| Wylie | e-texts produced with BDRC’s OCR application |
དུང་གི་སྒོ་མོ་ཀླུ་བཙན་གནས་པའི་ས་ནས་གདན་དྲངས་པའོ།། །། @#།། ཨུ་རྒྱན་གསང་བ་བརྡའི་སྐད་དུ། ཨན་རྠ་རྩ་མ་ག་རྫས། བོད་སྐད་དུ། བླ་མའི་གསང་རྒྱུད་བཀའི་བང་མཛོད་ཅེས་བྱ ་པབཔ། བྱིན་རླབས་ཐམས་ཅད་འདུས་པའི་བཅོམ་ལྡན་འདས་བླ་མ་སྐུ་གསུམ་གྱི་བདག་ཉིད་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། ཀུན་འདུས་རིག་པ་ཆོས་ཀྱི་སྐུ།། ཡོངས་ཁྱབ་གསལ་བ་ལོངས་སྤྱོད ་རྫོགས།། སྦྲུལ་བསྒྱུར་སྟོན་མཛད་སྤྲུལ་པའི་སྐུ།། ཡང་དག་ངེས་དོན་རྫོགས་པའི་དཔལ།། རང་སྣང་རྣམ་དག་ཡེ་གྲོལ་བ།། བསྐུར་གཞི་བྲལ་བའི་སེམས་ཉིད་དེ།། སངས་རྒྱས་མ་ཡིན་སེམས་ཅན་མིན།། བཅིང་གྲོལ ་ཀུན་ལ་འདས་པ་སྟེ།། གཏན་ལ་ཕབ་ནས་ཡང་དག་རྟོགས།། གུད་དུ་མ་ཡིན་རང་རྩལ་རྫོགས།། བདག་ལུས་རྩ་ཡི་རི་བོ་ལ།། བསྐྱོད་པ་རླུང་གིས་རབ་གཡོས་ཤིང་།། ཁོད་སྙོམས་ཡེ་ཤེས་ཐིག་ལེ་འཕྲོ།། རང་བབ ་གཤིས་ལས་མ་གཡོས་དང་།། ཉམ་པ་མེད་པའི་ཏིང་འཛིན་གྱིས།། དམ་ཚིག་ཡེ་ཤེས་གཉིས་མཉམ་བསྲེ།། སྨིན་པར་བྱེད་དང་གྲོལ་བྱེད་དང་།། བདེ་སྟོང་ཡང་དག་སྐད་ཅིག་རྫོགས།། འཁྲུལ་པ་གཞི ་ལ་ཡོངས་རྫོགས་པས།། ཡེ་ཤེས་བླ་མའི་ས་ཆེན་ཉིད།། རྩོལ་མེད་སྐད་ཅིག་ཉིད་ལ་གནོན།། དེ་སྐད་ང་ཡི་རང་རིག་ལ།། སྤྲུལ་པའི་འཁོར་ལ་ཡང་དང་ཡང་།། སྒྲིབ་པ་མེད་པའི་ཚིག་གིས་བཤད།། རྒྱས་པའི་དོན་དང ་བསྡུས་པའི་དོན།། རྣམ་པར་རབ་ཏུ་འཕྲོས་རྣམས་ལ།། འདི་ཀུན་རང་བྱུང་གཞི་ཚིག་གོ། བླ་མའི་གསང་རྒྱུད་བཀའི་བང་མཛོད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། འདིར་བདག་སྤྲུལ་པའི་འཁོར་རྣམས ་ལ།། བྱིན་རླབས་ཡོངས་སུ་འདུས་པ་ཡི།། དབང་དོན་ཡང་དག་བཤད་ཀྱིས་ཉོན།། དབང་གིས་སྨིན་པར་མ་བྱས་ན།། གྲོལ་བར་བྱེད་པའི་ཟབ་ལམ་ཆད།། ཆོ་གའི་རྒྱལ་པོས་དབང་བསྐུར་ཏེ།། འདི་ལྟར་སྨིན་གྲོལ་ས ་ལ་གནས།། དེ་ཕྱིར་དབང་འདི་སུས་བསྐུར་བ།། མཚན་ཉིད་ཀུན་ལྡན་བླ་མས་བསྐུར།། རང་རིག་རྟོགས་པའི་གདིང་ལ་གནས།། ཞེན་པའི་རོ་ལ་མངོན་མ་ཆགས།། གཞན་དོན་ཐུགས་རྗེའི་རྩལ་དང་ལྡན།། བསྐྱེད ་རྫོགས་བརྟན་པ་ཐོབ་པས་བསྐུར།། དེ་བཞིན་གང་ལ་བསྐུར་བའི་ཡུལ།། གསང་སྔགས་བརྡ་ཡི་སྣོད་རུང་བ།། བློ་ཡངས་དད་བརྩོན་དམ་ཚིག་གནས།། བླ་མས་ཇི་ལྟར་བཀའ་སྩལ་པ།། ལུས་ངག་ཡིད་རྩོལ་ལྡན་པས ་བསྒྲུབ།། འཇིག་རྟེན་ཆོས་ལ་ཡིད་མི་འཇུག། གཏོང་ཕོད་ཆེ་ཞིང་མཆེད་ལ་བརྩི།། ཡིད་གཉིས་ཐེ་ཚོམ་བྲལ་ལ་བསྐུར།། ཉ་སྟོང་ཚེས་བརྒྱད་གཟའ་སྐར་བཟང་།། ཕྱི་ནང་མཐུ་རྐྱེན་འཛོམ་པའི་དུས།། བླ་མ་དང་ནི ་སློབ་མ་གཉིས།། གཅིག་ཡུལ་གཅིག་ལ་འདྲེས་དུས་དེར།། སྨིན་བྱེད་དབང་གི་དུས་མཆོག་གོ། ས་གཙང་རབ་དབེན་མཁའ་འགྲོ་འདུ།། ཡིད་འོང་བྱིན་ཆགས་འཚེ་དོགས་བྲལ།། ལྷ་འདྲེ་མི་གསུམ་ཡོངས་ཀྱིས ་བསྔགས།། མཐུན་རྐྱེན་འཛོམ་པའི་གནས་མཆོག་ཏུ།། རྩལ་དང་ལྡན་པའི་བླ་མ་ཡིས།། དཀྱིལ་འཁོར་གསུམ་ལ་གནས་པའི་ངང་།། ལེགས་པར་ས་ཡི་ཆོ་ག་བརྩམ།། འབྱུང་པོ་འདུལ་ཞིང་བྱིན་ཆེན་དབབ།། དེ་ནས ་དཀྱིལ་འཁོར་ལས་ལ་བརྩོན།། གཏོར་མཆོད་ལ་སོགས་ཕྱི་ནང་དང་།། གསང་བའི་རྫས་དང་དབང་བསྐུར་རྫས།། གོ་རིམ་མ་ལོག་ལེགས་པར་བཤམ།། ཐོག་མར་དགེ་བ་སྔོན་འགྲོའི་ལས།། རྣལ་འབྱོར་ལུས་དང ་ངག་ཡིད་གསུམ།། རང་ངོས་བཟུང་བས་གཏན་ལ་ཕབ།། གསང་སྔགས་སྤྱོད་པ་ངེས་འབྱུང་སྤྱད།། དེ་ནས་བདག་བསྐྱེད་མདུན་བསྐྱེད་ལ།། དམ་ཚིག་ཡེ་ཤེས་བསྲེ་བསྣན་ཞིང་།། བཟླས་པའི་རྐང་གྲངས་རྫོགས་པར ་འབད།། མཆོད་པ་སྨན་རག་གཏོར་སོགས་འབུལ།། བར་དུ་དགེ་བའི་དངོས་གཞི་ནི།། བདག་ཉིད་འཇུག་པའི་དབང་བླང་ཞིང་།། སློབ་མ་སྟ་གོན་ལ་གནས་པས།། དཀྱིལ་འཁོར་འཇུག་པའི་ཆོ་ག་འབད།། དེ་ནས ་བུམ་པར་བཅུད་དབབ་པ།། སྤྲོ་བསྡུའི་དམིགས་པ་མ་ཡེངས་བྱ།། ལུས་ངག་ཡིད་བདེ་བསམ་གཏན་པས།། རྟགས་དང་མཚན་མ་གཏན་ལ་ཕབ།། དང་པོ་བུམ་པ་སྦྱིན་བྱས་ཏེ།། རིག་པའི་དབང་ལྔས ་སྒྲིབ་པ་སྦྱང་།། ལུས་ཉིད་ལྷ་རུ་སྨིན་བྱས་ནས།། རྣམ་གྲོལ་འབྲས་བུ་ཡེ་ཤེས་དབབ།། དེ་ནས་གསང་བའི་དཀྱིལ་འཁོར་བསྟན།། གསང་མཚན་རྡོ་རྗེའི་མིང་ནས་འཇུག། མཚན་ཉིད་ལྡན་པའི་ཕོ་མོ་ནི།། བདུན་ལས ་མི་མང་དོན་མཐུན་གཏད།། གསང་དབང་མཆོག་ནི་བསྐུར་བ་སྟེ།། ཡབ་ཡུམ་རྡོ་རྗེ་པདྨ་ལས།། ལེགས་འབྱུང་དངོས་གྲུབ་མཆོག་དོན་ནི།། ལྕེ་ཡི་དབང་པོས་བླང་བར་བྱ།། རྡོ་རྗེ་འབར་བའི་དམ་ཚིག་ནི།། བཀའ་ལ ་མི་འདའ་ཐུབ་པར་བསྲུང་།། ངག་གི་དབང་པོ་སྨིན་བྱས་ནས།། ལོངས་སྤྱོད་ཡེ་ཤེས་མཆོག་ལ་རེག། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི།། བདེ་སྟོང་སྨིན་བྱེད་དབང་བསྐུར་བས།། ཐབས་དང་ཤེས་རབ་སྦྱོར་བ ་ཡི།། བཅུད་ཀྱི་སྙིང་པོ་དོན་གྱི་མཆོག། སྐལ་པར་ལྡན་པའི་སྐྱེས་བུ་གང་།། དགའ་བ་བཞི་ཡི་ཡེ་ཤེས་ཀྱིས།། བདེ་སྟོང་ཟག་མེད་ཏིང་འཛིན་འཕེལ།། ལམ་སྣང་འབྲས་བུ་སྐད་ཅིག་རྫོགས།། ཉོན་མོངས་རྣམ་གྲོལ ་སྣང་བ་ཡིས།། མངོན་སུམ་རང་རྩལ་དཀྱིལ་འཁོར་རྫོགས།། སྐུ་དང་གསུང་དང་ཐུགས་དང་ཡང་།། ཡོན་ཏན་ཕྲིན་ལས་རྩལ་ཆེན་གྱིས།། རྩ་བ་ཡན་ལག་བཅས་པ་ཡི།། དམ་ཚིག་ཉིད་ལ་གནས་པར་བྱ།། འདི་དོན ་མཆོག་གི་ས་ལ་རེག། བཞི་པ་སྣང་སྲིད་གཞི་བཞེངས་ཀྱི།། དོན་དབང་ཚིག་གིས་བརྡ་སྤྲོད་པས།། ལུས་ངག་ཡིད་གསུམ་གཏན་ལ་དབབ།། འཁོར་འདས་ཆོས་རྣམས་མ་ལུས་པ།། རང་སྣང་དཀྱིལ་འཁོར་རང་ལ ་རྫོགས།། སྤྲོས་བྲལ་ཆེན་པོ་དེ་བཞིན་གཤེགས།། རྒྱལ་ཚབ་དམ་པར་དབང་བསྐུར་བས།། གཞི་རྫོགས་སེམས་ཀྱི་དཀྱིལ་འཁོར་ལ།། བྱས་དང་བྱུང་བ་མེད་པ་དང་།། སྣང་དང་མི་སྣང་མེད་པ་དང་།། ཐམས་ཅད ་གད་ལ་ཁྱབ་ལྷུན་འབྱམ་མོ།། དེ་ལྟར་སྐུ་གསུམ་ཡེ་ཤེས་ལྔ།། གཞི་བྲལ་ལྷན་ཅིག་སྣང་བ་སྟེ།། སྐལ་བར་ལྡན་པའི་ལུས་ངག་ཡིད།། རབ་ཏུ་སྨིན་ཅིང་ཡེ་ཤེས་ཕེབ།། བླ་མ་ལྟར་བཅས་དགྱེས་པ་ཡི།། མཆོད་གསོལ་མེ ་ཏོག་མཎྜལ་འབུལ།། རིན་ཆེན་དབང་གི་མཐའ་རྟེན་དུ།། འཁོར་ལོ་རྡོ་རྗེ་རིན་ཆེན་དང་།། པདྨ་རྒྱ་གྲམ་ལ་སོགས་སྦྱིན།། རང་གཞན་སྨིན་པའི་ལས་ལ་བརྩོན།། རྡོ་རྗེ་རྒྱལ་པོར་མངའ་དབང་བསྐུར།། གྲངས་འདས ་བཀའ་ཡི་ཆོས་ཀྱི་སྒོ།། དེ་ལྟར་སྨིན་པར་བྱས་ནས་ཕྱེ།། འདི་ཀུན་གསང་བའི་དེ་དོན་ཏེ།། དམ་ཚིག་ཆེན་པོའི་དོན་ལ་སྤྱོད།། རང་སྲོག་མིག་གི་འབྲས་བུ་ལྟར།། རབ་ཏུ་གཅེས་པས་དམ་པར་བསྲུང་།། འདི་ལྟར་རྒྱལ ་བའི་གདུང་རྒྱུད་འཛིན།། སྐད་ཅིག་རིག་འཛིན་ས་ལ་རེག། ཐ་མར་དགེ་བ་རྗེས་མཆོག་ནི།། རྫོགས་པའི་ཡེ་ཤེས་རང་སྣང་བ།། ཡེ་ཤེས་ལྷ་གཤེགས་དམ་ཚིག་བསྡུ།། སྤྲོས་བྲལ་ཆེན་པོའི་ངང་ཉིད་ནས།། རྡོ་རྗེའི་གླུ ་བླངས་བདེ་ཉམས་སྐྱོང་།། དགའ་སྟོན་གཏང་རག་རིམ་གྲོ་འབད།། རྡོ་རྗེ་སློབ་དཔོན་དགྱེས་མཆོད་བསྐང་།། དལ་བསྡུ་དགེ་བའི་ཤིས་པ་བརྗོད།། ཡང་དག་སྙིང་པོ་དབྱིངས་སུ་བསྔོ།། བླ་མའི་གསང ་རྒྱུད་བཀའི་བང་མཛོད་ལས། སྨིན་བྱེད་དབང་བསྐུར་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། བླ་མེད་ཡང་དག་སྟོན་པ་ཡིས།། ཉིད་ཀྱིས་སྤྲུལ་པའི་འཁོར་རྣམས་ལ།། ལུས་ངག་ཡིད་གསུམ་གྲོལ་བྱེད ་པའི།། བསྐྱེད་རིམ་ལྷ་ཡི་གནད་གསུངས་པ།། ཉོན་ཅིག་སྣང་ཅན་རིག་པའི་འཁོར།། སྣང་བ་འཁྲིད་པའི་སྣ་ཟག་ཏུ།། འཁོར་བ་རུ་ལོག་བྱེད་པའི་ཐབས།། ཡེ་ཤེས་ལྷ་ལ་རིག་པ་གཏད།། ལྷུན་གྲུབ་རང་གསལ་འོད ་ཀྱི་སྒྲ།། སྣང་སྟོང་སྒྱུ་མའི་རང་གཟུགས་ཅན།། ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྒྲ།། ཆོས་སྐུ་རོལ་པའི་རྩལ་ལས་སྣང་།། ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས།། དེ་བཞིན་མཚམས་ལ་སོགས་པ་དང་།། འདས་དང་མ ་འོངས་ད་ལྟར་དང་།། དུས་གསུམ་དུས་མེད་དུས་ཀྱི་དབྱིངས།། ཕྱི་རོལ་འབྱུང་བ་འདུས་པའི་མཁར།། རྣམ་པར་སྣང་བའི་གཟུགས་བརྙན་རྣམས།། རང་སྣང་རྣམ་དག་གཞལ་ཡས་ཁང་།། སེམས་ཅན་སྐྱེ་འགྲོར་གྱུར ་པ་ཡང་།། འབྱུང་བའི་དངས་མ་འདུས་པ་ཡིས།། ཕུང་པོ་ལ་ནི་གཟུགས་ཅན་དང་།། ལས་ཀྱི་དབང་བཙན་དཀར་ནག་ཆོས།། གཟུགས་མེད་ཡིད་ཀྱི་ལུས་ལ་སོགས།། བག་ཆགས་རང་སྣང་བཅས་པ་སྟེ།། དག་པ ་རྩལ་གྱི་ཡེ་ཤེས་ལྷ།། མ་དག་སྣ་ཚོགས་ལས་སྤྱོད་པའི།། འགྲོ་བ་དྲུག་སོགས་ཡུལ་ཅན་བཟུང་།། འཛིན་པའི་རྟོད་ཕུར་མ་ཞིག་པར།། བག་ཆགས་སྣ་ཚོགས་འཁྲུལ་པའི་ལུས།། ཡིད་ཀྱི་དབང་པོའི་སྤྱོད་ཡུལ ་ལ།། ནང་དུ་འབྱུང་བའི་རང་རྩལ་ལས།། བདག་ལུས་སྒྱུ་མའི་གྲོང་མཁར་དུ།། རྣམ་པར་སྣང་བའི་གདོས་པ་ཅན།། རྣམ་པ་དུ་མའི་གཟུགས་སུ་ཆགས།། རྩ་དང་རླུང་དང་ཁམས་དང་ཡང་།། རྣམ་པར་རྒྱུ་དང་མི་རྒྱུ ་བ།། འདས་དང་མ་འོངས་ད་ལྟར་གྱི།། ལས་འབྲས་བྱས་བྱུང་བྱེད་པའི་མཐུས།། དཀར་དང་ནག་དང་འཆོལ་པར་ཡང་།། ལས་ཀྱི་འཕྲོ་འདུ་བྱེད་པ་སྟེ།། རང་སྣང་རྣམ་པར་དག་ཤེས་ན།། ཡེ་ཤེས་ལྷ་ཡི་གཞལ་ཡས ་སུ།། ངོ་བོ་སྟོང་པ་ཆོས་ཀྱི་སྐུ།། རང་བཞིན་རང་གསལ་ལོངས་སྤྱོད་རྫོགས།། ཐུགས་རྗེའི་རྩལ་སྣང་འཕྲོ་འདུ་བ།། རང་བྱུང་སྤྲུལ་པའི་སྐུར་གྲོལ་བས།། འཁྲུལ་སྣང་རང་དག་ལྷ་ཡི་སྐུ།། དཀར་སེར་དམར་ལྡང་ལ ་སོགས་པ།། སྐུ་མདོག་སྣ་ཚོགས་འོད་དང་བཅས།། ཟེར་གྱིས་འགྲོ་བ་འདུལ་བའོ།། ཡོངས་ཁྱབ་ཆེན་པོའི་ལྷར་གྲུབ་སྟེ།། དེ་ལྟར་མ་རྟོགས་འཁྲུལ་པའི་བློ།། གཟུང་འཛིན་རང་སྣང་འཁྲུལ་ཕྱིར་བརྒྱུད།། དེ་དག། ་འཁྲུལ་འཁོར་བཤིག་བྱའི་ཕྱིར།། དང་པོ་དེ་བཞིན་ཉིད་ཀྱི་ངང་།། ཀུན་ཏུ་སྣང་བའི་ཏིང་འཛིན་ལས།། རྒྱུ་ཡི་ཡི་གེ་རྣམ་པར་སྤྲོས།། དེ་ལས་བདག་ཉིད་དམ་ཚིག་པ།། མོས་བསྐྱེད་སྐུ་མདོག་ཕྱག་མཚན་བཅས།། ཆེ ་དང་ཆུང་དང་རང་མཚམས་པར།། ཡིད་ཀྱིས་རྣམ་པར་སྤྲུལ་ཞིང་བསྐྱེད།། གདོད་ནས་དག་པ་ཡེ་ཤེས་སེམས།། བཀུག་བསྟིམ་རྣམ་པར་རོལ་པས་སྤྱད།། འཕྲོ་དང་འདུ་བའི་རང་བཞིན་གྱིས།། གཏད ་གཞག་མེད་པར་རྣམ་པར་གནས།། ཡང་དག་ལྷ་ཚོགས་དེ་བཞིན་གཤེགས།། རིམ་དང་སྐད་ཅིག་དྲན་རྫོགས་སུ།། ཐ་མ་རབ་ཀྱི་བློ་ཡིས་གསལ།། རང་སྔགས་མཚན་བཅས་སྙིང་པོ་དང་།། མཚན་མ་མེད་པའི་རང ་སྔགས་ཀྱིས།། གནད་ལ་དབབ་པའི་མཆུ་སྦྱོར་དང་།། འབྱིན་འཇུག་གནས་པའི་འགྲོ་འོང་གིས།། རང་སྣང་གཙོ་འཁོར་བཙོན་དུ་བཟུང་།། དབྱེར་མེད་གཅིག་ཏུ་གཏན་ལ་དབབ།། ནུས་པའི་རྩལ་ཆེན་སྦར་བར ་བྱ།། གནམ་ས་རི་རབ་གཡོ་བར་བྱ།། རྒྱ་མཚོ་ཧུབ་ཀྱིས་གདབ་པ་དང་།། ཉི་ཟླ་ཆ་ལང་ལྟ་བུར་བརྡབ།། འབྱུང་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་།། ཕྱི་ནང་གསང་བའི་རིམ་གྱིས་དཀྲུག། ཕྱི་ནང་སྣང་སྲིད་དབང་དུ ་བྱས།། འཇིག་རྟེན་འདས་དང་མ་འདས་པའི།། ལྷ་རྣམས་རང་དབང་བྲན་དུ་བྱ།། བདག་དབང་ཁོ་ཡིས་མ་ཡིན་ཞིང་།། ཁོ་ཉིད་བདག་གི་དབང་དུ་སྟེ།། ཆོ་འཕྲུལ་གར་གྱིས་གཏན་ལ་ཕབ།། དེ་ལྟར་བསྐྱེད་པའི་ཡེ ་ཤེས་ཀྱི།། རང་སྣང་གནད་ལ་ཕབ་ནས་ཀྱང་།། འཁྲིད་པའི་སྣ་ཟག་ལ་བརྟེན་ནས།། འཁྲུལ་པའི་གཡུལ་ངོ་རིམ་གྱིས་བཟློག། བག་ཆགས་རི་བོ་ཐབས་ཀྱིས་བསྒྱེལ།། ཕྲིན་ལས་དམིགས་སུ་ངང་གིས་བསྒྱུར།། སྣ ་ཚོགས་ལས་ལ་དབང་བྱེད་པ།། བདག་ཉིད་ལྷ་ཡི་ཤུགས་ལྡན་པས།། གང་ཡང་ཐོགས་པ་མེད་འགྲུབ་འགྱུར།། གང་ལ་གང་འདུལ་ཐབས་ལྡན་པས།། དེ་ལ་དེར་སྟོན་ལས་ལ་སྦྱར།། རང་གཞན་རྣམ་དག་ཞིང ་ལ་སྤྱོད།། ཨེ་མ་འདི་ནི་གསང་ཆེན་གྱི།། གསང་བའི་ཡང་གསང་རྨད་པོ་ཆེ།། གདུལ་བྱ་མོས་བློའི་ཡུལ་དུ་སྣང་།། བླ་མའི་གསང་རྒྱུད་བཀའི་བང་མཛོད་ལས། གྲོལ་ལམ་བསྐྱེད་རིམ་གྱི་ལེའུ་སྟེ་གསུམ ་པའོ།། །། ཡང་ནི་སྟོན་མཆོག་རྒྱལ་པོ་ཡིས།། རང་བྱུང་སྤྲུལ་པའི་འཁོར་རྣམས་ལ།། གྲོལ་བྱེད་རྫོགས་རིམ་འདི་གསུངས་པ།། ཉོན་ཅིག་རང་བྱུང་རང་རྩལ་འཁོར།། སྣང་ཞིང་སྲིད་དང་དེ་ལས་གཞན།། དངོས ་དང་དངོས་མིན་གཉིས་སྣང་ཆོས།། གཟུགས་དང་མིང་གི་མཐའ་ཅན་ཀུན།། ལ་འདས་ཆེན་པོའི་དབྱིངས་སུ་ཐིམ།། འདི་ཀུན་བལྟ་བའི་རྒྱལ་པོ་ཡིན།། གདོད་ནས་དག་པའི་གདིང་ཆེན་བཅའ།། བཅོས་བསླད་མེད ་པར་གཏན་ལ་དབབ།། བཅིང་གྲོལ་མེད་པའི་གནས་ལུགས་ལ།། བཅོས་བསླད་མེད་པར་རང་གཞག་ནས།། གཡོ་འགུལ་མེད་པར་གཏན་ལ་ཕབ།། བླང་དོར་མེད་པའི་ངང་ཉིད་ལ།། རང་བབ་ལྷུག་པར་བཞག་པ ་ཡིས།། ཡེངས་འཁྲུལ་རྐྱེན་དང་བྲལ་བའི་དོན།། ཁོར་ཡུག་པར་མཚམས་མེད་པར་འཆར།། སྣང་སྲིད་རོལ་པ་རང་གྲོལ་ཐོབ།། འདི་ཀུན་བསྒོམ་པའི་རྒྱལ་པོ་ཡིན།། རང་རྩལ་རིག་པའི་ཆོ་འཕྲུལ་ཀུན།། རང་ཤར ་རང་ལ་གྲོལ་བའི་གནད།། གཡོ་འགུལ་འཕོ་འགྱུར་མེད་པར་གཞག། རང་ལུགས་བབ་ལ་རྩལ་ཆེན་འབར།། བཟང་དང་ངན་དང་དཀར་ནག་ཆོས།། གང་ཡང་བླང་དང་དོར་མེད་པར།། རང་སྣང་རང ་གྲོལ་ཆེན་པོར་བཞག། མཉམ་པ་ཉིད་ལས་མཉམ་སྣང་བ།། བྱེད་པ་མེད་ལས་ཐམས་ཅད་བྱས།། གང་ཡང་དགག་དང་བསྒྲུབ་མེད་པར།། བབ་ལ་སྤྱོད་པའི་རྣམ་འགྱུར་ཅན།། འདི་ཀུན་སྤྱོད་པའི་རྒྱལ་པོ་ཡིན།། ཀུན ་གསལ་ཀུན་ཏུ་སྣང་བའི་ཆོས།། བཅོས་བསླད་མེད་པར་རང་གཤིས་སུ།། འགྱུར་བ་མེད་པར་ངང་དུ་ཕྱམ།། ལུས་ངག་ཡིད་ལ་རྣམ་རོལ་པ།། སྐུ་གསུམ་བསླབ་པ་ཉིད་ལ་གནས།། ཕྲ་མོའི་ལས་ཀུན་རྣམ་པར ་སྣང་།། རང་བྱུང་གཞི་ལས་གཡོས་མེད་པར།། ལམ་གྱི་རྩལ་ཆེན་རབ་རྫོགས་པར།། ཕྱི་ནང་འཁྲུལ་པའི་བློ་ཟད་དེ།། རང་བྱུང་བཅུད་དུ་རབ་སྨིན་པས།། འབྲས་བུ་རྩོལ་མེད་གཞི་ལ་ཕེབས།། འདི་ཀུན་འབྲས་བུའི ་རྒྱལ་པོ་ཡིན།། རེ་དོགས་མེད་པའི་རྩལ་ཆེན་གྱིས།། མཐའ་བྲལ་དབྱིངས་ལ་ཀུན་སྤྱོད་སྐྱོང་།། བྱ་བ་བྱས་ཤིང་བྱེད་པ་བྱས།། བྱ་རྩོལ་སྣང་བའི་ཆོས་ལ་འདས།། སྣང་སྲིད་འཁོར་འདས་མ་ལུས་པ།། སྐད་ཅིག་རང ་བྱུང་དབྱིངས་སུ་རྫོགས།། དེ་ལས་སྣང་སྟོང་ཡེ་ཤེས་ཀྱི།། རྩལ་ཆེན་འབར་བ་སྣ་ཚོགས་ཀྱི།། ཉིད་ལས་རང་བྱུང་སྣང་བ་སྟེ།། འཁོར་དང་འདས་པའི་སྤྱི་མེས་ཡིན།། དེ་ལས་རྣམ་པར་རོལ་པ་ཡིས།། གཞི་སྣང་ཡེ་ཤེས ་གཡོས་མ་གཡོས།། བྱད་དང་མེ་ལོང་རྟེན་འབྲེལ་ཡིན།། རྒྱུ་དང་རྐྱེན་ལས་མ་གཡོས་པའོ།། གཡོ་བ་མེད་ལས་གཡོས་པ་དང་།། མེད་ལས་ང་ཡིར་འཛིན་སྣང་བ།། ལུགས་འབྱུང་དང་ནི་ལུགས་བཟློག་སྟེ།། མདུང ་ཁྱིམ་པར་སྣང་འཇའ་རིས་བཞིན།། ཆོ་འཕྲུལ་རྣམ་པར་དེ་འཕྲུལ་པས།། ལ་ལ་འཁོར་ལོའི་རྩིབས་ལ་བསྐྱོན།། མ་རིག་ལ་སོགས་འཐིབས་པོས་ནོན།། ལ་ལ་ཡེ་ཤེས་རང་རྩལ་རྫོགས།། མཁྱེན་དང་བརྩེ་བའི་བདག ་ཉིད་ཅན།། ལ་ལ་གཞི་ལས་གཡོས་མེད་པར།། བཟང་དང་ངན་སོགས་རྩལ་མ་འཕྲོས།། བག་ལ་ཉལ་དུ་གནས་པའོ།། དེ་དང་དེ་ཡི་གནས་དཔྱད་དེ།། སྐྱེ་འབྲི་ལ་སོགས་ཡང་དག་ཤེས།། དགོངས་དང་ཡང་དག ་དགོངས་པ་དང་།། གཉེན་དང་ལྡེམ་དང་དྲང་པོ་དང་།། དགོངས་པའི་ཆོ་འཕྲུལ་ཡང་དག་ལས།། འདུ་དང་འཕྲོ་བའི་ཆོས་རྣམས་ཀྱི།། གཏང་གཞག་མེད་ལ་དེ་བཞིན་སྤྱོད།། བླ་མའི་གསང་རྒྱུད་བཀའི་བང་མཛོད ་ལས། གྲོལ་ལམ་རྫོགས་རིམ་གྱི་ལེའུ་སྟེ་བཞི་པའོ།། །། ཡང་གསང་ཟུང་འཇུག་སྟོན་པ་ཡིས།། ཟུང་དུ་འཇུག་པའི་ཆོས་རྣམས་ཀུན།། ཟུང་དུ་འཇུག་པའི་འཁོར་རྣམས་ལ།། ཟུང་དུ་འཇུག་ཕྱིར་ཡང་དག ་བསྟན།། འཁོར་དང་འདས་པའི་ཆོས་རྣམས་ཀུན།། སྤྱི་དང་བྱེ་བྲག་ཁྱད་པར་ཡང་།། ཟུང་དུ་འཇུག་པ་ཆེན་པོ་སྟེ།། སྣང་བ་མ་འགགས་བསྐྱེད་པ་དང་།། སྟོང་པ་མཐའ་བྲལ་རྫོགས་པ་ཡང་།། གཉིས་མེད་ཆེན་པོར ་ཟུང་དུ་འཇུག། མ་བྱས་རང་བྱུང་ཆོས་རྣམས་དང་།། རྩོལ་བྱས་བྱུང་བའི་ཆོས་རྣམས་ཀྱང་།། འགག་མེད་ཟུང་དུ་འཇུག་པའོ།། རྒྱུ་ལས་བྱུང་བའི་ཆོས་རྣམས་དང་།། རྐྱེན་གྱིས་བསྒྱུར་བའི་ཆོས་རྣམས ་ཀྱང་།། གཉིས་མེད་ཟུང་དུ་འཇུག་པ་སྟེ།། མདོར་ན་གཉིས་དང་གཉིས་ཆོས་ཀུན།། གཉིས་མེད་སྤྲོས་བྲལ་ཟུང་འཇུག་ཆོས།། དེ་ཕྱིར་བདེ་དང་སྟོང་པའི་ཆོས།། ཟག་མེད་ཀློང་དུ་ཟུང་ཆུད་པས།། ཐབས་ཀྱི་དཔའ་བོ ་སྟོབས་ལྡན་དང་།། ཤེས་རབ་དཔའ་མོ་སྟོབས་བྲལ་བ།། ལྷན་ཅིག་གནས་པའི་ཆོ་འཕྲུལ་གྱིས།། སྣང་སྟོང་ཡེ་ཤེས་ཉིད་སྣང་བ།། འཁྲུལ་འཁོར་བ་ཡི་རྣམ་འཕྲུལ་གྱིས།། འཁོར་འདས་ཡོངས་གྲུབ་ཡེ་རྫོགས ་དཔལ།། རྣལ་འབྱོར་རྒྱལ་པོ་རྣམས་ཀྱིས་བལྟ། ཁྱིམ་གྱི་དཀྱིལ་འཁོར་ཆེན་པོ་ལ།། ཡིད་བཞིན་ནོར་མཆོག་རབ་སྣང་བ།། རྒྱུ་བྱེད་བདག་པོའི་ཆོ་འཕྲུལ་དང་།། འགྲོ་དང་འོང་དང་གནས་པའི་སྟོབས།། ཉི་མ་ཟླ་བ་སྒྲ ་གཅན་འཛིན།། གླིང་བུའི་སྒྲ་ལས་དྲངས་ནས་ནི།། སྟེང་དང་འོག་ཏུ་རྣམ་པར་བཅིང་།། འཕྲོ་བ་དགག་ཅིང་གནས་པ་སྤྱོད།། རྣམ་པར་རྒྱུ་དང་རྒྱུ་བ་ནི།། དགག་དང་མི་དགག་བླང་དོར་མེད།། དེ་དག་ཡིད་ཀྱི་སྐྱེས ་བུས་བསད།། ཉི་མ་དག་ཏུ་ཡང་དག་ལྡན།། ཟླ་བ་དག་ཏུ་ཡང་དག་སྣང་།། ཟླ་བ་དབྱིངས་སུ་བསྐྱོད་དེ་བཅིང་།། ཉི་མ་འོག་ཏུ་གནས་པ་སྦར།། འབར་དང་འཛག་པའི་ཆོ་འཕྲུལ་ཀུན།། སྲོག་གི་གནས་སུ་ཡང་དག ་སྦསྒྲ།། ཀུན་ལམ་རྩལ་གྱི་འཕྲོ་བ་ནི།། བསྐྱེད་པའི་ཆ་དང་ཡང་དག་ལྡན།། འདུ་བར་བྱེད་པ་རྫོགས་པའི་དོན།། མཉམ་གནས་ཟུང་དུ་འཇུག་པ་སྟེ།། གཞི་ལས་འཕགས་ཤིང་ལམ་དུ་གནས།། འབྲས་བུ་དབྱིངས་སུ་ཕྱིན ་པ་ཡི།། ཟིལ་ཟེར་བས་ཀྱང་པ་ཆར་གྱི་རྒྱུན་འབབས་པས།། དབང་དང་དབང་ཡུལ་ཡོངས་ལ་ཁྱབ།། དབང་ལ་ཁྱབ་པས་རྣམ་པར་གསལ།། དབང་ཡུལ་ལ་ཁྱབ་ཆོ་འཕྲུལ་སྣང་།། དེ་ཀུན་སྒྱུ་མའི་ཞིང་ཁམས་ཏེ།། དག་པ ་གསུམ་གྱི་རྩལ་འཕར་བས།། མ་དག་ཆོ་འཕྲུལ་ཐབས་ཀྱིས་གནོན།། རང་ལས་ཤར་བའི་རང་རྩལ་གྱིས།། རང་བྱུང་ཆེན་པོའི་དཀྱིལ་འཁོར་བཀྲ།། རྒྱུ་ལས་བྱུང་བའི་དངོས་པོ་ནི།། ཡེ་ཤེས་རོལ་པའི་རྩལ་ཆེན ་འབར།། འོད་ཀྱིས་སྣང་མུན་མ་ལུས་པ།། བསལ་ནས་རྣམ་པར་རབ་ཏུ་བཀྲ།། མཐའ་ཡས་གདལ་བའི་རྩལ་ལས་ཀྱང་།། གླང་ཆེན་སྟོབས་ལ་སེངྒེའི་རྩལ།། ཉ་ལྟར་འཕྱོ་དང་གློག་ལྟར་འཁྱུག། གནམ་ལྕགས་ཐོག། ་ཆེན་འབར་བའི་ཤུགས།། ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན།། ཕྱི་ནང་གསང་བའི་དེ་ཉིད་ཤེས།། སྲིད་པ་ཐ་མའི་ལུས་གྱུར་པས།། ཐུན་མོང་མཐོང་སྣང་སྣ་ཚོགས་སྣང་། ཁྱད་པར་ཡེ་ཤེས་མིག་ཅན་ལ།། རྣམ་པར ་བཀྲ་བའི་གཟུགས་སྣང་བ།། མཚན་དང་དཔེ་བྱད་ཡང་དག་ལྡན།། སྐུ་གསུམ་ཉིད་ལས་མ་གཡོས་པས།། ཟུང་འཇུག་རྩལ་དུ་ཤར་བའོ།། གཡོ་དང་འགུལ་དང་ལྡེག་པ་དང་།། འོད་ཀྱི་དྲ་བས་ཁེངས་པ ་དང་།། ལྷ་དང་མི་དང་ལྷ་མ་ཡིན།། དྲི་ཟར་བཅས་པ་ཐམས་ཅད་ཀྱང་།། དགའ་ཞིང་མགུ་ནས་མངོན་པར་བསྟོད།། བླ་མའི་གསང་རྒུད་བཀའི་བང་མཛོད་ལས། གྲོལ་ལམ་བསྐྱེད་རྫོགས་ཟུང་འཇུག་གི ་རིམ་པའི་ལེའུ་སྟེ་ལྔ་པའོ།། །། རྡོ་རྗེའི་སྐུ་ལ་པདྨའི་ལྗགས།། རྣམ་གྲོལ་དེ་བཞིན་ཡང་དག་ཐུགས།། རྩོལ་མེད་རང་བྱུང་བཅོམ་ལྡན་འདས།། ཐོགས་མེད་རྒྱལ་པོ་འོད་མི་འགྱུར།། སྨིན་གྲོལ་ཟབ་མོའི་ཆོས ་རྣམས་ནི།། སྣང་བའི་འཁོར་ལ་ཆར་དུ་ཕབ།། ཕྱིར་མི་ལྡོག་པའི་འབྲས་བུ་སྨིན།། རྩལ་ཆེན་ལམ་གྱི་ལོ་འདབ་རྒྱས།། དཔག་ཆེན་བཞིན་དུ་མཁའ་ལ་སྤྱོད།། ཨེ་མ་ངོ་མཚར་རྨད་བྱུང་བ།། སྐུ་གསུང་ཐུགས་ལ་མངོན ་པར་བསྟོད།། བླ་མའི་གསང་རྒྱུད་བཀའི་བང་མཛོད་ལས། རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་སྟེ་དྲུག་པའོ།། །། བྱིན་རླབས་རང་བྱུང་དུ་བསྟན་པ་བླ་མའི་གསང་རྒྱུད་བཀའི་བང་མཛོད་ཅེས་བྱ་བ ་རྫོགས་སོ།། །། ས་མ་ཡ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏད་རྒྱ། གཏེར་རྒྱ། ཁ་ཐ་མ། དྷ་ཐིམ། རྒྱ་རྒྱ་རྒྱ། ཨོཾ་རྒྱན་གསུང་སྲས་སྦྲུལ་སྒྲ་སངས་རྒྱས་གླིང་པས་སྔ་དཀར་དུང་གི་སྒོ་མོ་ནས་བཏོན་པ་ཤུ་བྷེ།། ། ་