར་མི་ནུས་པ་བཞིན་དུ་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨོཾ་ཆོས་དབྱིངས་དོན་དམ་སྤྲོས ་བྲལ་རང་བཞིན་ལས། གཟུགས་དང་མཚན་མའི་འཛིན་པ་མི་མངའ་ཡང་། སྟོང་པའི་ཤེས་རབ་མ་འགགས་སྤྲོས་བྲལ་བའི།། ཆོས་སྐུ་ལྷུན་གྲུབ་མཉམ་ཉིད་བཞེངས་སུ་གསོལ།། ཨཱཿགདོད་ནས་དག་པའི་ཡེ་ཤེས ་ཚོགས་ལས་གྲུབ།། བསམ་གྱིས་མི་ཁྱབ་མཚན་དང་དཔེ་བྱད་ལྡན།། ལོངས་སྤྱོད་རྫོགས་པའི་སྐུ་མཆོག་བསྟན་དུ་གསོལ།། ཧཱུཾ་རྣམ་པར་དག་པའི་སྨོན་ལམ་མཐུས་གྲུབ་ཅིང་།། བྱམས་དང་སྙིང ་རྗེའི་ཐུགས་ཀྱང་རབ་བསྐྱེད་པའི།། སྣ་ཚོགས་རིགས་ཀྱི་རང་གི་མཆོག་གྱུར་ཡུལ།། སྤྲུལ་པ་སྐུ་ཡི་རིགས་ཀུན་དབྱུང་དུ་གསོལ།། ཧྲཱིཿམ་འགགས་སྐྱེ་མེད་ངོ་བོ་སྟོང་ཉིད་སྒྲ།། ཡན་ལག་དྲུག་ཅུ་གསུང་དབྱངས་དཔག ་མེད་པས།། བསྟན་པ་རྒྱ་མཚོ་སོ་སོའི་བྱེ་བྲག་ཏུ།། ཀུན་གྱི་ལམ་གྱུར་སྡེ་སྣོད་དེ་གསུངས་ཤིག། ཧཱ་མི་འགྱུར་ཐུགས་ཀྱི་དགོངས་པ་དཔག་མེད་ལས།། གནོད་སྡིག་ཞི་དང་འདོད་པའི་དོན་རྒྱས་དང་།། ཕལ་པ་དབང ་བསྐུར་གདུག་བྱེད་ཚར་གཅོད་པའི།། ཀུན་གྱི་དོན་སྤྱོད་ཕྲིན་ལས་དེ་མཛོད་ཅིག། ཅེས་བསྐུལ་བས། དེ་མ་ཐག་ཏུ་བཅོམ་ལྡན་འདས་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་གནས་ཐམས་ཅད་ནས་འོད་ཟེར་གྱི་དྲ་བ་སངས ་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པའི་འོད་ཟེར་གྱི་དྲ་བ་ཆེན་པོ་བཀྱེ་སྟེ། ནམ་མཁའི་ཁམས་མ་ལུས་པ་ཐམས་ཅད་སྣང་བར་མཛད་པ་དང་། འཁོར་འདུས་པ་དེ་དག་གིས་ཀྱང ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བར་བཞུགས་ནས། ལྷམ་མེ་ལྷང་ངེ་ལྷན་ནེ་བ་མཐོང་བར་འགྱུར་ཏོ།། དེ་ལྟར་འདུག་པའི་ཁྱད་པར་དུ་ཡང་། ཡང ་དག་པར་རྫོགས་པའི་སངས་རྒྱས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཀྱི་སངས་རྒྱས་ཀྱི་ཞིང་སྟུག་པོ་བཀོད་པའི་གནས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི། སྐུ་གསུང་ཐུགས་ཀྱི་རྣམ་པར་འགྲུབ ་པའི་འཇིག་རྟེན་གྱི་ཁམས་ཅད་ན་ཡང་། སངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་འདུག་པར་མཐོང་བར་གྱུར་ཏོ།། དེ་བཞིན་དུ་ཤར་གྱི་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་མི ་འཁྲུགས་པ་བཀོད་པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བའི་གནས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི། སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་། ་སངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་འདུག་པར་མཐོང་བར་གྱུར་ཏོ།། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་སངས་རྒྱས་ཀྱི་ཞིང་རིན ་ཆེན་ཡོད་པའི་གནས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་སངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་འདུག་པ ་མཐོང་བར་གྱུར་ཏོ།། དེ་བཞིན་དུ་ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའི་ཁམས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་གནས་ན་ཡང་དག་པར་རྫོགས་པའི་སངས ་རྒྱས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཁྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་། སངས་རྒྱས་དེ་དག་གི་ཡང་འཁོར་གྱི་ཐོག་མར་འདུག་པ་མཐོང་བར་གྱུར་ཏོ།། དེ་བཞིན་དུ་བྱང ་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་གདོན་མི་ཟ་བར་གྲུབ་པའི་སངས་རྒྱས་ཀྱི་ཞིང་པདྨ་བརྩེགས་པའི་གནས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྐུ་གསུང་ཐུགས ་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་སངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་འདུག་པ་མཐོང་བར་གྱུར་ཏོ།། དེ་བཞིན་དུ་འོག་གི་ཕྱོགས་ཀྱི་ནམ་མཁའི་ཁམས་ཀྱི་ཡང་དག་པར་རྫོགས ་པའི་སངས་རྒྱས་པདྨོ་དམ་པའི་དཔལ་གྱི་སངས་རྒྱས་ཀྱི་ཞིང་པདྨོ་ཅན་གྱི་གནས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན ་ཡང་། སངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་འདུག་པ་མཐོང་བར་གྱུར་ཏོ།། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་གྱི་སངས་རྒྱས་ཀྱི་ཞིང ་རྡུལ་དང་བྲལ་བའི་གནས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་། སངས་རྒྱས་དེ་དག་འཁོར་གྱི་ཐོག་མར་འདུག་པ ་མཐོང་བར་གྱུར་ཏོ།། དེ་ལ་སོགས་པ་ཕྱོགས་བཅུའི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་ཤིང་འབྱམས་ཀླས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་དེ་དག་གི་སྐུ་གསུང་ཐུགས་ཀྱི་རྣམ ་པར་འཕྲུལ་པ་ལས་བྱུང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་། སངས་རྒྱས་དེ་དག་གི་འཁོར་གྱི་ཐོག་མར་རང་ཉིད་འདུག་པ་མཐོང་བར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་འཚོ་ཞིང་གཞེས ་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་སོ་སོ་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་རང་གི་འཁོར་གྱི་དཀྱིལ་འཁོར་དུ་བཀོད་པར་གཟིགས་སོ།། འཇིག ་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་ཉོན་མོངས་པ་དང་ཁམས་དང་བག་ལ་ཉལ་གྱི་ཁྱད་པར་གཏི་མུག་གི་དབང་དུ་གྱུར་པ་དང་། ཞེ་སྡང་གི་དབང་དུ་གྱུར་པ ་དང་། ང་རྒྱལ་གྱི་དབང་དུ་གྱུར་པ་དང་། འདོད་ཆགས་ཀྱི་དབང་དུ་གྱུར་པ་དང་། ཕྲག་དོག་གི་དབང་དུ་གྱུར་པ་དང་། སེར་སྣའི་དབང་དུ་གྱུར་པ་དང་། ཁྲོ་བོའི་དབང་དུ་གྱུར་པ་ལ་སོགས་པ་རྣམས་ཀྱི་དོན་བསྒྲུབ ་པའི་ཕྱིར། གདུལ་བར་བྱ་བའི་འཁོར་ཁ་ཅིག་ལ་ནི་དེ་བཞིན་གཤེགས་པའི་རིགས་སུ་བཞུགས་པར་མཛད་དོ།། དེ་བཞིན་དུ་ཁ་ཅིག་ལ་ནི་རྡོ་རྗེའི་རིགས་དང་། ཁ་ཅིག་ལ་ནི་རིན་པོ་ཆེའི་རིགས་དང་ཁ་ཅིག་ལ་ནི ་པདྨའི་རིགས་དང་། ཁ་ཅིག་ལ་ནི་ཕྲིན་ལས་ཀྱི་རིགས་དང་། ཁ་ཅིག་ལ་ནི་སྦྱིན་པ་ཆེན་པོའི་རིགས་དང་། ཁ་ཅིག་ལ་ནི་ཁྲོ་བོ་ཆེན་པོའི་རིགས་ལ་སོགས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང ་བའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པར་རབ་ཏུ་བསྟན་ཏོ།། དེ་ནས་ཕྱོགས་བཅུའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའི་གཞལ་མེད་ཁང་ན་རང་བཞིན་སངས་རྒྱས་ཀྱི ་ཞིང་གི་བཀོད་པ་དེ་དག་སོ་སོའི་གཙོ་བོ་ཆེན་པོ་རྣམས་ལ་སོ་སོའི་འཁོར་རྣམས་ཀྱིས་རང་གི་བསྟན་པའི་སྡེ་སྣོད་གསུང་དབྱངས་མི་ཟད་པའི་ཡན་ལག་བསམ་གྱིས་མི་ཁྱབ་པ་རྣམས་ཞུ་ཞིང་འགྲོ་བ་སེམས་ལ་སྣང ་བར་གྱུར་ཏོ།། དེ་དག་ཐམས་ཅད་ཀྱི་ཡང་གཙོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཡབ་རྗེ་བོ།། ཀུན་ཏུ་བཟང་པོ་ཉིད་ལ་ཞུ་ཞིང་འདྲི་བ་སེམས་ལ་སྣང་བར་གྱུར་ནས། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས ་གསོལ་ཏོ།། ཨེ་མ་དཔལ་ཆེན་ཀུན་བཟང་མཆོག། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དང་།། ཡོན་ཏན་དཔག་མེད་ཇི་སྙེད་པ།། མ་ལུས་ཁྱོད་ཀྱི་ཟུགས་ལ་གནས།། བློ་ལྡན ་རྣམས་ཀྱིས་བསྒྲུབ་བྱ་བ།། ཉིད་ཀྱི་སྔོན་དུ་བྱ་བ་དང་།། ཕྱི་མ་ཕྱི་མ་རབ་འབྱེད་པའི།། རྒྱུད་རྣམས་སུ་ནི་ལེགས་བཤད་ལས།། མ་ཚང་བ་རྣམས་ཁ་བསྐངས་ཤིང་།། ཐེ་ཚོམ་སོམ་ཉི་གཅད་པའི་ཕྱིར།། མ་ལུས་རྫོགས ་པའི་ཚུལ་གྱིས་ནི།། ཇི་ལྟར་རིགས་པའི་ཡན་ལག་རྣམས།། ཐུགས་རྗེ་ཆེན་པོས་བསྟན་དུ་གསོལ།། ཞེས་གསོལ་ཏོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཞི་བ་ཆེན་པོ་ལས་ཕྱུང་བ་གླེང་གཞིའི་ལེའུ་སྟེ ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། ་རིག་པ་འཛིན་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་དང་། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་མ་ལུས་པ་བསྟན་པ་དང་། རིགས་དང་དངོས་པོ་ཐམས་ཅད་ཀྱི་དམ་ཚིག ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཐོས་ལ་རབ་ཏུ་རྟོགས་ཏེ། མངོན་སུམ་དུ་གྱུར་བཞིན་དུ་ཕྱི་མའི་དུས་ཀྱི་རིག་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་དོན་དུ་དགོངས་པར་མཛད་ནས། བཅོམ་ལྡན་འདས་ལ་སླར་གསོལ་པ། ཀྱེ ་མ་ཀུན་ཏུ་བཟང་པོ་ཡི།། སྐུ་དང་གསུང་དང་ཐུགས་ངེས་པ།། རང་བཞིན་གསང་བའི་མཚན་ཉིད་ནི།། རྡོ་རྗེ་གསུམ་ལས་འགྱུར་མེད་ཀྱང་།། མ་ལུས་སེམས་ཅན་ཁམས་སྣང་བ།། དུས་གསུམ་རྡོ་རྗེ་སངས་རྒྱས ་གསུམ།། ཐུགས་ཀྱི་དབང་ཕྱུག་གནས་གྱུར་པ།། ཀུན་ཏུ་བཟང་པོ་རྫུ་འཕྲུལ་ཆེ།། འདི་ནི་ཤིན་ཏུ་ངོ་མཚར་ཆེ།། བསམ་པའི་ཡུལ་ལས་རབ་འདས་ཏེ།། མ་ལུས་འཁོར་བའི་ཆུ་བོའི་རྒྱུན།། མྱ་ངན་འདས་པར་བར་ཆད ་མེད།། ཤིན་ཏུ་རྙེད་པ་དཀའ་བ་ཉིད།། མངོན་སུམ་མྱུར་དུ་སྒྲུབ་བྱེད་པ།། བདེ་བར་གཤེགས་པ་ཀུན་འདུས་རྒྱུད།། བསྟན་པའི་མཆོག་གྱུར་གང་བཤད་དེ།། རྟོགས་ཤིང་མཐོང་བར་དཀའ་བའི ་དོན།། མཉམ་པར་འདོད་ན་ཕན་དོན་དུ།། མགོན་མཛད་ཁྱོད་ལ་གསོལ་བ་ན།། བདེ་བར་གཤེགས་ཞེས་གང་ལ་བྱ།། ཐམས་ཅད་འདུས་པ་ཇི་ལྟར་གཞག། རྒྱུད་ཅེས་བྱ་བ་ཇི་ལྟ་བུ།། དེ་ལ་དབྱེ་བ་ཇི་ལྟར ་བཤད།། རང་གི་ངོ་བོ་ཇི་ལྟར་ལགས།། ཞི་བར་གནས་པ་ཅི་ཡི་ཕྱིར།། བཅོམ་ལྡན་ཞེས་ནི་གང་ལ་བརྗོད།། རིགས་བརྒྱ་དབྱེ་བ་ཅི་ཡི་ཕྱིར།། དམ་པར་བརྗོད་པ་ཅི་ཞིག་ལགས།། བསྡུ་བའི་རིམ་པ་ཇི་ཡན་ལག་ཡང་ཙམ ་ཞིག། བདག་ཅག་དེ་དོན་ཉན་འཚལ་ན།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། དེ་ནས་སྟོན་པ་ཀུན་ཏུ་བཟང་།། འཁོར་རྣམས་བསྐུལ་བའི་དོན་གསན་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། ངེས་པར་ཕྱུང ་སྟེ་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་གྱི་ཚོགས།། གང་གིས་སྤང་བྱ་མ་ལུས་སྤང་།། ཐོབ་པར་བྱ་བ་མཐའ་དག་བརྙེས།། མི་འགྱུར་སྐུ་གསུང་ཐུགས་རྫོགས་པ།། བདེ་བ་ཆེན་པོ་ཞེས་བྱ་སྟེ།། དེ་ཡུལ་འབྲས ་བུར་གཤེགས་པའོ།། ཐུན་མོང་བ་དང་ཁྱད་པར་གྱི།། མྱུར་ཞིང་འཇུག་པའི་བདེ་བ་ནི།། དཀའ་སྤྱད་སྡུག་བསྔལ་མི་གནས་པ།། འདིས་འགྲོ་ལམ་གྱིས་གཤེགས་པའོ།། སེམས་ཅན་བདེ་གཤེགས་རྒྱུ་དང ་བཅས།། རང་བཞིན་རྣམ་པར་དག་པའི་སེམས།། གནས་སྐབས་གློ་བུར་དྲི་མ་ཅན།། གཞི་ཉིད་བདེ་བ་འདིར་གཤེགས་པས།། བདེ་བར་གཤེགས་ཞེས་བརྗོད་པ་ཡིན།། རྣམ་པ་བཅུ་བརྩེགས་གནས་པ་གསུམ།། ཇི ་སྙེད་པ་ཡི་བདེ་བར་གཤེགས།། ཐམས་ཅད་མ་ལུས་ཡུལ་དེ་ལ།། འདུས་པའི་ཚོགས་པ་ཡིན་པར་བཤད།། གཞི་དང་ལམ་དང་འབྲས་བུ་རྣམས།། རྒྱུ་དང་ཐབས་དང་མཐར་ཐུག་ཏུ།། འབྲེལ་བའི་དོན་དང་ལྡན་པས ་རྒྱུད།། རང་བཞིན་ཐབས་ལམ་འབྲས་བུ་ཡིས།། རྒྱུད་གསུམ་དུ་ནི་བྱེ་བྲག་དབྱེ།། མ་བཅོས་མ་བསྒྱུར་མ་བསླད་ཅིང་།། སྐྱེ་འགག་རྟག་ཆད་འགྲོ་འོང་དང་།། ཡོད་མེད་མཐའ་དང་བྲལ་བ་ཡིས།། དབྱེར་མེད་ཟུང ་འཇུག་རང་ངོ་ཙམ།། གདུལ་བྱ་འདོད་ཆགས་ཅན་དོན་དུ།། མཛེས་བྱ་ཡོན་ཏན་ལྡན་པ་ཡིས།། ཚུལ་དགུས་ཕྱི་རོལ་དྲང་བའི་ཕྱིར།། སྐུ་གསུང་ཐུགས་ནི་ཞི་བར་གནས།། ཕྱི་ནང་གསང་བའི་བདུད་བཅོམ་ཞིང་།། ཡོན ་ཏན་ཕུན་སུམ་ཚོགས་ལྡན་པས།། རང་གཞན་གཉིས་མེད་དོན་རྫོགས་ལ།། བཅོམ་ལྡན་ཞེས་སུ་བརྗོད་པ་ཡིན།། ཉོན་མོངས་ཁམས་དང་ཕུང་པོ་དང་།། དབང་པོ་ཡུལ་དང་བཅས་པ་ཡིས།། རང་གི་རིགས་དང་དབྱེ་བ ་མཆོག། ལེགས་སྦྱར་རིགས་བརྒྱར་འགྱུར་བའོ།། སྒྲུབ་བྱེད་ལུས་ངག་ཡིད་གསུམ་ནི།། མི་དགེ་རྩ་བ་ཡན་ལག་བཅས།། བསྒྲུབ་བྱ་ལམ་གྱི་ཁྱད་པར་དུ།། མཐར་ཐུག་སྡོམ་བྱེད་དམ་པའོ།། དེ་དག་ཉེ་བར་བསྡུ་བ ་ནི།། བསྙེན་སྒྲུབ་ལས་ཀྱི་ཁྱད་པར་ཏེ།། རྒྱས་བསྡུས་རབ་ཏུ་བསྡུས་པ་ཡང་། དབང་གཉིས་ཀྱང་།། དེ་དག་དེ་ཉིད་འབྲེལ་བའོ།། དེ་ནས་འཁོར་གྱིས་ཡང་ཞུས་པ།། ཀྱེ་མ་ཀུན་ཏུ་བཟང་པོ་ཆེ།། དཀྱིལ ་འཁོར་ཞེས་ནི་གང་ལ་བྱ།། བསྐྱེད་པའི་རིམ་པ་ཅི་ཞིག་ལགས།། དེ་བཞིན་རྫོགས་རིམ་ཇི་ལྟར་གདགས།། རྣལ་འབྱོར་ཞེས་ནི་ཅི་ལ་བགྱི།། ཐབས་ཞེས་བྱ་བ་ཇི་ལྟ་བུ།། ཤེས་རབ་ཀྱང་ནི་གང་ཞིག་ལགས།། དོན ་དམ་ཀུན་རྫོབ་ཇི་ལྟ་བུ།། དབྱེར་མེད་དུ་ནི་འདོད་པ་གང་།། དེ་ཁོ་ན་ཉིད་ཇི་ལྟར་མཐོང་།། གསང་བ་རང་ནི་ཅི་ཞིག་གནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆོས་དབྱིངས་དོན་གྱི་སྙིང་པོ་དཀྱིལ།། རིག ་པའི་ཡེ་ཤེས་སྣ་ཚོགས་འཁོར།། རང་བཞིན་གཟུགས་བརྙན་ཏིང་ངེ་འཛིན།། བརྡ་དང་ཐ་སྙད་བསམ་མི་ཁྱབ།། བསྒྲུབ་བྱ་སྦྱང་བའི་གཞི་ཉིད་ནི།། སྐྱེ་གནས་བཞི་ལས་སྲིད་པས་ན།། ཚུལ་མཐུན་བསྐྱེད་པའི་རིམ་པ ་བཞིས།། བློ་རིམ་རྟོགས་པ་བསྐྱེད་རིམ་མོ།། དེ་ཉིད་སྲིད་པ་བར་དོའོ།། ཤེས་རྫོགས་ཚུལ་གྱིས་སྟོན་པ་རྣམས།། མངོན་པར་སངས་རྒྱས་ཚུལ་བཞིན་དུ།། སྒྲུབ་བྱེད་དེ་ནི་རིམ་པར་འགྱུར།། རྟེན་གྱུར་ཐ་མལ་ཤེས་པའི ་རྒྱུད།། མ་བཅོས་རང་བཞིན་རྣལ་མ་ལ།། ཐབས་དང་ཤེས་རབ་མཉམ་པར་སྦྱོར།། འདི་ནི་རྣལ་འབྱོར་མཆོག་གི་རྒྱུད།། འབད་རྩོལ་དམིགས་པ་མཚན་མར་བཅས།། མཚོན་དུ་ཡོད་པ་ཙམ་ཉིད་ཐབས།། དུས་གསུམ ་མི་དམིགས་དེ་ཉིད་ཀྱང་།། བརྡ་ཐབས་བྱིན་གྱིས་བརླབ་པ་དང་།། གནད་དུ་མཚོན་པས་གང་རྟོགས་པ།། མ་མཐོང་ཤེས་པ་ཤེས་རབ་ཡིན། བློ་དང་བློ་མིན་ཁྱད་པར་གྱིས།། དོན་དམ་ཀུན་རྫོབ་ཞེས་སུ་བསྟན།། རང ་བཞིན་ཚོགས་པ་རྒྱུ་འབྲས་ཀྱིས།། ཆུ་དང་འོ་མ་དུ་བ་མེ།། རྟ་དང་སྐྱེས་བུ་ཇི་བཞིན་དུ།། ཐ་དད་གཅིག་པ་དབྱེར་མེད་དེ།། དཀྱིལ་འཁོར་ལྷ་དང་སྔགས་ལ་སོགས།། སྣང་དང་སྟོང་པ་ཐ་དད་མེད།། ཐམས་ཅད་རང་གི ་ངོ་བོས་སྟོང་།། གསལ་བཅས་དེ་ཉིད་ཁོ་ནའོ།། གསང་བ་ཞེས་བྱ་སྐུ་དང་གསུང་།། ཐུགས་ཀྱི་གསང་བ་མཐར་ཐུག་པ།། སྦས་པ་དང་ནི་དགོངས་པ་དང་།། སྒྲ་ཙམ་མིན་དང་ངེས་པའོ།། དེ་ནས་འཁོར་གྱིས་ཡང་ཞུས ་པ།། ཀྱེ་མ་སྟོན་པ་ཀུན་ཏུ་བཟང་།། ལྷ་ཞེས་བྱ་བ་ཅི་ཞིག་ལགས།། དེ་བཞིན་སྔགས་ཀྱི་དོན་ཆེན་ཅི།། སྙིང་པོ་ཞེས་པ་ཇི་ལྟ་བུ།། ཏིང་འཛིན་ཞེས་པ་ཅི་ཕྱིར་གདགས།། གཞལ་མེད་ཁང་ཞེས་གང་ལ་བྱ།། མཆོད་པས ་ཀྱང་ནི་ཅི་ཞིག་བྱ།། ཕྱག་རྒྱའི་མཚན་ཉིད་ཇི་ལྟ་བུ།། ཡེ་ཤེས་ཀྱང་ནི་གང་ཞིག་ལགས།། དབང་བསྐུར་ཞེས་པ་ཅི་ཕྱིར་བརྗོད།། ཕྲིན་ལས་བཤད་པའི་དོན་ཆེད་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ།། མཐར་ཐུག་པ་དང་གནས་སྐབས་སུ།། ཕན་བྱེད་ནུས་པ་ལྷ་ཡིན་ནོ།། གང་ལས་ཤེས་དང་གང་ལས་སྐྱོབ།། ཤེས་ཤིང་སྐྱོབ་པ་སྔགས་ཀྱི་དོན།། ཡོན་ཏན་མཐར་ཐུག་གང་སྟོན་པ།། ཐབས་ཆེན་བཤད་པ་སྙིང ་པོར་འགྱུར།། སྒྲིབ་མེད་ཡེ་ཤེས་མྱུར་དུ་རྫོགས།། ཏིང་ངེ་འཛིན་ཞེས་བྱ་བ་ཡིན།། རྒྱ་ཁྱོན་ཡོན་ཏན་ཚད་མེད་པས།། གཞལ་མེད་ཁང་པར་དེ་འགྱུར་རོ།། བསྒྲུབ་བྱ་སྒྲུབ་བྱེད་གང་མཉེས་པ།། དེ་ནི་ཀུན ་གྱི་མཆོད་པ་ཡིན།། ཕྱི་ནང་གསང་བའི་ཆོས་རྣམས་ལ།། དེ་ཉིད་རྒྱལ་བཏབ་ཕྱག་རྒྱའོ།། རྟོག་མེད་བདེ་དང་གསལ་བས་ཁྱབ།། གང་ལ་གནས་པ་ཡེ་ཤེས་ཡིན།། ལུས་ངག་ཡིད་ལ་ཉོན་མོངས་པའི།། དྲི་མ་འཁྲུད ་བྱེད་དབང་དུ་བརྗོད།། ཞི་འཕེལ་ཆགས་དང་ཁྲོ་བོ་ཡིས།། བསམ་པ་གནས་འགྱུར་ཕྲིན་ལས་སོ།། དེ་ནས་འཁོར་གྱིས་ཡང་ཞུས་པ།། བྱང་ཆུབ་སེམས་ཆེན་ཇི་ལྟར་ལགས།། རིག་པ་འཛིན་པའི་སྐྱེས་བུ་ཅི།། སངས ་རྒྱས་ཞེས་པ་གང་ཞིག་ལགས།། དེ་དོན་བལྟ་བ་ཇི་ལྟ་བུ།། བསྒོམ་པར་བྱ་བ་ཅི་ཞིག་ལགས།། སྤྱོད་པ་སྤྱད་པ་ཇི་ཙམ་ཞིག། དམ་ཚིག་གནོད་པ་གང་ལ་བྱ།། བསྙེན་པ་ཞེས་པའི་དགོས་པ་ཅི།། སྒྲུབ་པ་ཡིས་ནི་ཅི་ཞིག ་འགྲུབ།། རྒྱས་གདབ་ཀུན་ནི་ཇི་ལྟར་འཚལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མ་སྐྱེས་མ་འགགས་ཞི་བར་གནས།། ངོ་བོ་དངོས་མིན་གཏེར་ཆེན་མཆོག། སྙིང་རྗེ་སྟོང་པ་དབྱེར་མི་ཕྱེད།། འདི་ནི་བྱང་ཆུབ ་སེམས་ཆེན་ཡིན།། ལུས་ངག་ཡིད་གསུམ་ངང་གིས་དྲིལ།། མི་ཕྱེད་དོན་གྱི་རྡོ་རྗེ་དེ།། ཆོས་ཀུན་རིག་པའི་རྗེས་སུ་གནས།། དེ་ནི་འཛིན་བྱེད་སྐྱེས་བུར་འགྱུར།། ཇི་སྙེད་དོན་བྱ་བྱ་བ་ཡང་ཀུན་སྤངས་ནས།། བླང་བྱ་མ ་ལུས་རབ་ཏུ་བརྙེས།། མ་རིག་ཐིབ་པོ་རབ་སད་ཅིང་།། དགོངས་པས་ཤེས་བྱ་རབ་ཏུ་རྒྱས།། དེ་ལ་ཚུལ་བཞིན་མ་ནོར་མཐོང་།། ཡང་དག་དོན་རྟོགས་བལྟ་བའོ།། ཕྱི་རོལ་དོན་གྱི་རྟོག་པ་ལོག། ཉོན་མོངས་ཕྲ་བ་ཙམ ་གྱིས་ཀྱང་།། མི་བརྫི་གོམས་སྟོབས་སྐྱེད་བྱེད་པ།། མཐོང་བ་ཉིད་ལ་བསྒོམ་པའོ།། དང་པོའི་ལས་དང་བསྒོམ་པ་དང་།། བརྟུལ་ཞུགས་འཆང་དང་མཉམ་གཞག་དང་།། རང་གི་སེམས་ལ་གང་སྤྱོད་པ།། མི་སྤྱད་མ ་མཐོང་དེ་སྤྱོད་ཡིན།། རིན་ཆེན་ས་གཞི་བཟང་ལྟ་བུ།། སྐྱོན་མེད་གཞན་བསྐྱེད་ནུས་པར་ལྡན།། ཉེས་པའི་རྩ་བ་ངེས་པར་སྤོང་།། མི་འགལ་སྟོན་པ་དམ་ཚིག་གོ། སངས་རྒྱས་ཀུན་གྱི་ཐབས་ཆེན་གསང་།། བརྩམ་ཞིང ་ཕན་འདོགས་མ་རུངས་འདུལ།། བསོད་ནམས་ཚོགས་དང་བསྐྱེད་རིམ་འབྲེལ།། བསྒྲུབ་བྱ་ཉེར་གྱུར་བསྙེན་པ་སྟེ།། མཆོག་གྱུར་པ་དང་ཐུན་མོང་ལས།། དཀྱིལ་འཁོར་གསུམ་འཕྲོས་ཆེར་བསྒྲུབ་པའོ།། རྒྱུ་དང་འབྲས ་བུ་ཕན་ཚུན་དུ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཐ་དད་གཅིག་ཏུ་གང་བསྡུས་ནས།། གཅིག་གིས་གཅིག་གསལ་རྒྱས་འདེབས་སོ།། དེ་ནས་འཁོར་གྱིས་ཡང་ཞུས་པ།། འདོད་ཆགས་ཞེ་སྡང་གཏི་མུག་ཅི།། སྙིང་རྗེ ་ཞེས་པ་གང་ཞིག་ལགས།། སེམས་ཅན་དོན་དུ་ཇི་ལྟར་སྤྱད།། རིག་པའི་བརྟུལ་ཞུགས་ཇི་ལྟར་སྤྱད།། ཟུང་དུ་འཇུག་པའི་སྤྱོད་པ་གང་།། བདག་ཉིད་ཇི་ལྟར་བྱིན་གྱིས་བརླབ།། བཟླས་པའི་རྣལ་འབྱོར་ཇི་ལྟ ་བུ།། དངོས་གྲུབ་ཞེས་ནི་གང་ལ་བྱ།། ཚེ་འདིའི་འགྲུབ་ཚུལ་ཇི་ལྟར་འབྱུང་།། བར་མ་དོར་ནི་སུ་ཞིག་གྲོལ།། སྐྱེ་བར་བརྒྱུད་ལ་ཐོགས་པ་གང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདོད་ཆགས ་སོ་སོར་རྟོག་པ་སྟེ།། ཞེ་སྡང་གསལ་བའི་ཡེ་ཤེས་ཏེ།། གཏི་མུག་ཆོས་དབྱིངས་སྣང་བའོ།། ཉོན་མོངས་ཡེ་ཤེས་དེ་བཞིན་ནོ།། སེམས་ཅན་ཆོས་དང་དམིགས་མེད་ཀྱིས།། སྙིང་རྗེ་གསུམ་ལས་ཡོངས་མི་འདའ།། སྦྱོར ་བ་གོམས་པ་བརྟན་བྱས་ནས།། གསད་གསོ་སྦྱིན་དང་སྙན་པ་དང་།། བཞི་ཡིས་རྣམ་བསྡུ་ཁམས་གསུམ་གྱི།། བདག་ཏུ་སྐད་ཅིག་ཙམ་གྱིས་འགྱུར།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ་ཞུགས་བླ་ན ་མེད།། གང་ལ་བསྔགས་པའི་འཁོར་བ་དང་།། མི་འབྲལ་མི་སྤང་དམ་ཚིག་ཡིན།། དོན་དམ་ཀུན་རྫོབ་ཐབས་ཤེས་རབ།། སྣང་ཞིང་སྟོང་པ་འཁོར་བ་དང་།། མྱ་ངན་འདས་ལ་སོགས་པའི་ཆོས།། ཐམས་ཅད་དབྱེར ་མེད་ཟུང་འཇུག་གོ། རང་གིས་རང་རིག་ཡེ་ཤེས་དེ།། རིག་མཐོང་རྟོགས་པས་རང་བྱིན་བརླབ།། འགོག་པའི་རྡོ་རྗེ་དབུགས་དབྱུང་རྔུབ།། འཇུག་གནས་ལྡང་བ་ཁྱད་པར་གྱིས།། འབྲུ་གསུམ་རང་གི་ངོ་བོར ་གནས།། ཀུན་རྫོབ་པ་ལ་བཟླས་པ་ཡིན།། མངོན་ཤེས་དྲུག་སོགས་ཐུན་མོང་སྟེ།། བྱང་ཆུབ་རྡོ་རྗེ་མཆོག་ཡིན་ནོ།། སྨིན་དང་གྲོལ་བས་མཐུ་སྟོབས་རྫོགས།། མངོན་དུ་གྱུར་པས་ཚེ་འདིར་བསྒྲུབ།། ལེ་ལོ་དང་བཅས ་བར་མ་དོ།། ཤིན་ཏུ་སོ་སོས་སྐྱེ་བ་བགྲང་།། དེ་ནས་འཁོར་གྱིས་ཡང་ཞུས་པ།། དེ་དག་བསྒྲུབ་པའི་ཐབས་གང་ལགས།། དེ་ཡི་དངོས་ཉིད་ཇི་ལྟ་བུ།། སོ་སོ་འདོར་བའི་རྟོགས་པ་གང་།། བསམ་གཏན་ཞེས་པ་ཇི་ལྟ ་བུ།། རླུང་གི་རྣལ་འབྱོར་ཇི་ལྟར་ལགས།། དེ་ཉིད་འཛིན་པ་གང་ལ་གནས།། རྗེས་སུ་དྲན་པའི་ཡན་ལག་གང་།། ཏིང་ངེ་འཛིན་དུ་གང་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རབ་ཏུ་བསྙེན་པའི་ཆོ་ག། ་དང་།། ཉེ་བར་བསྒྲུབ་དང་དེ་བཞིན་ཚེ།། ཕྲིན་ལས་སྤྱོད་པས་ཐབས་སུ་འགྱུར།། བྱང་ཆུབ་སེམས་གཞི་སྟོང་པ་དང་།། ས་བོན་ཚུལ་དུ་ངེས་འབྱུང་ཞིང་།། གཟུགས་རྟགས་ཡི་གེ་མཚན་མར་བཅས།། ཐབས ་དངོས་ཐུན་མོང་ཉིད་དུ་འགྱུར།། མཆོག་ཏུ་གྱུར་པ་འདི་ལྟ་སྟེ།། ཕྱི་ནང་དབང་པོ་ཡུལ་གྲུབ་པ།། རང་གནས་ཤེས་པས་སོ་སོར་འདོར།། སྙོམས་འཇུག་ཐམས་ཅད་བྱིན་གྱིས་རློབས།། རྟོག་སྤྱོད་དགའ་བདེ་རྩེ་གཅིག། ་ཉིད།། གསང་བཅུ་བྱུང་ཡང་རབ་སྦྱོར་སྤྲོ་དང་བསྡུ།། རང་ཤེས་རིག་ཅིང་དེ་ཟད་པས།། དངོས་གཞི་མངོན་ཤེས་ལྔ་ལ་དབང་།། ཡེ་ཤེས་ལྔ་ཡི་རང་བཞིན་རླུང་།། འབྱུང་བ་ལྔ་དང་ཚུལ་འདྲར་སྣང་།། གང་བུ་སྣོམ་བྱེད ་རྩེ་ལ་བཞག། རང་གཞན་བྱང་ཆུབ་སེམས་དཔར་སྣང་།། རང་གི་སྙིང་པོ་གནས་སུ་བསམ།། དབང་པོར་ལམ་བསྲུངས་ཟླུམ་པོར་བཀོད།། གཟུང་བྱ་དྲི་མ་དང་བྲལ་བས།། དེ་ཉིད་ཡེ་ཤེས་སེམས་དཔར་གསལ།། མི ་འགྱུར་བྱང་ཆུབ་སེམས་བསྒོམས་པས།། མཚན་མ་ལྔ་བསྟན་སྲོག་གི་ལམ།། ནམ་མཁའི་ཁམས་ལ་སོ་སོར་བསྟན།། འོད་ཀྱི་དཀྱིལ་འཁོར་སྣང་བ་ཡིན།། ཐབས་དང་ཤེས་རབ་དབྱེར་མེད ་པའི།། དངོས་བསྡུ་གཟུགས་ཀྱི་ནང་དུ་བསམ།། སྐད་ཅིག་མ་ཡི་ཡེ་ཤེས་གསལ།། སྒྲིབ་པ་མ་ལུས་སེལ་བར་བྱེད།། དེ་ནས་འཁོར་གྱིས་ཡང་ཞུས་པ།། རང་རིག་བྱང་ཆུབ་སེམས་ནི་གང་།། དེ་ཡི་རྒྱུ་ནི་ཇི་ལྟ་བུ།། གང ་ཞིག་གིས་ནི་རྐྱེན་དུ་འགྱུར།། འབྲས་བུ་འདོད་པ་ཇི་ལྟར་འགྲུབ།། འབྱུང་བའི་དུས་ནི་ཇི་ཙམ་ན།། ཚུལ་ནི་ཇི་ལྟར་འབྱུང་བར་འགྱུར།། ངེས་དང་འགྲུབ་པར་བྱེད་པ་གང་།། ཉེ་བར་མཚོན་པའི་དཔེ་གང་ཡིན།། དགོས ་པ་ཡང་ནི་ཅི་ཞིག་ལགས།། མཚན་ཉིད་མཚོན་ཚུལ་ཇི་ལྟ་བུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གཞི་དང་ངོ་བོ་མཚན་ཉིད་རྣམས།། མ་ལུས་ལྷུན་གྱིས་གྲུབ་བདག་ཉིད།། མཐའ་བྲལ་མ་སྤངས་མ་ཐོབ ་པ།། སྒྲོ་སྐུར་དང་བྲལ་བྱང་ཆུབ་སེམས།། ལྷན་ཅིག་སྐྱེས་དང་བདག་ཏུ་བལྟ།། ཀུན་ཏུ་བརྟགས་པའི་ཆོ་འཕྲུལ་གྱིས།། ཉོན་མོངས་ཉེར་ལེན་མཚུངས་པར་ལྡན།། བག་ཉལ་ཀུན་སྡང་རྒྱུ་ཡིན་ནོ།། ལྷན་ཅིག་བྱེད་རྐྱེན ་བསོད་ནམས་དང་།། དེ་མ་ཡིན་དང་མི་གཡོའི་ལས།། ལེགས་ཉེས་ཕྲ་རགས་མང་ཉུང་གིས།། མྱ་ངན་འདས་དང་འཁོར་བར་སྦྱར།། འབྲས་བུ་ལུས་དང་ལོངས་སྤྱོད་དང་།། ཆོས་དང་འཕེན་པའི་སྐལ་བ་ཡིས།། ཇི ་ལྟར་བསམས་དང་སྨོན་ལམ་དང་།། འཇུག་པའི་ལས་ཀྱི་ཁྱད་པར་བྱེད།། དུས་ནི་དུས་གསུམ་ཐམས་ཅད་དུ།། འཁྲུལ་དང་མ་འཁྲུལ་གནས་དེ་ཉིད།། འདོད་དང་མི་འདོད་ལ་སོགས་པའི།། གནས་སྐབས་སོ་སོར ་འབྱུང་བའོ།། ཚུལ་ནི་ཡང་དག་ལོག་པ་དང་།། ངེས་དང་མ་ངེས་སྣང་མི་སྣང་།། སྣ་ཚོགས་ཀྱིས་ནི་བྲལ་བ་དང་།། ཐོབ་པའི་བདེ་སྡུག་ཐ་དད་མྱོང་།། མ་བཅོས་རྒྱུན་གྱི་སྐད་ཅིག་མ།། གཅིག་གིས་དུས་གསུམ་དུས ་མེད་པར།། རྟོགས་དང་མ་རྟོགས་ཕྱོགས་གཅིག་གིས།། ཀུན་ལ་ཁྱབ་པ་ངེས་པར་འགྲུབ།། རྩ་མེ་འཁོར་ལོ་ལ་སོགས་བཞིན།། རིན་ཆེན་རྒྱུར་བྱེད་སྟོང་སྒྲ་དང་།། གསལ་དྲི་མ་གཡོས་སྣ་ཚོགས་ལུས།། མཚོན་པ་དཔེ ་ཡི་ཉེ་ཕྱོགས་ཡིན།། རང་གི་ངོ་བོ་ཐོག་མ་ཡིན།། རྣམ་པར་རྟོག་བྲལ་རྣལ་འབྱོར་ཏེ།། རྟེན་སོགས་རྒྱུ་འབྲས་འགོག་པ་ལ།། ལོག་པ་དགག་པའི་གོལ་བའོ།། གཅིག་དང་དུ་མར་འཛིན་པ་དང་།། མཐའ་བརྒྱད་བྲལ ་བའི་བདག་ཉིད་ཅན།། བརྡ་ཐབས་བྱིན་རླབས་གཏན་ཚིགས་ཀྱིས།། ཉམས་སུ་མྱོང་བས་མཚན་ཉིད་ཤེས།། དེ་ནས་འཁོར་གྱིས་ཡང་ཞུས་པ།། རྒྱུད་རྣམས་ཀྱི་ནི་སྟོན་པ་གང་།། དེ་དག་གནས་ཀྱང་ཅི་འདྲ་ཞིག། དེ ་བཞིན་ཐུགས་ཀྱི་ཁྱད་པར་གང་།། འཁོར་གྱི་མཚན་ཉིད་ཇི་ལྟ་བུ།། དུས་ནི་ཇི་ཙམ་ཞིག་ན་འབྱུང་།། རིག་པའི་རྗེས་འཛིན་ཇི་ལྟ་བུ།། གླེང་སློང་ཞེས་བྱ་གང་ཞིག་ལགས།། དོན་དུ་གཉེར་བ་གང་ལ་བྱ།། དེ་དག་བྱེ ་བྲག་དབྱེ་བ་གང་།། ལམ་གྱི་ཡན་ལག་གང་གིས་བསྡུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་ཏུ་བཟང་པོ་དོན་གྱི་མཆོག། སྐྱོན་མེད་ཐམས་ཅད་འདུས་པ་ཡིན།། ལྔ་དྲུག་གཅིག་གཉིས་གསུམ ་བཞིས་བསྡུས།། གདུལ་བྱའི་རིགས་ལ་སྣ་ཚོགས་སྣང་།། གསང་བའི་བྷ་ག་ནམ་མཁའི་ཁམས།། མཐའ་བྲལ་བསམ་མི་ཁྱབ་ལ་བཞུགས།། སྐལ་ཡོད་སྐྱེས་བུའི་རིགས་ཀུན་ལ།། ངེས་དང་མ་ངེས་ལྔ་དང ་ལྡན།། ཐུགས་ཀྱི་ཁྱད་པར་བྱེ་བྲག་མེད།། མ་བསྟན་མ་གསུངས་པར་གནས་ཀྱང་།། ཐ་དད་སྐུ་དང་གསུང་གི་ཚོགས།། བདག་ལ་ཉེ་བར་སྟོན་པར་མཐོང་།། ཉན་པ་པོ་ནི་དུས་གསུམ་གྱི།། སངས་རྒྱས་བྱང་ཆུབ ་སེམས་དཔའ་དང་། ཉན་ཐོས་རང་རྒྱལ་ལྷ་ལ་སོགས།། རིམ་བཞིན་རང་ལ་བསྟན་པ་འཁོར།། དུས་དང་བྲལ་བའི་དུས་གསུམ་ཉིད།། དུས་བཞི་མཉམ་པ་ཉིད་དུ་སྦྱོར།། རྫོགས་གཉིས་གསུམ་དང་རྩོད་པ་ལ།། གང ་རིགས་ཐ་དད་སོ་སོར་འབྱུང་།། ཇི་ལྟར་མོས་པ་དེ་ཡིས་འདུལ།། དེ་ནས་རིག་པ་འཛིན་པ་དག། ཕྱི་ནང་གསང་བའི་ཚུལ་གྱིས་ཏེ།། ཉན་ཐོས་བྱང་ཆུབ་སེམས་དཔའ་དང་།། བརྟུལ་ཞུགས་འཛིན་པའི་ཚུལ་གྱིས ་ཏེ།། ཅིག་ཆར་རིམ་དང་ཐོད་རྒལ་དང་།། དམན་དང་མཆོག་དང་བར་མ་དང་།། རྒྱུ་དང་ལམ་དང་འབྲས་བུའི་ཚུལ།། ལས་དང་མོས་པ་སྤྱོད་པ་དང་།། ལམ་གྱི་ས་ཡིས་ཡོན་ཏན་བསྡུས།། དང་པོ་པ་དང་ཀུན ་ཏུ་སྤྱོད།། བརྟུལ་ཞུགས་དང་ནི་མཉམ་གཞག་གིས།། རིག་པ་འཛིན་པའི་སྤྱོད་པ་བསྡུས།། མཐར་ཐུག་པ་ནི་ཐུན་མོང་ཡིན།། རྒྱུད་ཀུན་གྱི་ནི་གླེང་བསླང་བ།། ཨེ་བཾ་མ་ཡཱ་ཤྲུ་ཏ་བྷ་ག་བཱན་ཀཱ་ཡ་བཱ་ཀ་ཙིཏྟ་སཾ་མུ་དི་ཏ།། ་བཛྲ་བ་མན་ཏ་ཡང་ན་ཏ། འདི་ཉིད་ཀྱི་ནི་སྒྲས་བརྗོད་པའི།། ཡོན་ཏན་མ་ལུས་གླེང་གཞིའོ།། དེ་ཡིས་གླེང་བསླང་ཉིད་དུ་འགྱུར།། གཞི་དང་ལམ་དང་འབྲས་བུ་དག། འདི་ཡི་དོན་དུ་གཉེར་བྱ་ཡིན།། ཤེས་བྱ་གཤིས་དང ་ལམ་གང་ཟག། ཐོབ་བྱ་འབྲས་བུ་དག་གིས་དབྱེ།། བསོད་ནམས་དང་ནི་ཡེ་ཤེས་ཀྱི།། ཚོགས་དང་སྨིན་དང་གྲོལ་བ་དང་།། བསྐྱེད་དང་རྫོགས་དང་ཤིན་ཏུ་རྫོགས།། རྣལ་འབྱོར་གསུམ་གྱིས་རབ་ཕྱེ་བའི།། ལམ་གྱི ་ཡན་ལག་རབ་ཏུ་བསྡུས།། མ་འོངས་པ་ཡི་དུས་དག་ཏུ།། བྱང་ཆུབ་སེམས་དཔའ་ཚུལ་ཆེན་པོ།། དཔའ་བོ་སྐྱེས་མཆོག་འཇིག་རྟེན་མགོན།། བསམ་སྦྱོར་ཕུན་སུམ་ཚོགས་པ་ཡིས།། དུས་གསུམ་སངས་རྒྱས་ཡབ་ཀྱི ་གདུང་།། ལེགས་འཛིན་བསམ་གྱིས་མི་ཁྱབ་པ།། ཇི་ལྟར་འབྱུང་བ་གསུངས་པ་ཡིས།། ཐེ་ཚོམ་མེད་པར་དོན་བསྒྲུབ་འགྱུར།། ཞེས་བཀའ་སྩལ་པས། ཕྱོགས་བཅུ་དང་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། བྱང ་ཆུབ་སེམས་དཔའ་མ་ལུས་པ་ཐུགས་ཀྱི་དགོངས་པ་གཅིག་ཏུ་བསྡུས་པས། ཁམས་གསུམ་དང་འགྲོ་བ་རིགས་དྲུག་ཏུ་སྣང་བའི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་དོན་བསྒྲུབ་ཅིང་མ་གྲོལ་བ་རྣམས་གྲོལ་བ ་དང་། མ་བསྒྲལ་བ་རྣམས་བསྒྲལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་བརྩོན་པར་སྤྱོད་ཅིང ་གནས་པར་བཞུགས་སོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་ཚུལ་ཉེ་བར་སྤྱད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་གསང ་བ་འདི་དག་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་།། མོཾ་ཧཱུཾ་ཏྲཱཾ་ཧྲཱིཿཧ། མནྟྲ་མོ་ཛི་ན་ཛིཀ། ཧཱུཾ་བཛྲ་དྷྲྀཀ། སཱ་རཏྣ་དྷྲྀཀ། ཨཾ་ཨཱ་རོ་ལི་ཀ། ཧ་པྲ་ཛྙཱ་དྷི་ཀ། མྲྀ་ལཱཾ་མཱཾ་བཾ་ཏཾ། ཨ་ཧཱུཾ་མཱཾ་དྷཱ་ཏཱི་ཤྭ་རི། ལཾ་དེ་ཥ་ར་ཏི། མཾ་མོ ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཨོཾ་བཻ་རོ་ན་ཙ་ཎ་ཧཱུཾ། ཨོཾ་བཛྲ་ཨ་ཀྵོ་བྷྱ་ཧཱུཾ། ཨོཾ་རཏྣ་སཾ་བྷ་ཝ་ཏཱཾ་ཧཱུཾ། ཨོཾ་ཨ་མི་ཏ་བྷཱ་ཧྲཱིཿཧཱུཾ། ཨོཾ་ཨ་མོ་གྷ་སིདྡྷི་ཧཱ། ཨོཾ་ས་མནྟ་བྷ་དྲ་ཧཱུཾ། ཨོཾ་བུདྡྷ་ལོ་ཙ་ན་ཧཱུཾ། ཨོཾ་པཎྜ་ར་པ་ས་ན་ཧཱུཾ། ཨོཾ་མ ་མ་ཀི་དྷརྨ་ཧཱུཾ། ཨོཾ་ས་མ་ཡ་ཏ་རཱ་ཧཱུཾ།། ཨེ་མ་སངས་རྒྱས་ཀུན་གྱི་བདག། མ་བཅོས་རང་གི་ངོ་བོ་ཉིད།། བསམ་གྱིས་མི་ཁྱབ་ཡེ་ཤེས་ཚོགས།། གཏི་མུག་རྣམ་དག་རྒྱལ་པོ་ཆེ།། ཨོཾ།། ཨེ་མ་རང་བྱུང་བདེ་ཆེན་ཐུགས་ཀྱི ་མཆོག། བདུད་ལས་རྒྱལ་བའི་འབྱུང་གནས་ཏེ།། ཞེ་སྡང་མི་འགྱུར་ལོངས་སྤྱོད་ལྡན།། ཧཱུཾ།། ཨེ་མ་ཡོན་ཏན་རིན་ཆེན་དམ་པའི་གཏེར།། ཡིད་བཞིན་འབྱུང་བ་ཟད་མི་ཤེས།། རེ་སྐོང་ནམ་མཁའི་ཏིང་འཛིན ་མཛོད།། ང་རྒྱལ་རང་གནས་ཆེ་བའི་མཆོག། ཏཱཾ།། ཨེ་མ་རྣམ་དག་གསུང་ནི་མཐའ་ལས་འདས།། དྲི་མེད་ནམ་མཁའ་ལྟ་བུར་གྲགས།། སྐྱོན་བྲལ་ཆོས་ཀྱི་ཡི་གེར་སྣང་།། འདོད་ཆགས་སྐྱོན་བྲལ་བླ་ན་མེད།། ཧྲཱིཿེ ་མ་དམ་ཚིག་དོན་རྣམས་ཀུན་སྒྲུབ་པའི།། ཉོན་མོངས་སྲིད་འཇོམས་མཐར་འབྱིན་པ།། ཕྲིན་ལས་ཆེན་པོ་རྫོགས་མཛད་པའི།། ཕྲག་དོག་ལས་ཀྱི་རྩོལ་བ་བྲལ།། ཧ།། ཞེས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ་མཛད ་ནས།། དཀྱིལ་འཁོར་གྱི་གཙོ་བོ་དམ་པར་དབང་བསྐུར་རོ།། དེ་ནས་རིགས་སོ་སོའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཀྱང་རང་རང་གི་སྙིང་པོ་དེ་ཁོ་ན་ཉིད་ཀྱིས་ཕྱུང་བ་ནི། ཨོཾ་བཛྲ་ས་མནྟ་བྷ་དྲ་ཧཱུཾ། ཀུན་ཏུ་བཟང ་པོའི་སྙིང་པོའོ།། ཨོཾ་བཛྲ་དྷ་ཏཱི་ཤྭ་རཱི་ཧཱུཾ། རྡོ་རྗེ་དབྱིངས་ཕྱུག་མའི་སྙིང་པོའོ།། ཨོཾ་བཛྲ་ས་ཏྭ་ཧཱུཾ། རྡོ་རྗེ་སེམས་དཔའི་སྙིང་པོའོ།། ཨོཾ་བཛྲ་རཱ་ཛ་ཧཱུཾ། རྡོ་རྗེ་རྒྱལ་པོའི་སྙིང་པོའོ།། ཨོཾ་བཛྲ་རཱ་ག་ར་ཏི་ཧཱུཾ། རྡོ་རྗེ་ཆགས་པའི་སྙིང ་པོའོ།། ཨོཾ་བཛྲ་སཱ་དྷཱ་ཧུཾ། རྡོ་རྗེ་ལེགས་པའི་སྙིང་པོའོ།། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། རྡོ་རྗེ་སྒེག་མོའི་སྙིང་པོའོ།། ཨོཾ་བཛྲ་དྷཱུ་པ་ཧཱུཾ། རྡོ་རྗེ་བདུག་པ་མའི་སྙིང་པོའོ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཧཱུཾ། རྡོ་རྗེ་འགུགས་མའི་སྙིང་པོའོ།། ཨོཾ་བཛྲ་དཱི ་པ་ཤ་ར་ཏི་ཧཱུཾ། རྡོ་རྗེ་མེ་སྒྲོན་སྙིང་པོའོ།། ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་མུ་ལ་ཏྲཱཾ་ཧཱུཾ། འཇམ་དཔལ་གཞོན་ནུའི་སྙིང་པོའོ།། ཨོཾ་རཏྣ་དྷ་རཱ་ཧཱུཾ། རྡོ་རྗེ་དབྱིངས་ཕྱུག་མའི་སྙིང་པོའོ།། ཨོཾ་བཛྲ་རཏྣ་ཧཱུཾ་ཧཱུཾ། རྡོ་རྗེ་རིན་ཆེན་གྱི་སྙིང་པོའོ།། ཨོཾ ་བཛྲ་སྭརྦྦ་དྷཱཊྚ། རྡོ་རྗེ་གཟི་བརྗིད་ཀྱི་ཕྲེང་ཟའོ།། ཨོཾ་བཛྲ་ཀ་ཏུ་ཛྫཧཱ། རྡོ་རྗེ་རྒྱལ་མཚན་གྱི་སྣང་ཟའོ།། ཨོཾ་བཛྲ་ཧཱ་ས་ཧ་ཧཱ། རྡོ་རྗེ་བཞད་པའི་ཕྲེང་བལ།། ཨོཾ་མ་མ་ཧཱརྠ། རྡོ་རྗེ་ཕྲེང་བ་མའི་སྣང་ཟན། ་བཛྲ་པུཥྤེ་ཏྲཱཾ་ཧཱུཾ། རྡོ་རྗེ་མེ་ཏོག་མའི་སྙིང་པོའོ།། ཨོཾ་བཛྲ་པཱ་ཤ་ཧྲཱིཿཧཱུཾ། རྡོ་རྗེ་ཞགས་པ་མའི་སྙིང་པོའོ།། ཨོཾ་བཛྲ་སུ་ཁ་ཧཱ་ཧཱུཾ། རྡོ་རྗེ་བདེ་བ་མའི་སྙིང་པོའོ།། ཨོཾ་ལོ་ཀེ་ཤྭ་རཱ་ཡ་ཧཱུཾ། སྤྱན་རས་གཟིགས་ཀྱི་སྙིང་པོའོ།། ཨོཾ་པདྨ ་དྷ་རཱ་ཧཱུཾ། པདྨ་དབྱིངས་ཕྱུག་མའི་སྙིང་པོའོ།། ཨོཾ་བཛྲ་དྷརྨ་ཧཱུཾ་ཧཱུཾ། རྡོ་རྗེ་ཆོས་ཀྱི་སྙིང་པོའོ།། ཨོཾ་བཛྲ་ཏིཀྵྞ་ཏྲཾ་ཧཱུཾ། རྡོ་རྗེ་རྣོན་པོའི་སྙིང་པོའོ།། ཨོཾ་བཛྲ་བ་ཤ་ཧྲཱིཿཧཱུཾ། རྡོ་རྗེ་སྦ་བའི་སྙིང་པོའོ།། ཨོཾ་བཛྲ་ཙཀྲ་ཧ་ཧཱུཾ། རྡོ་རྗེ་འཁོར ་ལོའི་སྙིང་པོའོ།། ཨོཾ་བཛྲ་གི་ཏི་ཧཱུཾ་ཧཱུཾ། རྡོ་རྗེ་དབྱངས་མཁན་མའི་སྙིང་པོའོ།། ཨོཾ་བཛྲ་ཨཱ་ལོ་ཀེ་ཏྲཱཾ་ཧཱུཾ། རྡོ་རྗེ་མར་མེ་མའི་སྙིང་པོའོ།། ཨོཾ་བཛྲ་སྥོ་ཊ་ཧྲཱིཿཧཱུཾ། རྡོ་རྗེ་ལྕགས་སྒྲོག་མའི་སྙིང་པོའོ།། ཨོཾ་རཱ་ག་ར་ཏི་ཧྲཱིཿཧཱུཾ། རྡོ་རྗེ ་གསལ་སྒྲོན་མའི་སྙིང་པོའོ།། ཨོཾ་བཛྲ་པཱ་ཎི་ས་མནྟ་ཧཱུཾ། ལག་ན་རྡོ་རྗེའི་སྙིང་པོའོ།། ཨོཾ་བཛྲ་ཀརྨ་དྷ་རཱ་ཧཱུཾ། རྡོ་རྗེ་དབྱིངས་ཕྱུག་མའི་སྙིང་པོའོ།། ཨོཾ་བཛྲ་ཀརྨ་ཧཱུཾ་ཧཱུཾ། རྡོ་རྗེ་ལས་ཀྱི་སྙིང་པོའོ།། ཨོཾ་བཛྲ་རཀྵ་ཏྲཱ་ཧཱུཾ། རྡོ་རྗེ་སྲུང ་བའི་སྙིང་པོའོ།། ཨོཾ་བཛྲ་ཡཀྵ་ཧྲཱིཿཧཱུཾ། རྡོ་རྗེ་གནོད་སྦྱིན་གྱི་སྙིང་པོའོ།། ཨོཾ་བཛྲ་སནྟི་ཧཱ་ཧཱུཾ། རྡོ་རྗེ་ཁུ་ཚུར་གྱི་སྙིང་པོའོ།། ཨོཾ་བཛྲ་ནིརྟི་ཧཱུཾ་ཧཱུཾ། རྡོ་རྗེ་གར་སྒུར་མའི་སྙིང་པོའོ།། ཨོཾ་བཛྲ་གནྡྷེ་ཏྲཱཾ་ཧཱུཾ། རྡོ་རྗེ་བྱུག་པ་མའི་སྙིང ་པོའོ།། ཨོཾ་བཛྲ་གྷནྡྷེ་ཧྲཱིཿཧཱུཾ། རྡོ་རྗེ་དྲིལ་བུ་མའི་སྙིང་པོའོ།། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧ་ཧཱུཾ། རྡོ་རྗེ་འབེབས་མའི་སྙིང་པོའོ།། ཨོཾ་བཛྲ་ཀྵི་ཏེ་གརྦྷ་ཡ་ཧཱུཾ། སའི་སྙིང་པོའི་སྙིང་པོའོ།། ཨོཾ་བཛྲ་སུ་ཁ་ནིརྟི་ཧཱུཾ། བདེ་བ་རྒྱས་འདེབས ་མའི་སྙིང་པོའོ།། ཨོཾ་དྷརྨ་ཀེ་ཏུ་ཧཱུཾ་ཧཱུཾ། ཆོས་ཀྱི་རྒྱལ་མཚན་གྱི་སྙིང་པོའོ།། ཨོཾ་རཱ་ཛེ་ཤྭ་རཱ་ཡ་ཏྲཾ། དབང་ཕྱུག་རྒྱལ་པོའི་སྙིང་པོའོ།། ཨོཾ་པདྨ་མཎྜ་ལ་ཧྲཱིཿཧཱུཾ། བཀོད་པ་རྒྱན་གྱི་དམ་པའི་སྙིང་པོའོ།། ཨོཾ་རཏྣ་ར་སྨི་ཧ་ཧཱུཾ། རིན ་ཆེན་འོད་འཕྲོའི་སྙིང་པོའོ།། ཨོཾ་བཛྲ་ས་ཏི་ཧཱུཾ། རྡོ་རྗེ་སེམས་མའི་སྙིང་པོའོ།། ཨོཾ་རཏྣ་ས་ཏཱི་ཧཱུཾ། རིན་ཆེན་སེམས་མའི་སྙིང་པོའོ།། ཨོཾ་དྷརྨ་ས་ཏཱི་ཧཱུཾ། ཆོས་ཀྱི་སེམས་མའི་སྙིང་པོའོ།། ཨོཾ་ཀརྨ་ས་ཏཱི་ཧཱུཾ། ལས་ཀྱི་སེམས་མའི ་སྙིང་པོའོ།། ཨོཾ་བཛྲ་ཁ་གརྦྷ་ཧྲྀ་ད་ཡ་ཧཱུཾ། ནམ་མཁའི་སྙིང་པོའི་སྙིང་པོའོ།། ཨོཾ་ཨ་མོ་གྷ་ཤྭ་རཱ་ཡ་ཧཱུཾ། བདེ་བ་ཟ་བྱེད་སྙིང་པོའོ།། ཨོཾ་ཨཱ་ལོ་ཀ་པྲ་བྷ་ཧཱུཾ། སྣང་བ་མཆོག་གི་སྙིང་པོའོ།། ཨོཾ་མུ་དྲ་རཱ་ཛཱ་ཏྲཱཾ་ཧཱུཾ། ཕྱག་རྒྱའི་རྒྱལ ་པོའི་སྙིང་པོའོ།། ཨོཾ་པྲ་ཏི་བྷཱ་ན་རཱ་ཛ་སཱི་ཧཱུཾ། སྤོབས་པའི་རྒྱལ་པོའི་སྙིང་པོའོ།། ཨོཾ་པྲ་ཏི་བྷཱ་ན་ཀུ་ཊ་ཡེ་ཧཱ་ཧཱུཾ། སྤོབས་པ་བརྩེགས་པའི་སྙིང་པོའོ།། ཨོཾ་དེ་བི་ཤོ་དྷ་ནི་ཧཱུཾ་ཧཱུཾ། ཁྲུས་ཀྱི་ལྷ་མོའི་སྙིང་པོའོ།། ཨོཾ་དེ་བཱི་ཀེ་ཏུ་ཏྭཱཾ་ཧཱུཾ། ་རྒྱལ་མཚན་ལྷ་མོའི་སྙིང་པོའོ།། ཨོཾ་དེ་བཱི་བི་ཏཱ་ན་ཧྲཱིཿཧཱུཾ། བླ་རེའི་ལྷ་མོའི་སྙིང་པོའོ།། ཨོཾ་དེ་བཱི་ཚཏྟ་ཧཱ་ཧཱུཾ། གདུགས་ཀྱི་ལྷ་མོའི་སྙིང་པོའོ།། ཨོཾ་མ་ཧཱ་མཻ་ཏྲི་ས་མ་ཨེ་ཧཱུཾ།། བྱམས་པ་ཆེན་པོའི་སྙིང་པོའོ།། ཨོཾ་མུ་ཀ་ར་ག་ས་མ ་ཧྲཱིཿཧཱུཾ། བདེ་བ་རྨོངས་བྱེད་མའི་སྙིང་པོའོ།། ཨོཾ་པདྨ་རཱ་ཛ་ཡ་ཧཱུཾ་ཧཱུཾ། པདྨའི་རྒྱལ་པོའི་སྙིང་པོའོ།། ཨོཾ་པདྨོ་ཏྟ་མ་ས་ཀ་ལ་ཏྲཱཾ་ཧཱུཾ། པདྨ་དམ་པའི་སྙིང་པོའོ།། ཨོཾ་བཛྲ་ཨ་ཙ་ལ་ཧྲཱིཿཧཱུཾ། རྡོ་རྗེ་མི་གཡོ་བའི་སྙིང ་པོའོ།། ཨོཾ་ཨ་མོ་གྷ་རཱ་ཛ་ཧཱ་ཧཱུཾ། ཐོགས་མེད་རྒྱལ་པོའི་སྙིང་པོའོ།། ཨོཾ་དེ་བཱི་པདྨ་བཱན་ཧཱུཾ་ཧཱུཾ། ལྷ་མོ་པདྨ་ཅན་གྱི་སྙིང་པོའོ།། ཨོཾ་དེ་བཱི་བྷི་ར་བཱ་ཏྲཱཾ་ཧཱུཾ། ལྷ་མོ་འཇིགས་བྱེད་མའི་སྙིང་པོའོ།། ཨོཾ་དེ་བཱི་ཨ་དོ་ཥཱ་ཧྲཱིཿཧཱུཾ། ལྷ་མོ ་སྐྱོན་བྲལ་མའི་སྙིང་པོའོ།། ཨོཾ་དེ་བཱི་བི་ཛ་ཡཱ་ཧཱ་ཧཱུཾ། ལྷ་མོ་རྣམ་རྒྱལ་མའི་སྙིང་པོའོ།། ཨོཾ་སརྦ་པ་རི་ཤོ་དྷ་ཡ་ཧཱུཾ། སྒྲིབ་པ་རྣམ་པར་སེལ་བའི་སྙིང་པོའོ།། ཨོཾ་བཛྲ་གནྡྷེ་ཛ་ལ་ཡ་ཧཱུཾ། བདེ་བ་ཚེ་འཕེལ་མའི་སྙིང་པོའོ།། ཨོཾ ་རཏྣེ་ཤྭ་ར་ཧཱུཾ་ཧཱུཾ། རིན་ཆེན་དབང་ཕྱུག་གི་སྙིང་པོའོ།། ཨོཾ་ཀརྨ་སིདྡྷི་ཏྲཾ་ཧཱུཾ། གྲུབ་པའི་ལས་ཀྱི་སྙིང་པོའོ།། ཨོཾ་ཨཱ་ར་ཏ་ཤཱ་སྟྲ་ཧྲཱིཿཧཱུཾ། དགའ་བར་སྟོན་པའི་སྙིང་པོའོ།། ཨོཾ་ཨ་ཙ་ལ་ཨཀྵོ་བྷུ་ཧ་ཧཱུཾ། མི་གཡོ་བའི་མཐའི་སྙིང ་པོའོ།། ཨོཾ་ཛ་ཡ་བ་ཏེ་སརྦ་ཤེ་ནེ་ཧཱུཾ་ཧཱུཾ། ལྷ་མོ་སྐྱབས་ཅན་མའི་སྙིང་པོའོ། ཨོཾ་དེ་བི་པྲ་ཙ་ལ་བི་མ་ལེ་ཏྲཱཾ་ཧཱུཾ།། ལྷ་མོ་དྲི་མེད་མའི་སྙིང་པོའོ།། ཨོཾ་བ་ཤ་པ་ཏ་ཙི་ཏ་སི་ཧྲཱིཿཧཱུཾ། ལྷ་མོ་ལྕགས་སྒྲོག་མའི་སྙིང་པོའོ།། ཨོཾ་དེ་བི་ཀ་རུ ་ན་པྲ་ག་རི་ཧཱ་ཧཱུཾ། ལྷ་མོ་ཐོགས་མེད་མའི་སྙིང་པོའོ།། ཨོཾ་དེ་བ་མུ་ནི་ཧཱུཾ། ལྷའི་ཐུབ་པའི་སྙིང་པོའོ།། ཨོཾ་ནི་ཎ་མུ་ནི་ཏཱཾ་ཧཱུཾ། ལྷ་མིན་ཐུབ་པའི་སྙིང་པོའོ།། ཨོཾ་ནརྀ་ཡེ་མུ་ནི་ཏཱཾ་ཧཱུཾ། མིའི་ཐུབ་པའི་སྙིང་པོའོ།། ཨོཾ་ནརྀ་ཡེ་མུ་ནི་ནརྀ་ཧཱུཾ། ་དུད་འགྲོའི་ཐུབ་པའི་སྙིང་པོའོ།། ཨོཾ་པྲེ་ཏ་མུ་ནི་པྲོ་ཧཱུཾ། ཡི་དྭགས་ཐུབ་པའི་སྙིང་པོའོ།། ཨོཾ་ཏིཪྻ་མུ་ནི་ཀྵེ་ཧཱུཾ།། ཨོཾ་ན་ར་ཀ་མུ་ནེ་སྲུཾ་སྭཱ་ཧཱ། དམྱལ་བའི་ཐུབ་པའི་སྙིང་པོའོ།། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ ་སྒོསྥོ་ཊ་བཾ། ཨོཾ་བཛྲ་གྷནྡེ་ཧོཿ། སྒོ་སྲུང་བཞིའི་སྙིང་པོའོ།། དང་པོ་རྒྱུ་ཡི་སྙིང་པོ་སྟེ།། གསུམ་སོགས་བསྐྱེད་པའི་སྙིང་པོའོ།། མ་ལུས་རྫོགས་པ་བཟླས་པའི་སྔགས།། འདི་བཤད་ཞི་བའི་ལྷ་རྣམས་ཀྱི།། སྙིང་པོའི་ཁ་སྐོང ་ཉིད་དུ་བཤད།། དེ་ནས་རྡོ་རྗེ་འཛིན་པ་ཡིས།། དེ་ཡི་ང་རྒྱལ་ལྡན་པ་ཡིས།། དཀྱིལ་འཁོར་ས་ཡི་དབུས་གནས་ཏེ།། བཞུགས་པའི་འདུག་སྟངས་བསྟན་བྱ་བ།། རྐང་གཡས་བརླ་དང་བྱིན་པའི་དབུས། གཡོན་པ ་ལེགས་པར་བཞག་ནས་ཀྱང་།། དེ་ཉིད་སྟེང་དུ་གཡས་བཞག་པ།། དང་པོ་རྡོ་རྗེའི་སྐྱིལ་ཀྲུང་ཡིན།། གཡོན་གྱིས་གཡས་པའི་བྱིན་པར་མནན།། པུས་མོ་གཉིས་ནི་སར་ཕབ་པ།། ཞི་བའི་ཚུལ་དང་ལྡན་པའི ་སྐུ།། གཉིས་པ་པདྨའི་བཞུགས་སྟབས་ཡིན།། རྐང་པ་གཡས་པས་གཡོན་པ་ཡི།། བརླ་ཡི་སྟེང་དུ་ཅུང་ཟད་མནན།། དེ་ཉིད་གཡོན་པའི་འོག་ཏུ་གཞག། གསུམ་པ་སེམས་དཔའི་སྐྱིལ་ཀྲུང་ཡིན།། གཡོན་པ་ཡིས་ནི ་སྐྱིལ་ཀྲུང་ཕྱེད།། ལེགས་བཅས་དེ་ཡི་དྲུང་ཉིད་དུ།། རྐང་པ་གཡས་པ་དྲང་པོར་བཞག། དཔའ་བོའི་བཞུགས་སྟབས་བཞི་པའོ།། གདན་སྟེང་རྐང་པ་གཉིས་ཀ་ཡིས།། ཟུར་དུ་དྲང་པོར་བསྲང་བར་བྱ།། མཉམ་ཞིང ་བརྟན་པར་བཞག་པ་ནི།། ལྔ་པ་བཟང་པོའི་བཞུགས་སྟངས་སོ།། མཐོ་གང་ཙམ་གྱིས་རྐང་པ་གཉིས།། བར་བཞག་སྟན་ལ་འདུག་ནས་ནི།། ཙོག་པུར་བར་བཞག་བཞུགས་པ་ནི།། ཙོག་པུའི་འདུག ་སྟངས་ཉེར་དྲུག་པ།། རྐང་གཡས་སེམས་དཔའི་སྐྱིལ་ཀྲུང་ཕྱེད།། བརྟན་ཅིང་གཡོན་པ་སྒེག་བཅས་ཀྱང་།། བདུན་པ་རོལ་པའི་བཞུགས་སྟངས་སོ།། དེ་དག་དབུས་དང་ཕྱོགས་བཞིར་བསྟན།། དང་པོས་རིགས་ཀྱི ་ཕྱག་རྒྱ་བསྟན།། གཉིས་པ་ཡིས་ནི་ལྷ་མོ་སྟེ།། གསུམ་པས་སེམས་དཔའ་རྣམས་ཀྱིའོ།། བཞི་པ་རྡོ་རྗེ་ཁྲོ་བོ་རྣམས།། ལྔ་པས་ཕྱི་རོལ་སེམས་དཔའ་སྟེ།། དྲུག་པས་བྲན་དང་ཕོ་ཉའོ།། བདུན་པས་འཇིག་རྟེན་སྦྱོང ་རྣམས་སོ།། དེ་དག་ཕྱག་རྒྱ་སོ་སོར་བསྟན།། དེ་ནས་ཕྱི་རོལ་བསྐོར་བྱ་བ།། གོམ་སྟབས་རྣམ་པ་བདུན་ཡིན་ཏེ།། དང་པོ་དབུས་སུ་རྐང་མཐེབ་དང་།། རྟིང་པ་མཉམ་པོར་ཅིག་ལ་བཅེར།། རང་གི་ཐད་ཀར་ལེགས ་བཞག་པ།། མཐུན་པའི་སྟབས་སུ་ང་ཡིས་བཤད།། དེ་ནས་ཤར་དུ་གཤེགས་ནས་ནི།། གཡས་པའི་བརླ་དང་པུས་མོ་བསྲང་།། གཡོན་གྱི་བྱིན་པ་བརླར་བཅར་ནས།། བར་མཐོ་ལྔར་བཞག་གཡས་བརྐྱང་ཡིན།། ལྷོར ་ནི་གཡོན་བརྐྱང་དེ་ལས་བཟློག། ཐད་ཀར་བཞག་ནས་གཡས་གཡོན་པར།། རྐང་མཐིལ་ལྔ་ཡིས་ཚད་བཞག་པ།། དེ་དག་ལྷོ་ནུབ་ཏུ་ཡང་སྦྱར།། ནུབ་ཏུ་ཟླུམ་པོ་པུས་མོ་གཉིས།། སོ་སོའི་གནས་སུ་ལག་གཉིས ་བཞག། ཆུ་བྱའི་གཤོག་པ་ལྟར་གནས་པ།། ནུབ་དང་ནུབ་བྱང་གཉིས་ཀར་སྦྱར།། བྱང་གི་ཕྱོགས་སུ་ས་གའི་སྟབས།། སོར་མོ་རྣམས་ནི་ཕྱིར་བསྟན་ཞིང་།། པུས་མོའི་ལྷ་ང་ཟད་ཀར་བརྒྱང་།། རྐང་མཐིལ་ཉི་ཤུ་རྩ ་དྲུག་ཁྱོན།། གཡོན་པའི་བརླར་ནི་རྐང་མཐིལ་གཏད།། རྐང་གཅིག་ཡིན་ཏེ་བྱང་ཤར་མཚམས།། གཡོན་པའི་སོར་མོ་གཡས་ཀྱིས་མནན།། རུས་སྦལ་སྟབས་ཀྱིས་ཤར་ལྷོར་བརྩམ།། དེ་དང་སྦྱར་ལ་ལག་པའི ་གར།། དང་པོ་ལ་ནི་ལྔ་ཡིན་ཏེ།། རྡོ་རྗེའི་གར་སྟབས་བསྲུང་བའི་ཚུལ།། སྟེང་འོག་གཉིས་སུ་ལན་གསུམ་གསུམ།། རྡོ་རྗེ་གསོར་བ་དེ་ཡི་གར།། ལག་གཉིས་རོ་བཟུང་ཟ་བའི་ཚུལ།། ཕྱོགས་བལྟ་རྡོ་རྗེ་རོ་ལངས ་སྟབས།། རྡོ་རྗེའི་སྟབས་སམ་གཏུན་ཤིང་གིས།། བགེགས་བརྡུང་ལྟར་བྱེད་གཏུན་ཤིང་སྟབས།། གཡོན་པའི་ཁུ་ཚུར་སྙིང་གར་བསྟན།། གཡས་པས་རྡོ་རྗེ་བ་དན་ཕྱར།། དཔུང་མགོར་བཞག་པ་བ་དན ་སྟབས།། གཉིས་པའི་དུས་སུ་བསྟན་བྱ་དགུ།། གཡོན་པ་དཀུར་བརྟེན་གཡས་པ་ཡིས།། རྡོ་རྗེ་འཕེན་ཚུལ་དེ་ཡི་སྟབས། ཁ་ཡི་སྟེང་འོག་ལག་གཉིས་གདེངས།། གཉིས་བཅས་འཇིགས་པ་ལྟར་བྱེད་པ།། རྡོ་རྗེ ་འཇིགས་སུ་རུང་བའི་སྟབས།། གཡོན་པ་རྩེ་གསུམ་སྙིང་གར་བཞག། གཡས་པ་ཁུ་ཚུར་དབྱིག་པ་ལྟར།། འདེགས་བྱེད་རྩེ་གསུམ་སར་འཇོག་པ།། སྟོབས་ཆེན་འདེགས་པའི་གར་སྟབས་སོ།། རྡོ་རྗེ་ཁུ་ཚུར་གཉིས ་བཀན་ཏེ། ཁར་བཞག་ཧ་ཧ་ཡི་གེ་བཞིས།། དགོད་ཚུལ་རྡོ་རྗེ་གད་མོའི་སྟངས།། གཡོན་པའི་ཁུ་ཚུར་མཛུབ་མོ་བསྒྲེང་།། གཡས་པས་རྡོ་བ་འཕེན་ཚུལ་ནི།། རྡོ་རྗེ་རྡོ་ཡི་གར་ཐབས་སོ།། དེ་ལས་མཁྲིག ་མ་གཉིས་མདུད་པ།། རྡོ་རྗེ་ཞགས་པའི་ཐབས་ཡིན་ནོ།། གཡོན་པ་དཀུར་བརྟེན་གཡས་པ་ཡི།། ཁུ་ཚུར་མཐེ་བོང་ནང་ནས་བཏོན།། བསྒྲེང་བ་རྡོ་རྗེ་བེ་ཅོན་ཐབས།། དེ་ཉིད་ལས་ནི་གཡས་པ་ཡིས།། མདུང་རྩེ་གཅིག ་པའི་ཚུལ་བྱེད་པ།། རྡོ་རྗེ་རྩེ་གཅིག་གར་ཐབས་སོ།། དེ་ལས་རྡོ་རྗེ་གདུབ་བུ་འདེགས།། བགེགས་གསོད་ཚུལ་དུ་བྱེད་པ་ནི།། རྡོ་རྗེ་གདུབ་བུའི་ཐབས་སུ་བཤད།། གསུམ་པ་གཡོན་བརྐྱང་དུས་ནི་བཅུ།། རང་གི་ཁ་ནི ་འོག་ཕྱོགས་བལྟས།། གདངས་ཤིང་ལག་གཉིས་མཁྲིག་མང་མདུད། ཁ་ཡི་དྲུང་བཞག་སེངྒེའི་སྟབས།། དེ་ཉིད་ལས་ནི་ཕྱོགས་ཀུན་བལྟ།། ལྕེ་འགྱུར། སེངྒེའི་གླལ་བ་ཡིན།། གཡོན་གྱིས་རྡོ་རྗེ་ཕུར་བུ ་བཟུང་།། བགེགས་ཀྱི་སྟེང་བཞག་གཡས་པ་ཡིས།། རྡོ་རྗེ་ཁུ་ཚུར་ཟོ་བ་ཡིས།། བརྡུང་ཚུལ་རྡོ་རྗེ་ཟོ་བའི་སྟབས།། རྡོ་རྗེ་སྒེག་མོའི་གར་དང་ལྡན།། མགོ་ནི་གཡོན་གྱི་ཕྱོགས་འདུད་ཅིང་།། བསྐོར་བ་བུད་མེད་སྒྱུ་འཕྲུལ ་སྟབས།། རྡོ་རྗེ་བསྡམས་པས་སྙིང་ག་ནས།། འདྲ་བྱེད་རྡོ་རྗེ་དྲལ་བའོ།། ཁུ་ཚུར་མཐེའུ་ཆུང་གཉིས་བསྒྲེང་བཟློག། ཁ་འགྲམ་གཉིས་བཞག་མཆེ་བའི་ཚུལ།། རྡོ་རྗེ་མཆེ་བའི་སྟབས་སུ་བཤད།། གཡོན་པའི་ཁུ་ཚུར ་ཤུགས་ཀྱི་ཚུལ།། གཡས་ཀྱི་དཔུང་མགོར་རལ་གྲི་འདེགས།། རྡོ་རྗེ་རལ་གྲིའི་ཐབས་ཡིན་ནོ།། གཡོན་མཛུབ་མོ་དང་གཡས་པ་ཡི།། མཛུབ་མོ་གཉིས་མདུད་གཡས་མཛུབ་མོ།། ལྕགས་ཀྱུ་ལྟར་བྱས་ལྕགས་ཀྱུའི ་སྟབས། ཁུ་ཚུར་གཉིས་ཀྱིས་གཡས་ཕྱོགས་སུ།། འདེགས་ཚུལ་རྡོ་རྗེ་མདུང་ཐུང་ཐབས།། གཡོན་པ་དཀུར་བརྟེན་གཡས་པ་ཡི། ཁུ་ཚུར་ཐག་མདུང་བསྐོར་བའི་ཚུལ།། ལན་གསུམ་ཐག་མདུང་འཕེན་ཐབས་སོ།། བཞི ་པ་ཟླུམ་པོའི་གར་ཐབས་ནི།། དགུ་སྟེ་ལག་པ་གཡོན་བརྐྱང་བ།། ད་དྲུང་གཡས་པའི་མཐེ་ཆུང་བསྐུམ།། བ་དན་ཚུལ་བྱས་རྡོ་རྗེའི་གར།། ཕྱོགས་བཞིར་ས་གནོན་ལ་སོགས་པའི།། སོ་སོའི་ཕྱག་རྒྱས་གསལ་བྱས ་པ།། སྒོ་བཞི་བྱིན་གྱིས་རླབས་པའི་ཐབས།། གཡོན་པ་དཀུར་བརྟེན་གཡས་སྡིགས་མཛུབ།། བསྒྲེང་བ་རྡོ་རྗེ་འཁྱིལ་པའི་ཐབས།། གཡས་པ་རྡོ་རྗེ་སྙིང་གར་འཛིན།། གཡོན་གྱི་དྲིལ་བུ་རྣ་བར་དཀྲོལ།། རྡོ་རྗེ་སྒྲ ་ཡི་ཐབས་སུ་བཤད།། སྙིང་ཁར་རྡོ་རྗེ་ཁུ་ཚུར་གཉིས།། མཐེའུ་ཆུང་མཛུབ་མོ་རྡོ་རྗེ་མདུད།། འཁོར་ལོ་བསྐོར་བ་དེ་ཉིད་ཐབས།། སྙིང་གར་པདྨ་ཁ་འབྱེད་ཚུལ།། པདྨ་ཁ་ཕྱེའི་སྟབས་ཡིན་ནོ།། གཡོན་གྱིས་གཞུ་འཛིན ་གཞུ་ཡི་ཚུལ།། མདའ་འགེངས་ཚུལ་ནི་གཡས་པ་ཡིས།། རྣ་བའི་དྲུང་འགེངས་མདའ་གཟུང་ཐབས།། དེ་ཉིད་འཕེན་ཚུལ་བྱེད་པ་ནི།། རྡོ་རྗེ་མདའ་འཕེན་ཐབས་ཡིན་ནོ།། རྐང་གཅིག་དང་པོར་བཤད་དེ ་བཞིན།། གཡས་དང་གཡོན་སོགས་ལན་གཉིས་བསྐོར།། བདུན་པ་རུས་སྦལ་གར་སྟབས་ནི།། གཡོན་པ་དཀུར་བརྟེན་གཡས་པ་ཡི།། རྡོ་རྗེ་སྙིང་གར་གཏོད་དེ་འཇོག། དེ་དག་ལེགས་སྤྱད་ཕྱོགས་ཀུན ་བསྐོར།། ས་གཞི་བསྲུང་བའི་ལས་ཡིན་ནོ།། དེ་ནས་བདག་ཉིད་བསྲུང་བྱ་བ།། དཀྱིལ་འཁོར་གཙོ་བོའི་ངང་ཉིད་ལས།། ཕྱི་དང་ནང་གི་ཁྲུས་བྱས་ཏེ།། ཆོས་རྣམས་སྟོང་པ་ཉིད་དུ་བསམ།། བདག་མེད་དོན་ལ་མོས ་པར་བྱ།། མགྲིན་པ་ཧྲཱིཿལས་པད་འདབ་བརྒྱད།། མདུན་གྱི་འདབ་མ་ལྕེ་ཡིན་ཏེ།། དེ་ཉིད་ཧཱུཾ་ལས་རྡོ་རྗེ་ནི།། རྩེ་ལྔ་དཀར་པོར་བསམ་བྱས་ལ།། བཛྲ་ཛི་ཧཱ་ཞེས་པས་བསྟན།། ལག་གཉིས་མཐིལ་དུ་ཨ་ལས་ནི།། ཟླ ་བའི་དཀྱིལ་འཁོར་རེ་རེ་བསྒོམ།། དེ་སྟེང་ཧཱུཾ་ལས་རྡོ་རྗེ་ནི།། རྩེ་ལྔ་སོར་མོ་རྣམས་སུ་བསམ།། ཧསྟ་བཛྲས་བརྟན་པར་བྱས།། རང་གི་སྙིང་གར་ཉི་མ་ལ།། ཡི་གེ་ཧཱུཾ་གྱུར་རྡོ་རྗེ་ནི།། སྔོན་པོ་རྩེ་ལྔ་ཧཱུཾ་གིས་མཚན།། དེ ་ལས་འོད་འཕྲོས་ཁྲོ་ཚོགས་བྱུང་།། བགེགས་རྣམས་ཚར་བཅད་ཚུར་འདུས་པས།། རང་ལ་ཐིམ་པས་ཁྲོ་བོའི་སྐུ།། རྡོ་རྗེ་འཛིན་པར་གྲགས་པར་གྱུར།། མཐིང་ག་ཞལ་གཅིག་ཕྱག་གཉིས་པ།། ཕྱག་གཡས་རྡོ་རྗེ་རྩེ་ལྔ ་འཛིན།། གཡོན་པ་སྡིགས་མཛུབ་མེ་འབར་བཅས།། དཔལ་འབར་མོ་དང་བཅས་པ་བསྒོམ།། ཆེད་བརྗོད་བསྟོད་པས་བརྟན་པར་བྱ།། ང་རྒྱལ་ལྡན་པས་སོར་མོ་རྣམས།། ཕན་ཚུན་བསྣོལ་ཏེ་རྡོ་རྗེ་བསྡམས།། ཨོཾ་གྲྀཧྞ ་བཛྲ་ས་མ་ཡ་ཧཱུཾ་བཾ། དེ་ཡི་རབ་ཏུ་བརྟན་པར་བྱ།། དེ་ཉིད་མགོ་ཡི་ཕྱོགས་ལྔར་བཞག། ཨོཾ་བཛྲ་ཛ་ལ་ཨ་ན་ལཱ་ཀ་ཧཱུཾ་ཨ་བྷི་ཥིཉྩ་མཾ། དེ་ཡིས་རིགས་བདག་དབང་བསྐུར་བླང་།། རྡོ་རྗེ་ལག་པ་གཡས་གཡོན་འབྱུད་ཡང ་གྱིས།། མཐེབ་མཛུབ་གཉིས་ལ་ཨོཾ་ཧཱུཾ་བསམ།། བཙུན་མདུད་ཀ་ནན་བཅིངས་པ་ནི།། རྡོ་རྗེ་ཁུ་ཚུར་མཁྲིག་མར་བསྣོལ།། སྙིང་ག་མགྲིན་པ་ལྷག་པ་དང་།། སྤྱི་གཙུག་རྒྱབ་དང་ལྟེ་བ་དང་།། དཔྲལ་བ་ལ་སོགས་གནས ་དགུར་ནི།། རྡོ་རྗེའི་མདུད་པ་དམ་བཅས་ནས།། ལྷག་མ་ལུས་ལ་དྲ་བར་བཅིང་།། དེ་ནས་ལག་གཡོན་སྡིགས་མཛུབ་བསྒྲེང་།། གཡས་པས་རྡོ་རྗེ་གསོར་བྱ་ཞིང་།། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཞེས་བརྗོད་བགེགས ་ལ་རྡོ་རྗེ་བསྣུན།། སོར་མོ་ཕན་ཚུན་བསྣོལ་བ་དེ།། ནང་དུ་འབར་བ་ལྟ་བུར་བསྒྲེང་།། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཞེས་པས་བགེགས་རྣམས་བསྲེགས་པར་བསམ།། རྡོ་རྗེ་སྤྱན་གྱི་ང ་རྒྱལ་གྱིས།། སོར་མོ་བསྣོལ་བསྡམ་ས་ལ་བཞག། ཨོཾ་བཛྲ་ནེ་ཏྲི་བནྡྷ་སརྦ་བིགྷྣཱཾ།། འོད་ཀྱི་ཞགས་པས་བགེགས་རྣམས་བཅིང་།། བདག་ཉིད་རབ་ཏུ་བསྲུང་བར་བསམ།། དེ་ནས་ཕྱོགས་ཀུན་བསྲུང་བ་ནི།། རྡོ་རྗེ་ཅན ་གྱི་ང་རྒྱལ་གྱིས།། སྔར་བཞིན་ཕྱག་རྒྱ་ས་ལ་བཞག། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་ཧཱུཾ།། འོག་ཕྱོགས་བགེགས་ཀུན་བཅིང་པར་བསམ།། རྡོ་རྗེ་ཁུ་ཚུར་མེ་ལྟར་བསྐོར།། ལྕགས་ཀྱུ་ལྟ་བུ་སྤྱི་བོར་བཞག། ཨོཾ་བཛྲ་ཧུ་ལུ་ཧུ་ལུ ་ཧཱུཾ་ཕཊ།། འཇིགས་བྱེད་ཀྱིས་ནི་སྟེང་ཕྱོགས་བཅིང་།། རྡོ་རྗེ་གནོད་སྦྱིན་ང་རྒྱལ་གྱིས། ཁུ་ཚུར་མཐེ་བོང་གཉིས་བརྐྱང་ལ།། འཛུབ་མོ་མཆེ་བ་ལྟར་བྱས་ཏེ།། ཨོཾ་བཛྲ་ཡཀྵ་ཧཱུཾ།། ཞེས་པས་སྟེང་ཕྱོགས ་མནན་ཏེ་བཅིང་།། རྡོ་རྗེ་གཙུག་ཏོར་ང་རྒྱལ་གྱིས། ཁུ་ཚུར་གཉིས་བཅིངས་མཐེའུ་ཆུང་སྦྲེལ།། མཛུབ་མོ་རྩེ་སྤྲད་སྤྱི་བོར་བཟློག། ཨོཾ་བྷྲཱུཾ་བཛྲ་བྷནྡ་པཾ།། རྡོ་རྗེ་ཞགས་པའི་ང་རྒྱལ་གྱིས། ཁུ་ཚུར་མཁྲིག་མར་མདུད་ཅིང ་བསྐོར།། ཨོཾ་བཛྲ་པཱ་ཤ་ཧྲཱིཿ།། དེ་ཉིད་མཚུངས་པས་ཤར་ཕྱོགས་བཅིང་།། རྡོ་རྗེ་བ་དན་ང་རྒྱལ་གྱིས།། མཐེ་བོ་བསྣོལ་ཏེ་མཛུབ་མོ་བསྒྲེང་།། མཐེ་ཆུང་བ་དན་ལྟར་བྱས་ནས།། ཨོཾ་བཛྲ་པ་ཏང་ཀི་པ་ཏཾ་ཀི་ནི་རི་ཊ།། དེ ་ཡིས་ནུབ་ཕྱོགས་བགེགས་བཅིང་ངོ་།། རྡོ་རྗེ་དུས་མཚམས་ང་རྒྱལ་གྱིས།། རྡོ་རྗེ་གནོད་སྦྱིན་ཞལ་ངོ་བསྟན།། ཨོཾ་ཧྲཱིཿབཛྲ་ཀཱ་ལི་རུ་ཊ་མ་ཊ།། བྱང་ཕྱོགས་བགེགས་ཀུན་དེ་ཡིས་བཅིང་།། རྡོ་རྗེ་རྩེ་མོའི་ང་རྒྱལ་གྱིས། ཁུ ་ཚུར་རི་བོ་འདེགས་ལྟར་བྱ།། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ།། ལྷོ་ཡི་ཕྱོགས་སུ་བགེགས་བཅིང་ངོ་།། རྡོ་རྗེ་ལས་ཀྱི་ང་རྒྱལ་གྱིས། ཁུ་ཚུར་གཉིས་བཅིང་མཁྲིག་མ་བསྣོལ།། མཐེའུ་ཆུང་སྦྲེལ་ཏེ་མཛུབ་མོ་བསྒྲེང་།། ཨོཾ་ཧཱུཾ ་བཛྲ་ཀརྨ།། རྡོ་རྗེ་ར་བས་བསྐོར་བར་བསམ།། རྡོ་རྗེ་སོར་མོ་བསྡམ་བྱས་ནས།། ཨོཾ་དྲུཾ་བཛྲ་བྷནྡྷ་པཾ།། ཕྱི་རོལ་རྡོ་རྗེའི་དྲ་མིག་བསམ།། རྡོ་རྗེ་ལས་ཀྱི་ང་རྒྱལ་གྱིས།། དེ་ཉིད་ཀྱི་ནི་ཕྱག་རྒྱ་དང་།། ཨོཾ་བཛྲ་བྷཉྫ་སུམྦྷ་ནི ་ཧཱུཾ།། དེ་ཡིས་རྡོ་རྗེ་རྒྱ་གྲམ་བསྐོར།། ལུས་ངག་ཡིད་ཀྱི་བྱ་བ་རྣམས།། མ་ལུས་རྫོགས་པར་ལྡན་བྱས་ནས།། སྲུང་བའི་ཡན་ལག་རིམ་བཞིན་འགྲུབ།། དེ་ནས་མཁའ་ལ་འཁོར་ལོ་བསམ།། མཆོད་པའི་ལྷ་རྣམས་རང ་ལས་སྤྲུལ།། ཡན་ལག་བཅུ་ཡིས་ཀུན་མཉེས་བྱ།། རྟེན་ཡུལ་དེ་དག་རང་ལ་བསྡུ།། རྣམ་སྨིན་ཕུང་པོ་འོད་ཀྱིས་སྦྱང་།། བསོད་ནམས་མཐར་ཟུག་དེ་ལ་དམིགས།། དེ་ནས་ཡེ་ཤེས་ཚོགས་བསྒོམ་ཕྱིར།། མངོན་པར ་བྱང་ཆུབ་རྣམ་པ་ལྔ།། ཡེ་ཤེས་ལྔ་དང་སྦྱར་ཏེ་བསྒོམ།། རྗེས་ལ་རྟེན་ལ་གཞལ་མེད་ཁང་།། འབྱུང་བའི་གཞི་དང་བཅས་ལ་བསྒོམ།། དེ་ནས་སོ་སོའི་རིགས་ཀྱི་གདན།། གང་ལྟར་བསྔགས་པ་དེ་བཞིན་བསམ།། དེ་ལ ་ལྷ་རྣམས་རྒྱུ་དང་རྐྱེན།། ཐབས་དང་ཡན་ལག་གདག་གིས་དབྱུང་།། གསུམ་གསུམ་ཐབས་གསུམ་དགུ་ཡང་བཞི་དང་གསུམ་དང་རྒྱུ།། ཀུན་རྫོགས་ཆོ་ག་ཡན་ལག་ཡིན།། དེ་ལ་གསལ་བརྟན་དམིགས་པ་བྱ།། ཡེ་ཤེས་ལྷ ་རྣམས་དེ་བཞིན་དགུག། བར་སྣང་ཁམས་དང་གཞལ་ཡས་ཁང་།། ཆོས་བདུན་དྲུག་གིས་དེ་མཉེས་བྱ།། དེ་ནས་མ་ལུས་བསླབ་བྱ་བླང་།། སྡོམ་པ་དང་ནི་དམ་ཚིག་གཟུང་།། མཆོད་བསྟོད་བཤགས་དང་ཕྲིན་ལས ་བཅོལ།། བཟོད་པའི་ཡུལ་དང་ཉེས་པ་བཤགས།། དུས་རྣམས་ཀུན་ཏུ་མཉེས་པར་བྱ།། དེ་ནས་རང་གི་གནས་སུ་གཤེགས།། བཀྲ་ཤིས་སྨོན་ལམ་ཆེན་པོ་གདབ།། དེ་ཡི་དགེ་བ་མཐར་ཐུག་བསྔོ།། དེ་ནས་བསམ ་གྱིས་མི་ཁྱབ་པའི།། བྱང་ཆུབ་སེམས་དཔའི་རྗེས་སུ་བསླབ།། ཕྲིན་ལས་བཞི་ལ་དུས་སྦྱར་དམིགས།། ཕྱི་ནང་གསང་དང་མ་ངེས་པའི།། སྲིད་པ་ཞི་བ་ཆོས་ཉིད་སྣང་།། མ་ལུས་ཁམས་དང་རིགས་དང ་བློ།། བསམ་པ་ཉོན་མོངས་ཡང་དག་བརྗོད།། རྣམ་ཤེས་ཡུལ་དང་བཅས་པ་དང་།། ཕུང་པོ་རྣམ་གྲོལ་རིགས་ཀྱི་སྐུ།། ལས་དང་ཁ་དོག་ཡེ་ཤེས་གཟུགས།། ཕྲིན་ལས་གདུལ་བྱའི་ཁྱད་པར་ལས།། ཇི་ལྟར་རིགས་པའི ་ཚུལ་དག་གིས།། བླ་མེད་ལམ་ལ་ཡང་དག་གནས།། རྒྱུ་འབྲས་ལྔ་དང་དྲུག་ལ་སྦྱར།། ཞེས་བཤད་རིགས་བརྒྱད་བསྡུས་པའོ།། ཡན་ལག་བཤད་པའི་ཁ་སྐོང་ཡིན།། ཞི་བ་ཆེན་པོའི་ཡན་ལག་གི།། ཁྱད་པར་བཤད ་པའི་ལེའུའོ།། །། དེ་ནས་བཅོམ་ལྡན་རྡོ་རྗེ་འཛིན།། གང་དུ་འདོད་ཆགས་རྣམ་དག་པའི།། སྐྱེས་བུ་འདུལ་བའི་དོན་གྱི་ཕྱིར།། ཞི་བའི་ལམ་གྱི་རྣལ་འབྱོར་དག། རིམ་པ་བཞིན་དུ་བཀའ་སྩལ་པ།། ཐོག་མར་འཇིག ་རྟེན་ཐུན་མོང་སྟེ།། རྗེས་སུ་ཐེག་པ་ལ་ཞུགས་བྱ།། དེ་ཉིད་ལས་ཀྱང་ཁྱད་པར་དུ།། བསམ་པ་ཆེ་ལ་རབ་ཏུ་སྦྱར།། དེ་བཞིན་དུ་ནི་རབ་ཏུ་དཔག། སྔོན་དུ་སོང་བཅས་རྣལ་འབྱོར་བཞིས།། བསྐྱེད་པའི་རིམ་པ་དེ་མཐར ་དབྱུང་།། བརྟན་ཅིང་གནས་པ་དང་པོ་ལས།། དེ་ཉིད་ཤེས་པར་བྱ་བའི་ཡུལ།། ལུས་ལ་བརྟན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་འབྱུང་བ་རྣམས།། རིགས་བརྒྱ་ལྔ་དང་བཞི་བཅུ་གཉིས།། གསུམ་དང་གཅིག་ཏུ ་བསྡུ་བ་དག། ཡོངས་སུ་ཤེས་པས་གསུང་གྲུབ་པ།། དེ་ནི་རྡོ་རྗེའི་བཟླས་པར་འགྱུར།། དེ་ཡིས་སེམས་ཀྱི་ཏིང་ངེ་འཛིན།། མཐར་ཐུག་དང་ནི་རྨི་ལམ་དང་།། སྒྱུ་མ་ལྟ་བུའི་ལམ་ལ་སློབ།། དེ་ཡིས་དབང་བསྐུར་ཡོངས ་རྫོགས་ནས།། རང་བཞིན་འོད་གསལ་སྣང་བར་བྱེད།། ཡོན་ཏན་སྲིད་དང་ཞི་ལ་སོགས།། གཉིས་སུ་སྣང་བ་དབྱེར་མེད་པའི།། ཟུང་དུ་འཇུག་པ་རྟོགས་པར་འགྱུར།། མི་སློབ་ལམ་ནི་རབ་ཏུ་རྫོགས།། དེ་ལྟར་མིང ་ཡང་དམིགས་བཤད་ལམ་གྱི་རྣམ།། ཡན་ལག་ཕྱོགས་གཅིག་ཙམ་ཉིད་ལས།། ཕུན་སུམ་ཚོགས་པ་མ་ཡིན་ནོ།། དེ་ཉིད་རིམ་པར་བསྟན་པ་ལས། ཁམས་ཀྱི་མངོན་བསྐྱེད་ཕུང་པོ་ཡང་།། ཤ་རྒྱུས་རྩ་དང་པགས་པ ་དང་།། སྐྲ་དང་དྲི་མ་ལྷ་རུས་རྐང་།། ཁུ་བ་རྡུལ་དང་ཁྲག་ཆུ་སེར།། རྣག་ཞག་ངར་སྣབས་བཤང་དང་གཅི།། མཆིལ་མ་ཀླད་པ་རྐང་མར་དང་།། གཉེ་རྒྱུ་མཁལ་ལོང་མཁྲིས་ལྒང་བ།། གློ་སྙིང་མཚེར་བ་ཕོ་བ ་དང་།། བད་ཀན་སྲིན་བུ་ཕྱི་དང་ནང་།། སྐྲ་དང་བ་སྤུ་སེན་མོ་དང་།། མགོ་དང་ཡན་ལག་ཉིང་ལག་སོགས།། སྣང་བའི་ཕུང་པོ་ཁམས་སྐྱེ་མཆེད།། ལྷན་ཅིག་གནས་པ་ཕུང་པོ་ཡིན།། ཕྲད་པར་ཤེས་དང་བལྟ་བ ་དང་།། མ་རིག་བག་ཆགས་སྲེད་ལེན་རྒྱུན།། ཉོན་མོངས་ཚོགས་ནི་བསགས་ལས་བྱུང་།། རྩ་བའི་ལྔ་ཕུང་འདི་དག་ནི།། གཙོ་བོ་སངས་རྒྱས་ལྔར་ཤེས་བྱ།། སྐྱེ་མཆེད་སེམས་དཔའ་ཆེན་པོའི་ཚོགས།། ས་ཆུ་མེ་རླུང ་སྟོང་པ་ཉིད།། སྤྱན་མ་གོས་དཀར་སྒྲོལ་མཁའ་དབྱིངས།། ལྔ་དང་གཅིག་དང་གསུམ་གྱིས་བསྡུས།། ཁྱད་པར་རིགས་བརྒྱར་དབྱེ་བ་ཡང་།། གཟུགས་ཉིད་རྣམ་པར་སྣང་མཛད་ལས།། བྱེ་བྲག་རིང་ཟུང ་ཕྲ་སྦོམ་སོགས།། ཕྱི་ནང་གཉིས་སྣང་ལ་སོགས་པ།། དེ་ཉིད་གཙོ་བོའི་རང་བཞིན་ནོ།། བདག་གཞན་གཉིས་སོགས་རྣམས་རིན་འབྱུང་། ཁ་དོག་སྣ་ཚོགས་མཐའ་ཡས་ཏེ།། འོད་སྣང་ནུས་པ་དོན་གྲུབ་ཡིན།། རིག ་བཅས་རིག་མེད་མི་བསྐྱོད་པའོ།། ཚོར་ཕུང་རིན་ཆེན་འབྱུང་གཟུགས་ལས།། འདུས་མཁྲིས་ལས་ཚོར་མི་བསྐྱོད་པ།། བད་ཀན་རླུང་སོགས་རིན་ཆེན་འབྱུང་།། མཐའ་ཡས་ཀྱི་ནི་བདེ་བར་ཚོར།། སྡུག་བསྔལ་ཚོར་བ ་དོན་གྲུབ་ཡིན།། བཏང་སྙོམས་རྣམ་པར་སྣང་མཛད་དོ།། འདུ་ཤེས་ཕུང་པོ་མཐའ་ཡས་གཙོ།། མི་བསྐྱོད་རྐང་གཉིས་པར་འདུ་ཤེས།། བཞི་པ་རིན་ཆེན་འབྱུང་བའོ།། རྣམ་མེད་འོག་དཔག་མེད་པ་ཡིན།། མང་པོར ་སྣང་བ་དོན་གྲུབ་སྟེ།། གཡོ་མེད་རྒྱུ་བྲལ་རྣམ་སྣང་མཛད།། དེ་བཞིན་འདུ་བྱེད་དོན་གྲུབ་གཟུགས། ཁྱད་པར་རྣམ་སྣང་ལུས་འདུ་བྱེད།། ངག་གི་སྣང་བ་འོད་དཔག་མེད།། ཡིད་ནི་མི་བསྐྱོད་པ་ཡི་གཟུགས། ཁམས་ཀྱི ་འདུ་བྱེད་རིན་འབྱུང་སྟེ།། ཐར་པ་དོན་ཡོད་གྲུབ་པའོ།། རྣམ་ཤེས་མི་བསྐྱོད་པ་ཡིན་ཏེ།། མིག་དང་རྣ་བ་སྣ་དང་ལྕེ།། ལུས་ཀྱི་རྣམ་པར་ཤེས་ཚོགས་ཀུན།། སྣང་མཛད་རིན་ཆེན་འོད་དཔག་མེད།། དོན་ཡོད་མི་བསྐྱོད ་རང་གི་གཟུགས།། འདི་དག་གཙོ་འཁོར་ཡབ་ཀྱི་དངོས།། དང་པོ་སུམ་ཅུ་ཉིད་དུ་འགྱུར།། ཁམས་ཀྱི་དབྱེ་བར་སྣང་བ་ཡང་།། ལྕི་ཞིང་སྲ་བས་རྟེན་བྱེད་ས།། བུདྡྷ་ལོ་ཙཱ་ཉིད་ཡིན་ནོ།། བརླན་དང་གཤེར་པས་རབ་ཏུ ་སྡུད།། ཆུ་ཡི་ཁམས་ནི་མཱ་མ་ཀཱི།། ཚ་དྲོ་སྨིན་ཞིང་སྐེམ་བྱེད་པ།། མེ་ནི་གོས་དཀར་མ་ཡི་ཁམས།། བསྐྱོད་འདེགས་རྔུབ་དང་འབྱུང་བ་དག། ཡང་དང་གཡོ་བྱེད་སྒྲོལ་མའི་ཁམས།། གོ་འབྱེད་ཡངས་པའི་ཡོན་ཏན ་ནི།། སྟོང་ཉིད་མཁའ་དབྱིངས་ཀུན་ཏུ་བཟང་།། རུས་པ་སྐྲ་དང་བཤང་བ་དང་།། སྙིང་དང་མཆིན་པ་རྣམ་སྣང་མཛད།། སྤུ་དང་སེན་མོ་རྣག་རིན་འབྱུང་།། སོ་དང་ལྤགས་ཤ་འོད་དཔག་མེད།། རྐུས་པ་རྩིབ་རུས་དོན ་ཡོད་གྲུབ།། དྲི་མ་རྒྱུ་མཁྲིས་མི་བསྐྱོད་པ།། ནང་གི་ཁམས་ལྔའི་དབྱེ་བ་ནི།། རི་རབ་རྣམ་སྣང་མཛད་བྱིན་རླབས།། ཤར་ལྷོ་ནུབ་བྱང་གླིང་བཞི་ཡང་།། རིམ་བཞིན་རིགས་ཀྱི་བྱིན་རླབས་ཡིན།། དེ་དག་ཕྱི་ཡི་ས་ཁམས ་སོ།། ཆུ་ཁམས་མཱ་མ་ཀཱི་ཡི་གཟུགས།། བད་ཀན་མཆི་མ་རྣམ་སྣང་མཛད།། གཅིན་རྡུལ་ཁྲག་དང་ཁ་ཆུ་དག། གོ་རིམ་བྱིན་གྱིས་རླབས་པའི་རིགས།། ཕྱི་རོལ་རྒྱ་མཚོ་རྣམ་སྣང་མཛད།། འབབ་ཆུ་ཆུ་བོ་བཀོད་མ ་དང་།། ལྟེང་ཀ་རྣམས་ཀྱིས་རིགས་བཞིར་འགྱུར།། གོས་དཀར་མོ་ཉིད་མེ་ཁམས་ལ།། མགོ་བོ་མེ་དྲོད་རྣམ་སྣང་མཛད།། སྙིང་ག་ལྟེ་བ་ཡན་ལག་དང་།། ལྟོ་བའི་མེ་རྣམས་སོ་སོར་རིས།། རྡོ་ལས་བྱུང་བའི་གཙོ་བོ ་སྟེ།། རྒྱུན་བཞག་མེ་ཤེལ་གཙུབ་ཤིང་དང་།། ནགས་ཀྱི་མེ་ཡིས་ཕྱི་ཡི་རིགས།། རླུང་ཁམས་སྒྲོལ་མའི་ཁམས་རང་བཞིན། ཁྱབ་བྱེད་རླུང་ནི་གཙོ་བོས་བསྡུས།། སྲོག་འཛིན་མཐུར་འབྱིན་རྒྱུ་བ་དང་།། མེ ་མཉམ་རིམ་པའི་བྱིན་རླབས་གནས།། སྟེང་འོག་དབུས་རླུང་གཙོ་བོ་སྟེ།། ཕྱོགས་བཞི་རང་གི་རིགས་ཕྱི་རོལ།། ཀུན་བཟང་མཁའ་དབྱིངས་ཕྱི་ནང་གི། སྟོང་པ་ལྔ་དང་ཕྱོགས་ལྔར་ཤེས།། སྐྱེ་མཆེད་སེམས་དཔར་སྦྱར ་བ་ཡང་།། མིག་གི་སྐྱེ་མཆེད་སའི་སྙིང་པོ།། དེ་ལ་རིགས་ཀྱི་ལྔར་ཕྱེ་བ།། སྙིང་པོ་དག་ནི་མི་བསྐྱོད་མཐིང་།། སེར་ནག་རིན་འབྱུང་མེའི་རང་བཞིན།། འབྲས་དཀར་ཆུ་ནི་འོག་དཔག་མེད།། གཡོ་འགྱུར་རླུང་ནི་དོན ་གྲུབ་བོ།། གཟུགས་སྣང་འཛིན་བྱེད་རྣམ་སྣང་ལ།། རང་བྱིན་རླབས་པའི་སྐྱེ་མཆེད་ལྔ།། རྣ་བ་ཕྱག་ན་རྡོ་རྗེ་སྟེ།། ཕྲ་རགས་གཟུགས་ནི་མི་བསྐྱོད་པ།། གཙོར་གྱུར་རང་བཞིན་རྣམ་སྣང་མཛད།། བུ་ག་མཐའ་ཡས་འོད ་པབག་མེད།། གཡོ་བྱེད་རྩ་ནི་དོན་ཡོད་གྲུབ།། སྒྲ་རྣམས་འཛིན་བྱེད་རིན་འབྱུང་ངོ་།། ས་ཡི་སྐྱེ་མཆེད་ནམ་མཁའི་སྙིང་།། ཕྲ་གཟུགས་རང་བཞིན་ནང་དབུས་དང་།། སྣ་བུག་དྲི་འབྱེད་རིམ་བཞིན་དུ།། མི་བསྐྱོད་རྣམ ་སྣང་རིན་འབྱུང་དང་།། དོན་གྲུབ་མཐའ་ཡས་རང་བྱིན་རླབས།། ལྕེ་ཡི་སྐྱེ་མཆེད་འཇིག་རྟེན་དབང་།། གཟུགས་དང་རང་བཞིན་རྩ་བ་དང་།། གཙོ་རྩེ་ཡང་མོ་རོ་ཡི་ཁྱད་འཛིན་རྣམས།། ཤར་དབུས་ལྷོ་ནུབ་བྱང་གི ་གཙོ།། སྒྲིབ་པ་རྣམ་སེལ་ལུས་སྐྱེ་མཆེད།། ངོ་བོ་རུས་པ་ཤ་དང་ལྤགས།། རེག་སྣང་ལྔ་ནི་སྣང་མཛད་དེ།། ལྷོ་ནུབ་བྱང་ཤར་རིམ་པ་དག། ཡིད་ཀྱི་སྐྱེ་མཆེད་འཇམ་དཔལ་ཏེ།། ལུས་ལ་བརྟེན་པའི་རྣམ་ཤེས ་ཚོགས།། ཀུན་གྱི་བདག་དང་ཡུལ་དུ་གྱུར།། ཕྱི་དང་ནང་དང་སྦྱར་བ་ནི།། དབང་པོ་ཡུལ་དང་སྐྱེ་མཆེད་རྣམས།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཆེ།། གཟུགས་སྒྲ་དྲི་རོ་རེག་ཡུལ་རྣམས།། ལྔ་དང་བཅུ་ནི་རླུང ་རང་བཞིན།། སྲོག་སེལ་གྱེན་རྒྱུ་མཉམ་ཁྱབ་བྱེད།། ལྷ་རྣམས་ཡང་དག་ངེས་པར་རྒྱུ།། རྩ་བ་དང་ནི་ཡན་ལག་ཚུལ།། དང་པོ་ཕུང་པོ་ལ་བརྟེན་སྤྱོད།། གཉིས་པ་རྣམས་ནི་དཔའ་བོར་གནས།། ཕྱི་དང་ནང་གི་ལས ་ཀུན་བསྒྲུབ།། རྩ་བ་གསུམ་ནི་རྟེན་བཅས་ཤིང་།། ཀུན་གྱི་རྣམ་ཤེས་མ་ལུས་གནས།། སྲོག་འཛིན་ཚུལ་དུ་རྟག་པར་རྒྱུ།། དང་པོ་སྲོག་གི་རླུང་ཞེས་བྱ།། བཤང་གཅི་ཁུ་བ་ཁྲག་འོག་རླུང་།། ཐུར་དུ་འདྲེན་སེལ་དེ་ཉིད ་དོ།། དབང་པོའི་སྒོ་དང་ཡན་ལག་གིས།། མྱོང་རེག་ལ་སོགས་མཉམ་གནས་ཏེ།། ཟ་འཐུང་སྒྲ་སོགས་སྟོད་དུ་འབྱིན།། འགྲོ་ཞིང་སྡོད་བསྐྱོད་གྱེན་གྱུར་གྲགས། ཁྱབ་འཛིན་འགྲོ་ལྡོག་ཚོགས་ཀུན་གནས།། དེ་ལ་ཁྱབ ་བྱེད་རླུང་དུ་བཤད།། ཤར་སོགས་དབུས་གཙོ་རང་བཞིན་གནས།། སྙིང་འདོམས་ལྐོག་མ་ལྟེ་བ་དང་།། ཚིགས་རྣམས་ལ་ནི་རབ་ཏུ་བརྟེན།། ཡན་ལག་རྣམ་པ་ལྔ་ཉིད་ཀྱང་།། ལྡང་རྒྱུ་མིག་གི་སྐྱེ་མཆེད་ལ།། སྣང་བ ་སྒྲིབ་བྲལ་ཡིད་ཡུལ་མཐོང་།། རོལ་དང་འགྱིང་བག་སྒེག་ཉམས་བཅས།། རྗེས་སུ་ཆགས་དང་མངོན་ལོངས་སྤྱོད།། སྡུག་དང་མི་སྡུག་བཏང་སྙོམས་གཟུགས།། ཕྱི་ནང་བྱེད་པའི་ལས་ཀུན ་བསྒྲུབ།། དབུས་ཤར་ནས་བརྩམས་རིམ་བཞིན་གཙོ།། རྣ་རྒྱུ་སྒྲ་སྟེ་རྣ་བའི་ཡུལ།། འུར་འུར་མགོ་དང་སྒྲ་འབྱིན་དང་།། རྟག་པར་རྒྱན་སྒྲ་གླུ་དང་ངུ།། ཡི་གེ་བརྗོད་པ་གནས་ཀྱི་རྒྱུ།། ཆུ་ཤིང་ལག་དང་རོལ་མོ ་སོགས།། ཕྲིན་ལས་བཞི་ཡི་བརྗོད་སྒྲ་དག། གཙོ་འགྱུར་རིམ་པ་སྔར་བཞིན་ནོ།། སྣ་ཡི་སྐྱེ་མཆེད་ཡང་དག་རྒྱུ།། མ་ལུས་དྲི་དང་ཡན་ལག་དྲི།། ཀུན་འཛིན་ནང་གི་བྲོ་ཟས་དྲི། ཁྱད་པར་དྲི་དག་མི་བསྐྱོད་པ།། གཞན ་དག་དབུས་ལྷོ་ནུབ་བྱང་རིམ།། ལྕེ་ཡི་རྣམ་ཤེས་རབ་ཏུ་རྒྱུ།། མངར་ཁ་བསྐ་དང་ལན་ཚྭ་ཚ་རིམ་གྱི།། དངོས་རྒྱུ་ལུས་ཀྱི་ཡོན་ཏན་ཏེ།། བསྟན་ནས་འཁྱུད་དང་སྒོ་རེག་དང་།། རྔུབ་དང་གཉིས་རབ་སྦྱོར་བ ་ཡིས།། གནས་རྣམས་གསུམ་དང་དབུ་མའི་གནས།། དབུས་ལྷོ་ནུབ་བྱང་ཤར་སོགས་ཀྱིས།། གོ་རིམ་གྱིས་ནི་ཡུལ་ལྔ་ཡིན།། ཡེ་ཤེས་ལྔ་ཡིས་རབ་ཕྱེ་བ།། རྟེན་གསུམ་དག་ཅིང་གྲོལ་བ་ལ།། རྣམ་རྟོག་བག་ཆགས་མ ་ལུས་སྦྱངས།། ཆོས་དབྱིངས་རྣམ་དག་ཡེ་ཤེས་སོ།། དངོས་པོ་མ་ལུས་གཟུགས་བརྙན་བཞིན།། ཅིག་ཆར་སྣང་ཤེས་མེ་ལོང་འདྲ། ཁམས་གསུམ་བསམ་པ་སྣོད་བཅུད་ཚོགས།། སེམས་རྟོགས་ངང་དུ་མཉམ་དེ ་ཉིད།། དུས་གསུམ་ཕྱི་ནང་ཆོས་ཀྱི་དངོས།། ཇི་བཞིན་མ་འདྲེས་རྟོགས་པ་དེ།། རང་བཞིན་སྒོ་གསུམ་ལས་རྫོགས་སྤྱོད།། མ་ལུས་གྲུབ་པའི་ཡེ་ཤེས་ཏེ།། རང་གི་རིགས་ལས་བྱུང་བ་ཡི།། དེ་བས་ཕུང་པོ་སྐྱེ་མཆེད ་ཁམས།། གཙོ་བོས་བྱིན་བརླབ་སོ་སོའི་རིགས།། ཡུམ་དང་སེམས་དཔའ་ལྷ་མོ་དང་།། སེམས་མ་ཐུབ་པ་སྒོ་སྲུང་སྟེ།། དམ་པའི་རིགས་ནི་རྣམ་བརྒྱ་སྟེ།། ཕུང་པོ་སྐྱེ་མཆེད་ཡུལ་དང་བཅས། ཁམས་ལྔ་འབྱུང་བཞི་རྣམ ་དག་པ།། རྒྱལ་བ་བཞི་བཅུ་རྩ་གཉིས་ཡིན།། ཕུང་པོ་དེ་ཉིད་རིགས་ལྔ་སྟེ།། ལུས་ངག་ཡིད་ནི་སྐུ་གསུང་ཐུགས།། རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་།། གསང་བ་ཆེན་པོའི་རིགས་གཅིག་གོ།། རྩ་བའི་ཉོན་མོངས་རྣམ་ལྔ་ལ།། ་ཁྱད་པར་ཤས་ཆེ་གཉེན་པོ་ནི།། རྣམ་དག་ཕྱག་རྒྱའི་ཚིག་བསྒྲུབ་སྟེ།། ཞི་བ་བསྒྲུབ་མཆོག་ཁ་བསྐང་ཡིན།། །། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཇི་ལྟར་རྣལ་འབྱོར་ལུས་ཀྱི་ལྷ།། ངེས་པའི་སྣང་བ་ཐོབ་གྱུར ་ནས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། འབྱུང་བཞི་རྣམ་ཤེས་ཡུལ་དང་བཅས།། དངོས་གྲུབ་ཀུན་གྱི་ཐུན་མོང་དུ།། ལྷ་དང་སྟོང་པ་རྣལ་འབྱོར་གསུམ།། རགས་པ་ལས་ནི་ཕྲད་གྱུར་པ།། ངག་གི་སྒྲ་དང་རྡོ་རྗེ ་ཡིས།། བཟླས་པའི་སྔགས་ཀྱི་དེ་ཁོ་ན།། སྲོག་འགྱུར་ཀུན་གྱི་དངོས་གྲུབ་བཤད།། ཕུང་པོ་ང་བདག་རང་བཞིན་ཅན།། འོད་ལྔའི་འཕྲོ་འདུ་དཔག་མེད་ལས།། ཤིན་ཏུ་ཕྲ་བའི་རྣལ་འབྱོར་བསྒོམ།། རི་རབ་རྩེ་ཡི ་དམིགས་པ་ལྟ།། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ།། འོད་དང་འདུག་དང་འགྲོ་བ་ལ།། མགྲིན་པ་སྙིང་ག་ལྟེ་གསང་གནས།། སྟེང་དུ་འགྲོ་ལ་སོགས་པ་དག། དབུགས་ལས་རིག་པ་ཉི་ཤུ་ལྔ།། བསྡུས ་པའི་གཟུགས་བརྙན་སྟེང་སྒོ་ལས།། ལྔ་དང་བཅུ་སོགས་ཕྱི་དང་ནང་།། བྱང་ཆུབ་སེམས་རྒྱུ་མཁའ་ལ་གནས།། འགྲོ་རྣམས་ཀུན་གྱི་རྣམ་ཤེས་རྟེན།། རྩ་བ་ཡན་ལག་ལྔ་དང་བཅུ།། ཡུལ་གསུམ་གཡས་གཡོན་དབུས ་ལ་གནས།། ལས་བཞི་ལ་སོགས་གསུམ་གྱིས་སྤྱོད།། འཇིག་རྟེན་འཇིག་རྟེན་འདས་སྣང་བ།། མ་ལུས་དབུགས་སྤྲོ་རྣམ་ཤེས་ཀྱི།། རྩ་བ་ཉིད་ཀྱིས་བྱིན་གྱིས་བརླབས།། ནམ་མཁའ་དང་མཉམ་ས་བོན་ཏེ། ཁ་དོག་ཏིང ་དེངེ་འཛིན་ལ་སོགས།། སྤངས་པའི་དངོས་གྲུབ་དམ་པ་སྟེ།། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚུལ།། འོད་ལྡན་གཞལ་མེད་ཁང་དུ་བཞུགས།། སྣ་ཚོགས་ཕྲིན་ལས་སྤྱོད་པ་ནི།། དོན་ཆེན་བྱེད་དང་སྟེང་འོག ་འགྲོ།། བཏང་སྙོམས་གནས་དང་ཁྱབ་པར་བྱེད།། འགྲོ་དང་རྣམ་འགྲོ་ཡང་དག་འགྲོ།། རབ་འགྲོ་ངེས་འགྲོ་ཁྱད་པར་གྱིས།། ལྷ་ཉན་སྣོམ་མྱང་རེག་དང་བསམ།། རང་གཞན་ལོངས་སྤྱོད་བསམ་མི་ཁྱབ།། གཞལ་མེད ་ཁང་པར་གནས་པའི་ལྷ།། རྟེན་བྱེད་པདྨ་འདབ་བརྒྱད་དབུས།། མི་བསྐྱོད་པ་ཡི་རང་བཞིན་བཞུགས།། འོག་སྒོ་པདྨ་བཞི་དབུས་ན།། གསང་གནས་རིན་ཆེན་འབྱུང་ལྡན་ཏེ།། སྟེང་འགྲོ་བཅུ་གཉིས་པ་ཡི་སར།། འོད ་དཔག་མེད་པའི་ངོ་བོ་ཉིད།། དོན་གྲུབ་དྲུག་ཅུ་རྩ་བཞི་དབུས།། སྙོམས་མཛད་མེ་ཡི་རང་བཞིན་ནོ།། ཁྱབ་གནས་ཕྱི་རོལ་ཡན་ལག་བརྟེན།། རྣམ་སྣང་མཛད་པ་དེ་བཞིན་ནོ།། འགྲོ་བ་ཞེས་བྱ་གཟུགས་ལ་སྤྱོད།། རྣམ ་འགྲོ་སྒྲ་ཡིན་ཡང་དག་འགྲོ།། དྲི་སྤྱོད་རབ་འགྲོ་རོ་མྱང་ཞིང་།། ངེས་འགྲོ་དག་སྟེ་དེ་དག་ནི།། ཉི་ཟླ་རོལ་མོ་ལ་སོགས་པའི།། གནས་ནས་གཤེགས་ཏེ་རང་ལོངས་སྤྱོད།། ལྷ་དང་ལྷ་མོ་འོད་ཟེར་བཅས།། འབྱུང་བ་ཡེ ་ཤེས་ལྔ་བདག་གིས།། བསྐུལ་ཏེ་བཟླས་པ་གསུམ་དུ་བྱེད།། གཞལ་མེད་ཁང་གི་སྟེང་སྒོ་ལ།། རླུང་མེ་ས་དང་ཆུ་རང་བཞིན།། རང་རང་གི་ནི་འགྲོ་བྱེད་བཞི།། གཡས་ནས་དྲོད་བཅས་སྟེང་འོག་དམར།། པདྨ་རིགས ་ཀྱི་བཟླས་པ་ཡིན།། གཡོན་ན་སྙོམས་བྱེད་དབུགས་དང་བཅས།། འོད་ཟེར་ལྗང་གུ་ལས་རིག་བཟློས།། ཐུན་མོང་འོག་འགྲོ་ས་ཡི་གཞི།། རིན་ཆེན་རིགས་ཀྱི་འོད་ཟེར་ཟློས།། རིན་ཆེན་ཤེལ་བག་དཀར་པོའི ་འོད།། མི་བསྐྱོད་རང་བཞིན་བཟླས་པ་ཡིན། ཁྱབ་ཆེན་ཀུན་འགྲོ་རྟེན་པ་དང་།། རྟེན་བཅས་ཀུན་ཏུ་སྣང་མཛད་ཟློས།། དཀྱིལ་འཁོར་ཀུན་ཏུ་སྡུད་པའི་དུས།། དོན་གཉིས་མཐར་ཕྱིན་གནས་པར་བྱ།། འགྲོ་བའི ་བཞོན་པ་དེ་ཉིད་ཤེས།། སྔགས་ཞེས་བྱ་བ་གཉིས་པ་སྟེ།། ཇི་ལྟར་སངས་རྒྱས་ཀུན་གྱི་གསུང་།། ཡི་གེ་སྒྲ་ཡི་བརྗོད་པ་དག། ལྔ་བཅུའི་ཡན་ལག་ཀུན་རྣམས་ཀྱང་།། རྩ་བ་མ་སྐྱེས་གཅིག་ཡིན་ཏེ།། མ་བཅོས་པ་ལས ་གསུམ་དུ་འགྱུར།། ཐ་མལ་པ་ལ་འགྲོ་འོང་ནས།། དང་པོའི་ལས་ལ་ཡང་དག་གཟུགས།། གཞི་ཡིས་སེམས་ཅན་ཁམས་བསྐྱེད་ཅིང་།། ལམ་རྫོགས་དྲིལ་ལ་ཕྱི་ནང་འགྲོ།། རང་བཞིན་གྲུབ་པའི་བཟླ་བ ་གསུམ།། ཉོན་མོངས་ཀུན་སྦྱང་ཕྲིན་ལས་སྤྱོད།། ཨོཾ་ཨཱཿཧཱུཾ། དུས་གསུམ་ཐམས་ཅད་འདི་ལ་གསལ།། གནས་དང་རབ་ཏུ་བྱེད་པ་ལ།། དང་པོའི་ཐུན་ལ་ལྔ་ཡིན་ཏེ།། གཉིས་པ་ཉི་ཤུ་རྩ་ལྔར་བཟླས།། གསུམ་ལ་བརྒྱ ་གཉིས་ཉི་ཤུ་ལྟར།། བཞི་པ་ལ་ནི་དགུ་བརྒྱ་སྟེ།། ལྔ་པ་ཉི་ཁྲི་ཆིག་སྟོང་དང་།། དྲུག་བརྒྱ་ཞག་གཅིག་དག་ལ་བཟླས།། འདི་ནི་ཤིན་ཏུ་ཕྲ་བའི་ལམ།། བཞོན་པར་བཅས་ཏེ་ཕྲིན་ལས་འགྲུབ།། གསུང་ཚིག་མ་ལུས་འདི ་ཡིས་ཟློས།། ངག་གི་རྣལ་འབྱོར་རྫོགས་འདོད་པའི། ལམ་གྱི་ཁ་སྐོང་བཤད་པའོ།། །། དེ་ནས་བཅོམ་ལྡན་རྡོ་རྗེ་འཛིན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཡོན་ཏན་མཆོག་ལ་རབ་དགོངས ་ཤིང་།། དམ་ཚིག་རྫས་ཀྱི་བསྒྲུབ་པ་བཤད།། རིགས་ལྔའི་དམ་ཚིག་ལྔ་ཡི་དངོས།། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས།། རྩ་བརྒྱད་ཡན་ལག་སྟོང་དང་བཅས།། ཕྱི་ནང་གསང་བའི་དེ་ཉིད་ལས།། རང་བཞིན་སྤྱད་དང ་བསྒྲུབས་ལས་བྱུང་།། ཕན་དང་ནུས་མཐུ་དཔག་མེད་ཀྱང་།། ཐ་མལ་རྣམ་རྟོག་དབང་གྱུར་ཏེ།། དངོས་སུ་སྤྱད་པར་མ་ནུས་པ།། དྲི་དང་ཁ་དོག་རོ་བསྒྱུར་ཕྱིར།། རྩ་བ་ལྔ་ལས་ཡན་ལག་གོ། ཆ་མཐུན་རྒྱལ་བློན་འཁོར ་རྣམས་ཀྱིས།། དབྱེ་བ་བསྡུ་བ་རབ་སྦྱར་ཏེ། ཁྲོལ་བུ་ཕྱེ་མ་གོང་བུ་ལ།། ང་ཡི་དཀྱིལ་འཁོར་སྦྱར་བ་ཡིས། བྱིན་གྱིས་བརླབས་ཏེ་རྟགས་ཕྱུང་བ།། བསྒྲུབས་པའི་ལོངས་སྤྱོད་ཡོན་ཏན་ཡིན།། རང་བཞིན་གནས་པའི ་ཡོན་ཏན་ལ།། ལོངས་སྤྱོད་སྒོ་ནས་བསྒྲུབ་པ་ནི།། སྤྱི་དང་བྱེ་བྲག་སོ་སོ་སྟེ།། དང་པོ་རྟེན་གྱི་གང་ཟག་ནི།། ང་ཡིས་རབ་སྟན་མཚན་ཉིད་ལྡན། ཁྱད་པར་བླ་མ་མཉེས་བྱས་ཤིང་། དབང་རྫོགས་ཐོབ་ཅིང་དམ་ཚིག ་ལྡན།། ལྷ་དང་མཁའ་འགྲོ་ཉེར་གནས་པ།། སྒྲུབ་འབྱོར་ལུས་སྲོག་གཏོང་ཕོད་ཅིང་།། བརྟུལ་ཞུགས་བརྩོན་འགྲུས་ལྡན་པས་བརྩམ།། འབྱུང་བཞིའི་ནུས་པ་རྒྱས་ཤིང་འཕེལ།། སྟོན་ཟླ་གསུམ་ནི་དུས་ཀྱིས ་མཆོག། དཀའ་ཐུབ་བརྟུལ་ཞུགས་འཛིན་པ་དང་།། གྲུབ་པ་མཆོག་བརྙེས་རྣམ་སྣང་རྒྱུ།། རང་དང་བླ་མ་ཁ་བསྐང་བ།། དོན་གྲུབ་བྱང་ཆུབ་སེམས་ཀྱི་རྒྱུ། མ་དང་སྲིང་མོ་བུ་མོ་དང་།། མཚན་ཉིད་ཀུན་ལྡན་སྣང་མཐའ ་ཡས།། གནས་བདུན་པ་དང་བུ་ཆུང་དང་།། མཚན་ཉིད་ཀུན་ལྡན་རིན་འབྱུང་ཡིན།། སངས་རྒྱས་ཡབ་ཡུམ་རང་ཉིད་དང་།། གཞོན་ནུ་ལོ་བརྒྱད་མ་ཆད་རྣམས།། མི་བསྐྱོད་བསྒྲུབ་པའི་རྒྱུ་ཡིན་ནོ།། གྲོགས་ནི་མངར ་གསུམ་ཚ་བ་གསུམ།། བཟང་དྲུག་འབྲས་བུ་གསུམ་དང་ནི།། ཡུང་བ་སྤང་རྩི་སེ་རྒོད་ཤུན།། ཀ་ར་ག་བུར་ཁྱིའུ་རོ་ཚན། ཁྱི་གུ་དཀར་མིག་མ་བྱེའི་ཤ། སོ་རྟོག་བོང་ང་སྐྱེ་བར་ཤུན།། བསེ་རུ་བྲག་ཞུན་བར་པ ་ཏ།། སེར་ཐིག་ཕྲ་ལོ་ཨུཏྤལ་སྔོན།། དེ་དག་སྦྱར་ཞིང་བསྒྲུབས་སྤྱད་ན།། རིམས་ནད་དུག་ནད་ཁྲག་ནད་སེལ། བདུད་རྩི་ཙོང་ཞི་བྲག་ཞུན་དང་།། བ་ལུའི་ལོ་མ་ཚ་བ་གསུམ།། སེ་འབྲུ་གཅན་གཟན་ཤ ་སྦྱར་ཏེ།། བསྒྲུབས་ཤིང་སྤྱད་ན་མཆིན་ནད་སེལ།། བདུད་རྩི་ཙོང་ཞེ་སྡིག་སྲིན་དང་།། སེ་འབྲུ་སུག་སྨེལ་ཚ་རིགས་རྣམས།། སྦྱར་བསྒྲུབས་མཁལ་མའི་ནད་ཀུན་སེལ།། བདུད་རྩི་བཟང་དྲུག་ཤུ་དག་དཀར།། སེང ་ལྡེང་ཁཎྜ་ཐང་ཆུ་དང་།། ག་བུར་ཀ་ར་ཅོང་མུ་ཟི།། བསེ་རུ་རྒྱ་རུ་གནག་རྒོད་འབྲས།། ཐ་ཀར་རྡོ་རྗེ་བོང་བུའི་ཤ། སྦྱར་ཏེ་བསྒྲུབས་པས་མཛེ་ནད་སེལ།། མཚོ་འབྲས་ཟོ་ཤ་སྦྱར་ཤ་སྤོས།། སྦྱར་ཞིང་བཀྲུས་ན་ཁ་སྤུ ་དང་།། སྨིན་མ་སྐྱེ་བར་བྱེད་པ་ཡིན།། བོང་འབྲས་བོང་ནག་སྤང་བཙིར་ཁུ།། ཁྱི་ནག་ཕག་ནག་བྲུན་མུ་ཟི།། ཀ་ར་སིལ་སྨན་ཟང་ཆུ་རྣམས།། ཆུ་གྲང་གིས་སྦྱངས་བཀྲུས་ཤིང་སྤྱད།། འབྲུམ་བུའི་ནད་རྣམས་ཐུབ་ཅིང ་སེལ།། བདུད་རྩི་དང་ནི་ཚ་བ་གསུམ།། གནག་རྒོད་མཁྲིས་པ་བྱ་རྒོད་ཚིལ།། མར་རྙིང་དང་སྦྱར་ཞག་དགུར་བསྒྲུབ།། རིལ་བུ་བྱས་ཏེ་རྟག་ཏུ་བསྟེན།། གྲང་བས་མི་ཚུགས་གོས་སུ་འགྱུར།། བདུད་རྩི་བྱ་དང་སྐོང་རྩི ་དང་།། མུ་ཟི་གླ་རྩི་དྲོད་གསུམ་ཚ།། མར་རྙིང་དང་སྦྱར་ཞག་གསུམ་བསྒྲུབ།། རྟགས་ཕྱིན་རྐང་ལ་བྱུགས་པ་ན།། ས་ཆུ་གྲང་ལྕགས་ཀྱིས་མི་ཚུགས།། བདུད་རྩི་གསེར་སྲང་དྲུག་ཅུ་བཞི།། མར་སྲང་དེ་དང་མཉམ་པར ་སྦྱར།། རུ་རྟ་བཅུ་དྲུག་སྲང་དང་མཉམ།། བཟང་དྲུག་སྲང་བརྒྱད་འབྲས་གསུམ་མཉམ།། ཟླ་བ་བཅུ་བསྒྲུབ་ལོངས་སྤྱད་ན།། རྐང་མགྱོགས་དངོས་གྲུབ་རྙེད་པར་འགྱུར།། བདུད་རྩི་དུག་སྦྱར་བྱང་བའི་ཤར།། དོ་ཐལ ་ཟངས་ལྕགས་རྡོ་ཕྱེ་དང་།། ཝ་སྦྱང་མཛེ་ཁྲག་ཤ་རུས་རྣམས།། ཤང་ཚེ་སྐྱེ་ཚེ་ཡུངས་ཀར་ནག། རྒྱ་གྲམ་ལམ་དང་ཆུ་འགྲམ་ས།། གངས་དང་རི་མཐོ་མཆོད་རྟེན་ས།། རྡོ་ལྕགས་རིན་ཆེན་སྣ་ལྔའི་ཕྱེ།། ལྡོང་རོས་གླ་རྩི་ཤ ་ཚིལ་ཆེན།། རྟ་བོང་མུ་ཟི་ཚེར་མའི་ཤིང་།། ཟི་ར་གུ་གུལ་དཀར་ནག་དང་།། གཡི་སྦྱང་ཕག་དང་བོང་བུའི་བྲུན།། གཞན་ཡང་ཐུན་རྫས་དྲག་པོའི་རྫས།། སེར་བ་ཁུ་འཕང་གངས་ཆུ་དང་།། དྲག་པོའི་སྣོད་དུ་ཞགས ་གསུམ་བསྒྲུབ། ཁྱབ་འཇུག་དང་སྡེབས་ལོངས་སྤྱོད་ན།། ཐོག་སེར་དྲག་པོ་འབབ་པར་འགྱུར།། དེ་ལ་སོགས་པ་ལས་ཀྱི་ཚོགས།། གསོ་སྤྱང་བཅོས་མ་གང་བསྔགས་པ།། རྩ་བ་ཡན་ལག་ཚུལ་དུ་སྤྱད།། བསྒྲུབས་པ ་མ་ཡིན་རང་བཞིན་གྱིས།། ནུས་པ་དཔག་མེད་སྟོན་བྱ་བ།། རྒྱལ་པོ་ལྟ་བུར་བསྒྲུབ་པ་ནི།། དྲི་ཆེན་ཆུ་རྒྱུན་བཟངས་དང་།། སྦལ་ཏེ་མཐེང་ཚིགས་ཙམ་དུ་སྐམ།། རིན་པོ་ཆེའི་སྣོད་ངང་པ་ཡི།། སྒོ་ངའི་དབྱིབས་འདྲ་སྦྲ ་གུ་ཅན།། སྟེང་དུ་བཙོ་བོའི་སྣོད་ཡིན་ནོ།། བཅུད་བཅས་གང་བ་འོག་གི་སྣོད།། སྟེང་བཙོ་བར་བསྡམས་ཁ་བཅད་པའི།། བཟང་སྐྱོབས་བཟང་དྲུག་ངན་སྐྱོབས་དུག། ཚ་འབྲས་དྲུག་ནི་ལོངས་སྤྱོད་སྐྱོབས།། སྦྱོར་བ ་མཐར་ཕྱིན་ཁྱད་པར་དུ།། གླ་རྩི་མུ་ཟི་ཤིང་ཀུན་ཚལ།། སྒ་ཚ་ཏི་ཙ་སེང་ཕྲོམ་དང་།། མགྲོན་ཐལ་ཚིལ་ཆེན་ཡུངས་ཀར་དང་།། བདུད་རྩི་སྦྱར་ཏེ་ཞག་བདུན་དུ།། བསྟེན་ན་ཀླུ་གདུག་གདོན ་ལས་ཐར།། ཅོང་ཞི་གུ་གུལ་ཤུ་དག་གནག། པི་ལིང་ཐར་ནུས་གག་ལྷོག་སེལ།། ཀ་ར་སྦྲང་རྩི་སླེ་ཏྲེས་དང་།། ཤིང་མངར་གླ་རྩི་ཤུ་དག་ཀར།། སྦྱར་བསྟེན་གློ་ནད་རྙིང་པ་སེལ།། ཡུངས་ཀར་སྒོག་སྐྱ་མི་རུས ་རྙིང་།། ཞག་བཞིར་བསྟེན་ན་འབྲུམ་ནག་སེལ།། ཙན་དན་ཨ་རུ་ཨ་པར་གསུམ།། སྦྱར་བ་ཞག་བཞིས་མིག་ནད་སེལ།། སྦྲང་རྒོད་མཁྲིས་པ་སྦྱར་བསྐུས་ན།། ཟ་གུ་ཐོར་པའི་ནད་ཀུན་སེལ།། སེ་རྒོད་མེ་ཏོག་ཡུངས ་ཀར་དང་།། སྦྱར་བས་དུག་ནད་སེལ་ཞིང་སྲུང་།། ལོ་ཉུང་ཁ་སེར་བཙོང་སྒོག་སྐྱ།། སྦྱར་བས་སྦྱར་དུག་སེལ་བར་བྱེད།། རྒྱ་ཚིལ་བྱི་བའི་ཀླད་པ་དང་།། འབྲས་བུ་གསུམ་དང་བཟང་པོ་དྲུག། རྩ་བ་ལྔ་བསྐོལ་བཅུད ་རྣམས་ལ།། དྲི་རོ་ཁ་དོག་ནུས་པ་དང་།། ཞུ་བའི་རྗེས་སོགས་ལེགས་པར་བཙིར།། ཐབས་ནི་སྲུལ་དང་གདུལ་བ་དང་།། དབྱེ་དང་དབྱུང་དང་བཙོ་བ་དང་།། བཙིར་དང་སྐམ་དང་བསྣུར་བ་ཡིས།། ཕྱེ་མ་རིལ་བུ་ལྡེ་གུ ་དང་།། ཟན་དང་ཚོད་མ་ཟུག་པ་དང་།། ཆང་དང་མར་ཁུ་སྨན་མར་དང་།། འགམ་ཕྱེ་ཟན་དྲོན་འོ་མ་མར།། དེ་དག་ལས་གྱུར་རྒྱལ་པོ་དང་།། བློན་པོ་བྲམ་ཟེ་དམངས་རིགས་དང་།། རིགས་ངན་གདོལ་པ་བུ་ཆུང ་དང་།། སྨྱོན་པ་ལྟ་བུའི་གནས་སྐབས་ཀྱིས།། ཐ་དད་སྒྲུབ་པ་གང་ཟག་གི།། བློ་དང་དབང་པོ་བསམ་པ་ཡིས།། རབ་ཏུ་ཕྱེ་བའི་ཁྱད་པར་གྱིས།། སྣ་ཚོགས་བསྒྲུབ་པའི་ཐབས་སུ་འགྱུར།། བྱེ་བྲག་སོ་སོའི་བསྒྲུབ་པ ་ནི།། རྣམ་པར་སྣང་མཛད་རང་གི་རྒྱུ། ཁྱད་པར་གཙོ་བོའི་སྒྲུབ་ཐབས་ནི།། སྔོན་དུ་འགྲོ་བའི་ཚོགས་རྫོགས་ནས།། མར་དང་འོ་མ་མཉམ་བླུགས་ཏེ། ཁམས་དང་ལོངས་སྤྱོད་མཐུན་པ་ལ།། ཀུན་སྦྱོར་རྫས་དང་ཏིང་ངེ ་འཛིན།། སྔགས་དང་བཅས་པས་བསྒྲུབ་པར་བྱ།། ཚ་བ་གསུམ་དང་འབྲས་བུ་གསུམ།། དཀར་གསུམ་མངར་གསུམ་ཡན་ལག་བཅས།། སྣོད་བཟང་བཅས་ཏེ་ལོངས་སྤྱོད་བྱ།། ཕྱེ་མ་བཅུད་ཀྱིས་ལེན་སྒྲུབ་ཡིན།། ཤ ་བཟང་གསར་དང་བདུད་རྩི་གཉིས།། བཅའ་ལྒ་བུང་བུ་རི་ཡིས་བརྒྱན།། ཟླ་བ་གཅིག་ཏུ་སྲུལ་ཞིང་བསྒྲུབ།། ཤ་ལྟར་ལོངས་སྤྱོད་བསྟེན་ཅིང་སྤྱད། ཁྱད་པར་གདུལ་ཞིང་བསྒྲུབ་པ་ནི།། ཚ་བ་གསུམ་དང་འབྲས་བུ ་གསུམ།། མར་དང་ཕྱེ་བཟང་གདབ་ཅིང་བཙོ།། བཤོས་གཙང་ལྟ་བུར་བསྒྲུབ་ཅིང་སྤྱད།། སྣ་ཚོགས་འོ་མས་སྦྱར་བ་ནི།། དེ་ཉིད་གྲུབ་པའི་ལོངས་སྤྱོད་ཡིན།། མངར་གསུམ་གྱིས་སེལ་དེ་ཉིད་དོ།། ནས་བྲུས་དང ་བཅས་མཐུན་པར་བསྒྲུབ།། བདུད་རྩི་སྐམ་ལེགས་ཞིང་ཕབས་དང་།། བཅས་པ་ཞག་གསུམ་མནན་ཅིང་བསྒྲུབ།། ཆང་བཞིན་དུ་ནི་ལོངས་སྤྱོད་བཏུང་།། ཚ་འབྲས་ཅོང་ཞི་མར་རྙིང་དང་།། བྲག་ཞུན་དང་སྦྱར་སྨན ་མར་སྒྲུབ།། མངར་དང་འོ་མར་ཚ་འབྲས་རྣམས།། སྦྱར་བ་འགམ་བྱེར་བསྒྲུབ་པ་ཡིན།། གཞན་ཡང་རིལ་བུ་ཕྱེ་མ་དང་།། སྨན་མར་ཁཎྜ་ལྡེ་གུ་དང་།། གོང་བུ་བཅུད་ལེན་ལ་སོགས་པ།། དྲི་རོ་ནུས་པའི ་སྐྱོབས་བསྡུས་པ།། འུ་སུ་སྒོག་སྐུ་མར་རྣམས་ཏེ།། དང་པོ་གཉིས་པ་མངར་གསུམ་ཡིན།། ནུས་པ་ཚ་གསུམ་རྩ་བ་ལྔ།། སྤྱིར་སྤྱད་རྩ་བརྒྱད་ཡན་ལག་སྟོང་།། དཀྱིལ་འཁོར་སྦྱོར་བའི་ཁྱད་པར་གྱིས།། བསྒྲུབས་པའི ་ཁྱད་པར་འབྲས་བུ་ནི།། གཙང་སྨེ་དང་བྲལ་ལོངས་སྤྱོད་ནུས།། ཐུན་མོང་འདུ་ཞིང་ཁྱད་པར་རྫོགས།། རྩ་བ་ཆེན་པོའི་སྒྲུབ་པ་ཡིན།། རྡོ་རྗེའི་རིགས་ཀྱི་སྒྲུབ་ཐབས་ནི།། རྩ་བ་རྒྱུ་ཡི་ཁྱད་པར་ལས།། མི་རྟ་ཁྱི་དང་བྱ་ལ ་སོགས།། སྲོག་ཆགས་ཆེ་ཕྲ་གང་རུང་བའི།། བྱང་ཆུབ་སེམས་ཀྱི་རྩ་བ་དང་།། གཤེགས་ལམ་བཞུགས་གནས་འབྲས་བུ་དང་།། ཆུ་བ་ཚིལ་དང་རྐང་མར་དང་།། ཐལ་ཀར་རྡོ་རྗེ་མཚན་མ་དང་།། ཅོང་ཞི་བྲག་ཞུན་ལ ་སོགས་རྣམས།། མཚན་ལྡན་སྣོད་སྦྱར་ལེགས་པར་བསྒྲུབ།། རྩ་བ་ཅོང་ཞི་ཅུ་གང་ཡིན།། རིན་ཆེན་རིགས་སུ་བསྒྲུབ་པ་ནི།། སྔགས་པའི་རྒྱུ་ལྡན་མང་ཉུང་རན།། ཆུ་ཚོད་ཀྱིས་ནི་ལེགས་པར་བཙོ།། རྡུལ་དང་ཕྲལ་ཏེ ་ལེགས་པར་བཙག། སྲང་བཅུ་འོ་མ་མར་པྲེ་གསུམ།། མར་བླུག་ཆུ་ཚོད་བཟུང་ཞིང་གདུ།། བཅད་ཚོད་ཟིན་པར་བསྒྲུབ་པར་བྱ།། ཐོ་རངས་དུས་སུ་ལོངས་སྤྱོད་བཟའ།། གློ་བུར་དག་ཏུ་བཟའ་བ་ནི།། སྐྱེས་པ་བུད་མེད ་མཚན་དང་ལྡན།། དར་གཞོན་ཤ་ཚིལ་ལེགས་པར་དབྱེ།། མ་རུལ་བ་དེ་ཆུ་སེར་དབྱུང་།། ཁམ་པའི་ནང་བཅུག་མེར་བསྲེག་བཙོ།། ཡང་ན་ནས་སྲན་ཙམ་བརྡུངས་ལ།། གྲོད་པའི་ནང་དུ་ཁུ་བ་གདུ།། ཤ་བཟང་ཤིང ་ཀུན་ཁྱད་པ་བླང་།། བ་གླང་གླང་ཆེན་རྟ་དང་ཁྱི།། ཡན་ལག་དག་ཏུ་གྱུར་པའོ།། པདྨའི་རིགས་སུ་སྒྲུབ་པ་ནི།། རང་དང་བླ་མའི་ཕྱག་རྒྱའི་རྫས། ཁྱད་པར་གཞོན་ནུ་སྐྱོན་མེད་ཀྱི།། པདྨའི་རཀྟ་ཚོགས་ཚད་དེ།། ཡན ་ལག་ཨ་ཤྭ་གནྡྷ་དང་།། འབྲི་མོག་ཉེ་ཤིང་ར་མོ་ཤག། ཙན་དན་དམར་པོ་བཙོད་རྒྱ་སྐྱེགས།། སྟར་བུ་ཤིང་ཏོག་སེར་ལེ་བརྒན།། རྒུན་འབྲུམ་ཤིང་མངར་མེ་ཏོག་མངར།། ཚོགས་ཚད་མཚལ་དང་དམར་པོའི ་རིགས།། རིགས་དང་མཐུན་པར་ཉེ་བར་བསྒྲུབ། ཁྱད་པར་སྐུ་གསུམ་བསྒྲུབ་པ་བླང་།། ཙན་དན་དང་ནི་ལི་ཤིའོ།། གློ་བུར་ཤངས་ཀྱི་བུ་གར་བསྒྲུབ།། ལས་ཀྱི་རིགས་ཀྱི་བསྒྲུབ་པ་ནི།། བར་མ་སྣོད་གཞན་གྲང་དུ ་གཞུག། བདུད་རྩི་བསིངས་པའི་ཆུ་དང་བསྲེ།། བཟང་དྲུག་གླ་རྩི་ཨ་རུ་ར།། ཞི་བ་བརྟགས་ཁ་ཚར་བཏབ་ལ་བསྒྲུབ།། ཡང་ནི་དྲི་ཆུ་བསྒྲུབ་པའི་ཐབས།། རྫ་ཡི་དོང་བུ་ཆ་གཉིས་བྱ།། བར་དུ་གཟེར་གྱི་ཐེམ་བུ ་གཞུག། དོ་ནོང་ནང་པར་བརྗེ་ཞིང་བཏུང་།། དང་པོ་ཡིས་ནི་ཁྲུས་བྱ་ཞིང་།། བར་གྱི་བདུད་རྩི་སྤྱད་ཅིང་སྒྲུབ།། ཐ་མའི་རྫས་དེ་ཕྱི་རུ་བོར།། འབྲས་བུ་གསུམ་ནི་བཅུད་ཀྱིས་ལེན།། འདི་དག་ཁྱད་པར་དམ་ཚིག་ནི།། ཚ ་སྔོ་ཤ་རུལ་སྒོག་བཙོང་དང་།། ཆང་ཉེས་སྲེད་པའི་ཉི་མ་མེ།། བསྒྲུབ་པ་འཇིགས་པའི་རྫས་ཀུན་སྤང་།། ཡོན་ཏན་དང་པོས་ལུས་རྫོགས་ཤིང་།། གསུམ་པ་མཛེ་དང་རླུང་ཐུབ་སྟེ།། གཉིས་པས་སེམས ་གསལ་འབྲུམ་བུ་ཐུབ།། བཞི་པས་བཀྲག་བཟང་རྒྱུ་གཟེར་ཐུབ།། ལྔ་པས་ས་བདག་བད་ཀན་ཏེ།། ཕྱི་ནང་གསང་བ་གསུམ་གྱིས་ནི།། ཉེ་བར་རྒྱུན་དུ་སྒྲུབ་བྱེད་ན།། བདུད་རྩི་རྣམ་ལྔ་ཚ་བ་གསུམ།། མར་རྙིང་དང ་སྦྱར་ཟླ་དྲུག་བསྒྲུབ།། ཚ་གྲང་ནད་ཀྱི་གཉེན་པོ་རྣམས།། སྐྱོབས་དང་གྲོགས་ཀྱིས་ལེགས་སྦྱར་བ།། ཡུན་དུ་བསྒྲུབ་པ་ཕྱི་བཤད་དེ།། ཕོ་ཤ་འམ་ནི་མུ་ཟི་དང་།། ཚུལ་བཞིན་ལེགས་སྦྱར་ནང་དུ་བསྒྲུབ།། ཕྱག་རྒྱའི ་གྲོགས་དང་བཅས་པ་ནི།། གསང་བ་ཆེན་པོའི་བསྒྲུབ་པ་ཡིན།། ཀུན་ལ་ཆོས་གསང་དམ་ཚིག་སྟེ།། དངོས་གྲུབ་མཆོག་ཐོབ་འབྲས་བུ་ཡིན།། ལས་ཚོགས་སོ་སོར་སྒྲུབ་པ་ནི།། བདུད་རྩི་དྲི་ཆེན་རྒྱུ་བཟང་དང་།། ཙན ་དན་ཀ་ར་འབྲས་བུ་གསུམ།། ཡུངས་ཀར་སྐྱེར་པའི་བར་ཤུན་དང་།། སྦྱར་བ་ལེགས་བསྒྲུབས་ལོངས་སྤྱད་ན།། སྦྱར་དུག་རླུང་ནད་ཐམས་ཅད་སེལ།། དོམ་མཁྲིས་ཚ་བ་གསུམ་གྱིས་བསྒྲུབས།། མགུལ་ནད་གག་པ་ལ ་སོགས་སེལ།། བདུད་རྩི་དཀར་དམར་ཚིལ་ཆེན་དང་།། གླ་རྩི་བཟང་དྲུག་ཆ་མཉམ་བསྒྲུབས།། ཞག་བདུན་གྱིས་ནི་རྟགས་ཕྱུང་སྟེ།། ལོངས་སྤྱོད་མཛེ་ནད་ཐམས་ཅད་འཇོམས།། རྩ་བའི་བདུད་རྩི་ཕུལ་གང ་གདུལ།། བདུད་རྩི་སྲང་གཉིས་མར་སྲང་གཅིག། ཨ་རུ་ཆུས་སྤངས་འོ་མར་སྦྱར།། གྲིབ་སྐམ་བྱས་ཏེ་བཟང་དྲུག་དང་།། ཙན་དན་དཀར་དམར་ཚ་བ་གསུམ།། འབྲས་གསུམ་ཙོང་ཞི་བུ་རམ་སྤང་།། བལ་བུ་ཤུག་པའི ་ཁཎྜར་བཅས།། ཚད་ལྡན་བསྒྲུབས་ཏེ་ལོངས་སྤྱད་ན།། འདུ་བ་བཞི་སེལ་ལོངས་སྤྱོད་རྒྱས།། བདུད་རྩི་འབྲས་གསུམ་པ་ལེ་ཀ། བཟང་དྲུག་ཏིག་ཏ་བ་ཤ་ཀ། ཙན་དན་དཀར་དམར་གླ་རྩི་དང་།། སྦྲང་རྩི་ཅོང་ཞི་སྐྱེར ་ཁཎྜ།། སྦྱར་བསྒྲུབས་ལོངས་སྤྱོད་མཁྲིས་ནད་སེལ།། བདུད་རྩི་ཚིལ་ཆེན་འབྲས་བུ་གསུམ།། མར་དང་བུ་རམ་སྦྱར་བསྒྲུབས་ན།། སྙིང་རླུང་མགོ་འཁོར་ལ་སོགས་སེལ།། བདུད་རྩི་མཁྲིས་པ་ཚོགས་ཚད་དང་།། སྟག ་སྣག་ཀྱང་སྦྱར་ཤ་དུག་སེལ་བར་བྱེད།། ཁྱི་མིག་ཁུ་དང་ཉུང་ས་བོན།། བྲག་ཞུན་མར་ཁུ་སྦྱར་བ་ཡིས།། མེ་དུག་སེལ་ཞིང་སྲུང་བར་བྱེད།། ག་བུར་ཡུངས་ཀར་ཕོ་བྱ་ཚན།། ལུག་གཞོན་སྨད་ཤ་གདུས་པ་ཡིས།། དུག་ནད ་སེལ་ཞིང་སྲུང་བར་བྱེད།། མར་ཁུ་རྟ་དཀར་ཁྲག་སྦྱར་བས།། སྟོད་ན་ཤ་མཛེར་ནད་ལས་ཐར།། གུ་གུལ་ནག་པོ་མུ་ཟི་དང་།། ཏི་ཚ་སྦྱར་བས་འབྲས་ནད་སེལ།། སེ་འབྲུ་ཤུ་དག་གུ་གུལ་གནག། སྦྱར་བས་ཕོ་ལྷོག ་སེལ་བར་བྱེད།། ཁྱི་ལུད་གུ་གུལ་ནག་པོ་དང་།། མར་ཁུ་སྦྱར་བྱུག་ཤ་རོ་སེལ།། ཕག་ཚིལ་གུར་གུམ་སྦྱར་བྱུགས་པས།། ཤ་འཕར་སེལ་ཏེ་གླ་རྩི་དང་།། མུ་ཟི་གུ་གུལ་སྦྱར་བ་ཡིས།། ཕོལ་མིད་རུས་ནད་སེལ་བར ་བྱེད།། ཚ་བ་གསུམ་སྦྱར་གྲང་ནད་སེལ།། མཁྲིས་པ་དྲི་ཆུས་ཚ་བ་སེལ།། སྐྱེར་ཤུན་གླ་རྩི་ཡུང་བ་དང་།། གུ་གུལ་ཤུ་དག་ང་ནག། སྤུ་མ་རུ་རྟ་མུ་ཟི་ཡིས།། ལྷོག་པའི་རིགས་ཀུན་བསྲུངས་ཤིང་སེལ།། དེ ་དག་ནད་ཞི་བྱེད་པ་སྟེ།། གདོན་ཞི་བྱེད་པའི་ལས་ཀུན་ནི།། མི་རྟ་ཁྱི་ཡི་ཤ་དང་ཁྲག། ལྷམ་རྙིང་ཚིལ་ཆེན་རྟའི་མཆིན་པ།། ར་ཁྲག་དང་བཅས་རྒྱལ་གདོན་ཞི།། བྱ་ཤ་ནལ་བུའི་ཀླད་པ་དང་།། དྲེའུའི་ཁྲག་སྦྱར་མ་མོ། ་ཞི།། བཙན་དུག་བ་ལང་བཙན་ཞི་བྱེད།། སྦྲེལ་ཤ་ཁྱི་ལུད་རྒྱལ་ཕྲན་ནོ།། ནག་པོ་བརྒྱད་སྦྱར་ཀླུ་ཞི་བྱེད།། གདོན་གཞན་བདུད་རྩི་ཉིད་ཀྱིས་ཞི།། རྒྱས་པའི་ལས་སུ་བྱ་བ་ནི།། བདུད་རྩི་མར་ཁུ་རྟག་བསྟེན་ན།། འཛམ ་གླིང་བྱེ་བ་ཕྲག་བརྒྱ་ཡི།། ལོངས་སྤྱོད་ཀུན་ལ་དབང་བྱེད་འགྱུར།། མུ་ཟི་ཅོང་ཞི་ར་མོ་ཤ། སྦྱར་ན་ཚེ་ཡི་དངོས་གྲུབ་འབྱུང་།། བ་མར་འོ་མ་མུ་ཟིར་སྦྱར།། རྒས་པའི་མཚན་མ་ཐམས་ཅད་སེལ།། དབང་གི་ལས་སུ་སྒྲུབ ་པ་ཡང་།། ར་དཀར་འོ་མ་སིནྡྷུ་ར།། པདྨ་རཀྟ་སྦྱར་བྱས་ན།། མོ་རིགས་ཐམས་ཅད་དབང་དུ་བྱེད།། ཅོང་ཞི་བྱང་ཆུབ་སེམས་སྦྱར་ན།། ཕོ་རིགས་ཐམས་ཅད་དབང་དུ་འགྱུར།། ལྟེང་ཁུ་དྲི་མ་མར་ནག་གསུམ།། སྦྱར ་བསྟེན་ཡུལ་ཁམས་དབང་དུ་བྱེད།། སྒྲོལ་ཕྱིར་མནན་དང་བསྐྲད་དང་དབབ།། བྱུགས་དང་ཟོས་པས་དྲག་པོ་འགྲུབ།། རྦོད་གཏོང་གནོད་པ་མ་ལུས་བཟློག། ཕྲིན་ལས་རྣམ་བཞིའི་ལས་ཚོགས་ཡིན།། གཞན་ཡང་ལོག ་གནོན་བསྒྲུབ་པ་ནི།། གྲང་འབྱམ་བྱུང་ན་རྒྱ་ཐལ་དང་།། བཙོད་དང་སྒོག་སྐྱ་པི་པི་ལིང་།། ཆང་དང་སྦྱར་ཏེ་བསྟེན་པས་ཐུབ།། འབྲས་ཟན་ཚ་བ་གསུམ་ཡང་རུང་།། ནས་ཚིག་ཟན་ནམ་ཆང་ཡང་རུང་།། མ་ཞུའི་སྒྲེགས ་ངན་བྱུང་བ་ན།། ཚ་སྣ་གསུམ་གྱི་སྦྱོར་བ་བྱ།། མ་ཞུ་ན་ནི་སྒོག་སྐྱའམ།། དྲི་ཆུའི་ཐང་དུ་གཏང་བར་བྱ།། བདུད་རྩི་ཆེན་པོ་མ་ཞུ་ན།། དྲི་ཆུ་བར་དང་ཚ་སྦྱར་བཏང་།། རླུང་སྐྱེས་མར་རམ་ཚོ་ཁུ་བཏང་།། མཁྲིས་པ་སྐྱེ་ན ་ཀ་ར་སྟེ།། བད་ཀན་ལ་ནི་རུ་རྟ་སྟེ།། གྲང་བ་ལ་ནི་ཚ་བ་གསུམ།། ཚ་བ་སྐྱེས་ན་ཅུ་གང་ངམ།། གུར་གུམ་བཏང་བར་བྱ་བ་ཡིན།། དྲི་ཆེན་ལ་ནི་དྲི་ཆུ་སྟེ།། དེ་མ་ཞུ་ན་སྣབས་ཡིན་ཏེ།། ཐིག་ལེ་དཀར་དམར་དེ་ཉིད ་དོ།། མཁྲིས་པར་ལྷུང་བའི་རྟགས་བྱུང་ན།། ཏིག་ཏ་བ་ལེ་བ་ཤ་ཀ། བདུད་རྩི་ཅོང་ཞི་སྦྱར་བར་བྱ།། བད་ཀན་ཨ་རུ་ར་ཡི་ཐང་།། རླུང་ལ་འབྲས་གསུམ་ཚིལ་ཆེན་ནོ།། ཚ་གྲང་ལ་སོགས་དེ་བཞིན་སྦྱར།། སྐྱུགས་བྲོ ་གཉིད་མེད་འཕྱོས་པ་ལ།། ཆུ་ཕུལ་བདུན་ལ་མར་ཕུལ་ཕྱེད།། འོ་མ་ཕུལ་གང་མཉམ་དུ་གདུ།། རླུང་སྐྱེས་སྐྲངས་ལ་སོགས་པ་སེལ།། འབྲུ་གསུམ་གྱིས་ནི་ཀུན་བྱིན་བརླབ།། སྲིན་ལོག་དང་པོ་བྱུང་བ་ལ།། སྒོག་སྐྱའི ་ཆུ་སྐོལ་གཏང་བར་བྱ།། སྐྱུག་ལོག་འོ་མ་ལུད་མར་བཏང་།། གསོ་ན་ཙམ་པ་བག་ཙམ་སྟེ།། སྲོག་རྩའི་སྲིན་ལྡང་མགོ་ཁྲ་ཡིས།། བདུད་རྩི་བསྒྲུབ་ལ་རང་ཤུགས་ཐོན།། མཆིན་སྦོམ་སྡིག་པ་འབུ་ཤུན་དང་།། མི་ཚིལ་ར ་ཚིལ་ཕག་ཚལ་དང་།། བཟང་དྲུག་ཆ་སྣ་ཚོགས་ཆད་ལ།། རིལ་བུ་རིལ་མ་ཙམ་བཞི་གཏང་།། དེ་དུས་འགྱེལ་ན་འཆི་འགྱུར་ཏེ།། སྨན་པ་མཁས་པས་གཏར་ཁ་བྱ།། སྨན་གྱིས་གཏར་བས་ཁྲག་དབྱུང ་སྟེ།། དེ་ཐོན་ཚེ་ཚད་ཉི་ཟླ་འདྲ།། དེ་ནས་བསྒྲུབ་པ་བྱ་བ་ནི།། དང་པོ་བདག་གི་ལུས་སྦྱང་ཕྱིར།། སྔོན་འགྲོ་ནད་དང་ཟས་བརྡ་སྟེ།། ཨ་རུ་ར་ནི་ཆ་བཞི་ལ།། བ་རུ་སྐྱུ་རུ་ཕྱེད་ཕྱེད་དོ།། བཟང་དྲུག་ག་བུར་ཙན་དན ་སོགས།། རྩ་བའི་བདུད་རྩི་དང་སྦྱར་ཏེ།། རླུང་ལ་བུ་རམ་དང་སྦྱར་ཏེ། ཁྲག་མཁྲིས་ཆེན་ཀ་རའོ།། གྲང་བ་ཚོ་ཁུ་རམ་ཉེ་བ།། དེ་དག་རིལ་བུའི་སྦྱོར་བའོ།། བདུད་རྩི་ཕྱེ་མ་ཟོ་མར་སྦྱར།། འོལ་གོམ་ཕྱི་མའི་བསྒྲུབ ་པའོ།། བདུད་རྩི་དྲོན་མོ་ཤ་ཆེན་སྦྱར།། མནན་ཞིང་སྒྲུབ་པ་ཤར་བསྒྲུབ་པའོ།། ཉུང་ཁུ་ཤུ་ལ་རམ་ཉེ་དང་།། ལྱ་བའི་ཁཎྜ་བདུད་རྩིར་སྦྱར།། གསུམ་མམ་ལྔ་རུ་ལྡེ་གུར་བསྒྲུབ།། འོ་མ་དང་སྦྱར་བསྐོལ་བ་ནི།། འོ་ཐུག ་བདུད་རྩིར་བསྒྲུབ་པ་ཡིན།། རཀྟ་བཟང་པོ་རྣམས་དང་སྦྱར།། དེ་ཉིད་བསྒྲུབ་པ་ཆེན་པོར་འགྱུར།། ཕྱེ་བཟའ་དང་སྦྱར་བསྐོལ་ཞིང་བཙོ།། ཟན་དྲོན་ཆེན་པོར་བསྒྲུབ་ཅིང་སྤྱད།། དེ་ལ་ཕབས་བཟང་གདབ་ཅིང ་བསྒྲུབ།། མ་བབས་མ་ལངས་བར་དུ་སྟེ།། རྟགས་བཟང་བྱུང་ན་ཆུ་བཟང་སྦྱར།། དེ་ནི་བཏུང་བའི་མཆོག་ཏུ་འགྱུར།། ར་མགོ་ལྟ་བུའི་ཆུ་བསིངས་ན།། གྲང་བའི་ནད་རྣམས་མ་ལུས་སེལ།། སྐམ་ཉུང་ཁཎྜ་ཨ་རུ ་ར།། གསེར་མདོག་རྣམ་པར་རྒྱལ་བ་དང་།། རེའུ་རལ་ཁྱེའུའི་ཚན་དང་སྦྱར།། དུག་རྣམས་མ་ལུས་འཇོམས་པའི་མཆོག། བརྒྱ་བྱིན་ལག་ནི་འོ་མར་སྦྱར།། བཞིན་ཤ་ཁ་དོག་མདངས་ལྡན་འགྱུར།། མུ་ཟི་སྒོག་སྐྱ་ཙོང ་ཞིར་སྦྱར།། བད་མཁྲིས་སེལ་ཞིང་གཞོན་ནུར་འགྱུར།། ཤུ་དག་ཀར་སྦྱར་དེ་བསྒྲུབས་ན།། གཟུགས་མདོག་ལ་སོགས་ལྡན་པར་འགྱུར།། དྲག་ཞུན་དང་སྦྱར་མཆིན་ནད་སེལ།། དུག་འཇོམས་སྟོབས་དང་ལྡན་པར ་འགྱུར།། ཉེ་ཤིང་རང་སྐྱར་རྐང་མགྱོགས་འགྲུབ།། ར་མོ་ཤགས་ཀྱིས་མཁའ་ལ་འགྲོ།། ལྕམ་པ་སྦྱར་བསྒྲུབས་མཁལ་ནད་སེལ།། ཨ་ཤ་ཨན་དྷ་འོ་མར་སྦྱར།། བཅུད་ལེན་བསྒྲུབ་པ་ཆེན་པོ་ཡིན།། གཟེ་མ་བདུད་རྩིའི ་ཆང་གིས་ནི།། གྲང་རླུང་མཐའ་དག་སེལ་བར་བྱེད།། ཛཱ་ཏི་བུ་རམ་བོང་ང་དང་།། ཚ་བ་གསུམ་དང་མར་ཁུས་བསྒྲུབས།། ཟས་དང་མ་འདྲེས་ལོངས་སྤྱད་ན།། གློ་སྙིང་ལ་སོགས་སྟོད་ནད་སེལ།། གསེར་གྱི་མེ་ཏོག ་མཁྲིས་ནད་སེལ།། བཟང་དྲུག་ཕྱིར་བསྒྲུབས་ཁྲག་ནད་དོ།། གསེར་མདོག་གིས་ནི་དུག་རིགས་འཇོམས།། ལུག་མིག་གིས་ནི་ས་རྣམས་མཐོང་།། བསྐོར་བཟློག་ཆེན་པོས་མཛེ་ནད་འཇོམས།། དེ་དག་དང་པོའི་ལས ་ཅན་ཏེ།། མདོག་ནི་དཀར་གསུམ་མཐུན་པ་སྟེ།། མངར་གསུམ་གྱིས་ནི་རོ་དང་ལྡན།། ག་བུར་གླ་རྩི་དྲི་ཡིན་ནོ།། ཇི་ལྟར་རིགས་པས་བསྒྲུབ་པ་ཡི།། གོམས་དང་བཅོས་པའི་བསྒྲུབ་སྒྲུབ་པ་པོས་ཀྱང་པས་སོ།། བདུད་རྩི ་རྣམ་ལྔ་མྱུར་དུ་བསྒྲུབ།། སྤྱིར་འགྲོ་ཡོན་ཏན་བསྟན་པ་ནི།། དཔག་མེད་བསམ་གྱིས་མི་ཁྱབ་སྟེ།། ཟླ་དྲུག་སྦྱོར་བས་མཛེ་ནད་གསོ།། བཅུ་གཉིས་གཟུངས་ཐོབ་ཐོས་པ་འཛིན།། ལོ་གཉིས་བསྒྲུབས་པས ་མཐུ་རྩལ་ལྡན།། ནོར་རྫས་དབང་འགྱུར་ལོ་གསུམ་གྱིས།། གཞི་ཡི་མཛེ་དང་རིམ་ནད་འཇོམས།། ལྷ་དང་ལྷ་མིན་དབང་དུ་སྡུད།། ལྔ་ཡིས་སེངྒེ་གླང་ཆེན་དང་།། རྨ་བྱ་མཁའ་ལྡིང་དག་དང་མཚུངས། ཚེ་རིང་ནད་མེད ་རིག་རྒྱུད་འཕེལ།། དྲུག་གིས་ས་གསུམ་ནོར་རྣམས་ཐོབ།། སྤྱན་ལྔ་སྐུ་ལྔ་ཡེ་ཤེས་འགྲུབ། ཚིག་གཅིག་ཆད་དམ།། བསླབ་བྱ་ཀུན་ལ་རིང་གྱུར་སྐོང་།། མཚམས་མེད་ལ་སོགས་སྡིག་སྒྲིབ་སེལ།། བརྒྱད་ཀྱིས་བསད་གསོའི ་རྫུ་འཕྲུལ་འགྲུབ།། དགུ་ཡིས་རིག་འཛིན་ཕྱིར་མི་ལྡོག། བཅུ་ཡིས་ས་བཅུ་ཡོངས་སུ་རྫོགས།། བཅུ་གསུམ་གྱིས་ནི་ས་བཅུ་གསུམ།། མཆོག་གི་འབྲས་བུ་ཡོངས་སུ་རྫོགས། ཁྱད་པར་བདུད་རྩི་དྲི་ཆེན་གྲུབ།། རྣམ་སྣང ་ཆོས་དབྱིངས་ཡེ་ཤེས་བརྙེས།། བྱང་ཆུབ་སེམས་ཀྱིས་རྡོ་རྗེ་སེམས།། མེ་ལོང་ལྟ་བུའི་ཡེ་ཤེས་འགྱུར།། རཀྟ་སྣང་བ་མཐའ་ཡས་དང་།། སོ་སོར་རྟོག་པའི་ཡེ་ཤེས་སོ།། དྲི་ཆུ་དོན་ཡོད་གྲུབ་སྐུ་དང་།། བྱ་བ་གྲུབ་པའི་ཡེ ་ཤེས་སོ།། མཱཾ་ས་རིན་ཆེན་འབྱུང་ལྡན་དང་།། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། གཞན་ཡང་བྱེ་བྲག་མར་ཁུ་དང་།། སྦྱར་བའི་ཡོན་ཏན་དཔག་ཏུ་མེད།། ཕྱི་ནང་གསང་གསུམ་སྦྱོར་བའང་།། ཡོན་ཏན་བསམ་གྱིས་མི་ཁྱབ ་བོ།། རྒྱལ་བློན་དམངས་ལྟར་བསྒྲུབ་པ་ཡང་།། ཡོན་ཏན་ཆེན་པོ་རྫོགས་པ་ཡིན།། བྱེ་བྲག་སོ་སོའི་བསྒྲུབ་པས་ཀྱང་།། ལུང་སྟོན་ལ་སོགས་ཡོན་ཏན་འཆར།། བསྲུང་བྱ་རྒྱུད་ལ་གདམས་པ་ལ།། ཐེ་ཚོམ་ཡིད་གཉིས ་མ་མོས་དང་།། ཟས་ངན་བསྟེན་དང་འབྲུ་མར་བྱུག། མེ་དང་ཉི་མ་སྤྱད་ཉེས་དང་།། དམ་ཚིག་སྣོད་མི་ལྡན་པ་ཡི།། གྲོགས་ངན་བསྟེན་པ་སྤང་བར་བྱ།། རང་ལ་རྟགས་མེད་གཞན་ལ་སྟོན།། ཚུལ་བཞིན་མ་བསྒྲུབས ་ལོངས་སྤྱོད་པ།། ཕྲ་མོའི་རྣལ་འབྱོར་བསྒྲུབ་པ་དང་།། ལས་ཀྱི་ཚོགས་སུ་སྦྱར་བ་རྣམས།། མ་འོངས་སྐྱེས་བུ་རྣམས་ཀྱིས་བརྟག། ཡོན་ཏན་བདུད་རྩི་བསྒྲུབ་པ་ལས། ཁྱད་པར་ཁ་སྐོང་བཤད་པ་ཡིན།། །། དེ ་ནས་བཅོམ་ལྡན་ཧེ་རུ་ཀ། རྣལ་འབྱོར་གསུམ་དང་རབ་ལྡན་པའི།། རིམ་པ་གཉིས་ཀྱིས་བསྡུས་པའི་ལམ།། འབྲས་བུར་བཅས་པ་རབ་བཤད་པ།། ཕུན་སུམ་ཚོགས་པའི་གནས་དག་ཏུ།། ལམ་གྱི་ལྷ་ཡི་རྣལ་འབྱོར ་གྱིས།། ཕྱི་ནང་བསྲུང་བ་རིམ་བཞིན་བརྩམ།། འབྱོར་ལྡན་ཡོ་བྱད་བྱིན་གྱིས་བརླབ།། བསོད་ནམས་ཚོགས་ཆེན་བསག་བྱའི་ཕྱིར།། ཕུང་པོ་ཁམས་དང་སྐྱེ་མཆེད་ལ།། རང་རིག་ལྷ་ཡི་བདག་པོ་དགོད།། ཕྱག་རྒྱའི ་ཚོགས་ཀྱིས་རྒྱས་བཏབ་སྟེ།། མཉེས་པ་མཐའ་དག་རབ་སྦྱངས་ནས།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ།། དབབ་ཅིང་བསྟན་པའི་འཕྲོ་འདུ་བྱ།། དེ་ནས་བཟླས་པའི་རྣལ་འབྱོར་གྱིས།། སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས ་ལ།། དཀྱིལ་འཁོར་གསུམ་གྱི་ང་རྒྱལ་གྱིས།། རྟོག་པ་མཐའ་དག་བསལ་བར་བྱ།། དེ་ཉིད་བསལ་བའི་ཚད་ལྡན་ཞིང་།། སྐད་ཅིག་ཙམ་གྱིས་དོན་བྱེད་ནུས།། གསལ་འཕྲོ་འབར་བའི་ཉམས་ལྡན ་ཞིང་།། དངོས་གྲུབ་མཚན་མ་བརྟག་པར་བྱ།། མཐོང་དང་ཐོས་དང་སྣང་བ་དང་།། ཤེས་བྱའི་ཡུལ་དུ་གྱུར་པར་དམིགས།། འཇིག་རྟེན་ཆོས་ཀྱི་རྟོག་པ་བཟློག། ཐུན་མོང་དུ་ནི་བསྙེན་པར་འགྱུར།། རིམ་པ་ཆེན་པོར ་བསྒྲུབ་པ་ཡང་།། ཞི་བར་གནས་དང་དྲག་ཤུལ་སྤྱོད།། མོས་པ་དག་དང་འདུན་པར་སྦྱར།། སྒྲོ་དང་བསྡུ་བ་དེ་བཞིན་ནོ།། བདག་ཉིད་གཅིག་པ་ནས་བརྩམས་ནས།། ཐབས་དང་ཤེས་རབ་རང་བཞིན་དང་།། རིགས ་ལྔ་དང་ནི་བཅུ་དང་གཉིས་ཀྱང་བཞིས།། ཉི་ཤུ་དང་ནི་དེ་རྗེས་དྲུག། སུམ་ཅུ་བཞི་བཅུ་ལྔ་བཅུ་དང་།། དྲུག་ཅུ་བརྒྱད་དང་དེ་བཞིན་དུ།། རིམ་པ་སོ་སོར་ཕྱེ་བ་དག། དཔའ་བོ་འཁོར་ལོ་ཚོམ་བུར་གནས།། གྲངས་ངེས ་པ་དང་བསམ་མི་ཁྱབ།། བསྡུས་པ་དང་ནི་རྒྱས་པ་ལ།། འཕྲོ་འདུ་རིམ་པ་བཞིན་དུ་བསླབ།། ཞལ་ཕྱག་རྣམས་ཀྱི་རྣམ་པ་ཡང་།། གཅིག་དང་གཉིས་དང་གསུམ་དང་དྲུག། དགུ་དང་བཅོ་བརྒྱད་ཉི་ཤུ་གཅིག། བཞི་བཅུ ་རྩ་གཉིས་ལ་སོགས་པའི།། རྩ་བ་ཡན་ལག་ཚུལ་དག་གིས།། རིགས་ལྔ་རྩ་བའི་ཚུལ་དུ་དགོད།། ཤིན་ཏུ་གོམས་པའི་རྣལ་འབྱོར་གྱིས།། ཕྱོགས་བཅུ་ནམ་མཁའི་གཞལ་མེད་ཁང་།། སྟོང་གསུམ་འཇིག་རྟེན་ཁམས་ཀྱི ་ཚོགས།། མ་ལུས་སྣང་བ་དེ་ཡིས་བརྒྱན།། འགྲོ་རྒྱུད་དྲུག་དང་ལྔ་དག་དང་། ཁམས་གསུམ་ཁྱབ་པར་ཇི་སྙེད་པ།། བདེ་བར་གཤེགས་པའི་དཀྱིལ་འཁོར་འདུས།། དངོས་དང་བློ་ཡི་ཡུལ་དུ་བསླབ།། སྔ་མ་དག་གིས ་རིམ་བསྟན་ནས།། ཕྱི་མ་དེ་བཞིན་སློབ་པ་ནི།། རིམ་གྱིས་གནས་པའི་བསྒྲུབ་ཆེན་པོ།། བཅོ་བརྒྱད་དང་ནི་བཞི་བཅུ་གཉིས།། ལྔ་བཅུ་དྲུག་ཅུ་རྩ་བརྒྱད་ཀྱི།། སོ་སོར་ཡང་ནི་བདག་གི་ལུས།། ཕུང་པོ་ལྔ་ནི་ཕྱི་དང ་ནང་།། རྣམ་ཤེས་བརྒྱད་ནི་ཡུལ་དང་བཅས།། འབྱུང་བཞི་འདུ་ཤེས་བཅུས་བསྡུས་པའི།། དེ་དག་ངོ་བོ་སོ་སོར་བསྒོམ།། ཕྱི་རོལ་དབང་པོའི་ཡུལ་དང་བཅས།། འབྱུང་བ་ཆེན་པོ་ལྔ་ཡི་བདག། རྣམ་ཤེས་སྐྱེ་མཆེད་ཡན ་ལག་དང་།། ཉིང་ལག་ཤ་དང་ཁྲག་ལ་སོགས།། དོན་སྙིང་སྣོད་བཅས་རང་གི་དངོས།། དེ་དག་ཚུལ་ལས་མི་འདའ་བའི།། རབ་ཏུ་སྤྲོས་པ་གྲངས་མེད་མཐའ།། སློབ་པ་ལུས་ཀྱི་རིམ་པ་སྟེ།། དེ་དང་རྗེས་མཐུན་སྒྲ་དང ་སྐད།། རྟོག་པ་སྒྲ་བརྗོད་དེ་བསྒྲུབ་པ།། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ།། བཛྲ་ཧེ་རུ་ཀ་ཞེས་ནས།། གྷནྡྷེ་ཧོ་ཡི་བར་དག་ཏུ།། སྔོན་འགྲོ་འཇུག་དང་བཅས་ཏེ་སྦྱར།། ལྷ་དང་མཐུན་པའི་ཞག་གྲངས་སུ།། སྐུ་གསུང་ཐུགས་ཀྱི ་དཀྱིལ་འཁོར་བསྒོམ།། གླུ་གར་ཕྱག་རྒྱ་ཤེས་རབ་དང་།། ཐབས་སུ་སྦྱོར་བ་བྱང་ཆུབ་སེམས།། ལུས་ངག་ཡིད་ཀྱི་བརྡ་ལ་སོགས།། ལོངས་སྤྱོད་ཀུན་ལྡན་མཆོད་པར་བྱ།། བསྙེན་པ་སྔོན་སོང་བསྒྲུབ་པ་བཞི།། རྣལ ་འབྱོར་རྗེས་སུ་རྣལ་འབྱོར་དང་།། རྣལ་འབྱོར་ཆེ་དང་རྫོགས་པ་ཡི།། རྣལ་འབྱོར་དག་གི་ཚུལ་བཞིན་བྱ།། དང་པོར་བརྟགས་པའི་གནས་དག་ཏུ།། ལུས་ཀྱི་ཆ་མཉམ་གཅིག་གམ་གཉིས།། ཕྱི་ནང་ནུས ་དང་སྦྱར་ལ་གཟུགས།། ཚུལ་དུ་ངེས་པ་བཞིན་དུ་བྲི།། སྐུ་གསུང་ཐུགས་ཀྱི་མཚན་མ་དགོད།། ཡོ་བྱད་གསུམ་དུ་ཆ་བགོས་ཏེ།། མཆོད་སྦྱིན་བསྔོ་བའི་ཡུལ་དང་སྦྱར།། འཇིགས་བྱེད་ཕོ་བྲང་དཀྱིལ་འཁོར ་བསྐྱེད།། ཕྱོགས་སྐྱོང་དྲེགས་པའི་གཙོ་ཆེན་རྣམས།། ཡབ་ཡུམ་ཉི་ཤུས་གདན་དུ་གཟིར།། བར་དུ་གཅོད་པ་དེ་བཞིན་བསལ། ཐུན་མོང་མཆོག་གི་བསྲུང་བ་བརྩམ།། ཕྱི་དང་ནང་དུ་འཛིན་པ་བཟློག། རཱ་ཏྲ་ཆེན་པོ་ཚུལ ་བཞིན་མནན།། དབབ་དང་བཅའ་དང་བཤགས་པ་དག། ང་ཡིས་སྔར་བཤད་བཞིན་དུ་བརྩམ།། འཁོར་ལོ་ཁྱམས་དང་སྒོ་རྣམས་ལ།། རིགས་བཞི་ཡུམ་དང་བྱས་པ་དང་།། མ་སྲིང་བཅུ་དྲུག་ཕོ་ཉ་བཞི།། འཇིགས ་བྱེད་དཀྱིལ་འཁོར་དེ་ལུས་ལ།། སྐུ་གསུང་ཐུགས་ཀྱི་ལྷ་རྣམས་བསྒོམ།། འཁོར་ལོ་རྡོ་རྗེ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་ཡིས།། ཡབ་ཡུམ་གནས་སུ་རྒྱས་བཏབ་ཅིང་།། ཚོགས་པ་གསུམ་གྱིས་གང་བསྔགས ་པ།། རིགས་ལྔ་ལ་ནི་ཉི་ཤུ་ལྔ།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ཕྲིན་ལས་རྫོགས་ཚུལ་ཇི་བཞིན་པར།། བསྐྱེད་དང་དགུག་གཞུག་རིམ་པས་བསྟན།། བཟླས་བརྗོད་འཕྲོ་འདུའི་བསྙེན་པ་ཡིས།། དེ་བཞིན ་བསྒྲུབ་པ་དག་ལ་ཡང་།། བསྐུལ་དང་བསྡུ་བ་དག་ལ་ཡང་།། སྨྲ་བའི་སྐྱོན་བཅུ་བྲལ་བ་ཡིས།། འབར་འཕྲོ་གསལ་འབར་ནུས་ཤེས་བྱ།། གཟུགས་སྒྲ་དྲི་རོ་རེག་དང་འོད།། སོ་སོའི་ཡུལ་ལ་དེ་ཉིད་བསྟིམ།། དངོས ་གྲུབ་དང་ནི་བར་ཆད་བརྟག། དེ་ཉིད་བཟློག་པའི་སྦྱོར་བ་བརྩམ།། འབྱུང་ཆེན་བཞི་ཡི་ལས་ལ་སྦྱར།། ཐབས་དང་ཐུགས་རྗེ་ལས་བྱུང་བའི།། བྱིན་རླབས་ཀྱིས་ནི་ཡུལ་རྣམས་ཀུན།། ཆོས་ཉིད་ཞི་བའི་ཏིང་ངེ ་འཛིན།། གཉིས་མེད་ཐབས་ཀྱིས་མ་ལུས་བསྒྲལ།། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད།། སྒྱུ་མའི་ཚུལ་དུ་གཞན་ལ་སྣང་།། བྱས་དང་གྲུབ་པ་གང་ཡང་མེད།། མ་བཅོས་སེམས་ཀྱི་རང་བཞིན་ལ།། བྱ་དང་བྱེད་པ ་ན་དང་བྲལ།། བདག་ཉིད་དོན་རྟོགས་དེ་བསྒྲལ་བྱ།། མཚན་མའི་རྟོག་པ་མ་ལུས་ཀུན།། ཕྱིར་གྱུར་སྣང་བ་ཀུན་ལས་བཟློག། བསྒོམ་བཟླས་བསྒྱུར་བའི་གོམས་སྟོབས་ཀྱིས།། བརྩེ་བ་དང་བཅས་གཞན་གྱི ་དོན།། རྣལ་འབྱོར་ཙམ་དུ་དེ་བཤད་དོ།། དད་པ་དབང་དང་འབྲེལ་བ་ཡིས།། ལམ་གྱི་རྩ་བ་དེ་ཉིད་ལས།། གསང་བ་ཆེན་པོའི་དབང་བཞིན་དུ།། རྗེས་སུ་བསྟན་པའི་རྣལ་འབྱོར་བདག། བྱིན་གྱིས་རླབས་ཀྱི་ཁྱད་པར ་ནི།། ཕྱི་ནང་ཡོན་ཏན་མཚན་ཉིད་རྫོགས།། རང་བྱིན་བརླབ་པའི་ནུས་པ་ཅན།། སྣོད་བཅུད་ཆས་གོས་ཏིང་འཛིན་ལྡན།། མོས་པའི་འདུན་པ་ཆེས་གཡོས་པ།། དེ་ཉིད་དབང་ཕྱུག་རྫོགས་གྱུར་ནས།། ང་རྒྱལ་གསུམ ་དང་བཅས་པ་ཡིས།། རྡོ་རྗེ་པདྨ་མཉམ་སྦྱོར་བའི།། བྱང་ཆུབ་སེམས་ཀྱི་ཡོན་ཏན་སྤྲོས།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།། མཉེས་པ་མཆོག་གི་མཆོད་པ་སྦྱར།། ཚུལ་མཐུན་ལུས་ཀྱི་དཀྱིལ་འཁོར ་ལ།། གནས་དང་བཅས་པའི་དགའ་བ་བཞི།། འཁོར་ལོ་དང་བཅས་གསལ་བྱས་ཏེ།། སྦྱངས་ཤིང་བགྲོད་པའི་ས་དང་ལམ།། སྐུ་དང་ཡེ་ཤེས་འབྲས་བུར་བཅས།། རྟགས་རྣམས་སྲོག་དང་རྟེན་གྱིས་སྦྱར།། ལྔ་དང་བཅུ ་སོགས་ཉི་ཤུ་ལྔ།། བརྒྱ་ཕྲག་གཉིས་དང་ལྔར་དེ་བཞིན།། ཉི་ཁྲི་ཚིག་སྟོང་དྲུག་བརྒྱའི་བར།། འགྲོ་ལྡོག་སྡོག་ཅིང་གསལ་བ་རྣམས།། དབུ་མ་གསུམ་དུ་ངེས་པར་འདུ།། རང་བཞིན་ཡོན་ཏན་གསུམ་གྱིས ་བརྒྱན།། འདམ་སྐྱེས་གཉིས་འབྱུང་འཐུང་ཡང་སྒྲ་སྟོབས་ལྡན།། དཔེ་ཡི་ཆོས་མཐུན་སྐྱེ་བར་འགྱུར།། བསྡམ་བྱ་སྡོམ་པར་བྱེད་པ་ཡི།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ།། དཔེ་དོན་རྟགས་ཀྱིས་སྦྱར་བྱས་ནས།། བདེ་དང ་གསལ་དང་མི་རྟོག་པ།། ཐབས་དང་ཤེས་རབ་གཉིས་སུ་མེད།། ས་ཆེན་ཉི་ཤུ་རྩ་གཅིག་གི། ཡོན་ཏན་དག་དང་ལྡན་པར་གཞུག། རྣམ་ཤེས་ཚོགས་དང་ཡུལ་རྣམས་ཀུན།། འོད་གསལ་ངང་དུ་སྙོམས་འཇུག་ཅིང་།། ཕྱི ་སྲོག་དབུ་མར་གཞུག་པ་ལ།། གནས་པ་ཆེ་ཆུང་བརྒྱད་ཀྱིས་མཚོན།། ཡོན་ཏན་གསུམ་ཉིད་ཤས་ཆེ་ཆུང་།། ཆ་མཉམ་སྐྱེ་བའི་མཚན་ཉིད་དབྱེ།། ཐ་དད་དམ་ཚིག་ཚོགས་པར་སྦྱར།། རྣམ་པར་མི་རྟོག་ཅི་ནུས ་བསླབ།། བཟློག་གཟུང་བཅས་པ་སྔོན་དུ་སྦྱར།། བླ་མ་སློབ་མ་མཚུངས་ལྡན་པས།། ཡོན་ཏན་མཚན་མ་དེ་ཉིད་ནི།། སྣོད་དང་ལྡན་ལ་སྦྱིན་པར་བྱ།། རྗེས་སུ་སློབ་མ་དེ་ཉིད་ཀྱང་།། ཡུམ་དང་ལྡན་པའི་སྦྱོར་བ ་ཡིས།། ལུས་ཀྱི་འཁོར་ལོ་བྱིན་དབབ་ཅིང་།། ཆགས་དང་རྗེས་ཆགས་ཡུལ་རྣམས་ལ།། དཔའ་མོའི་དཀྱིལ་འཁོར་ངེས་པར་བརྟག། དགའ་དང་སྐྱེ་དགའ་མཆོག་ཏུ་དགའ།། བྲལ་བ་དང་ནི་སྐད་ཅིག་བཞི།། རྣམ་པར ་བསྐྱོད་སོགས་དེ་དག་ལ།། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་།། བདེ་ཆེན་ཟག་མེད་དམ་པ་བཞི།། འཁོར་ལོ་བཞི་ལ་རིམ་བཞིན་དབབ།། དབབ་དང་བསྐྱིལ་དང་གཟུང་དང་བཟློག། སྐུ་གསུང་ཐུགས་ཀྱི་སྦྱོར་བ ་བརྩམ།། མ་ལུས་ཐབས་དང་ཤེས་རབ་དང་།། མཉམ་པ་ཉིད་དུ་རབ་ཏུ་སྦྱོར།། ཕུང་པོ་དེ་བཞིན་གཤེགས་པ་ལྔ།། འབྱུང་བ་ལྔ་ནི་ཡུམ་ལྔར་སྦྱོར།། རྣམ་ཤེས་ཚོགས་བརྒྱད་མ་མོ་སྟེ།། ཡུལ་བརྒྱད་ཕྲ་མེན་བརྒྱད་དུ ་སྦྱོར།། རྟག་ཆད་མུ་བཞི་ཁྲོ་མོ་བཞི།། འདུ་ཤེས་བཅུ་ནི་ཁྲོ་བཅུར་སྦྱོར།། བདེ་འགྲོའི་ཡོན་ཏན་མ་ལུས་མཐོང་།། དབྱིངས་དང་ཡེ་ཤེས་གཉིས་མེད་ལམ།། རྣལ་འབྱོར་རིག་པའི་ངང་དུ་སྦྱོར།། མཉམ་པ་ཉིད་དུ་བསྒོམ ་ཞིང་གསལ།། གོམས་པ་མཐར་ཕྱིན་བར་ཆད་མེད།། གསང་བ་ཐབས་དང་ཤེས་རབ་དབང་།། སྔོན་འགྲོ་ཤེས་རྗེས་ཚུལ་དུ་འབྲེལ།། བསྐྱེད་རིམ་བསྒོམ་དང་མཚན་རྫོགས་དང་།། ཐ་དད་མེད་པའི་མཉམ་སྦྱོར ་དང་།། རང་རིག་ངེས་པ་དག་གིས་ནི།། དབང་བཞིའི་ལམ་དུ་ངེས་པ་ལ།། སྨིན་པར་བྱེད་པའི་གཞི་ཡིན་ཏེ།། རྗེས་སུ་སྤྱོད་པ་མཐའ་དག་གིས།། ལམ་སྦྱང་རྫོགས་པའི་རྣལ་འབྱོར་ལ།། ལུས་ཀྱི་ཁོག་པ ་གཞལ་ཡས་ཁང་།། དོན་སྙིང་རིགས་ལྔ་ཡབ་ཡུམ་སྟེ།། སྣོད་དྲུག་ཤ་ཁྲག་དྲོད་དབུགས་དང་།། དབང་པོ་མིག་སོགས་རྣམ་ཤེས་རླུང་།། རྩ་དང་བཅས་པ་མ་གྲུབ་དང་།། སྒལ་ཚིགས་ཡན་ལག་ཉིད་ལག་ནི།། ལྷུ ་ཚིགས་དུམ་བུ་མ་ལུས་རྣམས།། གཙོ་དང་འཁོར་གྱི་ཚུལ་དུ་མཐོང་།། བདག་ཅི་འདྲ་བར་དེ་བཞིན་གཞན།། སྒྱུ་མ་རྨི་ལམ་བཞིན་དུ་མཉམ།། ལུས་ངག་ཡིད་ཀྱིས་དབེན་གྱུར་པའི།། སྒྱུ་མའི་སྐུ་དེ་བསམ་གཏན ་གྱི།། བྱེ་བྲག་སྤྱོད་པ་དང་བཅས་པས།། འོད་གསལ་སྟོང་ཉིད་ལ་གནས་ཏེ།། རང་གཞན་མངོན་སུམ་གྱུར་པ་ལ།། རྟོག་པ་ཆེ་འབྲིང་ཐ་མའི་དུས།། སྣང་བ་རགས་དང་བར་མ་དང་།། ཐིམ་པའི་རིམ་གྱིས་ཕྲ་བ ་དག། སྐྱེ་འགྱུར་ཡང་ན་མི་སྐྱེ་སྲིད།། ལུས་སེམས་སྣང་བ་གཞལ་མེད་ཁང་།། རྟེན་དང་བརྟེན་པར་བཅས་པ་སྟེ།། འདུ་བྱེད་མ་ལུས་ཕྱག་རྒྱར་གསལ།། སྒྲ་བརྗོད་དབྱངས་དང་དྲུག་ཡིན་ཏེ།། དྲན་དང་རྟོག་པ་གང་སྣང ་ཉིད།། མཉམ་ཉིད་མྱ་ངན་འདས་དགོངས་ཏེ།། ཐེག་པ་སྤྱི་གཅོད་རབ་ཏུ་བརྗོད།། ཡེ་ཤེས་རང་ལ་སྣང་བ་ནི།། འོད་གསལ་དོན་གྱི་མཆོག་ཡིན་ཏེ།། སྐུ་དང་ཡེ་ཤེས་འདུ་འབྲལ་མེད།། རང་གཞན་དོན་གྱི་རྩོལ་བ ་སྤངས།། འཁོར་བར་རྟོག་དང་མྱ་ངན་འདས།། དབྱེར་མེད་ཟུང་དུ་འཇུག་པ་ལ།། ཧེ་རུ་ཀ་དཔལ་ཞེས་སུ་བརྗོད།། སྲིད་ཞི་ཆགས་བྲལ་མྱ་ངན་འདས།། དཔལ་འབར་ཀྲོ་དྷཱི་ཤྭ་རཱི་མ།། རྩ་བ་ཡན་ལག་དེ་བཞིན ་ནོ།། སྔོན་དུ་གནས་པ་བཞི་ཡིན་ཏེ། ཁྱད་པར་བསྟན་ལྡན་ཡང་པ་ལམ་ཡིན་ནོ།། སྤྱོད་པ་དང་ལྡན་ལམ་ཞེས་བྱ།། བསགས་ཐོབ་རྟེན་གྱུར་དེ་ཉིད་སྐུ།། མ་ལུས་མ་ནོར་གསལ་བ་ནི།། དེ་ཡི་ཡེ་ཤེས་ཆེན་པོ་ཡིན།། སྨོན ་ལམ་ཐུགས་རྗེའི་སྟོབས་སད་པ།། ཕྲིན་ལས་མཛད་པའི་ཚུལ་ཡིན་ནོ།། རང་བཞིན་གྱིས་ནི་ཡང་དག་དེ།། ས་ལམ་ཚུལ་དུ་གྲུབ་པ་སྟེ།། འབྲས་བུ་ཆོས་སྐུ་གཅིག་པུ་ཉིད།། གཟུགས་སྐུ་སངས་རྒྱས་བདེ་ཆེན ་འདུས།། ཡོན་ཏན་རྣལ་འབྱོར་ཟབ་མོ་ནི།། སྐུ་གསུམ་ངང་དུ་རྟོགས་པ་ཡིན།། གཞི་ནི་མཁའ་འགྲོ་སྒྱུ་མ་སྟེ།། བདེ་མཆོག་བདེ་བར་གྱུར་པའོ།། རྣལ་འབྱོར་སྤྱོད་པར་རུང་རྣམས་ཀྱིས།། ཐེ་ཚོམ་མེད་པར་སྤྱད་པ ་ལས།། བྱིས་པ་སོ་སོའི་སྐྱེ་བོ་དང་།། ཐེག་པ་དམན་ལ་གཞོལ་རྣམས་ཀྱིས། མཐོང་ཐོས་འཇིགས་ཤིང་སྐྲག་པར་འགྱུར།། དེ་བས་མྱུར་དུ་བགྲོད་པའི་ལམ།། འདི་ཚེ་སངས་རྒྱས་བསྒྲུབ་བྱ་བ།། སྐུ་གསུམ་ས་ལ་གོམས ་པར་སྦྱང་།། མ་ནོར་ཐུགས་ཀྱི་བསྒྲུབ་པ་ལ།། རིམ་གཉིས་དབང་བཞིས་བསྡུས་པའི་ལམ།། འབྲས་བུ་དང་བཅས་མཐར་ཟུག་ཚུལ། ཁ་སྐོང་དག་ཏུ་བཤད་པ་ཡིན།། །། དེ་ནས་རྡོ་རྗེ་འཛིན་པའོ།། རིན་ཆེན ་དབྱིངས་ཀྱི་རྒྱལ་པོ་དེ།། རང་གི་རིགས་ཀྱི་དབང་ཕྱུག་པོ།། འཁོར་ལོ་བཞི་ལས་ཐ་མའི་ལས།། འཁྲུལ་ཞིང་འཁོར་བ་རབ་ཏུ་གཅོད།། ཡབ་ཡུམ་ཕྱི་ནང་གསང་བ་གསུམ།། ཚུལ་བཅུ་དང་ནི་འོད་ཟེར ་བཀྱེ།། རུ་བཞི་རྡོ་རྗེ་རྒྱ་གྲམ་ཚུལ།། གནད་སྐབས་འབྲུ་དེད་བསྣུར་འགྲོས་སོ།། དང་པོ་ཕོ་མོ་རྣམ་གཉིས་བཞི།། ཡ་མ་རཱ་ཛ་ས་དོ་མེ་ཡ།། མོ་ཡི་མོ་གཡོན་ས་འོག་ནང་།། མོ་ཡི་ཕོ་གཡས་གནམ་སྟེང་ཕྱི།། ཕོ་ཡི་གཉིས ་ལས་ཕོ་ཡི་མོ།། ཡ་མ་རཱ་ཛ་ས་ཀྵེ་ཡ།། གཡོན་ལ་འོག་ནང་རྣམ་གྲངས་སོ།། ཕོ་ཡི་ཕོ་གཡས་གནམ་སྟེ་ཕྱི།། ཞི་རྒྱས་གཡོན་ལ་དབང་དྲག་གཡས།། ཕོ་མོ་སོ་སོར་བསྐོར་བར་བྱ།། འཁྲུལ་ལུགས་བཞི་ལ་ཕོ་མོ ་བཞི།། དོན་གྱིས་ཚང་བ་དེ་ཉིད་དོ།། ཕྱི་ནང་གསང་བ་གཉིས་ཡིན་ཏེ།། བསྙེན་སྒྲུབ་ལས་སྦྱོར་དབྱེ་བ་དང་།། ཕྱི་ནང་གསང་བའི་བདག་ཉིད་དོ།། དང་པོ་སྤྱི་དང་ཁྱད་པར་ལས།། སྤྱིར་སྦྱར་ཕྱི་གསུམ་བསྙེན་པ ་སྟེ།། རྒྱ་བརྒྱད་ཆ་ཡིན་ནམ་མཚོ་བཞིར་ཕྱེ་བཟླས་པ་དང་།། སུམ་ཅུ་རྩ་གཉིས་དག་ཏུ་དྲིལ།། བརྒྱད་བསྐོར་གཡས་སུ་བསྐོར་ནས་སུ།། གཡས་བསྐོར་གནས་སུ་བཟློག་སྟེ་དྲང་།། དེ་ཉིད་རྟགས་དང་དུས་གྲངས་སུ།། དམ ་བཅས་པ་ནི་བསྙེན་པའོ།། དེ་ཡི་རྟགས་ཕྱིན་བསྒྲུབ་པ་སྟེ།། དངོས་གྲུབ་ཤ་དང་བདུད་རྩིའི་རྫས།། མ་ལུས་ལོངས་སྤྱོད་ལྡན་པ་དང་།། གཟུགས་བརྙན་ལ་ནི་སྐུ་གཟུགས་བཀོད།། གསང་བ་ནང་གི་གསང་བ་གསུམ།། ་ཁྲི་ཁྲག་རེ་རེས་དངོས་གྲུབ་བླངས།། ཐེ་ཚོམ་སོམ་ཉི་མེད་པར་སྤྱད།། གཉིས་པ་ཁྱད་པར་ལས་སྦྱར་བ།། དཀྱིལ་འཁོར་དབུས་སུ་ཨེ་གྲུ་གསུམ།། སུམ་བརྩེགས་བྲིས་ཏེ་སྟེང་ཟུར་ལ།། སྐྱེད་ཕུ་གསུམ་ལ་གའུ ་བཞག། འཁོར་ལོ་ལེགས་བྲིས་ནག་པོར་སྦ།། ཕྱི་ནང་གསང་བའི་ཉི་མ་བཞིར།། སོ་སོ་རང་གི་ལས་ལ་སྦྱར། ཁྱད་པར་བསྙེན་སྒྲུབ་ལས་སྦྱོར་ལ།། འབྲུ་བརྒྱད་གཡོན་བསྐོར་བསྙེན་པ་སྟེ།། གཞི་སྙིང་གཅིག་དྲིལ ་བསྙེན་སྒྲུབ་ཡིན།། གཡས་བསྐོར་བསྙེན་པའི་ལས་སྦྱོར་རོ།། བསྙེན་སྒྲུབ་གསུམ་སྦྱར་སྤྱིར་སྦྱར་ཉིད།། ནང་གི་བསྒྲུབ་པ་བཅུ་བདུན་པ།། བསྒྲུབ་པའི་བསྙེན་པ་དག་ཏུ་འགྱུར།། དང་པོ་ཨ་ཀྲོ་ཏེ་ཀའོ།། ཡ་མ་མེ་ད་ཀྵེ ་བཅུ་བདུན།། བསྒྲུབ་པའི་ཡང་ནི་བསྒྲུབ་པ་ཡིན།། ཡ་མ་ཀྵེ་ད་བཅུ་བདུན་པ།། གཡས་བསྐོར་བསྒྲུབ་པའི་ལས་སྦྱོར་རོ།། ལས་རིམ་ཀུན་ལ་དེ་བཞིན་སྦྱར།། ལས་སྦྱོར་ཉིད་ལ་དབྱེ་བ་ནི།། འབྲུ་དེད་བདུན་ལ་གཡོན ་བསྐོར་བས།། ལས་ལ་སྦྱོར་བའི་བསྙེན་པའོ།། དེ་ཉིད་གཡས་བསྐོར་ལས་བསྒྲུབ་པའི།། དམ་ཚིག་རལ་གཅིག་ཕྱག་མཚན་ནི།། ལས་ཀྱི་ལས་སུ་བཤད་པ་ཡིན།། འཁྲུལ་ཚུལ་བཅུ་ཡི་བྱེ་བྲག་ནི།། བཞི་སྙིང་དྲིལ་དང ་སོ་སོར་ཕྱེ།། དང་པོ་རྩ་བ་དྲིལ་བ་དང་།། ལས་ཀྱི་ཁ་སྐོང་དྲིལ་བ་ལས།། རྩ་བ་བཞི་སྙིང་གཅིག་དྲིལ་བ།། ཐོག་མ་བརྒྱད་གཅིག་དྲིལ་བ་ནི།། ཡ་མ་རཱ་ཛ་ས་དོ་མེ་ཡ།། ཡ་མེ་དོ་རུ་ཎ་ཡོ་ད་ཡ།། ཡ་ད་ཡོ་ནི་ར་ཡ་ཀྵེ ་ཡ།། ཡཀྵེ་ཡཙྪ་ནི་ར་མ་ཡ།། ཞེས་པས་རྩ་བ་བརྒྱད་ལས་ནི།། སུམ་ཅུ་རྩ་གཉིས་དྲིལ་བ་ཡིན།། བདུན་བཞི་གཅིག་ཏུ་དྲིལ་བ་ནི།། ཡ་མ་རཱ་ཛ་ས་དོ་མེ།། ཡ་མེ་དོ་རུ་ཎ་ཡོ་།། ཡ་ད་ཡོ་ནི་ར་ཡ་ཀྵེ།། ་ཀྵེ་ཡཙྪ་ནི་རཱ་མ།། ཉི་ཤུ་རྩ་བརྒྱད་གཅིག་ཏུ་དྲིལ།། དྲུག་བཞི་གཅིག་ཏུ་དྲིལ་བ་ནི།། ཡ་མ་རཱ་ཛ་ས་དོ།། ཡ་མེ་དོ་རུ་ཎ་ཡོ།། ཡ་ཏ་ཡོ་ནི་ར་ཡ།། ཀྵེ་ཡ་ཙ་ནི་རཱ་མ།། ཉི་ཤུ་རྩ་བཞི་གཅིག་ཏུ་དྲིལ།། ལྔ་བཞི་གཅིག་ཏུ་དྲིལ ་བ་ནི།། ཡ་མ་མེ་ད་ཀྵེ།། རཱ་ཛ་ས་དོ།། རུ་ཎ་ཡོ་ནི།། ར་ཡཙྪ་ནི།། ལྔ་བཞི་བཅུ་བདུན་དག་ཏུ་དྲིལ།། ལས་ཀྱི་ཁ་སྐོང་དྲིལ་བ་ནི།། ཡ་མ་རཱ་ཛ་ས་དོ་མེ་ཡ། ཧྲཱིཿཤྲཱི་ཨ་མུ་ཀཾ་བྷཱ་མ་ཡ།། རྩ་བ་དམ་ཚིག་ཡང་སྙིང ་དང་།། ལས་སྔགས་བཞི་སྙིང་གཅིག་ཏུ་དྲིལ།། སོ་སོར་དབྱེ་བ་དྲུག་ཡིན་ཏེ།། ཡ་མ་རཱ་ཛ་ས་དོ་མེ་ཡ།། ས་མ་རཱ་ཛ་ས་དོ་མེ།། ཡ་མ་རཱ་ཛ་ས་དོ།། ཡ་མ་རཱ་ཛ་ས། ཡ་མ་རཱ་ཛ། ཡ་མ་རཱ། བརྒྱད་བདུན་དྲུག་ལྔ་བཞི ་གསུམ་དུ།། བཟླས་པ་བྱེ་བྲག་དྲུག་ཡིན་ནོ།། དང་པོ་ཇི་བཞིན་གཞན་དེ་བཞིན།། གཡོན་བཞིན་དུ་ནི་གཡས་བཟློག་བཟླས།། འཁྲུལ་པ་བཅུ་ལ་ས་ཟིན་དགུ།། ཡི་གེ་ཟད་པ་གཅིག་སྟེ་བཅུ།། བདུན་བསྐོར་གཡས ་གཡོན་རུ་བཞི་སྟེ།། བདུན་བསྐོར་ཡ་ནས་མེ་ཡི་བར།། ཡ་ཡི་བཟླས་ལུགས་རྫོགས་དེ་བཞིན།། གཅིག་ལས་བདུན་དུ་འགྱུར་བ་ལས།། ཉི་མ་དང་པོ་བཞི་བཅུ་དགུ།། བཟླས་པས་དང་པོའི་ཡི་གེ་ཟད།། གཉིས་པ་ལ ་སོགས་དེ་བཞིན་སྦྱར།། རུ་བཞི་ཟད་པའི་ཕོ་བྲང་དབུས།། ཡ་ཉིད་ལྔ་འགྱུར་དག་ཏུ་བཟླས།། མ་མེ་ད་ཀྵེ།། བཞི་བཞིར་འགྱུར་བས་སྤྱིར་བཅུ་དགུ།། དེ་ཡིས་དབུས་ཀྱི་ལྔ་ཟད་ཅིང་།། ཕྱི་རིམ་ཉི་མ་གཉིས་པ ་སྟེ།། མན་ཆད་གསུམ་ལ་བཞི་བཞི་སྟེ།། ཉི་མ་གསུམ་ལ་བཅུ་གཉིས་ཏེ།། དབུས་མཐའ་ཟད་པའི་རུ་བཞིའོ།། རུ་གཅིག་ཉིད་ལ་བཅུ་དྲུག་ཏུ།། བཟླས་པས་བཞི་པོ་བཞིར་འགྱུར་ཏེ།། དེ་ལས་ལྟོས་པའི་རུ་བཞི ་ཡིན།། ཉི་མ་གཉིས་པའི་ཡི་གེ་རེས།། བཅུ་དྲུག་སོགས་པའི་དྲུག་ཅུ་བཞིར།། འགྱུར་བས་གཉིས་པའི་ཡི་གེ་ཟད།། གསུམ་པ་བཞི་པ་དེ་བཞིན་སྦྱར།། ལས་སྐབས་གཉིས་ཞེས་བྱ་བ་ནི།། གནམ་ཐུས་དང་ནི ་བསྣུར་འགྲོས་ཏེ།། དང་པོ་སྔར་བཤད་གཉིས་པ་ནི།། རུས་སྦལ་ལྟ་བུར་བསྣུར་འགྲོས་ཏེ།། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ན་ཡོ་ནི། རཱ་ཡ་ཙ་ནི། གཅིག་རྗེས་གཅིག་གིས་གནོན་ལ་བརྟག། འོད་ཟེར་སྣང་བ་རྣམ ་བརྒྱད་ནི།། རྩ་བ་ཉི་མ་ཤར་ལྟ་བུ།། ཨ་ཀྲོ་བཅུ་བདུན་འཁྲུལ་ལྔར་ཁྱབ།། བྱ་རྒོད་གཟན་ལ་འཛུམས་ལྟ་བུ།། ཡ་མ་ཡེ་ད་བཅུ་བདུན་པ།། གཟས་པའི་ཡུལ་ལ་སྐར་མདའ་བཞིན། ཁྲི་མུན་ཆུད་པའི་བཙོན་བཞིན ་དུ།། དྲིལ་བ་མི་གསལ་ཀུན་ལ་ཁྱབ།། ལྕགས་སྒྲོག་བཅུག་པ་སེམས་གཞུངས་བཞིན།། བཅུ་དྲུག་ཀུན་དང་འབྲེལ་ཞིང་འཇུག། སྐྱེས་བུ་གོ་མཚོན་བསྟར་བ་བཞིན།། སེམས་དཔའ་དེ་ནི་གཞན་ལ་སྟོང་ཡང་སྐོར།། ལྕགས ་གཟེར་མི་འཚོར་གཟེར་བཞིན་དུ།། ཨ་མུ་ཀ་སོགས་དགུ་ཚེ་ཡིས།། དབང་ཟང་བླ་ཚེ་འཛིན་པར་བྱེད།། ལྷ་དབང་གིས་བརྡེག་ཐོག་བཞིན་དུ།། དམིགས་པ་ཐོགས་མེད་མྱུར་བྱེད་པ།། ལྕེ་རྩེ་ཀ་བ་ཡ ་ཡིས་བརྡེག། སྤུ་གྲིས་རྩོལ་མེད་གཉིས་བྱེད་ལྟར།། སོ་སོའི་སྔགས་ཀྱིས་མ་ལུས་གཅོད།། འོད་ཟེར་བརྒྱད་ཀྱི་ཆོ་འཕྲུལ་ཡིན།། འབྲུ་དེད་གཡས་གཡོན་ཉིན་མཚན་དུ།། བཟླས་པས་བསྙེན་སྒྲུབ་བརྟགས་ཕྱིན ་ནས།། ཐོགས་མེད་ལས་ལ་སྦྱར་བར་བྱེད།། སྔགས་འཁྲུལ་མཚོ་བསྡེབ་བསྟན་པ་ཡང་།། གཞི་དང་དངོས་པོ་ཐབས་འབྲས་བུ།། དང་པོ་ཡབ་ཡུམ་ཕྱི་ནང་གསང་།། འོད་ཟེར་བརྒྱད་དང་བཟླས་ལུགས་བཅུ།། རུ་བཞི ་རྡོ་རྗེ་རྒྱ་གྲམ་སྟེ།། ལྔ་ལྔ་དག་ནི་བཞི་ལྔའོ།། དངོས་གཞི་མོ་ཡི་མོར་བསྡེབ་དང་།། མོ་ཡི་ཕོ་བསྡེབ་ཕོ་ཡི་མོ།། ཕོ་ཡི་ཕོར་བསྡེབ་དང་པོ་སྟེ།། གཉིས་པ་ཕྱི་ནང་གསང་བ་གསུམ།། རེ་རེའང་དེ་བཞིན་གསུམ་གསུམ ་སྟེ།། རྣམ་གྲངས་སོ་སོར་བསྡེབ་པར་བྱ།། སུམ་ཅུ་རྩ་གཉིས་ཉི་ཤུ་བརྒྱད།། བརྒྱད་གསུམ་བཅུ་བདུན་བརྒྱད་བདུན་དྲུག། ལྔ་བཞི་གསུམ་སྟེ་བཟླས་ལུགས་བཅུ།། གསུམ་པའི་སྔགས་མཚོ་བསྡེབ་པའོ།། ཉི་མ་བྱ་རྒོད ་བཙོན་སྐྱེས་བུ།། ལྕགས་གསེར་ཐོག་དང་སྤུ་གྲིའི་སོ།། འོད་ཀྱི་དཔེ་བརྒྱད་རང་མཚོར་བསྡེབ།། ལྔ་ཚན་བཞི་དང་བཞི་ཚན་བཞིས།། རྡོ་རྗེ་རྒྱ་གྲམ་རུ་བཞིའི་བསྡེབ།། ཐབས་ནི་མོ་ཡི་ཕོ་ཉིད་དང་།། མོ་ཡི་མོ་ལ་སུམ ་ཅུ་གཉིས།། གཡོན་བསྐོར་ཡི་གེ་ལོག་མ་ལོག། ཁྱད་པར་ཕྱེ་སྟེ་མཚོ་བསྡེབ་བྱ།། ཕོ་ཡི་ཕོ་དང་ཕོ་ཡི་མོ།། གཡས་སུ་བསྐོར་བ་སྔར་བཞིན་ནོ།། ཕྱི་ཡི་ཕྱི་བརྒྱད་ཕྱི་ཡི་ནང་།། སུམ་ཅུ་རྩ་གཉིས་ཕྱི་གསང་ལ།། ལེགས ་པར་བརྟགས་ཏེ་སྔགས་མཚོ་བསྡེབ།། ནང་ཕྱི་ཡི་གེ་དགོད་ཕྱུང་བ།། ནང་གི་ནང་ནི་གཡོན་བཅུ་བདུན།། ནང་གི་གསང་བ་བཅུ་བདུན་གཡས།། ཡི་གེ་དང་ནི་སྔགས་ཚིག་བཟློག། ནང་གི་གསུམ་ནི་སྔགས་ཚིག ་བསྡེབ།། གསང་གསུམ་ཕྱི་གསལ་ཡི་གེ་དང་།། སྔགས་ཚིག་རྣལ་མ་དག་ཏུ་སྟེ།། གསང་ནང་ཡི་གེ་བཟློག་པ་ལ།། ཚིག་ནི་རྣལ་མ་གཡས་སུ་བསྐོར།། གསང་བཞི་སྙིང་ལས་ཁ་བསྐང་ནས།། གསུམ་དྲིལ་གསང་བའི ་མཚོ་བསྡེབ་ཐབས།། ཡི་གེ་སུམ་ཅུ་རྩ་གཉིས་པ།། ཡ་མ་རཱ་ཛ་ས་དོ་མེ་ཡ།། ཡ་མེ་དོ་རུ་ཎ་ཡོ་ད་ཡ།། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ།། ཡི་གེ་ཉི་ཤུ་རྩ་བརྒྱད་ལ།། ཡ་མ་རཱ་ཛ་ས་དོ་མེ།། ཡ་མེ་དོ་རུ་ཎ། ་ཡོད།། ཡ་ད་ཡོ་ནི་ར་ཡ་ཀྵེ།། ཡ་ཀྵེ་ཡཙྪ་ནི་རཱ་མ།། ཡི་གེ་ཉི་ཤུ་རྩ་བཞི་པ།། ཡ་མ་རཱ་ཛ་ས་དོ།། ཡ་མེ་དོ་རུ་ཎ་ཡོ།། ཡ་ད་ཡོ་ནི་ར་ཡ། ཀྵེ་ཡཙྪ་ནི་རཱ་མ། ཡི་གེ་བཅུ་བདུན་པ་བཞིའོ།། ཡ་མ་མེ་ཏ་ཀྵེ། རཱ་ཛ་ས་དོ། རུ་ཎ ་ཡོ་ནི། ར་ཡཙྪ་ནི།། ཡི་གེ་བརྒྱད་པ་འདི་ཉིད་དོ།། ཡ་མ་རཱ་ཛ་ས་དོ་མེ་ཡ། བདུན་དྲུག་ལྔ་བཞི་གསུམ་རིམ་བཞིན།། ཡ་མ་རཱ་ཛ་ས་དོ་མེ། ཡ་མ་རཱ་ཛ་ས་དོ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ།། ཡ་མ་རཱ། བཟླས་ལུགས་བཅུ ་བསྡེབ་དང་པོ་བཞིན།། ཉི་མ་གསུམ་པ་ལ་སོགས་སྦྱར།། གཡོན་པ་བཞིན་དུ་གཡས་དེ་བཞིན།། གཡོན་པ་ཚིག་བཟློག་འབྲུ་མ་བཟློག། འབྲུ་བཟློག་ཚིག་ནི་རྣལ་མ་སྟེ།། གཡས་པ་ལ་ཡང་དེ་བཞིན ་སྦྱར།། བཟླས་ལུགས་བཅུ་ཡི་མཚོ་བསྡེབ་དངོས།། ཨོཾ་ཨ་ཀྲོ་ཏེ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཡ་མ་མེ་ཏ་ཀྵེ། རཱ་ཛ་ས་དོ།། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཕཊ་ས་མ་ཡ། ཉི་མ་དང་པོ་ནས ་བཞིའི་བར།། རྩ་བ་བཞི་སྙིང་དྲིལ་བའོ།། རྀ་རཱྀ་ལྀ་ལཱཾ། ཡ་མ་ར་ནི་ཙྪ་ཡ་ཀྵེ། གཉིས་པ་མན་ཆད་གཡོས་བསྐར་སྦྱར།། བདུན་པ་བཞི་སྙིང་གཅིག་དྲིལ་བས།། ཉི་ཤུ་རྩ་བརྒྱད་དེ་ཉིད་དོ།། ཨ་མུ་ཀ་ཀ་པ་ཡེ། རྩ་བའི ་དམ་ཚིག་ཡང་སྙིང་ངོ་།། འོད་ཟེར་བརྒྱད་ཀྱི་མཚོ་བསྡེབ་ཡིན།། ཡ་མ་མེ་ད་ཀྵེ། ཡ་མེ་ད་ཀྵེ་མ། ཡ་མ་ཀྵེ་ད་མེ། ཡ་ད་ཀྵེ་མ་མེ། རཱ་ཛ་ས་དོ། དོ་རུ་ཎ་ཡོ། ཡོ་ནི་ར་ཡ། ཡཙྪ་ནི་རཱ། རུ་བཞི་རྡོ་རྗེའི་མཚོ་བསྡེབ་བོ།། དེ ་ལྟར་བསྡེབ་པའི་འབྲས་བུ་གསུམ།། དང་པོ་བསྙེན་སྒྲུབ་གསུམ་བསྡེབ་པ།། མོ་ཡི་མོ་ནི་བསྙེན་པ་སྟེ།། མོ་ཡི་ཕོ་དང་ཕོ་ཡི་མོ།། བསྒྲུབ་པ་ཡིན་ཏེ་ཕོ་ཡི་ཕོ།། ལས་ལ་སྦྱར་བའི་མཚོ་བསྡེབ་ཡིན།། ཕྱི་ཡི་ཕྱི་དང་ནང་གི ་ཕྱི།། གསང་བའི་ཕྱི་རྣམས་བསྙེན་པའོ།། ནང་ནས་གསུམ་བསྒྲུབ་གསང་གསུམ་ལས།། འོད་ཟེར་བརྒྱད་ཀྱི་ལས་སྦྱར་བ།། ཉི་མ་བྱ་རྒོད་བཙོན་ནི་བསྙེན།། སྐྱེས་བུ་གོ་མཚོན་གཡོན་བསྐོར་བསྒྲུབ།། གོ་མཚོན་གཡས ་བསྐོར་བཙོན་ལྕགས་གཟེར།། གསེར་ཐོག་སྤུ་གྲི་བཞི་དྲིལ་བས།། བཞི་སྙིང་གཅིག་ཏུ་དྲིལ་བའི་ལས།། དེ་ལ་བཞི་ནི་བསྙེན་པ་སྟེ།། བརྒྱད་ནས་གསུམ་གྱི་བར་དུ་ཕྱེ།། གཡོན་དུ་བསྐོར་བས་བསྒྲུབ་པའོ།། བརྒྱད ་ནས་གསུམ་ཕྱེ་གཡས་བསྐོར་བ།། ཐམས་ཅད་ལས་ལ་སྦྱར་བའོ།། དབུས་སུ་ཉི་ཤུ་བསྐོར་བསྙེན་ཏེ།། ཐ་མ་བཅུ་དྲུག་བསྐོར་བསྒྲུབ་པའོ།། ལྔ་བཞི་གཡས་སུ་ཚང་བར་བསྐོར།། ལས་ལ་སྦྱར་བ་ཡིན་དེ་ལྟར།། མཚོ ་བསྡེབ་འབྲས་བུ་དང་པོའོ།། གཉིས་པ་ཕྲིན་ལས་བཞི་བསྡེབ་ལ།། མོ་ཡི་མོ་ནི་ཞི་བ་སྟེ།། མོ་ཡི་ཕོ་རྒྱས་ཕོའི་མོ་དབང་།། ཕོ་ཡི་ཕོ་ནི་དྲག་པོའོ།། ཕྱི་ཡི་ཕྱི་ནང་གཉིས་ཞི་བ།། ཕྱི་གསང་ནང་ཕྱི་གཉིས་རྒྱས་ཏེ།། ནང་གི ་ལྷག་མ་གཉིས་དབང་ཡིན།། གསང་བ་གསུམ་ནི་དྲག་པོའོ།། བཞི་སྙིང་གཅིག་དྲིལ་ཞི་བ་སྟེ།། བརྒྱད་ནས་བདུན་པ་གཡས་བསྐོར་རྒྱས།། བརྒྱད་ནས་གསུམ་དུ་ཕྱེ་བ་དབང་།། དེ་དག་གཡོན་བསྐོར་དྲག་པོའོ།། ཕྲིན ་ལས་སོ་སོའི་ཁ་སྐོང་སྦྱར།། རྩ་བ་ཉི་མ་ཙནྡྲ་ཞི།། བྱ་རྒོད་འཛུམས་འདྲ་རྒྱས་པ་སྟེ།། སྤུ་གྲི་སོ་གྲིལ་ལྟ་བུ་དབང་།། ལྷག་མ་རྣམས་ནི་དྲག་པོའོ།། ལྔ་བསྐོར་བཞི་ནི་ཞི་བ་སྟེ།། གཉིས་པ་བཅུ་དྲུག་རྒྱས་པའོ།། གསུམ་པ ་བཅུ་དྲུག་དབང་ཡིན་ཏེ།། བཞི་པ་བཅུ་དྲུག་དྲག་པོའོ།། དེ་ལྟར་འཁྲུལ་ལྔ་ཕྲིན་ལས་བཞི།། མཚོ་བསྡེབ་འབྲས་བུ་གཉིས་པ་ཡིན།། གསུམ་པ་སྐུ་གསུང་ཐུགས་བསྡེབ་པ།། མོ་ཡི་ཕོ་མོ་གཉིས་ནི་སྐུ།། ཕོ་ཡི་མོ་གསུང ་ཕོའི་ཕོ་ཐུགས།། བཞི་སྙིང་གཅིག་ཏུ་དྲིལ་བ་སྐུ།། བརྒྱད་ནས་གསུམ་དུ་གཡོན་རྣམས་གསུང་།། དེ་ཉིད་གཡས་བསྐོར་ཐམས་ཅད་ཐུགས།། ཉི་མ་བྱ་རྒོད་གཟན་འཛུམས་སྐུ།། ལྕགས་སྒྲོག་ཁྲི་མུན ་གཉིས་ནི་གསུང་།། ལྷག་མ་རྣམས་ནི་ཐུགས་ཡིན་ནོ།། འཁྲུལ་ལྔ་སྐུ་གསུང་ཐུགས་གསུམ་དུ།། མཚོ་བསྡེབ་འབྲས་བུ་གསུམ་པའོ།། གཞན་ཡང་བསྙེན་པ་ཞི་བ་དང་།། སྐུ་གསུང་རྣམས་ནི་ཡུལ་དུ་བཤད།། བསྒྲུབ་པ ་དང་ནི་རྒྱས་པ་དང་།། དབང་དང་གསུང་ནི་ཐབས་ཞེས་བྱ།། ལས་ལ་སྦྱར་དང་དྲག་པོ་དང་།། ཐུགས་ནི་འབྲས་བུར་བསྡུས་པ་ཡིན།། དེ་ལྟར་འཁྲུལ་འཁོར་མཚོ་བསྡེབ་ལ།། ངོ་བོ་ཀུན་གཞི་བག་ཆགས་དང་།། བཅས ་པ་རྣམ་དག་གཤིན་རྗེ་གཤེད།། དབྱིངས་དང་ཡེ་ཤེས་གཉིས་མེད་པའི།། ཆོས་ཀྱི་སྐུ་ཡི་དངོས་ཡིན་མོད།། སྲོག་དབུགས་མདངས་འཕྲོག་ངེས་པའི་ཚིག། དེ་ཉིད་ཀྱང་ནི་གཅོད་པ་སྟེ།། འཁོར་བས་གཅོད་ཅིང་འཁྲུལ ་པས་འཁོར།། གསང་སྔགས་བཅུ་བདུན་པ་ཡིན་ཏེ།། ཨ་ཀྲོ་ཏེ་ཀ་ཧྲཱིཿཥྚིའོ།། རོ་ལངས་མཐའ་སྡུད་དང་བཅས་པའི།། འཁྲུལ་དང་འཁོར་བ་རྣམ་གཉིས་ལས།། དང་པོ་ཕྱི་ནང་གསང་གསུམ་དང་།། རུ་བཞི་དག་ཏུ ་འཁྲུལ་པའོ།། ཕྱི་ནང་གསང་གསུམ་དངོས་ཡིག་བདུན།། རྣམ་པ་གཅིག་པོ་བཅུ་བདུན་ལས།། བཅུ་གསུམ་གཉིས་དང་ཉི་ཤུ་བརྒྱད།། བཅུ་གཉིས་གཉིས་དང་བཅུ་བདུན་ནོ།། བཞི་པོ་གཉིས་དང་བདུན་ཡིན། ་ཏེ།། གསུམ་གཉིས་ལྔ་དང་བཞི་གསུམ་ལས།། ཡ་མ་ཡ་མེ་ཡ་ད་ཡ་ཀྵེ། ཞེས་པས་ཕྱོགས་ཀྱི་དབུ་གཟུང་ནས།། གཡོན་བསྐོར་བཟླས་པ་སུམ་ཅུ་གཉིས།། དེ་ནི་གཡོན་དུ་འཁྲུལ་པའོ།། ཡ་ཀྵེ་ཡ་ད་ཡ་མེ་ཡ།། གཡས ་བསྐོར་སོ་གཉིས་གཡས་འཁྲུལ་ལོ།། ཡ་ནས་མེ་དང་ཡ་ནས་ཀྵེ།། ཡ་ནས་ཀྵེ་དང་ཡ་ནས་མེ།། དེ་ལྟར་བདུན་བསྐོར་དྲིལ་བ་ནི།། གནམ་ཐུས་བཞི་སྙིང་གཅིག་དྲིལ་བ།། ཉི་ཤུ་རྩ་བརྒྱད་དག་ཏུ་འཁྲུལ།། ཡ་ནས ་ཡོ་དང་ཡ་ནས་དོ།། ཡ་ནས་ཡོ་དང་ཡ་ནས་ད།། དྲུག་དྲུག་དྲུག་བསྐོར་དྲིལ་བ་ནི།། ལས་ཁ་བསྐང་ཏེ་ཉེར་བཞིར་འཁྲུལ།། ཡ་ནས་ཀྵེ་ར་དོ་རུ་དྲུག་བཟླས་པ།། ལས་ཁ་བསྐང་བའི་དྲུག་འཁྲུལ་ཡིན།། ཡ་ནས་ཀྵེ་ར་དོ ་རུ་ནི་རཱ་ནི།། དེ་ཡིས་མགོ་འཇུག་ལྔ་དང་བཞིར།། བསྐོར་བ་ཚིག་དྲིལ་བཅུ་བདུན་འཁྲུལ།། ཡ་ནས་ཡ་ཡི་བར་དུ་བརྒྱད།། ཉི་མ་དང་པོ་བཟླས་པས་འཁྲུལ།། ཡ་ནས་མེ་ཡི་བར་དུ་བདུན།། གནམ་ཐུས་ཡིན་ཏེ ་བདུན་དུ་འཁྲུལ།། ཡ་ནས་དོ་རུ་དྲུག་བཟླས་པ།། ལས་ཁ་བསྐང་བའི་དྲུག་འཁྲུལ་ཡིན།། ཡ་ནས་ཀྵེ་རུ་ལྔ་འཁྲུལ་པ།། བཟླས་པ་དབུས་ཀྱི་ལྟེ་བར་འཁྲུལ།། ཡ་ནས་ཛ་རུ་བཞི་བཟླས་པ།། གཉིས་པ་ཡིན་ཏེ་བཞིར ་འཁྲུལ་པའོ།། ཡ་མ་རཱ་ནི་ཤར་ཕྱོགས་ཀྱི།། ལས་སྡེབས་བཟླས་པ་གསུམ་དུ་འཁྲུལ།། དེ་ལྟར་གཡོན་གྱི་བསྙེན་སྒྲུབ་ནས།། གཡས་ཀྱིས་གསད་ཅིང་རྣམ་ཤེས་དཔྲལ།། བཟློག་པ་གཡས་བསྐོར་གཡོན་རྗེས ་དཔག། གཡས་སུ་བསྐོར་ཅིང་འཁྲུལ་པ་ཡིན།། བཅའ་གཞི་འཁོར་ལོ་སྟེགས་བུ་གཉིས།། གཞི་དང་གནག་སྤུག་བསྐོར་ཟབས་དང་།། བསྙེན་སྒྲུབ་གསང་སྔགས་ཚང་བར་དགོད།། དུར་ཁྲོད་རོ་རས ་ལེགས་པར་བཏུལ།། སྣག་ཚ་དུག་སྣ་ཚོགས་པ་དང་།། མི་ཁྱི་ར་གསུམ་གྲིར་ཤི་བའི། ཕྲག་དང་བསྲེས་པས་བྲིས་པ་རྒྱུ།། ལྕགས་དང་མི་རྐང་མི་བསད་མདའ།། དེ་ནི་སྨྱུ་གུའི་རྒྱུ་ཡིན་ནོ།། འཁོར་ལོ་རིམ་པ་བཞི་དང ་ལྡན།། ཐིག་བཞི་བཏབ་པས་རེ་མིག་དགུ།། ཕྱི་རིམ་བཅུ་གཉིས་བཅུ་དྲུག་ལ།། སུམ་ཅུ་གཉིས་དང་ལྡན་པར་བྱ།། དབུས་སུ་ཡ་མ་མེ་ད་ཀྵེ།། ཤར་དུ་རཱ་ཛ་ས་དོ།། ལྷོ་རུ་རུ་ཎ་ཡོ་ནི།། ནུབ་ཏུ་ཡོ་ནི་ར། བྱང་དུ་རཱ་ཡཙྪ ་ནི། གདུག་པའི་ཡི་གེ་བཅུ་མནན་དགོད།། ཕྱི་རིམ་དབྱངས་ཡིག་བཅུ་དྲུག་དགོད།། དེ་ཡི་ཕྱི་རིམ་ཐོད་ཕྲེང་དང་།། ཕཊ་ཀྱིས་བསྐོར་ཏེ་གཡོན་ཡིན་ནོ།། དེ་བཞིན་ཡི་གེའི་བཟླས་ལུགས་བཟློག། བསྐོར་ཕྲེང་ཐམས ་ཅད་གཡས་སུའོ།། འཁོར་ལོ་གཉིས་བྲིས་ཁ་སྦྱར་ཏེ།། སྟེང་ལ་མནན་པའི་འཁོར་ལོ་བྲིས།། འོག་ལ་བསྲེག་པའི་འཁོར་ལོའོ།། གཙོ་བོའི་སྐུར་གསལ་ལྗགས་རྡོ་རྗེ་ནི།། རྩེ་ལྔར་གདེངས་ཁོང་སེང་ཅན།། ནང་ནས ་སྔགས་དཔལ་མེ་འདྲ་བས།། གའུའི་འཁོར་ལོ་ལ་གཞུག་བྱ།། ཡང་ན་ལྕགས་སྡིག་མེ་སྟག་བཞིན།། འཕྲོས་ནས་གའུའི་དམིགས་ལ་བསྟིམ།། ཤ་ཟོས་ཁྲག་འཐུང་རུས་པ་འཆོས།། ལས་བསྒྲུབ་དུར་ཁྲོད་ཤ་རུས ་ཉབ།། ཏིང་འཛིན་དམིགས་པ་གནད་ལ་བརྡེག། འཁྲུལ་ལུགས་གོང་མའི་འཁོར་ལོའོ།། རུ་བཞིའི་འཁྲུལ་འཁོར་ལྟེ་བ་ལ།། ལྔ་སྟེ་ཕྱི་རིམ་བཅུ་གཉིས་ལ།། ཡི་གེ་བཅུ་གཉིས་ཟད་པར་བཟླས།། བཞི་བསྐོར་བཅུ་དྲུག ་དག་ཏུ་ཤེས།། དང་པོ་དབུས་སུ་འཁྲུལ་ཞིང་བསྐོར།། ཡ་ནས་ཀྵེ་དང་ཡ་ནས་མ།། ཡ་ནས་མེ་དང་ཡ་ནས་ད།། དང་པོའི་ཉི་མ་བསྙེན་པས་སོ།། རཱ་ཙ་ས་དོ། དོ་རུ་ཎ་ཡོ། ཡོ་ནི་ར་ཡ་བཅུ་གཉིས་པའོ།། ཉི་མ་གསུམ་པ ་བཞི་པའོ།། འཁྲུལ་འཁོར་སྔ་མ་བཞིན་དུ་སྦྱར།། ཡ་མ་ཀྵེ་ད་མེ། དབུས་ཀྱི་གཡས་སུ་འཁྲུལ་པ་ཡིན།། རཱ་ནི་ཙྪ་ཡ། ཡ་ར་ནི་ཡོ། ཡོ་ཎ་རུ་དོ། དོ་ས་ཙ་ར། གཡས་བསད་ཉི་མ་གཉིས་པའོ།། ཕྱི་རིམ་ཉི་མ་གསུམ་ལས ་མེད།། ཡི་གེ་ཟད་པའི་བཞི་ཚོ་བཞི།། དེ་ལ་ལྟོས་ནས་རུ་བཞིར་བཤད།། དེ་ནི་འཁོར་ལོ་བཅས་པ་ཡི།། དེ་ནས་དཀྱིལ་འཁོར་བཅའ་གཞི་ནི།། གནས་ནི་དུར་ཁྲོད་སྐྱི་གཡའ་དང་།། ཤན་དམར་རི་དང་ཆུ་གླིང ་དང་།། རྐང་གཅིག་བྲག་ནག་རི་བོ་དང་།། དེ་ལ་སོགས་པ་དྲག་པོར་བསྒྲུབ།། རོ་དང་རོ་ཟས་རོ་གོས་སོགས།། སྟག་གཟིག་གཡི་སྦྱང་ལུང་སྡེ་དང་།། ཅེ་སྤྱང་སྦྲང་བུ་ཏྲེ་ལ་སོགས།། དེ་དག་གནས་སར་དཀྱིལ་འཁོར ་བཅའ།། ས་ནི་ལུང་ཤུལ་དག་ནས་བླང་།། གྲུ་གསུམ་རྡོ་རྗེ་ཟླ་ཁམ་ལ།། འཁོར་ལོ་རྩིབས་བརྒྱད་དག་གིས་བསྐོར།། སྒོ་བཞི་མུ་ཁྱུད་བཞི་དང་ལྡན།། གྲུ་གསུམ་རྩེ་ལ་རྡོ་རྗེ་བྲི།། དགྲ་བགེགས་མིང་རུས་ཆ་རེ ་གཟུག། ཟླ་ཁམ་བཅའ་ལུགས་གསུམ་གྱི་རྟེན།། འཁོར་ལོའི་རྩིབས་ལ་གཤེད་ཆེན་དགོད།། རྩིབས་བརྒྱད་ཕྱོགས་སུ་གཤིན་རྗེའོ།། ཕྱག་མཚན་བེ་ཅོན་ལ་སོགས་དགོད།། སྒོ་བཞི་ལ་སོགས་གནས ་རྣམས་སུ།། ཅི་རིགས་པར་ནི་ལྷ་རྣམས་དགོད།། ལས་ཀྱི་ཁ་ཚར་བསྟན་པ་ནི།། ཨ་ཀྲོ་བཅུ་བདུན་སྐུ་ཡི་སྔགས།། ཧྲཱིཿཥྚྲྀཿབཅུ་བཞི་ཐུགས་ཀྱི་སྔགས།། ཀཱ་ལ་བརྒྱད་ནི་གསུང་གི་སྔགས།། ས་མ་བཅུ་ནི་ཡོན ་ཏན་ནོ།། ཕྲིན་ལས་གཡོན་གྱི་བཞི་སྙིང་དང་།། རྩ་བ་ཕྱི་ནང་གསང་བ་གསུམ།། འོད་ཟེར་བརྒྱད་དང་རུ་བཞིའོ།། ཕྱི་ནང་གསང་བ་གནས་གསུམ་དང་།། གནམ་ཐུས་འབྲུ་དེད་གཉིས་ཀ་ལ།། གཡོན་གྱི་ལས་ཀྱི་དུས ་སུ་ནི།། ཨ་མོ་ཀ་བྷ་མ་རཀྟ་མུར་ཙ་མཱ་ར་ཡ། ཞེས་པ་གཡུ་སྦྱང་གདགས་པར་བྱ།། གཡས་བསད་པ་ལ་ཀ་བ་ཡེ།། གདགས་བྱ་ཕྱི་མ་གཡོན་གྱིས་འདྲེན།། ཕྱི་ནང་གསང་གསུམ་འོད་ཟེར་བརྒྱད།། རུ་བཞི་རྣམས་ནི ་རང་གཞུང་སྟེ།། འབྲུ་དེད་གཡོན་བསྐོར་རུ་ཁུགས་ཆུང་།། གཡས་བསྐོར་འབྲུ་དེད་རུ་ཁུགས་ཆེ།། གནམ་གཅིག་འདུ་ཅརྦ་རུ་གཡས་བཞིར་དེད།། གཡས་སུ་ཉེར་བརྒྱད་ཆེན་པོ་ཆེ།། ལས་ཀྱི་ཁ་སྐོང་རོ་ལངས ་སྔགས།། ཨོཾ་དུ་རུ་ས་མ་ར་ཙ་ནི། རྩ་བའི་དམ་ཚིག་ཡང་སྙིང་སྔགས།། སྔར་བཞིན་དུ་ནི་སྐད་བཅུར་འགྲོས་དང་ཡང་པར་བྱ།། ཨོཾ་དུར་ས་ཀྵེ་ཡ་ར་ནི།། ཨོཾ་དུ་ར་ས་ཡོ་ན་རུ།། ཨོཾ་དུ་ར་ས་མེ་དོ་ས་ཛ། སྔགས་མཇུག་རྣམས་ནི ་སྔར་བཞིན་སྦྱར།། ཨར་གཏད་ཐབས་ཀྱི་སྒོ་བཞི་ནི།། ཡ་མ་ར། ཡ་མེ་དོ། ཡ་ད་ཡོ། ཡ་ཀྵེ་ཡ། མཐའ་སྡུད་སྔར་བཤད་བཞིན་དུའོ།། ཡ་མ་རཱ་ཛ་ས་དོ་མེ། མེ་དོ་རུ་ཎ་ཡོ་ད། ད་ཡོ་ནི་རཱ་ཡ་ཀྵེ། ཀྵེ་ཡ་ཙྪ་ནི་རཱ་མ། ་མཇུག་གསུམ་སྔར་བཞིན་སྦྱར་བར་བྱ།། ངན་སྔགས་མཚོ་བསྡེབ་བདུན་བསྟན་པ།། དང་པོ་གཟིར་བའི་ལས་བྱ་སྟེ།། ཡུངས་ཀར་ལྕགས་ཕྱེས་བྲབ་ཅིང་འདིས།། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧྲཱི་ཤྲཱི་མཉྫུ་ཀཱ་ལ་རཱུ་པ། ཨ་མུ ་ཀཾ་དགྲ་བགེགས་ཧྲཱིཿགྷྲྀཿཀ་བ་ཡེ། ཏྲྀ་ན་ཨ་ཏེ་ཨ་ཏེ། ཁྲིའམ་འབུམ་གྱིས་ཁུགས་ཆེན་བཟླས།། དེ་ཡང་ཆུངས་ན། ཨོཾ་ཨ་ཀྲོ་དྷེ་ཀ་ཡ་མནྟ་ཀ་ཤྲཱི་མཉྫུ་ཀ་ལ་རཱུ་པ་དགྲ་བགེགས་ཧྲཱིཿཥྚྲྀཿ་མུ་ཀ་ཀྲི་ན་ཨུ་ནེ་ཨུ་ནེ་ཨུ་ནེ། ཨུ་ཨུ ་ཨུ། སི་ད་ཡེ་བྱ་ཙ་ཡེ། དུ་རུ་ཡེ། ཙི་ཏྲ་ཡ། ཧ་ལ་ཡེ། མྱགས་ཐུམ་རི་ལ་རྦད། སྟོང་ངམ་ཁྲི་བཟླས་གཟིར་བར་བྱ།། དབྱེ་བ་གསུམ་ནི་ལྷ་ལྔ་སྟེ།། འཚེ་བྱེད་མགོན་བྱེད་སྐྱོབ་པར་བྱེད།། གྲོགས་བྱེད་སྲུང་བར་བྱེད་པ ་ཡི།། ཡུལ་ལྷ་ཕོ་ལྷ་དགྲ་ལྷ་དང་།། མ་ཡི་ལྷ་དང་སྲོག་གི་ལྷ།། གཡག་དགར་ཡུལ་ལྷའི་རྟགས་ཡིན་ཏེ།། ཡུགས་སའི་ཞབས་མ་བསྲེགས་ལ་སྐད།། པེ་ཏི་ཤ་ཡ་ཕཊ་ཞེས་པ།། ཧྲཱིཿཥྚྲྀཿབཅུ་པ་དེ་ལ་གདགས།། ཞང་བློན ་བྱུང་ན་ཕོ་ལྷ་སྟེ།། གླང་རོག་རྭ་བསྲེག་སྔར་བཞིན་དབྱེ།། ཁྭ་སྤྱང་དགྲ་ལྷའི་རྟགས་ཡིན་ཏེ།། ཚིལ་ཆེན་ཁྱི་ལུད་བསྲེག་པས་དབྱེ།། བུད་མེད་རི་དྭགས་མོ་ལྷ་སྨན། ར་དང་ཏིལ་ནག་རྟ་བོན་པོ།། བསྲེགས་ཏེ་མོ་ལྷ་དང ་དབྱེ་བཟླས།། ཏིང་འཛིན་མི་གསལ་སྲོག་ལྷས་བགེགས།། ཏིལ་ནག་གུ་གུལ་སྦྱར་བས་བདུག། སྔར་གྱི་སྔགས་ཀྱི་གང་ཡིན་པ།། ཕྱེ་ཞིག་ཅེས་བཏགས་སོ་སོར་དབྱེ།། རིགས་ཀྱི་གཉེན་དང་དབྱེ་བ ་ནི།། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙྪ་ནི། ཕ་ཁུ་བུ་དང་ནུ་ལ་སོགས།། ཕོ་ཏི་ཤ་ཡང་ཆེ་གེ་མོ་ཕྱེ་ཕཊ། རུས་གཉེན་དང་ནི་དབྱེ་བའོ།། ཡ་མ་ཀྵེ་ད་མེ་ཞེས་པ།། གཡས་བཟློག་མ་དང་སྲུ་མོ ་དབྱེ།། དགུག་པ་ཉི་མ་དང་པོ་ལ།། ཡ་མ་རཱ་ཛ་ས་དོ་མེ་ཡ། ནརྀ་ཨཱ་ཀཪྵ་ཡ་ཧཱུཾ་ཛ། གཉིས་པ་ལ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཨཱ་ཡུརྞྞ་ན་ཨཱ་ཀཪྵ་ཡ་ཧཱུཾ་ཛ། གསུམ་པ་ལ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཏི་ཡ་ནརྀ་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ་བཞི་པ་ལ། ཡ་ཀྵེ་ཡ་ཙཱ་ནི། རཱ་མ་ཡ། རཱུ་པ་སྐནྣ་ཧཱུཾ་ཛ། ཞེས་པས་རིམ་བཞིན་དགུག་པར་བྱ།། བླ་རྟགས་ཉམས་སུ་བླང་བ་ནི།། ཤ་བའི་བླ་དང་ལུག་དང་གཉེན།། ཕག་གི་བླ་དང་བྱི་ལ་དང་།། གཡག་དང་བ་གླང་རྟ ་དང་གླ།། ར་ཡི་བླ་ཞེས་རབ་ཏུ་གྲགས།། སྲོད་ལ་ཤ་བ་ནམ་ཕྱེད་གཉིས།། ཐོ་རང་ཉི་མ་ཕྱེད་ལ་སྟེ།། གཉིས་ནི་སྲོད་དང་རྟ་ནི་གུང་།། ར་ནི་ཉི་མ་ནུབ་ཀར་རྒྱུ།། དེ་ནས་བླ་སྔགས་བསྟན་པ་ནི།། ཡ་མ་རཱ་ཛ་ས་དོ ་མེ།། བཛྲ་ཀཱི་ལི་ཀཱི་ལ་ཤ་ཏྲི་ཤ་ཏྲི། པ་ཏ་ཀཱི་ལ་ཡ། མཱ་ར་ཡ་ཧཱུཾ་ཕཊ། ཡ་མེ་དོ་རུ། ཎ་ཡོ་ད། བཛྲ་ཀཱི་ལ་ཡ། མུ་རུ་ཀཱི་ལ་ཡ། མཱ་ར་ཡ་ཧཱུཾ་ཕཊ། ཡ་ད་ཡོ་ནི། ར་ཡ་ཀྵེ། བཛྲ་ཀཱི་ལ་ཡ། ཀུ་རུ་ཀུ་རུ། ཀཱི་ལི་ཀཱི་ལ་ཡ། མཱ་ར ་ཡ་ཧཱུཾ་ཕཊ། ཡཀྵེ་ཡ་ཙྪ་ནི་མཱ་ར་ཡ། ཨོཾ་ཀཱི་ལི་ཀཱི་ལ་ཡ། ཐུ་མ་མཱ་ར་ཡ་ཐཱ། ཀི་ལི་ཀཱི་ལ་མ་ར་ཎི་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྚྲྀཿབི་ཀྲི་ཏཱ་ན་ན་བཛྲ་ཀཱི་ལི་ཀཱི་ལ་ཡ།། རུཾ་རུ་རུཾ་རུ། ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྚྲྀཿབི་ཀྲི་ཏཱ་ན་ན ་ཧཱུཾ་ཕཊ། བཛྲ་ཀི་ལི་ཀཱི་ལ་ཡ་མཱ་ར་བ་ར་ཤུ། ཏ་ན་ཏ་ན། པ་ར་པ་ཏ་ཡ། ཀཱི་ལི་ཀི་ལ་ཡ། མ་ར་ཎི་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྚཽ་བི་ཀྲི་ཎཱ་ན་ན་ཧཱུཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། རོ་ཏི་རོ་ཏི་ཤོ་བ་ར་ཡ། ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་ཕཊ། ་བླ་རྣམས་གཟུགས་ལ་ཕྱིར་བྲབ་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤྲེ་ཏྲ་ཀུ་ཀུང་ལ་ཡང་ཧཱུཾ་ཕཊ། ཏྲི་བཛྲ་མཱ་ར་ཡ་ཧཱུཾ་ཕཊ། དེ་རྣམས་ཀུན་ལ་རེ་རེ་ལ།། བདུན་བདུན་བཟླས་ཤིང་དུས་བཞིར་གདབ།། དེ་ནས་ཐུན་གྱིས ་བརྡེག་པ་ནི།། བྱང་ནས་ལྷོར་བལྟས་ས་གསུམ་ལ།། ལིངྒ་འམ་ནི་འཁོར་ལོར་བརྡེག། བྱང་གི། ཡ་མ་རཱ་ནི་ཙ་ཡ་ཀྵེ་ཡ། ཨ་མུ་ཀ་ཆེ་གེ་མོའི་སྙིང་བམ་རི་ལ་རྦད་ཡ། ནུབ་ཀྱི་ཡ་ཀྵེ་ཡ་ར་མི་ཡོང་ཡ། ཨ་མུ་ཀ་ཆེ་གེ་མོ་ཤ ་ཏཱཾ་ས་པ་མུ་ཏོ་རྦད་ཡ། ལྷོའི་ཡ་ད་ཡོ་ཎ། རུ་དོ་མེ་ཡ། ཨ་མུ་ཀ་ཆེ་གེ་མོ་ར་ཡ། ཁྲག་ཏུ་རྦད་ཡ། ཤར་གྱི་ཡ་མ་དོ་ས་ཛ་རཱ་མ་ཡ། ཨ་མུ་ཀ་ཆེ་གེ་མོ་མོ་ག་ཡ་ཁྲག་ཏུ་རྦད་ཡ། ཐུན་བརྡེག་པའི་སྔགས་ཡིན་ནོ།། དེ་ནས་ཕུར ་པས་གདབ་པ་ནི།། གཙོ་བོ་གཤེད་ཀྱི་སྐུར་བསྒོམས་ལ།། ཨོཾ་ནརྀ་མཱ་ར་ཡ། མཱ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག་ཚལ་པ་བཾ་རི་ལ། དུཾ་བུ་དུཾ་བུ། དགྲ་བགེགས་མཱ་ར་ཡ་ཛ། ཨོཾ་ནརྀ་མཱ་ར་ཡ་ནཾ། བྷིན་བྷིག་མ་ན་ཡང་ཡ་ཏ་ཀི་ར་ཙ། ་བེ་ཏཱ་ལི། ཀྲོ་དྷཱི་ཤྭ་རཱི། སྙིང་ཁྲག་ཆོད། རྩ་ལ་འཇིག། ཁྲག་ལ་རྔུབས། ཀི་ལི་ཀཱི་ལ་ཡ། བཾ་རི་ལ་རྦད། ཡ་མ་རཱ་ཛ་ས་དོ་མེ། སྙིང་ལ་མེ་དུན་བྷྱོ། ཡ་མ་དོ་རུ་ཎ། ཡོ་ད་སྙིང་ལ་མེ་དུན་བྷྱོ། ཀི་ལི་ཀི་ལ་ཡ ་རྦད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་སྙིང་ལ་དུན་བྷྱོ། ཀཱི་ལི་ཀཱི་ལ་ཡ་རྦད་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་སྙིང་ལ་དུན་བྷྱོ། ཀཱི་ལི་ཀཱི་ལ་ཡ་རྦད་ཡ། སྔགས་དང་ཕུར་པའི་ཐུན་གྱིས་བརྡེག་ཁྱད་པར་ལས་ཀྱི་འཁྲུགས་བསྡེབ ་ནི།། སྡེ་བརྒྱད་སྤྱི་བསྒྲུབ་ཡང་སྙིང་བགྲང་།། རྟགས་བྱུང་གསུམ་མམ་ལྔ་ནས་ནི།། གང་བྱེད་བགྲད་སྟེ་བཟློག་པའོ།། དང་པོ་རྩ་བའི་ཡི་གེ་གསུམ།། དེ་ནས་རྩ་བའི་སྐུར་བསྐྱེད་དེ།། དེ་ཡང་མནན་ན་ལྔ་པ་བཟླས།། ་མཚན་སྔགས་སྔོན་དུ་ཡང་བྱུང་འདི་མཚན་བུ་གང་གི་ཡིན་མ་ངེས།། དེ་ནས་རྩ་བའི་སྙིང་པོ་སྟེ།། ཀུན་གྱི་ཐུན་མོང་མཐུན་པར་བསྒྲུབ།། དབང་དུ་བསྡུ་ཞིང་དམ་ཚིག་བསྟན།། ཕྲིན་ལས་བཅོལ་ནས་དགུག་བྱ་སྟེ།། བླ་དང་རང་གི་སྙིང ་པོ་བཟླས། ཁུགས་ནས་གང་ཡིན་ལས་ལ་སྦྱར།། སྔགས་འཁྲུགས་སྡེབས་ཀྱི་ལས་བྱ་བ།། རྩ་བ་བསྐྱེད་རྒྱུད་དགོད་པར་བྱ།། སྲོག་གི་སྙིང་པོ་དྲང་བ་སྟེ།། མཆོད་པ་རྩ་བའི་སྙིང་པོའོ།། དབང་དུ་བྱ་བ་དབྱངས་ཡི ་གེ།། དམིགས་པ་ཉེ་བའི་སྙིང་པོའོ།། མི་འདའ་བ་ནི་དམ་ཚིག་སྟེ།། ལས་གང་བསྒྲུབ་པ་དེ་ཉིད་དོ།། སྔགས་ཀྱི་འཁྲུལ་ནི་རྩ་བ་དང་།། དམ་ཚིག་ལས་སྦྱར་སྙིང་པོ་དང་།། ཡང་སྙིང་རྣམས་ནི་མགོ་བོར ་བགྲང་།། མཇུག་ལ་གདབ་པ་ཀུན་ལ་བརྡེག། གྲངས་མང་ཉུང་ནི་རྟགས་མཚན་དང་།། དམ་ཚིག་སྔགས་དང་དབྱངས་ཡིག་སྔགས།། རྩ་སྔགས་མགོ་མཇུག་ཁྱབ་པར་གདབ།། འཁྲུལ་འཁོར་སྔགས་ཀྱིས་འཁྲུལ་པ ་ནི།། སྤྱི་དང་སོ་སོ་གང་བསྒྲུབས་ཀྱང་།། ཕྱི་ནང་གསུམ་དུ་སྐུ་གསུང་ཐུགས།། ཉིན་པར་ཡ་ཡ་ཡང་ཨ་ཧྲི་ཡིས་དྲང་།། མཚན་མོ་མ་ཨ་ཨེ་ཧི་ཡང་ཧྲི་ཡིས་དྲང་།། དེ་ཡང་མཚན་རྟགས་བཟང་ངན་སྦྱར།། ཉེ་བར་མ་གྱུར་སྒྲིབ ་སྦྱངས་བཤགས།། བསྐང་དང་བཟླས་པ་དྲག་ཏུ་བྱ།། བྱ་ནག་བྱུང་ན་ཚུར་ལོག་རྟགས།། མྱུར་དུ་བཟློག་པའི་སྙིང་པོ་བཟླས།། ཆོ་འཕྲུལ་ཆེན་གཉེན་པོ་གཏང་།། དེ་ཡང་ལས་ལ་མི་འགྲོ་ན།། དབང་དུ་བསྡུ་ཞིང་རེ་རེ ་བགྲང་།། གྲུབ་རྟགས་བྱུང་ན་དམ་ཚིག་དང་།། དབང་དང་ཡང་སྙིང་སུམ་སྦྲེལ་བཟླས།། ཉན་པར་གྱུར་ན་ཕྱག་རྒྱ་བསྟན།། དམ་ཚིག་བསྲེ་ཞིང་ཕྲིན་ལས་བཅོལ།། རཀྟ་སྟབས་ལ་སྲོག་སྙིང་ཕྲོག། ལྡོག་མེད་འགྱུར ་ནས་བསད་གསོ་དང་།། དགེ་སྡིག་ལས་ཀྱི་དབང་བསྐུར་ཏེ།། དེ་ནས་གང་བཅོལ་ཕྲིན་ལས་འགྲུབ།། ལས་སྔགས་བཟླས་ཤིང་ཕྲོས་པས་སྒྲོལ།། སྤྱིར་བསྟན་ཕན་གནོད་གང་བྱེད་ཀྱང་།། རྩ་བ་དམ་ཚིག་ཡང་སྙིང ་ལས།། བཞི་སྙིང་དྲིལ་བ་ལ་སོགས་པའི།། གང་དམིགས་དེ་ལས་འཕྲལ་རྟགས་འབྱུང་།། མཇུག་ཏུ་ལས་སྦྱོར་མཐའ་བསྡུ་བ།། གོང་འོག་གང་འོས་བླང་ཞིང་སྤྱད།། དམ་ཚིག་སྤྱི་དང་བྱེ་བྲག་དང་།། གཞི་དང་གཉེན ་བཞི་ལ་སོགས་པ།། སྤྱི་གསུམ་དགུ་དྲུག་ཚངས་པར་སྤྱད།། གདོང་མོ་བཞི་ཡང་སྟོང་པའི་གཞི་ལ་སོགས་པ་ལ།། ལས་མཐའ་སུམ་ཅུ་ཚང་བ་དང་།། དགུག་དང་དབྱེ་དང་བསྐྲད་པ་དང་།། དགར་དང་གཏོང ་དང་རྨོངས་པ་དང་།། སྨྱོ་འབྲོས་ལ་སོགས་ལས་ཚད་སྤྱད།། མོན་མོ་ཤེལ་མིག་མ་ཡི་སྔགས།། ཆོ་འཕྲུལ་ཐུན་ཟོར་ལས་ལ་བསྔགས།། བསད་པའི་ལས་དགུ་ཉི་ཤུ་གཉིས།། བཅུ་བདུན་གསུམ་སོགས་གང་བྱེད ་ཀྱང་།། དང་པོ་རྩ་བས་སྐུ་བསྐྱེད་བྱ།། སྐུ་རྫོགས་བསྒྲུབ་གཞུང་སོ་སོ་དང་།། གསུམ་མམ་ལྔ་རུ་བསྙེན་པ་གཟུག། ལས་གྲུབ་རྟགས་བྱུང་ལས་བཞི་སྤྱད།། དམ་ཚིག་རྩ་བ་ལས་སོ་སོ།། ཡང་སྙིང་ལས་སྔགས་དྲིལ་ལ ་བཟླས།། ཡ་ནི་གཤིན་རྗེ་མ་མ་མོ།། ར་ནི་སྲིན་པོ་ཀྵེ་གནོད་སྦྱིན།། ནི་ནི་དྲང་སྲོང་ས་ས་བདག། ཏྲི་ནི་ཐེ་འགོང་ཨོཾ་ཡེ་ཤེས།། ཨོཾ་ཧཱུཾ་ཕཊ་གསུམ་ལྷུན་གྱིས་གྲུབ།། ཡ་དང་རྦད་ནི་གསད་པ་ཡིན།། ཛཿའགུགས་མཱ་ར་ཡ ་གསད་པ།། མི་འབྱེད་ར་གློག་སའི་བསྒྲུབ་པ།། སྭཱ་ཧ་མཆོད་པ་ཞི་རྒྱས་ཏེ།། ཨ་ཨི་ཨུ་འགུགས་དབང་དུ་སྡུད།། ཨེ་བསྐྱེད་ཨོཾ་རྒྱས་ཨོཾ་ཁྱབ་ཞིང་།། ཡ་ཨ་ཧྲཱིཿམ་ཨི་ཏི། ཨོཾ་བ་གཱི་ཤྭ་རི་མྲྀ། ཨ་ནརྀ་སུ་ཏྲི་པྲེ་དུ། རྣམ་པར ་ས་པ་རླུང་འདྲ་བའི།། ལྕགས་ཀྱུའི་རྣམ་པས་བཀུག་ནས་ཀྱང་།། སྲིན་བུ་མེ་ཁྱེར་འདྲར་བཅུག་སྟེ།། མྱུར་བུལ་མ་གསལ་འབྱམས་པ་དང་།། ངན་དང་འདྲེས་དང་ལྷག་ཆད་དང་།། སྣ་ཚོགས་གཡེང་བའི་སྐྱོན་སྤངས ་ཏེ།། བསྒྲུབ་པར་བྱ་བ་ཐབས་ཡིན་ནོ།། འཁྲུལ་འཁོར་ལྡེ་མིག་ཁ་སྐོང་ཡིན།། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། དབང་གི་རྒྱལ་པོའི་སྐུར་གྱུར་ནས།། སྐྱེ་བོ་འདོད་ཆགས་ཅན་དོན་དུ།། གསུང་གི་བསྒྲུབ་པ་རབ ་བསྟན་པ།། དབང་གི་རྒྱལ་པོ་རྣམ་པ་གཉིས།། འཁོར་བ་པ་དང་མྱ་ངན་འདས།། དོན་དམ་ཀུན་རྫོབ་སྣང་བ་ལ།། གནས་ལུགས་གཤིས་ཀྱི་རང་བཞིན་དང་།། གདུལ་བྱ་ཐབས་ཀྱི་སྣང་བའོ།། ཐོག་མ་ཆོས་རྣམས་མ ་ལུས་ཀུན།། ཡང་དག་བདེན་པ་དེ་བཞིན་ཉིད།། མ་ནོར་མ་བཅོས་མ་བཙལ་བ།། མ་སྐྱེས་མ་འགགས་མ་དམིགས་པའི།། སྙིང་པོ་བྱང་ཆུབ་སེམས་ཀྱི་ངང་།། འཁོར་བའི་སྐྱོན་གྱིས་མ་གོས་ཤིང་།། ཡོན་ཏན་གྱིས་ཀྱང ་མ་རེག་པ།། རྣལ་མ་རང་བྱུང་མཚན་ཉིད་བྲལ།། བརྗོད་མེད་བསམ་འདས་ཆོས་ཀྱི་སྐུ།། བྱང་ཆུབ་ཆེན་པོ་དེ་ཉིད་དོ།། བསྒྲུབ་ཏུ་མེད་དེ་མཐོང་དུ་ཡོད།། བཙལ་དུ་མེད་དེ་རྟོགས་སུ་ཡོད།། བསྒྲུབ་ཏུ་མེད་དེ་སྣང་དུ ་ཡོད།། གནས་ལུགས་དོན་གྱི་རྟ་མགྲིན་ཡིན།། ཐབས་ལ་ཕྱི་ནང་གསང་བ་གསུམ།། སྒྲུབ་བྱེད་གང་ཟག་བློ་ལྡན་ཡིན།། ཤེས་རབ་དམན་པ་རྣམས་ཀྱིས་ནི།། བླ་མ་བཀུར་ཞིང་དབང་བླངས་ཏེ།། གསང་བ་ཆེན་པོའི ་སྣོད་རུང་བྱ།། ཤེས་རབ་སྒྲོན་མའི་དོན་གྱིས་བསྟན།། གཞི་ལམ་འབྲས་བུར་ཡིད་ཆེས་བྱ།། ཀུན་རྫོབ་ཙམ་དུ་སྣང་བ་ནི།། དྲི་མེད་སེམས་ནི་གཙང་མའི་རྒྱུ།། བལྟ་བ་ཏིང་འཛིན་དེ་ཡི་རྐྱེན།། མནྟ་མ་ཧཱ་མུ་དྲ་ཡིན་ནམ་མུནྡ ་འབྲས་བུ་བསྟན།། གནས་ནི་དབེན་གནས་པས་མཐའ་སོགས།། ནུབ་ཏུ་ཕྱོགས་པའི་ཉམས་དགའ་ཞིང་།། དམར་གསལ་ཟླ་བ་ཁམ་པ་འདྲ།། མེ་ཏོག་དམར་པོས་བརྒྱན་ཅིང་སྤྲས།། དབང་དང་ལྡན ་པའི་རྟགས་ཐོབ་ཅིང་།། ཡོན་ཏན་ཕུན་ཚོགས་གནས་དེ་རུ།། བརྟག་དང་བསླང་དང་སྦྱང་བ་དང་།། གཟུང་དང་བདག་གིར་བྱ་བ་ཡིས།། ས་ཡི་ཆོ་ག་བྱིན་བརླབ་བྱ།། ས་ཡི་བདག་པོ་མཉེས་བྱས་ནས།། བར་ཆད ་བགེགས་བསལ་ཕྱི་མཚམས་བཅད།། བསོད་ནམས་ཚོགས་བསགས་ལས་ལ་འབད།། ཞི་བའི་ལས་ཀྱིས་བཤགས་སྦྱང་བྱ།། ཕྱི་ནང་གསང་བའི་རྫས་བསགས་ཏེ།། བྱིན་གྱིས་བརླབ་པ་རྒྱ་ཆེར་བྱ།། བསྙེན་པའི ་མཆོད་པའི་ལས་གཞི་ལ།། ཙན་དན་དམར་དང་རཀྟ་དང་།། དབང་ལ་ཤིས་པའི་བྱུག་ཅིང་བརྒྱན།། ནུབ་ཏུ་ཁ་བལྟས་གོས་དམར་བགོ། ཏིང་འཛིན་ཤེས་རབ་དང་བཅས་པས།། རྒྱུད་དག་ཕྱི་ནང་གསང་གསུམ ་ལྡན།། ཚད་མེད་བཞི་ལྡན་བསྒོམ་པ་ནི།། གདོད་ནས་གྲུབ་དང་རྟོགས་པ་གཉིས།། དང་པོ་གཞིར་གནས་རྟོགས་པ་བསྒྲུབ།། རང་བྱུང་ཡེ་ཤེས་ཉི་མ་དེ།། རྣམ་རྟོག་སྤྲིན་བསྒྲིབས་ཉོན་མོངས་ཆར།། དུག་ཆུར་བབ་པའི ་རྒྱ་མཚོ་ལས།། བག་ཆགས་གཞིར་བཅས་ལས་རྣམས་ཀྱིས།། མྱུ་གུ་རྒྱས་ཏེ་ཕུང་པོ་ལྔ།། འབྲས་བུར་སྨིན་པ་བཟློག་པའི་ཕྱིར།། ཏིང་འཛིན་མ་ནོར་དེ་བཞིན་ཉིད།། སེམས་འོད་ཡེ་ཤེས་རླུང་གི་མཐུས།། སྤྲིན་སྦྱང ་མཁའ་ལ་ཉི་མ་ཤར།། སེམས་རྟོག་ཡེ་ཤེས་ཆོས་སྐུར་སྣང་།། བདེ་ཆེན་ལྷུན་གྲུབ་ཀུན་ཏུ་འོད།། སྟོང་ཉིད་ཡེ་ཤེས་གོ་ཆ་ཡིས།། སྙིང་རྗེ་ཀུན་སྣང་ཏིང་ངེ་འཛིན།། སེམས་ཅན་སྡུག་བསྔལ་རྒྱ་མཚོ་དེ།། ཡེ་ཤེས་ཉི་འོད ་འབར་བས་བསྐམ།། ཐམས་ཅད་སྙིང་པོར་ཡོངས་བསྒྲལ་ཏེ།། ལས་དང་ཉོན་མོངས་དྲི་མ་རྣམས།། ཐུགས་རྗེ་ཆུ་བོའི་རྒྱུན་གྱིས་བཅུས།། ཆགས་མེད་པདྨ་ཅན་གྱི་ས།། ལོངས་སྤྱོད་རྫོགས་སྐུ་འགག་པ་མེད།། གསལ ་བྱེད་ཡེ་ཤེས་གོ་ཆ་རྫོགས།། དེ་ཉིད་རང་ལ་རང་སེམས་དངོས།། བསྐྱེད་རྒྱུ་ཡི་གེ་དམར་གསལ་ཧྲཱིཿ། ཐོང་གཤོལ་གྱིས་ནི་ཞིང་ལ་རློག། འོད་ཟེར་འཕྲོ་འདུའི་རླུང་གིས་ནི།། བག་ཆགས་རྣམ་རྟོག་མ་ལུས་གཏོར།། རྒྱུ ་ཡིག་འཁོར་ལོ་ཚོགས་ཆེན་ལ།། ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུ།། བྱེ་བྲག་རྟོགས་པའི་གོ་ཆ་བགོས།། དེ་ལས་ཐུགས་ཀྱིས་ཕྱག་རྒྱ་འཕྲོས།། འབར་བའི་མེ་ཡིས་ཉོན་མོངས་བསྲེག། འཕྲོ་འདུ་བྱིན་རླབས་ཤར་བ ་ཡིས།། མངོན་པར་བྱང་ཆུབ་བླ་མའི་ས།། མཉམ་པ་ཉིད་ཀྱི་གོ་ཆ་བགོས།། ཕྱག་མཚན་འཕྲོ་འདུ་རྡོ་རྗེའི་སྐུ།། ཕུང་པོ་གདོས་པའི་སྒྲིབ་བཅོམ་ནས།། སྐུ་ཡི་ཕྱག་རྒྱ་ཡོངས་རྫོགས་གསལ།། ས་ནོན་རྡོ་རྗེའི་སྐུ་ཐོབ ་པས།། ནན་ཏན་ཡེ་ཤེས་གོ་ཆ་བགོས།། དེ་དག་ཐབས་དང་ཤེས་རབ་ལས།། གཙོ་བོ་ཡབ་ཡུམ་སྐུར་སྣང་བ།། རྒྱལ་ཐབས་སྤྱི་བླུགས་རང་རིག་རྩལ།། མ་འགགས་སྦྱངས་པ་ཐོབ་བྱས་ལ།། འབྲུ་གསུམ་གྱིས་ནི་དུག ་གསུམ་སྦྱང་།། དེ་ལས་གནས་པའི་སྐུ་གསུང་ཐུགས།། འོད་སྲུང་གིས་ནི་ལས་གཉིས་བསྒྲུབ།། སྦྱངས་ཤིང་མཉེས་པ་དེ་བསྒྲུབས་ནས།། སྐུ་ནི་གཟི་བརྗིད་སྤྲིན་ཕུང་རོལ།། གསུང་གི་ཡན་ལག་འབྲུག ་སྟོང་ལྡིར།། ཐུགས་ནི་སྤྲོས་བྲལ་ལྷུན་གྱིས་གྲུབ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། འབྲུ་ལྔ་འཕྲོ་འདུའི་འོད་ཀྱིས་ནི།། རྒྱུད་སྦྱང་མཉེས་པའི་ལས་ཀྱིས་ནི།། རིགས་ལྔ་སངས་རྒྱས་ཡེ་ཤེས ་ལྔ།། རང་བཞིན་གྲུབ་པའི་དབང་བསྐུར་བྱ།། ཨོཾ་མ་ཧཱ་ཤཱུནྱ་ཏ་ཛྙཱ་ན་ཨཱ་དཪྴ་ཛྙ་ན། པྲ་ཏྱ་བེ་ཀྵ་ཎ་ཛྙཱ་ན། ས་མནྟ་ཛྙཱ་ན། ཀྲྀ་ཏྱཱ་ནཱ་ཥྚཱན་ཛྙཱ་ན། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་སྤྲུལ་པའི་དཀྱིལ་འཁོར་དབྱུང་།། བྱིན་གྱིས ་བརླབ་ཅིང་བརྡ་ཡིས་བསྐུལ།། བྱང་ཆུབ་སེམས་ཀྱི་འོད་ཟེར་སྤྲོས།། གཉིས་མེད་དགྱེས་པའི་སྦྱོར་བ་ལས།། བྷྲཱུཾ་འཕྲོས་པ་ལས་གཞལ་མེད་ཁང་།། ཕོ་བྲང་ཟླ་ཁམ་དབང་གི་དབྱིབས།། འཁོར་ལོ་ཁྱམས་དང་སྒོ་བཞིར ་བཅས།། སོ་སོའི་གནས་སུ་གདན་དང་ལྡན།། ཡབ་ཡུམ་རིགས་ཀྱི་དབང་ཆེན་བཞི། ཁྲོ་བོ་ཁྲོ་མོ་སྒོ་སྲུང་བཅས།། རང་སྔགས་ལྡན་པས་གསལ་བར་བལྟ།། བཀའ་སྡོད་ཕོ་ཉར་བཅས་ཏེ་དམིགས།། དམ་ཚིག་རྟེན་ལ ་ཡེ་ཤེས་ཚོགས།། སྤྱན་དྲང་གཉིས་མེད་བཞུགས་ཤིང་མཆོད།། བསྟོད་དང་བཤགས་སྦྱང་ཕྲིན་ལས་བཅོལ།། བྱེར་ཞུད་ལེ་ལོ་རབ་སྤངས་པས།། ཡི་དམ་བཅས་པའི་བསྙེན་རྫོགས་ནས།། སྒྲུབ་པའི་དཀྱིལ་འཁོར ་གཟུགས་བསྟན་བྲི།། མཆོད་པ་བསྟར་ཏེ་བསྒྲུབ་པ་བརྩམ།། མཆོག་དང་ཐུན་མོང་རྟགས་ཐོན་ནས།། ཕྲིན་ལས་གང་འདོད་དེ་དང་སྦྱར།། ལས་ཀྱི་ལྷག་ཆད་མ་ལུས་བསྐང་།། མང་ཉུང་རྒྱུན་དང་དུས་ཚིག ་སུ།། དགོངས་ཉམས་སྤྱོད་ལམ་བསྟན་པར་སྦྱར།། སྣང་སེམས་དབང་གི་སྣང་བ་འབྱུང་།། དེ་ནི་ཕྱི་ལྟར་བསྒྲུབ་པའོ།། ནང་སྒྲུབ་ཤེས་རབ་ཏིང་འཛིན་ལྡན།། བདག་ཉིད་དབང་གི་རྒྱལ་པོའི་སྐུ།། དངོས་སུ་གསལ ་རྫོགས་ངོ་བོ་ཡིས།། འཇིག་རྟེན་ལྷ་སྲིན་དྲེགས་པ་ཅན།། རྩོལ་མེད་རང་དབང་ཉིད་དུ་བསྡུ།། གཟུགས་སྣང་བ་དང་སྒྲ་གྲག་པ།། དྲན་རེག་དབང་གི་སྐུ་གསུང་ཐུགས།། ཡོན་ཏན་རྫོགས་ཏེ་དགོས་འདོད་འབྱུང ་འགྲོ་དོན་ཕྲིན་ལས་བསམ་ཡས་པ།། བསམ་པ་དང་ནི་སྨོན་པས་རྫོགས།། གསུང་མཆོག་ནང་དུ་བསྒྲུབ་པའོ།། གསང་སྒྲུབ་དམིགས་པའི་ལོངས་སྤྱོད་ཀྱིས།། ཡོན་ཏན་མ་ལུས་རང་ལ་རྫོགས།། ལོངས་སྤྱོད ་རྫོགས་པའི་སྣང་བའོ།། ཤེས་རབ་ཆེན་པོས་ཟག་བཅད་པའི།། འདུས་མ་བྱས་ཏེ་ལྷུན་གྱིས་གྲུབ།། མཁྱེན་པ་ཐུགས་རྗེ་དང་བཅས་པ།། ཆོས་སྐུ་ཉིད་དུ་འགྲུབ་པ་སྟེ།། དོན་དམ་ཀུན་རྫོབ་སྣང་བ་ཡིས།། གཞན་དོན ་མཐར་ཕྱིན་སྤྲུལ་པའི་སྐུ།། ཏིང་ངེ་འཛིན་དང་ཤེས་རབ་ཀྱིས།། བསྐྱེད་རྫོགས་གསུམ་གྱི་ས་ལ་སྦྱང་།། རྩོལ་མེད་ལྷུན་གྲུབ་གཞན་དོན་སྤྱད།། འབྲས་བུ་གཞན་ནས་མི་བཙལ་ཏེ།། རང་ལ་གནས་པ་དེ་ཉིད ་ཡིན།། གཞན་སྣང་རྣམ་འཕྲུལ་ཡན་ལག་སྟེ།། རང་སེམས་དབང་གི་རྒྱལ་པོ་ལ།། བཅོས་ཤིང་བསྒྲུབ་ཏུ་ག་ལ་ཡོད།། ལས་དང་ཉོན་མོངས་བག་ཆགས་འདམ།། སྐྱོན་གྱིས་མ་གོས་པདྨའི ་རིགས།། བསྙེན་སྒྲུབ་ཡན་ལག་ནུས་པའི་སྔགས།། གཙོ་བོར་བརྗོད་པས་གསུང་བསྒྲུབ་ཡིན།། རང་རིག་སེམས་ཀྱི་རྒྱལ་པོ་དེ།། རང་དབང་ལྷུན་གྲུབ་དབང་གི་རྒྱལ།། དེ་དག་གསང་བར་བསྟན་པའོ།། ཨོཾ་པདྨ་ན་ཏ་ཀྲྀ ་ཏ་ཧ་ཡ་གྲཱི་བ་ཨེ་ཀ་ཛ་ཏི་ས་མ་ཡ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨཱ་ར་ལི་ཛ། ཕྱི་ནང་གསང་བའི་ཁྱད་པར་ལས།། གདུལ་བྱ་ཐབས་ཀྱི་རིམ་པ་ལས།། གསོ་བསད་ཕྲིན་ལས་དམིགས་དང་སྦྱར།། བལྟ་བ་དོན་གྱིས་ཐག་བཅད ་ཅིང་།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས།། ཕྲིན་ལས་ཡན་ལག་གཙོར་མི་བསྒྲུབ།། རྟོག་པའི་ངོ་བོ་སེམས་ཉིད་དུ།། སྣང་བ་ཐམས་ཅད་དབྱེར་མེད་ན།། ཐུན་མོང་དངོས་གྲུབ་དམ་པ་ཡིན།། དབང་གི་དཀྱིལ ་འཁོར་རང་ལ་སྣང་།། རིག་པའི་རྒྱལ་པོ་རང་དབང་ཐོབ།། རང་རིག་བདེ་བར་གནས་པ་ནི།། དབང་གི་བསྒྲུབ་པའི་མཐར་ཟུག་སྟེ།། མཆོག་གི་དངོས་གྲུབ་རྩ་བ་ཡིན།། ལྟ་བ་ཏིང་འཛིན་བསྒོམ་ལྡན་ནས།། སྤྱོད་པས ་ལ་དོར་རྟ་སྐད་གསུམ། ཁམས་གསུམ་དབང་དུ་བསྡུ་བ་དང་།། དམ་ཚིག་རྗེས་སུ་བསྐུལ་བ་དང་།། དྲག་པོའི་ལས་འཇུག་དང་པོ་ཡིན།། རང་རྒྱུད་ཆེ་བའི་རྔམ་སྐད་དང་།། བྱིན་རླབས་རྫས་ལེན་བརྡ་སྐད་དང་།། ཕྲིན ་ལས་བསྒྲུབ་པའི་གྱིང་སྐད་གསུམ།། ལུས་ངག་ཡིད་ཀྱི་བརྡ་གསུམ་སྟེ།། སེ་གོལ་དང་ནི་ཐལ་མོའི་བརྡ།། སྤྲུགས་པ་དང་ནི་ངུ་འབོད་བརྡ།། ལྷ་དང་བསྒོམ་པའི་བརྡ་རྣམས་ཀྱིས།། སྤྱོད་པའི་རྟོག་པ་བསྡུས་པ ་སྟེ།། གསུང་གི་བསྒྲུབ་པ་དཔག་མེད་ཀྱང་།། ངག་གི་བརྡ་ལས་བྱུང་བ་སྟེ།། ངག་གི་ལུས་ལ་རབ་ཏུ་བརྟེན།། བསྐྱེད་པའི་རིམ་པ་བསྙེན་པར་བཅས།། སྐུ་དང་གསུང་དུ་དྲིལ་ཏེ་བསྒྲུབ།། དགོངས་པའི་རྟ་སྐད་ཐེངས ་གསུམ་ལས།། སྤྱོད་པ་བསྙེན་སྒྲུབ་གསུམ་སྦྱར་ཏེ།། རྫོགས་པའི་རིམ་པ་དཔེ་ཡི་ཆོས།། འགྲོས་དགུ་དང་ནི་སྐད་བཅུ་གསུམ།། དོན་རྟགས་མཚོན་པ་དང་སྦྱར་བ།། སྐུ་གསུང་ཐུགས་སུ་དྲིལ་ཏེ་བསྒྲུབ།། གསང་སྔགས ་བསྙེན་བསྒྲུབ་རབ་རྫོགས་ནས།། དམ་ཚིག་ཅན་རྣམས་བསྐུལ་བ་དང་།། དྲེགས་པའི་དམག་དཔུང་གཞོམ་པ་དང་།། གདུག་པའི་ཚོགས་རྣམས་གདུལ་བ་དང་།། བསྐྱེད་རྫོགས་གསུམ་དང་དགོངས་པ་བཞི།། རྩ་བ ་ཡན་ལག་གསུང་ལ་བསྡུས།། དབང་མཆོག་སྒྲུབ་པའི་ཁ་སྐོང་བཤད།། །། དེ་ནས་བཅོམ་ལྡན་རྡོ་རྗེ་འཛིན།། སངས་རྒྱས་ཀུན་གྱི་ཕྲིན་ལས་བདག། རབ་ཏུ་སྒྲུབ་བྱེད་བླ་ན་མེད།། བློ་དང་ལྡན་ལ་ངེས་པར ་བསྟན།། འཁོར་བའི་ས་ལ་སྙིང་བརྩེར་བསྐྱེད།། མྱ་ངན་འདས་ལ་དགོད་པ་དམིགས།། དགེ་བའི་འབྲས་བུ་རྫོགས་པར་སྤྱད།། བར་དུ་གཅོད་པའི་འབྱུང་པོ་བསལ།། དམ་ཚིག་ལྡན་ལ་ཕྲིན་ལས་བཅོལ།། གནས་ཀྱི ་དམ་པ་ངེས་པར་གཟུང་།། གཟུགས་བརྙན་རྟེན་གྱི་ཕོ་བྲང་བརྩིག། བྲི་དང་བསྒོམ་པ་མཆོག་ཏུ་སྦྱར།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། ཕྲིན་ལས་དམིགས་པའི་རྟེན་ལ་དགོད།། དངོས་གྲུབ ་གཉིས་ཀྱི་དམིགས་པ་བྱ།། རིམ་པ་གཉིས་ཀྱི་གཞི་བཅའ་ཞིང་།། བསྙེན་པ་གསུམ་གྱིས་མཐར་ཕྱུང་སྟེ།། དམ་ཚིག་ལྷ་དང་གཉིས་མེད་བསྒྲུབ།། མཚན་མ་གསུམ་གྱིས་གཏན་ལ་དབབ།། དུས་ལ་བབ་ན་ཕྲིན་ལས ་སྦྱར།། བཀའ་སྡོད་ཕོ་ཉ་བྲན་ལ་སོགས།། སྤྲོ་ཞིང་གཟུགས་ལ་བརྟན་པར་དབབ།། གབ་སྦས་ཀྱིས་ནི་གསལ་བ་གསུང་།། མཐོང་བར་བྱས་ནས་གནས་བདུན་གདབ།། ཡབ་ཡུམ་སྲས་ཀྱི་སྔགས་རྣམས་དང་།། ཕྲིན ་ལས་སྔགས་ཀྱིས་དབབ་པར་བྱ།། གཟེར་དང་མནན་པའི་ཚུལ་དུ་སྤྱད།། དོན་དུ་མ་གྱུར་བསྐང་བཤགས་བྱ།། སྤོགས་པ་ཆོ་ག་བདུན་གྱིས་བྱ།། ལས་ཀྱི་ལྷག་ཆད་མ་ལུས་བསྐང་།། སྡིག་པ་སྦྱང་ཞིང་གནས་ནས ་སྦར།། རྟགས་ཀྱིས་སྤྲོ་བར་གྱུར་པ་ན།། དམིགས་པ་གསུམ་ནི་མཚོན་གྱིས་བསྒྲལ།། ཞལ་ཟས་བསྟབ་ཅིང་མཚོན་གྱིས་གཏུབ།། གནན་པའི་ཕྲིན་ལས་མ་ནོར་སྤྱད།། བཀའ་སྡོད་ཕོ་ཉ་མཉེས་བྱའི་ཕྱིར།། གཏོར་མ ་རིམ་པ་བཞིན་དུ་དབུལ།། ཇི་ལྟར་འདོད་པའི་དངོས་གྲུབ་བླང་།། དཀྱིལ་འཁོར་བསྡུས་ཏེ་སྤྱོད་ལམ་བསྒོམ།། བསྲུང་ཞིང་རྟོག་པ་གཞོམ་པའི་ཕྱིར།། གོ་ཆ་བགོ་ཞིང་གནས་སུ་བཏབ།། མདོ་སྡེ་བཀླག་ཅིང་མཆོད་རྟེན ་བཞེངས།། སྙིང་རྗེར་ལྡན་པས་རབ་ཏུ་གསང་།། བརྣག་པ་ཁོ་ན་ཉིད་དུ་བྱ།། གཞན་ཡང་ཐུགས་ཀྱི་གསང་ཆེན་འདི།། གནོད་ཅིང་གདུག་པ་མྱུར་བསྒྲལ་ཕྱིར།། གཞུང་དང་མཐུན་པའི་གནས་དག་ཏུ།། མཚན་ཉིད ་ལྡན་པའི་སྒྲུབ་པ་པོས།། ཚད་མེད་རྣམ་པ་བཞི་ལྡན་པས།། བར་ཆད་མེད་པར་བསྒྲུབ་པའི་ཕྱིར།། ཟངས་ལྕགས་ཚེར་མ་ཅན་གྱི་ཤིང་།། དབང་དང་མངོན་སྤྱོད་གཉིས་ཀྱི་རྒྱུ།། སོར་བརྒྱད་དང་ནི་བཅུ་གཉིས ་ཚད།། མགོ་དང་སྐྱེད་པ་བཅུ་དྲུག་དངོས།། ཟུར་གསུམ་ཆུ་སྲིན་ཁ་ནས་དབྱུང་།། ཡབ་ཡུམ་སྲས་ཀྱི་གྲངས་དང་མཉམ།། བྱིན་གྱིས་བརླབ་པ་ཚུལ་བཞིན་བྱ།། དམིགས་པ་མི་བརྗེད་གཟུངས་དང་སྐྲག། རྟགས་དང ་ལྡན་པའི་བསྙེན་པ་བྱ།། དཀྱིལ་འཁོར་ཟླ་གམ་གྲུ་གསུམ་བཅས།། འཁོར་ལོ་རྩིབས་བརྒྱད་སྒོ་ཁྱམས་མཛེས།། སྒྲུབ་རྫས་ཡན་ལག་མ་ལུས་དགོད།། དབང་བྱིན་བརླབ་ཀྱིས་གཟི་བྱིན་བསྐྱེད།། རང་གི་གནས་སུ ་བཞུགས་སུ་གསོལ།། ཉེ་བར་བྱེད་པའི་བསྙེན་པ་དབུལ།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཧཱུཾ།། སེམས་ཀྱི་དཀྱིལ་འཁོར་འབྱུང་བ་ལྔ།། ཕྱི་ནང་གསང་བར་རང་སྔགས་འཕྲོ།། རྟེན་གྱུར་གདན་དང་བཅས་པ་ལ།། འབར ་བའི་སྐུ་མཆོག་གཙོ་དང་འཁོར།། དོན་དམ་ཀུན་རྫོབ་ཚུལ་དུ་བྱུང་།། ཞེ་སྡང་རྡོ་རྗེ་གཞོན་ནུའི་སྐུ།། སྤྲུལ་པ་བྱེ་བ་འབུམ་དང་བཅས།། རང་སྔགས་ཕྱག་མཚན་དང་བཅས་པ།། བྲན་དང་བཀའ་ཉན་ཕོ་ཉའི ་ཚོགས།། སྤྲུལ་པ་དང་བཅས་ཕྲིན་ལས་མཛད།། གནོད་ཅིང་འགལ་བ་མྱུར་དུ་སྒྲོལ།། དམིགས་པ་དྲག་པོའི་ཕོ་བྲང་དུ།། འགུགས་འདྲེན་སྡོམ་སྒྲོལ་ཕོ་ཉ་ཡིས།། ཏིང་འཛིན་གསལ་བས་གནས་སུ ་དབབ། ཁྲོས་པའི་ཕྲིན་ལས་ཐམས་ཅད་བརྩམ།། གཟུགས་ཕུང་ལྷག་མ་ཕོ་ཉས་རོལ།། རྡུལ་ཕྲན་ཙམ་ཡང་མ་ལུས་བསམ།། དེ་ལ་རང་དང་དམིགས་པ་ཡི།། ལུས་ངག་ཡིད་གསུམ་གསལ་ལྡན་པས།། དྲག་ཤུལ ་དཔག་མེད་སྤྱད་གྱུར་ན།། རྡོ་རྗེའི་བྲག་ཀྱང་འཇོམས་པར་འགྱུར།། རིགས་ལྡན་ཕུང་པོ་སྨོས་ཅི་དགོས།། ལས་མཇུག་འཕང་བསྲེག་གནན་པས་བསྡུ།། །། དེ་ནས་རྡོ་རྗེ་འཛིན་རྒྱལ་པོ།། མངོན་རྫོགས་ཡབ་ཀྱིས ་དབང་བསྒྱུར་ཏེ།། འབྱུང་བ་ལྔ་ཡི་བདག་ཉིད་ལས།། བརྟེན་པ་རྟེན་དང་བཅས་པར་བསྐྱེད།། བདག་ཉིད་ཐིག་ལེར་མཉམ་སྦྱར་ནས།། རྣམ་པ་གསུམ་གྱི་ཏིང་འཛིན་བསྒོམ།། དམིགས་མེད་བསམ་འདས་རྣམ་པར ་དག། མ་སྐྱེས་ཆོས་ཀྱི་དབྱིངས་སུ་སྣང་།། སྙིང་རྗེ་ནམ་མཁའི་ངོ་བོ་ལས།། བླང་དོར་མེད་པར་ཀུན་ཏུ་སྣང་།། མེད་པའི་ངངལ་མངོན་གསལ་བའི།། དབྱིངས་ལས་ཤར་བའི་ཡི་གེ་ཧཱུཾ།། བདག་གི་དབུགས་ལས་གྱུར ་པ་ཡི།། འོག་ཕྱོགས་རླུང་གི་ས་བོན་བརྟེན།། བདག་གི་བྲག་ལས་གྱུར་པ་ཡི།། དེ་སྟེང་ཆུ་ཡི་ས་བོན་བརྟན།། བདག་གི་ཤ་ལས་གྱུར་པ་ཡི།། དེ་སྟེང་ས་ཡི་སྙིང་པོ་ཡིན།། བདག་གི་དྲོད་ལས་གྱུར་པ་ཡི།། མེ་ཡི་ས་བོན ་ཕྱོགས་ཀུན་ཁྱབ།། བདག་གི་སེམས་ཀྱི་ངོ་བོ་ལས།། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ།། དབྱིངས་ལས་འབྱུང་ལྔ་རྒྱུ་ཡིས་བསྐྱེད།། མཁའ་ལ་རླུང་བརྟེན་འབྱུང་བ་ལྔ།། བདག་ཉིད་དུ་ནི་གསལ་བ ་ལས།། ས་བོན་ལས་ནི་དཀྱིལ་འཁོར་བསྒོམ།། བྷྲཱུཾ་ལས་ཐོད་རློན་གཞལ་ཡས་ཁང་།། ཀ་ཞུ་ཐོད་སྐམ་ཀ་གདན་བྱས།། ལྷ་རྣམས་གདུང་བྲེས་ཀླུ་རྣམས་ཕྱམ།། གཟའ་རྣམས་ཁ་བད་རྒྱུ་སྐར་དྲལ།། ཀླུ་རྒྱལ་རིགས་བཞི ་སྦྲུལ་ནག་བརྒྱན།། འཁོར་ལོ་ས་བོན་གྱིས་སྦྱངས་ནས།། རྩིབས་བརྒྱད་པ་རུ་རབ་ཏུ་གསལ།། པདྨའི་ས་བོན་འོད་ཀྱིས་སྦྱང་།། འདབ་བརྒྱད་པ་རུ་དེ་ཉིད་སྣང་།། འོད་ཀྱིས་མཐའ་དབུས་རབ་ཏུ་གསལ།། གདན་གྱི ་ས་བོན་གྱིས་སྦྱངས་ནས།། བརྣག་པའི་དྲི་ཟ་གྲུལ་བུམ་དང་།། ཀླུ་དང་གནོད་སྦྱིན་ལ་སོགས་པ།། བྱི་ཆིངས་བསྣོལ་བའི་གདན་སྟེང་དུ།། དེ་སྟངས་ཕོ་མོ་བཅུ་བཞི་བསྒྱེལ།། དཀྱིལ་དུ་རྒྱ་མཚོ་ཐོད་ཕྲེང་གཉིས།། ཤར ་དང་ནུབ་ཏུ་མགོ་བསྣོལ་བའོ།། རྡོ་རྗེ་ཁྲོས་དང་དགེ་རྗེ་མོ།། ཤར་གྱི་ཕྱོགས་སུ་བསྣོལ་ཏེ་གདིང་།། རིན་ཆེན་ཁྲོས་དང་རལ་གཅིག་མ།། ལྷོ་ཡི་ཕྱོགས་སུ་བསྣོལ་ཏེ་བཞག། པདྨ་ཁྲོས་དང་དམར་མོ་གཉིས།། ནུབ་ཀྱི ་ཕྱོགས་སུ་མགོ་བསྣོལ་བའོ།། རྣམ་འཕྲུལ་སེར་མོ་ལས་མཁན་གཉིས།། བྱང་གི་ཕྱོགས་སུ་བསྣོལ་བའོ།། རྒྱན་གྱི་རྒྱལ་མོ་མེ་ཡི་ཕྱོགས།། དབྱིངས་ཕྱུག་མ་ནི་བདེན་བྲལ་ཕྱོགས།། བདག་ཉིད་མ་ནི་རླུང་ལྷའི་ཕྱོགས།། ་ཕྱོགས།། གཅིག་པུ་མ་ནི་དབང་ལྡན་ཕྱོགས།། རིམ་གྲོ་བསྐྱེད་ཅིང་འཁོར་རྣམས་མནན།། བྷ་ག་བཅུ་བཞིའི་གདན་སྟེང་ན།། བདག་ཉིད་བྱང་ཆུབ་ཐིག་ལེ་ལས།། སྙིང་པོ་ཡེ་ཤེས་མངོན་དུ་ཤར།། བྱེད ་པ་པོ་ནི་ཀུན་ཏུ་བཟང་།། རྣམ་པར་ཐར་པའི་དབུ་ལྡན་ཞིང་།། ཡེ་ཤེས་དྲུག་གི་ཕྱག་རྒྱ་ཅན།། མཚན་དང་དཔེ་བྱད་ཡང་དག་ལྡན།། རྫུ་འཕྲུལ་བཞི་ཡི་ཞབས་ཀྱིས་བཞུགས།། བདག་གི་གཟུགས་ཀྱི་ངོ་བོ་ལས།། རྣལ ་འབྱོར་ཉིད་བཞི་བདེ་མཆོག་མ།། བྱ་བ་མོ་ནི་ཆོས་ཀྱི་དབྱིངས།། ཆོས་ཉིད་རྟག་པ་ཐུགས་ཀྱི་དཀྱིལ།། འོད་ཟེར་ལྔ་པོ་རྩེ་ནས་འཕྲོ།། འབྱུང་བ་ལྔ་ཡི་ཞལ་མངའ་ཞིང་།། ཡེ་ཤེས་དྲུག་གི་ཕྱག་རྒྱ་ཅན།། ཕྱོགས་མཚམས ་གནོན་པའི་ཞབས་བརྒྱད་ཀྱིས།། མ་བགྲོད་པར་ནི་སྲིད་པར་ཁྱབ།། དུས་བཞི་འཆར་བའི་བྷ་ག་ལ།། སྐྱེ་འགག་མེད་པའི་ཀློང་དུ་ཐིམ།། སྲིད་པ་གསུམ་གྱིས་སྐུ་བརྒྱན་ཅིང་།། སྤྱི་དཔལ་མཆོག་ལ་འདི་སྐད ་གསུངས།། ཧཱུཾ་ཡེ་ཤེས་སྙིང་པོ་བླ་ན་མེད།། བླ་མེད་ཁྲག་འཐུང་དཔལ་གྱི་དཔལ།། འཇིགས་བྱེད་གསང་བའི་རྡོ་རྗེ་ནི།། མཁའ་ཀློང་ཀུན་གྱི་གཏེར་གྱི་དབྱིབས།། མཁའ་ཀློང་བདེ་བའི་ལམ་མཆོག་ནི།། སྐྱེ་འགྲོ་ཀུན ་གྱི་ཐར་པའི་ལམ།། སངས་རྒྱས་ཀུན་གྱི་ཐུགས་དམ་སྐོང་།། བཅོམ་ལྡན་བདེ་བའི་ལོངས་སྤྱོད་འདི།། འཛུམ་མདངས་བཅས་པས་དབུལ་ལགས་ཀྱིས།། དགྱེས་པའི་རྡོ་རྗེ་གསོར་ནས་ཀྱང་།། རེ་སྐོང་བདུད་རྩིའི་ཆར ་ཆེན་ཕོབ།། མཉམ་བཞག་ཡེ་ཤེས་པདྨའི་དབྱིངས།། འབྱུང་གནས་སྐྱེ་འགྲོ་བདེ་བར་དབབ།། རིན་ཆེན་དཀྱིལ་འཇམ་ཀློང་ཡངས་སུ།། སྤྱི་དཔལ་རྡོ་རྗེ་གསང་བའི་བདག། རེ་སྐོང་བདུད་རྩིའི་ཆར་ཆེན་ཕོབ།། ཧཱུཾ་བྷ ་ག་པདྨའི་དཀྱིལ་འཁོར་འདིར།། འདབ་བརྒྱད་པདྨའི་དཀྱིལ་འཁོར་ལྡན།། ཕྱི་ལྕགས་ནང་བསྟན་སྒོ་བར་བཅས།། རིན་ཆེན་དཀྱིལ་འཁོར་གདན་བཏིངས་ནས།། བླ་མེད་རྫུ་འཕྲུལ་ལྡེ་མིག་གིས།། ལྕགས་ཁྲོལ ་ལྕགས་ཕྱེ་གདན་ལ་བཞུགས།། རིན་ཆེན་བརྩེགས་པའི་གའུ་རུ།། བླ་མེད་ཁྲག་འཐུང་སྐུ་བསིལ་ནས།། སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུས།། ཧཱུཾ་མི་དམིགས་པ་ལ་དམིགས་པ་ཆེ།། མ་ཆགས་པ་ལ་བདེ་བ ་ཆེ།། ཐར་པ་དེ་བའི་བྷ་གའི་དབྱིངས།། བླང་དོར་མེད་པའི་ཀློང་ཡངས་སུ།། སྲིད་པའི་བག་ཆགས་བཀྲུ་བའི་ཕྱིར།། སྤྱི་དཔལ་བླ་ན་མེད་པ་ཡི།། གསང་བའི་དོན་ལྡན་ལྡེ་མིག་གིས།། རྣམ་པར་ཐར་པའི་སྒོ་ཕྱེ་སྟེ།། ཡེ ་ཤེས་ཆུ་བོས་ཁྲུས་ཆེན་མཛོད།། ཨོཾ་ཐབས་ལས་བྱུང་བ་དབྱིངས་ཀྱི་ལམ།། དབྱིངས་ལས་ཐབས་ཆེན་བླ་ན་མེད།། དབྱིངས་དང་ཡེ་ཤེས་སྦྱོར་བ་ལས།། བདུད་རྩི་ཆེན་པོའི་ཆར་ཆེན་སྤྲོ།། ཕྱོགས་བཅུའི་རྒྱལ་བ་མཉེས ་པར་མཆོད།། རྣལ་འབྱོར་མཁའ་འགྲོའི་ཚོགས་སུ་སྤྲོ།། འགྲོ་དྲུག་སྒྲིབ་སྦྱོང་ཕྱག་རྒྱ་ཆེ།། མུ་སྟེགས་བདུད་འདུལ་ཟ་བྱེད་ཆེ།། དབང་པོ་གསལ་བྱེད་ཡེ་ཤེས་སྒྲོན།། འདོད་ཆགས་བྱང་ཆུབ་སེམས་སུ་སྤྲོ།། བྱང་ཆུབ ་སེམས་ཀྱི་ཐིག་ལེ་ལས།། མ་བཀག་ལྷུན་གྱིས་རྫོགས་པས་ན།། ཐམས་ཅད་ཐིག་ལེ་ཉིད་ཀྱི་ངང་།། གཉིས་མེད་སྦྱོར་བའི་ཐིག་ལེ་ཆེ།། གྷི་ས་མུ་ཧཱུཾ་ཧ། ཛ་ལ་རཾ་པ་ཧ། བྷི་ཤ་སནྟི་ཧ།། མ་ཧཱ་ལཾ་ཏེ་ཧ། ཨོཾ ་བཛྲ་ཀྲོ་དྷི་ཤྭ་རཱི་བྷ་ག་པདྨརྱ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཤིནྟཾ་པདྨ་ཀ་རུ་ཏིང་བྷྱོ། ཨོཾ་མུ་ཏྲི་ནི་བྷྱོ། ཨོཾ་ཤནྟི་ནི་བྷྱོ། བྷ་ག་དུན་ཏྲི་ནི་བྷྱོ། ཁ་མུན་དན་ཏྲི་ནི་བྷྱོ། ཨོཾ་བཛྲ་སཱུརྱ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་པདྨ་བྷེ་ཏོ་ཡེ། ཨོཾ་བཛྲ་ཁ་རག་བྷི་ཏོ ་ཨ་ཏོ་ཡེ། ཨོཾ་བཛྲ་སྲིང་འགྲོ་བི་ཏོ་ཨ་ཏོ་ཡེ། ཨོཾ་བཛྲ་ཨ་ཀཻ་ཨ་ཀཻ་བྷྱོ། ཨོཾ་བཛྲ་ཏ་ཀེ་ཏ་ཀེ་བྷྱོ། ཨོཾ་བཛྲ་ནི་ལ་ནི་ལ་བྷྱོ། ཨོཾ་བཛྲ་ལནྟ་ལནྟ་བྷྱོ། ཨོཾ་བཛྲ་ཛ་ཏྲཾ་མུ་རང་ཤ། བཛྲ་ཁ་རག་སྙིང་ཁ་རག་མ་བྷྱོ། ཏྲག་རཀྵ་ཏྲག་རཀྵ ་བྷྱོ། ཏྲག་རཀྟ་ཁ་མུནྣ་སཾ་ཁ་མུནྣ་བ་རཀྵ་བྷྱོ། པྲ་ག་ར་ཏིཥྛ་བྷྱོ། པྲ་གི་བེང་གི་ཤཾ་བྷྱོ། བྷྱོ་ཧཱུཾ་ཀ་རི་ཀ། བ་རོད་ད་རོད། ནི་ལ་ཆུ་མི་ཧ། ཁ་ཊྭཱཾ་ག་ད་ལ་ཙ་ལ། པདྨ་ཙནྣ། མ་གུ་ར་ག་ཏོ། ཏིང་སཾ་ཏིང་སཾ་བྷྱོ། ཨེ་ཨཱ་ར་ལི། ་བུ་བྱི་རུ་ལུ་རུ་ལུ་བྷྱོ། ཏྲག་རཀྵ་ཏྲག་རཀྵ་བྷྱོ། ཨ་ཏིང་བྷྱོ། བྱི་ཏིང་བྷྱོ། སུ་ཏིང་བྷྱོ། མུན་ཏིང་བྷྱོ། ཤཱནྟི་བྷྱོ། དུནྟི་བྷྱོ། ཧ་ར་ཏིང་བྷྱོ། གྲུབ་ཏིང་བྷྱོ། ཏེ་བཾ་བྷྱོ། ཨ་པ་ར་དྷ་ལ་བྷྱོ། དྷ་ལ་དུ་ན་བྷྱོ། དྷི་ན་མ་མ་ཡ་བྷྱོ། ཉི་ཤུ ་རྩ་བརྒྱད་གཞན་དང་སྦྱར།། གཉིས་མེད་སྦྱོར་བའི་ཐིག་ལེ་ཆེ།། བྱང་ཆུབ་སེམས་ཀྱི་འོད་ཟེར་ལས།། འབྱུང་བ་ལྔ་ཡི་འཕྲོ་འདུ་བྱུང་།། བདག་གི་ས་ཡི་ངོ་བོ་ལས།། ས་བོན་ལས་ནི་སྐུ་བསྐྱེད་པ།། མཁའ་འགྲོ་བསྟན ་མ་སེལ་མའི་མཆོག། མི་འཇིགས་ས་ཡི་དབུ་གསུམ་གྱིས།། དུག་གསུམ་དབྱིངས་སུ་སྒོ་འབྱེད་ཅིང་།། ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས།། དངས་མའི་སྦྱིན་པ་རྟག་ཏུ་གཏང་།། མཚོན་དུ་མེད་པའི་སྐུ་མདོག་ལ།། དཀར ་ལ་དང་བའི་ན་བཟའ་གསོལ།། རྫུ་འཕྲུལ་བཞི་ཡི་ཞབས་དག་གིས།། ས་བདག་གདན་ལ་བརྐྱང་བསྐུམ་བཞུགས།། བདག་གི་རླུང་ལས་གྱུར་པ་ཡིས།། ས་བོན་ལས་ནི་སྐུར་བསྐྱེད་པ།། མཁའ་འགྲོ་ཡང་གསལ ་སེམས་མའི་མཆོག། ཐོགས་པ་མེད་པའི་དབུ་གསུམ་གྱིས། ཁམས་གསུམ་ཐིག་ལེར་སྒོ་འབྱེད་ཅིང་།། ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས།། སྦྱིན་པ་ཆེན་པོ་རྟག་ཏུ་གཏང་།། སྣ་ཚོགས་འགྱུར་བའི་སྐུ་མདོག་ལ།། ན་བཟའ ་ལྗང་གུ་བཻ་ཌཱུརྱ།། ཞབས་བཞི་བརྐྱང་བསྐུམ་གནོད་སྦྱིན་གནོན།། བདག་གི་ཆུ་ལས་སྐུ་བསྐྱེད་པ།། མཁའ་འགྲོ་མཉེན་གསལ་སེམས་མའི་མཆོག། དབུ་གསུམ་དུག་གསུམ་དབྱིངས་སུ་འདུལ།། ཕ་རོལ་ཕྱིན་དྲུག་ཕྱག ་རྒྱ་འགྱེད།། དམར་མོ་དབང་གི་ན་བཟས་བརྒྱན།། ཞབས་བཞི་བརྐྱང་བསྐུམ་ཆུ་བདག་གནོན།། བདག་གི་མེ་ལས་སྐུ་བསྐྱེད་པ།། མཁའ་འགྲོ་འོད་གསལ་སེམས་མའི་མཆོག། སྟོབས་ལྡན་དབུ་གསུམ་སྲིད་གསུམ ་སྦྱང་།། ཕྱག་དྲུག་དངས་མའི་ལོངས་སྤྱོད་འགྱེད།། རིན་ཆེན་སྔོན་མོའི་ན་བཟས་བརྒྱན།། ཞབས་བཞི་བརྐྱང་བསྐུམ་གཤིན་རྗེ་གནོན།། བདག་གི་བཀྲག་ལས་སྐུ་བསྐྱེད་པ།། མཁའ་འགྲོ་བཀྲག་གསལ་སེམས་མའི ་མཆོག། རྡོ་རྗེའི་དབུ་གསུམ་སྐྱེ་འགྲོ་སྒྲོལ།། ཕྱག་དྲུག་སྐུ་མདོག་སྣ་ཚོགས་ལ།། བཙོ་མ་གསེར་གྱི་ན་བཟའ་གསོལ།། ཞབས་བཞི་བརྒྱ་བྱིན་གདན་ལ་བཞུགས།། བདག་གི་གསང་བའི་ཐིག་ལེ ་ལས།། ཧཱུཾ་དང་མཱཾ་ལས་སྐུ་བསྐྱེད་པ།། གཙོ་བོའི་གདན་དུ་འཁོར་རྣམས་གསལ།། སྙིང་རྩ་དབུ་མའི་ཆོ་འཕྲུལ་ཡིན།། གཡས་གཡོན་གསེར་ཉི་འོད་ཆེན་ལས།། བདེ་འགྲོ་ཉི་ཟླ་ཐོད་ཕྲེང་གཉིས།། སྙིང་རྩ་ཕྱོགས་བཞིའི ་དྲངས་མ་ལས།། གསང་བ་སྦས་པའི་མ་མོ་བཞི།། ནང་གི་རྩ་བཞི་ཁ་དོག་བཞི།། ཁྲོས་མ་བཞི་དང་དགྱེས་སྡེ་བཞི།། ལྟེ་བ་ཕོ་བའི་རྩ་ལས་ནི།། སྲིད་པ་ཆགས་བྱེད་ཆ་སྙོམས་བསྐྱེད།། ཆུངས་པ་སྣོད་ཀྱི་རྩ་དྲུག ་ལས།། ཨེ་ཀ་ཛ་ཊི་སྤུན་དྲུག་བསྐྱེད།། སྲོག་རྩ་ཟངས་ཀྱི་སྦུ་གུ་ལས།། རེ་མ་ཏི་ནི་མཆེད་གསུམ་བྱུང་།། བཤད་ཁ་རླུང་འདོམས་རྩ་གཉིས་ལས།། ནམ་མཁའི་རྒྱལ་དང་སྤྱི་འགྲོ་མ།། མགྲིན་པ་དབང་པོའི་རྩ་བདུན ་ལས།། ལས་ཀྱི་སྲིན་མོ་བདུན་དུ་བསྐྱེད།། ལག་པ་གཡས་གཡོན་སྟོད་རྩ་བཞི།། སྲིང་མོ་བཞི་རུ་བསྐྱེད་པའོ།། སྨད་རྩ་ལ་ནི་དམག་གི་རྒྱལ།། རྒྱངས་པ་སྨད་ཀྱི་རྩ་ལས་ནི།། དབང་མོ་ཉི་ཤུ་རྩ་བརྒྱད་པོ།། རང་གི ་གནས་ལ་བསྐྱེད་པར་བྱ།། བྱེད་པ་པོ་དང་བྱ་བ་མོ།། སྲིད་པའི་སྔོན་དུ་བྱུང་བ་ཡིན།། འབྱུང་བ་ལྔ་ཡི་རྒྱལ་མོ་ལྔ།། སངས་རྒྱས་ཉིད་ལས་ཤིན་ཏུ་བགྲེས།། སྐྱེད་པའི་རྗེ་མོ་བཅུ་བཞི་ནི།། ཕ་དང་མེད་སྤུན་བཅུ ་གསུམ།། མ་མ་མཁའ་འགྲོ་ལྔ་བཅུ་ལྔ།། བྱང་ཆུབ་སེམས་ཀྱི་ཐེག་ལེ་ལས།། རལ་པའི་ཁྱད་པར་ཅེར་ཡང་སྣང་།། བདག་ཉིད་ཆེ་བ་རབ་ཏུ་བསྒོམ།། མ་ཤེས་ཐེག་ལེ་ཆེན་པོ་དང་།། གསང་ཆེན་བདེ་བའི་ལམ་མཆོག ་དང་།། མན་ངག་རྫོགས་པའི་དཀྱིལ་འཁོར་གྱིས།། དབྱིངས་ཀྱི་ཡུམ་ཆེན་དྲུག་པོ་ནི།། ཆགས་པའི་གདན་དུ་གདིང་བར་བྱ།། འོད་ཆེན་ཁ་དོག་སྣ་ཚོགས་ཀྱིས།། སྲིད་པ་བདེ་འགྲོ་ཆེན་མོ་དང་།། ཉི་ཟླ་ཐོད་ཕྲེང་གདན ་དུ་གདིང་། ཁྲོས་པའི་དབང་ཆེན་མ་མོ་བཞི།། ཆགས་པའི་གདན་དུ་གདིང་བར་བྱ།། སྲིད་པའི་དངས་མ་བརྒྱད་པོ་ལས།། སྦས་པའི་མ་མོ་བཞི་པོ་དང་།། ཐུགས་ཀྱི་དགྱེས་སྡེ་མ་བཞི་རྣམས།། མངོན་སུམ་གདན་དུ ་གདིང་བར་བྱ།། བདེ་ཆེན་གསང་བའི་དཀྱིལ་འཁོར་གྱིས།། སྲིད་པ་ཆགས་བྱེད་ཆ་སྙོམས་མནན།། སྲིད་པ་རང་ལུགས་གཉུག་མ་ཡིས།། ཨེ་ཀ་ཛ་ཏི་སྤུན་དྲུག་མནན།། ཆགས་པའི་དབང་ཆེན་དམར་མོ་ཡིས།། འདོད ་ཁམས་གཙོ་མོ་སྤུན་གཉིས་མནན།། སྲིན་མོ་སྤྱི་ཡི་མདོར་བསྡུས་ཀྱིས།། ནམ་མཁའི་རྒྱལ་མོ་སྤུན་གཉིས་མནན།། དབང་མོ་སྤྱི་ཡི་མདོག་གསལ་གྱིས།། འཇིག་རྟེན་སྲིན་མོ་བདུན་རྣམས་མནན།། གཡས ་གཡོན་ཐབས་དང་ཤེས་རབ་ཀྱིས།། དམག་གི་རྒྱལ་མོ་སྤུན་བཞི་མནན།། སྲིད་པ་འཇུག་བྱེད་ཕྲ་མོ་ཡིས།། དབང་མོ་ཉི་ཤུ་རྩ་བརྒྱད་མནན།། རྩ་དང་ལུས་ལ་གནས་པ་དེ།། ཤི་ས་བསྟན་ཕྱིར་གདན་དུ ་བཏིང་།། ལྕགས་ཀྱུའི་ཕྱག་རྒྱས་སྙིང་ནས་དྲངས།། དྲག་པོའི་སྔགས་ཀྱིས་གནན་པར་བྱ།། ཧཱ་མུ་ཁ་ལེ་ཧ་ཧ་ཧེ་ཧེ་ཧཱ་ཕཊ་ནན།། ཀྲོ་དྷི་ཤྭ་རི་བྷ་ག་ཤནྠི་ནན།། སཱུརྱ་པདྨ་ཁ་རག་སྲིང་འགྲོ་ནན།། མུ་ཏྲེ་ཤནྡྷེ ་དནྟི་དུནྟི་ནན།། ཏ་ཀོ་ཏ་ཀོ་ནི་ལ་ཏནྟ་ནན།། མ་མ་ཧཱུཾ་བྷྱོ་ནན།། མ་མ་དུཥྚཱན། པདྨ་རཀྟ། པྲ་བེ་ཤ་ནན། ནན་ཕཊ། མངོན་རྫོགས་རྒྱལ་པོའི་རྩ་གནས་ལ།། ཆ་མཐུན་མ་མོ་རྣམས་བསྡུས་ཏེ།། ཙིཏ་ནན། ཏྲ་ཏ་ཕཊ། ་ཞེས་པའི་དྲག་སྔགས་བརྗོད་པ་ཡིས།། ཆེ་མཆོག་ལུགས་ཀྱི་ཧེ་རུ་ཀའི།། རལ་གྲི་རྩ་ལམ་ནང་དུ་ཞུགས།། རྩ་སུལ་གནས་པའི་མ་མོ་ཡི།། སྙིང་གཤེགས་ཁྲག་ཆེན་མངོན་རྫོགས་ཀྱི།། ལྗགས་ཀྱི་སྟེང་དུ་ཕུལ་བ ་ཡིས།། མངོན་རྫོགས་མདངས་དང་ལྡན་པར་གྱུར།། མ་མོ་རྣམས་ནི་མྱོས་ཤིང་འཐིབས།། བདག་གི་སྙིང་ཁྲག་ཞལ་དུ་རྔུབ།། ལྕེ་སྟེང་བཞག་པ་ཕྱི་རོལ་ཡིན།། ཆེ་བའི་ང་རྒྱལ་འདི་སྐད་བསྐྱེད།། ཧཱུཾ་ང་ནི་ཁྲག་འཐུང ་ཀུན་གྱི་རྗེ།། ང་ནི་མ་མོ་ཀུན་གྱི་ཡབ།། ང་ནི་སྲིད་གསུམ་སྙིང་རྗེའི་མཆོག། ང་ནི་མཁའ་འགྲོ་ཀུན་གྱི་གཙོ།། ཐམས་ཅད་ཀུན་གྱི་སྙིང་ཁྲག་བདག། ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད།། ང་ཡི་དབང་དུ་གྱུར་པར་གྱིས།། ཛཧྞ ་ཏི་བཾ་མ་མ་བྷྱོ་མ་མ་བྷྱོ།། རུ་ལུ་རུ་ལུ་རག་མོ་བྷྱོ། གདན་གྱི་སྐུ་རྣམས་བསྒྱེལ་ནས་ནི།། བདུད་རྩི་ཆེན་པོ་ཁར་བླུགས་ཏེ།། ཨོཾ་བཛྲ་ཨ་མྲྀ་ཏ་ཙིཏྟ་ཧཱུཾ། དེ་ནས་གདན་ལས་བསླང་བྱས་ཏེ།། སྒྲུབ་པའི་ལས་རྣམས་བྱེད་པར ་བསྒོམ།། རང་ལུས་རྩ་ཡི་དཀྱིལ་འཁོར་ལ།། མ་མོ་ལས་ཀྱི་ཤི་ས་བསྟན།། དེ་ནས་མ་མོ་ཐམས་ཅད་ཀུན།། འཇིག་རྟེན་སྣང་བའི་ལུགས་བཤད་པ།། ནམ་མཁའ་སྟོང་པའི་ཡི་གེ་ལས།། མཐིང་ནག་གྲུ་གསུམ་ཡི་གེ ་ཨེ།། ལྗང་ནག་འབར་བའི་ས་བོན་ལས།། རྡོ་རྗེ་རྒྱ་གྲམ་དཀྱིལ་འཁོར་བསྐྱེད།། ཆགས་པ་དབང་གི་ས་བོན་ལས།། རྦ་ཀློང་འཁྲུགས་པའི་དཀྱིལ་འཁོར་བསྐྱེད།། ཐུགས་རྗེ་འབར་བའི་ས་བོན་ལས།། སྲེག་བྱེད ་འབར་བའི་དཀྱིལ་འཁོར་བསྐྱེད།། སྙོམས་མཛད་བྱམས་པའི་ས་བོན་ལས།། རབ་འབྱམས་བརྡལ་བའི་གཞི་རུ་ཆགས།། ཞེ་སྡང་རོལ་པའི་ས་བོན་ལས།། རི་རབ་བརྩེགས་པའི་དཀྱིལ་འཁོར་སྣང་།། ཡོན་ཏན་འབར ་བའི་ས་བོན་ལས། ཁོང་སེང་སྲོག་གི་ལྗོན་ཤིང་བསྐྱེད།། ཨེ་ཝཾ་མ་ཡའི་ས་བོན་ལས།། གླིང་བཞི་གླིང་ཕྲན་རིམ་པ་བཞིན།། ཡོན་ཏན་གསེར་གྱི་རི་བདུན་དང་།། སྙིང་རྗེ་རོལ་པའི་མཚོ་བདུན་ལྡན།། སྤྲུལ་པ་ལས་ཀྱི ་མཁའ་འགྲོ་མ།། རི་རབ་དེ་ལ་བསྐོར་ཏེ་གནས།། ཅེ་ཟླ་གཟའ་དང་སྐར་མ་རྣམས།། རི་རབ་དེ་ལ་བསྐོར་ཞིང་བྱ།། རི་རབ་གཟུ་ཡི་བྲམ་རྩེ་ལ།། འཁོར་འདས་ཆོས་དབྱིངས་རྒྱལ་མོ་སྟེ།། ཚངས་པ་ཀུན་སྒྲོལ ་བརྒྱད།། ཡུམ་གྱི་ཞབས་བརྒྱད་བགྲད་པས་བརྫིས།། དཔག་བསམ་ཤིང་དང་བད་ཤིང་ལ།། ཨ་འབྲས་སྐྱོང་གི་སྒོ་ལྔ་པ།། ཤིང་ལོ་པདྨ་ལྔ་ལྔ་གནས།། ཡུམ་ལྔ་སྐུ་ཡི་ཕྱེད་ནུབ་བཞུགས།། རི་རྩེ་བུམ་པའི་ཤིང་མཚམས ་ན།། བརྒྱ་བྱིན་རྐང་པ་གཡས་གཡོན་ལས།། གསེར་གདུག་ཉི་ཟླའི་ཕྲེང་བས་བསྐོར།། དེ་སྟེང་རྒྱ་མཚོ་ཐོད་ཕྲེང་བཞུགས།། རི་རབ་བུམ་པའི་ལྕོག་བཞི་ལ།། བྷཱི་གི་རི་ཏིའི་ཕོ་མཚན་ཏེ།། སྒོ་གནས་བཞི ་ཡི་ཆོ་འཕྲུལ་ལས། ཁྲོས་པའི་དབང་ཆེན་བུ་མོ་བཞི།། བརྐྱང་བསྐུམ་ཟུར་གྱི་སྟབས་ཀྱིས་བཞུགས།། རི་རབ་ལྕོག་བཞིའི་ཕྱི་རོལ་ན། ཁྱབ་འཇུག་འཁོར་ལོའི་ལྟེ་བ་ལ།། བདུད་རྩིའི་ཆུ་མིག་བཞི་སྐྱེས་པར།། རྒྱལ ་ཆེན་བཞི་དང་དགྱེས་སྡེ་བཞི། ཁྲུས་བྱེད་ཕྱེད་ནུབ་ཙམ་དུ་བཞུགས།། རི་རབ་བུམ་པའི་གྲུ་བཞིན།། སྟོབས་བཟང་སེར་སྐྱའི་སྙིང་ག་ན།། སྦས་པའི་མ་ཆེན་བཞི་པོ་ནི།། གན་རྒྱལ་གནས་ཏེ་བདུད་རྩི་སྐུ།། རྗེ་མོ་འཇིག ་རྟེན་སྣང་ལུགས་ཡིན།། དཔག་བསམ་ཤིང་གི་སྐེད་པ་ལ།། ཕྱ་མཁན་ཕོ་བར་ཆགས་བྱེད་དང་།། ཆ་སྙོམས་གཉིས་ནི་ལྟོ་སྦྱོར་གནས།། དཔག་བསམ་ཤིང་གི་རྩ་བ་ན།། ཀ་ལ་ཡཀྵའི་ཨོག་མཚམས་ན།། ནམ་མཁའི ་རྒྱལ་མོ་སྤུན་གཉིས་བཞེངས།། དཔག་བསམ་ཤིང་གི་རྩེ་མོ་ལ།། ཚངས་པ་དཀར་པོའི་ལག་པ་ལ།། ཛ་ཏི་སྤུན་གཉིས་མཉམ་གཞག་སྡོད།། རི་རབ་རྨང་གི་འགྲམ་བཞི་ལ།། ས་བདག་ཕག་གི་ལྟེ་བ་ན།། གྲུ་འདེགས ་བཞི་ནི་གྱད་ཀྱི་ཚུལ།། རི་བདུན་རོལ་མཚོ་བར་པ་ལ།། ཕུང་བྱེད་ཀླུ་བདུན་ནོར་བུའི་གནས།། སྲིན་མོ་བདུན་ནི་ལྡིང་ཐབས་འཕྱོ།། པདྨ་ཤིང་གི་སུམ་ཆ་ན།། མགོ་མེད་སྙིང་ལ་བགེགས་ཀྱི་རིགས།། སྟོང་ཕྲག་བརྒྱད ་ཅུའི་ཆོ་འཕྲུལ་འགྱེད།། འདོད་པ་ཁམས་ཀྱི་གཙོ་མོ་གསུམ།། དེ་སྟེང་བརྐྱང་བསྐུམ་བརྗིད་པའི་ཚུལ།། ཕྱི་རིམ་བང་རིམ་བཞི་པོ་ལ།། རྒྱལ་ཆེན་བཞི་ཡི་སྤྱི་བོ་ན།། པདྨ་བརྒྱད་ལ་སྲིད་བཞི་དང་།། དམག་དཔོན་མོ ་བཞི་འགྱིང་པའི་ཚུལ།། དཔག་བསམ་ཤིང་གི་རྩ་བ་ན།། ཀེང་རུས་ཁྲོས་པའི་གདན་སྟེང་ན།། རི་བྲག་གྲུ་གསུམ་འབར་བ་ལ།། བཀའ་སྡོད་ཉི་ཤུ་རྩ་བརྒྱད་གནས།། མདོར་ན་རི་རབ་རྒྱ་མཚོ་དང་།། གླིང་བཞི་ལྷ་ཡི ་གནས་གཞན་རྣམས།། མ་ལུས་སྲིད་པའི་མ་མོ་ཡི།། རྒྱུད་དང་ལམ་དང་འབྲས་བུར་སྣང་།། འཇིག་རྟེན་སྣང་བའི་ཚུལ་ཡིན་ནོ།། དེ་ནས་གསང་བ་གབ་པའི་གཏེར།། བདག་ཉིད་ཆེ་མཆོག་ལུས་གནས་པའི།། རྐང་པ ་རླུང་སོགས་འཁོར་ལོ་བདུན།། ལུས་ཀྱི་ལྗོན་ཤིང་རིམ་པ་ལ།། ཡུམ་དྲུག་རྗེ་མོ་དམན་མོ་དང་།། ཡེ་ཤེས་སྦས་པའི་མ་མོ་སོགས།། བརྒྱད་ཅུ་རྩ་གསུམ་རྩ་ལ་རྫོགས།། གཞུང་ལམ་སྲོག་རྩ་བསྒྲིལ་མ་ལ།། རང་བཞིན ་དཀྱིལ་འཁོར་རྩ་འགྱུར་བས།། བཤང་ཁ་རླུང་དང་འདོམས་སུ་མེ།། གཞུ་དང་དྲག་པོའི་ཚུལ་དུ་གནས།། རྒྱལ་མོ་སྤྱན་གཉིས་གཡས་གཡོན་རྩ།། ལྟེ་བའི་གཞི་རྩ་ཁ་སྤྲོད་ལ།། སྲིད་པ་ཆགས་བྱེད་རྒྱལ་མོ་གནས།། ཕོ ་བ་དངས་སྙིགས་འབྱེད་རྩ་ལ།། ཐིག་ལེ་དང་བཅས་ནང་དུ་བསྐོར།། ཟས་འཇུ་བས་ནི་ཆ་སྙོམས་མ།། ལམ་རྒྱུད་ལྔ་ཡི་བག་ཆགས་ནི།། སྦྱོང་བྱེད་སྙིང་གི་འཁོར་ལོ་ལ།། རང་གི་ས་བོན་ཕྲིན་ལས་བཞི།། ཀུན་གཞི ་ཡིད་སྒོ་ཉོན་མོངས་ལྔ།། ཨ་སོགས་སྦྱངས་པའི་ཡོན་ཏན་བདུན།། དབང་པོ་བཞི་པོ་མི་དབང་བཞི།། རྣམ་ཤེས་སྦས་པའི་མ་མོ་བཞི།། མ་བུ་སྦྱོར་བའི་ཚུལ་དུ་གནས།། སྙིང་གར་འཁོར་འདས་བསྐྱེད ་པའི་གཞི།། འབྱུང་བ་ལྔ་ཡི་མཁའ་འགྲོ་མ།། རྟག་པའི་རྒྱལ་མོ་ལྔ་ཡི་རྩ།། འོད་ཟེར་རྩེ་ལ་རང་བཞིན་གནས།། མར་རྩེའི་རྩ་ལ་མུ་ཁ་ལེ།། གསེར་མདུང་ཉི་མའི་འོད་ཆེན་གཉིས།། ཕྲ་མེན་མ་དང་ཐོད་ཕྲེང ་གནས།། ནང་གི་འོད་ལ་དགྱེས་སྡེ་བཞི།། མགྲིན་པ་ལོངས་སྤྱོད་ཆ་སྙོམས་མ།། ཡན་ལག་བདུན་གྱི་ཁ་སྤྲོད་དབུས།། སྲིན་མོ་བདུན་ནི་བཟའ་བཏུང་སྤྱོད།། རང་བཞིན་བཅུ་དྲུག་ཁ་སྤྲོད་ལ།། མིག་དང་རྣ་བ་སྣ་དང ་ལྕེ།། ཟ་བྱེད་མ་མོ་ཡུལ་ལོངས་སྤྱོད།། བདེ་ཆེན་འཁོར་ལོ་བྱང་ཆུབ་སེམས།། ཚངས་པའི་གདུང་བཞི་རྒྱ་གྲམ་བྲིས།། རྩ་འདབ་སོ་གཉིས་ཁ་སྤྲོད་གནས།། སྲིན་མོའི་མང་པོའི་གཉེན་པོ་སྦས་མ་བདུན།། སྲོག་རྩ་རྒྱུ་བྱེད ་སྐེད་པ་ལ།། སྙིང་རྗེ་པདྨ་གར་དབང་གཉིས།། འདོད་ཁམས་གཙོ་གསུམ་འདུད་པའི་ཚུལ།། བྱང་ཆུབ་སེམས་ལམ་རྩ་སྟོད་ལ།། ཛ་ཏི་སྤུན་དྲུག་གནོན་པའི་ཚུལ།། རྩ་སྨན་མཁའ་འགྲོ་ཉི་ཤུ་བརྒྱད།། ཡན་ལག་བཞི་ལ ་སྲིང་མོ་བཞི།། སྨད་ལ་དམག་གི་རྒྱལ་མོ་བཞི།། གསང་བཞི་ཚུལ་གཉིས་མཁའ་འགྲོའི་ཚོགས།། ཆོས་ཀྱི་མཁའ་འགྲོ་སྣ་ཚོགས་པའོ།། སྙིང་ནང་འོད་ཀྱི་དཀྱིལ་འཁོར་ལ།། རྩ་བ་མི་ཤིགས་རྡོ་རྗེའི་དབྱིབས།། བྱེ་བྲག ་ལྔ་ཡི་འོད་འབར་བ།། ཐོགས་མེད་རྩ་བ་འབྱུང་ལྔའི་གཙོ།། ཀུན་བཟང་ལས་ནི་རྒྱལ་མོ་ལྔ།། རིག་པ་ལས་ནི་དངས་མ་ལྔ།། ཀུན་གཞི་སེམས་རྩ་སྒོ་ལྔའི་རྩ།། གཞི་རྩ་འཛིན་པའི་རྩ་ཡིན་ཏེ།། དུག་ལྔ་མེ་ལྕེ་ལྔ་ཡི ་རྩེ།། མ་རིག་པ་ཡི་རྩ་བ་ལས།། འགྲོ་རིས་ས་བོན་ལྔ་ཡི་རྩེ།། རིག་པ་མ་འགགས་རྩ་བ་ལས།། ཡེ་ཤེས་ཆེན་པོའི་རྩེ་མོ་ལྔ།། མངོན་རྫོགས་ཡབ་ཀྱི་རྩ་བ་ལས།། རིགས་ལྔའི་བདེ་ཆེན་རྩེ་མོར་གསལ།། འབྱུང་བ་ལྔ་ནི ་ད་པའི་བསྐོས།། རྒྱལ་མོ་ལྔ་ནི་སྤྲུལ་པར་ཤར།། གསང་བའི་གཏེར་དུ་དངས་མ་ལྔ།། ཡོན་ཏན་སྒོ་ལྔའི་རྣམ་ཤེས་ཡིན།། འཁོར་བ་སྐྱེད་པ་ཉོན་མོངས་ལྔ།། འབྲས་བུ་འགྲོ་བ་དྲུག་ཏུ་སྣང་།། འདུལ་བྱེད་གཉེན་པོ་ཡི ་ཤེས་ལྔ།། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།། སྙིང་རྩ་གཅིག་ལ་འདབ་མ་ལྔ།། དེ་ཡི་རྩེ་མོ་བརྒྱད་དུ་སྦྱོར།། ཉི་ཟླ་ཁ་སྦྱོར་ཞལ་གྱི་དཀྱིལ།། ཧཱུཾ་མཱཾ་བཅུད་ཀྱི་ཐིག་ལེ་གནས།། ཡུམ་དྲུག་རྗེ་མོ་བཅུ་བཞིའི ་གནས།། རང་བཞིན་ཐིག་ལེ་འོད་གསལ་བ།། ཡེ་ཤེས་ཡེ་ནས་རྒྱལ་བར་གནས།། དངས་མ་ལྔ་ལས་རྒྱལ་མོ་ལྔ། ཁ་དོག་ལྔ་ལ་ཉི་ཟོད་ཕྲེང་།། གསེར་ཉི་ཕྲ་མེན་རྒྱ་མཚོ་སྟེ།། ཤེས་རབ་སྙིང་རྗེའི་བདག་ཉིད ་ཅན།། རྣམ་ཤེས་བཞི་ལ་མ་བཞི་སྦས། ཁྲོས་པའི་བུ་མོ་འོད་རིམ་ལ།། ཆོས་ཀྱི་འཁོར་ལོ་ཉི་ཤུ་ལའོ།། སྟེང་འོག་དཀར་དམར་ཐབས་ཤེས་རབ།། རྟ་མགྲིན་དབང་གི་སྒོ་བསྲུང་མ་བཞི་ཡང་ཞིང་།། འབྱུང་བ་ལྔ་ཞིག་འོད ་དུ་ཞུ།། མ་མོ་ལྔ་བཅུས་གསང་དབང་བསྐུར།། རྣམ་ཤེས་ལྔ་ལ་ཡེ་ཤེས་ལྔ།། དུག་ལྔའི་རྩ་བ་དབང་གིས་བཅད།། འགྲོ་བ་ལྔ་ཡི་བག་ཆགས་སྦྱངས།། གསལ་བའི་ཡེ་ཤེས་ཁ་དོག་ལྡན།། ཕོ་བྲང་རིགས ་ལྔའི་དཀྱིལ་འཁོར་རྫོགས།། དབུ་ལ་འདུས་པའི་ཡབ་ཡུམ་རྫོགས།། མདུན་རྒྱབ་གསེར་གྱི་ཉི་མ་ལ།། ཕྲ་མེན་མ་དང་ཐོད་ཕྲེང་ཉིད།། འཇོམས་བྱེད་བག་ཆགས་གནས་སྦྱངས་པ།། སྦས་མ་བཞི་དང་ཁྲོས་མ ་བཞི།། ཐོད་ཕྲེང་དགྱེས་སྡེ་མ་བཞིའི་ངང་།། མཁའ་འགྲོ་ཉི་ཤུའི་དཀྱིལ་འཁོར་ལ།། ཧཱུཾ་སྲས་དྲུག་གི་ལོངས་སྤྱོད་མཛད།། དབང་གི་རྒྱལ་པོས་སྒོ་བསྲུང་ཞིང་།། རྒྱུ་གཅིག་དབྱིངས་ནས་ཕྱུང་ནས་ནི།། འོད་ཟེར་སྔགས ་ཀྱི་ཕྲེང་བ་ཡིས།། སྙིང་ཕུགས་ཞལ་ནས་སྔགས་ཀྱི་འོད།། བཞུ་བརྟུལ་གྱིས་ནི་ཐིག་ལེར་གྱུར།། སྲོག་སྙིང་རྟེན་ཡང་དེ་ལ་བསྡུ།། རླུང་དང་རཾ་གྱིས་སྒྲ་ཕྱུང་ནས།། ཐིག་ལེ་སྐྱེ་མེད་དབྱིངས་སུ་ཐིམ།། བདག་ཉིད་ལ ་བཟླའི་དོན་དུ་བྱ།། འདི་ནི་ཐུགས་ཀྱི་དམ་ཚིག་སྟེ།། ཡོན་ཏན་གབ་པའི་གཏེར་དུ་བཤད།། བཤད་ལུགས་འདི་ལྡན་རྣལ་འབྱོར་ནི།། མ་མོ་ཐུགས་ཀྱི་དངོས་གྲུབ་ཐོབ།། དེས་ན་སྙིང་གི་ལུང་ཞེས་བྱ།། དེ་ཉིད་ལས་ནི ་རྣལ་འབྱོར་པ།། རྣམ་པར་གྲོལ་བའི་ལུགས་བཤད་པ།། ཆོས་ཉིད་ཡེ་ཤེས་རང་བྱུང་དང་།། ཡོན་ཏན་བཞི་བསྡུས་གྲུབ་པའི་རྩ།། འཁོར་ལོ་བདུན་དང་རྩ་བའི་སྲོག། རྩ་བརྒྱད་སྟོང་དང་འཁོར་ལོ་བརྒྱད།། ཉེས་རྣོལ ་ཡང་། པོ་གཉིས་དང་རྫོགས་པའི་ལུང་།། རིམ་གྱིས་བཤད་དང་བྱེ་བྲག་དབྱེ།། བལྟ་བསྒོམ་སྤྱོད་འབྲས་འཁོར་འདས་ཀྱི།། ས་བོན་སོ་སོའི་གནས་སུ་བྱུང་།། འཁོར་འདས་ས་བོན་ཧཱུཾ་རིམ་སྤྲོ།། རྩ་ཐིག་བཞི་ལྡན་དཀྱིལ ་འཁོར་ན།། ཐིག་ལེ་སྐྱེ་འཆིའི་སྡུག་བསྔལ་སྤོང་།། ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུཾ་ཧོ། འབྲུ་གཅིག་གཏད་ལྟས་ཡང་སྤྱོད་རྣམ་བཞི་ལ།། སྐུ་གསུང་ཐུགས་སུ་ཟད་ཆོད་དེ།། ཆགས་སྡང་ང་རྒྱལ་ཕྲག་དོག་གི། གནས་བསྒྱུར ་བསྒོམ་བསྒྲུབ་རྣམ་པ་ལས།། གཏི་མུག་ཆེན་པོ་ཡང་དག་ཉིད།། སྐུ་ལྔ་མངོན་ཤར་གསུང་ལྔར་གྲགས།། ཐུགས་ལྔ་ཡོན་ཏན་ཕྲིན་ལས་ལྔ།། རང་གཞན་ལྷུན་གྱིས་གྲུབ་པར་སྣང་།། རང་གནས་གཉིས་མེད་ཡེ་ཤེས ་དང་།། མངོན་རྫོགས་རྒྱལ་པོ་ཆེ་བའི་མཆོག། དཔལ་འབར་ཡུམ་དང་གཉིས་སུ་མེད།། སྣང་སྟོང་གཉིས་མེད་ཡེ་ཤེས་ལ།། ཆོས་ཀྱི་འཁོར་ལོ་འབྲུ་བཅུ་པོ།། སྣ་ཚོགས་རིག་པའི་ཆོ་འཕྲུལ་རྟེན།། གསང་བའི་གདུང ་བཞི་དགྱེས་སྡེ་བཞི།། འཁོར་ལོ་ནང་གི་རྩ་བཞི་པོ།། རང་རིག་ཡེ་ཤེས་རྒྱལ་པོ་ལ།། སེམས་ཅན་ཆེན་པོ་ལྔ་ཡི་ཁྲི།། སྤྲུལ་པའི་ཆོ་འཕྲུལ་ཀུན་གྱིས་མཆོད།། དཔལ་གདེང་གསང་རྫོགས་བཅུ་བཅུ་བཞི།། མི་གནས ་བདེ་བའི་དཀྱིལ་འཁོར་ལྡན།། འདབ་བརྒྱད་དབུས་ན་རྩེ་ལྔ་པ།། རྒྱ་གྲམ་ཕྲ་བཀོད་ས་བོན་ལས།། འབྲུ་བཅུ་དོན་གྱི་ཕྲེང་བར་ལྡན།། གནས་འཛིན་ལ་ཕབ་འོད་འཕྲོ་འདུས།། འབུར་བཞི་མཛེས་པས་ཐུགས་རྒྱུད ་བསྐུལ།། གཙོ་ཆེན་དེ་ལ་གུ་ཧྱ་བཟུང་།། ལམ་དུ་བདེ་བ་རྒྱས་པར་བྱ།། འོད་ཟེར་འཇིག་རྟེན་ཁམས་སུ་སྤྲོ།། ཡུལ་གཉིས་མ་གྲུབ་སྟོང་པར་གསལ།། འོད་ཀྱི་འཁོར་ལོ་གནས་བཞི་ལ།། འདབ་བཞིའི ་ལྟེ་བ་རྡོ་རྗེར་བཅས།། ཡབ་ཡུམ་མཚོན་པའི་སྙིང་པོས་བསྐོར།། འོད་ཟེར་གཉིས་ཀྱིས་བརྒྱུད་བསྐུལ་བས།། འཁོར་བའི་ས་བོན་སོ་སོར་སྦྱང་།། འདུས་པས་སྣ་ཚོགས་གཅིག་ཏུ་གྱུར།། རླུང་དང་ལྷན་ཅིག་ཕྱི་རོལ ་འཕྲོས།། རང་ལུས་འཛིན་པའི་སྣང་བ་སྦྱངས།། སྣང་ལ་རང་བཞིན་མ་གྲུབ་པའི།། དབྱིངས་ཀྱི་ཡུམ་ཆེན་བཅོ་ལྔ་པོ།། ཐུགས་འོད་བཙོ་མའི་གསེར་ལ་བསྡུ།། རླུང་ནི་སྐྱེ་མེད་ཨ་ལ་བསྡུ།། དྲངས་མའི་མཁའ་འགྲོ་མ ་རྣམས་ཀུན།། རིག་པའི་རྩལ་གྱི་ཐིག་ལེར་བཞུ།། སྨིན་བྱེད་སྟོབས་ཀྱི་མ་ལ་བསྡུ།། རྩ་བའི་མཁའ་འགྲོ་ལྔ་བཅུ་དྲུག། བསྡུ་ཐབས་ལེབ་རྒན་འབར་བར་བཞུ།། སྟོབས་ཀྱིས་འཛིན་པའི་ཏིལ་ལ་བསྡུ།། ཧཱུཾ་ཆེན་འབར ་བས་རི་རབ་བསྲེགས།། ཉི་ཟླའི་དཀྱིལ་འཁོར་ཉིད་དུ་གསལ།། མ་མོ་རྫོགས་པ་གསུམ་ལྡན་པས།། རྟེན་གྱི་གང་ཟག་རང་རྒྱུད་འགྲོལ།། རྣལ་འབྱོར་ཐུགས་སུ་གབ་པ་གྲོལ།། རྣལ་འབྱོར་གྲོལ་ལུགས་ཞེས་སུ ་བཤད།། བདག་ཉིད་ཆེ་མཆོག་ཧེ་རུ་ཀ། ཁྲོ་མོ་བཞི་བཅུར་བཅས་པ་ཡི།། དྲག་པོའི་སྔགས་སུ་བཤད་པ་ནི།། ཁྲུ་བརྒྱད་པ་ཡི་དཀྱིལ་འཁོར་དུ།། ཨ་ཡི་འཕྲོ་འདུས་སྟོང་པར་སྦྱང་།། རྡོ་རྗེ་ཕུར་བུས་བསྲུང་བར ་བྱ།། བྱང་ཆུབ་སེམས་ཀྱིས་ཆག་ཆག་གདབ།། བ་སུ་ཏ་ཡིས་ཐིག་གདབ་ཅིང་།། ཧ་ལྔས་སྦྱངས་པའི་ཚོན་གྱིས་བྲི།། དབུས་སུ་ཐིག་བཞིའི་ལེ་ཚེ་ལྔ།། ཕྱི་རོལ་འཁོར་ལོ་རྩིབས་ཆེན་བཞི།། རྩིབས་རིའི་སྟེང་དུ་རྩིབས ་བརྒྱད་པ།། རིན་པོ་ཆེ་ཡི་ཕུར་པ་རྣམས།། རང་རིགས་འཁོར་ལོའི་རྩིབས་ལ་དགོད།། ཕྱི་རོལ་དྲག་པོ་སྔགས་ཀྱི་རྫས།། ཇི་ལྟར་བསྔགས་པ་བཞིན་དུ་དགོད།། དེ་ནས་སྟོང་པའི་རང་ཉིད་ལས།། སྙིང་རྗེ་སྤྲུལ་པའི་ཡེ ་ཤེས་ཤར།། རྒྱལ་བའི་ཐུགས་ཀྱི་སྙིང་པོར་འགྱུར།། ཨེ་གཟུགས་ཡེ་ཤེས་ཆེན་པོ་སྟེ།། ཡཾ་དབྱིབས་ཤེས་རབ་བདག་ཉིད་ཅན།། བཾ་ཀློང་སྙིང་རྗེའི་ངོ་བོ་སྟེ།། རཾ་འབར་བརྩོན་འགྲུས་ཉིད་དུ་ལྡན།། ལཾ་ནི་བསམ་གཏན ་བརྡལ་བའི་ས།། ཀཻ་ནི་ཞེ་སྡང་འཇོམས་མཛད་བརྩེགས།། བྷྲཱུཾ་ལས་སྣ་ཚོགས་གཞལ་ཡས་ཁང་།། ཨོཾ་ནི་གཅོད་པ་ཆེན་པོ་ལས།། བ་ལས་ཆགས་པ་མེད་པ་འབྱུང་།། ཨ་ནི་གསལ་བའི་བདག་ཉིད་རྒྱུ།། མེ་ནི་སྲེག་པའི ་བདག་ཉིད་རྒྱུ།། རུ་ནི་འཇོམས་པའི་ཡུལ་དུ་བསྡོགས་སྟོན་ཡང་།། ཧཱུཾ་དང་མཱཾ་ལས་ཡབ་ཡུམ་གྱུར།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རཱི་ས་མ་ཡ་ཧཱུཾ་ཛ། རྣམ་ཐར་དབུ་ལྡན་སྟོང་པའི་ཕྱག་རྫུ་འཕྲུལ་ཞབས ་དང་ཐབས་ཀྱི་གཤོག། དུར་ཁྲོད་བརྒྱད་དུ་ལྡན་པར་བསྐྱེད།། ཡབ་ཡུམ་གསང་གནས་བྱིན་བརླབས་ནས།། མཁའ་ལ་གསང་བའི་ཡུམ་བཞི་བསྐྱེད།། ལེ་ཚེ་བཞི་ལ་གསང་བའི་ཡུམ།། འདི་སྐར་སྔགས་རྣམས་མ་ཕྱེ་སོར་བཞག་པ་ར ་མ་ཎ་ཕཊ། དཀར་མོ་ཉི་མའི་གའུ་ཅན།། ཤར་གྱི་ལེ་ཚེ་དག་ལའོ།། རཏྣ་སྥ་ར་ཎ་ཕཊ། སེར་མོ་རིན་ཆེན་འོད་འབར་ལྷོ།། པདྨ་ག་ར་བྷ་ཡ་ཕཊ། དམར་མོ་པདྨའི་བཅུད་འཛིན་ནུབ།། ག་བི་ཏྲ་ཐ་ཕཊ། ་ལྗང་གུ་རྡོ་རྗེ་རྒྱ་གྲམ་བྱང་།། ཤར་གྱི་འཁོར་ལོ་རྩིབས་བརྒྱད་ལ།། སྤྱི་དཔལ་བཅུ་ཡི་ཁྲོ་བོ་སྟེ།། བཛྲ་གར་བྷ་ཀཱི་ལ་ཡ་ཕཊ། དཀར་པོ་ལི་ཡི་རྒྱལ་པོར་ཤར།། རཏྣ་གར་བྷ་ཀཱི་ལ་ཡ་ཕཊ།། འཇིགས་བྱེད་རིན་ཆེན ་འཛིན་པ་ལྷོ།། པདྨ་གར་བྷ་ཀི་ལ་ཡ་ཕཊ། གར་དབང་དམར་པོ་པད་འཛིན་ནུབ།། ཀརྨ་གར་བྷ་ཀི་ལ་ཡ་ཕཊ། གར་མཛད་ལྗང་གུ་རྒྱ་གྲམ་བྱང་།། མོ་ཎྱ་མཐལང་ཀི་ལ་ཡ་ཕཊ། སྲོག་འོད་སེར་སྐྱ་མེ་འོད་ཅན།། ཀ་རུ ་གར་བྷ་ཀཱི་ལ་ཡ་ཕཊ། སྲིན་པོ་འཇོམས་བྱེད་མཆེ་འཛིན་དམར།། ལོ་ཀ་ཀི་ལ་ཡ་ཕཊ། སྐྱོབ་བྱེད་རྒྱལ་སྔོན་བ་དན་ཅན།། བྷ་དུ་ཀཱི་ལ་ཡ་ཕཊ། འཇིགས་སྐྱབས་ལྡང་སྐྱ་ཐོད་དབྱུག་འཛིན།། ཀརྨ་ཀཱི་ལ་ཡ་ཕཊ། རིམ ་བཞིན་མཚམས་ཀྱི་རྩིབས་ལའོ།། གསོད་བྱེད་མཐིང་ག་ཞིང་དབྱུག་འཛིན།། ཡཀྵ་ཀི་ལ་ཡ་ཧཱུཾ་ཕཊ། ངུར་འཇིགས་མཐིང་ག་སྤུ་གྲི་ཐོགས།། སརྦ་དུཥྚཱཾ་ཕཊ། གཉིས་ཆར་དབུས་ཀྱི་ལྟེ་བ་ལའོ།། འཇིགས་བྱེད་དཀར་པོ ་ཉི་མའི་འོད།། ས་ཤྲཱི་ཕཊ། ཤར་གྱི་སྒོ་ཡི་ཕྱོགས་སུའོ།། སྔོན་མོ་ཆུ་ཡི་འཁོར་ལོ་ཅན། ཀ་ཧེ་ཕཊ། ཆུ་ཡི་དཀྱིལ་འཁོར་ལྷོ་ཡི་སྒོར།། དམར་ནག་མེ་འཁོར་ནུབ་ཏུའོ།། ལྗོན་ཤ་ཕཊ། འབར་བ་དུད་ཁ་རྒྱ་གྲམ ་ཅན།། བྱང་གི་སྒོ་ལ་བསྒོམ་པར་བྱའོ།། དེ་ནས་གཞན་ཡང་བསྐྱེད་བྱ་བ།། གསེར་བུར་ཡུམ་གྱི་མཁའ་ནས་གདོན།། རཀྵ་ཀི་ལ་ཡ་ཕཊ། དམར་ནག་སྦྲུལ་འཛིན་གནོད་མཛེས་རྒྱལ།། ལྷོ་ཡི་འཁོར་ལོའི་དབུས ་སུའོ།། བི་ཛ་ཡ་བི་ཤ་ཀཱི་ལ་ཡ་ཧཱུཾ་ཕཊ། སྣང་བྱེད་དཀར་པོ་འཁོར་ལོ་ཅན།། ཤར་གྱི་འཁོར་ལོའི་རྩིབས་ལའོ།། བི་ཤྭ་གུ་ཎ་ཀི་ལ་ཡ་ཧཱུཾ་ཕཊ། ཡོན་ཏན་སྙིང་པོ་ཁྲོ་བོ་ཆེ།། སེར་པོ་རིན་ཆེན་འཛིན་པ་ལྷོ།། ཏེ་ཤ་ཀཱི་ལ ་ཡ་ཕཊ། དམར་པོ་གཟི་ལྡན་འབར་བ་ནི།། འདས་ཀྱི་བིང་ཆེན་ནུབ་ཕྱོགས་རྩིབས།། ཀེ་ཤ་ཀི་ལ་ཡ་ཕཊ། ལྷུན་གྲུབ་སྣང་བྱེད་ལྡང་ནག་མཆོག། ཐོད་ཕྲེང་འཛིན་པ་བྱང་གི་རྩིབས།། བི་ཤ་ཀཱི་ལ་ཡ་ཕཊ། མེ་འཁོར ་དམར་པོ་ཁ་ཊྭཱཾ་འཛིན།། བེ་ཤི་ཀཱི་ལ་ཡ་ཕཊ། ཟ་བྱེད་བརྟུལ་ཞུགས་རལ་གྲི་ཅན།། ཧི་ཤ་ཀཱི་ལ་ཡ་ཕཊ།། སྐྱོད་བྱེད་རླུང་གི་བ་དན་ཅན།། སྔོ་སངས་རླུང་རྒྱལ་སྦྲུལ་ཞགས་ཐོགས།། དུ་ཤེ་ཀཱི་ལ་ཡ་ཕཊ། གཟི་འབར ་ལྗང་སྐྱ་གྲི་གུག་ཅན།། འདི་དག་རིམ་བཞིན་རྩིབས་མཚན་ལའོ།། ཀ་ཤ་ཕཊ། རྟ་མགོ་ལྕགས་ཀྱུ་དཀར་པོ་ཤར།། ཕ་ག་ཤ་ཕཊ། ཕག་མགོ་ཞགས་པ་སྔོན་པོ་ལྷོ།། རུང་ཧི་ཕཊ། དྲེད་མགོ་ལྕགས་སྒྲོག་དམར།། ་ནུབ།། རཀྵ་གྲི་ཕཊ། སྦྲང་མགོ་ལྗང་གུ་དྲིལ་བུ་བྱང་།། རིམ་བཞིན་སྒོ་བཞི་བསམ་པར་བྱ།། ནུབ་ཀྱི་འཁོར་ལོ་ལ་བསྐྱེད་པ།། ཧཱུཾ་ཀཱ་ར་ཀཱི་ལ་ཡ་ཧཱུཾ་ཕཊ། ཧཱུཾ་བདེ་ཆེན་དཀར་སེར་ཐོད་འཛིན་དབུས།། བི་ཛ་ཡ་ཕཊ། ་རྣམ་རྒྱལ་དཀར་པོ་ནི་ལེ་ཅན།། ནཱི་ལ་དཎྜ་ཕཊ། དབྱུག་པ་སྔོན་པོ་བེ་ཅོན་ཅན།། ཡ་མནྟ་ཀྲྀཏ་ཕཊ། གཤིན་རྗེ་གཤེད་སེར་ཞགས་པ་ཅན།། ཨ་ཙ་ལ་ནཱ་ཟ་ཕཊ། མི་གཡོ་དམར་སེར་རལ་གྲི་ཅན།། ་ཡ་གྲཱི་བ་ཕཊ། རྟ་མགྲིན་དམར་མོ་ཐོད་སྦྲུལ་ཅན།། ནུབ་ཀྱི་འཁོར་ལོ་རིམ་བཞིན་བསམ།། ཕྱོགས་བཞི་ཡིན་ཏེ་མཚམས་བཞི་རུ།། ཨ་པ་ར་ཛི་ཏ་ཏིཥྛ་ཕཊ། འདོད་རྒྱལ་ལྗང་གུ་དབྱུག་ཐོ་ཅན།། ཨ་མྲྀ་ཏ་ཕཊ། བདུད ་རྩི་འཁྱིལ་ལྗང་རྒྱ་གྲམ་ཅན།། ཏྲེ་ལོ་ཀྱ་ཕཊ། ཁམས་གསུམ་ལྡང་སྐྱ་སྡིགས་མཛུབ་ཅན།། མ་ཧཱ་པ་ལ་ཕཊ། སྟོབས་ཆེན་དུད་པ་གཏུན་ཤིང་འཛིན།། དེ་དག་བསྒོམ་ཞིང་སྒོ་བཞི་རུ།། འཇིགས་བྱེད་ཁྲོ་བོ་བཞི་བསྐྱེད ་པ།། ཛ་ལ་ཕཊ། དཀར་པོ་ཁྲ་མགོ་སྡེར་མོ་ཐོགས།། ཀེ་རུ་རུ་ཕཊ། སྐྱ་ཀའི་མགོ་ཅན་སྦྲུལ་འཛིན་སྔོ།། རིག་ཤ་ཕཊ། བྱ་རོག་མགོ་ཅན་དུང་དམར་འཛིན།། བཀྵ་ཏི་ཕཊ། པུ་ཤུད་མགོ་ཅན་ལྗང་གྲི་གུག། ཕྱོགས ་བཞིའི་སྒོ་བཞིར་རིམ་པར་བསམ།། བྱང་གི་ཕྱོགས་ཀྱི་འཁོར་ལོ་ལ།། ཕྲིན་ལས་རྫོགས་པའི་ཁྲོ་བཅུ་བསྐྱེད།། ལྕགས་ཕུར་ལ་རྟེན་མཁའ་ལ་གདོན།། བཛྲ་ཏ་ཀྲྀཏ་ཀཱི་ལ་ཡ་ཕཊ། བྷི་ནུ་ཐལ་ཁ་ཏི་ར་འཛིན། ཁ་ཐུན ་རཀྵ་ཀཱི་ལ་ཡ་ཕཊ། སྟོབས་བཟང་སྔོ་ནག་གྲི་གུག་འཛིན།། ཧེ་མ་ར་ཏི་ཀཱ་ལ་ཡ་ཕཊ། གཟི་ལྡན་དཀར་པོ་འཁོར་ལོ་འཛིན།། རུ་པི་སུ་ཏྲ་ཀི་ལ་ཡ་ཕཊ། འཇིག་རྟེན་འོད་སྔོ་མེ་དཔུང་ཅན།། རཀྑ་སེ་ཏྲཾ་ཀཱི་ལ་ཡ ་ཕཊ།། སྟོང་གསུམ་ཁྱབ་བྱེད་དམར་ཐོད་ཁྲག། ཧོ་ཧེ་ཁ་རག་ཀཱི་ལ་ཕཊ། ཧཱུཾ་སྒྲ་དུད་ཁ་རོ་དབྱུག་འཛིན། ད་དུར་ཕྲ་ཏི་ཀཱི་ལ་ཡ་ཕཊ། ཤུགས་སྒྲོལ་ལྗང་ནག་ཁྲུང་ཁྲུང་འཛིན།། ཧཱུཾ་བཾ་སུ་ཀཱི་ལ་ཡ་ཕཊ། སྐར་མདའ་གདོང ་སེར་བྱ་ཁྲ་འཛིན།། གར་བྷ་ཀཱི་ལ་ཡ་ཕཊ། གློག་སྲིན་སྣ་ཚོགས་མདོག་འཇའ་ཐོགས།། རག་ཤ་ཀྲོ་དྷ་ཀཱི་ལ་ཡ་ཕཊ། མདངས་འཕྲོག་སྔོ་སངས་རླུང་གཡབ་ཐོགས།། རག་ཤ་ཕཊ། འཇིགས་བྱེད་དྲི་ཟ་དཀར་སྟོང ་གསུམ།། གརྦྷེ་ཕཊ། སྟོང་གསུམ་གྲགས་གནག་ལྕགས་མདུང་ཐོགས།། རུ་སེ་ཕཊ། ཁྲག་གི་མཚོ་སྐེམས་དམར་ལྕགས་སྒྲོག། ཀི་ཏ་ར་ཏ་ཕཊ། ཁྲག་ལག་ལྗང་ནག་ཁྲམ་ཤིང་ཐོགས།། དབུས་དང་ཕྱོགས་མཚམས་སྒོ ་བཞིར་བསམ།། དེ་ལ་ནམ་མཁའི་འཁོར་ལོ་དབབ།། འབྲུ་བརྒྱད་སྔགས་ཀྱིས་དབང་བྱིན་བརླབ།། མཆོད་པ་གསུམ་སྟོབ་མཉེས་པའོ།། ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རཱི་ས་མ་ཡ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཡབ་ཡུམ་བསྙེན ་པས་གསང་བ་ཡི།། མ་མོ་བཞི་བསྐུལ་ཡུམ་བཞི་ཡིས།། འཁོར་ལོ་བཅུ་ཚན་སུམ་ཅུ་གཉིས།། དེ་ཡི་ཁྲག་འཐུང་ལྷ་རྣམས་བསྐུལ།། སོ་སོའི་འཕྲོ་འདུས་འགྲོ་དོན་མཛད།། ཁྲི་ཕྲག་གཉིས་དང་སྟོང་ཕྲག་བཞི།། འབུམ ་ཕྲག་བཞི་ཡིས་སོ་སོར་བཟླས།། བསྙེན་རྫོགས་བསྒྲུབ་པའི་ལས་ཆེན་ནི།། ཤར་ཕྱོགས་འཁོར་ལོའི་ལྟེ་བ་ལ།། ལིངྒ་ནུབ་ཏུ་ཁ་མགོ་བརྟན་ཡང་བལྟས་ལ།། ཚོན་སྐུད་གསུམ་གྱིས་བཏགས་ནས་ཀྱང་།། མིང་རུས་སྙིང་དང ་དཔྲལ་བར་བྲིས།། རྟེན་བཟང་ཀུན་ལ་བཀའ་བསྒོ་ཞིང་།། གསལ་བ་གསུམ་དང་ལྡན་བྱས་ཏེ།། འབྱུང་བའི་སྙིང་པོ་གསུམ་གྱིས་སྦྱང་།། ཡན་ལག་ཉིང་ལག་ཕུར་པས་བརྡེག། རལ་གྲིས་གཏུབས་ཏེ ་ཤར་དུ་བསྲེག། ཙཀྲ་རྩིབས་བཅུར་ལྡན་པ་ལ།། སྡེ་ཚན་བཅུ་ཡི་འཁོར་ལོ་བསྐོར།། གཅོད་བྱེད་འཕེན་བྱེད་སྔགས་ཀྱིས་བརྒྱན། ཁྱི་ཡི་གྲོད་པར་ལིངྒ་གཞུག། ཚོན་སྣ་ལྔ་ཡིས་བཅིངས་ཤིང་གདགས།། ཡུངས་ཀར ་རྒྱལ་པོས་བརྡེག་ཅིང་བྲབ།། ཨོཾ་ཤྲཱི་ཧེ་རུ་ཀ་ད་ལ་དུ་ན་རྦད། ཁ་འདར་ལི་རྦད། མྱོགས་མུགས་རྦད་ཕཊ། གྲོད་པ་འཕར་འགུལ་རྟགས་བྱུང་ནས།། ཀི་གང་དྲག་པོ་རྒྱུ་དུས་འཕང་།། སྔགས་གསུམ་གྱིས་ནི་རྟེན་གསུམ ་བཤིག། ལྷོ་ཡི་ཙཀྲ་རྒྱས་པའི་ལས།། འབྲུབ་ཁུང་རྒྱས་པའི་དབྱིབས་ལྡན་ལ།། ལིངྒའི་ཡན་ལག་ཧཱུཾ་ལྔ་དགོད།། དཔྲལ་བར་ཕཊ་དང་སྙིང་ག་རུ།། མཱ་ར་ཡ་བཀོད་གསལ་གྲུབ་བརྟན།། ཨ་ཡི་འོད་ཀྱིས་ཡོན་ཏན ་བསྡུ།། ཕྱོགས་བཅུར་ཁྲོ་བོ་བཅུ་ཡིས་དབབ།། སྒོ་བཞིར་སེང་ལྡེང་ཕུར་པ་ཡི།། མཚོན་གྱིས་བཏབ་སྟེ་ལྷོ་རུ་བསྲེག། སྡེ་ཚན་བཞི་ཡི་འཁོར་ལོ་བསྐོར།། གཅོད་ཁང་འབད་བང་སྔགས་ཀྱི་ཕྲེང་བས་བསྐོར།། ནེ་ལེའི་རྒྱལ ་པར་ལིངྒ་གཞུག། དུག་ལྕགས་ཟངས་ཀྱི་ཐུན་གྱིས་བྲབ།། ཨོཾ་ཤྲཱི་ཧེ་རུ་ཀ་དུར་པ་ལ་ཧཱུཾ་རྦད། རཀྟ་ཛ་དུར་བྷྱོ། ཀི་ལ་ཐུན་ཏྲྀ་ཆུ་སྲོག་ལ་མཱ་ར་ཡ་རྦད། རྟགས་བྱུང་ཉི་མའི་ཟེར་ལ་འཕར།། ནུབ་ཀྱི་འཁོར་ལོའི་ལྟེ་བ ་ལ།། གསང་ཆེན་ཁྲོ་བོ་ཟངས་ཕུར་ཏེ།། ནུབ་ཕྱོགས་པདྨ་ཟླ་ཁམ་དུ།། ཡན་ལག་ལྔ་ལ་ཧཱུཾ་ཕཊ་བསྐོར།། ཤེས་རབ་སྙིང་རྗེས་ཕྱོགས་བཅུར་དབབ།། རྣམ་ཤེས་ཧཱུཾ་གིས་ས་རུ་བསྡུ།། ནུབ་ཏུ་དབང་གི་སྦྱིན་བསྲེག ་བྱ།། གདེང་ཆེན་ཁྲོ་བཅུ་སོ་སོའི་སྔགས།། གཅོད་དང་ཕབ་པའི་སྔགས་ཀྱིས་བརྒྱན།། ར་སྙིང་ནང་དུ་ལྕགས་ཕྱེས་བྲབ།། ཨོཾ་ཤྲཱི་ཧེ་རུ་ཀ་སྲོག་ལ་ཐུམ་ལིང་། ཁ་ཐུམ་སྲོག་ལ་བསྡུས་བསྡུས། ཁྲག་ལ་ཐིམ་མཱ་ར་ཡ་རྦད།། ་རྟགས་ཕྱུང་སྐྱ་རེངས་ཟེར་ལ་འཕང་།། བྱང་གི་འཁོར་ལོའི་ལྟེ་བ་ལ།། ལྕགས་ཕུང་རྫོགས་ཆེན་ཁྲོ་བོ་བསྐྱེད།། བྱང་གི་ཕོ་བྲང་གྲུབ་གསུམ་གྱི།། རྒྱ་གྲམ་བསྣོལ་མར་ལིངྒ་གཞུག། ལུས་ཀྱི་ཕྱོགས་བཅུར་ཁྱབ་པར ་གདབ།། སྒོ་བཞིའི་ཕུར་པ་ཡན་ལག་ལའོ།། ཧཱུཾ་གི་ཧས་བསྡུས་མཁའ་ལ་དབབ།། འཕང་གཏུབ་བསྲེག་པ་སྔར་བཞིན་བྱ།། ཡོན་ཏན་སྔགས་བརྒྱན་ཚོམ་བུ་བཅུར།། ཙཀྲ་སརྦ་ཧཱུཾ་ཕཊ་གདབ།། བྱ་རོག་སྣོད་དུ་སྦལ ་ཁྲའི་གཟུགས།། ནང་དུ་དམིགས་བསལ་སྐྱེ་ཆེས་བྲབ།། ཨོཾ་ཤྲཱི་ཧེ་རུ་ཀ་མུ་ལ་ཏང་ཁམ་སྙིང་ལ་རྦད།། བ་བྷ་ད་རོད་ཚེ་ལ་རྦད། ནཱ་ག་བྷཱ་བ་རུས་པ་དུར་ལིང་རྦད། རྟགས་བྱུང་ནམ་གྱི་ཕྱེད་ལ་སྦ། འདི་ནི་དྲག ་པོའི་སྔགས་ལུགས་ཏེ།། མ་མོ་ལས་ཀྱི་ཁ་སྐོང་ཡིན།། གཞན་ཡང་དབང་དྲག་ལས་སྤྱོད་ན།། གྲུ་གསུམ་ཟླ་ཁམ་གསུམ་དང་བཅས།། ཕྱི་ཁྱམས་རྒྱས་པ་མཛུབ་གང་སྟེ།། མེ་འོད་ཐོད་པའི་ཕྲེང་བས་བརྒྱན།། བྷནྡའི ་ནང་དུ་མུ་གས་བཀང་།། ཕུར་པ་རྫས་ཀྱི་གཙོ་བོ་བཞག། ཆགས་བྱེད་ཆགས་སྙོམས་གཉིས་ལ་བྲི།། བདུན་ལ་མ་བདུན་བྷུ་བདུན་བྲི།། ལྷ་གྲངས་ལྡན་པ་དེ་རུ་དགོད།། བྱིན་གྱིས་བརླབ་པའི་ལྷ་བསྒོམ ་པ།། དབྱིངས་ཀྱི་ཡུམ་དྲུག་མགོ་བོ་ལ།། རྣལ་འབྱོར་བཅུ་བཞིའི་ངོས་ལའོ།། བུམ་པར་བླ་མེད་ཧེ་རུ་སྟེ།། ལྟེ་བར་ཆགས་འཇིག་སྤུན་གཉིས་སོ།། སྐྱེ་ལ་ཛ་ཏི་མ་མོ་དྲུག། ལྟེ་བའི་དཀྱིལ་ལ་རེ་ཏི་གསུམ།། དཔལ ་ལོགས་གསུམ་ལ་དགྱེས་སྡེ་མ།། བཞི་དང་སྲིང་བཞི་བསྒོམ་པར་བྱ།། ཟུར་གསུམ་ལ་ནི་དབང་མོ་སྟེ།། རྩེ་མོར་མ་བདུན་ལ་སོགས་བསམ།། བདག་ཉིད་ཕྲ་མེན་རྒྱ་མཚོ་མ།། དབུ་གཅིག་ཞལ་ལྔ་མཁའ་འགྲོ ་ལྔར།། བསྒོམ་པ་མཆེ་བ་གཙིགས་ཤིང་བཞད།། སྤྲུལ་པ་བསྟིམ་ལ་མཆོད་ཅིང་བསྙེན།། མ་མོ་བདུན་གྱི་རྟེན་ལ་དབབ།། དཀར་ནག་མཚམས་སུ་ལ་ཤན་དབྱེ།། སེམས་ལ་བསྡུས་ཏེ་རྩ་སྔགས་ལ།། བཛྲ་བོ་དྷི་ཛ་ལ ་བྷ་ག་ལ་རུ་ན་ཧོ་ཏྲ་ཀི་ལ་ཡ་བཛྲ་ཧུ་དུ་ན་མ་ར་ཎ་ཕཊ། ཕུར་པས་གདབ་སྟེ་མཁའ་ལ་དབབ།། གཏིང་དཔག་མེད་པའི་གནས་སུ་བསྟིམ།། བྷ་ཡ་ཙིཏྟ་སྟྭཾ། ལཾ་ལཾ་ས་མ་ཡ་ཧོ།། འདི་ཡིས་དོན་ལྡན་དྲག་ཤུལ་སྤྱོད།། ཤིན ་ཏུ་བསྐངས་ཏེ་བཤད་པའོ།། །། དེ་ནས་རྡོ་རྗེ་འཛིན་རྒྱལ་པོ།། ཡང་དག་རྫོགས་པའི་སངས་རྒྱས་ཉིད།། སྐུ་གསུམ་བདེ་ཆེན་ངང་ཉིད་ལས།། འཇིགས་བྱེད་འབར་བའི་གཟུགས་སུ་བསྟན།། འཇིག་རྟེན་དྲེགས་པ ་འདུལ་བའི་ཕྱིར།། སྟོང་ཕྲག་བརྒྱད་ཅུའི་རྒྱུད་ཀྱི་སྡེ། ཁྱད་པར་སྤྲུལ་པའི་སྡེ་བརྒྱད་ལ།། ལྷ་ཀླུ་མ་མོ་གཤིན་རྗེ་བཙན།། བདུད་དང་རྒྱལ་པོ་གནོད་སྦྱིན་གསལ།། དབྱེ་དང་སྤྲོ་དང་བསྡུ་བ་ལ།། དང་པོ་སྟོང་ཕྲག་བརྒྱད ་ཅུའོ།། དེ་ལས་སུམ་བརྒྱ་དྲུག་ཅུ་སྟེ།། ཐ་མ་བརྒྱད་ཀྱི་སྡེ་ཡིན་ཏེ།། དབྱེ་བ་ཕྱི་ནང་གསང་བ་ལ།། ཡང་གསང་གཏེར་དང་དྲག་པོ་སྔགས།། སྦས་པ་དང་ནི་ལས་བྱེད་དང་།། བཏགས་ཆགས་དང་ནི་བརྒྱད་ཡིན་ཏེ།། ལྷ ་དང་ལྷ་མིན་དྲི་ཟ་དང་།། མཁའ་ལྡིང་ལྟོ་འཕྱེ་མིའམ་ཅི།། ཀླུ་དང་ལུས་སུལ་པོ་རྣམས་ནི།། ཕྱི་ལྟར་བཏགས་ཤིང་ཆགས་པ་ཡིན།། རྒྱལ་པོ་བདུད་དང་གཤིན་རྗེ་ཀླུ།། གནོད་སྦྱིན་སྲིན་པོ་མ་མོ་བཙན།། དེ་བཞིན་ནང ་དུ་བཏགས་ཤིང་ཆགས།། མ་སངས་གིང་དང་དགྲ་ལྷ་དང་།། ཆུ་བདུད་མུ་སྟེགས་མཁའ་འགྲོ་དང་།། འགོང་པོ་ཐེ་བྲང་ཞེས་བྱ་བ།། གསང་བར་བཏགས་ཤིང་ཆགས་པ་ཡིན།། ནང་གི་རྣམ་ཤེས་ཀུན་གཞི་དང་།། ཡིད ་དང་ཡིད་ཀྱི་རྣམ་ཤེས་ལས།། དབང་པོ་ལྔ་ཡི་དངས་མར་བཅས།། གསང་བའི་ལམ་ལ་རྒྱུ་བ་དག། ཡང་གསང་གཏེར་དུ་སྦས་པའོ།། ཁྱད་པར་སྦས་པ་ཞེས་བྱ་བ།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག ་དོག་སེར་སྣ་དང་། ཁྲོ་དང་གནོད་པའི་སེམས་རྣམས་ནི།། ཀུན་གྱིས་མི་མཐོང་རབ་ཏུ་སྦས།། དྲག་རྩལ་ལྷ་དང་འཐུར་མེད་བདུད།། གཤིན་རྗེ་གཤོར་དང་རྒྱལ་པོ་དྲེགས།། གནོད་སྦྱིན་ཤན་པ་སྲོག་གཅོད ་སྲིན།། གདུག་པ་ཀླུ་དང་གླེན་པ་གཟའ།། རང་རང་དྲག་པོའི་སྔགས་སུ་འགྱུར།། ལས་ཀྱི་ཁྱད་པར་བྱེད་པ་ནི།། སྨྱོ་འབོགས་བརྒྱལ་ནད་སྙིང་རླུང་དང་།། མཛེ་ཤུ་རིམས་ནད་ཡམས་ནད་དང་།། ཕོ་ལོག ་གླང་ཐབས་གཟེར་བ་དང་།། མཚོན་འཁྲུག་གདུག་དང་རྩོད་པ་དང་།། གྲི་དང་གནམ་བབ་རང་གཤེད་དང་།། དེ་ལ་སོགས་པའི་དྲག་ཤུལ་སྤྱོད།། རང་གི་ལས་ཀྱི་ཁྱད་པར་ཀུན།། མྱུར་དུ་སྤྱོད་པ་ཞེས་བྱའོ།། དཔའ་བ ་དང་ནི་མི་སྡུག་དང་།། ཕྲིན་སྐྱེལ་སྙིང་འབྱིན་རྒྱལ་པོའི་ལས།། དྲེགས་ཆེན་སྤྱི་དང་དཔུང་བསྡེབས་ཏེ།། གློ་བུར་སྲོག་འབེབས་བདུད་ཀྱི་ལས།། ལས་ཀྱི་འཁྲུལ་འཁོར་དམིགས་བསལ་ནས།། ཀླད་འཁོར་མྱོས་བྱེད ་གཤིན་རྗེའི་ལས།། ཐོག་དང་སེར་བ་སྦྱིན་ཐང་ལས།། རི་རབ་བསྙིལ་ནུས་གཟའ་ཡི་ལས།། རྒྱ་མཚོའི་དབྱིངས་ནས་ཀློང་བརྟོལ་ནས།། མཛེ་ནད་གག་གཏོར་ཀླུ་ཡི་ལས།། གྲིར་འཐིབས་རྨ་ཁྲག་བཙན་གྱི་ལས།། ཟ ་འདྲང་ཟ་འདུད་འཛིན་བྱེད་ཅིང་།། རྨོངས་ཤིང་རྒུད་བྱེད་གནོད་སྦྱིན་ལས།། གློ་བུར་སྲོག་གཅོད་དྲག་ཤུལ་ནི།། སྲིན་པོའི་ལས་སུ་བསྔགས་པ་ཡིན།། རིམས་ནད་ཡམས་ནད་གཟེར་ནད་དང་། ཁྲག་འཁྲུག་རྨོད་པ་མ ་མོའི་ལས།། དེ་དག་གནོད་པའི་ལས་ཡིན་ཏེ།། ཕན་བྱེད་དེ་ལས་བཟློག་པར་འགྱུར།། བཏགས་ཤིང་ཆགས་པས་དབྱེ་བ་ནི།། ལྷ་ལམ་དགྲ་ལྷ་རྒྱལ་པོ་གིང་།། བདུད་ལས་རྨུ་བདུད་མུ་སྟེགས་དང་།། རཱ་ཏྲ་རྣམས་སུ ་བཏགས་ཤིང་ཆགས།། མ་མོ་ལས་ནི་མཁའ་འགྲོ་དང་།། ལྷ་མོ་སྲིན་མོ་མོན་མོ་དང་།། བལ་མོ་ཀླུ་མོར་བཏགས་ཤིང་ཆགས།། བཙན་ལས་ཡབ་རྗེ་ཡམ་ཤུད་དང་།། གེ་གོས་ཟེ་བྲང་རྣམས་སུ་བཏགས།། གཟའ་ལ ་རོག་ཏི་ཁྱབ་འཇུག་དང་།། བྱི་ཏྲི་པ་ཏྲ་ལ་སོགས་བརྒྱད།། གནོད་སྦྱིན་ལས་ནི་མོན་པ་དང་།། འགོང་པོ་ཡ་བདུད་ཐེ་འགོང་རྣམས།། སྲིན་པོ་ལས་ནི་དྲག་བྱེད་ཀུན།། གཤིན་རྗེ་ལས་ནི་ཡི་དྭགས་ཚོགས།། ཤིན་ཏུ ་བཏགས་ཤིང་ཆགས་པ་སྟེ།། རྣམ་གྲངས་བསྡུས་པས་ཕྱེ་བའོ།། རྒྱས་པར་ཕྱེ་བ་འདི་ལྟར་བཤད།། ལྷ་ལས་དྲེགས་པའི་ལྷ་ཆེན་བརྒྱད།། ཀླུ་ལས་གདུག་པའི་ཀླུ་ཆེན་བརྒྱད།། གཟའ་ལས་གཟའ་བརྒྱད་དེ་བཞིན ་ཏེ།། གཤིན་རྗེ་ལས་ཀྱང་ཕྱོགས་བསྲུང་དང་།། མ་མོ་ལས་ཀྱང་མ་བདུན་དང་།། སྲིད་པའི་གཙོ་དང་བརྒྱད་ཡིན་ནོ།། གནོད་སྦྱིན་ནོར་འཛིན་སྡེ་དཔོན་བརྒྱད།། སྲིན་པོ་བརྒྱད་ལས་སྲིན་པོ་ཡིན།། བདུད་ལས་རྗེ ་བདུན་གཙོ་དང་བརྒྱད།། འདི་དག་རང་རིགས་ཡོན་ཏན་དང་།། རྒྱུད་མཐའ་རྡོ་རྗེ་འཛིན་གྱིས་ནི།། ཐ་དད་སོ་སོར་བཤད་དེ་བཞིན།། གདུལ་བྱའི་རིགས་དང་འདུལ་བྱེད་ཀྱི།། སྟོན་པའང་དེ་བཞིན་ཤེས་པར ་བྱོས།། འདི་དག་ནང་གི་བསྐྱེད་ཚུལ་ཡང་།། མ་མོ་ཀུན་གཞིའི་རྣམ་ཤེས་ལས།། གཤིན་རྗེ་ཡིད་ཀྱི་རྣམ་ཤེས་ཏེ།། བདུད་ནི་ཉོན་མོངས་ཅན་གྱི་ཡིད།། མིག་གི་རྣམ་ཤེས་ལྷ་ཡིན་ནོ།། རྣ་བའི་རྣམ་ཤེས་སྲིན་པོར ་སྣང་།། སྣ་ཡི་རྣམ་ཤེས་བདུད་དུ་སྟེ།། ལྕེ་ཡི་རྣམ་ཤེས་གནོད་སྦྱིན་ཡིན།། ལུས་ཀྱི་རྣམ་ཤེས་བཙན་དང་གཟའ།། དྲན་རྟོག་གཟུགས་སྒྲ་དྲི་རོ་རེག། བྱེད་པའི་ལས་རྣམས་དེ་ཡི་འཁོར།། ཕན་གནོད་ནུས ་པ་ལྷ་ཡིན་ཏེ།། མི་གཏོང་འབེབས་པ་བདུད་ཅེས་བྱ།། གཤིན་རྗེ་ཡི་དྭགས་གཤིན་གྱི་རྗེ།། གདུག་ཅིང་བླུན་པས་ཀླུ་ཞེས་བྱ།། གནད་དུ་ཕོག་ཅིང་མི་འཆོར་བས།། གཟའ་ཞེས་བྱ་བར་གྲགས་པ་ཡིན།། རྟེན་བསྐྱེད ་གཞིར་གྱུར་མ་མོ་སྟེ།། གནོད་པ་སྟེར་བྱེད་གནོད་སྦྱིན་ནོ།། ཡན་ལག་ཕྱོགས་སུ་དབྱེ་བ་ཡང་།། གདུག་རྩུབ་ཆེ་བས་ལྷ་མ་ཡིན།། གང་དུའང་འབྱུང་བས་འབྱུང་པོ་སྟེ།། ལྷ་མིན་ཀུན་སྦྲུལ་མིའམ་ཅི།། ཡིད་ཀྱིས་དྲི་སྣོམ ་དྲི་ཟ་དང་།། སྟོབས་ལྡན་ཁྲོ་གཏུམ་སྲིན་པོ་ཡིན།། མཁའ་ལ་སྤྱོད་པས་མཁའ་འགྲོ་སྟེ།། ཟས་ཡིད་བཏགས་པས་ཡི་དྭགས་ཡིན།། ཀུན་གྱིས་བཀུར་བས་རྒྱལ་པོ་ཡིན།། གཞན་གྱིས་བསྟོད་པས་བཙན་ཡིན ་ནོ།། ལྟ་སྤྱོད་ལོག་པ་མུ་སྟེགས་ཡིན།། དགྲ་ལས་རྒྱལ་གྱུར་དགྲ་ལྟ་སྟེ།། བཅོས་པར་མི་ནུས་རྨུ་ཞེས་བྱ།། མཐུ་སྟོབས་རྨད་བྱུང་མ་སངས་སྟེ།། གཏུམ་ཞིང་སྟོབས་ཀྱི་དགོང་པོ་ཡིན།། ངན་གཡོའི་སྒྲ་ལྡན་ཟེ་བྲང ་ངོངོ།། གཞན་ཡང་རྣམ་གྲངས་བསམ་མི་ཁྱབ།། གཞན་ཡང་སྤྲུལ་པ་ཡང་སྦྲུལ་དང་།། སུམ་སྦྲུལ་ལ་སོགས་བསམ་མི་ཁྱབ།། གཙོ་འཁོར་བཀའ་ཉན་ལས་བྱེད་ཀྱི།། སྡེ་བརྒྱད་དག་ཏུ་དབྱེ་བར་བྱ།། གནས་དང་རྟེན ་པའི་ཁྱད་པར་ཡང་།། གཡའ་རི་གངས་རི་ཁང་པ་བརྩེགས། ཁང་བཟང་ཉམས་དགའ་ལྷ་བསྒྲུབ་སྟེ།། རི་བྲག་བྲག་ནག་རབ་ཏུ་ཁྲོས།། བྱང་ཕྱོགས་མངོན་པར་བདུན་བསྒྲུབ་བོ།། རྒྱ་མཚོ་མཚོ་དང་རྫིང་དང་ནི།། ནེ ་སེང་རྒྱས་པར་ཀླུ་བསྒྲུབ་གནས།། སུམ་བརྩེགས་བྲག་ནས་ཕྱོགས་མ་ངེས།། ལྷོ་གཞོལ་མཁའ་ཆེན་གཤིན་རྗེ་བསྒྲུབ།། རིས་འདུས་རྩེ་དང་ཆུ་འདུས་མདོ།། ལུང་པ་ཆེ་འཕྲོ་གཟའ་བསྒྲུབ་གནས།། ནགས་ཆེན་དུར ་ཁྲོད་མ་མོ་སྟེ།། གླིང་རྒྱས་རི་ལྗོངས་གནོད་སྦྱིན་གནས།། གཙུག་ལག་ཁང་ཆེན་གསར་དང་རྙིང་།། ལྷ་ཡི་ཁྱད་པར་ཕྱོགས་གཞན་བསྒྲུབ།། རི་ཐང་མཚམས་དང་ཁང་མཐོ་རྩེར།། ཕྱོགས་མཐུན་བྱེ་བྲག་སྔར་བཤད་ཟད ་ཡང་བཞིན།། བྲག་དམར་ཁྲོས་རྩར་བཙན་རྣམས་བསྒྲུབ།། དེ་དག་ལ་སོགས་གནས་གཞན་ཡང་།། རྣལ་འབྱོར་རིག་པས་ལེགས་པར་བརྟག། སྣང་ཡུལ་ཕྱི་ཡི་བསྒྲུབ་པའི་རྫས།། རྟ་དྲེའུ་ར་ལུག་བྱ་དང་ཁྱི།། བྱ་རྒོད ་རྒྱལ་མཚན་མཚམས་པར་ཡང་གཅན་གཟན་གཟུགས།། ཤིང་བཟངས་ལོ་འབྲས་ལྡན་པ་རྣམས།། ལྷ་ཡི་རྒྱལ་པོ་བྱེ་བྲག་མཉེས།། ཙ་ར་ཁྱི་དང་འདབ་ཆགས་རྟ།། ནག་པོའི་ཆས་ཞུགས་བདུད་མཉེས་འགྱུར།། ཤེལ་སྤྲུག ་གྲོ་མོ་སྨན་སྣ་ཚོགས།། དཀར་མངར་བློ་བཅུད་ཀླུ་ཡིན་ཏེ།། སྲོག་ཆགས་མོ་རིགས་ནག་ཆགས་དང་།། བ་དན་ཕེག་རྡོབ་དུང་དང་རྔ།། གདུགས་དང་རྒྱལ་མཚན་ཕྲེང་བ་དག། མ་མོ་ཡུམ་རྣམས་མཉེས་པའི ་རྫས།། རིག་བཅས་མདའ་མདུང་བ་དན་དམར།། རྒྱལ་མཚན་བཞོན་པའི་རི་བཙན་རྟེན།། ཟོད་མཁར་ཁྲམ་ཤིང་བ་ལང་སྣ།། དུར་ཁྲོད་དཀྱིལ་འཁོར་གཤིན་རྗེ་ལ།། ར་ནག་མིག་དམར་ཤ་ཁྲག ་སྣ།། སྦྲུལ་ལྤགས་མདའ་གཞུ་གཟའ་རྣམས་ཀྱིའོ།། རིན་ཆེན་གའུ་གཞོན་པ་སྔོ།། དཀོར་ཆ་སྣ་ཚོགས་གནོད་སྦྱིན་རྟེན།། མཚོན་ཆ་ཤ་ཁྲག་སོ་མ་དང་།། དུར་ཁྲོད་ལོངས་སྤྱོད་སྲིན་པོ་དངོས།། འདབ་ཆགས་རུ་མཚོན ་རྟ་དམར་དང་།། མཚོན་ཆ་དྲག་པོ་རི་བཙན་རྟེན།། དེ་ལ་སོགས་པ་དྲེགས་པ་ཅན།། སྤྱི་དང་ཁྱད་པར་བྱེ་བྲག་གིས།། གང་ལ་ཤིས་ཤིང་བསྔགས་པ་དག། བརྟུལ་ཞུགས་ཅན་གྱིས་བརྟེན་པར་བྱ།། རིན་ཆེན་འབྲུ་སྣ ་བཅུད་ཀྱིས་ལྷ།། སོ་བ་ཁྲེ་འབྲས་འབྲུ་ནག་བདུད།། ཀླུ་ནི་རྩི་བཅུད་སྨན་གྱིས་རྟེན།། གནོད་སྦྱིན་རིན་ཆེན་ཆུ་གཙང་སྟེ།། གཟའ་ནི་ཤ་ཁྲག་རྙིང་པས་རྟེན།། དེ་ཉིད་སྣ་ཚོགས་མོ་རིགས་ཏེ།། སྲིན་པོའང་དེ་ཉིད་སོ ་མས་མི་ཡང་། སོ།། གྲི་བཙན་བྱ་བཙན་གྱིས་རོལ་ཤ། གཤིན་རྗེ་ཀེང་རུས་ཆུ་གླང་ཤ། འདི་དག་མཆོད་པའི་རྫས་སུ་བསྔགས།། བསྒྲུབ་པའི་ཐབས་ཀྱི་ཁྱད་པར་ལས།། དམིགས་པའི་གནས་དང་མཐུན་པའི་རྫས།། སོ ་སོས་མཆོད་ཅིང་བསྟེན་པར་སྦྱར།། འཇིག་རྟེན་པ་དང་ཚུལ་མཐུན་པས།། འཇིག་རྟེན་མཆོད་རྟེན་ཞེས་སུ་བཤད།། །། དྲག་པོའི་སྔགས་ཀྱི་བསྒྲུབ་པ་ཡང་།། ཕྱི་ནང་གསང་བ་གནད་དང་བཅས།། གཙོ་ཆེན་སྐུ ་གསུང་ཐུགས་རྡོ་རྗེ།། བྱང་ཆུབ་སེམས་ཀྱིས་བསྒྲུབ་བྱ་བ།། ཐུན་མོང་ཁྱད་པར་བསྒྲུབ་པའི་ཕྱིར།། རང་སྔགས་མིང་དང་སྨོས་པར་བཅས།། བསྡུ་དང་སྤྲོ་ཞིང་ལས་ལ་སྦྱར།། རྣམ་པ་སྦྱོར་བ་རྟགས་རྣམས ་ཀྱིས།། མངོན་དུ་ཕྱུང་བ་དེ་ཉིད་དང་།། སྒྲོགས་ཤིང་དབབ་པ་རྟེན་སྦྱོང་བའི།། བརྟུལ་ཞུགས་ཏིང་ངེ་འཛིན་དག་ནི།། སྟོབས་དང་མི་འཇིགས་རིག་པ་ཡིས།། དོན་ཀུན་བསྒྲུབ་པ་དེ་ཤེས་བྱ།། འཇིག་རྟེན་འཇིག་རྟེན ་འདས་པའི་རིགས།། གང་ལ་གང་གིས་དེ་ངོ་བོ།། གཉིས་མེད་རིག་པ་འཛིན་པའི་ཐུགས།། རྣམ་འཕྲུལ་ངེས་པའི་བློ་སྟོབས་ནི།། འཁོར་བ་དང་ནི་མྱ་ངན་འདས།། དབྱེར་མེད་དགོངས་པའི་ཁྱད་པར་ཆེ།། བསྲུང་བྱ ་སྡོམ་པའི་བྱེ་བྲག་ཀྱང་།། དྲེགས་ཆེན་ལྷ་ཡི་བྱེ་བྲག་ལ།། རྟེན་དུ་རུང་བ་མི་བརྙས་ཤིང་།། ལུས་ཀྱི་ལོངས་སྤྱོད་གཞོམ་མི་བྱ།། རྒྱུ་དང་མི་རྒྱུའི་ནག་པོའི་ཕྱོགས།། མི་བསྐྲད་མི་བརླག་བདུད་ལ་བསྡམ།། གཤིན་རྗེའི ་རིགས་འཁྱལ་མ་མོ་བརྙེས།། ཀླུ་ལྔ་ཤ་ཁྲག་སྒོག་བཙོང་བསྲུང་།། མཁོན་ཡུགས་མི་གཙང་མོ་རྒྱུད་འཁྲུགས།། ཕྲ་མེན་རྫས་ནག་གནོད་སྦྱིན་ཏེ།། བྱམས་སེམས་ཕན་སྤངས་སྲིན་པོ་ལའོ།། གདུག་བྱེད་མི་བརྙས་བཙན ་ལའོ།། ཆོ་འཕྲུལ་ནུས་པ་མི་བཟློག་གཟའ།། འཇིག་རྟེན་གནས་པ་དྲག་པོའི་སྔགས།། དམོད་པའི་ཚུལ་དུ་སྔགས་ཟློས་ན།། ཤིན་ཏུ་དགོས་པར་བསྟན་པ་ཡང་།། བླ་སྙིང་གཏེར་དང་གདབ་ཕུར་དང་།། བཅིང་དང ་བསྲེག་དང་མནན་དང་སྦ།། གནས་དུས་ཐེབས་དང་ལྡོག་པ་དང་།། བསྲུང་མཚམས་དྲོད་ཚད་རྟགས་རིགས་རྣམས།། གཙོ་ཆེན་བསྡུས་པའི་ལས་ཡིན་ནོ།། ལྷ་བདུད་སྲིན་པོ་གནོད་སྦྱིན་དང་།། རྒྱལ་པོ ་གཤིན་རྗེ་མོ་རིགས་ཏེ།། གཟའ་ཀླུ་ལ་སོགས་སྡེ་བརྒྱད་ཚོགས།། ཉི་རྡོ་ཁྲོ་ཆུ་གྲི་ལྕགས་དང་།། ནོར་བུ་ཕ་ཝང་ལོང་བུའི་རྡོ།། མུ་མེན་གཡུ་སྦྲམ་བླ་སྙིང་རྡོ།། ཤེལ་མཁར་ཆུ་ཤིང་ཕུར་པ་དང་།། གྲི་ལྕགས་གསེར ་གྱི་ཐུར་མ་དང་།། གྲི་མཚོན་བྱི་ཐུར་རྐང་ཐུར་དང་།། ཟངས་ཐུར་ལ་སོགས་སྙིང་ཟུར་ཡིན།། ཚེར་མ་ཅན་དང་ཆུ་ཤིང་དང་།། སེང་ལྡེང་ལྕགས་དང་མཆོག་ཕུར་དང་།། དུག་ཤིང་བསེ་དང་གྲི་ལྕགས་ཟངས།། མཐུན ་པས་རབ་ཕྱེ་སྙིང་ཕུར་བྱ།། མི་དང་དུད་འགྲོ་ཕྲ་མེན་དང་།། རིན་ཆེན་ཕྲ་མེན་རང་སྣོད་བཅས།། ཟངས་ལྕགས་གྲི་ཡི་ཐོད་པ་དང་།། སྟག་གཟིག་བྱི་ལ་ནེ་ལེ་དང་།། ཧུ་ལུ་རང་གྲུབ་སྣོད་རྣམས་ནི།། སོ་སོའི་བཅིང ་སྡོམ་བླ་སྣོད་ཡིན།། མཛེས་པའི་གཞི་ལ་རང་སྔགས་གྲི།། ཟུར་མ་རྡོ་དང་བཅས་ལ་དྲིལ།། མཐུན་པའི་རྫས་དང་སྣོད་དུ་སྩལ།། སྙིང་ཕུར་རྣམས་ལ་འབྲུ་གསུམ་དགོད།། སོ་སོར་རིགས་པའི་སྲད་བུས་བསྡམ།། སྒྲུབ ་པ་པོ་ཡི་ལུས་ལ་གདགས།། སྡེ་བརྒྱད་གནད་ཀྱི་རྩ་བ་ཡིན།། དབེན་གནས་གཙུག་ལག་ཁང་རྙིང་འོག། ངམ་གྲོག་ཕུག་དང་ཕུག་སྟོང་དང་།། བྲག་ནག་བྲག་དམར་ཁྲོས་པ་དང་།། གངས་རིའི་མཚམས་དང་ཤིང ་གཅིག་དྲུང་།། རི་ཡི་རྫོང་དང་འདུས་རྩེ་དང་།། མཚེའུ་ལུ་མ་ལྕགས་ལྕིག་དང་།། ལུང་པའི་མདོ་དང་ཆུ་མིག་ནག། དུར་ཁྲོད་ས་ཡི་སྲུབས་ཆེན་དང་།། མི་ཤེས་གདུག་པའི་གནས་རྣམས་སུ།། སོ་སོའི་ལས་གཉེར ་གཏད་པར་བྱ།། དུས་བཞིའི་ཟླ་བ་དང་པོ་དང་།། དེ་ཡི་ཚེས་གྲངས་བརྒྱད་གསུམ་ལ།། སྐྱ་རེངས་ཉི་མ་འཆར་ཀ་ལ།། ལྷ་དང་རྒྱལ་པོས་ལས་བྱེད་འགྱུར།། ཀླུ་ནི་བདུན་གསུམ་ནམ་ལངས་ནས།། ནུབ་དང་གཉིས་ཀྱི ་ཟེར་ལའོ།། མ་མོ་གཉིས་གསུམ་ཉིན་མཚན་གུང་།། བཙན་ནི་འབྲིང་བཞིའི་དྲུག་གསུམ་ལ།། ནང་ནུབ་ཉི་མ་དམར་ཟག་ལའོ།། གནོད་སྦྱིན་དགུ་གསུམ་སྲོད་དང་འཇིང་།། གསུམ་བཞི་ཉི་ཤུ་དགུ་ལའོ།། སྲོད་ཀྱི ་འཇིང་ནི་བདུད་ཀྱི་དུས།། གཤིན་རྗེ་བཅུ་གསུམ་ཉི་ཤུ་ལྔ།། དེ་དག་ལ་སོགས་འགྲོ་ཞིང་རྒྱུ།། སྡེ་བརྒྱད་དྲེགས་པའི་ལས་རྣམས་ཀུན།། ཕྱི་ནང་གསང་བའི་དབང་ཐོབ་ཅིང་།། སྤྱི་དང་ཁྱད་པར་སྡོམ་པའི ་མཆོག། མཚུངས་ལྡན་ཡེ་ཤེས་པ་རྣམས་གྲུབ།། དུས་གྲངས་མཚན་མའི་བསྙེན་པ་རྫོགས།། རྡོ་རྗེ་འཛིན་པའི་མན་ངག་ལྡན།། ཕྱི་ནང་གསང་བའི་དམ་རྫས་ཚོགས།། བསྲུང་སྡོམ་མ་ཉམས་ཚད་དང་ལྡན།། བརྩོན ་འགྲུས་ཕུན་སུམ་ཚོགས་ལྡན་པས།། འདི་དག་འགྲུབ་ཅིང་ཐེབས་པའི་རྒྱུ།། དེ་ནས་བཟློག་ཚུལ་དེ་ཉིད་དོ།། དམ་བཅའ་ཁས་བླངས་དུས་ལས་འདས།། སྡོམ་རིམ་བསླབ་པའི་ཚུལ་མི་ལྡན།། བསྒྲུབ་བྱ་སྒྲུབ་བྱེད་ཐེ ་ཚོམ་བཅས།། ཡོན་ཏན་མ་རྫོགས་ལས་ལ་འཇུག། དམིགས་དང་སྦྱོར་བ་གོ་རིམ་ནོར།། ངན་སེམས་གདུག་པའི་བསམ་པ་སྐྱེས།། ཕ་རོལ་སྒྲོལ་བ་དྲག་པོ་རྣམས།། བཟློག་རྒྱུ་རྐྱེན་དང་བཅས་པར ་འགྱུར།། དམིགས་པའི་མཚན་མ་མ་རྫོགས་དང་།། རྟེན་མེད་ཏིང་འཛིན་མ་གསལ་དང་།། རང་རིག་ཕུར་པ་མ་ཐེབས་པ།། མཚན་མ་བཞི་གཅིག་ལ་གཞན་སྡོམ་ཡང་། ལ་གཞན་དོན་རྣམས།། འབྱམས་ཏེ་དོན་མེད་སྐྱོན་དུ ་འགྱུར།། ཕྱི་ནང་གསང་བའི་དབང་རྫོགས་ཤིང་།། བསྙེན་སྒྲུབ་ཏིང་འཛིན་ནུས་པ་ལྡན།། ལྷག་སེམས་བཟང་ཞིང་ལས་འཇུག་བརྟུལ།། དམག་དཔུང་ཆེ་ཞིང་དམིགས་པ་དྲག། གཙང་ཞིང་བརྟུལ་ཞུགས་ཆེ ་བས་ཐེབས།། གང་གིས་གང་ལ་དམིགས་པ་ཡི།། སྐུ་གསུང་ཐུགས་ཀྱི་མཚན་མ་མཐོང་།། ཀུན་གྱིས་བསྟོད་ཅིང་དབང་བསྐུར་དང་།། ཕྱག་དང་བསྙེན་བཀུར་གུས་པ་བྱེད།། སྤྲོ་ཞིང་རློམ་པའི་དཔའ་གདེང་ལྡན།། འདི ་ནི་ཕྲིན་ལས་ནུས་པའི་རྟགས།། མཁན་པོ་སློབ་དཔོན་རྒྱལ་པོ་དང་།། རྗེ་དཔོན་ལ་སོགས་གོང་མར་བྱུང་།། ཉེ་ཡང་དབང་དུ་མ་འདུས་རྟགས།། སྤྱན་གྲོགས་པ་ཚན་མཉམ་གཉིས་དག། མཉེས་ན་ལས་བྱེད་རུང་བའི ་རྟགས།། བྲན་འབང་ཁོལ་གཡོག་བུ་ཚར་བྱུང་།། བསྐོལ་ཞིང་རྦད་པས་མཆོག་པའི་རྟགས།། གར་ཡང་རུང་སྟེ་བཀའ་ཉན་ཅིང་།། ལས་བྱེད་ཚུལ་དུ་བྱུང་བ་ནི།། དྲག་པའི་ལས་སྦྱོར་བྱ་བ་ཡིན།། དམག་འདྲེན་སྐྱོགས ་འཆའ་ལས་ལ་འཛུད།། དར་འཕྱར་དུང་འབུད་རོལ་མོ་ཆས།། དབུ་ཆེ་དག་གིས་གྲོགས་བྱེད་ན།། རྦད་པ་ལས་ལ་ཚུད་པའི་རྟགས།། གསོད་ཅིང་ལིང་ཛག་འགྱེད་པ་དང་།། ཤིང་གཅོད་བྲག་གཤོག་མཁར་བསྒྱེལ ་དང་།། མེས་བསྲེས་ཆུས་འཁྲུངས་ས་གནོན་དང་།། རླུང་གིས་ཁྱེར་དང་རང་བཞིན་ཞིག། གསད་པའི་ལས་ཀྱི་དོན་འགྲུབ་རྟགས།། ཤ་ཟ་ཁྲག་འཐུང་སྟོན་མོ་ཟ།། བཤད་དང་ལོངས་སྤྱོད་བྱེད་ལ་སོགས།། དོན་གྲུབ ་གསད་ལས་ཟིན་པའི་རྟགས།། རྟོག་པ་ཐུགས་རྗེས་བསྒྲལ་བ་དང་།། ཞེ་སྡང་ནུས་པས་བསྒྲལ་བ་དང་།། མན་ངག་ཐབས་ཀྱིས་བསྒྲལ་བ་ལས།། བྱེ་བྲག་ཐུན་མོང་ཁྱད་པར་དག། སོ་སོའི་མཐུན་ཚོགས་མན་ངག ་བཞིན།། བསྙེན་སྒྲུབ་རྦད་གསད་ལས་སྦྱོར་ལ།། སྦྱོར་དངོས་རྗེས་ཀྱི་བྱ་བ་དག། ཐོག་མ་བར་དང་མཐའ་མའི་བར།། རྩ་བ་དང་ནི་ཡན་ལག་གི།། འབྲེལ་ཞིང་ཚང་ལ་བརྩོན་པས་སྤྱད།། ལས་མཇུག་མནན་ཞིང ་གཏད་པ་ལས།། བསྙེན་སྒྲུབ་གནས་ལུགས་སྐྱེ་གནས་དང་།། ལས་ཁུང་རང་གནས་གནད་འགྲོ་ལ་དང་།། སྤྱི་དང་ཕྱི་ཡི་སྐུ་གཅོད་བྱ།། ཚད་དང་ཁུགས་དང་བསྟིམ་དང་སྤྱད།། ཀུན་ལ་མན་ངག་རིག་ལྡན་བྱ།། གཉེན ་པོ་དངོས་གཞི་བསྒྲུབ་པ་དང་།། དྲིལ་དང་དབྱེ་དང་གནས་སྐྲོད་དང་།། དྲིལ་དང་འཕང་བ་རྒུད་པ་དང་།། འཐིབས་དང་གཟེར་དང་མཐའ་ལ་གཏད།། གཞུག་དང་བསྐྱིལ་དང་རྗེས་གཅད་པས།། དབབ་པ་གནས་སུ ་བརྡེག་པར་བྱ།། ཆོས་ཉིད་བདེན་པའི་བལྟ་བ་དང་།། ཏིང་འཛིན་དམིགས་གསལ་བསྒོམ་པ་དང་།། དཔའ་བོ་བརྟུལ་ཞུགས་སྤྱོད་པ་དང་།། རབ་གནད་སྔགས་ཀྱི་དྲག་ཤུལ་དང་།། འཐད་རིགས་བདེན ་པའི་ཚིག་སྟོབས་དང་།། རང་གཤེད་ཐབས་ཀྱི་ཡོན་ཏན་དང་།། བསོད་ནམས་ཚོགས་ཀྱི་དཔུང་བསྐྱེད་དང་།། གཉེན་པོ་སྟོབས་ལ་སོགས་པས་བཟློག། བསྲུང་བར་བྱ་བའང་དེ་བཞིན་ནོ།། ལུས་གནས་དང་ནི་བདག ་པོ་གཉེར།། དུས་རྫས་ཐབས་དང་རྗེས་གཅད་དང་།། བསྲུང་དང་ནུས་པ་རྫོགས་པས་མནན།། ཐབས་ཤིང་རྫས་དང་སྔགས་དུས་ལྷ།། ཏིང་འཛིན་ལྡན་པས་བསྲེག་པར་བྱ།། བཤམ་དང་བསྒྲུབ་དང་བཤེ་བ ་དང་།། ཕྱོགས་དུས་མ་ནོར་ལམ་ཕྱེ་བས།། དབང་གཟུགས་མཁྱེན་གསོལ་ལྡན་པས་འཕང་།། གཞི་གནས་སྔོ་བའི་གསར་ཞིང་བསྒྲུབ།། བསྙེན་པ་བསྒྱུར་དང་དྲག་སྔགས་དཀྲུག། རྫས་ཀྱིས་བདུག་དང་ཤི་སར ་བསྟན།། ཉམས་པ་གསོ་ཞིང་བསྐང་བ་དང་།། ངག་བཀྲོལ་ལྷ་ཕྱེ་བསྙེན་སྒྲུབ་དང་།། ལས་སྦྱོར་ལན་གསུམ་བསྒྱུར་བས་སྤོགས།། མདོར་ན་མ་གྲུབ་བར་དུ་ནི།། བརྣག་ཅིང་བསྒྲུབ་པ་མན་ངག་གནད།། རང་བཞིན ་འཁོར་འདས་ཆོས་རྣམས་ཀུན།། རང་གཞན་སྣང་བ་རྟོག་པ་སྟེ།། སྡེ་བརྒྱད་ལ་སོགས་ལྷ་དང་སྲིན།། མ་ལུས་རང་གི་སེམས་སྣང་བས།། གཞན་ནས་གྲུབ་པ་ཡོད་མ་མྱོང་།། སེམས་ཀྱང་རྟོག་པ་ཙམ་ཉིད ་ས།། དབྱིབས་དཔའ་དག་དངོས་པ་དང་།། མཚན་པའི་རྩ་བ་སངས་མ་གྲུབ།། རང་གི་ང་བ་ཅད་ཀྱིས་ཀྱང་།། དེ་ཅད་ཀྱང་ན་ངས་ཐང་\ུ0f7f།། མ་གང་ཅུང་ཟད་མེད་མ་ཡིན།། བླང་པ་ཅན་པ་རྒྱས་ཀྱི་།། ། སྨྲས་པར ་མཐའ་འཛིན་རྒྱུ་ནས་སྤང་།། སངས་རྒྱས་རྣམས་ཀྱི་ཐུགས་སྙིང་པོ།། འདི་ཉིད་ངང་ལ་གང་གནས་པ།། འཇིག་རྟེན་དྲེགས་པ་དབང་དུ་བསྒྱུར།། རྩ་བ་འདི་ཡིན་ཡན་ལག་གཞན།། ཀུན་གྱིས་འདི་ལ་བལྟ་བྱ། ་ཞིང་།། བསྒོམ་དང་རབ་ཏུ་སྤྱད་པར་བྱ།། གཙོ་བོར་སངས་རྒྱས་བསྟན་ལ་དམིགས།། རང་སེམས་དཔལ་དང་གདེང་ལྡན་པས།། ཏིང་ངེ་འཛིན་གྱི་གྲོགས་སུ་སྤྱད།། དམ་ཚིག་སྡོམ་པ་བསྲུང་སྦྱོར་བ།། མཆོག་དང་ཐུན ་མོང་དངོས་གྲུབ་གཞི།། ཏིང་འཛིན་འཕྲོ་འདུ་གསལ་བ་ཡིས།། མངོན་སུམ་འདོད་པ་བཞིན་དུ་སྒྲུབ།། མན་ངག་ཐེ་ཚོམ་སྤྱད་པ་ཡིས།། འཇིག་རྟེན་རྟོག་པ་ངན་པ་ལྡོག། ལུས་སེམས་བདེ་བ་འཁོར་གཡོག་པས།། རང ་བཞིན་རྟེན་འབྲེལ་རྫས་ཀྱིས་འགྲུབ།། བཅོལ་བསྐུལ་དམ་བདར་རྦད་པའི་གྲོགས།། བླ་སྲོག་གིས་ནི་དབང་མེད་སྤྲོ།། བླ་རྟགས་ཀྱིས་ནི་དུས་མི་འགྱུར།། བསྒྲུབ་འཕེལ་དབེན་གནས་ཡོ་བྱད་ཡིན།། ཡོན་ཏན་ཡིན་ཏེ ་སྐྱོན་རྣམས་ཀྱང་།། བསྙེན་སྒྲུབ་ཚུལ་མཐར་མ་ཕྱིན་པས།། དྲེགས་པ་རང་ལ་ལྡོག་པར་འགྱུར།། གསང་སྦྱོར་མི་ནུས་དུས་ལས་གཡེལ།། རྟེན་རྫས་མེད་ལ་རྟེན་མི་འདུ།། ཕ་རོལ་མཚན་རྟགས་མ་ཤེས་པས།། དུས ་མིན་ཕྱལ་བར་འགྱུར་བ་ཡིན།། གནད་ལ་མ་ཕེབས་ལས་མི་བྱེད།། དཀའ་བ་མ་སྤྱད་ཐེ་ཚོམ་སྐྱེས།། གཞན་ལ་བསྒྲགས་པས་འཁོར་ལ་གནོད།། བསྲུང་སྡོམ་མི་ལྡན་དོན་མེད་སྤྱོད།། བསམ་ངན་གདུག ་པས་ངན་འགྲོར་འཁྲིད།། ཉོན་མོངས་ཞེ་སྡང་དྲག་པོ་ཡིས།། གཉེན་པོས་མ་བསྒྱུར་རཱུ་ཏྲར་སྐྱེས།། ལས་རིམ་འཆོལ་པས་རང་ལ་ལྡོག། རྐྱང་པ་ཡ་བྲལ་སྒྲུབ་པ་ཡིས།། གནོད་པ་བསྐྱེད་ཅིང་ལས་མི་འགྲུབ།། མཁས ་པར་མ་སྦྱངས་དམུས་ལོང་འགྲོ།། སྔགས་བསྡེབ་མེད་པས་ཡིད་སྤྱོད་དེ།། སྔར་མྱོང་མེད་ན་ཐེ་ཚོམ་ཡིན།། དེ་བས་གྲུབ་རྟགས་ལྡོག་རྟགས་དང་།། རང་གནོད་གཞན་གནོད་རྟགས་རྣམས་ཀུན།། མ་ནོར་མ་འཁྲུལ ་གཏན་ལ་དབབ།། རླུང་འཚུབ་ཆུ་ཆེན་གཤིན་རྗེ་རྦད།། མི་དང་དུད་འགྲོ་ནག་པོའི་ཚོགས།། ལས་ཀྱི་རཱུ་ཏྲ་བྱུང་དང་འགྲོ།། མོ་ཚོགས་མ་མོའི་རྟགས་ཡིན་ཏེ།། ཐོག་སེར་ཆོ་འཕྲུལ་གནོད་སྦྱིན་ནོ།། མགོ་ཏུག་མི་མང ་གནོད་སྦྱིན་ཏེ།། མཚོ་རྫིང་ཉ་སྦྲུལ་སྦ་ལྕོང་ཀླུ།། བྱ་ཁྱི་ནག་ཚོགས་བདུད་འགོང་ཚོགས།། ཕོ་རིགས་དམག་དཔོན་སྲོག་བདག་གྱིང་།། གཙུག་ལག་ཁང་རྙིང་སྡེ་དང་བཅས།། རྒྱལ་པོ་དང་ནི་དཀོར་བདག་རྟགས།། མི ་རྟ་ཞུབ་གོན་རང་འཕྱར་བ།། ལྷ་བཙན་བྱུང་ཞིང་འགྲོ་བའི་རྟགས།། མཚོན་ཆ་སྒྱོགས་དང་འུར་རྡོ་སོགས།། ལས་ཀྱི་སྲིན་པོ་མོན་པའི་བརྟགས།། རི་དྭགས་གཅན་གཟན་ལས་གཤིན་རྗེ།། ཀུན་ཚོགས་པ་ནི་ཀུན་གྱི ་རྟགས། འཇུག་ཡང་།། མཁས་པས་དབྱེ་བསལ་རྦད་སོགས་བྱ།། ངན་པའི་རྟགས་བྱུང་རང་རང་གི། གཉེན་པོའི་སྟོབས་ཀྱིས་མྱུར་དུ་གཞི་ལ།། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་སྤྱད།། མ་མོས་ཐུན་ཟོར་ལས ་ཀུན་སྤྱད།། གཟའ་ལྕམ་མ་སངས་ཆུ་རོམ་འབབ།། ཀླུ་ལ་ལས་འཇུག་གཏད་པར་བྱ།། གནོད་སྦྱིན་གྱིས་ནི་ཡོ་བྱད་སྤེལ།། ལྷ་ཡི་འཁོར་གྱིས་རྩལ་དྲག་སྟེ།། རྒྱལ་པོས་གློ་བུར་སྒྲོ་འབོག་གཏོང་།། གིང་ཞེས་བྱ་བ་མྱུར ་མགྱོགས་ཏེ།། དགྲ་ལྷར་བཅས་པས་ཆོ་འཕྲུལ་གཏོང་།། གཤིན་རྗེ་མོན་པས་བླ་སྲོག་བརྐུ།། གིང་ཕྲན་བསྟོད་གནོད་ཀྱང་པས་རྫས་མི་འབྱོར།། དེ་དག་ལ་སོགས་ལྷ་སྲིན་གྱི།། བྱེ་བྲག་བསམ་གྱིས་མི་ཁྱབ་པས།། ལས ་གཉེར་ལྷ་ཚོགས་སོ་སོར་བསྒྲུབ།། རང་གི་རིགས་དང་ལས་ཀྱི་གཉེན།། མ་ཤིས་གློ་བུར་སྦྱར་མི་བྱ།། དངོས་གྲུབ་ཀུན་འབྱུང་ལོག་པར་འགྱུར།། དེ་བས་རྡོ་རྗེ་འཛིན་གྱི་བཀའ།། མ་ནོར་མ་འཁྲུལ་ལེགས་སྤྱད ་དེ།། བརྩོན་འགྲུས་དྲག་པོས་བསྒྲུབ་པར་བྱ།། ཕྱི་ལྟར་འཇིག་རྟེན་དྲེགས་པ་ཅན།། ནང་དུ་སེམས་ཀྱི་ཆོ་འཕྲུལ་ཡིན།། གསང་སྤྱོད་ཆོས་སྐུའི་ཡོན་ཏན་གྱིས།། ཕྲིན་ལས་སྣ་ཚོགས་གྲུབ་པའོ།། སྣང་བའི་འཛིན་པ་བདེ ་གཤེགས་སྐུ།། སྒྲ་ཡི་རྣམ་རྟོག་དེ་ཡི་གསུང་།། དྲན་རིག་ཡིད་ནི་དམ་པའི་ཐུགས།། ཐ་དད་དབྱེ་བ་ཡོད་མ་ཡིན།། ཞེས་པའི་ཚིག་གིས་བསྙད་པ་ནི།། འཇིག་རྟེན་གནས་པའི་དྲེགས་པ་ཅན།། སྒྲུབ་པ་ཁ་སྐོང་ཚུལ་བཀོད ་པའོ།། དེ་བས་མ་འོངས་ཕྱི་མའི་དུས།། ལྔ་བརྒྱ་པ་ཡི་སྙིགས་མ་ལ།། བསྟན་པ་མདོ་སྡེ་སྤྱོད་པའི་དུས།། ཨུ་རྒྱན་ཡུལ་དུ་སྐྱེས་པའི་སྲས།། ལག་ན་རྡོ་རྗེ་འབྱུང་གནས་ནི།། ཚིག་དང་ཡི་གེར་སྟོན་བྱེད ་ཅིང་།། བྱིན་གྱིས་རླབས་ཀྱིས་སྤྱོད་བྱེད་དེ།། དེ་ནས་རིམ་པའི་ཚུལ་ལྡན་པས།། དགེ་སློང་རྡོ་རྗེ་འཛིན་པ་ཆེ།། ཤཱཀྱ་སེང་གེ་ཞེས་བྱ་བས།། མ་ལུས་ཁོང་དུ་ཆུད་བྱས་ཏེ།། ཤམ་བྷ་ལ་ཡི་ཡུལ་དག་ཏུ།། རང་བྱུང་གཙུག ་ལག་ཁང་ཆེན་དུ།། འཇམ་དཔལ་འཁོར་དང་བཅས་ལ་སྟོན།། དེ་དག་རང་རིག་སོ་སོ་ཡིས།། མོས་པའི་རྣམ་གྲངས་སྤྱོད་པ་ཡིས།། འབྲས་བུ་ཐུན་མོང་མཆོག་ཏུ་འཛིན།། སྤྱི་འདུས་རྒྱལ་པོ་རྒྱུད་ཀྱི་མཆོག། ལུང་དང ་རྩ་བ་ཡན་ལག་བཅས།། འཇམ་དབྱངས་སྐྱེས་མཐའི་རིག་པ་འཛིན།། བྱང་ཆུབ་སེམས་དཔའ་གཞན་དོན་སྤྱོད།། ས་ལམ་རིམ་པ་རྫོགས་ལ་སྣང་།། དེ་ནས་སྤྲུལ་པ་བྱེ་ཕྲག་བརྒྱ།། འཛམ་བུ་གླིང་རྣམས་བྱེ་བྲག ་བརྒྱར།། ལས་དང་བསམ་པ་བྱེད་པ་དང་། ཁམས་དང་རིགས་མཐུན་ཁོ་ན་སྟེ།། ཚུལ་གཅིག་དག་གི་སྦྱོར་བ་ཡིས།། ཡན་ལག་བྱིན་གྱིས་བརླབ་པ་དག། མཐུན་འཇུག་ཐབས་ཀྱིས་འགྲོ་དོན་སྤྱོད།། བརྒྱུད་པའི་དབང ་དང་དྲོད་དག་གིས།། འདི་དོན་རྟོགས་ཤིང་སྤྱོད་པ་ཡིན།། དེ་ཡིད་དུས་ན་རིག་པ་འཛིན།། སྐྱེས་བུ་ཆེན་པོའི་གཟུགས་ཅན་རྣམས།། ཕྱི་རོལ་པ་ཡི་ཆོས་མཐུན་པ།། རྟོག་གེ་ངན་པའི་ཚིག་སྨྲ་བས།། འདི་ལ་ཕྱིར་རྒོལ ་རྩོད་བྱེད་དེ།། ང་ལ་ལྷ་སྦྱིན་རྒོལ་དང་མཚུངས།། གླགས་རྙེད་གྱུར་པ་མ་ཡིན་ནོ།། མོས་སྤྱོད་དོན་གྱི་དབང་དག་གིས།། རྣམ་པར་རྟོག་པ་གཉིས་སྣང་ལ།། ཐ་སྙད་ཡི་གེ་སོ་སོར་སྟོན།། དོན་མཐར་ཐུག་ལ་སྐྱོན་དང ་བྲལ། ཁ་ཅིག་རྣམ་རྟོག་ངན་པས་བསླུས།། ལོག་པའི་སྣང་བས་བསྙད་གྱུར་ཀྱང་།། ཉེས་པའི་ལམ་ལ་དབང་བའི་དུས།། དྲངས་ཤིང་གནོད་འགྱོད་ཡིད་དག་གིས།། སེམས་དང་ལྡན་པས་འཇུག་བྱེད་པ།། དཀའ་ཐུབ ་མཐར་ཕྱིན་ལ་སོགས་འབྱུང་།། དེ་ལྟ་བས་ན་རྒྱུད་ཆེན་འདི།། དུས་གསུམ་སངས་རྒྱས་ཀྱིས་བཤད་པས།། བསམ་གྱིས་མི་ཁྱབ་བསྡུར་མི་ནུས།། རིག་པ་འཛིན་པའི་བྱང་ཆུབ་སེམས།། རྣལ་འབྱོར་རྣམས་ཀྱི ་དོན་བསྒྲུབ་ཕྱིར།། བསྡུས་པའི་ཚུལ་གྱིས་བསྟན་པར་བྱ།། ཞེས་པའི་ཚིག་གིས་བསྙད་པ་ནི།། འཇིག་རྟེན་གནས་པའི་དྲེགས་པ་ཅན།། སྒྲུབ་པ་ཁ་སྐོང་ཚུལ་དུ་བཤད།། ཅེས་བཀའ་སྩལ་ཏོ།། དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱི་ཆོ་འཕྲུལ་རྣམ་པར་བཀོད་པ། རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་དག་ཉིད་ཀྱི་སྐུ་ལ་བསྡུས་ཏེ། སྣོད་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྣང་བར་ནུས་པའི་ནང ་གི་དབང་པོའི་བདག་ཉིད་ཅན་དུ་བཞག་པར་གྱུར་ཏོ།། རྣམ་པ་དང་རང་བཞིན་དུ་གྲགས་པའི་དངོས་པོ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་གནས་པར་བྱའོ།། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཧེ་རུ་ཀ་ཆེན་པོ་ཐུགས་ཀྱི་རིག་པ་ཆེན་པོའི་ཡོན་ཏན་དཔག་ཏུ་མེད་པའི་དོན་སྔར་བཤད་པ་ལས། མ་ཚང་བ་ཁ་སྐོང་བའི་ལེའུ་རྣམ་པར་བཤད་པའོ།། །། བརྡ ་བར་གཤེགས་པ་ཐམས་ཅད་འདུས་པའི་སྤྱི་རྒྱུད་ལས་མ་ཚང་བ་ཁ་སྐོང་བའི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བདག་བཻ་རོ་ཙ་ནས་བསྒྱུར་ཅིང ་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱལ་པོའི་བླ་དཔེའོ།། གཏེར་རྒྱ། སྦས་རྒྱ། གཏད་རྒྱའོ།། །།་