| Wylie | e-texts produced with BDRC’s OCR application |
སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།། @#།། ཨུ་རྒྱན་གསང་བ་བརྡའི་སྐད་དུ། ས+འུ་ཐྱཀྐ། བྷྱཿ། ཀྵཱ་ས།། རྒྱ་གར་སྐད་དུ། གྷུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ཙིཏྟ ་ཏནྟ་ག་ག་ན་བརྡྷ་བིསྟཱ་ར་ནཱ་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའི་ཀློང་ཡངས་ཞེས་བྱ་བ། བཅོམ་ལྡན་འདས་ཐོག་མེད་ཀྱི་མགོན་པོ་འོད་མི་འགྱུར་བ། གཟི་བརྗིད་མཐའ ་ཡས་པའི་དབང་ཕྱུག་གི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་སྙིང་པོ་གཡོ་བ་མེད་པ་ལ་ཕྱག་འཚལ་ལོ།། ཞིང་ཁམས་རྣམ་པར་དག་པ་རྒྱན་བཀོད་པའི་ཕོ་བྲང་བརྩེགས་པ། ་སྟེང་འོག་ཕྱོགས་མཚམས་དབུས་ལ་སོགས་པ་ཕྱོགས་དང་བྲལ་ཞིང་། རྒྱ་ཡོངས་སུ་མ་ཆད་པ། གསལ་ལ་འོད་འབར་ཞིང་རྣམ་པ་རབ་ཏུ་བཀྲ་བ་རྒྱན་གྱི་ལྷུན་པོ་རབ་ཏུ་བརྗིད་པའི་ཞིང་། སྣང་ཡུལ་དུ་བཀྲ་བ་ལས ་ཀྱང་། གཟུང་འཛིན་ངོས་བཟུང་དང་བྲལ་བའི་ཀློང་ཡངས་པ་ཆེན་པོར། གདོད་ནས་ཏིང་ངེ་འཛིན་རྣམ་པར་གཡོ་བ་མི་མངའ་ཞིང་། དུས་གསུམ་མཉམ་པ་ཉིད་དུ་བཞུགས་ནས། ཕྱོགས་བྲལ་གྱི་གདུལ་བྱ་ལ་གསལ ་འགྲིབ་མེད་ཅིང་། མཉམ་པར་དགོངས་ནས། བཟོད་པར་དཀའ་ཞིང་ལྟོས་པ་མེད་པར་གཟིགས་ནས། མཉམ་པ་ཆེན་པོའི་མཛད་པ་བསྙེལ་བ་མེད་པར་མཛད་པའི་སྟོན་པ་བཅོམ་ལྡན་འདས་ཡངས་པ་ཆེན་པོ་མཐའ ་ཡས་པའི་མགོན་ལ། བྱང་ཆུབ་སེམས་དཔའི་སྤྲུལ་པའི་འཁོར་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འོད་མཛོད་དང་འདོད་ཆགས་བྲལ་བ་དང་། དོན་རབ་འཛིན་པ་ལ་སོགས་པའི་རིགས་ལྔའི ་སེམས་དཔའ་དང་། ཆོས་དབྱིངས་རྡོ་རྗེ་མ་དང་། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་རྡོ་རྗེ་མ་སྟེ་རིགས་ཀྱི་སེམས་མ་ལ་སོགས་པ། སྤྲུལ་པ་རང་སྣང་གི་དཀྱིལ་འཁོར ་གྱི་རོལ་པ་ལས་བྱུང་བའི་འཁོར་རྣམས་ཀྱིས། དུས་མི་མཉམ་པ་དང་མཉམ་པར་བྱུང་བ་རང་བྱུང་དགོངས་པ་ཀློང་གི་འོད་ཟེར་ཀུན་ཏུ་རྣམ་པར་བཀྲ་བའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར ་ལས་འོད་ཟེར་དཀར་པོ་དང་། འོད་ཟེར་དམར་པོ་དང་། འོད་ཟེར་མཐིང་ག་རབ་ཏུ་འཕྲོ་ཞིང་འཁོར་སེམས་དཔའ་དང་། སེམས་མ་རྣམས་ཀྱི་གནས་གསུམ་དུ་ཐིམ་པའི་ཚེ། སྤྲུལ་པ་རང་བྱུང་གི་འཁོར་རྣམས་རང་སྣང ་གི་དཀྱིལ་འཁོར་ལས་ལངས་ཤིང་། གནས་ལུགས་ཀྱི་ཆེ་བ་རང་ལ་བསྟན་པའི་དོན་དམ་ནམ་མཁའི་ཀློང་ཡངས་ལྟ་བུའི་དགོངས་པ་གཏན་ལ་དབབ་པར་གསོལ་བས། དེ་ཉིད་དུ་ཉིད་ཀྱི་ཐུགས་ཡངས ་པ་ཆེན་པོ་མཐའ་ཡས་པའི་དཀྱིལ་འཁོར་ནས། འོད་ཟེར་ཁ་དོག་སྣ་ཚོགས་པའི་འཕྲོ་འདུ་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་དེ་གསུངས་པ། ཨེ་མ་བསམ་བརྗོད་བྲལ་བའི་འཁོར།། སེམས་དཔའ་དང་ནི་སེམས ་མ་ཉོན།། ང་ཡི་ཀློང་ལས་རབ་སྤྲོས་པ།། ང་ཡི་ཀློང་ལས་རང་ཤར་བ།། དཀྱིལ་འཁོར་ང་ཡི་དབྱིངས་ལས་གསལ།། འཕྲོ་འདུ་ང་ཡི་དབྱིངས་ལས་སྣང་།། རང་བྱུང་ང་ལ་ཐམས་ཅད་རྫོགས།། རྫོགས་པའི་ཡེ་ཤེས་དོན ་རབ་བཟུང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློངས་ཡངས་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། སྠི།། ། རང་སྣང་སྤྲུལ་པའི་འཁོར་རྣམས་ཉོན།། སྤྲོས་མེད་སྤྲོས་དང་བྲལ ་བའི་དོན།། སྤྲོས་བྲལ་ཡེ་ཤེས་ཆེན་པོ་ནི།། སྤྲོས་པ་མེད་པའི་རྣལ་འབྱོར་པས།། སེམས་ཀྱི་སྤྲོས་པ་བཅད་དེ་བསྒོམ།། དེ་བསྒོམ་གནད་དུ་བསྣུན་པ་ལ།། ངོ་སྤྲོད་གཏན་ལ་དབབ་དོན་དུ།། མཚན་ཉིད་ལྡན་པའི་བླ་མ ་གཅེས།། དུས་གསུམ་སངས་རྒྱས་མ་ལུས་ཀྱང་།། མཚན་ཉིད་ལྡན་པའི་བླ་མ་ལ།། གུས་བཏུད་འབྲས་བུ་རྫོགས་སངས་རྒྱས།། དེ་ཕྱིར་མཚན་ཉིད་ཀུན་ལྡན་པའི།། བླ་མ་དེ་ཡི་སྐུ་ཡི་ཆ།། མཛེས་ཤིང་བག་དྲོ་ལྷུན ་ཆགས་པ།། སྤྱོད་ལམ་གདུལ་བྱའི་ཡིད་དང་མཐུན།། གང་ལ་གང་འདུལ་ཐབས་ལ་མཁས།། གསུང་གི་ཆ་ཡང་འཇམ་ཞིང་སྙན།། འཇིག་རྟེན་འཆལ་གཏམ་བྲེ་མོ་ཉུང་།། ངེས་དོན་ཆོས་ཀྱི་གསུང་ཆར ་འབེབས།། རྒྱལ་བ་རྣམས་ཀྱི་གསུང་དང་མཐུན།། དེ་བཞིན་ཐུགས་ཀྱང་མཁའ་ལྟར་དག། ལྷ་བསྒོམ་གཞི་འབྲས་དོན་དང་ལྡན།། རང་འདོད་བྲལ་ཞིང་གཞན་དོན་ལ།། བརྩེ་བས་སྐྱོ་དུབ་མེད་པར་བརྩོན།། མདོར་ན། ་མཛད་པའི་རྣམ་ཐར་རྣམས།། བླ་མེད་ཐེག་མཆོག་ཆོས་དང་མཐུན།། དེ་ལྟར་ལྡན་པའི་བླ་མ་བཙལ།། རྙེད་ནས་ལུས་ངག་ཡིད་གསུམ་གྱིས།། དགོངས་དང་མཉེས་པ་མཐའ་དག་བསྒྲུབ།། བཀུར་སྟི་ཡོན་གྱིས་དགྱེས ་པར་བྱ།། ཐུགས་སུན་མི་དབྱུང་སྡོམ་ལ་གནས།། དེ་ཡི་རྗེས་འཇུག་བཀའ་སྲོལ་འཛིན།། དེ་ལྟར་བླ་མ་བསྟེན་པ་ཡི།། བདེ་ལེགས་བསམ་འཕེལ་ཡིད་སྨོན་འགྲུབ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས ་རྒྱུད་ནམ་མཁའ་ཀློང་ཡངས་ལས། མཚན་ཉིད་ལྡན་པའི་བླ་མ་བཙལ་ནས་བསྟེན་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། སྠི།། ། མཚན་ཉིད་ལྡན་པའི་བླ་མ་ལ།། ཕྱི་ནང་དོན་འཛོམ་ཆོས་ཡོད་ཀྱང་།། སྣོད་ལྡན ་སློབ་མ་མ་འཛོམ་ན།། རྣམ་གྲོལ་འབྲས་བུ་མི་འབྱུང་ཕྱིར།། གདུལ་བྱ་སྣོད་ལྡན་སློབ་མ་གཅེས།། དེ་ཡང་དད་བརྩོན་ཤེས་རབ་ཆེ།། བློ་ཡངས་སེར་སྣ་འཛིན་ཆགས་ཆུང་།། ཆོས་སྤྱོད་བརྩོན་འགྲུས ་སྐྱོ་དུབ་མེད།། བླ་མ་ལ་གུས་འགྲོ་ལ་བརྩེ།། དམ་ཚིག་ལ་གནས་གཡོ་སྒྱུ་མེད། ཁྲེལ་འཛེམ་ངོ་ཚ་ཆད་གཞུང་བཙན།། འཇིག་རྟེན་ཆོས་ལ་ཡིད་མི་འཇུག། འཁྲུལ་ཕྱིར་མི་འབྲང་ཉོན་མོངས་སྲབ།། ཡབ ་ཡོབ་མི་བྱེད་འགྲན་སེམས་བྲལ།། དེ་སོགས་ཡོན་ཏན་དཔག་མེད་ཅིང་།། བླ་མ་མགོ་ཡི་ཐོད་བཞིན་ཁུར།། མཆེད་དང་གྲོགས་ལ་དག་སྣང་ཆེ།། གདམས་པ་ཁོང་གི་སྙིང་ལྟར་འཆང་།། དམ་ཚིག་མིག་འབྲས་ལྟ་བུར ་བཙའ།། བསྒོ་བའི་བཀའ་ཉན་མཉེན་ལྕུག་ལྡན།། བརྩམ་པ་མཐར་དབྱུང་ཕྱི་ཐག་རིང་།། རང་ཉིད་ཕམ་ཁུར་གཞན་སེམས་འཛིན།། དེ་ལྟར་འཛིན་པའི་གང་ཟག་ནི།། སྐལ་ལྡན་བདེ་གཤེགས་ཐུགས་ཀྱི་སྲས།། སྣོད ་ཀྱི་རབ་མཆོག་གདམས་པའི་ཆོས།། ལྷུག་པར་སྦྱིན་ཅིང་ཐབས་ཀྱིས་བསྐྱང་།། ཉམས་ལེན་སྲང་ལ་རིམ་གྱིས་གཅུར།། འབྲས་བུ་དོན་མཆོག་གཏན་ལ་ཕབ།། རྒྱལ་བ་རྣམས་ཀྱི་ངེས་ལུང་སྦྱིན།། ཡོན་ཏན་དེ་ལས ་ལོག་པ་ཡི།། སྐྱོན་གྱི་རྣམ་པ་མང་ཚོགས་པའི།། དམ་མེད་སློབ་མ་རྒྱང་ཟག་བསྲིང་།། དེ་ལྟར་བླང་དང་དོར་བ་ཡིས།། སློབ་མའི་མཚན་ཉིད་ལེགས་པར་བརྟག། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད ་ནམ་མཁའ་ཀློང་ཡངས་ལས། མཚན་ཉིད་ལྡན་པའི་སློབ་མ་བརྟག་ཅིང་སྤང་བླངས་བསྟན་པའི་ལེའུ་སྟེ་གསུམ་པའོ།། སྠི།། ། མཚན་ཉིད་ལྡན་པའི་བླ་མ་ཡིས།། གནས་དུས་ཁྱད་པར་ཅན་འཛོམ་ཚེ།། སྣོད ་ལྡན་རིགས་མཐུན་སློབ་མ་ལ།། སྤྲོས་བཅས་ཕྱི་ཡི་བུམ་དབང་བསྐུར།། ལུས་སྨིན་ལྷ་ཡི་ཕྱག་རྒྱས་གདབ།། ངག་སྨིན་སྔགས་ཀྱི་ཕྱག་རྒྱས་གདབ།། སེམས་སྨིན་ཆོས་ཀྱི་ཕྱག་རྒྱས་གདབ།། དཀྱིལ་འཁོར་ཡོ་བྱད་རྫས ་ཚོགས་པ།། ལོངས་སྤྱོད་རྒྱན་གྱི་ཕྱག་རྒྱས་གདབ།། ཟབ་མོ་གྷ་ཎའི་ཡོ་བྱད་ཀྱིས།། ཡེ་ཤེས་ལྷ་ཡི་དགྱེས་པ་བསྐང་།། སྟངས་སྟབས་གར་གྱིས་མཉེས་པར་བྱ།། དཔའ་བོ་ཐབས་ཀྱི་བདེ་བ་དང་།། དཔའ་མོ་ཤེས ་རབ་སྟོང་ཉིད་ཀྱིས།། གཉིས་མེད་རོལ་པའི་རྩལ་ལ་བསླབ།། སྤྲོས་པ་རྣམ་པ་སྣ་ཚོགས་ཀྱིས།། བྱ་བ་དུ་མ་ལ་ཞུགས་པའི།། སྤྲོས་པ་ཐབས་ཀྱིས་བཅད་ནས་ནི།། སྤྲོས་དང་བྲལ་བའི་དཀྱིལ་འཁོར་གྱི།། ངང་དུ་རིམ ་གྱིས་གཟུང་བར་བྱ།། དཔའ་བོ་ཡབ་དང་དཔའ་མོ་ཡུམ།། གཉིས་མེད་རྣམ་རོལ་སེམས་དཔའ་ཡིས།། ཡེ་ཤེས་མྱུར་དུ་ཕབ་པ་ན།། ཕབ་རྟགས་འདར་དང་འཁྲབ་པ་དང་།། ཡིད་རབ་གཡོ་ཞིང་འཕར་སོགས ་འབྱུང་།། དེ་ལ་རབ་ཏུ་བརྟན་སེམས་བཟུང་།། སྤྲོས་བཅས་བུམ་པའི་ཕྱི་དབང་གིས།། འབད་པ་དང་བཅས་འབྲས་བུ་འབྱུང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས ་ལས།། སྨིན་བྱེད་སྤྲོས་བཅས་བུམ་དབང་གི་ལེའུ་སྟེ་བཞི་པའོ།། སྠི།། ། ཡང་ནི་ཡང་དག་བཤད་བྱ་བ།། མཚན་ཉིད་ལྡན་པའི་བླ་མ་ཡིས།། སྣོད་ལྡན་སྐྱེས་བུ་ཉེར་གཅིག་ལ།། ཡོ་བྱད་དཀྱིལ་འཁོར་ལ་སོགས ་པ།། དམ་རྫས་རྣམ་པ་མང་ཚོགས་པའི།། སྨིན་བྱེད་སྤྲོས་མེད་ནང་གི་དབང་།། ཡབ་ཡུམ་གསང་བའི་དཀྱིལ་འཁོར་ལ།། བརྟེན་ནས་རིམ་གྱིས་བསྐུར་བར་བྱ།། དེ་ཡང་ཕྱི་ནང་འཇུག་པ ་དང་།། དམིགས་པའི་འཕྲོ་འདུ་དག་ལ་བསླབ།། སློབ་མས་དད་བདུན་བསྐྱེད་ནས་ཀྱང་།། བླ་མ་དགྱེས་པའི་མཎྜལ་ཕུལ།། གསོལ་བ་གདབ་ཅིང་གུས་པ་བསྐྱེད།། བླ་མ་ཡབ་དང་ཡུམ་བཅས་པའི།། ལྷ་ཡི་ང་རྒྱལ ་ལྡན་པ་པོས།། གསང་བའི་ཡེ་ཤེས་བདུད་རྩིའི་རྒྱུན།། ཐབས་ཤེས་སློབ་མའི་ལྕེ་སྟེང་དབབ།། བརྡ་དང་བཅས་པའི་ཡེ་ཤེས་བསྐྱེད།། བདེ་དང་སྟོང་པར་ངོ་སྤྲད་པས།། ལུས་ངག་ཡིད་གསུམ་རབ་སྨིན་ཞིང་། ཁྱད ་པར་ངག་ལ་ནུས་པ་འབར།། དཔལ་དང་གཟི་བརྗིད་རབ་འཕྲོ་ཞིང་།། དབང་དོན་དྲན་པས་དོན་འབྲས་འགྲུབ།། ཨེ་མ་ཟླ་གསང་ཐིག་ལེ་ཡིས།། བདེ་ཆེན་ཡེ་ཤེས་ཡང་དག་མཆོག། འབད་མེད་མྱུར་དུ་སྐྱེ་བར ་འགྱུར།། དེ་སྐྱེས་སྤྲོས་མེད་ངང་ལ་གཞག། གཞག་བྱ་བཞག་བྱེད་མེད་བཞིན་དུ།། རྣམ་པར་རང་གྲོལ་ལྷུག་པར་འཆར།། དེ་ནི་སྤྲོས་མེད་ནང་གི་དབང་།། གདུལ་བྱ་ངག་གྲོལ་ཡེ་ཤེས་བརྙེས།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སྨིན་བྱེད་སྤྲོས་མེད་གསང་དབང་གི་ལེའུ་སྟེ་ལྔ་པའོ།། སྠི།། ། ཡང་ནི་མཚན་ལྡན་བླ་མ་ཡིས།། རྒྱུ་རྐྱེན་ནུས་སྟོབས་ལྡན་བྱས་ཏེ།། སྣོད་ལྡན་སྐྱེས ་བུ་བདུན་དག་ལ།། གསང་བ་ཤེས་རབ་ཡེ་ཤེས་དབང་།། ཤེས་རབ་གཟུངས་ལ་མ་བརྟེན་ནས།། བསྐྱེད་རྫོགས་མཉམ་གྲོལ་ལྷུག་པར་བསྐུར།། དེ་ཡང་བླ་མ་ཧེ་རུ་ཀ། དཔའ་བོ་ཡུམ་དང་བཅས་པ་ལ།། རིན་ཆེན ་དག་པའི་མཎྜ་ལ་སོགས།། དགའ་སྟོན་དགྱེས་པའི་ཡོན་དབུལ་ཞིང་།། ཐལ་མོ་སྦྱར་ནས་གསོལ་བ་གདབ།། བླ་མས་བདེ་བའི་ཡེ་ཤེས་དབབ།། སློབ་མ་དད་ལྡན་སྐྱེས་མཆོག་གིས།། ལུས་ངག་ཡིད་གསུམ་འཁྲུལ ་འཁོར་སྦྱང་།། ལུས་སྦྱངས་ངག་ལ་ཕན་པ་དང་།། ངག་སྦྱང་སེམས་ལ་ཕན་བྱས་ནས།། དབབ་བསྐྱིལ་བཟློག་དང་དགྲམ་པ་ལ།། མཁས་ཤིང་གོམས་པས་དབང་ལུང་བླང་།། པདྨ་རྡོ་རྗེ་མཆུ་སྦྱོར་ནས།། ངོ་སྤྲོད་རྒྱ ་ཡིས་ཐེབས་པར་བྱ།། དགའ་བཞིའི་ཡེ་ཤེས་ཉམས་ངོས་བཟུང་།། བདེ་སྟོང་ཟག་པ་མེད་པ་ཡི།། གནས་ལུགས་དང་དུ་མཉམ་པར་བཞག། གཡོ་མེད་རིག་པའི་འཁྲུལ་འཁོར་བསྐོར།། གསང་དོན་བྷ་གའི་དཀྱིལ ་འཁོར་དུ།། མཉམ་གནས་བདེ་བའི་ལྷ་མོ་ལ།། མཆོད་པ་འབུལ་ཞིང་དགྱེས་པ་བསྐང་།། བཅུད་འབྲས་བདེ་རོལ་དངོས་གྲུབ་བླངས།། རོ་མྱོང་བཅུད་ཀྱི་འཁོར་ལོ་བསྐོར།། བག་ཆགས་སེམས་ཀྱི་འཁྲུལ་པ ་བཤིག། བདག་པོ་བསད་ནས་ལོངས་སྤྱོད་འཕྲོག། མ་རྣམས་ཆོས་ཀྱི་དབྱིངས་སུ་བསྐྱལ།། ཨེ་མ་ཤེས་རབ་ཡེ་ཤེས་ཀྱི།། དབང་དོན་ཐུགས་ཀྱི་ཕུར་དུ་འཆང་།། འབྲས་བུ་ནུས་པའི་གདེང་ལྡན་འགྱུར། བླ་མ་ཡི་དམ ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཆུད་ནམ་མཁའ་ཀློང་ཡངས་ལས། སྤྲིན་བྱེད་རབ་ཏུ་སྤྲོས་མེད་ཤེས་རབ་པ་ཤེས་ཀྱི་དབང་གི་ལེའུ་རྩ་དྲུག་པའོ།། !།། ། དེ་ཉིད་རབ་ཏུ་ཟློས་མེད་ཀྱི།། ཆག ་དབང་སྣོད་ལྡན་སྐྱེས་བུ་ལ།། མཚན་ཉིད་ལྡན་པའི་བླ་མས་བསྐུར།། གཞི་རྫོགས་སེམས་ཀྱི་དཀྱིལ་འཁོར་དུ།། རང་བྱུང་རོལ་པའི་ལྷར་གསལ་ཞིང་།། མཐའ་བྲལ་དོན་ཐོབ་བླ་མ་ལ།། འབྱོར་ཚོགས་ལུས་དང ་ལོངས་སྤྱོད་ཀྱི།། མཎྜལ་ལྟོས་པ་མེད་པར་འབུལ།། གདུང་བའི་ཚིག་གིས་གསོལ་བ་གདབ།། བརྡ་དོན་ཚིག་དབང་ངོ་སྤྲོད་གདབ།། ཉམས་གསལ་ཡེ་ཤེས་འཁོར་ལོ་བསྐོར།། འཁོར་འདས་ཕྱམ་གདལ་དཔལ ་གཞག། དོན་དམ་བྱང་ཆུབ་སེམས་དཀྱིལ་དུ།། མཚན་མ་བྲལ་བའི་དབང་མཆོག་གིས།། ལུས་ངག་ཡིད་གསུམ་སྨིན་ནས་ཀྱང་།། ཕྱི་ནང་སྣོད་བཅུད་བརྡ་དོན་སྤྲད།། སྣང་སྲིད་ཚོགས་ཀྱི་འཁོར་ལོ་བསྐོར།། བདག ་གཞན་མཉམ་གསལ་དབྱིངས་ཀྱི་ངང་།། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ།། ཞིང་དང་བཅས་པར་ལྷུན་གྱིས་རྫོགས།། དེ་ལྟར་བཞི་རྫོགས་དབང་བསྒྲུབ་པས།། དཔོན་སློབ་དགའ་བདེའི་གསལ་ཉམས་བསྐྱང་།། གཏང ་རག་རྩེ་དགའ་གླུ་བྲོ་འཁྲབ།། བཀྲ་ཤིས་བསྔོ་སོགས་མཐའ་རྒྱས་ཀྱི།། རིམ་པས་ལས་རྗེས་དབྱིངས་སུ་བསྐྱལ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སྨིན་བྱེད་དེ་ཁོ་ན ་ཉིད་ཀྱི་ཚིག་དབང་རིན་པོ་ཆེའི་ལེའུ་སྟེ་བདུན་པའོ།། སྠི།། ། དབང་རྣམས་ཐོབ་པའི་རྣལ་འབྱོར་པས།། གསང་ཆེན་དམ་ཚིག་རིམ་པ་རྣམས།། དང་དུ་བླང་ཞིང་ཚུལ་བཞིན་བསྲུང་།། སྐུ་གསུང་ཐུགས་དང་ཡོན ་ཏན་དང་།། ཕྲིན་ལས་རྣམ་པ་ལྔ་ཉིད་ཀྱི།། རྩ་བ་ཡན་ལག་ཕྲ་མོར་བཅས།། ཕྱི་དང་ནང་དང་གསང་བ་དང་།། དེ་ཉིད་ལ་སོགས་གང་དང་གང་།། དུས་གསུམ་ལུས་ངག་ཡིད་གསུམ་གྱིས།། མཉམ་སྦྱོར་རྨད་དུ་བྱུང ་བའི་ཀློང་།། སྤང་བླང་མཚན་ཉིད་ཤེས་བྱས་པས།། བླང་དོར་མེད་པར་རབ་ཚུལ་དང་།། སྤང་བླང་བཅས་པའི་འབྲིང་པོ་དང་།། བཤགས་དང་སྡོམ་བཅས་ཐ་མ་ཡིས།། སྒྲིབ་པ་མེད་པའི་དོན་སེམས་བྱ།། ཡུན་དང ་སྐད་ཅིག་ལ་སོགས་པའི།། དུས་ཀྱི་ས་མཚམས་གཅད་པ་དང་།། ས་མཚམས་གཅད་དུ་མེད་ཚུལ་གྱིས།། ཡང་ནས་ཡང་དུ་དྲན་ཤེས་བྱ།། གལ་ཏེ་ཉམས་པ་ལོ་ཚིགས་ཡོལ།། འགྱུར་དང་བཅས་པའི་ཆག་ཉམས ་ལས།། དེ་འགྱུར་རང་ལོའི་གྲངས་ཚད་ཀྱིས།། རྫས་དང་བཅས་པའི་བཤགས་པས་བྱང་།། ལྟུང་བར་མི་འགྱུར་སོར་ཆུད་ནས།། དངོས་གྲུབ་ཡང་དག་བརྙེས་པ་ཡིན།། རང་ལོ་ངེས་པར་ཉམས་འདས་ན།། དེས་ནི་མ ་བཤགས་ན་རག་སྤྱོད།། དེ་ཕྱིར་ལོ་ཟླ་ཞག་དུས་ཀྱིས།། ཉམས་འགྱུར་ས་མཚམས་མ་འདས་པར།། འགྱོད་དེ་གང་བཤགས་བདེ་ལེགས་འགྱུར།། མ་ཉམས་ཡོན་ཏན་རྩིས་ལས་འདས།། ཉམས་ཀྱང་བཤགས་པས ་ཡོན་ཏན་འབྱུང་།། ཉམས་ཀྱང་བཤགས་པར་མ་བྱས་དང་།། བཤགས་ཀྱང་བླ་མས་མ་གནང་ན།། བླ་མ་ཉིད་དང་བཅས་པ་ནི།། རྡོ་རྗེ་དམྱལ་བའི་ཡང་གཏིང་དུ།། འཚོད་པའི་སྡུག་བསྔལ་རྩིས་ལས ་འདས།། བཤགས་པར་བྱེད་དང་མ་ཉམས་བསྲུང་།། སྡོམ་པར་བྱེད་པའི་ཐབས་མཆོག་ནི།། དཔལ་དང་ལྡན་པའི་སྤྱོད་ཡུལ་ལོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས།། ་དམ་ཚིག་མ་ཉམས་པར་བྱེད་པ་དང་། ཉམས་ན་བཤགས་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། སྠི།། ། དགོངས་ཀློང་ཡང་དག་མཆོག་གི་དོན།། གྲོལ་བྱེད་རྨད་དུ་བྱུང་བ་ལས།། རང་སྣང་རྩལ་ཆེན་རྫོགས ་འདོད་པས།། གཏན་ལ་དབབ་པའི་དང་པོ་ནི།། ཆོས་ཉིད་རོལ་པ་ངོས་བཟུང་བའི།། རྣལ་འབྱོར་རྒྱལ་པོ་རྣམས་ཀྱིས་བལྟ།། གདོད་ནས་ཡང་དག་ཆེན་པོ་ལ།། སྤང་བླང་གཏང་གཞག་མིང་མཐའ་བྲལ།། དེ་བཞིན ་ངོས་འཛིན་བྱ་བྱེད་བྲལ།། ཆུ་གྱེན་ལས་འདས་ཕྱོགས་ལྷུང་བྲལ།། སྒྲ་བསམ་ལས་འདས་དེ་བཞིན་ཉིད།། ལེ་ཀློང་ཀུན་བཟང་རབ་སྣང་ཞིང་།། བརྡ་དང་རྟགས་ཀྱིས་མཚོན་དུ་མེད།། གཞི་སྡང་རང་གསལ་འོད་ཆེན ་པོ།། སྤྲོས་དང་བྲལ་བའི་ངང་དུ་གད་ལ།། ཨེ་མ་གདོད་ནས་རྣམ་དག་པ།། སྒྲ་བརྗོད་བྲལ་བ་ཨ་ལ་ལ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། གདོད་མའི་དགོངས་པ ་ངོས་བཟུང་བའི་ལེའུ་སྟེ་དགུ་པའོ།། ། སྤྱི།། ། སྤྱི་གཞི་ཆེན་པོ་ངོས་གཟུང་བ།། རྣམ་པ་དྲུག་དང་ཡང་དག་ལྡན།། འདི་ནི་འདོད་ཆེན་གཞི་ཉིད་དེ།། སྣ་ཚོགས་སྣང་ཞེན་འཆོལ་བར་རོལ།། འོན་ཀྱང་སྣ་ཚོགས ་སྣང་བ་ཡི།། རི་མོ་དག་ལ་ངོས་བཟུང་ནས།། དུ་མ་ཉིད་དུ་གཞིར་མ་གྲུབ།། ཀུན་ཏུ་མཁྱེན་སྣང་རང་གསལ་ལ།། ཡུལ་དང་ཡུལ་ཅན་འདུ་འཕྲོད་པའི།། བརྡ་ལས་སྐད་དུ་གྲགས་པ་བཞིན།། ཟད་མཐའ་བྲལ་བའི ་གཞི་མར་གྱུར།། བསྡུས་པས་མིག་སོགས་དབང་པོ་ལ།། དེ་ཡུལ་གཟུགས་སོགས་རྣམ་པ་དྲུག། དེ་ལས་སྤྲོས་པ་མང་བྱུང་འགྱུར།། རྣམ་པ་དུ་མར་རབ་གྲགས་པའི།། ནམ་མཁའི་མཐའ་འཚོལ་ཇི་བཞིན་ནོ།། བླ་མ་ཡི། ་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། གཞི་སྣ་ཚོགས་སུ་སྨྲ་བ་སུན་དབྱུང་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། སྠི།། ། འཁོར་འདས་སྤྱི་གཞི་ངོས་འཛིན་པ།། རྟོགས་ན་གྲོལ ་ཞེས་ལུང་མ་བསྟན།། མ་རྟོགས་འཁྲུལ་ཞེས་སྒྲོ་མ་བཏགས།། བཏང་སྙོམས་ལུང་མ་བསྟན་དུ་གནས།། དཔེར་ན་ཏིལ་ལ་མར་ཁྱབ་བཞིན།། ལོ་འདབ་མྱུ་གུ་གང་ཡང་མིན།། འབྲས་བུ་ཡིན་ཡང་རྒྱུར་ལྡོག ་བཞིན།། བདེ་དང་སྡུག་བསྔལ་གང་ཡང་མིན།། རྐྱེན་གྱིས་མ་བསླད་ཅང་མི་སྤྲོ།། རྐྱེན་གྱིས་ནམ་བསྐུལ་ཕྲ་མོ་ལྡང་།། དེ་ལ་དེར་སྣང་འབྱུང་བ་སྟེ།། སྣ་ཚོགས་ལས་ཀྱི་འཁྲུལ་འཁོར་སྲིད།། དེ་སོགས་གང་དུའང་མ ་ཡིན་ལ།། སྒྲོ་བཏགས་མིང་སོགས་མིན་ཤེས་པས། ཁོང་གྱུར་ཡིད་སྤྲིས་སྒོང་རྒྱར་འཐུམ།། དེ་ནི་འཁོར་འདས་སྤྱི་གཞི་སྟེ།། རྟོགས་ཏེ་སངས་རྒྱས་གྱུར་པ་མེད།། མ་རྟོགས་འཁོར་བ་དེ ་མ་འཁྱམས།། བཏང་སྙོམས་ཉིད་དུ་གནས་པ་ཉིད།། གཏི་མུག་ཆེན་པོའི་མུན་སྣང་ལ།། མ་རིག་འཐིབས་པའི་དྲ་བས་གཡོགས།། ཡེ་ཤེས་སྒྲིབ་མུན་བག་ལ་ཞ།། སྤྱི་གཞི་མཉམ་པ་ཉིད་དུའོ།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློངས་ཡངས་ལས། འཁོར་འདས་གཉིས་ཀྱི་སྤྱི་གཞི་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། སྠི།། ། ཡེ་ཐོག་དང་པོའི་སངས་རྒྱས་ནི།། གྲོལ་གཞི་འཕོ་དང་འགྱུར ་མེད་པའི།། རང་བྱུང་རང་གྲོལ་དགོངས་པའི་ཀློང་།། རྣམ་དག་ཆོས་ཀྱི་དབྱིངས་ལས་གསལ།། འཕྲོ་འདུ་ཡེ་ཤེས་ཐུགས་རྗེ་ཡིས།། རྩལ་དང་ཆོ་འཕྲུལ་དུ་མ་འགྱེད།། རང་བྱུང་ཡེ་ཤེས་རང་གྲོལ་གྱི།། རང་རྩལ་འཕྲོ ་འདུ་འོད་པོ་ཆེ།། ཀུན་ཁྱབ་ཆེན་པོ་གཏིང་མི་གཡོ།། མཛད་པ་མེད་པའི་འོད་ཟེར་གྱིས།། མཁའ་མཉམ་འགྲོ་ལ་མཁའ་ལྟར་ཁྱབ།། གདོད་ནས་རང་ཤེས་རིག་པའི་ཀློང་།། འདོད་ཆགས་ཞེ་སྡང་གཏི་མུག ་སོགས།། ཉོན་མོངས་རང་འཇིལ་རང་རྩལ་རྫོགས།། དེ་བཞིན་དེ་ལ་ཡེ་ཤེས་ཀྱི།། རོལ་པ་རང་རྩལ་ཆོ་འཕྲུལ་ཡང་།། དེ་ཉིད་དེ་ལས་མ་གཡོས་པར།། རེ་རེ་ལ་ཡང་ལྔ་ལྔ་རུ།། འབྲེལ་པ་འོད་དང་བཅས་པར ་སྣང་།། ཟང་དང་ཐལ་མར་ཆོས་ཀུན་ལ།། ཕྱོགས་དང་རིས་སུ་མ་ཆད་ཁྱབ།། ཐུགས་རྗེ་ཞལ་ཕྱག་བཅས་པ་ཡང་།། རྒྱན་དང་ཆ་ལུགས་མཚན་དཔེར་བཅས།། གདུལ་བྱ་རབ་སྣང་གདལ་བར་སྣང་།། འབྲིང་དང་ཐ ་མར་བཅས་པ་སྟེ།། རེ་རེ་བཞིན་དུ་གསུམ་གསུམ་སྟེ།། དགུ་ལ་དགུར་སྣང་གཅིག་ལ་གཅིག། བརྒྱ་སོགས་དེ་བཞིན་རྩིས་འདས་ཀྱི།། མཐར་ཐུག་ཡུལ་དང་ཡུལ་ཅན་དང་།། རབ་གསལ་གང་དང་གང་འདུལ ་སྣང་།། འཁྲུལ་བྱ་འཁྲུལ་བྱེད་ལས་འདས་ཤིང་།། གྲོལ་བྱ་གྲོལ་བྱེད་ལས་འདས་པའི།། འཁྲུལ་གྲོལ་རང་བབས་མིང་མཐའ་བྲལ།། ཀ་དག་ལྷུན་གྲུབ་རོལ་པར་བཞུགས།། ཡེ་ཐོག་བཟང་པོའི་གྲོལ་གཞི་སྟེ།། བྱ་བྱེད ་བྱ་རྩོལ་ལས་འདས་སོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། དག་པ་སངས་རྒྱས་ཀྱི་གྲོལ་གཞི་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། སྤྱི།། ། མ་རྟོགས་སེམས ་ཅན་འཁྲུལ་གཞི་ནི།། ང་མེད་པ་ལ་ང་རུ་བཟུང་།། ངར་འཛིན་ཐོལ་སྐྱེས་ལང་ལོང་ལས།། ང་ཡི་འཛིན་པ་ཞུགས་པ་སྟེ།། དཔེར་ན་སྤྲིན་མེད་ནམ་མཁའ་ལ།། ཐོལ་སྐྱེས་གློ་བུར་ལྷགས་པའི་སྤྲིན།། གཅིག་ལ་གཉིས ་འཕེལ་ཆེར་རྒྱས་ནས།། ནམ་མཁའི་ཁམས་ཀུན་ཁྱབ་པར་བྱས།། དེ་ལས་ཆར་དང་ཚུབས་མའི་ཚོགས།། རྩིས་ལས་འདས་པ་བྱུང་བཞིན་དུ།། མིང་མེད་པ་ལ་མིང་བཏགས་འཁྲུལ།། གཅིག་ལས་གཉིས་ཀྱིས་མིང་གི ་ཚོགས།། ཕུང་པོ་འདུས་ལས་གྲངས་དང་གཟུགས།། རྣམ་པ་དུ་མར་གཡོས་པ་ཡིས།། ང་དང་ཁྱོད་དང་ཕན་ཚུན་བཅས།། དེ་ལས་ཆེར་ལངས་སྲེད་པ་སོགས།། ཐུན་མོང་སྣ་ཚོགས་ལས་སུ ་སྣང་།། དམིགས་པ་ཅན་དང་འཛིན་པའི་རྐྱེན།། འབྲས་བུ་སྣ་ཚོགས་རྒྱུ་རུ་འཁྲུལ།། ཡུལ་ཅན་བདག་པོར་འཛིན་པ་ཡིས།། རྐྱེན་ལས་སྣ་ཚོགས་མིང་བྱུང་འཁྲུལ།། དེ་ལ་དེ་དམིགས་སྣ་ཚོགས་བློ།། ཐོལ་སྐྱེས་དེ་ལ ་དེར་འཛིན་ཞུགས།། དེ་མ་ཐག་ཏུ་བདག་རྐྱེན་གྱིས།། ཡུལ་དང་ཡུལ་ཅན་སྤྲུལ་པ་སྟེ།། ཕན་ཚུན་གཅིག་ལ་གཅིག་ལྟོས་པས།། རྔ་དང་དབྱུག་གུ་འཕྲད་པ་ལས།། སྒྲ་འབྱུང་མ་ཕྲད་མི་གྲག་སྟེ།། བདག་ཅེས་ཀུན་རྟོག་ཕྲ ་མོ་ལས།། བདག་ཅེས་གཉིས་སུ་སྣང་ལས་འཁྲུལ།། དེ་ཡིས་དེ་བསྐྱེད་དེ་སོགས་འབྱུང་།། དེ་ནས་རིམ་ནས་རིམ་བཞིན་དུ།། ལྷ་མི་ལ་སོགས་འགྲོ་བ་དང་།། མངལ་དང་སྒོང་སྐྱེས་ལ་སོགས་པའི།། རྣམ་པ་སྣ་ཚོགས ་སྐྱེས་ནས་འཁྲུལ།། ལས་ཀྱི་འཕེན་སྡུད་དཔག་མེད་སྤྱོད།། སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས།། མ་རྟོགས་འཁྲུལ་པ་ལུ་གུ་རྒྱུད།། བག་ལ་ཉལ་གྱི་རླུང་ལངས་པས།། རབ་ཏུ་གཡོ་ཞིང་འཁྲུགས་པ་ཡིས།། བྱེར་སྡུག་ལས ་ཀྱི་འཁྲུལ་འཁོར་ལས།། ཟད་མེད་འཕེལ་མེད་འཁོར་བར་འཁོར།། སྤྱི་ཙམ་ལས་ནི་དེ་བཞིན་ཏེ།། སྒོས་བཙལ་ལས་ཀྱི་མཐའ་གཅོད་པའི།། སྲིད་པའི་སྒོ་ང་རྡོལ་བཞིན་དུ། ལ་ལ་ཟད་དང་འཕེལ་འགྲིབ་སྟོན།། ལ་ལ ་ཟད་པ་རང་ཟད་དེ།། རང་སྣང་རང་ངོ་ཤེས་ནས་ནི།། རྒྱུ་དང་རྐྱེན་གྱི་མཐའ་གཅོད་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། མ་རྟོགས་སེམས་ཅན་གྱི་འཁྲུལ་གཞི ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། སྠི།། ། འཁྲུལ་པ་དེ་ལས་ཟློག་པའི་ཐབས།། དང་པོ་སྔོན་དུ་འགྲོ་བའི་ལས།། འཁོར་འདས་རུ་ཤན་ཕྱེ་བ་སྟེ།། ལུས་སྦྱང་སེམས་ལ་ཕན་པའི་ཕྱིར།། ལུས་ཀྱི་གནད་ལ ་གོམས་བྱ་ཞིང་།། སྐུ་གསུམ་བདག་ཉིད་གནས་པ་ཡིས།། འདུག་སྟངས་རྣམ་པ་གསུམ་ལ་བསླབ།། ལུས་ཉིད་གྲོལ་བ་རྣམ་གྲོལ་ཕྱིར།། ཆོས་ཀྱི་སྐུ་ཡི་བཞུགས་སྟངས་སུ།། རྣམ་པ་གསུམ་དུ་ཤེས་པར་བྱ།། ཆོས་སྐུའི ་ཆོས་སྐུ་རྣམ་རོལ་ལས།། གྱད་བཞི་ཨར་ལ་གཏད་ནས་ཀྱང་།། སེངྒེ་གྱད་ཀྱི་མཆོད་སྟབས་བསླབ།། ཆོས་སྐུའི་ལོངས་སྐུའི་སྟངས་སྟབས་ལ། ཁྲོ་རྒྱལ་དཔལ་ཆེན་རྔམ་པའི་སྟངས།། རྐང་ལག་གྲད་དེ་མཁའ་ལ ་གཏད།། ཆོས་སྐུའི་སྦྲུལ་སྐུའི་འདུག་སྟངས་སུ།། སེངྒེ་འགྱིང་བག་བཅས་པའི་ཚུལ།། དེ་ལྟར་རྣམ་གསུམ་གང་བསླབ་ཀྱང་།། ཨ་འབྲས་སྨིན་ཕྲག་མཁའ་ལ་གཏད།། གཡོ་མེད་དལ་བྲེལ་མེད་པར་བཞག། དེ་བཞིན ་ལོངས་སྐུའི་འདུག་སྟངས་སུ།། གླང་ཆེན་ཉལ་བ་ཆོས་ཀྱི་སྐུ།། སྟག་མོའི་ངར་སྟངས་ལོངས་སྤྱོད་རྫོགས། ཁྱུང་ཆེན་མཁའ་ལྡིང་སྤྲུལ་པའི་སྐུ།། དེ་གསུམ་གང་ལ་རྩལ་སྦྱང་ཡང་།། ཨ་འབྲས་ཟུར་ལ་ཕབ་ཅིང ་གཟིར།། སྦྲུལ་སྐུའི་བཞུགས་སྟངས་རྣམ་པ་གསུམ།། ཆོས་སྐུ་དྲང་སྲོང་ཙོག་པུ་ལ།། ལོངས་སྐུ་སྐྱིལ་དཀྲུང་མཉམ་པར་གནས།། སྦྲུལ་སྐུའི་སྐྱིལ་ཀྲུང་གྱེན་དུ་བཀྱེད།། ལག་པ་རྒྱབ་ཀྱི་ཀ་ཆེན་བཙུག། དེ ་ལྟར་རྣམ་གསུམ་གང་བྱེད་ཀྱང་།། ཨ་འབྲས་སྣ་ཕྲག་མཐུར་དུ་ཕབ།། མདོར་ན་རྡོ་རྗེ་ལུས་ཀྱི་གནད།། རྩ་གཞི་རང་བབས་ཀློད་ནས་ཀྱང་།། གཡོ་མེད་གདན་ལ་གནས་པར་བྱ།། མིག་གི་ཨ་འབྲས་ལས་མི ་བཀོལ།། ལྡེབ་བཙུམ་མེད་པར་གནད་ལ་གཟིར།། ལུས་གཅུད་འཕུར་དང་མཉེ་བ་དང་།། སྐབས་སུ་སྦྱོང་བའི་ལས་ལ་བརྩོན།། མཉེན་ལྕུག་ལྡན་པའི་གནས་ལུགས་ཀྱིས།། གདར་ཤ་བཅད་ནས་གཏན་ལ ་ཕེབས།། ཡོན་ཏན་ཏིང་འཛིན་འཕེལ་བའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡང་ལས། ལུས་འཁོར་འདས་རུ་ཤན་དབྱེ་ཞིང་གཏན་ལ་དབབ་པར་བསྟན་པའི་ལེའུ་སྟེ་བཅུ་བཞི ་པའོ།། སྠི།། ། སྔོན་དུ་འགྲོ་བའི་སྤྱོད་པ་ལས།། འཁོར་འདས་རུ་ཤན་བྱེད་པའི་ཐབས།། ངག་སྦྱང་སེམས་ལ་ཕན་པའི་ཕྱིར།། ངག་གི་གནད་ལ་གོམས་པར་བྱ།། རླུང་རོ་དྲག་པོའི་ཤུགས་ཕྱུང་བས།། མདའ ་ལྟར་སྟེང་འོག་གཡས་གཡོན་དུ།། གསུམ་གསུམ་དག་གིས་དབྱུང་བར་བྱ།། དེ་ནས་གཡོ་མེད་གནས་ལ་དབབ།། གསང་བའི་འཇམ་རླུང་ནར་གྱིས་དྲངས།། རྫོགས་ནས་ལྷོད་ཀྱིས་གློད་ལ་བཞག། རྫིང་གི་ཆུ་ལྟར ་བསྐྱིལ་ནས་ཀྱང་།། དགང་ནས་ཅུང་ཟད་བཞག་པ་ལ།། ནུས་པ་རྫོགས་ནས་དལ་གྱིས་དབྱུང་།། དེ་ལྟར་འབྱིན་འཇུག་གནས་བྱེད་པ།། དྲག་ལ་ཡུན་ཐུང་མ་ཡིན་ཅིང་།། དལ་ལ་རྒྱུན་བསྲིང་ཚོད་དང་སྦྱར།། རང ་བབས་གཤིས་ལ་དབབ་པ་གཅེས།། ཡང་ནི་འབྱིན་འཇུག་གང་ཚེ་ཡང་།། ཆེད་དུ་མ་ཡིན་རང་ལུགས་ཀྱིས།། གཏན་ལ་དབབ་པས་ལས་ལ་སྦྱར།། མེ་དང་ཆུ་དང་རླུང་དག་དང་།། ནམ་མཁའ་ས་ཡི་རླུང་རྣམས ་ཀུན།། གང་དང་གང་ཚེ་སོ་སོ་ཡི།། དུས་དང་སྤྱད་དེ་གནད་ལ་གཟིར།། སྟེང་དང་འོག་དང་ཕྱོགས་མཚམས་དང་།། གཡས་གཡོན་རིང་ཐུང་མཉམ་པ་ཉིད།། གང་ལ་གང་དང་དེ་ལ་དེས།། ས་མཚམས་རབ་ཏུ་ཤེས་པ ་གཅེས།། ཆུ་དུས་མེ་དང་མེ་དུས་ཆུ།། རླུང་དུས་ས་དང་ས་དུས་རླུང་།། དེ་ནི་འཁྲུལ་པར་བྱེད་པའམ།། ཡང་ནི་གང་སྟོངས་ཁོད་མི་སྙོམས།། མ་སྙོམས་གང་ཡང་ལས་མི་རུང་།། འབྲས་བུ་ལོག་པར་འབྱུང་བ་ཡིན།། མེ ་དུས་རླུང་དང་རླུང་དུས་ཆུ།། ས་དུས་ནམ་མཁའི་རླུང་ཤེས་པས།། ནམ་མཁའ་གོ་འབྱེད་ཀུན་ལའོ།། གཡས་གཡོན་འཕོ་དང་འཇུག་པའི་དུས།། ཕོ་མོ་མ་ནིང་སྦྱོར་བ་ཡི།། གྲངས་ལ་བསླབ་ཅིང་རྩལ་སྦྱང་བྱ།། འདི་ཡི ་གནད་དང་མ་ལྡན་ན།། སྐྱོན་གྱི་ཕུང་པོ་བསགས་པར་འགྱུར།། དེས་ན་དེ་ལ་རིམ་གྱིས་བསླབ།། གོམས་ནས་རུ་ཤན་འབྱེད་པར་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས ་ལས། ངག་འཁོར་འདས་རུ་ཤན་དབྱེ་ཞིང་གཏན་ལ་དབབ་པ་བསྟན་པའི་ལེའུ་སྟེ་བརྩ་ལྔ་པའོ།། སྠི།། ། ཡང་ནི་སེམས་གནད་སྔོན་འགྲོའི་ལས།། འཁོར་འདས་རུ་ཤན་འབྱེད ་པའི་ཐབས།། ལུས་དང་ངག་གི་གནད་ལྡན་པས།། དང་པོ་དྲན་བསམ་འཛིན་པ་སྤུར།། སྔར་བྱས་འདས་པའི་ཆོས་རྣམས་ཀྱི།། རྗེས་དཔྱོད་རྟོག་པ་དུ་མ་སྤྲོ།། ཕྱིར་འགྱུར་བྱེད་པ་དུ་མ་ཡི།། མནོ་བསམ་འཕྲོ་འདུ ་དཔག་མེད་བྱ།། གང་ལ་གང་དང་དེ་ལ་དེའི།། རྩལ་སྣང་འཁྲུལ་པ་སྣ་ཚོགས་བྱེད།། ད་ལྷའི་བྱེད་པ་དུ་མ་ཡི།། བསམ་བློ་དྲན་ཞེས་མང་པོ་དང་།། ལྕགས་ཀྱུ་ལྟ་བུར་འགུགས་པ་དང་།། རལ་གྲི་ལྟ་བུར་རྣོ་བ ་དང་།། ཕྲུག་ཤད་སོ་མངས་ལྟ་བུ་དང་།། གླང་ཆེན་ལྟ་བུར་འགྱིང་བ་དང་།། སྟག་མོ་ལྟ་བུར་ངར་བ་དང་།། སེངྒེ་ལྟ་བུར་རྩལ་བ་དང་། ཁྱུང་ཕྲུག་ལྟ་བུར་ལྡིང་བ་སྟེ།། སྐྱི་སེར་ལྟ་བུར་འཕྱོ་ལ་སོགས།། སྣ་ཚོགས་རྣམ ་པ་དུ་མ་ལ།། སྤྲོ་ཞིང་བསྡུས་པས་ཧ་ཤ་བཅད།། བར་དུ་སེམས་ཀྱི་སྤྲོས་པ་བཅད།། སྔར་འདས་ཟིན་པའི་རྗེས་མི་བཅད།། ཕྱིས་འབྱུང་ཆ་མེད་གདོས་ཐག་བཅད།། ད་ལྟའི་དྲན་རིག་སོ་མ་ལ།། ཅེར་གྱིས་རང་གི་རང ་ལ་གཟིར།། ཡིད་བསམ་དྲན་པ་པར་པུར་སོགས།། གློག་ལྟར་འཁྱུག་ཅིང་བྱ་ལྟར་ལྡིང་།། ཕྱི་ནང་སྣང་བའི་རི་མོ་ལ།། ཡོ་ལང་འགྱེད་པའི་ཤེས་རིག་འདི།། བྱུང་གནས་འགྲོ་བ་ལ་སོགས་དང་།། དབྱིབས་དང་ཁ་དོག ་རྣམ་པ་ཅན།། ཡོད་མེད་ཡིན་མིན་ཐ་སྙད་དང་།། གཅིག་དང་དུ་མར་སྣང་བ་དང་།། སྐྱེ་འཆི་དགག་བསྒྲུབ་འདུག་མི་འདུག། ཕྱི་ནང་ལ་སོགས་གཏད་ཁུངས་གང་།། ཡིན་མིན་གྱུ་ལོག་མཐའ་བཅད་དེ།། གནས ་ལུགས་ཁུང་དུ་སྦྱར་བར་བྱ།། དེས་ནི་ཁོ་ཡི་མཚངས་རྡོལ་ཏེ།། གནས་ལུགས་ངང་ལ་ཡིན་ལུགས་ཀྱི།། ཡེ་གཞིའི་སྟེང་དུ་ཕེབས་པར་འགྱུར།། དེ་ལྟར་གཏན་ལ་ཕེབས་པའི་ངང་།། མ་བཅོས་སྤྲོས་བསླད་མི་བྱ ་བར།། གང་ཤར་ངང་ལ་ཀློད་དེ་བཞག། བཅིང་དང་གྲོལ་བ་མེད་པར་གཞག། གཞག་བྱ་འཇོག་བྱེད་མེད་པ་དང་།། བྱ་རྩོལ་འཛིན་པ་མེད་པ་སྟེ།། ང་དང་ང་ཡིར་མེད་པ་དང་།། བདག་གཞན་རིས་སུ་མ་ཕྱེས ་དང་།། བཟང་ངན་རྟོགས་པས་མ་སྦགས་པར།། རང་བབས་གཤིས་ཀྱི་སྟེང་དུ་ཀློང་།། གནས་ལུགས་སེམས་ཀྱི་རུ་ཤན་ཕྱེད།། འཁོར་འདས་རྒྱབ་གྱེས་དོན་ཐོག་ཕེབས།། ཅོག་བཞག་རྒྱལ་པོའི་ངང་དུ་ཐིམ།། བླ་མ ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཡིད་འཁོར་འདས་རུ་ཤན་དབྱེ་ཞིང་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། སྠི།། ། ལུས་ངག་ཡིད་གསུམ་གནད་གཟིར ་ནས།། གཏན་ལ་ཕེབ་པའི་སྐྱེས་བུ་ལ།། གནས་ལུགས་ཡེ་གཞིའི་ངོ་བོ་བསྟན།། དཀར་དང་ནག་པོའི་ཆོས་མ་གྲུབ།། འཁོར་དང་འདས་པའི་རྐྱེན་ལས་འདས།། སྟེང་འོག་ལ་སོགས་ཕྱོགས་མཚམས་བྲལ།། དབྱིབས ་དང་ཆེ་ཆུང་ལ་སོགས་པའི།། གཟུགས་ཀྱི་རྣམ་པ་ངོས་གཟུང་མེད།། གང་ནས་གང་དུ་སོང་བ་དང་།། གང་དང་གང་དུ་འོང་བ་དང་།། གང་དང་གང་དུ་སྡོད་པ་དང་།། འགྲོ་དང་འདུག་པ་ལ་སོགས ་ཏེ།། རྣམ་པ་འདི་དང་འདི་ལྟ་ཞེས།། བལྟར་མེད་མཚོན་དུ་མེད་པ་དང་།། མིང་དང་ཡི་གེའི་ཐ་སྙད་དང་།། བདག་དང་གཞན་ཞེས་བྱ་བ་དང་།། འཁོར་དང་འདས་པ་ཉིད་དང་ནི།། དེ་ཡི་རྒྱུ་རྐྱེན་ལོ་མ་དང་།། རྩ་བ་སྡོང ་པོ་ཡལ་ག་སོགས།། གང་དུ་ཡང་ནི་མ་གྲུབ་པས།། བརྗོད་པ་ཀུན་ལས་འདས་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སེམས་གནས་ལུགས་ཀྱི་ངོ་བོ་གཏན་ལ ་ཕེབས་པའི་ལེའུ་སྟེ་བཅུ་བདུན་པའོ།། སྠི།། ། ངོ་བོ་སྟོང་པའི་རང་མདངས་ལས།། རང་བཞིན་གསལ་སྣང་འོད་དུ་ཤར།། རྣམ་པ་བཀྲ་བ་རིག་བྱེད་གསལ།། སྣ་ཚོགས་སྣང་དང་སྣང་ཡུལ་དང་།། ཕྲ་དང་རགས ་དང་འཕྲིགས་པ་དང་།། རྣམ་པ་དུ་མའི་གཟུགས་འཆར་ཞིང་།། རིང་དང་ཟུང་དང་མཉམ་པ་དང་།། ལྷམ་མེ་ལྷན་ནེ་ལྷང་ངེ་བ།། རེ་དང་དོགས་པ་མེད་པ་དང་།། ཕྱོགས་དང་རིས་སུ་མ་ཆད་ཅིང་།། ཡང་ནི་རྣམ་པར ་སྣང་བ་ལ།། གཟུང་ཡུལ་མ་གྲུབ་ཀུན་ཏུ་གདལ།། མིག་དང་རྣ་བ་སྣ་དང་ལྕེ།། ལུས་དང་ཡིད་ཀྱི་ཡུལ་རྣམས་ཀྱིས།། གསལ་ཆ་ཕྲ་དང་རགས་ལ་སོགས།། མ་འགགས་སོ་སོར་ས་ལེ་བ།། ལྷམ་མེ་ཧྲིག་གེ་ཝ་ལེར ་སྣང་།། གཟུགས་ལ་རྣམ་པ་སྣ་ཚོགས་དང་།། དེ་བཞིན་སྒྲ་དང་དྲི་དང་རོ།། རེག་བྱ་ཆོས་ཏེ་གང་དང་གང་།། སྒྲིབ་གཡོགས་མེད་པར་རང་ཤར་ཞིང་།། མ་འདྲེས་སོ་སོར་སྣང་བ་ལ།། གཅིག་དང་དུ་མའི་གྲངས་མཐའ ་ཟད།། དཔའ་བརྟུལ་བ་དང་སྟོབས་བསྐྱེད་དང་།། སྐད་ཅིག་སྲིད་རྩ་མཐར་ཐུག་པ།། མེ་ལོང་གཟུགས་བརྙན་ཆུ་ཟླ་བཞིན།། རང་གསལ་བཀྲག་མདངས་འོད་པོ་ཆེ།། བཞིན་གྱི་དཀྱིལ་འཁོར་རབ་རྒྱས་པ།། མ་བྱས ་བྱས་པ་མེད་པར་སྣང་།། མ་བྲིས་བྲིས་པ་མེད་པར་བཀྲ།། མ་བཟོས་བཟོས་པ་མེད་པར་ལེགས།། མ་ཕྱིན་ཕྱིན་པ་མེད་པར་སླེབ།། མ་བལྟས་བལྟས་པ་མེད་པར་མཐོང་།། མ་ཉན་ཉན་པ་མེད་པར་ཐོས།། མ་བསྣམ ་མནམ་པ་མེད་པར་དཀུ།། མ་ཟོས་ཁྲོས་པ་མེད་པར་བྲོ།། མ་རེག་རེག་པ་མེད་པར་ཚོར།། མ་དྲན་དྲན་པ་མེད་པར་རིག། སྣང་སྲིད་བསམ་ཡུལ་མེད་པར་ཤར།། མ་བུ་ཆུ་དང་འོ་མ་འདྲེས།། རང་སྣང་དཀྱིལ་འཁོར ་ཉིད་ལ་རྫོགས།། ཨེ་མ་ངོ་མཚར་སྣང་བའི་ཆོས།། རང་བཞིན་སྣང་སྟོང་ཆུ་ཟླ་བཞིན།། བྱས་བྱུང་མེད་པར་རང་སྣང་ངོ་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སེམས་ཀྱི ་རང་བཞིན་གསལ་སྟོང་འཛིན་མེད་དུ་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། སྤྱི།། ། ཐུགས་རྗེ་རྣམ་པར་འགག་མེད་པའི།། རང་གདངས་འོད་ཀྱི་དཀྱིལ་འཁོར་ལས།། འཆར་སྒོ་མ་འགགས་ཅིར་ཡང ་ཤར།། ཤར་དང་གྲོལ་བ་དུ་མ་ཡང་།། རྒྱ་མཚོ་རྦ་རླབས་ཆུ་ཉེར་བཞིན།། རྩོལ་མེད་རང་ཤར་རང་གྲོལ་བ།། འཕྲོ་དང་འདུ་བའི་ཆོ་འཕྲུལ་ཅན།། པྲ་དང་རགས་པའི་གྱ་གྱུ་བ།། མཐོང་བ་མེད་ལ་རྒྱུག ་ཅིང་སྤྱོད།། རིག་རིག་པོ་དང་རུར་རུར་པོ།། འཕྲོ་དང་འདུ་དང་གནས་པ་དང་།། སྣ་ཚོགས་རི་མོ་མ་བྲིས་ཀྱང་།། བྲིས་ལ་ཝལ་ཝལ་ཤར་བ་བཞིན།། ཡང་ནི་གཏང་གཞག་གཟུང་འཛིན་བྲལ།། འཕགས་པའི་ཐུགས ་རྗེ་ཆེན་པོ་ཡང་།། དཀྱིལ་འཁོར་དེ་ལས་གཡོས་པ་མེད།། རིགས་དྲུག་འཁོར་བའི་རྟོག་ཚོགས་ཀྱང་།། དཀྱིལ་འཁོར་དེ་ལས་ལོགས་ན་མིན།། འདས་དང་མ་འོངས་ད་ལྟར་གྱི།། བྱ་བྱེད་བྱ་བ་དུ་མ་ཡང་།། སྣ་ཚོགས ་ཤར་གྲོལ་སྤྲུལ་པའི་སྐུ།། མདོར་ན་འཕྲོ་འདུ་མང་པོ་དག། རྩོལ་མེད་རང་ཤར་དེ་བཞིན་གཤེགས།། འགག་པ་མེད་ལས་གང་ཡང་སྣང་།། དེ་ལྟར་གསལ་དང་སྟོང་པ་དང་།། རྣམ་པ་འགག་པ་མེད་པ ་ཀུན།། ལོངས་སྤྱོད་རྫོགས་དང་ཆོས་ཀྱི་སྐུ།། སྤྲུལ་པའི་སྐུ་སྟེ་སྐུ་གསུམ་མོ།། རང་བྱུང་ཉིད་ཀྱི་དབྱིངས་ལས་སྣང་།། སྣང་ཞིང་དཀྱིལ་འཁོར་ཉིད་ལ་ཐིམ།། དེ་ལས་དེ་ལྟར་གྲོལ་ཟག་བཅད།། ཡིན་མིན་ལ་སོགས་གང ་ལ་ཡང་།། བྱ་རྩོལ་འཛིན་པ་མེད་པའི་ཀློང་།། རང་བབས་ལྷུག་པར་ཀློད་ལ་གཞག། རབ་འབྲིང་ཐ་མའི་ཀློད་ཚུལ་གྱིས།། སྐུ་གསུམ་ཡེ་ཤེས་མངོན་དུ་ཤར།། འགག་པ་སོང་བར་རྩལ་ཆེན་གྱིས།། རབ་འབྱམས ་གད་ལ་ཁྱབ་མཁའ་ལྟར་གནས།། ངོ་བོ་རང་བཞིན་ཐུགས་རྗེ་རྣམས།། འཕོ་འགྱུར་མེད་པར་ཀ་ནས་དག། ཀ་དག་ཆེན་པོའི་ཡེ་ཀློང་ལས།། གང་ཤར་རོལ་པའི་རྩལ་འཕྲོས་པས།། འོད་ཀྱི་གདུལ་བྱ་རྣམས་ལ ་སྣང་།། གང་ལ་གང་དང་དེ་ལ་དེས།། སོ་སོར་རེ་དང་འདོད་པ་བསྐང་།། བསྐལ་པ་དུ་མའི་སངས་རྒྱས་ཀྱི།། རྣམ་ཐར་མཛད་པའི་ཕྲིན་ལས་ཀུན།། སྐད་ཅིག་དེ་ཡི་ཀློང་དུ་རྫོགས།། རྩོལ་བ་མེད་པར་དེར་སངས ་རྒྱས།། བྱས་མེད་འགྲོ་དོན་ལྷུན་གྱིས་གྲུབ།། ཨེ་མ་ངོ་མཚར་ཐུགས་རྗེའི་དཔལ།། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།། སྐད་ཅིག་དེ་ལ་ཁྲེགས་ཆོད་ནས།། བཏང་སྙོམས་ཕྱལ་པ་མེད་པར་གྲོལ།། བྱ་རྩོལ་འཛིན ་མེད་རྒྱ་ཡན་ཆོས།། འདི་ནི་ཀུན་གྱི་ཡང་རྩེ་སྟེ།། སེང་ཕྲུག་སྙིང་གི་རྩལ་ཆེན་རྫོགས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སེམས་ཀྱི་རྩལ་མ་འགགས་པར་ཐུགས་རྗེའི ་འཆར་ཚུལ་དང་། གནས་ལུགས་ཀྱི་སྟེང་ནས་ཡིན་ལུགས་ངོ་སྤྲད་དེ། སེམས་ཀྱི་བཞག་ཐབས་ཀྱི་གནད་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། སྠི།། ། གནས་ལུགས་གཞི་ཐོག་ཕེབ་ནས་ཀྱང་།། མ་བུ་འདྲེས་པའི ་རྣལ་འབྱོར་ཀུན།། ཡིད་དཔྱོད་འཛིན་པའི་ཁུངས་འབྱིན་པ།། མངོན་སུམ་རང་གནད་གཏན་ལ་དབབ།། ཡེ་ཤེས་རང་སྣང་མངོམ་སུམ་གཟིར།། གཞི་གནས་མཆོང་གུར་སྨུག་པོའི་དབུས།། མཚན་དང་དཔེ་བྱད་དཔལ ་འབར་ཞིང་།། གསལ་དག་སྒྲིབ་གཡོགས་མེད་པའི་སྐུ།། འཁོར་དང་གཙོ་བོ་ལ་སོགས་པའི།། མུ་ཁྱུད་རྣམ་རིག་རབ་ཏུ་འབར།། ནང་གསལ་ཡེ་ཤེས་རིག་པའི་ལྷ།། ལྷམ་མེ་ལྷན་ནེ་ལྷང་ངེ་བ།། མཚན ་དང་དཔེ་བྱད་རྫོགས་པ་དེ།། སྣང་བ་དག་པ་རྩ་ཡི་ལམ།། ཤེལ་སྨུག་རྐྱེན་དང་བྲལ་བ་ལས།། ཟང་མར་ཐལ་ནས་ཆུ་ཡི་སྒོ།། གཟུགས་སྣང་ཡུལ་ཅན་བྷྲྀ་གུ་ཏ།། མ་བསྒྲིབས་ཧུ་རེ་དང་གསལ་བ།། ཏལ་མར་དོན་ཅིང ་དབྱིངས་ཀྱི་ཡུལ།། རྐྱེན་བྲལ་ནམ་མཁའ་དག་པའི་ཀློང་།། མཁའ་དབྱིངས་ངང་ལས་འཆར་བ་སྟེ།། འཁོར་དང་སྤྲུལ་པ་ཡང་སྤྲུལ་པ།། འོད་དང་འོད་ཁྱིམ་ཟེར་དང་བཅས།། འཁོར་ལོ་ཉ་མིག་ཟེར་ཟག་རིས།། དྲ་བ ་དྲ་བ་ཕྱེད་པ་དང་།། མིག་མང་རིས་ལས་ཟབ་གུར་བཞིན།། མདའ་མདུང་མཚོན་ཆའི་རྣམ་པར་གཟེངས།། དེ་དག་རྣམས་ཀྱི་དཀྱིལ་འཁོར་དབུས།། རྨ་བྱའི་མདོངས་འདྲ་འོད་ལྔ་འཁྲིགས། ཁྱད་པར་མངོན་སུམ་ཡེ ་ཤེས་ཀྱི།། ཏི་ལ་ཉག་གཅིག་ཡེ་ཤེས་དོན།། སྣུམ་ལ་འདྲིལ་ཞིང་ཕྲ་ལ་གྲིམ།། གསལ་འཚེར་ལྷུན་སྡུག་འོད་པོ་ཆེ།། ལུ་གུ་རྒྱུད་ཀྱི་འཁོར་དང་བཅས།། མུ་ཏིག་ཆུན་འཕྱང་ལྟ་བུར་གསལ།། གཡོ་དང་འགུལ་དང ་འཕྲིགས་པར་བཅས།། མངོན་སུམ་ཡང་དག་ངེས་པའི་དོན།། ཡིད་དཔྱོད་ཚིག་གི་མཐའ་ལས་འདས།། དཔལ་དང་ཡངས་པའི་དཀྱིལ་འཁོར་ཅན།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། སྒྲིབ་བྲལ་རྗེན་པར་ལྷང་ངེར ་སྣང་།། ཞིང་ཁམས་ཡངས་པར་ཚོམ་བུའི་ཚུལ།། ཡིད་གཉིས་འདུན་པ་བྲལ་བ་ཡང་།། འཁོར་འདས་རྒྱབ་གྱིས་ཡང་དག་སྣང་།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། གསང་ཆེན་འོད་དུ་དེ་འབར་རོ།། བླ་མ་ཡི ་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློངས་ཡངས་ལས།། ཆོས་ཉིད་ཡེ་ཤེས་མངོན་སུམ་གྱི་སྣང་བ་ངོས་འཛིན་པའི་ལེའུ་སྟེ་ཉི་ཤུ་པའོ།། སྤྱི།། ། མངོན་སུམ་རིག་པའི་སྐུ་མཐོང་ནས།། སྐུ ་གསུམ་འདུག་སྟངས་དགུ་ལྡན་ཞིང་།། སེམས་རིག་གཏན་ལ་དབབ་བྱས་ཏེ།། སྣང་བའི་ཐིག་ལེ་གཡོ་མེད་དེ།། གསལ་སྣང་མིག་གི་བཙོན་བཟུང་ནས།། མདུང་ཚུགས་འབེན་ལ་མ་ཡེངས་གཏད།། ཐོག་མར་ཡང ་ཡུད་ལང་ལོང་འཆར།། བར་དུ་དེ་དག་དལ་གྱིས་ཕེབ།། ཐ་མ་གཡོ་མེད་བཙན་ས་ཟིན།། ཆེར་འཕེལ་གོང་ནས་གོང་བཞིན་དུ།། ལྔ་ལྔའམ་ནི་དགུ་ལ་སོགས།། ཚོམ་བུ་ལྟ་བུར་ཆེར་སྣང་ཞིང་།། ཡུལ་ཁམས་ཡུལ་གྲུ ་ཁྱབ་པ་དང་།། ཡི་གེའི་ཚོགས་དང་ཕྱག་མཚན་དང་།། ཕྱེད་སྐུ་དང་ནི་སྐུ་རྐྱང་གི། རྣམ་པ་དུ་མར་འཆར་བ་སྟེ།། རིམ་བཞིན་སྐུ་རྐྱང་ཡབ་དང་ཡུམ།། ལོངས་སྤྱོད་རྫོགས་པའི་ཆ་ལུགས་ལས།། འཁོར་དང་སྤྲུལ་པར ་བཅས་ཏེ་སྣང་།། དབུ་བརྩེགས་ཕྱག་མང་རྣམ་པ་ཅན།། ཆེ་ལ་རགས་ཤིང་ཕྲ་ལ་ཞིབ།། འོད་སྐུ་འཇའ་དང་ཟེར་ཐག་བཅས།། རིམ་གྱི་རིམ་གྱིས་འཕེལ་བར་འབྱུང་།། དཀར་སེར་དམར་ལྗང་མཐིང་གའི་མདོག་ཁ ་དོག་སྣ་ཚོགས་སྣམ་བུར་འགྱུར།། དཔེར་ན་ཟླ་བ་ཡར་འཕེལ་ལྟར།། འཕེལ་བར་འགྱུར་དང་བཅས་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཉམས ་ཀྱི་མཐོང་སྣང་གོང་དུ་འཕེལ་བའི་ཚུལ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། སྤྱི།། ། གོང་ནས་གོང་དུ་འཕེལ་བ་ཡི།། ཉམས་ཀྱི་སྣང་བ་རྫོགས་ནས་ནི།། གང་ལ་ཞེན་དང་དངོས་བྲལ་བས།། འཛིན་པ་མེད ་པའི་རང་སྣང་དུ།། དེ་དག་ཆེ་ཆུང་སྐྱེ་འབྲི་མེད།། ཚད་ལ་ཕེབས་ནས་གཡོ་འགུལ་བྲལ།། རྣལ་འབྱོར་ལུས་ངག་ཡིད་རྣམས་ནི།། སྒྲ་བརྗོད་བྲལ་བ་ཉིད་དུ་འགྱུར།། དཔལ་ལྡན་དཀྱིལ་འཁོར་ལྷུན་གྱིས་གྲུབ།། ཡེ ་ཤེས་རང་སྣང་འཁྲུལ་པ་དག། སྣང་སྲིད་བྱ་རྩོལ་འཛིན་པ་བྲལ།། ཉིན་དང་མཚན་མོའི་སྣང་མཐའ་ཟད།། ཟས་སྐོམ་གོས་ཀྱི་ཞེན་པ་དང་།། ཉོན་མོངས་ཆགས་སྲེད་ངང་གིས་ཞི།། ཟླ་བ་ཉ་རྒྱས་ལྟ་བུ་སྟེ།། དེ་ནས ་དགུང་ལ་ཤུལ་མི་མཚོན།། ཏིང་འཛིན་རྩལ་རྫོགས་མངོན་ཤེས་འཆར།། ཕྱི་དང་ནང་མེད་མཉམ་པར་གདལ།། ཚོགས་དྲུག་ཆོ་འཕྲུལ་ཉལ་གྱིས་ཞི།། ཚོགས་དྲུག་རང་གྲོལ་གཏན་ལ་ཕེབ།། རིག་པ་ཡང་དག་ཚད་ལ ་ཕེབ།། འཕེལ་འགྲིབ་མེད་པར་དཀྱིལ་འཁོར་རྫོགས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་ལ་ཕེབ་པར་བསྟན་པའི་ལེའུ་སྟེ་ཉེར ་གཉིས་པའོ།། སྠི།། ། དབྱིངས་ཀྱི་དཀྱིལ་འཁོར་རབ་རྫོགས་ནས།། ཕྱི་དང་ནང་མེད་ཀུན་ཏུ་ཡང་།། གདལ་བ་ཆེན་པོའི་ཀློང་དུ་ཟིམ།། ཡེ་གཞིའི་སྟེང་དུ་རྩལ་ཆེན་རྫོགས།། ཆོས་ཟད་བློ་ཟད་འཁྲུལ་པ ་ཟད།། ཟད་པའི་དཀྱིལ་འཁོར་མཐའ་ཡས་ནས།། ཡོད་པ་མ་ཡིན་མེད་མ་ཡིན།། གཉིས་སྣང་ཀུན་གྱི་མཐའ་ལས་འདས།། ཡོད་ཅེས་ཀུན་རྫོབ་མ་ཡིན་ལ།། མེད་ཅེས་བྱང་དུ་དེ་མ་ཆད།། གང་ཡང་མཐའ་ལས་འདས ་པའོ།། སྒྲོ་བཏགས་ཞེ་ན་ཆོས་ཕྲ་མོ་ཙམ།། གཏན་དུ་ཡོད་པ་མ་ཡིན་ཞིང་།། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།། ཉིད་ཀྱི་ཀློང་དུ་ཡངས་པར་ཐིམ།། རྩལ་ཆེན་ཡང་མེད་པར་རྫོགས།། དཔའ་ཤུགས་ཆེན་པོའི ་དཀྱིལ་འཁོར་ཟད།། ཟད་ཅིང་སྟོང་པའང་མ་ཡིན་ཏེ།། མིང་གི་རྣམ་གྲངས་ལས་འདས་ནས།། བརྗོད་བྱ་རྗོད་བྱེད་བརྗོད་པ་ལས།། འདས་པའི་ངང་དུ་ཐིམ་པའོ།། རེ་རེའི་སྣང་ཚུལ་མ་ཡིན་པར།། གཏིང་རྫོགས ་ཡངས་པའི་ཀློང་དུ་དག། ཕྱི་ཡི་ཡུལ་སྣང་འཁྲུལ་ཟད་པར།། ནང་གི་ཡེ་ཤེས་ཡོངས་སུ་རྫོགས།། ཡེ་ཤེས་དང་ནི་ཉོན་མོངས་ཀྱང་།། དབྱེ་བ་མེད་པར་མཉམ་པ་ནི།། ཆོས་ཉིད་ཡངས་པའི་ངང་དུ་ཟད།། དཔའ་བར ་འགྲོ་དང་རྡོ་རྗེ་འཛིན།། མི་གཡོ་གཏིང་གསལ་དངོས་འཛིན་བྲལ།། ཐ་སྙད་དྲི་མ་ཟད་ནས་ཀྱང་།། བྱས་མེད་བྱས་པ་ཀུན་ལས་འདས།། ཕུང་པོ་ཀུན་ཀྱང་དུས་གཅིག་ཞིག། གསང་ཆེན་བསྐལ་པའི་དཀྱིལ ་འཁོར་ཞིག། ཡངས་ཤིང་གསལ་ལ་རྙོག་པ་མེད།། ཨེ་མ་སྒྲིབ་གཡོགས་དང་བྲལ་བའི།། མཁས་པའི་ཚིག་དང་རྫུན་ཚིག་དང་།། ཡ་བག་ཚ་རེ་དང་དོགས།། མཐའ་དབུས་ལ་སོགས་འགྲོ་ལྡོག ་རྣམས།། དུས་འདིར་ཟུང་ཟད་ཡེ་ཀློང་གྲོལ།། ཀུན་ཆུབ་རྒྱུ་ཡི་ཧེ་རུ་ཡང་།། དུས་འདིར་སྣང་ཙམ་མ་ཡིན་ལ།། སྒོ་བཏགས་ཉིད་ལས་འདས་པའོ།། ཟང་མ་དང་ནི་ཐལ་བ་ཉིད།། བླ་མ་ལྷ་དང་ཌཱཀྐི་ཡ།། དཀྱིལ་འཁོར ་ཉིད་ཀྱང་ཟད་ཐལ་བར།། སྣང་བ་རྫོགས་ནས་ཡེ་ཤེས་ཀྱི།། ཐུགས་རྗེ་ཞལ་ཕྱག་སྐུར་ཤར་བས།། ཡེ་ཤེས་སྣང་བའི་ཆ་མ་འགགས།། འཛིན་ཆ་ཐམས་ཅད་ཟད་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས ་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཆོས་ཉིད་ཟད་སྣང་གི་དཀྱིལ་འཁོར་རྫོགས་ནས། འཛིན་ཆ་ཐམས་ཅད་ཀྱི་མཐའ་རྫོགས་པར་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། སྠི།། ། ཟག་པ་ཟད་པ་ཞེས་བྱ ་བར།། དང་པོ་འཛིན་ཆ་མཐའ་ཡས་ཀྱང་།། རྩལ་གྱི་དཀྱིལ་འཁོར་རྫོགས་པའི་ཚེ།། བག་ཆགས་བཅས་པའི་འཛིན་ཆ་ནི།། ཕྲ་མོ་ཙམ་ཡང་མི་སྣང་བར།། དཀྱིལ་འཁོར་དབྱིངས་སུ་ཐིམ་ནས་ནི།། འཛིན་དང་འཛིན ་པ་ཟད་པ་ལས།། ཆོས་ཉིད་ཟད་པ་ཞེས་བྱ་སྟེ།། དེ་ལྟར་འཛིན་པ་རང་ཟད་ནས།། བདག་ཏུ་རྟོག་དང་གཞན་དུ་རྟོག། ཕྱི་ནང་གང་དང་བདག་གཞན་སོགས།། ཕན་ཚུན་དབྱེ་བ་མེད་ཀློང་དུ།། གཞི་སྣང་ཡེ་ཤེས་ཞེས ་བྱ་བ།། གསལ་ལ་དག་ཅིང་རྙོག་མ་མེད།། རབ་རིབ་བག་ཆགས་གཏན་ཟད་པའི།། ཡེ་ཤེས་འོད་གསལ་ལམ་མེ་བ།། འཁོར་འདས་ཡོངས་གྲོལ་གདལ་བ་ལས།། དཀྱིལ་འཁོར་དུ་མའི་འཆར་སྒོ་ཅན།། ཡེ་ནས་རབ ་ཏུ་ཤེས་པའི་ཕྱིར།། གཞི་སྣང་ཡེ་ཤེས་རྣམ་པར་དག། ཀུན་འདུས་སེམས་དཔའི་རྒྱལ་པོ་སྟེ།། ཡེ་ཤེས་རྣམས་ཀྱི་རྩ་བ་ཟུག། འདི་ལས་འཕྲོ་དང་འདུ་མེད་ཀྱང་།། གསལ་བ་འོད་ཀྱི་དཀྱིལ་འཁོར་བཀྲ།། དེ་ལས་འདུ ་དང་འཕྲོ་བ་ཡིས།། ཡེ་ཤེས་དབྱེ་བ་དུ་མར་འཕྲོ།། གདུལ་བྱ་དུ་མའི་སྤྱོད་ཡུལ་དུ།། ཡེ་ཤེས་དུ་མའི་དཀྱིལ་འཁོར་ཡང་།། སྐུ་དང་འོད་དུ་བཅས་པར་རོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ ་མཁའ་ཀློང་ཡངས་ལས། གཞི་སྣང་གི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། སྠི།། ། གཞི་སྣང་ཡེ་ཤེས་ཆེན་པོ་ལས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས།། མཐའ་དབུས་མེད་པར་མཉམ་གདལ ་ཞིང་།། སྣང་སྲིད་འཁོར་འདས་དཀྱིལ་འཁོར་རྣམས།། སྒྲིབ་གཡོགས་བྲལ་བ་ལམ་མེ་བ།། སྤྱི་ཟླུམ་ཡེ་ཤེས་རབ་འབྱམས་སུ།། རང་རྫོགས་ས་ལེར་ཤེས་པ་སྟེ།། དབྱིངས་ལས་རབ་སྣང་ཐུགས་རྗེ་ཡི།། རྩལ་འཕྲོ ་ཟེར་གྱིས་གདུལ་བྱ་ཡི།། རེ་དང་འདོད་པ་བསྐང་བའོ།། དེ་ལ་ཆོས་དབྱིངས་ཡེ་ཤེས་ཉིད།། སྤྱི་ཟླུམ་མཐའ་དབུས་མེད་པའོ།། གཏི་མུག་མི་ཤེས་མུན་པ་སངས།། ཤེས་བྱའི་དཀྱིལ་འཁོར་མ་ལུས་རྒྱས།། གདོད་ནས ་རྣམ་དག་སྤྲོས་བྲལ་ཞིང་།། སྤྲོས་དང་ཡང་དག་དེ་བཞིན་ཉིད།། ཆོས་དབྱིངས་རབ་འབྱམས་ཡེ་ཤེས་སོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། སྠི།། ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་།། འཆར་སྒོ་རྣམ་པ་དུ་མ་ཡི།། རོལ་པ་མ་འགགས་ས་ལེ་བ།། རབ་རིབ་མུན་པ་རབ་སངས་ནས།། སྣང་ངོར་གསལ ་ཙམ་མ་ཡིན་པར།། གཏིང་གསལ་ཡེ་ཤེས་ཆེན་པོའི་དོན།། ཐམས་ཅད་རང་ལ་རང་བཞིན་སྣང་།། གསལ་ལ་མ་འདྲེས་སོ་སོར་སྣང་།། འཕྲོ་དང་འདུ་དང་རླབས་གཡོ་བ།། ཕྱོགས་དང་རིས་ཆད་མ་ཡིན་ཅིང་།། འཁོར ་མོ་ཡུག་ལ་གསལ་བ་སྟེ།། སྣང་ལ་རང་བཞིན་མ་གྲུབ་གསལ།། གསལ་ལ་འཛིན་པ་མེད་པར་ཁྱབ།། བདག་དང་བདག་རྐྱེན་ཡུལ་འདས་པར།། སྒོ་རྣམས་གང་ཡང་མ་འགགས་ཤིང་།། ལྷུག་པ་ཉིད་དུ་སྣང་བ ་ལས།། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ།། བསྒྲིབ་བྱ་སྒྲིབ་བྱེད་བསྒྲིབ་པ་ལས།། འདས་ཤིང་རང་སྣང་དཀྱིལ་འཁོར་རྫོགས།། ཡུལ་དང་ཡུལ་ཅན་གཉིས་མཉམ་པར།། གསལ་ལ་མ་འདྲེས་ཤར་བའོ།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། སྤྱི།། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི།། འཁོར་བ་གཏིང་མཐའ་མེད་པ་དང་།། འདས ་པ་དཀར་པོའི་ཆོས་རྣམས་ཀུན།། ཕན་ཚུན་ཕྱོགས་སུ་མ་ཆད་པར།། རིས་མེད་མཉམ་ཉིད་ཆེན་པོར་གནས།། གཏིང་གསལ་ཆེན་པོའི་གདངས་ལས་ཀྱང་།། སྣ་ཚོགས་བཀྲ་བའི་འཕྲོ་འདུ་ཡང་།། མཉམ་ཉིད་སྤང་དང ་བླང་མེད་པར།། ཡེ་ཤེས་གཅིག་པའི་ཀློང་དུ་གྲོལ།། མཉམ་དང་མི་མཉམ་རིས་མེད་ལ།། མཉམ་པ་ཉིད་ཅེས་བྱ་བ་སྟེ།། དེ་དག་ཡེ་ནས་ཤེས་པ་ལ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས།། མིང་དུ་བཏགས་པར་ཟད་པ ་སྟེ།། དོན་ལ་ཡངས་དང་དོགས་མེད་ཅིང་།། ཕྱོགས་དང་རིས་དང་ང་ཁྱོད་མེད།། བཟང་དང་ངན་པ་ལ་སོགས་ཏེ།། མདོར་ན་གཉིས་སྣང་ལས་འདས་པས།། གཏིང་གསལ་ཡེ་ནས་དག་པའི་ཀློང་།། མཉམ་པ་ཉིད་ཀྱི ་ཡེ་ཤེས་སོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། སྠི།། ། སོ་སོར་རྟོགས་པའི་ཡེ་ཤེས ་ནི།། དབྱིངས་གསལ་ཆེན་པོའི་རོལ་པ་ལས།། རྩལ་གྱི་འཕྲོ་འདུ་འགྱེད་པ་དང་།། དེ་དང་དེ་ཡི་ཆོ་འཕྲུལ་ལས།། རྣམ་པ་དུ་མར་སྣང་བ་ཀུན།། མ་འདྲེས་འདྲེས་པ་མེད་བཞིན་དུ།། གསལ་འགྲིབ་མེད་པར་སོ་སོར ་སྣང་།། རང་ལས་རང་ཉིད་འོད་ཤར་བས།། ཆགས་པ་མེད་ཅིང་བྲལ་མེད་པར།། འོད་སྣང་ལས་ཀྱང་འོད་ཀྱི་མདངས།། གཡོས་པ་མེད་པར་བཀྲ་ལམ་མེར།། ཡེ་གདངས་ཉིད་དུ་རབ་ཤེས་པས།། རྣམ་པར་རིག་བཀྲ ་འདུ་དང་འཕྲོ།། ཕྲ་ཞིང་གྲིམ་དང་ཡང་ཞིང་གཡོ།། སོ་སོ་ཉིད་ལས་སོ་སོར་སྣང་།། སྲིད་བྲལ་གཞིར་སྣང་འཕྲོ་འདུ་ཡིས།། ཡེ་ཤེས་དག་པས་རྟོགས་དང་གྲོལ།། རྣམ་པར་རིག་བྱེད་མ་འགགས ་པར།། སོ་སོ་རྟོགས་པའི་ཡེ་ཤེས་ཉིད།། རང་བྱུང་དབྱིངས་ལས་རང་ཤར་བའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སོ་སོར་རྟོགས་པའི་ཡེ་ཤེས་བསྟན་པའི་ལེའུ་སྟེ། ་ཉེར་བརྒྱད་པའོ།། སྠི།། ། བྱ་བ་གྲུབ་པའི་ཡེ་ཤེས་ནི།། ཕྲིན་ལས་ལས་ཀྱང་ཕྲིན་ལས་ཀྱི།། འདུ་འཕྲོ་རང་སྣང་རྩལ་པོ་ཆེ།། སྦྲུལ་དང་ཡང་སྦྲུལ་ཀུན་ནས་སྦྲུལ།། གདུལ་བྱ་གདུལ་བ་འདུལ་བྱེད ་ཀྱིས།། དཀྱིལ་འཁོར་སྣ་ཚོགས་རང་སྣང་ཞིང་།། འབྲས་བུ་ཡང་དག་དེ་བཞིན་ཉིད།། རྩོལ་བྲལ་ཆེན་པོར་ལྷུན་གྱིས་གྲུབ།། བྱས་པ་མེད་ཀྱང་རང་གཤིས་ལས།། རང་བྱུང་འདུས་མ་བྱས་སུ་སྣང་།། དེ་བས་བྱ་བྱེད ་རྩོལ་བྲལ་བས།། བྱ་བ་བྱེད་ཅིང་བྱེད་པ་བྱ།། ཡང་དག་ཆེན་པོ་གྲུབ་པས་ནི།། དེ་ནི་ཡང་དག་ཡེ་གདངས་སུ།། ཤེས་དང་རྣམ་རིག་རྣམ་པར་བཀྲ།། བྱ་བ་གྲུབ་པའི་ཡེ་ཤེས་ཉིད།། གྲངས་མཐའ་ལས་ཀྱང་རྣམ་ཟད ་པ།། བདག་རྟོག་མ་ཡིན་གཞན་མ་ཡིན།། བདག་གཞན་རིས་ལ་ཡོད་མ་ཡིན།། ཡང་དག་ཡང་གྲོལ་ལས་རྣམས་ཟད།། དེ་ལས་བྱ་བ་གྲུབ་པ་སྟེ།། ཡེ་ཤེས་ཉིད་ནི་སྒྲིབ་པ་བྲལ།། ཀུན་ནས་ཡང་ཡང་བསྒྱུར་གཞི ་མེད།། རྒྱན་དང་བཅས་པའི་རོལ་པ་སྟེ།། འདི་ཀུན་གཏང་གཞག་མེད་པ་ཡིན།། བྱ་བ་མེད་ལ་བྱུང་བ་མེད།། བྱས་པ་མེད་པས་བསྒྱུར་གཞི་མེད།། དེ་ཕྱིར་འཁྲུལ་པ་རང་དག་པས།། ཡེ་ཤེས་རྣམ་པར་གྲོལ་བའོ།། བླ ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། སྠི།། ། ཡང་དག་ཡེ་ཤེས་བདེན་མ་མཐོང་།། བར་མ་དོ་རུ་འཁྱམས ་པ་ལ།། བར་དོ་གནད་ཀྱི་དོན་བསྟན་པ།། བར་མ་དོ་ཡི་དབྱེ་བ་དང་།། ས་མཚམས་གནས་ལུགས་སྣང་ལུགས་ཏེ།། སྐྱེ་གནས་པར་དོ་འཆི་ཁ་ཡི།། བར་དོ་དང་ནི་ཆོས་ཉིད་ཀྱི།། བར་དོ་སྲིད་པའི་བར་དོ་སྟེ།། དེ་ལྟར ་དབྱེ་བ་རྣམ་པ་བཞི།། དེ་ལ་བར་དོའི་ས་མཚམས་ནི།། མ་ལ་སྐྱེས་ནས་འཆི་ཁ་ཡི།། ནད་ཀྱིས་བཏབ་པ་ཚུན་ཆད་དུ།། སྐྱེ་གནས་བར་དོ་ཞེས་བྱ་སྟེ།། ཕྱི་ནས་འབྱུང་བཞི་རིམ་གྱིས་ཐིམ།། ནང་དབུགས་ཆད་པ་ཚུན ་ཆད་དུ།། འཆི་ཁ་མ་ཡི་བར་དོ་ཡིན།། དེ་ནས་ནང་གི་དབུགས་ཆད་ནས།། ལྷུན་གྲུབ་སྣང་བ་ཚུན་ཆད་དུ།། ཆོས་ཉིད་པར་དོའི་ས་མཚམས་ཡིན།། དེ་ནས་མངལ་དུ་ཆུད་པ་ཚུན།། སྲིད་པ་བར་དོའི་ས་མཚམས ་ཡིན།། དེ་ནས་བར་དོའི་གནས་ལུགས་ནི།། གདོས་བཅས་ཤ་ཁྲག་ལུས་གྲུབ་པས།། ཡེ་ཤེས་སྣང་བ་འགག་པ་སྟེ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། རྟོག་ཚོགས་འཕྲོ་འདུ་དུ་མ་སྟེ།། ཡུལ་དང་ཡུལ་ཅན་འཐབ་པ ་ནི།། སྐྱེ་གནས་བར་དོའི་གནས་ལུགས་སོ།། རླུང་མཁྲིས་བན་ཀན་འདུས་པ་སོགས།། འཆི་རྐྱེན་གནད་ཀྱིས་འབྱུང་བ་རྣམས།། རབ་ཏུ་འཁྲུགས་ཤིང་ལུས་ངག་ཡིད།། སྡུག་བསྔལ་ཚོར་བ་དཔག་མེད ་མྱོང་།། འཆི་ཁ་བར་དོའི་གནས་ལུགས་ཡིན།། བདག་དང་བདག་གིར་འཛིན་པ་ཡི།། ཕུང་པོ་ལུས་ཀྱི་རྟེན་བོར་ནས།། རང་ལས་རང་དབང་དུས་དེར་ཐོབ།། སྐད་ཅིག་ཆོས་ཉིད་བདེན་དོན་མཐོང་།། ཆོས་ཉིད་བར ་དོར་ལོངས་སྤྱོད་ལས།། ཆོས་ཉིད་བར་དོའི་གནས་ལུགས་ཡིན།། སྔོན་གྱི་བག་ཆགས་ལས་དབང་གིས།། གཟུགས་གཅིག་ཡོད་སྙམ་སྲིད་པའི་ལུས།། དབང་པོ་ཚང་ཞིང་ཐོགས་པ་མེད།། ཡུལ་རྣམས་ཀུན་ལ་ཐོགས ་མེད་རྒྱུག། རྣམ་ཤེས་བྱ་སྒོ་རླུང་བསྐྱོད་བཞིན།། དྲི་ཟ་ཡིད་ཡུད་བན་མ་བུན།། སྲིད་པ་བར་དོའི་གནས་ལུགས་སོ།། གནས་ལུགས་དེ་ལས་སྣང་ལུགས་ནི།། སྐྱེ་གནས་བར་དོའི་སྣང་ལུགས་སུ།། རང་བཞིན་བབས་ཀྱི ་གནས་པ་ལས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། ཉོན་མོངས་ལ་སོགས་རྣམས་ཀུན།། ཡུལ་ལས་སྣང་ཞེན་ཀུན་ཏུ་སྤྱོད།། འཆི་ཁ་བར་དོའི་སྣང་ལུགས་ཀྱང་།། ཤེས་པ་རྩེ་གཅིག་མི་གནས་པས།། སྨིག་སྒྲ་གཡོ ་ལྟར་བན་བུན་དང་།། ལང་ལོང་ཟང་ཟིང་དུ་མར་སྣང་།། རབ་ཏུ་གཡོ་ཞིང་འཕྲིགས་པ་འོང་།། ཆོས་ཉིད་བར་དོའི་སྣང་ལུགས་སུ།། རང་སྣང་ཆོས་ཉིད་རོལ་པའི་ཀློང་།། རང་རྩལ་མ་འགགས་སྣ་ཚོགས་ཏེ། ཁ་དོག་སྣ ་ཚོགས་འབར་བའི་འོད།། སྐུ་དང་ཡེ་ཤེས་ཐིག་ལེ་དང་།། ཟེར་དང་ཆོས་ཉིད་རང་སྒྲ་སྟེ།། འུར་ཏིང་སིང་ཁྲོལ་དཔག་ཏུ་མེད།། འབྱེད་དང་ཕྱེད་པ་རང་གྲོལ་ཉིད།། རང་ཤར་གྲོལ་ནས་བདེན་པ་མཐོང་།། སྲིད་པ་བར ་དོའི་སྣང་ལུགས་ལ།། རྨི་ལམ་ཉིད་ཀྱི་སྣང་བ་ལྟར།། ཡང་ཡུད་ཕྱད་ཕྱོད་སྣ་ཚོགས་པ།། ཡིད་ཡུལ་བདེན་སྣང་འཆར་བ་སྟེ།། རིགས་དྲུག་གང་དང་གང་སྐྱེ་བར།། དེ་དང་དེ་ཡི་སྣང་བ་འཆར།། སོ་སོར་དམིགས་ཡུལ ་རང་རང་གི། ལས་ཀྱི་འཕེན་སྡུད་སྣང་བའོ།། དེ་ལྟར་བར་མ་དོ་རུ་ཡང་།། རབ་འབྲིང་ཐ་མ་ཡང་མཐའ་ཡི།། སྐྱེས་བུ་རྩལ་སྦྱང་ལམ་སྣ་བཟུང་།། སྐྱེ་གནས་ཉིད་ནས་བྱེ་བྲག་དབྱེ།། ངེས་པར་འཁྲུལ་པའི་སྣང་བ ་དག། ཡེ་ཤེས་རང་རྩལ་ངོ་ཡིས་བཟུང་།། རབ་ལ་ཤར་གྲོལ་འབྲིང་པོ་གློད།། ཟ་མ་རང་གི་རང་ས་བཟུང་།། ཡང་མཐའ་སྨོན་ལམ་རྩལ་ཆེན་སྦྱང་།། འཕར་དང་བགྲོད་ལ་བཟུང་བས་ཀྱང་།། གཡོ་བ་མེད་པའི་ཏིང ་འཛིན་གྱིས།། གང་ལ་གོམས་པ་དེ་འགྲུབ་འགྱུར།། འབྲས་བུ་ངེས་པའི་གདེང་ཆེན་ནི།། སྐད་ཅིག་ཉིད་ལ་ཟིན་པ་གཅེས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། བར་དོ ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། སྠི།། ། ཉམས་སུ་ལེན་པའི་གནད་བསྟན་པ།། རྒྱུ་དང་རྐྱེན་ལས་གྱུར་པ་ཡི།། ལས་ཀྱི་སྒྲིབ་པ་སྦྱོང་བ་སྟེ།། ལུས་ཀྱིས་ལུས་ཉིད་ཨར་ལ་གཏད།། ངག་གིས་ངག་ཉིད ་བཙོན་དུ་བཟུང་།། སེམས་ཀྱིས་སེམས་ཉིད་གཏན་ལ་ཕབ།། སྤྱི་འདུས་སྒོ་གསུམ་གཏན་ལ་དབབ།། ངེས་ཤེས་ཆེན་པོའི་ཏིང་འཛིན་གྱིས།། འདུན་པ་བླ་མ་འབྲལ་མེད་བསྟེན།། བློ་སྣ་བསྙུང་ཞིང་མི ་རྟག་བསྒོམ།། གཞན་དོན་བློ་བསྐྱེད་རང་འཁྲིས་བཅད།། འདོད་ཡོན་ཞེན་པའི་འཆིང་བ་གཅོད།། བག་ཆགས་མངོན་ཞེན་གཡེང་ལ་བོར།། གནས་ལུགས་ཡེ་ཤེས་དྲན་བསམ་བཟུང་།། གང་ཤར་བློ་བྲལ་དང་ལ ་གཞག། འཁོར་གསུམ་གང་ཤར་རྒྱས་བཏབ་པས།། ཡེ་ཀློང་ཉིད་དུ་མངོན་སངས་རྒྱ།། འབྲས་བུ་རང་བབས་ལྷུན་གྱིས་གྲུབ།། མ་བཅོས་ཡངས་པ་ཆེན་པོའི་དོན།། ས་ཆེན་རབ་ཏུ་གནོན་པ་ཡིན།། བླ་མ་ཡི་དམ ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཉམས་ལེན་གྱི་གནད་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། སྠི།། ། ཚེ་རབས་ལས་ཀྱི་འབྲས་བུ་ལས།། ནག་པོ་ཟད་པའི་སྦྱངས་སྟོབས ་ཀྱིས།། རང་གྲོལ་ཕྱག་རྒྱ་ཆེན་པོ་བསྟན།། གནས་ལུགས་གཞི་ཡི་ཕྱག་ཆེན་ནི།། ངོ་བོ་མི་གཡོ་འགྱུར་བ་མེད།། རོལ་པ་མ་འགགས་སྣ་ཚོགས་ཀུན།། ཆུ་ཟླ་མེ་ལོང་གཟུགས་བརྙན་ལྟར།། བྱ་རྩོལ་འཛིན་པ་མེད་པར ་འཆར།། ཡེ་ནས་རབ་རིབ་མེད་པའི་ཀློང་།། ཀུན་གསལ་གད་ལ་ཁྱབ་འོད་པོ་ཆེ།། སེམས་ཅན་ཀུན་ལ་ཐུན་མོང་སྣང་། ཁྱད་པར་དལ་འབྱོར་ལྡན་པ་ཡི།། ལུས་ཅན་ཀུན་ལ་རྩལ་དུ་ཞུགས།། གཡོ་མེད་གཏིང་གསལ ་ཆེན་པོ་སྟེ།། ནམ་མཁའ་རྒྱ་མཚོ་རི་རྒྱལ་ཚུལ།། ཐོགས་དང་གོས་པ་མེད་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། གཞི་གནས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་པའི ་ལེའུ་སྟེ་སོ་གཉིས་པའོ།། སྠི།། ། བགྲོད་བྱེད་ལམ་གྱི་ཕྱག་རྒྱ་ཆེ།། གང་ཤར་རྣམ་པ་སྣ་ཚོགས་ཀུན།། ཆུ་ལ་རི་མོ་བྲིས་པ་དང་།། མཁའ་ལ་བྱ་ཚོགས་འགྲོ་བའི་རྗེས།། མཚོ་ལ་ཁ་བ་བབས་པ་ལྟར།། གང་ཤར ་ལམ་གྱི་རོལ་པ་རྣམས།། གང་ཤར་རང་གྲོལ་ཕྱག་རྒྱ་ཆེ།། སྣང་ཡུལ་མ་འགགས་གཟུང་ཡུལ་བྲལ།། ངང་ལས་ངང་ཉིད་ཐིམ་པ་སྟེ།། ངང་ཤར་རོལ་པའི་གནད་ཐེབས་པས།། ལམ་གྱི་འཆར་ཚུལ་མ་འགགས ་པའི།། མ་མ་ཆེན་མོར་གནས་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ལམ་ཕྱག་རྒྱ་ཆེན་པོ་ཤར་གྲོལ་གྱི་གནད་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། ། ་སྒྲ།། ། འབྲས་བུ་རང་སངས་རྒྱས་པའི་སྐུ།། ཕྱག་རྒྱ་ཆེན་པོ་ཡངས་པའི་ཀློང་།། གཞི་ལས་རྣམ་པར་མ་གཡོས་པར།། རང་བབ་གཤིས་ལ་འགྱུར་མེད་ཆོས།། ལུས་ངག་ཡིད་ཀྱི་རྣམ་རོལ་ཀུན།། མཁའ་ལ་སྤྲིན ་ཚོགས་དེངས་པ་ལྟར།། འབད་རྩོལ་མེད་པར་རང་ས་ཟིན།། གཡོ་འགུལ་མེད་པར་གཏན་ལ་ཕེབ།། རེ་དོགས་མེད་པས་ལམ་རྩལ་རྫོགས།། རྒྱུ་རྐྱེན་ལས་འདས་ཕྱག་རྒྱ་ཆེ།། འབྲས་བུ་ཕྱག་རྒྱ་ཆེན་པོ་སྟེ།། མ་བཅོས ་རང་བབ་ལྷུན་གྱིས་གྲུབ།། དཔེ་བྲལ་ནམ་མཁའི་དཀྱིལ་འཁོར་བཞིན།། གཏིང་རྫོགས་ཆེན་པོར་རབ་མཉམ་བཟང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས ་ལས། འབྲས་བུ་ཕྱག་རྒྱ་ཆེན་པོ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། སྠི།། ། དེ་ལྟར་གཞི་ལམ་འབྲས་བུ་ཡི།། ཕྱག་རྒྱ་ཆེ་ལ་མངའ་བརྙེས་པས།། ཉམས་ལེན་ལམ་གྱི་བོགས་དབྱུང་བ།། ལུས་ངག་ཡིད་གསུམ ་མཉམ་གནས་པས།། གཡོ་མེད་བསམ་གཏན་ངང་ལ་བཞག། ཚོགས་དྲུག་ཡུལ་ལ་ཡིད་མི་སྤྲོ།། གང་ཤར་མཉམ་པ་ཉིད་གནས་པ།། དམིགས་པ་རྩེ་གཅིག་མི་གཏད་པར།། ཕྱམ་གད་ལ་རོ་གཅིག་དོན་ལ་བཞག། དེ ་ལ་སྤྱོད་ལམ་ཅི་བདེར་སྤྱོད།། ཕྱི་ནང་ཡུལ་དང་ཡུལ་ཅན་ཀུན།། སྤང་བླང་དགག་བསྒྲུབ་མེད་པའི་ངང་།། འགྱུ་བ་དངས་སངས་ཉིད་གནས་པས།། སྤྲོ་བསྡུའི་སྤྲོས་པ་རང་ཆོད་དེ།། རེ་དོགས་བླང་དོར་ལས་འདས ་འགྱུར།། ཉོན་མོངས་ལ་སོགས་རང་སར་དེངས།། ཡེ་ཤེས་དང་གནས་ལྷུན་གྱིས་གྲུབ།། གསལ་འགྲིབ་མེད་པའི་ཉམས་ལས་ཀྱང་།། སྣ་ཚོགས་ཤར་གྲོལ་རྟོགས་པ་འཆར།། བལྟ་བའི་གདེང་ཆེན་རྙེད་པ ་འབྱུང་།། བསྒོམ་པ་གཤིས་ལུགས་རང་བབ་འཆར།། སྤྱོད་པ་འབད་རྩོལ་ལས་འདས་འབྱུང་།། འབྲས་བུ་རེ་དོགས་འཛིན་པ་བྲལ།། དེ་ཀུན་ལམ་གྱི་རྩལ་སྦྱོང་སྟེ།། བདག་དོན་རྟོགས་པའི་ཡེ་ཤེས་ཀྱིས།། ངང་བསྒོམ ་གདལ་བ་ལྷུག་པར་འཆར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ལམ་ཉམས་ལེན་བོགས་དབྱུང་བ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། སྠི།། ། ཉམས་ལེན་ལམ་གྱི ་རྩལ་འབྱོངས་ནས།། ཅིར་སྣང་གྲོགས་སུ་ཤར་ནས་ཀྱང་།། འབྲས་བུ་བཙན་ས་ཟིན་པ་ནི།། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།། དུ་མ་རོ་གཅིག་མཉམ་གནས་པས།། ཡངས་པ་ཆེན་པོའི་གནས་ལུགས ་ལ།། རང་བབ་གཤིས་ལ་གཡོ་མེད་བཞག། རྣམ་མཁྱེན་རྫོགས་པའི་སངས་རྒྱས་དང་།། སྲིད་པ་ཡང་མཐའི་སེམས་ཅན་ཀུན།། མཉམ་ཉིད་གཅིག་པའི་ངང་དུ་སྟེ།། དེ་བཞིན་གདེང་ལྡན་རྣལ་འབྱོར་པས།། ཡར་ལ་རེ ་དང་མར་ལ་དོགས།། རེ་དོགས་མེད་པའི་ཏིང་འཛིན་གྱིས།། སྣང་སྲིད་ཐམས་ཅད་རྒྱ་ཡིས་གདབ།། གཏད་པ་མེད་པའི་ངང་ལ་བཞག། གསལ་འགྲིབ་མེད་པའི་ངང་ལ་གཞག། རང་ཡན་ཡིན་པའི་ངང་ལ ་གཞག། རང་ས་ཟིན་པའི་ངང་ལ་གཞག། བཅོས་བསླད་མེད་པའི་ངང་ལ་གཞག། བླང་དང་དོར་བ་མེད་པར་གཞག། དེ་ལྟར་དེ་ཡི་གནས་ལུགས་ལ།། ཡེ་ཤེས་དང་བསྒོམ་ཆེན་པོ་ཞེས།། འབྲས་བུ་བཙན་ས་ཟིན་པ ་སྟེ།། རྣམ་ཀུན་ཡེ་ཤེས་མཆོག་གི་དོན།། ལམ་འགག་སྒྲོལ་ནས་དམིགས་སུ་སྐྱོལ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། འབྲས་བུ་ཡེ་གཞིའི་སྟེང་དུ་བཙན་ས་ཟིན་པའི ་ལེའུ་སྟེ་སོ་དྲུག་པའོ།། སྠི།། ། གཞི་ལམ་འབྲས་བུའི་དོན་ལྡན་ཞིང་།། ཕྱིར་མི་ལྡོག་པའི་གདེང་ཆེན་གྱིས།། ཕྲིན་ལས་གཞན་དོན་འབྱུང་བྱེད་པའི།། ངང་ལས་ཐུགས་རྗེའི་རླབས་གཡོ ་ཞིང་།། ལུས་ལ་ལུས་ཏེ་རྡོ་རྗེ་ཡི།། རྩལ་ཆེན་པ་ལམ་གཡོས་པ་ལྟར།། ཆོ་འཕྲུལ་སྣ་ཚོགས་འགྱེད་པ་དང་།། ཡ་མ་ཟུང་རྣམས་སྟོན་པའོ།། འགག་མེད་གསུང་གི་རྩལ་འཕྲོས་པས།། སྒྲ་ལ་དབང་འབྱོར་ཚངས་པའི ་དབྱངས།། གདུལ་བྱ་དཔག་ཏུ་མེད་རྣམས་ཀྱི།། སོ་སོའི་སྐད་དུ་རྣམ་པར་སྒྲོགས།། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད།། གདལ་བས་དོན་རྟོགས་སྨིན་གྲོལ་བྱེད།། འགྱུར་མེད་རོལ་པ་ཡེ་ཤེས་ཐུགས།། སྣ་ཚོགས་འགྲོ ་བའི་ལམ་རྒྱུད་དུ།། རེ་རེ་ལ་ནི་རེ་རེར་སྣང་།། ཐམས་ཅད་མཁྱེན་ལྔ་ཤུགས་ལས་འབྱུང་།། འགྲོ་འདུལ་རྩལ་སྣང་དཔག་ཏུ་མེད།། རྩོལ་བྲལ་ཆེན་པོའི་འགྲོ་དོན་གྱིས།། ངན་སོང་དོང་སྤུག་ཆེན་པོར་རོ།། བླ་མ་ཡི་དམ ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། དོན་ཐོབ་ཐེ་ཚོམ་མེད་པའི་དགོངས་པ་དེས་འགྲོ་དོན་ཤུགས་འབྱུང་དུ་མཛད་པར་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། སྠི།། ། སྤྱོད་པ་སྤྱོད ་ནས་དོན་འབྱུང་བ།། ཡང་དག་དོན་ནི་ཡང་དག་བཤད།། གང་གིས་ཉམས་སུ་ལེན་པ་ཡི།། མ་བུ་དད་བརྩོན་སྙིང་རྗེར་ལྡན།། ཕོངས་མེད་བདག་ལུས་ཐེད་ལ་བོར།། རེ་ལྟོས་ཉམ་ང་བག་ཚ་མེད།། འཇིག་རྟེན་ཆོས་ལ ་མཐུན་མི་འཇུག། སྣང་བའི་ཆོས་ལ་ཞེན་མི་ཆགས།། ལེགས་ཉེས་རྩིས་གདབ་བྲལ་བ་ཡི།། ཡང་དག་ངེས་པའི་ཆོས་ལ་འཇུག། སྣང་ཞེན་འཁྲི་བ་རྦད་ཀྱིས་བཅད།། གང་ལའང་ཉམ་ང་མེད་པར་བྱ།། སྤོབས་པའི ་གཟེངས་ཆེན་བསྟོད་པ་གནད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཉམས་སུ་ལེན་པའི་གང་ཟག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། སྠི།། ། ཡང་དག་བླང ་དོར་མེད་པ་ཡི།། ཆོས་མཆོག་ཉམས་ལེན་བརྩོན་པའི་གནས།། རབ་ལ་དབེན་ཞིང་ཉམས་དགའ་བའི།། འབྲིང་ལ་གཉེན་ཞིང་རྩུབ་པ་སྟེ།། ཐ་མར་རང་མཐུན་སྟབས་དང་བསྟུན།། ཡ་མ་ཟུང་གི་གནས་རྣམས ་སུ།། ཉམས་ལེན་དྲོད་དང་མི་ལྡན་སྤང་།། འཇིག་རྟེན་སྐྱེ་བོས་བགྲོད་པའི་ས།། ཡིད་གཉིས་འཇུག་པས་མི་བསྟེན་སྤང་།། དམ་ཉམས་གནས་མལ་མི་གཙང་ས།། བསྒྲུབ་ལ་བར་ཆད་འཇུག་པས་སྤང་།། མདོར་ན ་སྐྱོན་ཡོན་ལེགས་བརྟགས་ཏེ།། དང་པོ་ལེགས་པའི་གནས་མཆོག་བཙལ།། དེ་ནས་རང་ལ་རང་ཤེས་ནས།། ཡང་ལ་སོགས་འཇིགས་པ་སྤང་།། དེ་ནས་བསྟན་པ་ཐོབ་པ་ཡིས།། ངེས་མེད་གནས་ཀྱི་བདམ་རིས ་སྤང་།། ཚོང་དུས་ལ་སོགས་གཡེང་བའི་ས།། མ་རུངས་ལྷ་འདྲེ་མི་གསུམ་ཀུན།། འགྱུ་སྲང་འདུ་ས་ཆེན་པོ་བསྟེན།། དེས་ནི་ཡང་དག་དོན་ཆེན་འགྲུབ།། ངེས་པ་རྙེད་ནས་གདེང་ཆེན་ཐོབ།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཉམས་ལེན་གྱི་གནས་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། སྠི།། ། ཚུལ་ལྡན་ལེགས་པའི་སྐྱེས་མཆོག་དེ།། དམིགས་པའི་གནས་དེར ་སླེབས་པ་དང་།། རིག་པ་རྟེན་དང་ཕྲལ་ནས་ཀྱང་།། སེམས་ཉིད་ཆོས་ཀྱི་དབྱིངས་སུ་འཕང་།། མཁའ་ལྟར་ཁྱབ་པའི་ངང་ལ་གཞག། གཅེས་འཛིན་ལུས་ཀྱི་གདུང་བ་བཅད།། ས་རྡོ་ལྟ་བུར་ལིངས་ཀྱིས་དོར།། སྣང ་སྲིད་འཁོར་འདས་ཆོས་རྣམས་ཀུན།། གྱི་ན་ཙམ་དུ་བུན་གྱིས་བསྒྱུར།། གཏད་མེད་རིག་པ་དབྱིངས་སུ་སྦྱར།། ཕྱི་ནང་སྣང་ཞེན་འཁྲི་བ་བཅད།། ཡུལ་མེད་དམིགས་གཏད་བྲལ་བར་བཞག། རྒ་ནད་འཆི་སོགས་འདུན ་པ་བཤིག། རང་བབ་དང་དུ་བསྐུར་ལ་བཏང་།། ཅོག་བཞག་ཆེན་པོར་ལ་ཟག་བཅད།། མདོར་ན་གདལ་བ་ཆེན་པོའི་ངང་།། མཐའ་བྲལ་ཡོངས་གྲོལ་གནད་ལ་གཟིར།། བླང་དོར་ལ་སོགས་བློ་ལས་བསྒྲུང་།། བླ་མ ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས་རིག་པ་རྟེན་དང་ཕྲལ་ནས་བལྟ་བའི་ལ་ཟག་གཅད་པར་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། སྠི།། ། ལ་ཟག་ཆོད་པའི་དུས་ཉིད ་ན།། མི་གཙང་རྫས་ཀྱི་ཕུང་པོ་སྟེ།། བདག་ལུས་འབྱུང་བའི་གྲོང་ཁྱེར་བཤིག། ཡེ་ཤེས་ལྷ་རྣམས་དབྱིངས་སུ་སྦར།། དག་པ་བདུད་རྩིར་དམིགས་པས་བསྒྱུར།། ཐུགས་རྗེ་རྩལ་གྱི་དགོངས་པ་ཡིས།། ལྷས་འདོད་ལྷ་ལ ་མཆོད་བྱས་ཤིང་།། འདྲེས་འདོད་འདྲེ་ལ་ལྟོས་མེད་སྦྱིན།། ལེན་ཆགས་རིགས་དྲུག་སེམས་ཅན་ལ།། ཕམ་རྒྱལ་རྩོད་འཐེན་མེད་སེམས་ཀྱིས།། ཡ་ང་ཁུ་འཁྲིགས་སྤངས་ལ་སྦྱིན།། རེ་དང་ལྟོས་པ་མེད་པ་ཡིས།། གང ་ལ་སྦྱིན་དང་གང་གིས་སྦྱིན།། གང་ལྟར་སྦྱིན་པའི་ཚུལ་རྣམས་ཀྱིས།། འདུ་འཕྲོ་ཆོས་ཉིད་བདེན་པའི་མཐུའི།། དཔུང་དང་བཅས་པའི་བྱིན་རླབས་ཀྱིས།། ཀུན་ཀྱང་བདེན་འབྲས་མཆོག་ལ་རེག། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། བདག་རྟོག་འཁྲུལ་པའི་གཅེས་འཛིན་བཤིག་ནས་ལྷ་འདྲེའི་འཁྲུལ་ཆ་བཅད་པའི་ལེའུ་སྟེ་ཞེ་གཅིག་པའོ།། སྠི།། ། དེ་ལྟར་དེ་ལ་རབ་བརྩོན ་པ།། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ།། མི་དང་འདྲེ་རུ་སྣང་ཡང་རུང་།། ཆོ་འཕྲུལ་རྣམ་འཕྲུལ་དུ་མ་ཡིས།། སྐབས་ཚོལ་གླགས་ལྟ་བྱེད་པ་ན།། དེ་དང་དེ་ལ་དམིགས་པ་གཏད།། བདག་དང་ཕན་ཚུན་དབྱེར་མེད ་བསྲེ།། བྱམས་སེམས་སྙིང་རྗེའི་རྩལ་གྱིས་བཟུང་།། བདེན་མཐོང་ཡང་དག་ཆོས་ལ་གཟུད།། སླར་ཡང་དམིགས་པ་སྦྲུལ་བསྐུར་གྱིས།། གང་ལ་གང་དགོས་ཅི་འདོད་ཀྱི།། རེ་ལྟོས་མེད་པའི་སྦྱིན་པ་བཏང་།། བདག ་གཞན་རེ་དོགས་ཉེ་རིང་གི། བླང་དོར་འཛིན་པའི་རྟོད་ཕུར་ཕྱུང་།། གང་དང་གང་དུ་འབྲེལ་བཅས་པས།། རྣམ་དག་རྒྱལ་བའི་ཞིང་དུ་བསྐྱལ།། རྣམ་གྲོལ་ལེགས་པའི་ལམ་ལ་སྦྱོར།། བྱང་ཆུབ་ཆོས་ཀྱི་ས་བོན ་གདབ།། ལས་འབྲས་དཀར་པོའི་བག་ཆགས་བཞག། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། བདུད་ངོས་བཟུང་ཞིང་གཉེན་པོ་བྱམས་སྙིང་རྗེས་ཐོག་བརྫིས ་བཏང་བའི་ལེའུ་སྟེ་ཞེ་གཉིས་པའོ།། སྠི།། ། གདོད་ནས་རྣམ་དག་ཡེ་ཤེས་མཆོག། གཏང་གཞག་བྲལ་བའི་གདེང་ཐོབ་ནས།། ཡུལ་ཕྱིར་བལྟས་པས་ཡ་ང་མིན།། བློ་བྲལ་རང་གྲོལ་དབྱིངས་ཉིད ་ལས།། སྙེམས་མེད་ཡེ་གྲོལ་གཅིག་ཐག་ཆོད།། དགོངས་ཀློང་མཁའ་ལྟར་དག་པའི་ངང་།། གཞི་རྩ་བྲལ་བའི་ཅོག་བཞག་པ།། ཅིར་སྣང་རང་སར་གྲོལ་བ་ཡིས།། སྣང་སྲིད་འཁོར་འདས་གཏན་ལ་ཕབ།། ལྷ་མེད་འདྲེ ་མེད་རང་ཐག་ཆོད།། སྙེམས་བྲལ་ཆོས་ཀྱི་དབྱིངས་སུ་ཐིམ།། མ་ལ་བུ་བཞག་ཇི་བཞིན་དུ།། བཟའ་ངན་དུ་མ་རོ་གཅིག་གོ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། སྣང ་སྲིད་འཁོར་འདས་ཐམས་ཅད་རང་ཉིད་ཀྱི་སྟེང་དུ་ལ་ཟག་གཅད་དེ་འཁོར་འདས་གཏན་ལ་དབབ་པའི་ལེའུ་སྟེ་ཞེ་གསུམ་པའོ།། སྠི།། ། གནས་སྐབས་སྤྱད་པ་སྤྱོད་པའི་བུས།། བཅོས་པ་མེད་པར་སྤྱད ་པའི་ཐབས།། རང་འཁྲིས་ཐག་པ་རྦད་ཀྱིས་བཅད།། གང་ཤར་ཡུལ་ལ་ལྟོས་པ་བྲལ།། ལུས་སྤྱོད་རང་ལུགས་གཏན་ལ་དབབ།། བཅོས་མེད་གཞི་ཐོག་རང་ཤར་བས།། གནས་སྐབས་ཡུལ་གྱི་བྱ་བ་ལས།། འབད ་དང་རྩོལ་བ་མེད་ཚུལ་གྱིས།། ཤུགས་ལ་སྤྱོད་པ་གནད་ཡིན་ཞིང་།། ངག་གི་བྲེ་མོ་ཟུངས་ཟད་པས།། འཁྲུལ་པ་ཡུལ་ཕྱིར་མི་སྤྲོ་བར།། སྨྲ་བརྗོད་གཏང་གཞག་མེད་པའི་ངང་།། རང་བབ་མལ་དུ་ཙན་ནེ་བ།། ཀ་ཀུ་ཤབ ་ཤུབ་མེད་པར་གཞག། ངག་སྤྱོད་བླ་མེད་ཡང་དག་དོན།། བཀླག་དང་སྡེབས་སུ་བསྒྲིག་པར་བྱ།། ཡིད་དཔྱོད་ཉོན་མོངས་རང་གར་མིན།། རབ་འབྲིང་ཐ་མའི་བློ་ཅན་གྱིས།། རང་གྲོལ་གཉེན་པོ་འབད་མེད ་དང་།། འབད་བཅས་ཀྱིས་ནི་ལམ་དུ་འཁོར།། གང་ལ་ཡང་ཁུ་འཕྲིགས་མེད།། སྤྱོད་པ་བབས་མལ་ཉིད་དུ་སྤྱོད།། སྤང་བླང་དགག་བསྒྲུབ་མེད་པར་གཞག། རྣམ་གྲོལ་ཐབས་དང་ལྡན་སྤྱད་པས།། ཡང་དག་ལམ་དུ ་འཇུག་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཚུལ་ཆོས་འཛིན་པ་ཕྲལ་ནས་སྤྱོད་པ་རང་བབ་ཏུ་བསྐྱང་བར་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། སྠི།། ། ཡང ་དག་དོན་གྱི་ལྟ་བ་དང་།། གནས་ལུགས་བབས་ཀྱི་ངང་བསྒོམ་དང་།། བྱ་རྩོལ་བྲལ་བའི་སྤྱོད་པ་དང་།། གཞི་ཐོག་ཕེབས་པའི་འབྲས་བུ་སྟེ།། གང་དང་གང་ལ་བསྔགས་པ་ལ།། སྙེམས་ཀྱི་འདུན་པ་འདུག་མི ་འདུག། མི་འདུག་ཐག་ཆོད་སྙེམས་བྲལ་ཏེ།། སྙེམས་བདུད་མཆོད་ལམ་ལ་འཁྱམ།། རང་སྙེམས་རང་ལ་སྐད་ཅིག་གཅད།། གཅད་ཚུལ་གང་ཤར་རྟོག་ཚོགས་ཀུན།། བཅིང་གྲོལ་མེད་པའི་ལྷུག་པ་ལས།། ལྷག་མ ་མེད་པར་ལ་ཐག་གཅད།། ལྷག་མར་བཅས་པའི་དམིགས་པ་ཡིས།། སྙེམས་དང་བཅས་ཏེ་ཡིད་གཉིས་འགྱུར།། འདུན་པ་གང་ལ་གང་གཏད་པ།། དེ་དང་དེ་ལ་དེར་དམིགས་མེད།། ཡངས་དང་དོག་པ ་མེད་པར་ཡང་།། མི་བཟོ་བཟོ་བ་མེད་པར་བཞག། བཟོས་པའི་ཆོས་ཀྱང་ཡིད་གཉིས་རྒྱུ།། རེ་དང་དོགས་པར་དེ་འགྱུར་རོ།། འཁོར་དང་འདས་པ་གང་ལ་ཡང་།། རེ་ལྟོས་སྙམ་སྙེམས་མེད་པར་གཞག། ལྟོས་པ་ཅན ་དེ་རེ་བའི་རྒྱུ།། དེ་ལ་ཤུགས་ཀྱིས་དོགས་པ་འབྱུང་།། རེ་དོགས་ལྟོས་པ་ཅན་གྱིས་ནི།། ལྷ་བསྒོམ་སྤྱོད་འབྲས་འཇུར་བུས་བཅིངས།། འཇུར་བུའི་མདུད་པ་རང་གྲོལ་ནས།། གཉིས་འཛིན་གྲོངས་འདས་གྲངས་མཐའ ་ཟད།། མིང་དང་མིང་ཚོགས་ཕུང་པོ་ཞིག། གཉིས་འཛིན་ལ་འདས་ཆེན་པོའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། གཉིས་འཛིན་བླང་དོར་གྱི་སྙེམས་ཐག་གཅད་ནས ་གནས་ལུགས་ཡང་དག་གི་གདེང་ཆེན་བཅའ་བའི་ལེའུ་སྟེ་ཞེ་ལྔ་པའོ།། སྠི།། ། འབྲས་བུ་ཡང་དག་མཆོག་གི་ལམ།། བགྲོད་པར་འདོད་པའི་ཐོག་མ་ཉིད།། ལུས་གནད་རྩ་བའི་དྲ་བ་བརྟག། རྒྱུ་དང་རྐྱེན་ལས ་བྱུང་བ་སྟེ།། འདུས་ཚོགས་སྲིད་པའི་རྩ་བ་ལས།། བག་ཆགས་ལས་ཀྱི་འདུ་འཕྲོད་ཀྱིས།། ལུས་གཅིག་བླངས་པ་ལས་ཀྱི་ལུས།། རྣམ་སྨིན་ཤ་ཁྲག་ཕུང་པོ་ལ།། གནས་ལུགས་ཡང་དག་དོན་བཞུགས་པས།། མ་དག ་ལས་ཀྱི་རྒྱུ་རླུང་གིས།། འཕྲོ་འདུ་བྱ་བྱེད་དུ་མ་སྤྱོད།། དེས་ཀྱང་འཁྲུལ་འཁོར་ཉིད་དུ་འཁོར།། དེ་དག་འཁྲུལ་འཁོར་བཤིག་པའི་ཐབས།། བྱང་ཆུབ་རྒྱུན་རླུང་དག་པའི་གཞི།། འཕྲོ་འདུས་རྡོ་རྗེའི་ལུས་བསྒྲུབ་པ།། མི ་འགྱུར་གཡུང་དྲུང་རྡོ་རྗེའི་སྐུ།། ཐབས་དང་ཤེས་རབ་ལས་བྱུང་བའི།། ཡེ་ཤེས་སྩལ་ལས་བྱུང་བ་ཡིས།། སྦྲུལ་དང་ཡང་སྦྲུལ་གཞིར་སྣང་ཞིང་།། ཤ་ཁྲག་ལ་སོགས་དུ་མའོ།། དེ་ལས་ལམ་སྣང་ཡེ་ཤེས་ཀྱི།། གྲོང་ཁྱེར ་རྩ་ཡི་དྲ་མིག་སྟེ།། སྡོང་པོ་དང་ནི་ཡལ་ག་ལས།། གྱེས་ཤིང་མཚོན་པ་མང་དུ་སྟེ།། འཁོར་ལོ་ལྔ་ལ་སོགས་པ་ཡི།། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་།། ཟད་ཀ་ཟད་ཀའི་ཁྱིམ་དུ་གནས།། སོ་སོའི་གང་དང་གང་གི ་རྟེན།། སྤྱི་བོ་དང་ནི་རྐང་པའི་མཐར།། རྣམ་པར་བཀྲམ་ནས་དོན་ཀུན་བྱེད།། གྲངས་ཅན་དང་ནི་གྲངས་མེད་པ།། སྟོབས་དང་སྟོབས་མིན་ཁྱད་པར་རོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ ་མཁའ་ཀློང་ཡངས་ལས། རྡོ་རྗེ་ལུས་གཞི་རྟེན་དུ་གྱུར་པ་ལས། ལམ་རྩལ་རྩའི་འཆར་ཚུལ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། སྠི།། ། གནས་པ་རྩ་ལ་རྒྱུ་བ་ཡི།། རླུང་གི་ཆགས་ཚུལ་རིམ་པ་ལས།། རྒྱུ་དང་རྣམ ་པར་རྒྱུ་བ་དང་།། ཕྲ་རགས་ལ་སོགས་རྣམ་མང་ཡང་།། ཉི་ཁྲི་ཚིག་སྟོང་དྲུག་བརྒྱ་ལས།། རྩ་བ་ཡན་ལག་གཉིས་ལ་འདུས།། རྩ་བ་ལྔ་དང་ཡན་ལག་ལྔ།། སོ་སོར་ལས་ཀུན་རྣམ་པར་བྱེད།། ནམ་མཁའ་རླུང་མེ་ཆུ་དང ་ས།། སྟོབས་ཀྱི་རྣམ་པར་རྩལ་བྱེད་པ།། གྱེན་མཐུར་མེ་མཉམ་སྲོག་དང་ནི། ཁྱབ་བྱེད་ལས་ཀྱི་རླུང་དང་བཅས།། འཕྲོ་འདུ་རྣམ་པར་བཀྲ་བ་ལས།། ལས་ཀུན་བྱེད་ཅིང་འཕེན་དང་སྡུད།། བྱེར་ཟུག ་སྒསྐང་གཤོངས་སྣ་ཚོགས་ལས།། ཕྱི་དང་ནང་ལས་ཀུན་ཏུ་རྒྱུ།། བཟང་ངན་ལས་ཀྱི་འཕྲོ་འདུ་ཀུན།། རྦ་རླབས་ལྟ་བུར་རབ་ཏུ་འཁྲུགས།། བྱེད་པ་བྱས་ཤིང་ལས་ཀྱིས་ལས།། ལས་ལ་རྣམ་པར་སྤེལ་བ་དང་།། སྡུད་པ ་དང་ཡང་འཁྲུགས་མར་ནི།། ཐོག་མ་བར་དང་མཐའ་རིམ་བཞིན།། གཡོ་བ་ཅན་དང་གཡོ་བ་མེད།། རབ་ཏུ་བརྟན་པས་ལས་ཀུན་བྱེད།། ལས་དང་ལས་མ་ཡིན་པ་དང་།། ལས་ལས་རྣམ་པར་འཕྲོས་པ་དང་།། བྱང ་ཆུབ་ལམ་གྱི་རྩལ་ཉིད་ཀྱང་།། དེ་དང་དེ་ལས་རྣམ་པར་འབྱུང་།། ཕྲ་མོ་ལ་སོགས་ཐུན་མོང་གི། སྦྱོར་བ་དཔག་ཏུ་མེད་པ་ཡང་།། དེ་ཡི་རྣམ་གྲངས་ཐབས་ལས་འབྱུང་།། དེ་དག་མཁས་པས་ཤེས་པར་བྱ།། ཀུན་རྫོབ ་དང་ནི་དོན་དམ་གྱི།། ནོར་གྱི་སྙིང་པོ་སྤེལ་དང་སྡུད།། དེ་དང་དེ་ཡི་ཤུགས་ལས་འབྱུང་།། གཡས་དང་གཡོན་དུ་འཕོ་བ་དང་།། མཉམ་པར་རབ་ཏུ་གནས་པ་ལས།། དེ་ཡི་ཡན་ལག་ཡབ་དང་ཡུམ།། གཉིས་མེད ་མཉམ་པར་གནས་པ་རྣམས།། དུས་ལས་མ་གཡོས་ལས་ལ་སྦྱར།། སྐྱེ་འཆི་རྒས་རྒུད་ན་སོགས་ཀྱིས།། སྐྱེ་དང་སྡུད་པའང་དེ་དང་དེའི།། བྱེད་པ་ཕྲ་རག་ལས་བྱུང་བས།། བཙོན་དུ་འཛིན་དང་རྩལ་སྦྱོང་དང་།། དུས ་ལ་བབས་ཚེ་ལས་སྦྱོར་གྱི།། འབྱིན་འཇུག་བསྒྱེལ་བའི་ལས་ལ་གཟབ།། མཁའ་ལ་འཕུར་དང་མེ་ཡི་ལས།། ཆུ་དང་བྲག་ལ་ཐོགས་མེད་སོགས།། སྣ་ཚོགས་རྫུ་འཕྲུལ་ཐུན་མོང་དང་།། མངོན་སུམ་གནད་ལ་མཁས ་བྱེད་དང་།། ཉི་ཟླ་བཙོན་དུ་བཟུང་བ་ཡི།། འཁྲུལ་འཁོར་ལ་སོགས་གང་དང་གང་།། དེ་དང་དེ་སོགས་ལས་རྣམས་ཀུན།། སྟོབས་ཆེན་དེ་ཡི་རྩལ་ལས་འབྱུང་།། དེ་དང་དེ་ཚུལ་བརྩོན་པས་འབད།། བླ་མ་ཡི་དམ ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རླུང་གི་རྒྱུ་བ་དང་བྱེད་པ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། སྠི།། ། ཡང་དག་རྣམ་པར་ངེས་པ་དང་།། མ་ངེས་པ་སྟེ་དུ་མ་ཡིས།། ཐིག་ལེ ་གང་དང་སྟོང་པ་དང་།། རྒྱུ་དང་རྣམ་པར་རྒྱུ་བ་དང་།། རང་བབས་གཤིས་ལ་གནས་པ་དང་།། འཕེལ་དང་མི་འཕེལ་ལ་སོགས་ཀྱང་།། རྣམ་པར་རིག་བྱེད་འཕྲོ་འདུ་ལས།། ཕྲ་རགས་བྱེད་པ་སྣ་ཚོགས་སོ།། བཅུ་དྲུག ་གྲངས་ལས་བྱེད་ཅན་དུ།། དྲུག་ལས་རྒྱུ་དང་འབྲས་བུ་ཉིད།། བྱེད་པའི་རྐྱེན་ལས་སྣང་བར་འགྱུར།། གཡོ་བ་མེད་པ་བརྒྱད་ཉིད་ཀྱིས།། རྣམ་པར་རིག་བྱེད་འཕྲོ་དང་འདུ།། ཡེ་ཤེས་ཉིད་དང་སྤྲུལ་པ་དང་།། ཡང་སྤྲུལ ་འཕྲོ་འདུ་ཡང་ཡང་སྟོན།། མ་དག་དུག་ལྔ་དང་ཡང་གཞན།། ལས་ཀྱི་འཁྲུལ་འཁོར་སྣ་ཚོགས་བསྐྱེད།། དག་དང་མ་དག་ཁྱད་པར་ལས།། འཁྲུལ་འཁོར་ཞིག་དང་མ་ཞིག་གི།། ཁྱད་པར་ལ་སོགས་མང་པོ་དང་།། བདེ། ་དང་སྡུག་བསྔལ་བཏང་སྙོམས་བྱེད།། རྣམ་པར་གྲོལ་དང་མ་གྲོལ་དང་།། རྗེས་དང་རྗེས་དཔག་དག་གིས་ཤེས།། ཡེ་ཤེས་རྒྱུ་བ་དོན་དམ་དང་།། ལས་ཀྱི་རྒྱུ་བ་ཀུན་རྫོབ་ལ།། ཐིག་ལེ་རྣམ་གཉིས ་གཅིག་ལ་གཅིག། མདུང་ཁྱིམ་ལྟ་བུར་བརྟེན་ནས་གནས།། རྒྱུ་ལས་ཡེ་ཤེས་སྐྱེ་བ་དང་།། ཡེ་ཤེས་རྩལ་ལས་རྒྱུ་འབྱུང་བས།། བྱེད་པ་རྐྱེན་གྱི་འཕྲོ་འདུ་ལས།། སངས་རྒྱས་ཉིད་དང་སེམས་ཅན་དང་།། དེ་ལས་རྣམ ་པར་གྱེས་པ་ཡི།། རྣམ་གྲངས་དཔག་ཏུ་མེད་པའི་ཕྱིར།། སྤེལ་དང་སྦྱར་དང་ལས་ལ་སྦྱར།། མཁས་པས་གནད་དང་ལྡན་པ་ཡིས།། ངེས་པར་ལེ་ལོ་མེད་པར་བརྩམ།། མཆོག་དང་དེ་བཞིན་ཐུན་མོང་སོགས།། གང ་འདོད་འབྲས་བུ་ངེས་པར་འབྱུང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ཀུན་རྫོབ་རྒྱུའི་ཐིག་ལེ་དང་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། ། ་སྠི།། ། རྩ་ནི་ཁྱིམ་དང་འདྲ་བ་ལ།། རླུང་ནི་བདག་པོ་ལྟ་བུ་ཡིས།། ནོར་དང་འདྲ་བའི་ཐིག་ལེ་ཉིད།། རྩལ་སྦྱང་ཉམས་སུ་ལེན་པའི་གནད།། ལུས་ངག་ཡིད་གསུམ་གཏན་ལ་དབབ།། ཕེབ་ནས་རིམ་བཞིན་ལས་ལ ་སྦྱར།། བདག་དང་དེ་བཞིན་གཞན་ཞིག་གི། མཚན་ཉིད་རྣམ་པར་ལྡན་པར་སྦྱོར།། འབྱོངས་ནས་ཀུན་རྫོབ་དོན་དམ་ཉིད།། གཉིས་མཉམ་ཉིད་དུ་གཏན་ལ་དབབ།། དེ་ལྟར་གཏན་ལ་སུས་ཕེབས་པ།། མཆོག ་དང་ཐུན་མོང་ལས་ཀུན་འབྱུང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རྩ་རླུང་ཐིག་ལེ་ཉམས་སུ་བླངས་ནས་གཏན་ལ་དབབ་པའི་ལེའུ་སྟེ་ཞེ་དགུ་པའོ།། ། ་སྠི།། ། རྩ་ཉིད་གཏན་ལ་དབབ་པ་ལ།། ལུས་ཀྱི་རྩལ་སྦྱང་རབ་ཏུ་གཅེས།། ཏིལ་མར་བྱུགས་དང་འཕུར་བ་ཡི།། དང་པོ་སྨན་དང་དྲི་སྦྱར་བས།། ལུས་ཀྱི་མགོ་མཇུག་དག་པར་སྦྱང་།། དེ་ནས་མཉེ་དང་བསྲུབ་པ ་དང་།། སྦུག་དང་བསྐོར་དང་གཡུག་པ་དང་།། རྒྱུག་དང་མཆོངས་དང་མཉེད་པ་སྟེ།། གཅན་གཟན་ཚུལ་དང་མཁའ་ལྡིང་དང་།། རྟ་དང་ལུག་དང་ཆུ་སྲིན་སོགས།། རྣམ་འགྱུར་སྤྲུག་པའི་ལས་ལ་ཡང་།། རྣམ་པར་རོལ ་ལ་སོགས་པ་ཡི།། རྩལ་སྦྱོང་འཁྲུལ་འཁོར་དཔག་མེད་བསླབ།། ཡང་རྩལ་དང་ནི་ལུས་ཟུངས་ཀྱི།། ཤེད་སྐྱེད་པ་ཡི་སྦྱོར་བ་ལ།། རབ་ཏུ་ཉིན་མཚན་མེད་པར་འབད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས ་རྒྱུད་ནམ་མཁའ་ཀློང་ཡངས་ལས། ལུས་རྩལ་སྦྱོང་བའི་འཁྲུལ་འཁོར་བསྟེན་པའི་ལེའུ་སྟེ་ལྔ་བཅུ་པའོ།། སྠི།། ། ངག་གི་རྩལ་སྦྱོང་རླུང་ལ་བསླབ།། རོ་རྣམས་མདའ་ལྟར་འཕང་བས་སྦྱང་།། གསར་པ་གཞུ་ལྟར ་བཀུག་པས་བཟུང་།། རྫིང་ལྟར་མེ་ཡིས་གནས་སུ་བསྐྱིལ།། དལ་བ་ཕབ་ཅིང་དྲག་ཏུ་གཙུན།། སྟོད་དང་སྨད་དང་བར་དག་དང་།། ཡན་ལག་རྣམས་ལ་རིམ་བཞིན་དགྲམ།། ངལ་དང་དུ་བ་དང་གཡོ་བ་དང་།། རབ་ཏུ ་འཁྲུགས་པ་མེད་པར་བྱ།། གལ་ཏེ་ནས་ནི་སོར་བཞག་པ།། སླར་ཡང་བུམ་ལྷོའི་ལས་བྱེད་འགྱུར།། ཀུན་ལ་དེ་ལྟར་མ་ཡིན་གྱིས།། སྐྱེས་བུ་གང་དང་གང་དག་གི། རྒྱུད་དང་སོ་སོར་གང་རིགས ་བསྟུན།། དར་དང་མ་དར་སྙོམས་པ་དང་།། བཟང་དང་ངན་དང་ཚོད་ཅན་ཏེ།། གང་དང་གང་རིགས་མཁས་པས་བསླབ།། དྲག་ཞན་ལ་སོགས་འགྲེས་ཀྱིས་ཤེས།། བརྩོན་འགྲུས་དང་ནི་དབང་པོ་ཡི།། བྱེད་པ་སྟོབས ་ཀྱི་ཁྱད་པར་ཡང་།། རིགས་དང་མི་རིགས་དེ་བཞིན་དཔྱད།། རླུང་གིས་གང་དང་སྟོངས་པ་ཡི།། ལུས་རྩལ་སྟོང་རའི་དམིགས་པ་གཏད།། གཡོ་བར་གྱུར་ནས་ཕབ་ལ་བཞག། གཞན་གྱི་སྦྱོར་བས་ཚད་ལ་ཕབ།། བླ་མ ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། ངག་རྩལ་སྦྱོང་བ་རླུང་ལ་བསླབ་པའི་ལེའུ་སྟེ་ང་གཅིག་པའོ།། སྠི།། ། ཉམས་པ་མེད་པའི་ཁམས་རྣམས་ལ།། ཟག་པ་མེད་པའི ་རྩལ་ལ་བསླབ།། དང་པོ་འཕེལ་བའི་སྦྱོར་བ་དང་།། དེ་ནས་དེ་དག་དབབ་པ་དང་།། བསྐྱིལ་དང་བཟློག་དང་དགྲམ་པ་དང་།། ཐ་མ་ལས་ལ་སྦྱར་བ་ཡི།། གོ་རིམ་ཡང་དག་རྩལ་ཆེན་སྦྱང་།། ཏིང་འཛིན་དང་ནི་འཁྲུལ ་འཁོར་དང་།། ཀུན་ལ་རླུང་གི་སྦྱོར་བ་དང་།། ལ་ལར་རྫས་ཀྱི་སྦྱོར་བ་བསྔགས།། གང་དང་གང་ཡང་དེ་དང་དེའི།། རྩོལ་བ་རབ་འབྲིང་ཐ་སོགས་སྦྱར།། ངན་དང་བཟང་དང་འབྲིང་པོ་ལས།། བྱེད་པ་གནད་ཀྱི་མན། ་ངག་མཆོག། ཉམས་པ་མེད་པའི་རྩལ་སྦྱོང་གིས།། ལས་ལ་ཇི་ལྟར་སྦྱོར་ནའང་།། ངེས་པར་མཆོག་ལ་གནས་པར་འགྱུར།། ཉམས་པར་གྱུར་པའི་རྩོལ་བ་ཡིས།། ཉམས་པ་ཆེན་པོར་གྱུར་ནས་ནི།། མཆོག་དང་ཡང ་དག་མི་ལྡན་ནས།། ཐུན་མོང་རྣམས་ཀྱང་དེ་བཞིན་ནོ།། སྨན་མར་ལ་སོགས་སྦྱོར་བ་དང་།། ལུས་ངག་གནད་ལས་འབྱུང་བས་ཤེས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས།། ་ཁམས་བྱང་ཆུབ་ཀྱི་སེམས་རྩལ་སྦྱོང་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།། སྤྱི།། ། ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས།། རྩ་རྣམས་དག་པར་བྱེད་པ་དང་།། ངག་གི་རླུང་སྦྱོར་ལ་བརྟེན་ནས།། རླུང་རྣམས་དག ་པར་བྱེད་པ་དང་།། ཡིད་ཀྱི་ཐིག་ལེ་ལ་བརྟེན་ནས། ཁམས་རྣམས་དག་པར་བྱེད་པ་སྟེ།། དེ་དག་སྡེབས་དང་བཅས་པ་ཡིས།། ལུས་ངག་ཡིད་གསུམ་ལྷན་ཅིག་པས།། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ།། ལྷན་ཅིག། ་ཉམས་སུ་བླང་བར་བྱ།། དང་པོ་རྩལ་ལ་སུ་གོམས་པར།། ཀུན་ཀྱང་ཟུང་དུ་ཆུད་པ་ཡིན།། ཟུང་འཇུག་དབུ་མ་ཉིད་དག་པས།། རྩ་དག་སྤྲུལ་པའི་སྐུ་ཉིད་དང་།། རླུང་དག་དེ་བཞིན་ལོངས་སྤྱོད་སྐུ།། ཐིག་ལེ་དག་པ ་ཆོས་སྐུ་སྟེ།། སྐུ་གསུམ་ཟུང་འཇུག་ཆེན་པོ་ཡིས།། ལུས་ངག་ཡིད་གསུམ་གནས་དག་ནས།། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན།། འབྲལ་བ་མེད་པའི་ཡེ་ཤེས་བརྙེས།། གཞི་བྲལ་གཅིག་ཏུ་དྲིལ་བ་ལ།། ལམ་རྟགས ་ཡོན་ཏན་ཞར་ལ་སྟེ།། དཔེར་ན་ལྗོན་ཤིང་རྒྱས་པ་ལ།། ཡལ་འདབ་ཤུན་ལྤགས་མི་འདོད་ཀྱང་།། ཞར་ལ་བྱུང་དང་མཚུངས་པ་སྟེ།། ས་ལམ་མ་བགྲོད་ཡེ་བགྲོད་དུ།། ཐབས་འདིས་འགྱུར་རོ་རྣལ་འབྱོར ་པ།། རྩ་དག་རླུང་དག་ཐིག་ལེ་དག། ཡེ་ཤེས་རོལ་པ་ངང་གིས་འཆར།། རྒྱུ་དང་རྐྱེན་ལས་གྱུར་པ་དང་།། བལྟ་དང་སྒོམ་སྤྱོད་འབྲས་བུའི་གནད།། གཅིག་ལས་མ་ལུས་ཡོངས་སུ་རྫོགས།། འདི་ཕྱི་བར་གྱི་གནས ་ལུགས་ཀྱང་།། ངེས་དོན་བཅུད་དུ་ཡང་དག་འགྱུར།། རྩ་ལས་ཡང་དག་རླུང་ལྡན་པས།། ཐིག་ལེའི་ལས་རྣམས་འགྲུབ་པ་སྟེ།། གཅིག་དྲིལ་རྩལ་གྱི་ཡེ་ཤེས་ལྔ།། ཉོན་མོངས་ལྔར་བཅས་དབྱེར་མེད་པས།། གནས་དང ་ལྡན་པ་འདིས་འགྱུར་རོ།། གཡོ་དང་འགྱུ་སྟེ་བདེ་སྟོང་གི། ཟག་མེད་ཡོན་ཏན་རབ་སྣང་ངོ་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རྩ་རླུང་ཐིག་ལེ་དབྱེར་མེད་དུ་དྲིལ་ནས ་གཏན་ལ་དབབ་ཅིང་ཉམས་སུ་ལེན་པར་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།། སྠི།། ། ཉམས་ལེན་གནད་ཀྱི་ཐོག་མ་ཉིད།། རང་གིས་ལུས་རྩལ་ལེགས་སྦྱངས་པས།། གོམས་ཤིང་འདྲིས་ནས་བརྟན་པ ་དང་།། རིགས་དང་ལྡན་པའི་མི་མོ་ལ།། བརྟེན་ནས་སྦྱང་བར་བྱེད་པ་ཡང་།། ལུས་ངག་ཡིད་གསུམ་སྐྱོན་མེད་ཅིང་།། ཡོན་ཏན་མང་པོ་རབ་ཚང་ཞིང་།། དར་ལ་བབས་ནས་སྐྱོན་མ་ཞུགས།། བདེ་བའི་ཡོན་ཏན་སྦྱིན ་ནུས་པ།། རྣལ་འབྱོར་རང་རང་ཡིད་མཐུན་ལ།། སྨིན་དང་གྲོལ་བའི་སྒོར་ཞུགས་ཤིང་།། དལ་གྱིས་ཐབས་ཀྱི་ལམ་ལ་སྦྱང་།། དང་པོར་གཡོ་བའི་རྩལ་སྦྱང་དང་།། བར་དུ་འཕེལ་བའི་འཁྲུལ་འཁོར་དང་།། ཐ་མ་ལས ་ལ་སྦྱར་བ་ཡིས།། མཁས་པས་ཡང་དང་ཡང་གཙུན་ལ།། བཅུད་དང་དངས་མ་ཡང་དག་བླང་།། དགའ་བ་བཞི་ཡི་ཡེ་ཤེས་ལས།། ལེགས་པར་རིམ་གྱིས་གཏན་ལ་དབབ།། དངས་མ་དང་ནི་སྙིགས་མ་རྣམས།། སྐྱོན ་སེལ་ཡོན་ཏན་བཅས་པས་བླང་།། སྙིགས་མའི་སྙིགས་མ་ཡང་ཡང་དོར།། དངས་མའི་དངས་མ་དབྱིངས་སུ་བསྐུལ།། བདེ་དང་སྡུག་བསྔལ་རྣམ་པ་གཉིས།། གཉིས་མེད་གཅིག་ཏུ་གྱུར་ནས་ཀྱང་།། མཉམ་ཉིད་གདལ ་པབ་ཆེན་པོར་གནས།། དེ་ལྟར་དང་པོར་རང་ལུས་དང་།། དེ་ནས་རིམ་པར་གཞན་ལུས་ལ།། བརྟེན་ནས་ལམ་གྱི་རྩལ་སྦྱང་ཞིང་།། གཉིས་མེད་དབྱིངས་སུ་བསྲེ་བར་བྱ།། དེ་དང་ཡང་དག་ངེས་ལྡན་པའི།། སྣ་ཚོགས ་ལས་ཀྱི་རིམ་པ་ཡང་།། མངོན་ཤེས་ལ་སོགས་ལས་ལ་སྦྱར།། གཏན་ལ་ཕེབ་ནས་གཞན་དོན་སྤྱད།། འབྲས་བུ་སྐུ་གསུམ་ངང་དུ་བསྐུལ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས ་ལས། རང་ལུས་དང་གཞན་ལུས་ལ་བརྟེན་ནས་ཉམས་ལེན་གྱི་རྩལ་སྦྱང་བ་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། སྠི།། ། ཉམས་ལེན་གནད་ལ་གཟིར་བ་ལ།། མྱོང་བ་རྣམ་པ་གསུམ་འབྱུང་སྟེ།། དང་པོ་བདེ་བའི ་ཡེ་ཤེས་འཆར།། ལུས་མེད་ཡོད་དུ་མི་ཚོར་དང་།། ལུས་ལ་མཚོན་ཆའི་ཆར་བབས་ཀྱང་།། བདེ་བའི་ཡེ་ཤེས་འཕེལ་གྲོགས་བྱེད།། ཟུག་རྔུ་མེད་པའི་ཡོན་ཏན་གྱི།། རྣམ་པ་དཔག་མེད་ལུས་ལ ་འབྱུང་།། ངག་ལ་བདེ་བ་འབར་བ་ནི།། རླུང་ལ་རང་དབང་འབྱོར་ཐོབ་པས།། རིང་དང་ཐུང་དང་གར་གཏད་དུ།། ངེས་པར་ལམ་དུ་འགྲོ་བ་དང་།། ནུས་པའི་སྟོབས་འབར་གྲེ་ལྕེ་བདེ།། སྙན་མཐུན་རང་གཞན་ཀུན ་དགའ་བྱེད།། ཡིད་བདེ་ཟུག་རྔུ་ཀུན་དང་བྲལ།། དགའ་བ་བཞི་དང་ཡེ་ཤེས་ལྔ།། ཉམས་ཀྱི་རྩལ་ཆེན་འབར་བར་འགྱུར།། དེ་ལྟར་ལུས་ངག་ཡིད་གསུམ་དང་།། དེ་དང་དེ་ཡི་རོལ་པ་ལས།། བདེ་བ་ཟག་བཅས་ཟག ་པ་མེད།། ཟུང་དུ་འཇུག་པ་ལ་སོགས་པའི།། འབྲས་བུ་རྣམ་པར་གྲོལ་གྱུར་ཏེ།། མཚན་དང་དཔེ་བྱད་རྒྱན་དུ་བྱས།། ཕྱི་ནང་གསང་བའི་བརྡ་དོན་འཕྲོད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ ་མཁའ་ཀློངས་ཡངས་ལས། བདེ་ཉམས་འཆར་བར་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། སྠི།། ། དེ་ནས་མྱོང་བ་གཉིས་པ་ལ།། ཕྱི་ནང་གཞན་སོགས་གསལ་བ་ཡིས།། ཉམས་ལེན་གནད་ཀྱི་ངོས་ཟིན་འགྱུར།། ཕྱི ་རུ་གསལ་དང་ནང་དུ་གསལ།། དེ་ལས་གཞན་པར་གསལ་བ་སྟེ།། མངོན་སུམ་པ་དང་ཉམས་སྣང་དང་།། རང་བབ་འོད་དུ་གསལ་བ་སོགས།། དབང་པོའི་སྤྱོད་ཡུལ་གང་ལ་ཡང་།། ཉེ་རིང་མེད་པར་གསལ་ལ ་སོགས།། རྣམ་པར་བཀྲ་ལ་རིག་བྱེད་གསལ།། ཕྱོགས་དང་རིས་སུ་མ་ཆད་པ།། མཉམ་པ་ཉིད་དུ་རང་བབ་གསལ།། དགག་དང་བསྒྲུབ་པ་མེད་པར་ནི།། ས་ལེ་ཧྲིག་གེ་ལྷམ་མེ་བ།། ལྷ་ཡང་ཞལ་ཕྱག་སྐུ་མདོག ་བཅས།། རྒྱན་དང་ཆ་ལུགས་གསལ་བ་དང་།། འོད་ཟེར་རབ་ཏུ་འཕྲོ་བ་ཡང་།། རང་སྣང་ཟེར་དང་བཅས་པ་ལས།། ཕྱིས་འབྱུང་བ་དང་ཡང་དག་གསལ།། གཟུང་དང་འཛིན་པ་མེད་པར་གསལ།། གཡོ་འཁྲུལ ་ཡང་ས་དོག་མེད་པར་གསལ།། རང་གཞན་དབྱེར་མེད་འདྲེས་པར་གསལ།། སངས་རྒྱས་སེམས་ཅན་མེད་པར་གསལ།། རབ་མཉམ་ཡངས་པ་ཆེན་པོ་ལ།། དགག་དང་བསྒྲུབ་པ་མེད་པར་ཡང་།། རང་སྣང་དག་པ ་ཉིད་གསལ་བས།། སྒྲིབ་གཡོགས་མུན་སངས་ཨེ་མ་ཧོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས་གསལ་ཉམས་འཆར་བར་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། ། ་སྠི།། ། གསུམ་པ་གནས་ལུགས་མ་ཐོག་ཏུ།། སྟོང་ཉམས་ཞེན་པ་མེད་འཆར་བ།། བདེ་དང་གསལ་བ་གཡོ་མེད་པར།། མི་རྟོག་སྟོང་པའི་ཡེ་ཤེས་ཀྱིས།། མཉམ་ཉིད་ངང་ལ་གནས་པར་འགྱུར།། རགས་དང་ཕྲ ་བའི་རང་བཞིན་ཅན།། ངང་དུ་གནས་པ་ངང་གིས་འཕྲོ།། འདུ་འཕྲོའི་རོལ་པ་སྣ་ཚོགས་ཀྱང་།། གཞག་པ་མེད་པར་མཉམ་གནས་པ།། ནམ་མཁའི་ཆོ་འཕྲུལ་དུ་མ་ཡང་།། བྱས་པ་མེད་པར་རང་ཤར་ཞིང་།། རང་ཡལ ་རང་སར་དེངས་པ་ལྟར།། གཞི་ལས་སྣང་བའི་དངོས་པོ་ཀུན།། བདེ་བའི་ཆོ་འཕྲུལ་དུ་མ་དང་།། དེ་བཞིན་ཆོ་འཕྲུལ་ལང་ལོང་ཡང་།། གཞི་ཉིད་ངང་དུ་རང་དངས་པས།། འབད་རྩོལ་བྲལ་བའི་རང ་སྟོང་སྟེ།། དངོས་དང་དངོས་མིན་མཐའ་བྲལ་བའི།། ཡེ་ཤེས་རང་གྲོལ་རང་ཤར་ཉིད།། དངོས་ལ་དེ་བཞིན་ཉིད་སྣང་བ།། འཁྲུལ་པ་དག་པའི་འདུ་འཕྲོ་ལས།། གཟུང་འཛིན་བཅས་པ་མ་ཡིན་ནོ།། ཡེ་སྟོང་དག་པའི ་ཀློསློང་རྡོལ་ནས།། ཉག་གཅིག་དེ་ཀུན་གཤིས་ལ་ཤར།། ཤར་བ་དེ་ཉིད་རང་བབ་གྲོལ།། དེ་ལྟར་བདེ་གསལ་སྟོང་པའི་ངང་།། མི་རྟོག་ཡེ་ཤེས་བླ་མ་ཡིན།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ ་མཁའ་ཀློང་ཡངས་ལས། སྟོང་པ་ཉིད་ཡེ་དག་གད་ལ་ཁྱབ་དུ་བསྟན་པའི་ལེའུ་སྟེ་ང་བདུན་པའོ།། སྠི།། ། བདེ་སྟོང་ཟག་པ་མེད་པ་ཡི།། ཡེ་ཤེས་རང་ས་ཟིན་པའི་གནད།། གཤིས་ལ་གཡོ་བ་མེད་བཞིན ་དུ།། བཅས་བཅོས་བཟོ་མེད་ལྷུག་པའི་ཀློང་།། རང་གསལ་ཉིད་དུ་གནས་པར་གཞག། བདག་རྐྱེན་དང་ནི་གཞན་རྐྱེན་དང་།། དེ་བཞིན་འདུ་འཕྲོ་དུ་མ་རྣམས།། གཅིག་ལ་གཅིག་བརྟེན་ཡིན་པའི་ཕྱིར།། དེ་དག་རང ་བབ་བཅོས་མེད་པར།། རང་རང་གནས་ལས་གཡོ་མེད་དུ།། ད་ལ་ལ་ཕབ་ནས་གཞག་པ་ཡིས།། དང་པོར་གཡོ་དང་བར་དུ་གནས།། ཐ་མ་བརྟན་པ་ཐོབ་ནས་ཀྱང་།། འབྲས་བུ་རྒྱུ་ཡི་ཡེ་ཤེས་ལས།། རྩལ་སྣང་དཔག ་ཏུ་མེད་ཤར་བས།། སྙིང་པོ་ཆོས་སྐུ་མཉམ་པ་ཉིད།། ལོངས་སྐུ་གསལ་དག་རྐྱེན་དང་བྲལ།། སྦྲུལ་སྐུ་རོལ་པ་འགག་མེད་ལས།། ཡང་སྦྲུལ་ཆོ་འཕྲུལ་བཅས་པ་སྣང་།། སྐུ་གསུམ་ཡེ་ཤེས་ལྔ་ཉིད་ལས།། མྱ་ངན་འདས ་དང་མྱ་ངན་འདའ།། ཀུན་ནས་མྱ་ངན་འདས་པ་བ།། རྫོགས་པའི་འབྲས་བུ་ཡང་དག་གོ། གནས་སྐབས་ཡུལ་གྱི་འབྲས་བུ་ཡང་།། ཚེ་ལ་དབང་འབྱོར་འཐོབ་པ་དང་།། ལོངས་སྤྱོད་ཉིད་ལ་དབང་འབྱོར་པ།། ཐུན་མོང ་གང་དང་གང་དག་རྣམས།། རྩོལ་མེད་རང་བྱུང་ལྷུག་པར་རོ།། འདོད་དང་འདོད་ཆགས་རྣམ་བྲལ་ཡང་།། འདོད་ཆགས་ཉིད་ལས་མ་གཡོས་པར།། འདོད་ཆགས་རང་སར་དེ་གྲོལ་ཞིང་།། ཆགས་པས་ཆགས་པ ་དབང་དུ་སྟེ།། ཆགས་པས་སེམས་ཅན་རང་གྲོལ་འགྱུར།། དེ་བས་འདོད་ལ་ཆགས་བྲལ་བ།། རང་བབས་ཆགས་པ་མེད་པར་འཆང་།། ཆགས་པའི་འབྲས་བུ་བདེ་གསལ་ནས།། མི་རྟོག་ཡེ་ཤེས་ཏིང་འཛིན་སྐྱེ།། དེ ་ནས་ཀུན་ནས་ཀུན་བཟང་བ།། ཡབ་ཡུམ་ལ་སོགས་དཀྱིལ་འཁོར་གྱི།། གཞི་སྣང་ཉིད་དུ་མངོན་འབྲས་འགྲུབ།། ཨེ་མ་དོན་དམ་ཀུན་རྫོབ་ཀྱི།། དབྱེ་བསལ་མཚན་འཛིན་ཕྲ་རགས་དང་།། འཁོར་བའི་ཡོ་ལང་དུ་མ ་དང་།། དེ་བཞིན་མྱ་ངན་འདས་པ་ཡི།། ཐུགས་རྗེའི་ཆོ་འཕྲུལ་མ་ལུས་པ།། ཐམས་ཅད་ཐམས་ཅད་དབྱིངས་སུ་ནུབ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། འཁོར ་འདས་ཐམས་ཅད་བདེ་སྟོང་ཟག་མེད་ཀྱི་དབྱིངས་སུ་བསྒྲལ་ནས་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔར་རྫོགས་པར་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། སྠི།། ། ཡང་དག་བླ་མེད་བྱང་ཆུབ་དོན།། སྐུ ་གསུམ་ཡེ་ཤེས་བླ་མ་ཡི།། འབྲས་བུ་བསྒྲུབ་པར་བླ་མེད་པའི།། ལམ་གྱི་འགལ་རྐྱེན་པར་ཆད་རིགས།། བདུད་དང་བདུད་ཀྱི་རིགས་རྣམས་ཀྱི།། ཆོ་འཕྲུལ་དུ་མ་བཟློག་པའི་ཐབས།། རྣལ་འབྱོར་རྒྱལ་པོས་འདི་ལྟར ་བལྟ།། གཞི་ལས་གཡོས་པ་མེད་པའི་ངང་།། ལུས་ངག་ཡིད་ལ་ཇི་ལྟར་གྱི།། ཟང་ཟིང་རྣམ་པ་ཅི་བྱུང་ཡང་།། ཅི་མི་སྙམ་པ་རྡོ་རྗེའི་ཐུགས།། རྩལ་ཆེན་གནམ་ལྕགས་བུ་ཡུག་ལས།། ཕྲ་རྡུལ་རབ་ཏུ་གཏོར་ཤེས ་པས།། ཇི་མི་སྙམ་པའི་གདེང་གིས་བཅད།། ཡངས་དང་དོག་དང་ཕྲ་རགས་སོགས།། ལོ་མ་སྤྲུལ་པའི་འཁོར་ལོས་བཅད།། སྤྲུལ་པ་ལས་ཀྱང་སྤྲུལ་པ་ཡི།། ཆོ་འཕྲུལ་དེ་ཡང་ང་ཡིས་བཅད།། ཡོད་ལས་མེད་དང་མེད ་ལས་བྱུང་།། དེ་དག་བདག་རྟོག་བཤིག་ལས་གྲོལ།། མཉམ་ཡངས་ཆེན་པོར་ངང་བཞག་པས།། ཀུན་ཀྱང་ཆུ་ལ་ཆུ་ཐིམ་ལྟར།། དེ་ཡོད་མ་ཡིན་དེ་མེད་མིན།། ཡོད་མེད་བླང་དོར་ལས་འདས་པས།། ཆོ་འཕྲུལ་བཟློག ་པའི་དཔའ་བོ་ཡིན།། ཡ་ང་གཡང་ས་གཅོད་པ་ཡིན།། འཁུ་འཕྲིགས་ཞེན་པ་བཟློག་པ་ཡིན།། གེགས་སེལ་གནད་ཀྱི་མཐར་ཐུག་ཡིན།། དེ་ལས་གཞན་ཡང་ལམ་གྱི་ཆ།། རྩལ་གྱི་སྦྱོར་བ་དུ་མ་དང་།། རྫས་ཀྱི་རྣམ ་གྲངས་ཕྲ་མོ་རྣམས།། རང་རང་གནད་ཐོག་མཁས་པས་དབབ།། དཔའ་བོ་གཡུལ་ལ་ཆས་པ་ལ།། གོ་མཚོན་ལྟ་བུའི་མན་ངག་གོ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས།། ་བྱང་ཆུབ་ལམ་གྱི་གེགས་སེལ་བའི་ལེའུ་སྟེ་ང་དགུ་པའོ།། སྠི།། ། ཨེ་མ་ཨེ་མ་བཅོམ་ལྡན་འདས།། བཅོམ་ལྡན་དཔག་མེད་རྒྱལ་པོ་ཀྱེ།། མ་རྟོག་ལོག་པར་རྟོག་པ་ཡི།། སྐྱེ་འགྲོ་མ་ལུས་འདུལ་དོན་དུ།། ཡང ་དག་མཐར་ཟུག་ཐེག་པའི་ཆོས།། གདུལ་བྱ་གང་དང་གང་འཚམས་པ།། སོ་སོར་ལྟ་བསྒོམ་སྤྱོད་འབྲས་བཅས།། གཞི་སྣང་ཡེ་ཤེས་ཆེན་པོའི་གནད།། གདོད་ནས་དག་པའི་ཡང་སྙིང་མཆོག། དྲི་མེད་ལམ་མཆོག ་བགྲོད་པའི་ཐབས།། གཡོ་བ་མེད་པའི་ངང་ཉིད་ལས།། སྐུ་ལས་འོད་བྱུང་ཕྱོགས་བཅུར་བཀྱེས།། གསུང་ལས་ཆོས་ཀྱི་འབྲུག་སྒྲ་སྒྲོགས།། ཐུགས་རྗེ་བརྩེ་བ་ཆེན་པོ་ཡིས།། བདག་ཅག་འདུས་པའི་འཁོར་རྣམས ་ལ།། ལྷང་ངེར་རྩལ་བས་རྗེས་ཡི་རང་།། བདག་ཅག་སྤྲུལ་པའི་འཁོར་དང་ཡང་།། ཡང་འཁོར་གདུལ་བྱའི་ཞིང་གྱུར་པ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། མི་དང་དྲི་ཟ་གྲུལ་བུམ་སོགས།། རྗེས་སུ་ཡི་རང་མངོན ་པར་བསྟོད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་སྟེ་དྲུག་ཅུ་པའོ།། །། ། ཐུགས་ཀྱི་བཅུད་དྲི་མ་མེད་པའི་རྒྱུད ་ཀྱི་རྒྱལ་པོ་ནམ་མཁའ་ཀློང་ཡངས་ཞེས་བྱ་བ། བདག་འདྲ་པདྨ་འབྱུང་གནས་ཀྱིས་བསྒྱུར་བ་རྫོགས་སོ།། རྟ་ནག་དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀའི་བྱ་ར་མཛོད།། གཏེར་རྐུན་བཀའ་ལ་རས་ཆོད ་གཟུ་ལུམ་བྱེད་པ་བྱུང་ན་དབང་པོ་སྣརུབས། ས་མ་ཡ། རྒྱ་རྒྱ་རྒྱ། དྷ་ཐིམ། བདག་འདྲ་སངས་རྒྱས་རྡོ་རྗེས་མེ་མོ་ཡོས་ཀྱི་ལོ་དགུན་ཟླ་ཐ་ཆུང་གླང་ཟླའི་ཚེས་བརྒྱད་ཡོས་ཀྱི་ཉི་མ་འབྲུག་གི་དུས་སུ་བླ་དཀར་དུང་གི་སྒོ་མོ ་ཀླུ་བཙན་གྱི་གནས་སྒོ་ནས་གདན་དྲངས་པའོ།། རྫས་སྣོད་ནི་ཀླུས་ཕུལ་བའི་རྡོ་རྗེའི་འདག་པ་ལས་བྱས་ཤིང་། ལྷའི་གོས་ཀྱིས་སྤུན་བསྲེས་ཤིང་། མཐིང་རྩིས་བྱུག་པའི་གའུ་སྟེ། འདི་ལུས་ལ་བཅངས་པ་ཙམ་གྱིས་མི ་མ་ཡིན་པ་རྣམས་ཀྱིས་མི་མཐོང་བའི་སྒྲིབ་ཤིང་དུ་འགྱུར་བས། ལྷ་སྲས་ཉིད་ཀྱི་ལུས་ལ་བཅང་བར་བྱ་ཞིང་། རྒྱུད་ཀྱི་ཤོག་དྲིལ་ལུང་བསྟན་དཀར་ཆག་ཐེམ་བྱང་། གསེར་གྱི་རྡོ་རྗེ་ནོར་བུ་རིན་ཆེན་རྣམས། རྩ་བ་རྒྱུད ་འཛིན་གྱི་བུའི་ལག་ཏུ་འགྲིམ་པར་བྱས་སམ། མཆོག་གི་རྣལ་འབྱོར་པ་གང་རུང་གི་ལག་ཏུ་གཏད་དེ།། བསྟན་པའི་བཙས་སུ་མ་འཕགས་པར་ཆོངས་ཤིག། དེ་དག་གལ་ཏེ་ཡ་བྲལ་ཞིང་འཐོར་ན་བྱིན་རླབས་ཀྱི་རྒྱུད ་ཟམ་འཆད་པར་འགྱུར་རོ།། །། ས་མ་ཡ། དྷ་ཐིམ།། ། ་