CLOSE WINDOW

Gpb017.013a: bka' brgyad bde gshegs 'dus pa las/ rtsa ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། རྩ་བའི་རྒྱུད་ཀྱི་རྒྱལ་པོ་བཞུགས། བི་རྒྱ་གར་སྐད་དུ། བྷ་ག་བཱན་སུ་ག་ཏ་སརྦ་ས་མུ་དཱ་ཡ་ཏནྟྲ་མ་ཧཱ་རཱ་ཛ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་བདེ་བར ་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས ་པའི་དུས་གཅིག་ན། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སྐུ་གསུང་ཐུགས་གསང་བ་མཆོག་གི་གནས། ཡེ་ནས་རྣམ་པར་དག་པའི་རྒྱན་གྱིས་བརྒྱན་པ། དཔེ་དང་ཚད་ལས་འདས་པའི་ས། ཕྱི་ནང་མེད ་པར་ཕྱོགས་བཅུར་འཁྲིགས་པ། རྣམ་པར་དག་པས་བཀླུབས་པ། ཐོག་མ་དང་མཐའ་མ་མེད་པ་ཡེ་ནས་རང་བྱུང་གི་གནས་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་སྤྲོས་པ་དང་བྲལ ་བ། དོན་དམ་པ་མ་བཅོས་པའི་ཐིག་ལེ་ཆེན་པོའི་ངང་ལ་མནལ་ཏེ་བཞུགས་སོ།། དེ་ནས་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ངང་ལས་བཞེངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ།། ་དགོངས་པ་ཆོས་ཀྱི་དབྱིངས་ན་བཞུགས་པ་ལ། གླུ་འདིས་བསྐུལ་ལོ།། ཨེ་མ་ཧོ། སྟོང་ཉིད་རྣམ་པར་དག་པའི་ཀློང་ཡངས་ནས།། སྙོམས་པའི་ཐུགས་རྗེ་འབྱུང་བར་མི་དམིགས་ཀྱང་།། ཤེས་རབ་དོན་དམ་ཆོས་སྐུ ་དག་པ་ལས།། མ་འགགས་ཐབས་ཀྱི་སྙིང་རྗེ་ནམ་མཁའ་སྟོན།། ཧོཿཞེས་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཆོས་ཐམས་ཅད་དེ་བཞིན་ཉིད་མཉམ་པ་ཆེན་པོ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་།། ཡུམ་ཀུན་ཏུ་བཟང་མོས་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ། མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ་ནི།། མཁའ་ལྟར་གོ་ཡངས་འབྱེད་ཅིང་ཀུན་ལ་ཁྱབ།། རིག ་པའི་སྙིང་རྗེ་ནམ་མཁའི་དབྱིངས་རུམ་ནས།། ལོངས་སྤྱོད་རྫོགས་པའི་སྐུ་མཆོག་བསྟན་དུ་གསོལ།། ཧོཿཞེས་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་དེས། ཆོས་ཐམས་ཅད་ཐུགས་རྗེས ་ཀུན་ལ་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཡང་། ཡུམ་ཀུན་ཏུ་བཟང་མོས་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། ཡེ་ཤེས་སྐུ་མཆོག་ཉི་མ་ལྟ་བུ་ལས།། སྤྲུལ་པའི་ཆོ་འཕྲུལ་རྡོ་རྗེའི་གར ་མཛད་ཅིང་།། བརྗིད་པའི་སྐུ་མཆོག་རྡོ་རྗེ་འབར་བ་ལས།། ཐུགས་རྗེ་རོལ་པའི་སྐུ་མཆོག་བསྟན་དུ་གསོལ།། ཧོཿཞེས་བསྐུལ་ལོ།། དེ་ནས་བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ་དེས། ཆོས་ཀྱི་སྐུ་སྐྱེ་བ་མེད ་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྤྲུལ་པའི་སྐུ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་སྐུ་བཞེངས་པ་དང་། ཡུམ་ཀུན་ཏུ་བཟང་མོ་ལ་སླར་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོང ་ནི་རང་བྱུང་བའི།། རིགས་ཀྱི་རིགས་ཏེ་རིགས་ཀྱིས་གཙོ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། ཞེས་གསུངས་སོ།། དེ་ནས་ཡུམ་ཀུན་ཏུ་བཟང་མོས་གླུ་འདིས་བསྐུལ་ཏོ།། ཨེ་མ ་ཧོ། བདེ་མཆོག་བདེ་བ་ཡིས།། བྱང་ཆུབ་སེམས་ནི་རབ་སྤྲོས་པས།། ཐུགས་བསྐུལ་རྒྱུད་དབྱངས་དབྱིངས་སུ་ཐིམ།། བྱང་ཆུབ་སེམས་ཀྱི་ཐིག་ལེ་གསལ།། ཧོཿ། ཞེས་བསྐུལ་བ་དང་། ཡབ་ཀྱིས་བསྐུལ་པ། ཨེ་མ ་སངས་རྒྱས་ཐམས་ཅད་ཀྱི།། ཡི་གེ་གསང་གི་ཕྱག་རྒྱའི་ཚོགས།། སྤྲོས་པས་གསུང་བསྐུལ་རང་རྒྱུད་དང་།། བསྡུས་པས་ཆོས་ཀྱི་ཕྱག་རྒྱའི་དོན།། ཞེས་བསྐུལ་པས། ཡུམ་གྱིས་བསྐུལ་བ། ཨེ་མ་ཧོ། བདེ་གཤེགས་ཀུན ་གྱིཐུགས་ཀྱི་ཐུགས།། རྟོགས་པར་དཀའ་བའི་སྙིང་པོའི་དོན།། བདེ་གཤེགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ།། འགྲོ་བ་ཀུན་གྱི་ཤེས་ས་འགྲོལ།། ཐུགས་ཀྱི་ཕྱག་རྒྱར་བསན་པའོ།། ཞེས་བསྐུལ་ནས། ཡབ་ཡུམ་གཉིས ་སུ་མེད་པའི་མཁའ་ནས། བདེ་བར་གཤེགས་པའི་འཁོར་རྒྱལ་བ་རྒྱ་མཚོ་གཞལ་ཡས་ཁང་དང་བཅས་པ་སྤྲུལ་ཏོ།། དེ་ཡང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གནས་ཕོ་བྲང་ལྷུན་གྱིས་གྲུབ་པ། རྒྱུ་བསོད་ནམས་དང ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་། ཐུགས་རྗེ་ཆེན་པོས་ཐམས་ཅད་ལ་ཁྱབ་པས་མཐའ་དང་དབུས་མེད་པ་ཀུན་ཏུ་རྒྱས་ཤིང་། རྒྱ་ཡོངས་སུ་མ་ཆད་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད ་པ་དང་། འདུས་མ་བྱས་པའི་ཕྱིར་ཡེ་ཤེས་ཀྱི་སྒོ་བཞི་དང་ལྡན་པ། རྣམ་པར་ཐར་པ་བརྒྱད་ཀྱི་ཀ་བ་དང་བཅས་པ། གཅིག་དང་དུ་མ་དང་བྲལ་ཞིང་སྤྲོས་པ་མེད་པས་དཀྱིལ་འཁོར་ཟླུམ་པོ། ཆོས་ཀྱི ་འཁོར་ལོ་འགྲོ་བ་ཡོངས་ལ་བསྐོར་བའི་ཕྱིར། ཀུན་གྱི་ཕོ་བྲང་ཡེ་ཤེས་ཀྱི་འཁོར་ལོར་གནས་པ། ཡོན་ཏན་གྱི་ཚོགས་མ་ལུས་པ་རྒྱས་ཤིང་། ཐུགས་རྗེའི་རླབས་དང་ལྡན་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་ལས། འོད ་ཟེར་སྣ་ཚོགས་འཕྲོ་བ། ཡེ་ཤེས་ཆེན་པོ་མཉམ་པ་ཉིད་ལས་མི་འདའ་བས་ཏཱ་ལའི་ལྗོན་ཤིང་དང་། སེམས་ཅན་གྱི་རེ་བ་ཡིད་བཞིན་དུ་སྐོང་བས། དཔག་བསམ་ཤིང་གིས་བརྒྱན་པ། ཐམས་ཅད་ལ་དབང་བསྒྱུར་བའི ་ཕྱིར། ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ། མི་ཤིགས་ཤིང་མི་འགྱུར་བས་རྡོ་རྗེའི་ར་བ་དང་། ཉོན་མོངས་པ་བསྲེག་པའི་མེ་རི་འབར་བའི་ར་བས་ཡོངས་སུ་བསྐོར་བ་སྤྲུལ་ཏོ།། དེ་ལྟ་བུའི་ཡེ་ཤེས་ལྔ་དང་སྐུ ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གཞལ་ཡས་ཁང་དེར། ལྷ་ཐམས་ཅད་ཀྱི་གནས་སུ། རང་བཞིན་གྱི་ཡེ་ནས་འོད་གསལ་བའི་ཉི་ཟླའི་གདན་དང་། མ་ཆགས་པདྨའི་གདན། ས་བོན་གྱི་ཚུལ་གྱིས ་འཕྲོས་པར་གྱུར་ཏོ།། ཁྱད་པར་དུ་མི་འཇིགས་པ་བཞིས་བདུད་བཞི་འཇོམས་པའི་རྟགས་སུ། དབུས་སུ་སེང་གེའི་ཁྲི་དང་།། སྟོབས་བཅུ་དང་ལྡན་ཞིང་མི་དགེ་བ་བཅུ་འདུལ་བའི་རྟགས་སུ། ཤར་དུ་གླང་པོ་ཆེའི་ཁྲི ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་འགྲོ་བ་འདུལ་བའི་རྟགས་སུ། ལྷོར་རྟའི་ཁྲི་དང་། དབང་བཅུ་མཐར་ཕྱིན་པས་རྒྱལ་བའི་རྟགས་སུ། ནུབ་ཏུ་རྨ་བྱའི་ཁྲི་དང་། ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བའི་རྟགས་སུ།། ་བྱང་དུ་ཤང་ཤང་གི་ཁྲི་དག་སྤྲུལ་ཞིང་བཀོད་དོ།། དེར་བདེ་བར་གཤེགས་པ་རིགས་ལྔ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྲུལ་ཏེ། ཆོས་ཐམས་ཅད་བདག་མེད་པ་དང་། བྱང་ཆུབ་ཀྱི་སེམས་དག་པའི ་ཕྱིར། དེ་བཞིན་གཤེགས་པའི་རིགས་སྐུ་མདོག་དཀར་པོ། དེ་བཞིན་ཉིད་ལ་ཅིས་ཀྱང་བསྒྱུར་དུ་མེད་པས། རྡོ་རྗེ་རིགས་སྐུ་མདོག་མཐིང་ག། ཡོན་ཏན་གྱི་གཏེར་ཟད་མི་ཤེས་ཤིང་། ཐམས་ཅད་འབྱུང་གནས་ཡིན ་པས། རིན་པོ་ཆེའི་རིགས་སྐུ་མདོག་གསེར་ལྟ་བུ། ཆོས་ཉིད་ཆགས་པ་དང་། ཆགས་པར་བྱ་བ་མེད་པས། པདྨའི་རིགས་སྐུ་མདོག་དམར་པོ། ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ལས་ཀྱི་རིགས ་སྐུ་མདོག་ལྗང་གུར་གནས་པའོ།། དེ་བཞིན་གཤེགས་པ་དེ་དག་ཀྱང་།། སྲིན་པོའི་འཁོར་ལོ་རྒྱུན་གཅོད་པས། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་འཁོར་ལོ།། ཅིས་ཀྱང་མི་ཤིགས་ཤིང་མི་འགྱུར ་བས། རྡོ་རྗེའི་རིགས་ཀྱི་ཕྱག་ན་རྡོ་རྗེ། དགོས་འདོད་ཀྱི་རེ་བ་སྐོང་བའི་རིན་པོ་ཆེའི་རིགས་ཕྱག་ན་རིན་པོ་ཆེ་དང་། འཁོར་བའི་སྐྱོན་གྱིས་མ་གོས་པའི་པདྨའི་རིགས་ཀྱི་ཕྱག་ན་པདྨ། མཐའ་བཞི་གནོན་པས་ལས་ཀྱི ་རིགས་ཀྱིས་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་ནས། མཉམ་པ་ཉིད་ཀྱི་སྐྱིལ་ཀྲུང་དང་། རྡོ་རྗེའི་སྐྱིལ་ཀྲུང་དང་། རིན་པོ་ཆེའི་སྐྱིལ་ཀྲུང་དང་། པདྨའི་སྐྱིལ་ཀྲུང་དང་། ལས་ཀྱི་རིགས་ཀྱིས་སྐྱིལ་ཀྲུང་གི ་བཞུགས་པ། སོ་སོ་རང་རང་གི་གདན་གྱི་སྟེང་དུ་སྤྲུལ་ཏོ།། འཁོར་གྱི་བྱང་ཆུབ་སེམས་དཔའ་དང་སེམས་མ་རྣམས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བས། སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་ནས། རང ་རང་གི་རིགས་ཀྱི་སྐུ་མདོག་དང་ཕྱག་མཚན་དང་རྟགས་རྣམས་སོ་སོར་འཛིན་པར་སྤྲུལ་ཏོ།། དེ་དག་ཐམས་ཅད་ཀྱང་། སྐུ་མཉེན་པ་དང་། ལྷུག་པ་དང་། འཁྲིལ་བ་དང་། ལྡེམ་པ་དང་། གཞོན་ཚུལ་ཅན་དང་། གསལ ་བ་དང་། འཚེར་བ་དང་། ལྷུན་སྡུག་པ་དང་། བརྗིད་ཆགས་པ་དང་། གཞན་ཡང་ཐུན་མོང་གི་རྒྱན། དབུ་རྒྱན། རིན་པོ་ཆེའི་འཕྲེང་བ་དང་། མེ་ཏོག་གི་ཕྲེང་བ་དང་། སྙན་ཆ་དང་། མགུར་ཆུ་དང་། དོ་ཤལ་དང་། སོ ་མོ་དོ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། དར་གྱི་ཅོད་པན་དང་། ཆོས་གོས་དང་། སྟོད་གཡོགས་དང་། སྨད་གཡོགས་དང་། སྨད་དཀྲིས་དང་། མཛད་པ་དར་གྱི་གསང་གོས་དང་བཅས་ཏེ། འོད་ཀྱི་དཀྱིལ ་འཁོར་ཁ་དོག་སྣ་ཚོགས་ལས། སྣ་ཚོགས་སུ་འཕྲོ་བ་ལྟ་བུས་བརྒྱན་ནས་ཕྱོགས་སུ་འཁོད་དོ།། དེ་ལྟར་བདེ་བར་གཤེགས་པ་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། ་དེ་བཞིན་གཤེགས་པའི་རིགས་ལྔ། སོ་སོའི་བཙུན་མོ་དང་། འཁོར་གྱི་སེམས་དཔའ་དང་། སེམས་མ་དང་། སོ་སོའི་འཁོར་ཚོགས་ཏིལ་གྱི་གང་བུ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ནས། ་རང་རང་གི་དཀྱིལ་འཁོར་དགུ་རྒྱན་དང་བཅས་པ་ཐོན་ཏེ། ཡེ་ཤེས་རང་གནས་ཀྱི་ལྷ་ཚོགས། སྣང་ལ་རང་བཞིན་མེད་པ། ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བར་གྱུར་ཏོ།། བདེ་བར་གཤེགས་པ་ཐམས་ཅད་འདུས ་པའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བཅོམ་ལྡན་གསང ་བདག་ཆེ།། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། བདེ་བར་གཤེགས་པ་ཀུན་འདུས་པའི།། ཞི་བ་དམ་པ་རིགས་བརྒྱ་ཡི།། སྒྲུབ་ཐབས་བདག་ལ་བཤད་དུ་གསོལ།། ཞེས་གསོལ ་པ་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ཁྱབ་བདག་རྡོ་རྗེ་སེམས།། འདུ་འཛི་སྤངས་པའི་རྣལ་འབྱོར་པས།། དམ་པ་རིགས་བརྒྱ་བསྒྲུབ་འདོད་པས།། བཀྲ་ཤིས་ཡིད་འོང ་དབེན་པའི་གནས།། ཤར་རི་དམའ་ལ་ལྷོ་རི་གཞོལ།། ནུབ་རི་མཐོ་ལ་བྱང་རི་སྐྱོབ།། མདུན་ན་མེ་ཏོག་སྣམ་བུ་ཡོད།། བྱ་རྒྱལ་ཁུ་བྱུག་སྒྲ་ཡང་གྲགས།། རྩེ་ཤིང་མེ་ཏོག་ཡལ་ག་སྐྱེ།། དྲི་ཞིམ་སྤོས་ཀྱི་ངད་ལྡན ་པ།། འདོད་པའི་ལོངས་སྤྱོད་བསྒྲུབ་པའི་གནས།། དེར་ནི་ཞི་བ་རིགས་བརྒྱ་བསྒྲུབ་པར་བྱ།། དཀྱིལ་འཁོར་སྟེགས་བུ་གྲུ་བཞི་ལ།། དྲི་སྣ་ལྔ་ཡི་ཆག་ཆག་གདབ།། ཚོན་སྐུད་སྣ་ལྔའི་སྲད་བུ་ཡིས།། ཐིག ་ནི་བཅུ་དྲུག་དག་ཏུ་གདབ།། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ།། འཁོར་ལོ་རྩིབས་བརྒྱད་གྲུ་ཆད་དང་།། བར་ཁྱམས་སྒོ་བཞི་ལྡན་པ་ལ།། ཕྱི་རིམ་པར་ཁྱམས་སྒོ་བཞི་དང་།། རྟ་བབས་རྒྱན་དང་ཁོར་ཡུག ་ལྡན།། ཚོན་སྣ་ལྔ་ཡིས་ལེགས་པར་བྲི།། དེ་ལ་ཕྱག་མཚན་ཡིག་འབྲུའམ།། ཡང་ན་སྐུ་ཡི་གཟུགས་བརྙན་དགོད།། ཐོག་མར་བྱང་ཆུབ་སེམས་བསྐྱེད་དེ།། ཡན་ལག་བདུན་གྱི་ཚོགས་བསགས་ཏེ།། ཏིང་འཛིན་རྣམ ་གསུམ་རིམ་བསྒོམས་ཤིང་།། རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས།། དེ་ཉིད་བྱང་ཆུབ་སེམས་སུ་གྱུར།། འབྱུང་ལྔ་ཡུམ་ལྔའི་དཀྱིལ་འཁོར་དག། བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད།། ཕྱག་རྒྱའི་དཀྱིལ་འཁོར་ལྡན་པ ་ཡང་།། བདེ་གཤེགས་ལྷ་ཚོགས་བཅུ་ཕྲག་བཅུ།། ཕྱག་རྒྱ་ཐིག་ལེ་ལྡན་པར་བསྒོམ།། རང་སེམས་ཡི་གེ་ཨ་དཀར་ཉིད།། ཉི་ཟླ་པདྨའི་གདན་ལ་ལྷུང་།། སྤྲོ་བསྡུ་ལས་ནི་འཁོར་ལོར་གྱུར།། དེ་ཡི་འཕྲོ་འདུའི་རང་བཞིན ་ལས།། དཀྱིལ་འཁོར་ཀུན་གྱི་གཙོ་བོ་ལ།། རྣམ་པར་སྣང་མཛད་ཀུན་བཟང་ཡུམ།། རིགས་རྣམས་ཀུན་གྱི་བདག་པོར་བརྟག། མི་བསྐྱོད་པ་དང་སངས་རྒྱས་སྤྱན།། རིན་ཆེན་འབྱུང་ལྡན་གོས་དཀར་མོ།། དེ་བཞིན ་སྣང་མཐའ་མཱ་མ་ཀཱི།། འདོད་པའི་དོན་གྲུབ་དམ་ཚིག་སྒྲོལ།། རང་གི་རིགས་ཀྱི་ཆ་བཟུང་སྟེ།། འདུད་པའི་ཚུལ་གྱིས་འཁོར་དུ་བསྐྱེད།། ཆོ་ག་ཡོངས་རྫོགས་དེ་ནས་ནི།། ཀུན་བཟང་རྡོ་རྗེ་དབྱིངས་ཕྱུག་མ།། འཇམ ་དཔལ་དང་ནི་རིན་ཆེན་དབྱིངས།། སྤྱན་རས་གཟིགས་དབང་པདྨའི་དབྱིངས།། རྡོ་རྗེ་འཆང་དང་ལས་དབྱིངས་མ།། ཤར་ལྷོ་ནུབ་བྱང་གོ་རིམ་བཞིན།། དཀྱིལ་འཁོར་གཙོ་བོར་བསྐྱེད་བྱས་ཏེ།། རྡོ་རྗེ་རིན་ཆེན་པདྨ ་དང་།། སྣ་ཚོགས་རྡོ་རྗེའི་གཟུགས་འཛིན་པའོ།། ས་སྙིང་རྡོ་རྗེ་སེམས་མ་དང་།། མཁའ་སྙིང་རིན་ཆེན་སེམས་མར་བཅས།། བྱམས་པ་པདྨའི་སེམས་མར་བཅས།། སྒྲིབ་སེལ་ལས་ཀྱི་སེམས་མ་ནི།། རིན་ཆེན་སྙེ་མ་ཟ ་མ་ཏོག། ཀླུ་ཤིང་པུ་ཏི་མཚན་མར་འཛིན།། ཤར་ལྷོ་ལ་སྩོགས་མཚམས་རྣམས་ཀྱི།། དཀྱིལ་འཁོར་གྱིས་ནི་གཙོ་བོར་བརྟག། ཁྱད་པར་སོ་སོའི་འཁོར་རྣམས་ཀུན།། ཤར་ནས་བཟུང་སྟེ་གོང་བཞིན་བསྐྱེད།། རྡོ་རྗེ ་སེམས་དཔའ་རྡོ་རྗེ་འཛིན།། ལྷ་མོ་སྒེག་པ་མོ་དག་དང་།། རྡོ་རྗེ་རྒྱལ་པོ་ལྕགས་ཀྱུ་འཛིན།། དེ་བཞིན་བདུག་པ་མོ་དག་དང་།། རྡོ་རྗེ་ཆགས་པ་མདའ་དང་གཞུ།། འཛིན་ཅིང་དེ་བཞིན་ལྕགས་ཀྱུ་མ།། རྡོ་རྗེ་ལེགས་པ་རྡོ ་རྗེ་དག། འཛིན་མཛད་རྡོ་རྗེ་མེ་སྒྲོན་མ།། ཤར་གྱི་དཀྱིལ་འཁོར་འཁོར་ལོ་ལ།། ཀུན་ཏུ་བཟང་པོའི་འཁོར་དུ་བསྐྱེད།། རྡོ་རྗེ་རིན་ཆེན་རིན་ཆེན་འཛིན།། དེ་བཞིན་དུ་ནི་ཕྲེང་བ་མོ།། རྡོ་རྗེ་གཟི་བརྗིད་ཉི་མའི ་འོད།། འཛིན་པར་མཛད་དང་མེ་ཏོག་མ།། རྡོ་རྗེ་རྒྱལ་མཚན་ཞགས་པ་མ།། རྡོ་རྗེ་བཞད་པ་སོ་ཕྲེང་འཛིན།། བདེ་མ་རླུང་གཡབ་འཛིན་པ་ནི།། ལྷོ་ཕྱོགས་འཇམ་དཔལ་དཀྱིལ་འཁོར་ལའོ།། རྡོ་རྗེ་ཆོས ་ནི་པདྨ་འཛིན།། དབྱངས་མཁན་པི་ཝང་འཛིན་མ་དང་།། རྡོ་རྗེ་རྣོན་པོ་གཅོད་པའི་གྲི།། འཛིན་མཛད་རྡོ་རྗེ་མར་མེ་མ།། རྡོ་རྗེ་སྨྲ་བ་ལྕེ་འཛིན་ཅིང་།། རྡོ་རྗེ་ལྕགས་སྒྲོག་ཐོགས་མ་དང་།། དེ་བཞིན་རྡོ་རྗེ་འཁོར་ལོ ་ནི།། འཁོར་ལོ་འཛིན་དག་གསལ་བཀྲ་མ།། རྨ་བྱ་འཛིན་པ་ནུབ་ཕྱོགས་ཀྱི།། སྤྱན་རས་གཟིགས་དབང་འཁོར་དུའོ།། རྡོ་རྗེ་ལས་ནི་རྒྱ་གྲམ་འཛིན།། དེ་བཞིན་རྡོ་རྗེ་གར་བསྒྱུར་མ།། རྡོ་རྗེ་སྲུང་བ་གོ་ཆ་འཛིན།། ཕྱུག ་པ་སྤོས་ཀྱི་ཆུ་འཛིན་མ།། རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ།། མཆེ་བ་འཛིན་ཅིང་དྲིལ་འཁྲོལ་མ།། རྡོ་རྗེ་ཁུ་ཚུར་འཛིན་མ་དང་།། འབེབས་མ་བུམ་པའི་ཆུ་འཛིན་རྣམས།། བྱང་གི་དཀྱིལ་འཁོར་འཁོར་ལོ་ལ།། ཕྱག་ན་རྡོ ་རྗེའི་འཁོར་དུའོ།། རྡོ་རྗེ་རྒྱལ་མཚན་ཆུ་སྲིན་འཛིན།། བདེ་བ་རྒྱས་འདེབས་ཁ་ཊྭཱཾ་ག། དབང་ཕྱུག་རྒྱལ་པོ་ལྕགས་ཀྱུ་འཛིན།། བདེ་བ་ཟ་བྱེད་མདའ་དང་གཞུ།། བཀོད་པའི་རྒྱན་ནི་མེ་ཏོག་འཛིན།། བདེ་བ་རྨོངས་བྱེད ་ཕྱག་རྒྱ་བསྣོལ།། རིན་ཆེན་འོད་འཕྲོ་རིན་ཆེན་དང་།། བདེ་བ་ཚེ་འཕེལ་དྲིལ་འཁྲོལ་མ།། ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་དུ།། ས་ཡི་སྙིང་པོའི་འཁོར་དུ་བསྐྱེད།། སྣང་བའི་འོད་ནི་རྡོ་རྗེ་འཛིན།། ཁྲུས་ཀྱི་ལྷ་མོ་བུམ ་པ་འཛིན།། ཕྱག་རྒྱའི་རྒྱལ་པོ་མདའ་གཞུ་ཉིད།། འཛིན་མཛད་རྒྱལ་མཚན་ལྷ་མོ་དང་།། སྤོས་ཀྱི་གླང་པོ་ཟ་མ་ཏོག། འཛིན་མཛད་བླ་བྲེའི་ལྷ་མོ་དང་།། སྤོབས་བརྩེགས་ཀུན་འདྲེན་ལྕགས་ཀྱུ་ནི།། འཛིན་དང ་གདུགས་ཀྱི་ལྷ་མོ་རྣམས།། ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་དུ།། ནམ་མཁའ་སྙིང་པོའི་འཁོར་དུའོ།། པདྨའི་རྒྱལ་པོ་པདྨ་འཛིན།། ལྷ་མོ་པདྨ་དཔལ་བེའུ་སྟེ།། པདྨ་དམ་པ་ཁ་ཕྱེ་བའོ།། ལྷ་མོ་འཇིགས་བྱེད་འཁོར་ལོ ་འཛིན།། རྡོ་རྗེ་མི་གཡོ་པོ་ཏི་འཛིན།། སྐྱོན་བྲལ་ཕྱག་ན་པདྨའོ།། ཐོགས་མེད་རྒྱལ་པོ་ལྕགས་ཀྱུ་དག། འཛིན་མཛད་རྣམ་རྒྱལ་ལྷ་མོ་ནི།། རྒྱལ་མཚན་ཐོགས་པ་ནུབ་བྱང་གི།། བྱམས་པའི་འཁོར་དུ་བསྐྱེད་པར ་བྱ།། རིན་ཆེན་དཔང་སྡུད་རིན་པོ་ཆེ།། ལྷ་མོ་སྐྱབ་ཅན་གདུགས་འཛིན་ཅིང་།། གྲུབ་པའི་ལས་ཀྱི་རྒྱ་གྲམ་གྱིས།། རིན་ཆེན་འཛིན་ཅིང་ལྷ་མོ་ནི།། དྲི་མེད་མ་ཡི་བུམ་པ་འཛིན།། དགའ་སྟོན་མེ་ལོང་རྒྱ་གྲམ་འཛིན།། ལྷ ་མོ་སྒྲ་སྒྲོགས་དུང་འབུད་པའོ།། མི་གཡོའི་མཐའ་ནི་བསམ་གཏན་མཛད།། ལྷ་མོ་ཐོགས་མེད་གསེར་ཉ་འཛིན།། བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དུ།། སྒྲིབ་པ་རྣམ་སེལ་འཁོར་དུ་བསྐྱེད།། སེམས་དཔའི་དཀྱིལ ་འཁོར་འདི་དག་ཀུན།། གཙོ་བོ་རིགས་ཀྱི་མདོག་ཡིན་ཏེ།། དཀྱིལ་འཁོར་བྱེ་བྲག་རེ་རེ་ལ།། རིགས་ཀྱི་སྐུ་མདོག་སོ་སོར་བསྒོམ།། དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་ལ།། ཤར་སྟོད་ལྷ་ཡི་ཐུབ་པ་ནི།། དཀར་པོ་པི་ཝང ་འཛིན་པ་བསྐྱེད།། ཤར་སྨད་ལྷ་མིན་ཐུབ་པ་ནི།། སྔོན་པོ་ཕྱག་ན་གོ་མཚོན་བསྣམས།། ལྷོ་ཕྱོགས་མི་ཡི་ཐུབ་པ་ནི།། སེར་པོ་གསེར་ཤང་པར་བུ་འཛིན།། ནུབ་སྟོད་བྱོལ་སོང་ཐུབ་པ་ནི།། ནག་པོ་པོ་ཏི ་འཛིན་པར་བྱེད།། ནུབ་སྨད་ཡི་དྭགས་ཐུབ་པ་ནི།། དམར་པོ་རིན་ཆེན་སྒྲོམ་བུ་འཛིན།། བྱང་དུ་དམྱལ་བའི་ཐུབ་པ་ནི།། ལྗང་གུ་མེ་དང་ཆུ་བསྣམ་པའོ།། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ།། ལྷོ་སྒོར་རྡོ་རྗེ་ཞགས་པ ་མ།། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ།། བྱང་དུ་རྡོ་རྗེ་དྲིལ་འཁྲོལ་མ།། རིགས་ཀྱི་མདོག་དང་ལྡན་པ་ནི།། སོ་སོའི་གནས་སུ་བསྐྱེད་པར་བྱ།། དེ་ལྟར་བདེ་གཤེགས་ཐམས་ཅད་ཀྱི།། སྐུ་བསྐྱེད་དེ་ནས་སྤྱན་དྲངས ་ལ།། བཞུགས་སུ་གསོལ་ཏེ་ཕྱག་ཀྱང་འཚལ།། ཕྱི་ནང་མཆོད་པ་ཅི་འབྱོར་དབུལ།། བསྟོད་དེ་གསོལ་བ་གདབ་ནས་ནི།། སྔགས་ཀྱི་བཟླས་པའི་འཕྲོ་འདུ་བྱ།། ཨོཾ་ཨཱ་ལི་ཀ་ལི་ཛྙཱ་ན་པཉྩ་ས་ཏྭ་ཀྲོ་ཏ་མུ་ན་ཡེ་སྭཱ་ཧཱ། ཐོག ་མཐའ་ཨོཾ་དང་ཕཊ་བཞག་ནས།། བར་ན་ཡིག་འབྲུ་བཅུ་བཞི་གནས།། དམ་པ་རིགས་བརྒྱ་འདུས་པའི་སྔགས།། ཐམས་ཅད་འགྲུབ་པར་བྱེད་པ་ཡིན།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ།། ཕྱོགས་བཅུ་དུས ་གསུམ་བདེ་གཤེགས་རྣམས།། ངེས་དོན་དམ་པ་རིགས་བརྒྱར་འདུས།། བདེ་གཤེགས་ཀུན་གྱི་དངོས་གྲུབ་འཐོབ།། ཅེས་གསུངས་སོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། དམ་པ་རིགས་བརྒྱར ་སྒྲུབ་པའི་ཐབས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དཔལ་རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཀྱེ་མ་གསང་བདག་ཀུན་ཏུ་བཟང་།། གདུལ་བྱ་འདོད་ཆགས་ཅན་དག་ལ།། བདེ་གཤེགས་སངས་རྒྱས ་བཞི་བཅུ་གཉིས།། ཡེ་ཤེས་བསྐྱེད་པའི་སྒྲུབ་ཐབས་གང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཞི་བ་སངས་རྒྱས་བཞི་བཅུ་གཉིས།། རྣལ་འབྱོར་སྐལ་ལྡན་བསྒྲུབ་འདོད་ན།། དབེན་ཞིང་དགོན་པའི་གནས་དག ་ཏུ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ།། རིན་ཆེན་ཀ་བ་བརྒྱད་ཀྱིས་མཛེས།། ལྷག་པའི་ཡེ་ཤེས་གློ་བུར་ཅན།། ཁྱམས་དང་སྒོ་ཁྱུད་རྣམ་པར་མཛེས།། དབུས་སུ་ཕོ་བྲང་ཟླུམ་པོ་ལ།། ཆུ་ཤེལ་དག་ལ་ཧཱུཾ་གནས ་པ།། དམིགས་པའི་རྟེན་དུ་མཁས་པས་བཞག། རས་བལ་སྟན་ལ་འདུག་ནས་ནི།། ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ།། ཡུལ་གསུམ་གསལ་བར་གྱུར་པ་དང་།། རིན་ཆེན་འབར་བའི་གཞལ་ཡས་ཁང་།། ཕྱི་ནང་མེད ་པར་ཀུན་ཏུ་གསལ།། སེངྒེ་གླང་ཆེན་རྟ་དང་ཁྱུང་།། ནམ་མཁའ་ལྡིང་གི་ཁྲི་སྟེང་ན།། ཉི་ཟླ་པདྨ་རིན་པོ་ཆེར།། རྣམ་སྣང་རྡོ་རྗེ་སེམས་དཔའ་དང་།། རིན་ཆེན་འབྱུང་ལྡན་སྣང་མཐའ་ཡས།། དོན་ཡོད་གྲུབ་པ་རིགས ་མཆོག་ལྔ།། ཀུན་བཟང་ཡབ་ཡུམ་འདོད་ལས་ཆགས།། སེམས་དཔའ་སེམས་མ་མཆོད་ཚུལ་ཅན།། ས་སྙིང་ནམ་མཁའི་སྙིང་པོ་དང་།། སྤྱན་རས་གཟིགས་དབང་ཀུན་ཏུ་བཟང་།། དུང་ལྟར་དཀར་བ་དེ་དག། ་ཀྱང་།། རིན་ཆེན་མྱུ་གུ་རལ་གྲི་དང་།། པདྨ་རིན་ཆེན་སྙེ་མ་འཛིན།། ཕྱག་ན་རྡོ་རྗེ་དྲིལ་འཛིན་ལྡང་།། བྱམས་པ་དམར་སྐྱ་གྷུ་དྷེའོ།། སྒྲིབ་སེལ་མདོག་སྔོན་པོ་ཏི་འཛིན།། འཇམ་དཔལ་དཀར་ལྗང་ཨུཏྤ ་ལ།། ལཱ་སྱེ་སྔོན་མོ་མེ་ལོང་འཛིན།། མཱ་ལེ་སེར་མོ་རིན་ཆེན་ཕྲེང་།། པི་ཝང་རྒྱུད་འདྲེན་གཱི་རྟི་དམར།། ནི་རྟི་ལྗང་གུ་ཅོད་པན་འཆང་།། མེ་ཏོག་མ་དང་བདུག་པའོ།། མར་མེ་དག་བྱེད་དྲི་ཆབ་མ།། གཉིས་མེད་དབྱིངས ་ང་དུ་འཁྲིལ།། ཐུབ་དྲུག་ཏ་ཀྲྀཏ་སྒོ་བ་བརྒྱད།། ཐོད་དབྱུག་རྣམ་རྒྱལ་གཤིན་རྗེ་གཤེད།། སྟོབས་ཆེན་རྡོ་རྗེ་རྩེ་གསུམ་མོ།། རྟ་མགྲིན་ཐོད་སྦྲུལ་པདྨ་འཆང་།། སྣ་ཚོགས་རྡོ་རྗེ་བདུད་རྩི་འཁྱིལ།། རོ་ལངས་མི་ཕམ ་རལ་གཅིག་མ།། ཁྲོ་གཉེར་མ་སྟེ་ཡུམ་འདི་དག། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། རིམ་བཞིན་ཐོགས་པ་ཕྱོགས་ཀྱི་མདོག། འོད་ཟེར་འབར་བའི་ཚོགས་ཆེན་པོ།། འབར་བའི་ཕྲེང་བས་འཁྲིགས་པའི ་འོད།། ཞི་བའི་ཚུལ་དགུ་བསྟན་པ་ཡིས།། ཆགས་པ་ཅན་ལ་དངོས་གྲུབ་སྟེར།། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨ། ཐོག་མཐའ་ཨོཾ་དང་ཨཱཿབཞག་ནས།། བར་ན་བཅུ་གཉིས་གྲངས་མཛེས་པ།། བཞི་བཅུ་རྩ་གཉིས ་སྙིང་པོ་ཡིན།། དེ་ནས་སྟོང་ཉིད་ཡིན་ཤེས་ནི།། རང་གི་སེམས་སུ་རྣམ་པར་བརྟག། རྟག་པའི་སྤྱོད་ལམ་ལ་ཞེན་པ།། སྣང་ལ་མ་ཞེན་སྒྱུ་མར་གནས།། དག་པའི་ཡུལ་དུ་ལོངས་སྤྱོད་བྱེད།། རང་གི་སེམས་ལས་བྱུང ་བར་རྫོགས།། རྣལ་འབྱོར་ཡོ་བྱད་རྣམ་གཉིས་སོ།། རང་ལས་བྱུང་ཞིང་རང་ལས་སྤྱོད།། དེས་ན་རྣལ་འབྱོར་དབང་ཕྱུག་ཆེ།། གསང་བའི་སྒྲ་གསུམ་སོད་པ་དང་།། འཇིགས་པའི་བདུད་བཞི་ཆོམ་གྱུར་ནས།། འགྲོ་དྲུག ་གཡང་ས་ཆོད་པ་ཡི།། ཚད་དང་ལྡན་པར་གྱུར་པ་ན།། སངས་རྒྱས་བཞི་བཅུ་རྩ་གཉིས་བརྟག། བདེ་གཤེགས་ཀུན་གྱི་ངོ་བོ་སྟེ།། རང་ལས་བྱུང་ཞིང་རང་ལས་གྲོལ།། ཞེས་གསུངས་སོ།། བདེ་བར་གཤེགས་པ་ཐམས ་ཅད་འདུས་པའི་རྒྱུད་ལས། ཞི་བ་བཞི་བཅུ་རྩ་གཉིས་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་གསུམ་པའོ།། །། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཨེ་མ་སྤྱི་དཔལ་ཀུན་ཏུ་བཟང་།། དེ་ཉིད་རིགས་ལྔ་སྒྲུབ་པའི་ཐབས།། ཉོན ་མོངས་རྣམས་ཀྱིས་གཉེན་པོ་ཆེ།། ལེགས་པ་ཉིད་དུ་བཤད་དུ་གསོལ།། སྤྱི་དཔལ་ཆེན་པོས་བཀའ་སྩལ་པ།། དེ་ཉིད་རིགས་ལྔ་བསྒྲུབ་འདོད་པས།། ཡིད་འོང་དབེན་པའི་ས་ཕྱོགས་སུ།། མཎྜལ་བྱི་དོར་གནས་ནས ་སུ།། བདུད་རྩི་རྣམ་ལྔས་ཆག་ཆག་གདབ།། དཔའ་བོ་འབྲུ་ལྔའི་དམིགས་རྟེན་དགོད།། ཡུལ་གསུམ་གསལ་བར་གྱུར་པ་དང་།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ།། གྲུ་ཆད་སྒོ་བཞི་རྒྱན་གྱིས་མཛེས།། ཕྱི་ནང ་མེད་པར་ཀུན་ཏུ་གསལ།། སེངྒེ་གླང་རྟ་རྨ་བྱ་ཁྱུང་།། ཉི་ཟླ་པདྨའི་གདན་སྟེངས་སུ།། དབུས་སུ་རྣམ་པར་སྣང་མཛད་དེ།། ཤར་དུ་རྡོ་རྗེ་སེམས་དཔའ་ལ།། ལྷོ་རུ་རིན་ཆེན་འབྱུང་ལྡན་ཡིན།། ནུབ་ཏུ་སྣང་བ་མཐའ་ཡས ་སོ།། བྱང་དུ་དོན་ཡོད་གྲུབ་པ་སྟེ།། རང་རང་རིགས་ཀྱི་ཁ་དོག་ལ།། འཁོར་ལོ་དེ་བཞིན་རྡོ་རྗེ་དང་།། རིན་པོ་ཆེ་དང་པདྨ་དང་།། རལ་གྲི་གཡས་ནི་རིམ་བཞིན་འཛིན།། གཡོན་པ་ཀུན་ནི་དྲིལ་བུ ་བསྣམས།། ཡུམ་རྣམས་ཡབ་དང་གཉིས་མེད་འཁྲིལ།། དེ་ལྟར་བརྟན་པ་ཐོབ་པ་དང་།། གསང་བའི་སྙིང་པོ་ལྔ་ཡིས་སྦྱངས།། ཨོཾ་ཨོཾ་ཧཱུཾ་སྭཱ་ཨཿཧཱ་ཡང་བྱུང་ཧཱུཾ་ཏྲཱཾ་ཧྲཱིཿ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི།། དོན་མཚོན ་རྒྱལ་བ་རིགས་ལྔར་འདུས།། རིགས་ལྔ་དབང་པོ་འབྲུ་ལྔར་འདུས།། འབྲུ་ལྔ་ཡི་གེ་ཨར་འདུས་ཤིང་།། དེ་ཉིད་སྐྱེ་མེད་ཀློང་དུ་ཐིམ།། བདེ་གཤེགས་དགོངས་བཅུད་ངེས་དོན་འདིས།། སྐུ་ལྔ་ཡེ་ཤེས་རྣམ་ལྔ ་ཡིས།། དངོས་གྲུབ་དམ་པ་འཐོབ་པར་འགྱུར།། ཞེས་གསུངས་སོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། དེ་ཁོ་ན་ཉིད་རིགས་ལྔ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །། རྡོ་རྗེ་སེམས་དཔས་ཡང ་ཞུས་པ།། སྤྱི་དཔལ་ཆེན་པོ་ཀུན་ཏུ་བཟང་།། བདེ་བར་གཤེགས་པ་ཀུན་འདུས་པའི།། གསང་ཆེན་རིགས་གཅིག་སྒྲུབ་པའི་ཐབས།། ལེགས་པ་ཉིད་དུ་བཤད་དུ་གསོལ།། སྤྱི་དཔལ་ཆེན་པོས་བཀའ་སྩལ་པ།། ཉོན ་ཅིག་རྡོ་རྗེ་སེམས་དཔལ་ཆེ།། གསང་ཆེན་རིགས་གཅིག་བསྒྲུབ་འདོད་པས།། ཕུན་སུམ་ཚོགས་པའི་གནས་དག་ཏུ།། དཀྱིལ་འཁོར་བྱི་དོར་བྱས་ནས་ནི།། དྲི་ཞིམ་སྤོས་ཀྱིས་ཆག་ཆག་གདབ།། མཐིང་ག་ཧཱུཾ་ཡིག ་དམིགས་པའི་རྟེན།། ཡུལ་གསུམ་གསལ་བར་གྱུར་པ་དང་།། བདག་ཉིད་རྡོ་རྗེ་སེམས་དཔའ་ནི།། སྐུ་མདོག་དཀར་པོ་ཤེལ་ལྟར་དྭངས།། གཡས་པས་རྡོ་རྗེ་ཐུགས་ཀར་འཛིན།། གཡོན་པས་དྲིལ་བུ་དགུ་ལ ་བརྟེན།། ཉི་ཟླ་པདྨའི་གདན་ལ་བཞུགས།། རྒྱན་དང་ཆ་ལུགས་ལྡན་པར་བསྒོམ།། དེ་ཡི་སྤྱི་བོ་མགྲིན་པ་དང་།། སྙིང་ག་གནས་ནི་གསུམ་པོ་རུ།། འཁོར་ལོ་པདྨ་རྡོ་རྗེའི་སྟེང་།། ཨོཾ་དང་ཨཱཿདང་ཧཱུཾ་དག་གིས།། ཡིག ་འབྲུ་གསུམ་གྱི་འཕྲོ་འདུ་ཡིས།། བདེ་གཤེགས་སྐུ་གསུང་ཐུགས་བསྐུལ་ཞིང་།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི།། སྒྲིབ་པ་རྣམ་གསུམ་སྦྱང་ཕྱིར་བཟླས།། ཕྱོགས་བཅུའི་སངས་རྒྱས་དེ་བཞིན ་གཤེགས།། རིགས་བརྒྱ་རིགས་ལྔ་ཇི་སྙེད་རྣམས།། གསང་ཆེན་རིགས་གཅིག་འདི་ལ་འདུས།། སྙིང་པོ་ཡི་གེ་འབྲུ་གསུམ་གྱིས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ།། ཟླ་གཅིག་ཟླ་དྲུག་བཅུ་གཉིས་ཀྱིས།། ལྷུན ་གྱིས་གྲུབ་པའི་ས་ལ་སྦྱོར།། གདེང་ཆེན་ཐོབ་པ་ཟླ་བ་གཅིག། བརྟན་པ་ཐོབ་པར་ཟླ་བ་དྲུག། སྟོབས་སུ་གྱུར་པ་བཅུ་གཉིས་ཡིན།། མཐུན་པར་ཀུན་ལ་སྤྱོད་ལ་འཇུག། དངོས་གྲུབ་འཐོབ་པར་གདོན་མི་ཟ།། ཞེས ་གསུངས་སོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། གསང་ཆེན་རིགས་གཅིག་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། །། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ཨེ་མ་སྤྱི་དཔལ་ཀུན་ཏུ ་བཟང་།། རིགས་ལྔའི་བྱེ་བྲག་དེ་དག་རྣམས།། རྣམ་པར་ཕྱེ་སྟེ་བསྒྲུབ་པ་གང་།། ཕྱི་མའི་དོན་དུ་རིམ་བཞིན་གསུངས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། རྣམ་པར ་སྣང་མཛད་དེ་བཞིན་གཤེགས།། དེ་བཞིན་རིགས་མཆོག་བསྒྲུབ་འདོད་པས།། ཧཱུཾ་ཆེན་གསེར་གྱི་མདོག་འདྲ་བ།། དེ་བཞིན་རིགས་ཀྱི་ས་བོན་ཏེ།། སྣ་ཡི་རྩེ་ལ་གཏད་པར་བྱ།། དམིགས་པ་ཡུལ་གསུམ་གསལ་བ ་དང་།། མཁས་པ་རྣམ་པར་སྣང་མཛད་ཉིད།། སྐུ་མདོག་དཀར་པོ་འོད་ཟེར་འབར།། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར།། ཕྱག་ན་གསེར་གྱི་འཁོར་ལོ་བསྣམས།། གླང་ཆེན་སེང་ཡིན་ནམ་བསྣོལ་བའི་གདན་ལ ་བཞུགས།། དེ་ལྟར་གསལ་ཞིང་བརྟན་པ་དེས།། གསང་བའི་དགྲ་གསུམ་སོད་པ་དང་།། འཇིག་པའི་བདུད་བཞི་ཆོམ་མ་ཆོམ།། འགྲོ་དྲུག་གཡང་ས་ཆོད་མཆོད།། ཚད་དང་ལྡན་ནམ་མཁས་པས་བརྟགས།། ཚད་དང ་ལྡན་པར་གྱུར་པ་ན།། རྣམ་པར་སྣང་མཛད་ཉིད་དུ་བརྟག། ཅེས་གསུངས་སོ།། དེ་བཞིན་རིགས་མཆོག་བསྒྲུབ་པའོ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། རྡོ་རྗེའི་རིགས་མཆོག་བསྒྲུབ་འདོད་པས།། ཚོན་གང་ཧཱུཾ ་ཡིག་ཤེལ་གྱི་མདོག། རྡོ་རྗེ་རིགས་ཀྱི་ས་བོན་ཏེ།། སྣ་ཡི་རྩེ་ལ་གཏད་པར་བྱ།། དེ་ལ་དམིགས་པ་གསལ་བརྟན་ནས།། ཡུལ་གསུམ་གསལ་བར་གྱུར་པ་དང་།། མཁས་པས་རྡོ་རྗེ་སེམས་དཔའ་ཉིད།། སྐུ་མདོག ་མཐིང་ག་འོད་ཆེན་འབར།། གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས།། གླང་ཆེན་བསྣོལ་བའི་གདན་ལ་བཞུགས།། དེ་ལྟར་གསལ་ཞིང་བརྟན་པ་དེས།། ཚད་དང་ལྡན་པར་གྱུར་པ་ན།། མཁས་པས་རྡོ་རྗེ་སེམས་དཔར ་བརྟག། ཅེས་གསུངས་སོ།། རྡོ་རྗེ་རིགས་མཆོག་བསྒྲུབ་པའོ།། རིན་ཆེན་རིགས་མཆོག་དེ་བཞིན་གཤེགས།། རིན་ཆེན་འབྱུང་ལྡན་བསྒྲུབ་འདོད་པས།། ཧཱུཾ་ཆེན་བཙོ་མ་གསེར་གྱི་མདོག། རིན་ཆེན་རིགས་ཀྱི་ས་བོན ་ཏེ།། སྣ་ཡི་རྩེ་ལ་གཏད་པར་བྱ།། དེ་ལ་དམིགས་པ་གསལ་བརྟན་ནས།། ཡུལ་གསུམ་གསལ་བར་གྱུར་པ་དང་།། མཁས་པས་རིན་ཆེན་འབྱུང་ལྡན་ཉིད།། སྐུ་མདོག་སེར་པོ་འོད་ཟེར་འབར།། ཕྱག་གཉིས་རིན་ཆེན ་དྲིལ་བུ་འཛིན།། ཤུགས་འཆང་རྟ་ཡི་ཁྲི་ལ་བཞུགས།། དེ་ལྟར་གསལ་ཞིང་བརྟན་པ་དེས།། ཚད་དང་ལྡན་པར་གྱུར་པ་ན།། རིན་ཆེན་འབྱུང་ལྡན་ཉིད་དུ་བརྟག། ཅེས་གསུངས་སོ།། རིན་ཆེན་རིགས་མཆོག་འགྲུབ ་པའོ།། པདྨ་རིགས་མཆོག་དེ་བཞིན་གཤེགས།། སྣང་བ་མཐའ་ཡས་བསྒྲུབ་འདོད་པས།། དམར་པོ་ཧཱུཾ་གི་ངོ་བོ་ལས།། པདྨ་རིགས་ཀྱི་ས་བོན་ཏེ།། སྣ་ཡི་རྩེ་ལ་གཏད་པར་བྱ།། དེ་ལ་དམིགས་པ་རབ་བརྟན ་ནས།། ཡུལ་གསུམ་གསལ་བར་གྱུར་པ་དང་།། མཁས་པས་སྣང་བ་མཐའ་ཡས་ཉིད།། སྐུ་མདོག་དམར་ལ་འོད་ཟེར་འབར།། ཕྱག་གཉིས་པདྨ་དྲིལ་བུ་བསྣམས།། རྨ་བྱ་བསྣོལ་བའི་གདན་ལ་བཞུགས།། དེ་ལྟར ་གསལ་ཞིང་བརྟན་པ་དེས།། ཚད་དང་ལྡན་པར་གྱུར་པ་ན།། སྣང་བ་མཐའ་ཡས་ཉིད་དུ་བརྟག། ཅེས་གསུངས་སོ།། པདྨ་རིགས་མཆོག་བསྒྲུབ་པའོ།། ལས་ཀྱི་རིགས་མཆོག་དེ་བཞིན་གཤེགས།། དོན ་ཡོད་གྲུབ་པ་བསྒྲུབ་འདོད་པས།། ལྗང་གུ་ཧཱུཾ་གིས་ས་བོན་ལས།། ལས་ཀྱི་རིགས་ཀྱི་ས་བོན་ཏེ།། སྣ་ཡི་རྩེ་ལ་གཏད་པར་བྱ།། དེ་ལ་དམིགས་པ་རབ་བརྟན་ནས།། ཡུལ་གསུམ་གསལ་བར་གྱུར་པ་དང་།། མཁས་པས ་དོན་ཡོད་གྲུབ་པ་ཉིད།། སྐུ་མདོག་ལྗང་གུ་འབར་བ་ལ།། གཡས་པས་རྒྱ་གྲམ་གཡོན་དྲིལ་བུ།། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར།། མཁའ་ལྡིང་ཤང་ཤང་ཁྲི་སྟེང་ན།། ཉི་ཟླ་པདྨའི་གདན་ལ་བཞུགས།། དེ ་ལྟར་གསལ་ཞིང་བརྟན་པ་དེས།། ཚད་དང་ལྡན་པར་གྱུར་པ་ན།། དོན་ཡོད་གྲུབ་པ་ཉིད་དུ་བརྟག། ཅེས་གསུངས་སོ།། ལས་ཀྱི་རིགས་མཆོག་བསྒྲུབ་པའོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས།། ་ཞི་བ་ཕྱག་རྒྱ་ཆུང་པར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །། ཞི་བའི་སྐབས་ཏེ་དང་པོའོ།། དེ་ནས་དཔལ་ཀུན་ཏུ་བཟང་པོ་དེ།། ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྐུ་གསུང་ཐུགས་མི་དམིགས་པ་མཉམ་པ་ཉིད་ཀྱི ་ང་ལ་བཞུགས་པ་ལ། ཡུམ་ཀུན་ཏུ་བཟང་མོ་སྐད་ཅིག་གིས། གསང་བའི་ཡུམ་ཁྲོ་མོ་གནམ་ཞལ་མར་གྱུར་ནས། གསང་བའི་གླུ་འདི་བླངས་ཏེ་བསྐུལ་ཏོ།། ཧོ་ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས།། ཆོས ་ཀྱི་དབྱིངས་ལས་དམ་ཚིག་ཉེ་བར་བཞེངས།། ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་།། མི་གནས་མི་དམིགས་ཆོས་ཀྱི་དབྱིངས་ནས་བཞེངས།། ཞེས་བསྐུལ་བས། དཔལ་ཀུན་ཏུ་བཟང་པོ་སྟོང་པ་ཉིད་ཀྱི་ངང་ལས།། ་ཆེ་མཆོག་ཧེ་རུ་ཀའི་སྐུ་མངོན་པར་ཕྱུང་ནས། གསང་བའི་ཡུམ་གནམ་ཞལ་མ་ལ་གཟིགས་ཏེ། རོལ་པའི་ཆོས་སྣ་ཚོགས་མཛད་དོ།། དེ་ནས་ཡུམ་གྱི་རོལ་པ་ཆེན་པོའི་གླུ་འདིས་གསོལ་བ་བཏབ་བོ།། ཚོགས་ཆེན ་གཉིས་རྫོགས་དོན་དམ་དབྱིངས་ཀྱི་ལྷ།། ལོངས་སྤྱོད་རྫོགས་མཛད་རོལ་པ་ཆེན་པོ་ཡིས།། ཆེ་མཆོག་ཧེ་རུ་ཀ་བཟང་དཔལ་ཆེན་ཁྱོད།། ཐབས་ཀྱི་རོལ་པས་བདེ་ཆེན་དབྱིངས་ནས་བཞེངས།། ཞེས་བསྐུལ་བས། ཆོ ་འཕྲུལ་ཆེན་པོའི་རྣམ་པས་ཀུན་ལ་ཁྱབ་པར་མཛད་དོ།། དེ་ནས་ཡང་། ཡུམ་གྱིས་ཡབ་ལ་ཆོ་འཕྲུལ་འབྱུང་བའི་གླུ་འདིས་གསོལ་བ་བཏབ་བོ།། ཧོ་ཡེ་ཤེས་སྒྱུ་མ་རྣམ་པར་རོལ་པའི་སྐུ།། ཐབས་དང་ཤེས་རབ་ཆེ་ལ ་མངའ་བརྙེས་པའི།། ཐུགས་རྗེའི་སྤྲུལ་པ་མང་པོ་འབྱུང་བའི་གནས།། བདེ་གཤེགས་བདེ་བར་གཤེགས་མཛད་སྐུ་བཞེངས་ཤིག། ཅེས་བསྐུལ་བས། དཔལ་ཆེན་པོ་འཇིགས་བྱེད་འབར་བའི་སྐུར་བཞེངས་སོ།། དེ ་ནས་ཡུམ་ཀུན་ཏུ་བཟང་མོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གླུ་འདིས་བསྐུལ་ཏེ་གསོལ་བ་བཏབ་བོ།། ཨེ་མ་ཧོ་ཡིད་བཞིན་སྐུ་མཆོག་ཉི་མ་ལྟ་བུ་ལས།། བྱམས་པའི་བྱིན་རླབས་ཆེ ་མཆོག་གར་མཛོད་ཅིག། གཟི་བྱིན་སྤྲིན་ཕུང་རོལ་པས་བསྒྱིངས་པའི་སྐུ།། ཐོགས་མེད་ཆེ་མཆོག་རོལ་པའི་ཆོ་འཕྲུལ་སྟོན།། ཨེ་མ་ཧོ་ཡིད་བཞིན་གསུང་མཆོག་ཉི་མ་ལྟ་བུ་ལས།། བསྙེན་པའི་བྱིན ་རླབས་ཆེ་མཆོག་བརྗིད་མཛོད་ཅིག། ཡན་ལག་རྒྱ་མཚོ་མི་མཛད་བཀོད་པའི་གསུངས།། སེངྒེའི་སྒྲ་ཡིས་གསང་སྔགས་རྒྱ་མཚོ་སྟོན།། ཨེ་མ་ཧོ་ཡེ་ཤེས་སྙིང་པོ་ཉི་མ་ལྟ་བུ་ལས།། ཡེ་ཤེས་བྱིན་རླབས་ཆེ་མཆོག་དེ ་མཛོད་ཅིག། ཐིག་ལེ་སྤྲོས་བྲལ་རྣམ་པར་མི་རྟོག་ཐུགས།། རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན།། མི་ཤེས་བླུན་རྨོངས་འདམ་བྱིངས་འཁོར་བ་རྣམས།། སྡུག་བསྔལ་རྒྱ་མཚོར་བཅིངས་པ་ཐབས་ཀྱིས་གྲོལ།། མ ་རིག་མུན་པས་ལྡོངས་པ་དོན་གྱིས་ཕྱེ།། འཁོར་བའི་རྒྱ་མཚོ་རོལ་པའི་རླུང་གིས་སྒྲོལ།། ནད་དང་མཐུན་པའི་སྨན་བཏང་ཇི་བཞིན་དུ།། གདུལ་བྱའི་དོན་དུ་སྐུ་བཞེངས་འགྲོ་བ་སྒྲོལ།། ཞེས་བསྐུལ་ལོ།། དེ་ནས ་འཇིགས་བྱེད་ཆེན་པོ་དཔལ་ཆེན་ཧེ་རུ་ཀས། ཆོས་ཉིད་གདལ་བ་ཆེན་པོའི་ངང་།། ཀུན་གཞི་ཡེ་ནས་འདས་པའི་དབྱིངས་ཉིད་ལས། སྐྱེ་བའི་ཆོ་འཕྲུལ་དུ་ཡེ་ཤེས་ལྔའི་རང་བཞིན། ཡུམ་གྱི་མཁའ་ཀློང་རྣམ་པར་དག ་པ་འབྱུང་བ་རྣམ་པ་ལྔ་བརྩེགས་པ་ནི། ཨེ་ཡཾ་ར་སུཾ་ཀོ་རཾ། ཀུན་སྟོང་ནམ་མཁའི་རང་བཞིན་ཡི་གེ་ཨེ་ཡིས་མཚན་པ་དང་།། འཇིག་རྟེན་འདེགས་བྱེད་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པ་དང་། ཐམས་ཅད་སྐྱེད ་བྱེད་ཁྲག་གི་རྒྱ་མཚོར་ཡིས་མཚན་པ་ལ་འདོད་ཁམས་གནས་རིས་ཉི་ཤུ་རྫོགས་པར་གསལ། འདེགས་བྱེད་བརྟན་པའི་ཞིང་ཆེན་གྱི་ས་གཞི་སུམ་གྱིས་མཚན་པ་ལ་གཟུགས་ཁམས་གནས་རིས་བཅུ་བདུན་རྫོགས་པར ་གསལ་བ།། འབྱུང་བ་དྲོད་སྙོམས་བསྐལ་པའི་མེ་རི་རམ་གྱིས་མཚན་པ་དང་། འཇིག་རྟེན་རྟེན་བྱེད་ཀྱི་རི་རབ་ཀཾ་གྱིས་མཚན་པ་ལ། གཟུགས་མེད་སྐྱེ་མཆེད་མུ་བཞི་རྫོགས་པར་གསལ་བ། ཀེང་རུས་རི་རབ་ཆེན་པོའི ་ཁ་བད་ལ། རིན་པོ་ཆེ་མུ་ཏིག་འབར་བ་བཀྲམ་པ་ལ། ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་རྫོགས་པ། རིན་པོ་ཆེ་ཨསྨ་གར་བྷ་འཁྲིགས་པ་ལ། རང་སངས་རྒྱས་གྱི་ཐེག་པ་ཡོངས་སུ་རྫོགས་པ། ནོར་བུ་རིན་པོ་ཆེ་འབར ་བའི་བྲག་གཏམས་པ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་ཡོངས་སུ་རྫོགས་པ། དེ་ལྟ་བུའི་སྟེང་ན་ཡེ་ཤེས་ལྔ་དང་ལྡན་པ་བྷནྡྷ་འབར་བའི་གཞལ་ཡས་ཁང་། མཐའ་དབུས་མེད་པར་ཀུན་ཏུ་ཁྱབ་པ། ཏཱ་ལའི་སྐྱེད་ཤིང ་དང་གསེར་གྱི་ཅོང་ཙོང་འཁྲོལ་བ། དཀྱིལ་འཁོར་ཆེན་པོ་ཐེག་པ་ཡོངས་སུ་རྫོགས་པ་དགུ་དང་ལྡན་པ། བརྗོད་པར་དཀའ་བའི་དུར་ཁྲོད་ཆེན་པོ། རཀྟའི་རྦ་ཀློང་འཁྱིལ་བ། རུས་པའི་ཕུང་པོ་འཁྲོལ་བ། ཁྲག་ཞག་གི ་ཞམ་ཆུ་འབབ་པ། བྷནྡ་གསར་རྙིང་བརྩེགས་པ། ལྷ་ཆེན་པོ་ཚངས་པའི་ཀ་གདུང་། ལྷ་བྲན་གྱི་དྲལ་གྲབ། ཞིང་གི་རྐང་རྩིབ་ཀྱི་དྲལ་བུ། ཞིང་ལྤགས་ཀྱི་ཐོག་ཕུབ་པ། ཞིང་ཆེན་རློན་པའི་འཕན་གདུགས། རྒྱུ་མའི་ལྔ ་ལྡེས་བརྒྱན་པ། དྲ་བ་དང་དྲ་བ་ཕྱེད་པ་དང་། རྟ་བབས་ཆེན་པོ་བཞི་པ། དུར་ཁྲོད་ཀྱི་མེ་རི་དམར་ནག་དང་། རྡོ་རྗེའི་ར་བས་བསྐོར་བ་ལ། སྔགས་ཀྱི་ཐེག་པ་ཡོངས་སུ་རྫོགས་པ། དབུས་ཀྱི་ཕོ་བྲང་རྡོ ་རྗེའི་བྲག་ཆེན་གཏམས་པ་ལ། པདྨ་དམར་པོ་འདབ་མ་སྟོང་དུ་ལྡན་པ་ལ། རྣལ་འབྱོར་གསུམ་གྱི་ཐེག་པ་ཡོངས་སུ་རྫོགས་པ། དེ་ལྟར་མ་ཆགས་པདྨ་འབར་བའི་ཁར། ཐབས་དང་ཤེས་རབ་ཉི་ཟླའི་སྟེང་དུ། ལྷ ་བརྒྱད་ཀླུ་བརྒྱད་བསྣོལ་བའི་གདན་ལ། བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲི་བཤམས་པ་ནི། དཔའ་གཏུམ་ཆེན་པོ་སྟག་གི་ཁྲི་དང་། འཇིགས་བྱེད་ཆེན་པོ་སེངྒེའི་ཁྲི་དང་། གདུག་པ་ཆེན་པོ་གཟིག་གི་ཁྲི་དང་། གཏུམ་པ ་ཆེན་པོ་དོམ་གྱི་ཁྲི་དང་། སྟོབས་ཀྱི་རྒྱལ་པོ་གླང་པོ་ཆེའི་ཁྲི་དང་། བརྗིད་པའི་རྒྱལ་པོ་མ་ཧེའི་ཁྲི་དང་། འཇིགས་པར་བྱེད་པ་ཆུ་སྲིན་གྱི་ཁྲི་དང་། ཞེ་སྡང་གི་རྒྱལ་པོ་སྦྲུལ་གྱི་ཁྲི་སྟེ། ཁྱད་པར་ངོ་མཚར་རྨད་དུ་བྱུང་བའི ་བྱོལ་སོང་ཆེན་པོ་བརྒྱད་ཀྱི་ཁྲི་སྟེང་དུ། སྲིད་པའི་འཁོར་ལོ་ལོག་པའི་ལམ་གྱི་དྲ་བ་གཅོད་པའི་འཁོར་ལོའི་གདན་ལ། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཆེ་མཆོག་ཧེ་རུ་ཀ་ཞེས་བྱ་བ། དབུ་ཉི་ཤུ་རྩ ་གཅིག་དུས་གསུམ་གྱི་སངས་རྒྱས་ཀྱི་ས་རྣམས་ཡོངས་སུ་གནོན་པ། ཕྱག་བཞི་བཅུ་རྩ་གཉིས་ཀྱི་གཡས་དང་གཡོན་ཞི་བའི་ལྷ་བཞི་བཅུ་རྩ་གཉིས། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བསྣམས་པས། སངས ་རྒྱས་ཐམས་ཅད་ཀྱི་ཡང་རྗེ་བོར་གྱུར་པ། རྒྱ་བྱེ་ཆེན་པོ་ལྕགས་ཀྱི་ཆས་དང་། བསེ་ཁྲབ་དབང་གི་ཆས་དང་། གཅན་གཟན་གཟིག་གི་ཆས་དང་། སྤྲུལ་པ་རྡོ་རྗེ་ཆས་དང་། བདུག་པ་སྦྲུལ་གྱི་ཆས་དང་། དབང་པོ་སྟག ་གི་ཆས་དང་། གཟི་མདངས་ཞིང་ལྤགས་ཀྱི་ཆས་དང་། དམར་གསལ་ཁྲག་གི་ཆས་དང་། རྩལ་ཆེན་སེངྒེའི་ཆས་དང་། གཏུམ་པ་དོམ་གྱི་ཆས་ཏེ། དཔལ་གྱི་ཆས་བཅུས་བརྒྱན་པའི་སྐུར་ཡོངས་སུ་བཞེངས་སོ།། དེ ་ལྟར་འཇིགས་བྱེད་ཆེན་པོའི་སྐུ་དང་གཞལ་ཡས་ཁང་ལ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ཡུམ་དང་འཁོར་རྣམས་ཀྱིས་འདི་སྐད་ཅེས་བསྟོད་དོ།། ཨེ་མ་ཧོ། ཆོས་ཀུན་སྐུ་ལ་ཡོངས་རྫོགས་ཆོས་ཀྱི་སྐུ།། སྤྲིན་མེད ་མཁའ་ལ་སྐར་ཚོགས་བརྒྱན་པའི་སྐུ།། རྫོགས་པ་ཆེན་པོའི་ཆེ་མཆོག་ཧེ་རུ་ཀ། རྡོ་རྗེ་ཕྱག་འཚལ་ཧེ་རུ་ཀ་དཔལ་ལའོ།། ཞེས་བསྟོད་པས། ཡབ་ཆེ་མཆོག་གིས་ཡུམ་ཁྲོ་མོ་གནམ་ཞལ་མ་ལ་དགྱེས་པ་ཆེན་པོའི ་མདངས་ཀྱིས་གཟིགས་ཏེ། ཡུམ་གྱིས་སྐུ་ལ་དགྱེས་པའི་མཆོད་པ་ཕུལ་བས། ཡུམ་གྱི་མཁའ་ལས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ལས། སྤྲུལ་པའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུ་ཐམས་ཅད་དུ་འཕྲོས་པས། ་འཇིག་རྟེན་གྱི་དྲེགས་པ་ཅན་ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་ལས་སྩོགས་པ་ཐམས་ཅད་བསྒྲལ་ཏེ། བཏུལ་ཞིང་ཚར་བཅད་ནས། སླར་ཕྱོགས་མཚམས་བརྒྱད་དུ་འདུས་པ་ལས། ཤར་དུ་ཐུགས་ལས་སྤྲུལ་པ་བཛྲ་ཧེ་རུ་ཀ། ་ཞེས་བྱ་བ་དང་། ལྷོར་སྒྲ་ལས་སྤྲུལ་པའི་གཤིན་རྗེ་གཤེད་པོ་ཞེས་བྱ་བ་དང་། ནུབ་ཏུ་གསུང་གི་སྤྲུལ་པ་དཔལ་རྟ་མགྲིན་དང་། བྱང་དུ་ཕྲིན་ལས་ཀྱི་སྤྲུལ་པ་རྡོ་རྗེ་གཞོན་ནུ་དང་། ཤར་ལྷོར་བརྗིད་པའི ་སྟོབས་ཅན་བླ་མེད་ཧེ་རུ་ཀ་དང་། ནུབ་བྱང་དུ་འཇིགས་པའི་སྟོབས་ཅན་དྲེགས་པ་ཀུན་འདུལ་བ་དང་། བྱང་ཤར་དུ་གྱད་ཀྱི་སྟོབས་ཆེན་གྱི་སྤྲུལ་པ་སྟོབས་ལྡན་ནག་པོ་དང་། ལྷོ་ནུབ་རིག་འཛིན་རྡོ་རྗེ་ཆོས་ལས ་སྩོགས། སོ་སོའི་འཁོར་ཚོགས་ཡུམ་དང་བཅས་པ་འདུས་ཏེ། ཁམས་གསུམ་སྲིད་གསུམ་ཐམས་ཅད་འཇིགས་པར་བྱེད་པ་ཁྲོ་བོའི་ཚོགས་ཕོ་བྲང་དགུ་དང་བཅས་པ། ཡབ་ཡུམ་གྱི་མཁའ་ལས་སྤྲུལ་ཏེ་གསལ་བར ་གྱུར་ཏོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། ཁྲོ་བོ་མངོན་བྱུང་གི་དཀྱིལ་འཁོར་སྤྲུལ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རིགས་བཞིའི་ཧེ་རུ་ཀས། དཔལ་ཆེན་པོ་ལ་ཕྱག་དང་བསྐོར་བ ་བྱས་ཏེ་ཞུས་པ། ཨེ་མ་སྤྱི་དཔལ་ཧེ་རུ་ཀ། སངས་རྒྱས་ཀུན་གྱི་ཡང་རྗེ་བོ།། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ཡི།། གདུག་བྱེད་ལོག་ལྷ་ཅན་རྣམས་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། སངས་རྒྱས་ཐུགས་རྗེ་ཁྲོས་པ ་ཡིས།། འཁོར་བའི་གནས་ངན་ཇི་ལྟར་འདུལ།། དཔལ་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ཀྱང་།། ཆེ་མཆོག་ཡབ་ཀྱིས་བཀའ་སྩལ་པ།། ཉོན་ཅིག་རིགས་བཞིའི་ཧེ་རུ་ཀ། དྲེགས་པས ་ཁེངས་པའི་རཱ་ཏྲ་རྣམས།། ཞི་བས་ཐུལ་བར་མ་གྱུར་ནས།། སངས་རྒྱས་ཐུགས་རྗེ་ཁྲོས་པ་ནི།། ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ།། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ།། བཀའ་བཞིན་དུ་ནི་བསྒྲུབ་པར ་བྱ།། གང་ཞིག་ཁྲོ་བོ་བསྒྲུབ་པའི་གནས།། དུར་ཁྲོད་ཆེན་པོ་རབ་འཇིགས་པ།། གནམ་ས་གྲུ་གསུམ་པར་གནས་པ།། རི་ནི་སོག་པོ་ཁྲོས་པ་འདྲ།། ཤིང་དང་གཅན་གཟན་རྒྱུ་བའི་གནས།། རབ་ཏུ་འཇིགས་པའི་གནས ་དེ་རུ།། དུར་ཁྲོད་ས་ལ་མཎྜལ་བྱ།། བདུད་རྩི་ལྔ་ཡིས་ཆག་ཆག་གདབ།། བ་སུ་ཏ་ཡི་སྐུད་པ་ཡིས།། ཐིག་ནི་བཅུ་དྲུག་དག་ཏུ་གདབ།། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ།། ཀུན་ཀྱང་འཁོར་ལོ་རྩིབས་བཞི་ལ།། གྲུ ་ཆད་པར་ཁྱམས་སྒོ་བཞིར་ལྡན།། དེ་དག་ཕྱི་ཁྱམས་སྒོ་རྣམས་དང་།། སྒོ་རྒྱན་ལྕགས་རི་ལྡན་པ་ནི།། ཚོན་སྣ་ལྔ་ཡིས་ལེགས་པར་བྲི།། དུར་ཁྲོད་རྒྱན་དང་མཆོད་པའི་ཚོགས།། དཀྱིལ་འཁོར་རྒྱན་རྣམས་ལེགས་པར ་དགོད།། རྡུལ་ཚོན་དཀྱིལ་འཁོར་དེ་དག་ཀྱང་།། སོ་སོའི་ལྷ་ཚོགས་ལྡན་པར་བསྒོམ། ཁྱད་པར་བྱོལ་སོང་ཁྲི་སྟེང་དུ།། ཡེ་ཤེས་སེམས་དཔའ་འབབ་གྱུར་ཏེ།། སྤྲོ་བསྡུ་ཆོ་ག་གསུམ་སྦྱོར་བས།། བདག་ཉིད་ཆེ་མཆོག ་ཧེ་རུ་ཀ། སྐུ་མདོག་སྨུག་ནག་འབར་བ་ལ།། འཇིགས་པའི་དབུ་ནི་ཉི་ཤུ་གཅིག། བདེ་གཤེགས་ཞི་བ་བཞི་བཅུ་གཉིས།། ཕྱག་ཏུ་བསྣམས་ནས་ཞབས་བརྒྱད་བགྲད།། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན།། རྔམ ་བརྗིད་སྐུར་བསྐྱེད་མཉེས་པའི་ཡུམ། ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ།། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ།། སྟོང་པ་བཅོ་བརྒྱད་དབྱིངས་དང་སྦྱོར།། གཡས་པ་ཐབས་མཆོག་གཙོ་ལ་འཁྱུད།། གཡོན ་པ་དུང་ཁྲག་སྟོབ་བྱེད་པའི།། ཡབ་ཡུམ་གཉིས་མེད་སྦྱོར་བྱས་ཏེ།། མཁའ་ལས་ཁྲོ་བོ་འཆོལ་བར་སྤྲོ།། སླར་ཡང་ཁྲོ་བོའི་སྤྲིན་བསྡུས་ནས།། ཕྱོགས་བཞི་མཚམས་བཞིར་འདུས་པ་ལས།། སོ་སོའི་དཀྱིལ་འཁོར་གཙོ ་བོཔོར་བསྐྱེད།། རང་རང་རིགས་ཀྱི་འཁོར་རྣམས་ཀུན།། གསལ་ཞིང་མ་འདྲེས་རྫོགས་པར་དགོད།། དབུས་ཀྱི་དཀྱིལ་འཁོར་ཆེན་པོ་རུ།། གཙོ་བོ་ཆེ་མཆོག་ཡབ་ཡུམ་ལ།། ཆེ་མཆོག་རིགས་བཞི་ཡབ་ཡུམ ་དང་།། དྲེགས་པ་འདུལ་བྱེད་ཁྲོ་བོ་བཅུ།། ཏ་ཀྲྀཏ་སྒོ་བ་བཞི་དང་བཅས།། ཤར་གྱི་དཀྱིལ་འཁོར་ཆེན་པོ་རུ།། བཛྲ་ཧེ་རུ་ཡབ་ཡུམ་ལ།། རིགས་བཞི་ཁྲག་འཐུང་ཡབ་ཡུམ་དང་།། ཀོ་རི་མ་བརྒྱད་ཕྲ་མེན་མ།། གདོང ་མོ་སྒོ་མ་བཞི་དང་བཅས།། ལྷོ་ཡི་དཀྱིལ་འཁོར་ཆེན་པོ་རུ།། གཤིན་རྗེ་གཤེད་པོ་ཡབ་ཡུམ་ལ།། གཤིན་རྗེ་གཤེད་བཞི་ཡབ་ཡུམ་དང་།། ཕྱོགས་སྐྱོང་གཤིན་རྗེ་ཕོ་མོ་དང་།། གཤིན་རྗེའི་སྒོ་བ་བཞི་དང་བཅས།། ནུབ ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ།། གཙོ་བོ་རྟ་མགྲིན་ཡབ་ཡུམ་ལ།། བཀའ་ཉན་ཕྲ་མེན་སྤྲུལ་པ་དང་།། ཟིལ་གནོན་ཁྲོ་བརྒྱད་ཡབ་ཡུམ་དང་། པདྨའི་སྒོ་བ་བཞི་དང་བཅས།། བྱང་གི་དཀྱིལ་འཁོར་ཆེན་པོ་རུ།། རྡོ་རྗེ ་གཞོན་ནུ་ཡབ་ཡུམ་ལ།། སྲ་མཆོག་རིགས་ཀྱི་ཕུར་པ་བཞི། ཁྲོ་བོ་བཅུ་དང་དེ་ཡི་ཡུམ།། ཟ་བྱེད་བཅུ་དང་གསོད་བྱེད་དེ།། ཕུར་པའི་སྒོ་བ་བཞི་དང་བཅས།། ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་དུ།། བླ་མེད་ཧེ་རུ་ཡབ ་ཡུམ་ལ།། རྟག་པའི་རྒྱལ་མོ་རྣམ་པ་ལྔ།། ཡེ་ཤེས་ལས་ཀྱི་རྗེ་མོ་དང་།། སྲིད་པའི་སྨན་མོར་བཅས་པ་དང་།། ནུབ་བྱང་དཀྱིལ་འཁོར་ཆེན་པོ་རུ།། དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ།། དྲེགས་པའི་ཚོགས་ཀྱིས་བསྐོར ་བ་དང་།། བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དུ།། དཔལ་ཆེན་སྟོབས་ལྡན་ཡབ་ཡུམ་ལ།། སྔགས་བདག་འཁོར་གྱིས་བསྐོར་བར་བྱེད།། ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་དུ།། རིག་འཛིན་ཕྱག་ན་རྡོ་རྗེ་ལ།། སྒྲུབ ་པའི་རིག་འཛིན་བརྒྱད་དང་བཅས།། དཀྱིལ་འཁོར་ཕྱི་ཡི་ཁྱམས་ལ་ནི།། དབང་མོ་ཉི་ཤུ་རྩ་བརྒྱད་དང་།། ཕྱི་ཡི་ལྕགས་རི་དུར་ཁྲོད་ལ།། མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་། གིང་ཆེན་བཅོ་བརྒྱད་ལང་ཀ་དང་།། མ ་བདུན་སྲིད་བཞིའི་འབར་མ་བརྒྱད།། ས་བདག་མོ་ནི་སུམ་ཅུ་གཉིས།། ཕོ་ཉ་དྲུག་ཅུ་རྩ་བཞི་དང་།། འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང་།། དཔལ་གྱི་བཀའ་ཉན་ཐམས་ཅད་དགོད།། དེ་ལྟར་ཏིང་འཛིན་ལྷ་ཡི ་ཚོགས།། སྐུ་བསྐྱེད་སྤྱན་དྲང་བཞུགས་སུ་གསོལ།། གུས་པའི་སྒོ་ནས་ཕྱག་འཚལ་ཏེ།། མཆོད་ཅིང་བསྟོད་ལ་ཕྲིན་ལས་བཅོལ།། ཚོགས་དང་ལྷག་མའི་མཆོད་པས་མཆོད།། སྔགས་ཀྱི་བཟླས་པ་འཕྲོ་འདུ་བྱ།། ཨོཾ་བཛྲ ་ཙན་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ།། ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས།། བར་ན་གྲོང་ཁྱེར་བཅུ་བདུན་གནས། ཁྲོ་བོ་སྤྱི་ཡི་སྙིང་པོ་ཡིན།། སྔགས་ཀྱི་དངོས་གྲུབ་འཐོབ་པར་བྱེད།། ཅེས ་གསུངས་སོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། ཁྲོ་བོ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་ཡང་དག་པར་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་དཀྱིལ་འཁོར་དེ་དག་གི། བསྒྲུབ་པ ་བསྡུས་པ་ཡང་དག་བཤད།། དབེན་ཞིང་དགོན་པའི་གནས་དེ་རུ།། བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ལ།། སྔོན་དུ་འགྲོ་བའི་ལས་རྣམས་བྱ།། དེ་ནས་བསྐྱེད་པའི་དོན་ལ་འཇུག། དང་པོ་དེ་བཞིན་ཉིད་ཀྱི ་དབྱིངས།། གཉིས་པ་ཀུན་ཏུ་སྣང་བའི་ངང་།། རྒྱུ་ཡི་ཏིང་འཛིན་རིམ་པ་ལས།། འབྱུང་བ་ལྔ་ཡི་དཀྱིལ་འཁོར་བརྩེག། དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་།། རིགས་རྣམས་སོ་སོའི་དཀྱིལ་འཁོར་ཀུན།། ཀུན་ཀྱང་འཁོར ་ལོ་རྩིབས་བརྒྱད་བཅས།། ཕྱི་རོལ་ཁྱམས་ཆེན་གཅིག་ཉིད་ལ།། སྒོ་བཞི་རྒྱན་དང་དུར་ཁྲོད་དང་།། རྡོ་རྗེའི་ར་བ་མེ་འོད་ཀྱི།། རིམ་པ་དག་གིས་ཡོངས་སུ་བསྐོར།། དེ་ནས་གདན་གྱི་དབྱེ་བ་ནི།། དྲེགས་པ་འགྲོ་དྲུག ་བྱོལ་སོང་སྟེ།། དཀྱིལ་འཁོར་དེ་ཡི་དབུས་སུ་གདིང་།། རྒྱུ་ཡི་ཡེ་ཤེས་སེམས་དཔའ་ལས།། ཆོ་ག་གསུམ་གྱི་སྦྱོར་བ་ཡིས།། ཆེ་མཆོག་ཧེ་རུའི་སྐུ་བསྐྱེད་བྱ།། དབུ་དགུ་ཕྱག་ནི་བཅོ་བརྒྱད་པ།། ཞབས་ཀྱང་རྣམ་པར ་བརྒྱད་དུ་བགྲད།། རྩ་བའི་ཞལ་གསུམ་མཐིང་ནག་རྔམས།། ལྷག་མ་སྣ་ཚོགས་པ་ཡི་མདོག། རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་དང་།། འཁོར་ལོ་རིན་ཆེན་པདྨ་ཆེ།། རལ་གྲི་དགྲ་སྟ་ཞགས་པ་ནི།། གཡས་པའི་ཕྱག་ཏུ་རིམ་ཤེས ་བྱ།། བྷན་དམར་ཞིང་དབྱུག་ཐོག་གཤོལ་དང་།། ཉི་མ་ཟླ་བ་རི་རབ་དང་།། ཆུ་མེ་རླུང་གི་དཀྱིལ་འཁོར་རྣམས།། དེ་བཞིན་གཡོན་པའི་ཕྱག་ནའོ།། གནམ་ཞལ་ཤེས་རབ་དགྱེས་པར་འཁྲིལ།། དུར་ཁྲོད་ཆས་ཀྱིས་སྐུ ་བརྒྱན་ཅིང་།། འབར་བའི་གར་དགུར་ལྡན་པར་བསྐྱེད།། ཡབ་ཡུམ་གཉིས་མེད་བྱིན་རླབས་ལས།། མཁའ་ལས་ཁྲོ་བོ་འཆོལ་པར་སྤྲོ།། སླར་འདུས་དཀྱིལ་འཁོར་བརྒྱད་པ་དགོད།། གཙོ་བོ་རྣམས་ཀྱི་སྐུར་བརྟག ་བྱ།། བྱང་ཆུབ་སེམས་ཀྱི་འོད་ཟེར་དང་།། སོ་སོའི་སྔགས་ཀྱི་ཕྲེང་བ་ལས།། དཀྱིལ་འཁོར་ལྷ་ཚོགས་སྤྲོ་བར་བྱ།། གཙོ་བོ་ཆེ་མཆོག་ཡབ་ཡུམ་ལ། དྲེགས་པ་ཕྱོགས་སྐྱོང་འདུལ་བྱེད་བཅུ།། བཛྲ་ཧེ་རུ་ཡབ་ཡུམ ་ལ།། ཀོ་རི་ཕྲ་མེན་བརྒྱད་རྣམས་སྤྲོ།། འཇམ་དཔལ་གཤིན་རྗེ་ཡབ་ཡུམ་ལ།། ཕྱོགས་སྐྱོང་བཅུ་གཉིས་ཡུམ་དང་བཅས།། པདྨ་དབང་ཆེན་ཡབ་ཡུམ་ལ།། ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བརྒྱད།། རྡོ་རྗེ་གཞོན་ནུ་ཡབ ་ཡུམ་ལ།། འཇིགས་བྱེད་ཁྲོ་བོ་ཁྲོ་མོར་བཅས།། བླ་མེད་ཧེ་རུ་ཡབ་ཡུམ་ལ།། ཡེ་ཤེས་རྗེ་མོ་བཅུ་བཞིའོ།། དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ།། དྲེགས་པ་དབང་ཆེན་སྡེ་བརྒྱད་བཅས།། སྟོབས་ལྡན་ནག་པོ་ཡབ་ཡུམ ་ལ།། དྲག་པོ་སྡེ་བརྒྱད་འཁོར་གྱིས་བསྐོར།། དྲུག་པ་རྡོ་རྗེ་འཛིན་པ་ལ།། གྲུབ་པའི་རིག་འཛིན་རྣམ་པ་བརྒྱད།། ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད།། ཕྱི་ཡི་ལྕགས་རི་ཁོར་ཡུག་ལ།། མཁའ་འགྲོ་གིང ་དང་ལང་ཀ་དང་།། མ་སྲིང་འབར་མ་ཕོ་ཉ་དང་།། མཁའ་འགྲོ་འབུམ་ཕྲག་ཡངས་པ་དང་།། རང་བཞིན་དཔལ་གྱི་བཀའ་སྡོད་པའོ།། དེ་ལྟར་ངོ་བོ་གསལ་བསྐྱེད་ནས།། སྐུ་དང་གསུང་ཐུགས་བྱིན་བརླབས་ཤིང་།། ཡེ ་ཤེས་ལྔ་ཡི་དབང་བསྐུར་ལ།། རང་བཞིན་གནས་ནས་སྤྱན་དྲངས་ཏེ།། མཆོད་བསྟོད་ཕྲིན་ལས་བཅོལ་བར་བྱ།། ཡང་ན་ཆོས་ཉིད་དེ་བཞིན་ཉིད།། མ་བཅོས་རང་གསལ་དངཔལ་བཞག། ཡང་དག་པ་ཡི་ལམ་འདི ་ལ།། གང་དག་འཇུག་དང་མོས་པ་དེ།། ལྷུན་གྱི་གྲུབ་པའི་ལས་ལ་སྦྱོར།། ཚེ་གཅིག་ཉིད་ལ་ཐེ་ཚོམ་མེད།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། སྒྲུབ་པ་ཡང་དག་པར་བསྡུས་པའི་ལེའུ་སྟེ་དགུ ་པའོ།། །། དེ་ནས་ཡང་དག་དེ་ཉིད་དོན།། ཤིན་ཏུ་བསྡུས་ཏེ་བཤད་པར་བྱ།། ཕུན་སུམ་ཚོགས་པའི་གནས་དེ་རུ།། འདུ་འཛི་སྤངས་པའི་རྣལ་འབྱོར་པས།། སྔོན་དུ་འགྲོ་བའི་ལས་བྱས་ནས།། ཏིང་ངེ་འཛིན་གྱི་བྱེ ་བྲག་དང་།། འབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་དང་།། ཀེང་རུས་རི་རབ་རྩེ་བརྒྱད་པར།། དུར་ཁྲོད་འབར་བའི་གཞལ་ཡས་ཁང་།། ཚོམ་བུ་དགུ་ཡི་དཀྱིལ་འཁོར་བསྒོམ།། དྲེགས་པ་ཉི་ཟླ་པདྨའི་གདན།། ཀུན་ལ་ཁྱབ ་པར་ཤེས་པར་བྱ།། གདན་སྟེང་རྒྱུ་ཡི་བྱིན་རླབས་ལས།། བདག་ཉིད་ཆེ་མཆོག་ཧེ་རུ་ཀ། མཐིང་ནག་དབུ་གསུམ་ཕྱག་དྲུག་པ།། ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད།། དབུས་ཀྱི་ཞལ་ནི་སྐུ་དང་མཚུངས།། གཡས ་དང་གཡོན་པ་དཀར་དང་དམར།། རྡོ་རྗེ་དེ་བཞིན་ཀ་པཱ་ལའི།། བྱེ་བྲག་རྣམ་པ་གསུམ་གསུམ་ཉིད།། ཕྱག་དྲུག་གིས་ནི་འཛིན་པར་མཛད།། དུར་ཁྲོད་ཆས་ཀྱིས་ལུས་ལ་བརྒྱན།། གཉིས་མེད་ཡུམ་དང་ལྷན་ཅིག ་སྦྱོར།། བསྐལ་པའི་མེ་དཔུང་ཀློང་ན་བཞུགས།། འབར་བའི་ཆ་ལུགས་འཇིགས་པར་བསྒོམ།། ཡབ་དང་ཡུམ་གྱི་ཐུགས་ཀ་ནས།། ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ།། མཐིང་ནག་ཧཱུཾ་གི་འཕྲོ་འདུ ་ལས།། ཤར་དུ་བཛྲ་ཧེ་རུ་ཀ། གཤིན་རྗེ་གཤེད་ནི་དེ་བཞིན་ལྷོ།། ནུབ་ཏུ་རྟ་མགྲིན་རྒྱལ་པོ་སྟེ།། བྱང་དུ་རྡོ་རྗེ་གཞོན་ནུའོ།། ཤར་ལྷོར་བླ་མེད་ཧེ་རུ་ཀ། ནུབ་བྱང་དྲེགས་པ་ཀུན་འདུལ་བ།། སྟོབས་ལྡན་ནག་པོ་བྱང ་ཤར་དུ།། ལྷོ་ནུབ་རིག་འཛིན་གྲུབ་པ་ཡིན།། རྩ་བའི་དཀྱིལ་འཁོར་རྩིབས་བཞི་ལ།། ཆེ་མཆོག་རིགས་བཞི་ཡབ་ཡུམ་དང་།། རིགས་བཞིའི་ཁྲག་འཐུང་ཆེན་པོ་བཞི།། གཤེད་བཞི་སྦྱོར་བའི་ཡུམ་དང་བཅས།། ལས ་ཀྱི་སྲས་མཆོག་བཀའ་ཉན་དང་།། དེ་བཞིན་རིགས་བཞིའི་སྲས་མཆོག་དང་།། དབྱིངས་ཀྱི་ཡུམ་དང་རིག་འཛིན་བཞི།། དྲེགས་པའི་སྡེ་དཔོན་བཞི་བཞི་དག། མེ་ལོང་ནང་གི་གཟུགས་བཞིན་དུ།། སྣང་ལ་མ་ངེས་སོ ་སོར་བརྟག། གང་ཞིག་དེ་ལྟར་གོམས་པ་དང་།། ཕྲིན་ལས་རྒྱ་མཚོ་ཡོངས་ལ་སྦྱར།། མཚམས་མེད་སྤྱོད་པའི་སྐྱེ་བོས་ཀྱང་།། བསྒྲུབས་ན་འགྲུབ་པར་གདོན་མི་ཟ།། བདེ་བར་གཤེགས་པ་ཐམས་ཅད ་འདུས་པའི་རྒྱུད་ལས། བསྒྲུབ་པ་ཤིན་ཏུ་བསྡུས་པའི་ལེའུ་སྟེ་བཅུ་པའོ།། ། ཁྲོ་བོ་སྤྱིར་བསྒྲུབ་པའི་སྐབས་ཏེ་གཉིས་པའོ།། དེ་ནས་ཡང་རིགས་བཞིའི་ཧེ་རུ་ཀས་ཞུས་པ། ཨེ་མ་སྤྱི་དཔལ་ཧེ་རུ་ཀ། ཕྱོགས་བཅུའི ་བདེ་གཤེགས་ཐམས་ཅད་ཀྱི།། ཡོན་ཏན་འདུས་པའི་སྒྲུབ་པའི་ཐབས།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། དེ་སྐད་གསོལ་བ་བཏབ་ནས་ཀྱང་།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ།། ཆེ་མཆོག་ཡོན་ཏན ་བསྒྲུབ་འདོད་པས།། དུར་ཁྲོད་དབེན་པའི་གནས་ཆེན་དུ།། དཀྱིལ་འཁོར་བྱི་དོར་བྱས་ནས་ཀྱང་།། བདུད་རྩི་ལྔ་ཡིས་ཆག་ཆག་གདབ། ཁྲག་ཆེན་ཐལ་ཆེན་བསྲེས་པ་ཡིས།། མཐིག་ནག་ཧཱུཾ་ཡིག་མཁས་པས་བྲི།། དེ ་ཉིད་དམིགས་པའི་རྟེན་དུ་གཞག། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་།། འབྱུང་བ་རྣམ་པ་ལྔ་བརྩེགས་ཤིང་།། ཀེང་རུས་ཆེན་པོའི་རི་རབ་སྟེང་།། འཇིགས་པའི་དུར་ཁྲོད ་དཀྱིལ་འཁོར་ནི།། རྩིབས་བཞི་གྲུ་ཆད་ཁྱམས་དང་བཅས།། སྒོ་བཞི་གྲུ་ཆད་རྒྱན་ལྡན་ལ།། ཕྱི་ནང་མེད་པར་གསལ་བའི་ནང་།། ལྷ་བརྒྱད་ཀླུ་བརྒྱད་བསྣོལ་བ་དང་།། བྱོལ་སོང་གཙོ་བོ་བརྒྱད་ཀྱི་སྟེང་།། ཧཱུཾ་ལས་ཆེ ་མཆོག་ཧེ་རུ་ཀ། ཁྲོ་མོ་གནམ་ཞལ་ཡུམ་དང་བཅས།། ཡོན་ཏན་འདུས་པའི་སྐུ་ཡིན་ཏེ།། འཁོར་ལོའི་དབུས་སུ་བསྐྱེད་པར་བྱ།། བཅོམ་ལྡན་རཀྵ་ཧེ་རུ་ཀ། སྨུག་ནག་དཀར་དང་དམར་བའི་ཞལ།། འཁོར་ལོ་དེ་བཞིན ་པདྨ་དང་།། ཏི་རའི་རྒྱུ་ཞགས་འདབ་ཆགས་ཁྱུང་།། བ་སུ་འདྲེན་ཅིང་ཡུམ་དང་བཅས།། ཤར་གྱི་རྩིབས་ལ་མཁས་པས་བསྐྱེད།། དཔལ་ཆེན་གྷུ་ཧྱ་ཧེ་རུ་ཀ། སེར་ནག་མཐིང་དང་དམར་བའི་ཞལ།། རིན་ཆེན་ཟོད ་ཁྲག་དགྲ་སྟ་དང་།། རྒྱུ་ཞགས་སྟོང་གི་འཇིག་རྟེན་རྣམས།། བཟུང་ནས་ཡུམ་དང་སྦྱོར་བར་མཛད།། ལྷོ་ཡི་རྩིབས་ལ་བསྐྱེད་པར་བྱེད།། བཅོམ་ལྡན་བྷི་ཤྭ་ཧེ་རུ་ཀ། དབུ་གསུམ་དམར་ནག་མཐིང་ག་དཀར།། པདྨ ་བྷན་དམར་འཇིག་རྟེན་དང་།། དགྲ་སྟ་དང་ནི་གཤོལ་བསྣམས་ནས།། ཤེས་རབ་ཡུམ་དང་བཅས་པ་ནི།། འབད་པས་ནུབ་ཀྱི་རྩིབས་ལས་བསྐྱེད།། བཅོམ་ལྡན་ཡཀྑ་ཧེ་རུ་ཀ། ལྗང་ནག་དཀར་དང་དམར་བའི ་ཞལ།། སྣ་ཚོགས་རྡོ་རྗེ་ཟོད་ཁྲག་བཅས།། རལ་གྲི་ཞགས་པ་དགྲ་སྟ་དང་།། ཟོང་གཤོལ་ཐོགས་ནས་ཡུམ་དང་སྦྱོར།། བྱང་གི་རྩིབས་ལ་བསྐྱེད་པར་བྱ།། ཕྱི་རིམ་ལྷ་ཡི་སྣམ་བུ་ལ།། ཕྱོགས་སྐྱོང་འདུལ་བའི་ཁྲོ་བོ ་བཅུ།། འཁོར་ལོ་ཏྲི་ཤཱུལ་བསྣམས་པ་ཡི།། དཀར་པོའི་མདོག་ཅན་ཤར་དུའོ།། དགྲ་སྟ་ཐོད་དབྱུག་ཐོགས་པ་ཡི།། མཐིང་ནག་འཇིགས་པ་ལྷོ་རུ་བསྐྱེད།། དམར་པོ་སྤུ་གྲི་ཞགས་པ་ཅན།། དེ་བཞིན་ནུབ་ཀྱི་ཕྱོགས ་སུའོ།། རྡོ་རྗེ་རྒྱ་གྲམ་དྲིལ་བུ་འཛིན།། ལྗང་གུ་བྱང་དུ་བསྐྱེད་པར་བྱ།། མེ་དཔལ་དབྱུག་ཏོ་བསྣམས་པ་ཡི།། དམར་པོ་ཤར་ལྷོའི་མཚམས་ལའོ།། རལ་གྲི་ཞགས་ལྡན་ནག་པོ་ཆེ།། ལྷོ་དང་ནུབ་ཀྱི ་མཚམས་སུ་སྟེ།། དམར་སྐུ་བྷནྡྷ་རྔ་ཡབ་བསྣམས།། ནུབ་བྱང་དག་གི་མཚམས་སུའོ།། དགྲ་སྟ་དང་ནི་རྩེ་གསུམ་འཛིན།། མཐིང་ག་བྱང་ཤར་མཚམས་སུ་བསྐྱེད།། སྔོ་སྐྱ་མདའ་གཞུ་འགེངས་པ་དང་།། དུད་ཁ་ཐོ་བ ་ཞགས་པ་བསྣམས།། སྟེང་དང་འོག་ཏུ་བསྐྱེད་བྱ་སྟེ།། རང་གི་ཕྲིན་ལས་མཚན་དང་ལྡན།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། རིམ་བཞིན་ཐོགས་པའི་ཏ་ཀྲྀཏ་བཞི།། འབར་གསལ་རྔམས་པ་བསྐྱེད་བྱས ་ལ།། གསང་སྔགས་འདི་ཡང་བཟླས་པར་བྱ།། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཐོག་མཐར་ཨོཾ་དང་ཕཊ་བཞག་ནས།། བར་ན་གྲོང་ཁྱེར་བཅུ་གནས་པ།། ཆེ་མཆོག་འཁོར་བཅས་སྙིང་པོ་ཡིན།། སྐུ་གསལ་འོད ་ཟེར་འཕྲོ་འདུ་བྱ།། དེ་ཉིད་སེམས་ཉིད་ཡིན་ཤེས་ནས།། ལོགས་ནས་ཆེ་མཆོག་བསྒྲུབ་ཏུ་མེད།། དད་ལྡན་འབད་པའི་སྒྲུབ་པ་པོས།། ཡོན་ཏན་རིག་འཛིན་འཐོབ་པར་འགྱུར།། བདེ་བར་གཤེགས་པ་ཐམས་ཅད ་འདུས་པའི་རྒྱུད་ལས། ཆེ་མཆོག་ཡོན་ཏན་སྒྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འཁོར་གྱི་ནང་ནས་བཛྲ་ཧེ་རུ་ཀ་བཞེངས་ཏེ་འདི་སྐད་ཅེས་ཞུས་སོ།། ཨེ་མ་སྤྱི་དཔལ་ཧེ་རུ་ཀ། ཐུགས་ཀྱི་སྒྲུབ་པ ་བཤད་དུ་གསོལ།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ།། ཡང་དག་ཐུགས་ཀྱི་སྒྲུབ་པ་པོས།། དུར་ཁྲོད་ཆེན་པོ་རབ་འཇིགས་པ།། དབེན་པའི་གནས་སུ་འདུག་ནས་ནི།། དཀྱིལ་འཁོར་བྱི་དོར་བྱས་པ་ལ། ཁྲག་ཆེན ་དག་གིས་ཆག་ཆག་གདབ།། རོ་རས་དག་ལ་ཧཱུཾ་གནས་པ།། དམིགས་པའི་རྟེན་དུ་མཁས་པས་བཞག། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར་ཁྲོད་ཆེན་པོ་རབ་འཇིགས་པ།། ཁྲག་གི་རྒྱ་མཚོ་འཇིགས་པའི ་དཀྱིལ།། ཀེང་རུས་ཆེན་པོའི་རི་རབ་ཀྱི།། སྟེང་ན་འབར་བའི་ཀློང་དཀྱིལ་ན།། ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་།། ཕྱི་དང་ནང་མེད་ཀུན་ཏུ་གསལ།། འབར་བའི་འཁོར་ལོ་རྩིབས་བཞི་པ།། གྲུ་ཆད་ཁྱམས་དང་སྒོ ་བཞིར་ལྡན།། ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་མཛེས།། འབར་བའི་ཁྲོ་བོ་མང་པོ་འཁྲུགས། ཁྱུ་མཆོག་མ་ཧེ་སྟག་དང་གཟིག། གཏུམ་པའི་དོམ་གྱིས་སྦར་བས་ནི།། དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་།། ཉི་ཟླ་པདྨ་ཞིང ་གི་གདན།། རིམ་གྱིས་གསལ་བར་བསྐྱེད་སྟེང་དུ།། ཧཱུཾ་ལས་བཛྲ་ཧེ་རུ་ཀ། མཐིང་ནག་དཀར་དང་དམར་བའི་ཞལ།། ཞབས་བཞི་བརྐྱངས་བསྐུམས་རབ་ཏུ་བགྲད།། རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས།། ཏི་རའི་དབྱུག ་པ་ཐོད་ཁྲག་དང་།། རྒྱུ་མའི་ཞགས་པ་གཡོན་ན་བསྣམས།། ཀྲོ་ཏཱི་ཤྭ་རཱི་དགྱེས་པར་འཁྲིལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐུགས་ཀྱི་རང་བཞིན་འདུས་པ་ཡིས།། དཀྱིལ་འཁོར་གཙོ་བོར་བསྐྱེད་པར ་བྱ།། བཅོམ་ལྡན་བུདྡྷ་ཧེ་རུ་ཀ། སྨུག་ནག་མཐིང་ག་དམར་བའི་ཞལ།། ཏི་རའི་དབྱུག་པ་རྡོ་རྗེ་ཁྱུང་།། རྒྱུ་ཞགས་བྷན་དམར་བ་སུ་འཛིན།། བུདྡྷ་ཀྲོ་ཏཱི་ཤྭ་རཱིར་བཅས།། ཤར་གྱི་རྩིབས་ལ་བསྐྱེད་པར ་བྱ།། བཅོམ་ལྡན་རཏྣ་ཧེ་རུ་ཀ། སེར་ནག་མཐིང་ག་དམར་བའི་ཞལ།། རིན་ཆེན་བྱིས་དབྱུག་དགྲ་སྟ་གཡས།། རི་རབ་ཐོད་ཁྲག་ཐོང་གཤོལ་བསྣམས།། རཏྣ་ཀྲོ་ཏི་ཤྭ་རཱིར་བཅས།། ལྷོ་ཡི་ཕྱོགས་སུ་མཁས་པས ་བསྐྱེད།། བཅོམ་ལྡན་པདྨ་ཧེ་རུ་ཀ། དམར་ནག་མཐིང་ག་དཀར་བའི་ཞལ།། པདྨ་བེ་ཅོན་དགྲ་སྟ་དང་།། རི་རབ་སྟོང་གི་འཇིག་རྟེན་དག། འཛིན་པར་མཛད་ཅིང་ཡུམ་དང་ལྡན།། ནུབ་ཀྱི་རྩིབས་ལ་བསྐྱེད་པར ་བྱ།། བཅོམ་ལྡན་ཀརྨ་ཧེ་རུ་ཀ། ལྗང་ནག་དཀར་དང་དམར་བའི་ཞལ།། སྣ་ཚོགས་རྡོ་རྗེ་རལ་གྲི་དང་།། དགྲ་སྟ་ལ་སོགས་དེ་བཞིན་དུ།། བཟུང་ནས་ཀརྨ་ཀྲོ་ཏཱིར་བཅས།། མོས་ལས་བྱང་གི་ཕྱོགས་སུའོ།། དཀྱིལ ་འཁོར་ལྷ་ཡི་སྣམ་བུ་ལ།། ཀོ་སེང་ཕྲ་མེན་འདི་དག་དགོད།། གོ་རཱི་བྷན་དམར་བྱིས་དབྱུག་སྔོ།། ཙོ་རཱི་མདའ་གཞུ་འགེངས་མ་སེར།། པྲ་མོ་ཆུ་སྲིན་རྒྱལ་མཚན་འཕྱར།། བེ་ཏཱ་བྱི་ཟ་རྡོ་འཕྱར་ནག། པུཀྐ་དམར་སེར ་བྱིས་རྒྱུ་འདྲེན།། གྷསྨ་དུང་དམར་ཁྲག་འཐུང་ལྡང་།། སྨ་ཤ་མཐིང་ནག་བྱི་སྙིང་ཟ།། ཙན་དྷ་སེར་སྐྱ་བྱིས་ལུས་འབྲེལ།། སེང་ཧ་སེར་མོ་ཞིང་ཟ་སེར།། བྱཱ་གྲཱི་དམར་མོ་ལག་བསྣོལ་སྟག། སྲི་ལ་ནག་མོ་བྱིས་ལྡག ་ཝ།། ཤྲ་ན་མཐིང་ག་ཤ་འདྲད་སྦྲང་།། གྲྀ་ཌྷ་དམར་མོ་དུང་གྲི་རྒོད།། ཀང་ཀ་དམར་སྨུག་ཞིང་ཁུར་དུར།། ཀ་ཀ་ནག་མོ་བྷན་གྲི་བྱ།། ཨུ་ལཱུ་མཐིང་ག་ལྕགས་ཀྱུ་འུག། རྟ་གདོང་དཀར་མོ་ལྕགས་ཀྱུ་འདྲེན།། ཕག་གདོ ་སྔོན་མོ་མཆེ་ཞགས་བསྡམ།། སྦྲེལ་གདོང་དམར་མོ་ལྕགས་སྒྲོག་བསྡམ།། ཐལ་བྱེད་ལྗང་གུ་དྲིལ་འཁྲོལ་སྦྱང་།། འབར་འཕྲོ་གསལ་བས་ཐམས་ཅད་འཕྲོས།། དགྲ་བགེགས་འདུལ་བའི་གཉེན་པོར་བརྟག། གསང ་བའི་སྙིང་པོ་འདི་ཡང་བཟླས།། ཨཽ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ།། ཐོག་མཐའ་ཨཽ་དང་ཕཊ་བཞག་ནས།། བར་ན་འབྲུ་བདུན་གྲོང་གནས་པ། ཁྲག་འཐུང་ལྷ་རྒྱུད་སྲོག་སྙིང་ཡིན།། ཞེ་སྡང་ཅན་གྱི་སྣོད་དག་གི། འབར་བ ་གཏུམ་ཁྲོ་རྔམས་པའི་གཟུགས།། དྲག་ཤུལ་ཅན་གྱིས་སྤྱད་པའི་ཕྱིར།། དགྲ་བགེགས་འདུལ་ཕྱིར་བསྒྲུབ་པར་བྱ།། ཐུགས་ཀྱི་རིག་འཛིན་ཐོབ་པར་འགྱུར།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས།། ་ཡང་དག་ཐུགས་ཀྱི་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས་འདི་སྐད་ཅེས་ཞུས་སོ།། ཨེ་མ་སྤྱི་དཔལ་ཀུན་ཏུ་བཟང་།། སྐུ་ཡི་སྒྲུབ་ཐབས་བཤད་དུ་གསོལ།། དེ་སྐད་གསོལ ་པ་གསན་ནས་ཀྱང་།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ།། འཇམ་དཔལ་སྐུ་ཡི་སྒྲུབ་པ་ལ།། དུར་ཁྲོད་ཆེན་པའི་ས་ཕྱོགས་སུ།། དཀྱིལ་འཁོར་བྱི་དོར་བྱས་པ་ལ།། བདུད་རྩི་ལྔ་ཡིས་ཆག་ཆག་གདབ། ཁྲག་ཆེན་གོ ་རོ་ཙ་ན་ཡིས།། མཐིང་ནག་ཧཱུཾ་ཡིག་མཁས་པས་བྲི།། དམིགས་པའི་སྟེང་དུ་གཞག་པར་བྱ།། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར་ཁྲོད་ཆེན་པོ་རབ་འཇིགས་པ། ཁྲག་གི་རྒྱ་མཚོ་འཇིགས་པའི ་དཀྱིལ།། ཀེང་རུས་ཆེན་པོའི་རི་རབ་ཀྱི།། སྟེང་ན་དུར་ཁྲོད་གཞལ་ཡས་ཁང་།། རྩིབས་བཞི་གྲུ་ཆད་ཁྱམས་དང་བཅས།། སྒོ་བཞི་ལྕགས་རིར་བཅས་པ་ནི།། ཕྱི་དང་ནང་མེད་ཆོས་ཀྱི་དབྱིངས།། མ་ཧེ་ཆུ་གླང་ཞིང་གི ་གདན།། སྟེང་དུ་འཇམ་དཔལ་གཤིན་རྗེ་གཤེད།། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།། སྐུ་ཡི་སྤྲུལ་པ་ཧཱུཾ་ལས་སྐྱེད།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། གཡས་དཀར་གཡོན་དམར་དབུས་སེར ་ཞལ།། རྡོ་རྗེ་རལ་གྲི་དགྲ་སྟ་གཡས།། སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན།། དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན།། བེ་ཏཱ་ནག་མོ་སྐུ་ལ་འཁྲིལ།། དགྲ་སྟ་ཕྱར་ནས་ཐོད་ཁྲག་སྟོང་།། སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི ་མ།། བེ་ཌཱུར་མདོག་སྔོན་གསལ་ལ་འཚེར།། ཏྲི་ཤཱུལ་གཡང་གཞི་གཡས་ན་འཕྱར།། ཟོད་རློན་ཙིཎྜ་གཡོན་ན་སྟོབ།། འཇིགས་བྱེད་ཡབ་ཡུམ་འདི་དག་ཀྱང་།། དཀྱིལ་འཁོར་གཙོ་བོར་བརྟག་པར་བྱ།། ཡ་མ་རཱ་ཛ ་གཤིན་རྗེ་གཤེད།། ཞལ་གསུམ་དཀར་དམར་མཐིང་གི་མདོག། འཁོར་ལོ་ཏྲི་ཤཱུལ་ལྕགས་ཀྱུ་དང་། ཁ་ཊྭཱཾ་དགྲ་སྟ་རྒྱུ་ཞགས་ཐོགས།། གཡུ་ཡི་རལ་གཅིག་སྐུ་ལ་འཁྲིལ།། སྒྲོལ་བའི་ཡུམ་མཆོག་རེ་མ་ཏི།། མདོག་ནག ་རལ་གྲི་ནེ་ལེ་འཛིན།། ཤར་གྱི་རྩིབས་ལ་བསྐྱེད་པར་བྱ།། མྱོས་བྱེད་འབར་བ་གཤིན་རྗེ་གཤེད།། ཞལ་གསུམ་དཀར་སྔོ་སེར་ནག་ཞལ།། བེ་ཅོན་རལ་གྲི་དགྲ་སྟ་དང་།། བྷན་དམར་འཁོར་ལོ་ལྕགས་ཀྱུ ་བསྣམས།། གཏུམ་མོ་སེར་ནག་གཡོན་དུ་འཁྲིལ།། སྒྲོལ་ཡུམ་ཁྲག་གི་བདག་མོ་ནི།། སྤུ་གྲི་ཙིཏྟ་ཞགས་འཛིན་ནག། ལྷོ་ཡི་རྩིབས་ལ་བསྐྱེད་པར་བྱ།། གཤིན་རྗེའི་གཤེད་པོ་མ་རུ་རྩེ།། ཞལ་གསུམ་དཀར་སྔོ་དམར་བ ་ཅན།། བེ་ཅོན་དབྱུག་ཏོ་ཁ་ཊྭཱཾ་དང་།། ཐོད་ཁྲག་འཁོར་ལོ་རྒྱུ་ཞགས་འཛིན།། ལྷ་མོ་འོད་ཟེར་སྐུ་ལ་འཁྲིལ།། སྒྲོལ་ཡུམ་གླིང་བཞི་གཙུག་འབྱམས་མ།། མི་སྙིང་ཐོད་ཁྲག་ཐོགས་པ་ནི།། ནུབ་ཀྱི་རྩིབས་ལ་བསྐྱེད་པར ་བྱ།། རལ་པ་ཚར་དགུ་གཤིན་རྗེ་གཤེད།། དཀར་དང་དམར་དང་དབུས་མཐིང་ཞལ།། བེ་ཅོན་གཏུན་ཤིན་རྒྱ་གྲམ་དང་།། ཐོད་ཁྲག་རྒྱུ་ཞགས་འཁོར་ལོ་བསྣམས།། སྦྱོར་བའི་ཡུམ་དང་གཉིས་སུ་མེད།། ལྗང་ནག ་སྒྲོལ་བྱེད་མགོ་འཕྱང་མ།། དགྲ་སྟ་ཟོད་ཁྲག་ཐོགས་པ་སྟེ།། མཁས་པས་བྱང་གི་རྩིབས་ལ་བསྐྱེད།། དེ་ནས་ཕྱི་ཡི་སྣམ་བུ་ལ།། ཕྱོགས་སྐྱོང་གཤིན་རྗེ་བཅུ་གཉིས་པོ།། གཤིན་རྗེ་ནག་འཇོམས་མཐིང་ནག ་ཞལ།། ནག་མོ་རལ་གཅིག་གཡོན་ནས་འཁྲིལ།། གཤིན་རྗེ་ཕྱ་སངས་དཀར་སེར་མདོག། ཚེ་བུམ་རྡོ་རྗེ་ཐོང་གཤོལ་འཛིན།། ཤེལ་གྱི་གདོང་དགུ་དགྱེས་པར་འཁྲིལ།། དེ་བཞིན་ཀོང་ཙེ་བྲག་འཇོམས་ནི།། རྡོ་རྗེ་བྲག ་ནག་མེའི་འཁོར་ལོ།། ཤེལ་མིག་ཁྲོ་མོ་ཡུམ་དང་སྦྱོར།། ཨ་བ་གླང་མགོ་སྨུག་ཅིང་ནག། ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དག། བཟུང་ནས་དཀར་སྐྱ་མཆེ་གཙིགས་ལྡན།། སྔོ་ནག་འཇིགས་བྱེད་ཡ་བ་ཏི།། རལ ་གྲི་ལྕགས་ཀྱུ་ཐོགས་ནས་ནི།། དྲེད་ཀྱི་ཨབ་ཤམ་མ་དང་འཁྲིལ།། གཤིན་རྗེ་མིག་དམར་སྨུག་ནག་མདོག། རལ་གྲི་ཏི་རའི་དབྱུག་པ་འཆང་། ཁྲག་གི་རལ་གཅིག་སྐུ་ལ་འཁྲིལ།། དམིགས་པ་དུད་ཁ་ཞེས་བྱ་བ།། ཐོད ་ཕྲེང་ལྕགས་སྒྲོག་དམར་པོ་སྡོམས།། པུས་འགྲོ་ནག་མོ་ཡུམ་དང་བཅས།། གཤིན་རྗེ་ཏེལ་པ་སྔོ་ནག་མདོག། སྤུ་གྲི་བྷནྡྷ་ཁྲག་བཀང་དག། འཛིན་ཅིང་སྤྱན་གསུམ་ཡུམ་ལ་སྦྱོར།། བདུད་འཇོམས་གཤིན་རྗེ་སྨུག་ཅིང ་ནག། རྡུང་བྱེད་ཐོ་བ་བྷན་དྷར་བཅས།། སྨག་ནག་རལ་གཅིག་དགྱེས་པར་འཁྲིལ།། ཆོས་ཀྱི་རྒྱལ་པོ་དཀར་སེར་མདོག། རྡོ་རྗེ་རྩེ་གསུམ་ཁྲམ་ཤིང་འཆང་།། རྡོ་རྗེ་རལ་གཅིག་མ་དང་སྦྱོར།། གཤིན་རྗེ་འབར་བ ་དམར་པོ་ཆེ།། རྩིས་བྱང་གཏུན་ཤིང་ལག་ན་ཐོགས།། སྐུ་ལ་མ་མོ་མགོ་དགུ་འཁྲིལ།། ཟོད་དབྱུག་ཅེས་བྱ་གཤིན་རྗེའི་མཚན།། མཐིང་ནག་དབྱུག་པ་ཤོ་རྡེའུ།། བཟུང་ནས་ཕག་མགོ་མ་དང་སྦྱོར།། གཤིན་རྗེའི་གཤེད ་གྱུར་འདི་དག་ཀྱང་།། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས།། རང་གི་གནས་སུ་ལེགས་བཞུགས་པར། ཁྲོ་ཆེན་གཙོ་བོས་དགོད་པར་བྱ།། དེ་བཞིན་དཀྱིལ་འཁོར་སྒོ་རྣམས་སུ།། དཀར་ཞིང་འཚེར་བ་བྱ་རྒོད ་མགོ། རྡོ་རྗེ་ལྕགས་ཀྱུ་འཛིན་པ་དང་།། མཐིང་ནག་འབར་བ་སྟག་གི་མགོ། དབྱུག་པ་ཞགས་པ་ཐོགས་པ་དང་།། ལེ་བརྒན་འབར་བ་ཀང་ཀའི་མགོ། མེ་ཡི་པདྨ་ལྕགས་སྒྲོག་བཅས།། སྦྱང་ཀིའི་མགོ་ཅན་ལྡང་ཞིང ་ནག། རྒྱ་གྲམ་ཤེལ་གྱི་གྲི་གུག་འཛིན།། ཤར་ནས་བཟུང་སྟེ་བཀོད་ནས་ཀྱང་།། འབར་གསལ་སྐུ་ཡི་འཕྲོ་འདུ་བྱ།། གསང་སྔགས་སྙིང་པོ་འདི་ཡང་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཐོག ་མཐར་ཨོཾ་དང་ཕཊ་བཞག་ནས།། བར་ན་བཅོ་ལྔའི་གྲོང་མཛེས་པ།། གཤིན་རྗེའི་ལྷ་རྒྱུད་སྲོག་སྙིང་ཡིན།། སྐུར་གསལ་འོད་ཟེར་འཕྲོ་འདུ་བྱ།། ཏིང་འཛིན་གྱད་དུ་གྱུར་པ་དང་།། གཤིན་རྗེ་གཤེད་ཀྱི་ལྷ་རྣམས ་ཀུན།། མཁས་པས་རང་གི་སེམས་སུ་བརྟགས།། སྐུ་ཡི་རིག་འཛིན་འཐོབ་པར་འགྱུར།། བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ལས། འཇམ་དཔལ་སྐུའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ ་པའོ།། །། དེ་ནས་དཔལ་རྟ་མགྲིན་གྱིས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་སྤྱི་དཔལ་ཁྲོ་བོའི་རྗེ།། པདྨ་གསུང་གི་སྒྲུབ་ཐབས་གང་།། སྤྱི་དཔལ་ཡབ་ཀྱིས་བཀའ་སྩལ་པ།། པདྨ་གསུང་གི་སྒྲུབ་པ་པོས།། རི་བོ ་འདུས་པའི་ས་ཕྱོགས་སུ།། དཀྱིལ་འཁོར་བྱི་དོར་བྱས་པ་ལ། ཁྲག་ཆེན་མཚལ་གྱིས་ཧཱུཾ་ཡིག་བྲི།། དམིགས་པའི་རྟེན་དུ་མཁས་པས་གཞག། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར་ཁྲོད་འབར་བའི་གཞལ་ཡས ་ཁང་།། ལྷ་ཆེན་བརྒྱད་ཀྱི་ཀ་བ་ལ།། གཟའ་ཆེན་བརྒྱད་ཀྱི་གདུང་མ་བྲེས།། རྒྱུ་སྐར་རྣམས་ཀྱི་ཐོག་གིས་ཕུབ།། སྦྲུལ་ནག་ཀླུ་ཡི་བླ་བྲེ་དང་།། ཕྱི་ནང་མེད་པའི་གཞལ་ཡས་ཁང་།། ཀླུ་ཆེན་བརྒྱད་ཀྱི་ཁྲི ་སྟེང་དུ།། པདྨ་དབང་གི་རྒྱལ་པོ་ནི།། སྐུ་མདོག་བསྐལ་པའི་མེ་ལྟར་འབར།། གཡས་དཀར་གཡོན་སྔོ་དབུས་དམར་ཞལ།། རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས།། དྲིལ་བུ་བྷན་དམར་ལྕགས་སྒྲོག་དག། གཡོན་ན་བསྣམས ་ཏེ་རྟ་མགོར་བཅས།། ཞབས་བཞི་གདུག་པའི་ཀླུ་རྣམས་གནོན།། ཡུམ་ཆེན་ཨེ་ཀ་ཛ་ཊི་མ།། དམར་ནག་སྤྱན་གསུམ་སྡང་མིག་བགྲད།། ཕྱག་གཡས་ཁ་ཊྭཱཾ་ཡབ་ལ་འཁྱུད།། གཡོན་པ་ཐོད་ཁྲག་གཙོ་ལ་སྟོབ།། བདེ ་བར་གཤེགས་པ་ཀུན་གྱི་གསུང་།། ཡང་དག་བསྡུས་པའི་སྐུར་བསྐྱེད་བྱ།། རྡོ་རྗེ་པདྨ་གར་གྱི་དབང་།། བྱི་ལ་དང་ནི་པུ་ཤུད་མགོ།། སྐུ་མདོག་བསྐལ་པའི་མེ་ལྟར་འབར།། ལྕགས་ཀྱུ་ཕུར་བུ་ལག་ཆར་འཛིན།། ཤར ་ནས་བཟུང་སྟེ་རིམ་བཞིན་དུ།། འཁོར་ལོའི་རྩིབས་ལ་བརྟག་པར་བྱ།། ལྷོ་ཡི་དཀྱིལ་འཁོར་ཕྱི་ཁྱམས་ལ།། ཡེ་ཤེས་ཞི་བ་ཟིལ་གནོན་པའི། ཁྲོ་བོ་ཕྱག་ན་རྡོ་རྗེ་དང་།། འཁོར་ལོ་དེ་བཞིན་རིན་ཆེན་གཡས།། པདྨ་རལ ་གྲི་དྲིལ་བུ་གཡོན།། དེ་བཞིན་ལས་ཀྱི་ཁྲོ་བོ་དག། ཟིལ་གནོན་པདྨ་སྤུ་གྲི་དང་།། དབྱུག་ཏོ་ཁ་ཊྭཱཾ་དགྲ་སྟ་དང་།། སྣ་ཚོགས་རྡོ་རྗེ་འཛིན་པའོ།། ཡེ་ཤེས་མ་མོ་ཐམས་ཅད་ཀུན།། ཟིལ་གནོན་ཁྲོ་བོ་ཆེན་པོ་ནི།། སྡིགས ་མཛུབ་ལྕགས་ཀྱུ་སྦྲུལ་ཞགས་གཡས།། ལྕགས་སྒྲོག་ཁ་ཊྭཱཾ་རྔེའུ་ཆུང་གཡོན།། ཡེ་ཤེས་ཁྱུང་ཆེན་ཟིལ་གནོན་ཁྲོ།། རྡོ་རྗེ་ས་དང་མེ་ཁྱུང་གཡས།། ནམ་མཁའ་ཆུ་རླུང་བྱ་ཁྱུང་གཡོན།། ཕོ་རྒྱུད་ཟིལ་གནོན་ཁྲོ་རྒྱལ ་གཙོ།། རྡོ་རྗེ་ཟོད་སྐམ་རྒྱུ་ཞགས་དང་།། དུང་ཁྲག་ཐོད་པ་རློན་པ་དང་།། ཞིང་གི་དབྱུག་པ་འཛིན་པའོ།། སྲིད་པའི་མོ་རྒྱུད་ཐམས་ཅད་ཀུན།། ཟིལ་གནོན་རྡོ་རྗེ་རལ་གྲི་མདའ།། ཞགས་པ་དེ་བཞིན་སྡིགས་མཛུབ ་དང་།། གཞུ་རྣམས་ཕྱག་ན་གོ་རིམ་བཞིན།། འཇིག་རྟེན་སྲིད་པའི་ཀླུ་རིགས་བཞི།། ཟིལ་གྱིས་གནོན་པའི་ཁྲོ་བོ་ནི།། ཕྱག་ན་དཀར་སེར་དམར་བའི་སྦྲུལ།། དེ་བཞིན་ཁྲ་སྔོ་ནག་པོ་འཆང་།། གཟའ་ཆེན་བརྒྱད་པོ ་ཟིལ་གནོན་པའི།། ཁྲོ་རྒྱལ་རྩ་བའི་ཕྱག་ཉིད་ན།། རྡོ་རྗེ་རལ་གྲི་ཞགས་པ་དང་།། དུང་ཁྲག་དབྱུག་པ་ཁྱུང་བསྣམས་པའོ།། ཟིལ་གནོན་ཁྲོ་བོ་འདི་དག་ཀུན།། གཡས་དཀར་གཡོན་ལྗང་དབུས་དམར་ཞལ།། སྐུ་ནི ་བསྐལ་པ་མེ་ཡི་འོད།། དབུ་གཙུག་རྟ་མགོ་ལྗང་གུ་ཡི།། སྐད་ཀྱིས་གདུག་པ་སོ་སོར་འདུལ།། ཞབས་བཞི་བརྐྱང་བསྐུམ་གདུལ་བྱ་ཀུན།། མ་ལུས་ཟིལ་གྱིས་གནོན་པར་བྱེད།། རང་རང་ཡུམ་དང་མཉམ་པར ་སྦྱོར།། དཀར་དང་སེར་དང་དེ་བཞིན་དམར།། ལྗང་གུའི་མདོག་ཅན་འཇིགས་པའི་གཟུགས།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། རིམ་བཞིན་ཐོགས་པའི་སྒོ་བར་བཅས།། འབར་གསལ་རྔམས་པ་ལྷན་ནེར ་བསྒོམ།། གསང་བའི་སྙིང་པོ་འདི་ཡང་བཟླ།། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཐོག་མཐའ་ཨཽ་དང་ཕཊ་བཞག་ནས།། བར་ན་བཅུ་བཞིའི་གྲོང་མཛེས་པ།། པདྨའི་ལྷ་རྒྱུད་སྙིང་པོ ་ཡིན།། དབང་གི་ཐུགས་དམ་རྒྱུད་བསྐུལ་ཞིང་།། ཕྲག་འཐུང་ལྷ་ཚོགས་དགྱེས་པ་དང་།། རྣལ་འབྱོར་ཉམས་ཆག་སྡིག་སྒྲིབ་སྦྱོང་།། ཡེ་ཤེས་ལྷ་དང་གཉིས་སུ་མེད།། གསུང་གི་རིག་འཛིན་ཐོབ་པར་འགྱུར།། བདེ་བར ་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ལས། པདྨ་གསུང་གི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་དཔལ་རྡོ་རྗེ་གཞོན་ནུས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་སྤྱི་དཔལ་ཁྲོ་བོའི་རྗེ།། ཕྲིན་ལས ་སྒྲུབ་ཐབས་བཤད་དུ་གསོལ།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ།། ཕུར་པ་ཕྲིན་ལས་བསྒྲུབ་འདོད་པས།། གནམ་ས་གྲུ་གསུམ་པར་གནས་པ།། དཀྱིལ་འཁོར་བྱི་དོར་བྱས་ནས་ནི།། བདུད་རྩི་ལྔ་ཡིས་ཆག་ཆག ་གདབ།། མཐིང་ནག་ཧཱུཾ་ཡིག་མཁས་པས་དྲི།། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་།། རྩིབས་བཞི་སྒོ་བཞི་ཁྱམས་དང་ལྡན།། དེ་ནང་དྲེགས་པ་ཁྱོ་ཤུག་དང་།། ཕྱོགས་སྐྱོང་ཉི ་ཟླའི་གདན་སྟེང་དུ།། ཧཱུཾ་ལས་རྡོ་རྗེ་གཞོན་ནུ་ནི།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། སྐུ་མདོག་བཻ་ཌཱུརྱ་ཡི་མདོག། རྩེ་དགུ་རྩེ་ལྔའི་རྡོ་རྗེ་ཆེ།། ཕྱག་གཡས་དེ་བཞིན་གཡོན་པ་ན། ཁ་ཊྭཱཾ་ག་དང་མེ་དཔུང ་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། ཞབས་བཞི་གྱད་ཀྱི་དོར་ཐབས་བགྲད།། དུར་ཁྲོད་ཆས་ཀྱིས་སྐུ་བརྒྱན་ནས། ཁ་ཊྭཱཾ་ཐོད་པ་ཁྲག་གིས་བཀང་།། ཕྱག་ཏུ་བཟུང་ནས་དགྱེས་པའི་ཡུམ།། རྒྱས་འདེབས ་མ་དང་ལྷན་ཅིག་ཉིད།། ཕྲིན་ལས་འདུས་པའི་སྐུར་བསྒོམ་བྱ།། གཙོ་བོ་ཡབ་ཡུམ་བྱིན་རླབས་ལས།། འཁོར་ལོའི་ལྷ་ཚོགས་བསྐྱེད་བྱ་བ།། ཤར་དུ་བུདྡྷ་ཀཱི་ལ་ཡ།། ཞལ་གསུམ་དཀར་དམར་མཐིང་གའི་མདོག། རྡོ་རྗེ ་དགྲ་སྟ་རྒྱུ་ཞགས་དང་།། རལ་གྲི་ཐོགས་པ་ཟླུམ་ཞིང་སྒེག། ལྷོ་ཕྱོགས་རཏྣ་ཀཱི་ལ་ཡ།། དཀར་དང་དེ་བཞིན་དམར་སེར་ཞལ།། བིང་དང་དགྲ་སྟ་རལ་གྲི་དང་།། བེ་ཅོན་བསྣམས་ཏེ་གྲུ་བཞིའི་གཟུགས།། ནུབ་ཏུ་པདྨ ་ཀཱི་ལ་ཡ།། ཞལ་གསུམ་དཀར་སེར་དམར་བའི་གཟུགས།། རལ་གྲི་མདུང་ཐུང་མདའ་དང་གཞུ།། མཚན་མར་འཛིན་པ་དབང་གི་གཟུགས།། བྱང་ཕྱོགས་ཀརྨ་ཀཱི་ལའི་ཞལ།། དཀར་དམར་ལྗང་གུའི་མདོག་ཅན ་ཏེ།། མདུང་དང་གྲི་གུག་ལྕགས་ཀྱུ་དང་།། རལ་གྲི་ཐོགས་པ་དྲག་པོའི་སྐུ།། འཇིགས་བྱེད་ཆེན་པོ་འདི་དག་ཀུན།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེའི་གཤོག་པས་ནམ་མཁའ་ཁེངས།། གྲུ་གསུམ་ཨེ་ཡི ་གདན་ལ་བཞུགས།། ཕྱི་ཡི་ཁྱམས་ལ་བསྐྱེད་བྱ་བ།། འཇིགས་པའི་ཁྲོ་བཅུ་ཡུམ་དང་ལྡན།། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ།། ཚངས་ལ་སྩོགས་པ་ཞབས་བཞིས་མནན།། རྩ་བའི་ཕྱག་གིས་རྡོ་རྗེ་དང་།། ཐོད་ཁྲག ་དཀྲུག་ཅིང་མཐའ་གཉིས་ཀྱིས།། རི་རབ་ཕུར་བུ་འདྲིལ་མཛད་ཅིང་།། རྡོ་རྗེའི་གཤོག་པས་ནམ་མཁའ་ཁྱབ།། ཧཱུཾ་མཛད་སྔོ་སྐྱ་སེར་དམར་ཞལ།། མདའ་གཞུ་འགེངས་ཤིང་སྒྲ་འབྱིན་ཡུམ།། བེ ་ཅོན་ཐོགས་དང་སྤྲུལ་པ་ཡི།། ཕྲ་མེན་ཕག་དང་རྨིག་བུའི་མགོ། རྣམ་རྒྱལ་དཀར་པོ་སྔོ་ལྗང་ཞལ།། རྡོ་རྗེ་དུང་ཁྲག་སྙེམས་མ་ནི།། རལ་གྲི་འཛིན་ཅིང་སྤྲུལ་པ་ཡི།། ཕྲ་མེན་སྟག་དང་བྱ་རྒོད་མགོ། དབྱུག་སྔོན་དཀར ་དང་དམར་བའི་ཞལ།། མེ་དཔལ་དབྱུག་ཏོ་འཛིན་མཛད་ཅིང་།། རྡོ་རྗེ་སྡེར་མོ་ལྕགས་ཀྱུའོ།། སྤྲུལ་པ་གཡག་དང་བྱ་རོག་མགོ། གཤིན་རྗེ་སྔོ་སྐུ་ལྗང་སྔོན་མདོག། ཐོད་པའི་དབྱུག་པ་དགྲ་སྟ་ཐོགས།། དུར་ཁྲོད་བདག ་མོ་ཐོད་དབྱུག་འཆང་།། སྤྲུལ་པ་ཤ་བ་འུག་པའི་མགོ། ལྗང་སྔོན་སྨུག་ནག་མི་གཡོ་མགོན།། རལ་གྲི་དང་ནི་ཞགས་པ་འཛིན།། རྡོ་རྗེ་གཏུན་ཁུང་ཐོ་བ་འཛིན།། སྤྲུལ་པ་གཟིགས་དང་ཁྭ་ཏའི་མགོ།། རྟ་མགྲིན་དཀར ་དམར་སྔོ་བའི་ཞལ།། སྤུ་གྲི་ཞགས་པ་འཛིན་མཛད་ཅིང་།། རྡོ་རྗེ་གཏུམ་མོ་སྤུ་གྲི་ཐོགས།། སྤྲུལ་པ་བྱི་ལ་པུ་ཤུད་མགོ། འདོད་རྒྱལ་དམར་སེར་ལྗང་གུའི་མདོག། བ་དན་རྔ་ཡབ་འཆང་དང་ཡུམ།། རྡོ་རྗེ་མདའ ་སྙེམས་ཐོ་བ་འཛིན།། སྤྲུལ་པ་སྤྱང་དང་ཁྲ་ཡི་མགོ། བདུད་རྩི་འཁྱིལ་བ་ལྗང་དཀར་དམར།། རྡོ་རྗེ་རྒྱ་གྲམ་དྲིལ་བུ་བསྣམས།། རྡོ་རྗེ་རླུང་འབྱིན་དགྲ་སྟ་ཐོགས།། སྤྲུལ་པ་སེངྒེ་ཕ་ཝང་མགོ། དཀར་དམར་ནག་པའི ་ཞལ་མདོག་ཅན། ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་སྦྲུལ།། རྡོ་རྗེ་གསོད་བྱེད་ཡུམ་གྲི་གུག། ཕྲ་མེན་དོམ་དང་སྲེ་མོའི་མགོ། སྟོབས་ཆེན་དུད་ཁ་གནག་དང་ལྡང་།། ཐོ་བ་ཞགས་པ་ཕྱག་ན་སྟེ།། རྡོ་རྗེ་སྐུལ་བྱེད་རྩེ་གསུམ ་འཛིན།། སྤྲུལ་པ་དྲེད་དང་བྱི་ལའི་མགོ། ལྕགས་ཀྱུ་འཛིན་དཀར་པུ་ཤུད་མགོ། ཞགས་འཛིན་གསེར་མདོག་སྐྱ་ཀའི་གདོང་།། སྲིན་བྱའི་གདོང་དམར་ལྕགས་སྒྲོག་ཐོགས།། དྲིལ་འཁྲོལ་ལྗང་གུ་ཁྲ་གདོང་སྟེ།། མ་ལུས ་གསལ་བར་སྐུ་བསྐྱེད་ལ།། གསང་སྔགས་སྙིང་པོ་འདི་ཡང་བཟླ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ།། ཐོག་མཐའ་ཨཱ~ཾ་དང་ཕཊ་བཞག་ནས།། བར་ན་བཅུ་གཉིས་གྲོང་མཛེས་པ།། ཕུར་པའི་ལྷ་རྒྱུད་སྙིང ་པོ་ཡིན།། སྤྲོ་བསྡུས་ཕུར་པའི་འཕྲོ་འདུ་བྱ།། ཕྲིན་ལས་རྣམ་བཞི་ལས་ལ་སྦྱར།། དགྲ་བགེགས་གདུག་པ་ཚར་བཅད་ནས།། ཕྲིན་ལས་རིག་འཛིན་ཐོབ་པར་འགྱུར།། བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ ་བའི་རྒྱུད་ལས། ཕུར་པ་ཕྲིན་ལས་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བླ་མེད་ཧེ་རུ་ཀས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་སྤྱི་དཔལ་ཁྲོ་བོའི་རྗེ།། མ་མོ་རྦོད་གཏོང་སྒྲུབ་པའི་ཐབས།། ཕྲིན་ལས་ལས་ལ ་བསྐུལ་བའི་ཕྱིར།། རིམ་བཞིན་བདག་ལ་བཤད་དུ་གསོལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ་པ།། མ་མོ་རྦོད་གཏོང་བསྒྲུབ་འདོད་པས།། དུར་ཁྲོད་ཆེན་པོའི་ས་ཕྱོགས ་སུ།། དཀྱིལ་འཁོར་བྱི་དོར་བྱས་ནས་ནི། ཁྲག་ཆེན་དག་གིས་ཆག་ཆག་གདབ།། ཐལ་ཆེན་གྱིས་ནི་ཧཱུཾ་བྲིས་ལ།། དམིགས་པའི་རྟེན་དུ་མཁས་པས་གཞག། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར ་ཁྲོད་འབར་བའི་གཞལ་ཡས་ཁང་།། གྲུ་ཆད་ཁྱམས་དང་སྒོ་བཞིར་བཅས།། ཞིང་ཆེན་བླ་རེས་བརྒྱན་པའོ།། ཞིང་ཆེན་ཞིང་ཆུང་གདན་སྟེང་དུ།། བདག་ཉིད་ཆེ་མཆོག་ཧེ་རུ་ཀ། སྐུ་ནི་མཐིང་ནག་འཇིགས་ཚུལ ་ཅན།། གཡས་དཀར་གཡོན་དཀར་དབུས་མཐིང་ཞལ།། རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས།། བྷནྣ་ཞིང་གཡབ་གའུ་གཡོན།། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན།། སྲིད་པའི་མ་མོ་ཞབས་བཞིས ་གཟིར།། ཡུམ་ཆེན་ཀུན་ཏུ་བཟང་མོ་ནི།། བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན།། མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྲིལ།། དབུ་གཅིག་ཞལ་ལྔ་སྲིད་པ་གསལ།། ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ཡིས།། རྡོ་རྗེ་དྲིལ ་བུ་དྲིལ་ཞགས་དང་།། བྷནྡ་བདུད་རྩི་གཡང་གཞི་བསྣམས།། སྣ་ཚོགས་འགྱུར་བའི་སྐུ་མདོག་ལ།། གཉིས་མེད་བདེ་བས་ཡབ་དང་སྦྱོར།། མཁས་པས་ཆོ་ག་ཇི་བཞིན་དུ།། དཀྱིལ་འཁོར་གཙོ་བོར་བསྐྱེད་པར ་བྱ།། རྟག་པའི་རྒྱལ་མོ་རྣམ་པ་ལྔ།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད།། ཕྱག་དྲུག་གཡས་ཀྱི་དང་པོ་ན།། རིགས་ཀྱི་མཚན་མ་སོ་སོར་འཛིན།། དེ་བཞིན་གཡོན་ན་ཐོབ་པའོ།། རྣམ་སྣང་གསལ་དང་འོད ་གསལ་འབར།། སྙན་གསལ་འབར་དང་ཡང་གསལ་གཡོས།། བཀྲ་གསལ་འབར་ཞེས་བྱ་བ་ནི།། མིང་གིས་མཐའ་དང་ཡང་དག་ལྡན།། ཤར་གྱི་མཁའ་འགྲོ་སེང་གདོང་མ།། སྐུ་མདོག་དཀར་མོ་ཤེལ་ལྟར ་དག། དགྲ་སྟ་དང་ནི་གཏུན་ཤིང་བརྡེག། སེངྒེ་མཆོག་ཆེན་ཐ་མས་སྟོད།། ལྷོ་ཡི་མཁའ་འགྲོ་བ་ན་གླང་གདོང་།། སྐུ་མདོག་སྔོན་མོ་འབར་བ་ལ།། མེ་དཔལ་དབྱུག་པའི་ཐོ་བ་དང་།། ཐ་མ་སྟག་མོ་ཞིང་ཆུང་སྟོད།། ནུབ ་ཀྱི་མཁའ་འགྲོ་བུ་དག་ཡང་པུ་དཀའི་གདོང་།། སྐུ་མདོག་དམར་མོ་མཛེས་ཚུལ་ཅན།། ཞགས་པ་དང་ནི་ཏྲི་ཤཱུ་ལ།། ཅེ་སྦྲང་དང་ནི་ཞིང་ཆུང་སྟོད།། བྱང་གི་མཁའ་འགྲོ་རྡོ་རྗེའི་མཆུ།། སྐུ་མདོག་ལྗང་གུ་འོད་དུ ་འབར།། དབྱུག་ཏོ་རྡོ་རྗེ་རྒྱུ་ཕྲེང་འཛིན།། སྦྲང་མོའི་ཁ་རུ་ཞིང་ཆུང་སྟོད།། ནམ་མཁའི་མཁའ་འགྲོ་རྡོ་རྗེའི་མཆུ།། སྐུ་མདོག་བཙོ་མའི་གསེར་ལྟར་གདོང་།། འཁོར་ལོ་དང་ནི་བྷནྡ་འབར།། རྒྱལ་མཚན་དང་ནི་སྤུ་གྲི ་འཛིན།། ཟ་མ་འུག་པ་ཞིང་ཆུང་སྟོད།། སྲིད་པའི་བདེ་འགྲོ་ཁམས་གསུམ་ཡུམ།། སྐུ་མདོག་མཐིང་ག་འབར་བ་ལ།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད།། འཁོར་ལོ་རིན་ཆེན་གཡང་གཞི་བརྡེ་བ།། ཟོད་ཁྲག་ཚེ ་བུམ་ལྕགས་ཀྱུ་ཐོགས།། དཀར་མོ་ཉི་ཟླའི་ཟོད་ཕྲེང་ཅན།། ཟངས་ལྕགས་དཀར་ནག་ཞགས་པ་འཕེན།། རྡོ་རྗེ་ཉི་མ་མདོག་དཀར་ཞིང་།། ཕྱག་ན་ཤེལ་གྱི་སྤུ་གྲི་ཐོགས།། རྡོ་རྗེ་ཁྲག་འཐུང་ཞེས་བྱ་བ།། སྔོན་པོ་ཐོད་པ ་ཁྲག་ཅན་འཛིན།། རྡོ་རྗེ་བདུད་རྩི་དམར་མོ་ནི།། ལས་ན་བདུད་རྩིའི་བུམ་པ་འཛིན།། ལྗང་ནག་རྡོ་རྗེ་སྲིད་གསུམ་མ།། ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས།། དཀར་མོ་སྲིད་པའི་རྒྱན་བྱེད་མ།། ལག ་ན་སྲིད་པའི་ཞགས་པ་ཐོགས།། སྔོན་མོ་དབྱིངས་ཕྱུག་རྒྱལ་མོ་ནི།། ལག་ན་ཞིང་གི་དབྱུག་པའོ།། དམར་མོ་བདག་ཉིད་ཆེན་མོ་ནི།། ལག་ན་ཞིང་གི་རྒྱུ་ཞགས་འཛིན།། སེར་མོ་ཆེན་མོ་གཅིག་པུ་མ།། ལག་ན་མི་ཡི ་གཡང་བཞི་བརྡེ་བ།། དཀར་མོ་ཆེན་མོ་མིག་གཅིག་མ།། ལག་ན་བྷནྡ་ཟླུམ་པོ་ཐོགས།། མཐིང་ནག་ཆེན་མོ་མཆེ་བ་ཅན།། ལག་ན་བྷནྡ་སུལ་མང་བསྣམས།། དམར་མོ་དབང་ནི་རྒྱལ་མོ་ནི།། ལག་ན་བྷནྡ་ལྕང་ལོ ་ཅན།། སེར་མོ་ཆེན་མོ་ལས་མཁན་མ།། ལག་ན་བྷནྟ་རྒྱ་གྲམ་ཐོགས།། སྲིད་པའི་མ་མོ་ཆགས་བྱེད་མ།། མཐིང་ནག་མི་སྙིང་རློན་པ་ཐོགས།། ཏིང་འཛིན་དེ་བཞིན་ཆ་སྙོམས་མ།། དམར་མོ་ཐོད་པ་ཁྲག་གིས ་བཀང་།། འདོད་པའི་ཁམས་ཀྱི་དབང་ཕྱུག་མ།། མདོག་སྔོན་བདུད་ཀྱི་ཁྲམ་བམ་ཐོགས།། ཨེ་ཀ་ཛ་ཊཱི་རལ་གཅིག་མ།། དཀར་མོ་ཁ་ཊྭཱཾ་ག་མི་རོ།། གླིང་བཞི་ཀུན་གྱི་སྤྱི་ཕུད་ནི།། དཀར་མོ་ལྕགས་ཀྱུ་འོད་ཕྲེང ་ཅན།། རིན་ཆེན་སྲིད་འདེགས་མདོག་སྔོན་མོ།། ལག་ན་གཡུ་ཡི་གའུའོ།། པདྨ་གར་དབང་ལེ་བརྒན་མདོག། ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན།། དེ་བཞིན་རྡོ་རྗེ་གར་དབང་ཕྱུག། སེར་མོ་མེ་ཡི་དཀྱིལ་འཁོར ་ཅན།། ཧ་ར་ཏིང་དཀར་མོ་ཆེན་མོ་ནི།། ལག་ན་མེ་ཡི་དཀྱིལ་འཁོར་ཐོགས།། དུན་ཏིང་ནག་མོ་ཁྲོ་མོའི་གཟུགས།། ལག་ན་ས་ཡི་དཀྱིལ་འཁོར་འཛིན།། དངོས་པོའི་ཆ་བྱད་དམར་མོ་ལ།། ལག་ན་ཆུ་ཡི་དཀྱིལ ་འཁོར་ཐོགས།། གྲུབ་ཏིང་སེར་མོ་གསེར་གྱི་མདོག། ལག་ན་རླུང་གི་དཀྱིལ་འཁོར་འཛིན།། བདག་ཉིད་ཆེན་མོ་གཅིག་པུ་མ།། དབྱིངས་ཕྱུག་བརྒྱན་གྱི་རྒྱལ་མོ་ནི།། ཞིང་གི་རྒྱུ་ཞགས་གཡང་གཞི་བརྡེ་བ།། སྲད་བུའི ་ཞགས་པ་ཐོད་པ་འཛིན།། སྐམ་པ་མོ་དང་ཕོར་ཐོགས་མ།། གཡང་གཞི་མོ་དང་ཟ་བ་དང་།། གསོད་བྱེད་མ་དང་ཟ་བ་མོ།། དེ་བཞིན་དྲི་མ་སྣོམ་བྱེད་མ།། སྲིན་མོ་ཆེན་མོ་འདི་དག་ཀྱང་།། དཀར་སྔོ་དམར་དང་སེར ་བའི་གཟུགས།། ཐོད་པ་སྣ་ཚོགས་འཛིན་མའོ།། ཤར་གྱི་དཀར་མོ་མཆེ་གཙིགས་མ།། ལག་ན་བྷནྡྷ་དཀར་པོ་ཐོགས།། ལྷོ་ཡི་ནག་མོ་ཁ་འབྱམས་མ།། ལག་ན་བྷནྡྷ་སྔོན་པོ་ཐོགས།། ནུབ་ཀྱི་དམར་མོ་མཆུ་འཇིབ ་མ།། ལག་ན་བྷནྡ་དམར་པོ་ཐོགས།། བྱང་གི་སེར་མོ་རྐང་ལྡག་མ།། ལག་ན་བྷནྡྷ་སེར་མོ་ཐོགས།། གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་།། དཀར་མོ་རྡོ་རྗེ་རྩེ་གསུམ་ཐོགས།། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི ་སྲིང་།། སྔོན་མོ་མི་ཐོད་དབྱུག་པ་ཐོགས།། དམར་མོ་གཡག་ཐོད་ཀླུ་ཡི་སྲིང་།། དམར་མོ་སྦྲུལ་ནག་ཞགས་པ་ཐོགས།། ནག་མོ་སྡེར་ཐོགས་གནོད་སྦྱིན་སྲིང་།། སེར་མོ་ནེའུ་ལེའི་རྐྱལ་པ་ཐོགས།། མཁའ་འགྲོའི་ཚོགས ་བཅས་གསལ་བསྐྱེད་ལ།། གསང་སྔགས་སྣང་པོ་འདི་ཡང་བཟླ།། མ~ཾ་གུ་ཧྱ་ཛྙཱ་ན་གྲྀ་ཧེ་རུ་ཀ་གུ་ཧྱ་དྷ་ན་ཀྲྀ་ཏྟ་ཤཱ་ར་ཀྵ།། མ་མ་མ་ག་ན་རུ་ལུ་རུ་ལུརྦྷ་བྷཱུ་ཧཱུ~ཾ་ཕཊ། མི་དང་ཕཊ་ཀྱེ་ཐོག་མཐའ་བརྟན།། བར ་ན་ཉེར་བརྒྱད་གྲོང་གནས་པ།། མ་མོ་འཁོར་བཅས་སྲོག་སྙིང་ཡིན།། མ་མོ་རྣམས་ཀྱི་ཞལ་དུ་ཡང་།། བདུད་རྩི་བླུགས་ལ་ལས་ལ་དགྱེ།། རྦོད་གཏོང་ལས་རྣམས་འགྲུབ་པར་འགྱུར།། ཞེས་གསུངས་སོ།། བདེ་བར ་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ལས། མ་མོ་རྦོད་གཏོང་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་དཔལ་དྲེགས་པ་ཀུན་འདུལ་གྱིས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་དཔལ་ཆེན་ཐབས་ལ ་མཁས།། འཇིག་རྟེན་མཆོད་བསྟོད་སྒྲུབ་པའི་ཐབས།། མ་རུངས་གདུག་པ་འདུལ་བའི་ཕྱིར།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། དཔལ་ཆེན་ཡབ་ཀྱིས་བཀའ་སྩལ ་པ།། འཇིག་རྟེན་མཆོད་བསྟོད་བསྒྲུབ་འདོད་པས།། གདུབ་རྩུབ་ལྷ་འདྲེ་གནས་པའི་སར།། དཀྱིལ་འཁོར་བྱི་དོར་བྱས་ནས་ནི། ཁྲག་སྣ་ཚོགས་པས་ཆག་ཆག་གདབ།། སྣ་ཚོགས་ཁྲག་གིས་ཨེ་དབྱིབས་བྲི།། དམིགས ་པའི་རྟེན་དུ་མཁས་པས་གཞག། ཡུལ་གསུམ་གསལ་བར་གྱུར་པ་དང་།། དུར་ཁྲོད་འབར་བའི་གཞལ་ཡས་ཁང་།། འཁོར་ལོ་རྩིབས་བཞི་བར་ཁྱམས་དང་།། སྒོ་བཞིར་བཅས་པ་གསལ་བ་ལ།། གདུག་པའི་གཅན ་གཟན་འདབ་ཆགས་འཁོར།། ཤིན་ཏུ་འཇིགས་པ་བསྐྱེད་ནས་ནི།། དཔལ་ཆེན་དྲེགས་པ་ཀུན་འདུལ་ནི།། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ། ཁམ་ནག་སྨུག་ནག་མཐིང་ནག་ཞལ།། དང་པོ་རྡོ་རྗེ་དུང་ཁྲག་དང་།། ལྷ ་བརྒྱད་དེ་བཞིན་ཀླུ་བརྒྱད་ཀྱི།། མགོ་བོ་དེ་བཞིན་ཕྱག་གཉིས་པའི།། འོག་མ་དག་གིས་འཛིན་པའོ།། དྲེགས་པའི་སྙིང་ག་ཞབས་ཀྱིས་བརྫིས།། ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ།། རྡོ་རྗེ་དུང་ཁྲག་ཐོགས་པ ་ནི།། དྲེགས་པ་འདུལ་བའི་གཡེན་པོར་བསྒོམ།། མ་རུངས་འདུལ་བྱེད་དེ་ཡི་འཁོར།། དྲེགས་པའི་སྡེ་རྣམས་བསྐྱེད་པར་བྱ།། མཐིང་ནག་མ་ཧཱ་དེ་བ་ནི།། གྲི་གུག་དང་ནི་ཙིཏྟ་འཛིན།། རྩེ་གསུམ་ཐོད་པ་ཁྲག་བཅས ་པའི།། ཨུ་མ་དེ་བའི་ཡུམ་དང་བཅས།། གཤིན་རྗེ་ནག་པོ་སྲོག་གི་བདག། བེ་ཅོན་ཐོད་པའི་དབྱུག་པ་འཆང་།། གསོད་བྱེད་ནག་མོའི་ལག་པ་ན།། སྲིད་པའི་འཁོར་ལོ་བསྐོར་བ་དང་།། མཐིང་ནག་བདུད་རྣམས་ཀུན ་གྱི་བདག་ཁྲམ་ཤིང་དང་ནི་ཏི་རའོ།། བདུད་མོ་ནག་མོ་རེ་མ་ཏི། ཁྲམ་བམ་དང་ནི་ནད་རྐྱལ་ཐོགས།། ནག་པོ་གློག་ཕྲེང་སྲིན་གྱི་གཙོ།། ཐོག་དང་སྲིད་པ་འཁྲུགས་པའི་འོད།། འཛིན་དང་སྲིན་མོ་ཁྲག་མིག་མ།། དམར ་ནག་ཁྲག་ཕུར་ཐོད་པ་འཆང་།། གནོད་སྦྱིན་མེ་དཔལ་མཐིང་ནག་སྐུ།། རིན་པོ་ཆེ་དང་མཚོན་འཛིན་པ།། མ་མོ་ནག་མོ་དེ་ཡི་ཡུམ།། སྤུ་གྲི་སྦྲང་མོ་ཕྱག་གཉིས་ནའོ།། གཟའ་བདུད་ཆེན་པོ་རཱ་ཧུ་ལ།། དུད་ཁ་མདའ ་གཞུ་སྦྲུལ་ཞགས་བསྣམས།། གནམ་སྨན་ཐོག་གི་བུ་ཡུག་མ།། དམར་སྐྱ་ཐོགས་དང་སེར་བ་འབེབས།། ཀླུ་བདུད་ནག་པོ་མགོ་དགུ་པོ།། དུད་ཁ་སྦྲུལ་ཞགས་ནད་རྒྱལ་ཐོགས།། ཀླུ་མོ་ནག་མོ་ཞེས་བྱ ་བ།། མོ་གཟུགས་ཀླུ་བདུད་ཆ་ལུགས་ཅན།། སྲིད་པའི་ལྷ་རྣམས་ཀུན་གྱི་གཙོ།། དཀར་པོ་དར་མདུང་ཤེལ་གྱི་གྲི།། གནམ་གྱི་ལྷ་ཆེན་སྐྱེས་བུའི་བདག། དཀར་པོ་ལྷན་ལྡན་ཡང་དཀར་རལ་གྲི་འཛིན།། སྐུ་མདོག་དཀར ་པོ་སྤྱི་ཡི་བདུད།། དར་མདུང་རལ་གྲི་ཕྱག་ཆར་འཆང་།། མ་མོ་སྲིད་པའི་རྒྱལ་མོ་ནི།། མེ་ལོང་ཙཀྲ་འཛིན་པ་དཀར།། སྔགས་སྲུང་ཨེ་ཀ་ཛ་ཊི་མ།། མཐིང་ནག་གཡུ་སྤྱང་ཙིཏྟ་འཛིན།། དཔལ་ལྡན་ནག་མོ་མགྱོགས ་བྱེད་མ།། ཚོན་དྲུག་དང་ནི་ནད་རྐྱལ་ཐོགས།། དམར་ནག་རྡོ་རྗེ་བདུད་འདུལ་ནི། ཁྲག་དང་ཉུང་དཀར་ཐུན་འབེབས་པའོ།། སྲོག་ཟན་དམར་པོ་བཙན་གྱི་རྗེ།། བསེ་མདུང་མདའ་དང་གཞུ་ཡི་མཚོན།། སྲིད་པའི ་བཙོན་འགོང་དམར་པོ་ནི།། ཤང་ལང་ཟངས་ཀྱི་ཞགས་པ་བསྣམས།། མུ་སྟེགས་ཀ་ལ་ནག་པོ་ནི།། རྩེ་གསུམ་ཐོད་པ་ཁྲག་ཅན་འཛིན།། མཐིང་ནག་བགེགས་ཀྱི་རྒྱལ་པོ་ནི།། ཁ་ཊྭཱཾ་ཐོད་པ་ལག་ཏུ་འཆང་།། དམུ ་བདུད་ཡོངས་ཀྱི་རྗེ་བོ་ནི།། མཐིང་ནག་ཤང་ལང་མདའ་དང་གཞུ།། ཚངས་པ་ལྷ་རྣམས་ཀུན་གྱི་གཙོ།། སྤུ་གྲི་ཉི་མའི་ཟེར་ཐོགས་པའོ།། ཕོ་རྒྱུད་རྒྱལ་པོ་ཡོངས་ཀྱི་བདག། མདོག་དཀར་ཞགས་པ་སྤུ་གྲི ་འཛིན།། གསང་བ་སྐུ་ལྷའི་གཙོ་བོ་དཀར།། རྡོ་རྗེ་དང་ནི་རུ་མཚོན་འཆང་།། མགོན་པོ་མ་ཧཱ་ཀཱ་ལ་ནི།། མཐིང་ནག་བེང་དང་གྲི་གུག་ཐོགས།། དྲེགས་པའི་དེད་དཔོན་སུམ་ཅུ་པོ།། སྣ་ཚོགས་གོས་གོན་རེ ་རེའང་།། འབུམ་ཕྲག་གཉིས་གཉིས་འཁོར་དང་བཅས།། སྤྲུལ་པ་ཡང་སྦྲུལ་བསམ་མི་ཁྱབ།། གསལ་འཚེར་འབར་བའི་སྐུར་བསྒོམས་ཏེ།། སྙིང་པོ་འདི་ཡང་བཟླས་པར་བྱ།། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུཾ་ཕཊ།། ཐོག ་མཐའ་ཨོཾ་དང་ཕཊ་བཞག་ནས།། བར་ན་གྲོང་ཁྱེར་བརྒྱད་གནས་པ།། འཇིག་རྟེན་མཆོད་བསྟོད་བསྒྲུབ་པའི་སྔགས།། དྲེགས་པ་ཅན་གྱི་སྡེ་བརྒྱད་ཀྱི།། བསྟན་པ་བསྲུང་ཞིང་སྐུ་དགྲ་འདུལ།། འགྲས་པའི་དགྲ་རྣམས ་སྒྲོལ་བར་འགྱུར།། བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ལས། འཇིག་རྟེན་མཆོད་བསྟོད་སྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་སྟོབས་ལྡན་ནག་པོས་འདི་སྐད་ཅེས་གསོལ ་ཏོ།། ཨེ་མ་དཔལ་ཆེན་ཐབས་ལ་མཁས།། དམོད་པ་དྲག་སྔགས་སྒྲུབ་པའི་ཐབས།། གདུག་པ་མ་ལུས་བསྒྲལ་བའི་ཕྱིར།། དཔའ་བོ་ཆེན་པོས་བཤད་དུ་གསོལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། དཔལ་ཆེན་ཧེ ་རུས་བཀའ་སྩལ་པ།། དམོད་པ་དྲག་སྔགས་བསྒྲུབ་འདོད་པས།། སྲོག་ཆགས་བསད་པའི་རི་ཤུར་འདྲའི་རི་ཡང་འདྲའི་ས།། དམར་པོ་ཁྲག་གི་མདོག་འདྲའི་ངོས།། དཀྱིལ་འཁོར་གྲུ་གསུམ་འབར་བ་ལ།། སྲིན་པོ་ཁྲོས་པའི ་གཟུགས་བྲིས་ལ།། དམིགས་པའི་རྟེན་དུ་མཁས་པས་གཞག། ཡུལ་གསུམ་གསལ་བར་གྱུར་པ་དང་།། ཤིན་ཏུ་འཇིགས་པའི་དཀྱིལ་འཁོར་ནི།། ཙཀྲ་རྩིབས་དང་སྒོ་བཞིར་བཅས།། རབ་ཏུ་གསལ ་བའི་དབུས་ཉིད་དུ།། བདུད་བགེགས་ཉི་ཟླ་པདྨའི་ཁར།། ལྷ་མཆོག་སྟོབས་ལྡན་ནག་པོ་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། སྐུ་མདོག་མཐིང་ནག་འཇིགས་པའི་ཞལ།། ཕྱག་ན་རྡོ་རྗེ་དུང་ཁྲག ་དང་།། ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་བསྣམས།། ཞབས་གཉིས་དྲེགས་པ་ཕོ་མོ་གཟིར།། འབྱུང་བ་ལྔ་ཡི་བདག་མོ་ནི།། མཁའ་འདེགས་ས་གཞི་གནོན་པའི་ཕྱག། ཞལ་ནས་འབྱུང་བ་ལྔ་འཆར་མ།། ཡུམ་དང་གཉིས་མེད ་སྦྱོར་བྱེད་པའི།། དྲག་སྔགས་གཙོ་བོ་བསྐྱེད་པར་བྱ།། དྲག་སྔགས་སྡེ་དཔོན་བཅོ་བརྒྱད་པོ།། རང་གི་སྔགས་ལས་བསྐྱེད་བྱ་སྟེ།། འཆི་བདག་གཤིན་རྗེ་ནག་པོ་ནི།། ཐོད་པ་གྲི་གུག་འཛིན་མཛད་ཅིང་།། ཐོད་པ་གྲི ་ག་འཛིན་ཡུམ་ལྡན།། བདུད་ནག་མེ་འབར་ཞེས་བྱ་བ། ཁྲམ་ཤིང་བདུད་ཞགས་ཐོགས་པ་དང་། ཁྲམ་ཤིང་ཐོད་རློན་འཛིན་པ་ཡི།། ཡུམ་དང་སྲིན་པོ་གསོད་བྱེད་ནི།། རལ་གྲི་ཐོད་འཆང་དེ་ཡི་ཡུམ།། གྲི་གུག་མེ ་མགོ་ཐོགས་པའོ།། གནོད་སྤྲིན་གང་བ་བཟང་པོ་ནི།། མདོག་སྔོན་རལ་གྲི་དར་ནག་འཕྱར།། དར་ནག་ཞིང་ལྤགས་འཛིན་པའི་ཡུམ།། མ་ཧཱ་དེ་ཝ་སྐུ་མདོག་དཀར།། བ་དན་ཤེལ་གྲི་འཛིན་པ་དང་།། ཐར་པ་ནག་པོ ་ཞེས་བྱ་བ།། མཆོད་གཏོར་ཐུན་གྱི་གཏོར་མ་འཆང་།། མཐིང་ནག་བཙན་པོ་ཞེས་བྱ་བ།། དར་ནག་དང་ནི་ཞིང་ལྤགས་ཐོགས།། མུ་སྟེགས་ནག་པོ་ཞེས་བྱ་བ། ཁ་ཊྭཱཾ་ག་དང་ཏྲི་ཤཱུལ་འཛིན།། དུ་བ་མཇུག་རིང་གཟའ་ཡི ་གཙོ།། ནག་པོ་ཁྲམ་ཤིང་དགྲ་སྟ་འཆང་།། རྒྱལ་པོ་ཧར་མཛེས་ཞེས་བྱ་བ།། མདོག་དཀར་ཤེལ་གྲི་དར་དཀར་འཛིན།། མདོག་སེར་འགོང་པོ་ཡོངས་ཀྱི་གཙོ།། སྤྲུལ་པའི་ལག་པ་འགྱེད་པ་དག། མདོག་དཀར་རྡོ་རྗེ ་མཛེས་པ་ནི།། དཀར་དང་དམར་བའི་རུ་མཚོན་ཐོགས།། འཇིག་རྟེན་བཙན་གྱི་རྒྱལ་པོ་ནི།། བཙན་གྱི་མདུང་དང་གྲི་འཛིན་པའོ།། ཀླུ་རྒྱལ་སོག་མ་མེད་ཅེས་པ།། དམར་པོ་བུམ་པ་རུས་སྦལ་ལྡན།། དྲེགས་པ་དམོད ་པའི་མཚོན་ཆ་ཅན།། སྲིན་པོའི་གཟུགས་ཅན་མཚོན་ཆ་ཐོགས། ཁ་ནས་དམོད་པའི་དྲགས་སྔགས་ཟློས།། གང་ལ་དམིགས་པའི་སྲོག་ལུས་གཅོད།། དེ་ལྟ་བུ་ནི་གསལ་བ་དང་།། སྙིང་པོ་འདི་ཡང་བཟླས་པར ་བྱའོ།། ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུཾ་ཕཊ།། ཐོག་མཐར་ཨོཾ་དང་ཕཊ་བཞག་ནས།། བར་ན་གྲོང་ཁྱེར་དྲུག་གནས་པ།། དམོད་པ་དྲག་སྔགས་སྙིང་པོ་ཡིན།། དེ་ནས་དྲག་སྔགས་གང་འདོད་བསྒྲུབ།། གདོན་མི་ཟ་བར་གྲུབ་འགྱུར ་ཏེ།། རྡོ་རྗེའི་བྲག་ཀྱང་ཚལ་བར་འགས།། ཞེས་གསུངས་སོ།། བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད་ལས། དམོད་པ་དྲག་སྔགས་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་དཔལ་ཆེན ་པོ་ཏིང་ངེ་འཛིན་ལས་བཞེངས་པ་དང་། དེར་སྤྲུལ་ཞིང་འདུས་པའི་འཁོར། ཁྲོ་བོ་དང་། ཁྲོ་མོ་རྣམས་དང་། གྲུབ་པའི་རིག་འཛིན་གྱི་ཚོགས་ལྷུན་གྱིས་གྲུབ་པ་དང་། ཕྱག་རྒྱ་ཆེན་པོ་དང་།། ཚེ་ལ་དབང ་བ་དང་། ས་ལ་གནས་པ་སྟེ། སོ་སོའི་བསྒྲུབས་པས་གྲུབ་པའི་སྐུ་ལ་རུས་པའི་རྒྱན་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། དབུ་རྒྱན་དང་། སྟོད་གཡོགས་དང་། སྨད་གཡོགས་དང་། ་དབང་གི་ཐོར་ཚུགས་དང་བཅས་པ། ཕྱག་ན་རྡོ་རྗེ་དྲིལ་བུ་བཟུང་བ་ཤ་སྟག་སྟེ། རྒྱལ་བ་རྒྱ་མཚོའི་རིག་འཛིན་དང་བཅས་པ་དེ་དག། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཤིང་མངོན་པར་དག ་འོ།། ཁྲོ་བོ་སྒོས་སྒྲུབ་ཀྱི་སྐབས་ཏེ་གསུམ་པའོ།། །། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། ལེའུ་བཅོ་བརྒྱད་ཞི་ཁྲོ་འདུས་པའི་རྒྱུད་རྫོགས ་སོ།། །། རྒྱ་གར་གྱི་མཁན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙཱ་བ་བདག་བཻ་རོ་ཙ་ནས་བསྐུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། ཤོག་སེར་གྱི་བུ་ལ་ལྷ་བྲག་ཏུ་བཤུས་སོ་ཟེར་བ ་འདུག།། ་