CLOSE WINDOW

Gpb017.005: bla ma yi dam mkha' 'gro thams cad kyi sku rgyud shel gyi ri bo rnam par bkod pa zhes bya ba
Wyliee-texts produced with BDRC’s OCR application

ཨུ་རྒྱན་གསང་བ་བརྡ་སྐད་དུ། ཤས?ཿ། ཨཿགཱཀྱ་གྱཀྐརྻ[:]རྒྱ་གར་སྐད་དུ། གྷུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ཀ་ཡ་ཏནྟ་ཨ་མ་ལ་པ་ར་ཏ་ནི་སྲྀཥྚ་ན་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི ་སྐུ་རྒྱུད་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ། ཡེ་ཐོག་དང་པོའི་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་ཅིང་གཟི་བརྗིད་མཐའ་ཡས་པའི་དཔལ་ལ་ཕྱག་འཚལ་ལོ།། ཨེ་མ་ཧོ།། ཡེ་ཀློང་ཆེན ་པོའི་ཕོ་བྲང་དུ།། སྟོན་པ་དཔག་མེད་རྒྱལ་པོ་ལ།། གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི།། སྟོབས་ལྡན་འདུས་པའི་འཁོར་རྣམས་ཀྱིས།། ཐབས་ཤེས་འདུས་ཤིང་ཚོགས་པའི་ཚེ།། སྣང་སྲིད་རོལ་པའི་འཁོར་རྣམས ་ཀྱིས།། གནད་དོན་བསྐྱེད་པའི་དོན་ཞུས་པ།། ཨེ་མ་ཨེ་མ་བཅོམ་ལྡན་འདས།། ཕྱི་ནང་སྣང་སྲིད་རྟེན་འབྲེལ་ཀུན།། ཡེ་གདངས་ལྷ་ཡི་རོལ་པ་ལས།། མ་དག་པ་དང་དག་པ་དང་།། ཡེ་དག་ཆེན་པོ་དག་པའི ་ཀློང་།། སྒྱུ་མ་ལྟ་བུའི་སྐུ་བསྒོམས་ན།། བླ་མ་ལྷ་དང་ཌཱཀྐི་དང་།། དེ་དང་དེ་སྦྲུལ་ཡང་སྤྲུལ་པ།། རྐང་གྲངས་མཚན་བཤད་སྩལ་དུ་གསོལ།། དེ་བཞིན་བྱིན་གྱིས་བརླབ་ཚུལ་དང་།། དཀར་སེར་དམར་སོགས་སྐུ་མདོག ་དང་།། དེ་བཞིན་རྒྱན་དང་ཆ་ལུགས་དང་།། རྣམ་འགྱུར་མཛད་པ་ཕྲིན་ལས་དང་།། ཕྱག་མཚན་འཛིན་དང་དེ་ཚུལ་དང་།། དཔའ་བོ་ཡབ་ཀྱི་རྒྱུ་མཚན་དང་།། དཔའ་མོ་ཡུམ་གྱི་རྒྱུ་མཚན་དང་།། དེ་དག་འཁོར་གྱི་རྣམ ་གྲངས་དང་།། འཁོར་བཅས་རྣམས་ཀྱི་སྤྲུལ་པ་དང་།། སྤྲུལ་པ་དེ་ལས་ཡང་སྦྲུལ་དང་།། དེ་དག་རྣམས་ཀྱི་རྟོགས་བརྗོད་དང་།། དེ་ལྟར་ལྷ་རྣམས་ཇི་ལྟར་བསྒྲུབ།། ལྷ་དེ་བསྒྲུབ་པའི་དགོས་པ་གང་།། བསྒྲུབ་པའི ་འབྲས་བུ་ཡོན་ཏན་ཅི།། མ་བསྒྲུབ་ཉེས་པ་ཇི་ལྟར་འགྱུར།། ཕྱི་ལྟར་བསྒྲུབ་ན་ཇི་ལྟར་བསྒྲུབ།། ནང་ལྟར་བསྒྲུབ་ན་ཇི་ལྟར་བསྒྲུབ།། གསང་ལྟར་བསྒྲུབ་ན་ཇི་ལྟར་བསྒྲུབ།། དེ་བཞིན་དེ་ཉིད་ཇི་ལྟར་བསྒྲུབ།། ལྷ ་མཆོད་ཐུགས་དམ་ཇི་ལྟར་བསྐང་།། བདག་ཉིད་ལྷ་རུ་ཇི་ལྟར་གསལ།། མདུན་དུ་བསྐྱེད་ཚུལ་ཇི་ལྟ་བུ།། དམ་ཚིག་སེམས་དཔའི་ངོ་བོ་གང་།། དེ་བཞིན་ཡེ་ཤེས་སེམས་དཔའ་གང་།། དེ་ཉིད་བསྲེས་ན་ཇི་ལྟར ་བསྲེ།། དབང་བསྐུར་རྒྱས་འདེབས་ཇི་ལྟར་བྱ།། དེ་དག་རྣམས་ཀྱི་རྒྱུ་མཚན་གང་།། བདག་ཅག་འདུས་པའི་འཁོར་རྣམས་ལ།། དགོངས་པ་བཀྲོལ་ནས་སྩལ་དུ་གསོལ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ ་རྒྱུད་ཤེལ་གྱི་རི་བོ་ལས། གླེང་གཞིའི་དམིག་གི་ལེའུ་སྟེ་དང་པོའོ།། སྟྲཱི།། ། དེ་ལྟར་ཇི་བཞིན་ཞུས་པའི་དོན།། དཔག་མེད་རྒྱས་པོས་བཀའ་སྩལ་པ།། ཀྱེ་ཧོ་འདུས་པའི་འཁོར་ཚོགས་རྣམས།། གཟུགས་ཀྱི་རྡོ་རྗེ ་ལ་སོགས་ཉོན།། འགྱུར་མེད་ཡེ་ཤེས་རྡོ་རྗེའི་ཚིག། རྟོག་བྲལ་ཆེན་པོས་ཡིད་ལ་ཟུང་།། ཡེ་གདངས་ཆེན་པོའི་ཆོ་འཕྲུལ་ལས།། རོལ་པ་ཡེ་ཤེས་ལྷར་སྣང་བ།། རྐང་གྲངས་མཚན་བཤད་ཇི་ལྟར་ན།། ངེས་དོན་བཀའ ་དེ་སྨོས་པར་བྱ།། འཇུག་པ་རྣམས་ནི་སྒྲོ་དོན་དུ།། རྩ་བ་སྨིན་དང་གྲོལ་བ་དང་།། མཆོག་དང་ཐུན་མོང་བསྒྲུབ་ཕྱིར་དང་།། སྣ་ཚོགས་ལས་ཀྱི་བྱེ་བྲག་རྣམས།། ངེས་པར་འདོད་ལ་གྲངས་མང ་ཡང་།། རྣམ་པར་ངེས་པ་མེད་མོད་ཀྱང་།། གདུལ་བྱའི་དོན་དུ་ངེས་པ་ཅན།། རྐང་གྲངས་མཚན་གྱི་འཇུག་སྒོ་བསྟན།། བླ་མ་ཡི་དམ་ཌཱཀྐི་སྟེ།། ཀུན་དོན་ཡེ་ཤེས་རོལ་པ་ལས།། བརྡ་དང་རྟགས་ཀྱི་རིམ་པར ་སྤྲོས།། ཕྱི་དང་ནང་དང་གསང་བ་སྟེ།། ཐ་མ་འབྲིང་དང་རབ་ཀྱི་བློ།། ངེས་པ་ཅན་དང་ངེས་པ་མེད།། རབ་ཏུ་མ་ངེས་དེ་བཞིན་ཉིད།། ངེས་པ་ཅན་གྱི་ལྷ་སྨོས་པ།། དཔག་ཏུ་མེད་པའི་གཞལ་ཡས་ཁང་།། མཚོན་བྱ ་མཚོན་པར་བྱེད་པའི་སྐུ།། ལྷམ་མེར་ལྷང་ངེར་སྣང་བ་ཅན།། སྟེང་དང་འོག་ཏུ་རྣམ་པར་རྒྱལ།། ཕྱོགས་དང་མཚམས་དང་དབུས་དག་དང་།། ཕྱི་རུ་གསལ་དང་ནང་དུ་གསལ།། བར་རམ་ཡང་ནི་དེ་བཞིན་ཉིད།། རྣམ ་པར་ངེས་པ་ཅན་དུ་སྟེ།། གསལ་འགྲིབ་མེད་པ་རྒྱལ་བའི་སྐུ།། དེ་བཞིན་ཆེ་ཆུང་མཚན་མ་བྲལ།། རྐང་གྲངས་གཅིག་དང་དུ་མ་སོགས།། མཚན་འཛིན་ནོར་བ་རྣམ་པར་སྤང་།། ངེས་པ་མེད་ལ་ལྷ་རང་ཉིད།། གུད་ན ་མ་ཡིན་མཚན་མ་དྲལ།། བརྡ་དང་རྣམ་རོལ་གར་གྱིས་མཚོན།། ཡེ་ཤེས་སྒྱུ་མའི་ལྷར་སྣང་བ།། སྣང་ཙམ་ཉིད་ན་བརྗོད་མཐའ་ཡས།། དེ་ཕྱིར་རྐང་གྲངས་ཆོ་འཕྲུལ་ཏེ།། ཆོ་འཕྲུལ་ཉིད་ལ་ཆོ་འཕྲུལ་ལོ།། རབ་ཏུ་ངེས ་པ་མེད་པ་ལས།། དེ་བཞིན་ཉིད་ལ་དེ་བཞིན་སྐུ།། གཅིག་པ་ཉིད་ལ་དུ་མར་རོ།། དགག་དང་བསྒྲུབ་པ་མ་མཆིས་ཤིང་།། ཡེ་ཀློང་ཀུན་ཆུབ་ཕྱག་རྒྱར་མཚོན།། རབ་ཏུ་འཁྲུགས་པས་དུ་མར་གསལ།། ཀུན་ཏུ་གདལ་བ ་གཅིག་ཏུ་འདུས།། འདི་དོན་འཕྲུལ་གྱི་ཡང་ཞུན་ནོ།། དེ་ལྟར་གསུམ་གྱི་མཐའ་བཅད་ཕྱིར།། ཀུན་གྱི་སྤྱི་ཕུད་བླ་མ་སྟེ།། ཆོ་འཕྲུལ་དུ་མ་ཡི་དམ་ལྷ།། ཀུན་དོན་རྨད་བྱུང་མཁའ་འགྲོ་ཉིད།། འཁྲུལ་པ་ངན་རྟོགས་དགག ་པ་ཡི།། ཐབས་ཀྱི་རྒྱལ་པོས་འདི་སྨྲས་པ།། དྲི་མེད་མཚོ་གླེང་གེ་སར་རྒྱས་པའི་སྟེང་།། མངལ་གྱིས་མ་གོས་པདྨ་བཛྲ་རྩལ།། བདེ་བའི་རོ་འབྱིན་ལྷ་ལྕམ་མནྡ་ར།། ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག ་མཆོག། རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ།། དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མར་སྣང་།། འདུས་པའི་འཁོར་ཚོགས་ཡབ་ཡུམ་མཆེད་དེ་བརྒྱད།། ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང་།། འདོད་ཆགས་རྡོ་རྗེ་ཕྲག ་དོག་རྡོ་རྗེ་དང་།། གཏི་མུག་རྡོ་རྗེ་བདེ་བའི་རྡོ་རྗེ་དང་།། མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་སྟེ།། དཔའ་བོ་ཡབ་ཀྱི་དགྱེས་པ་སྐོང་བའི་ཡུམ།། སྐྱོད་བྱེད་མ་དང་གཤིན་རྗེ་འཇོམས་མ་དང་།། དེ་བཞིན་སྲེག་བྱེད་མ་དང ་ཙནྟི་ཀ། རྨོངས་བྱེད་མ་དང་ལ་མ་མནྡ་ར།། གསོད་བྱེད་མ་སྟེ་ཐབས་ཤེས་ཡབ་ཡུམ་ཚུལ།། མཐའ་བྲལ་རོལ་པའི་ངང་དུ་རྣམ་པར་གནས།། བུདྡྷ་ཐོད་ཕྲེང་རྩལ་དང་བདེ་ཡི་ཡུམ།། བུདྡྷ་ཌཱཀྐི་རྣམ་པར་རོལ་པ་སྟེ།། དེ ་ཡི་ཆོ་འཕྲུལ་འགྱེད་པ་འཁོར་གྱི་ཚོགས།། བཛྲ་ཐོད་ཕྲེང་རཏྣ་ཟོད་ཕྲེང་རྩལ།། པདྨ་ཟོད་ཕྲེང་ཀརྨ་ཟོད་ཕྲེང་རྩལ།། རྡོ་རྗེ་མོས་པ་རྩལ་དང་མྱུ་གུ་རྩལ།། བཞད་པ་རྩལ་དང་གར་གྱི་དབང་ཕྱུག་སྟེ།། དེ ་དག་རྣམས་ལ་གཉིས་མེད་འཁྲིལ་བའི་ཡུམ།། རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས།། བི་ཤྭ་སརྦ་དམ་ཚིག་འཇིག་རྟེན་གྱི།། མཁའ་འགྲོ་རྣམས་དང་གཉིས་མེད་མཉམ་རོལ་གནས།། མི་བསྐྱོད་རྡོ་རྗེ་བདེ་བའི་དབྱིངས ་ཕྱུག་མ།། ཡབ་ཡུམ་གཉིས་ཀྱི་ཆོ་འཕྲུལ་སྤྲོས་པ་ལས།། པདྨ་འབྱུང་གནས་བློ་ལྡན་མཆོག་གི་སྲེད།། ཉི་མ་འོད་ཟེར་སེངྒེ་སྒྲ་སྒྲོག་དང་།། པདྨ་སམ་བྷ་པདྨ་རྒྱལ་པོ་སྟེ།། ཤཱཀྱ་སེངྒེ་རྡོ་རྗེ་གྲོ་བོ་ལོད།། ཀུན་གྱི་དགྱེས ་སྐོང་སྤྲུལ་པའི་ཡུམ་ཆེན་བརྒྱད།། ཡེ་ཤེས་རྗེ་མོ་བདེ་བའི་རྣལ་འབྱོར་མ།། བདག་མེད་ལྷ་མོ་རྡོ་རྗེ་ཕྲ་མེན་མ།། རྒྱ་མཚོ་གླིང་གནས་མཁའ་འགྲོ་ཞི་བ་འཚོ།། ཤཱཀྱ་དེ་མ་མཁའ་འགྲོ་བདུད་འདུལ་མ།། གདུལ་བྱའི་རེ ་འདོད་བསྐང་ཞིང་ཉམས་དང་ལྡན།། པདྨ་དབང་ཆེན་རིག་བྱེད་ལྷ་མོར་བཅས།། བདེ་སྟོང་རོལ་པའི་ཆོ་འཕྲུལ་སྤྲུལ་པའི་འཁོར།། རྡོ་རྗེ་ཉི་མ་ཐོགས་མེད་རྒྱལ་པོ་དང་།། དབང་ཆེན་ཉི་མ་གསེར་གྱི་ཉི་མ་དང་།། རྡོ་རྗེ ་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དང་།། རོ་ལངས་བདེ་བ་རྡོ་རྗེ་ཐོག་རྒོད་འབར།། ཡུམ་ཆེན་ལེགས་སྐྱེས་ཕྲ་མེན་དབྱིངས་ཕྱུག་མ།། སྲིད་པའི་རྒྱལ་མོ་ཉི་ཁྲོས་དབང་མོ་ཆེ།། གར་གྱི་དབང་ཕྱུག་ལས་ཀྱི་དབང་མོ་ཆེ།། སྲིད་པ ་ཆགས་བྱེད་འབྱུང་བ་ལྔ་ཡི་བདག། བདེ་སྟོང་ཟག་མེད་རོ་ཡིས་ཚིམས་པར་བྱེད།། དཔའ་བོ་ཆེན་པོ་རིག་འཛིན་ཐོད་པ་རྩལ།། མཁའ་འགྲོ་ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན།། ཡབ་ཡུམ་གཉིས་ཀྱི་ཆོ་འཕྲུལ་འཁོར་གྱི ་ཚོགས།། ལྷུན་གྱིས་གྲུབ་དང་ཕྱག་རྒྱ་ཆེན་པོ་དང་།། ཚེ་ལ་དབང་དང་རྣམ་སྨིན་རིག་འཛིན་ཏེ།། དམ་ཚིག་དབང་དང་མན་ངག་ལུང་དང་ནི།། ཤེས་རབ་རྒྱུད་དང་ཉམས་ཆག་སྐོང་བ་སྟེ།། དེ་དག་རིག་འཛིན་བཞི་དང ་སློབ་དཔོན་བཞི།། སྤྱན་གཅིག་མ་དང་རྣལ་འབྱོར་དགྱེས་སྡེ་མ།། དབང་གི་ལྷ་མོ་རྣལ་འབྱོར་རོ་ལངས་མ།། དམ་ཚིག་བདག་མོ་རྡོ་རྗེ་སྐུལ་བྱེད་མ།། སྐྱོད་བྱེད་ཚངས་མ་ཚེ་འཛིན་རྒྱལ་མོ་སྟེ།། དེ་ལྟར་ཡབ་ཡུམ་རྣམས ་ཀུན་མཆོག་ལ་རོལ།། རྡོ་རྗེ་དྲག་པོ་ཁམས་གསུམ་སྲིད་པའི་བདག། ཡབ་ཡུམ་གཉིས་ཀྱི་ཆོ་འཕྲུལ་འབར་བ་ལས།། ཡ་མ་རཱ་ཛ་སྐོས་རྗེ་དྲང་དཀར་དང་།། སྲིན་མོ་གློག་ཕྲེང་ཡཀྵ་མེ་དཔལ་དང་།། གཟའ་བདུད་སྤུ་གྲི ་ཀླུ་བདུད་མགོ་དགུ་པ།། དབང་ཕྱུག་ཆེན་པོ་མ་ཧཱ་ཀ་ལཱའི་སྐུ།། ཟ་བྱེད་ནག་མོ་བདུད་མོ་རེ་མ་ཏི། ཁྲག་མིག་མ་དང་མོན་མོ་མི་སྲུན་མ།། ལྕམ་གཅིག་མ་དང་ཐོག་གི་བུ་ཡུག་མ།། ཨུ་མ་དེ་བི་ལྷ་མོ་དུང་སྐྱོང ་མ།། བསྟན་པ་བསྲུང་ཚུལ་ཡབ་ཡུམ་འཇིགས་པའི་སྐུ།། སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་དང་།། སངས་རྒྱས་དཔའ་མོ་གཉིས་མེད་འཁྲིལ་བ་ལས།། སྤྲུལ་པའི་འཁོར་བརྒྱད་ཡབ་ཡུམ་བཅས་པ་ཡང་།། རྡོ་རྗེ ་དཔའ་བོ་རིན་ཆེན་དཔའ་བོ་དང་།། པདྨ་དཔའ་བོ་ལས་ཀྱི་དཔའ་བོ་དང་།། འཛིན་གིང་འགུགས་བྱེད་སྒྲོལ་གིང་གསོད་བྱེད་དང་།། སྟོབས་གིང་ཟ་བྱེད་རྒྱུག་གིང་ལས་བྱེད་པ།། རྡོ་རྗེ་དཔའ་མོ་རིན ་ཆེན་དཔའ་མོ་དང་།། པདྨ་དཔའ་མོ་ལས་ཀྱི་དཔའ་མོ་དང་།། རྡོ་རྗེ་གིང་མོ་རིན་ཆེན་གིང་མོ་དང་།། པདྨ་གིང་མོ་ལས་ཀྱི་གིང་མོ་སྟེ།། འཁྲིལ་ཞིང་སྦྱོར་བས་དཔལ་གྱི་བཀའ་ལུང་ཉན།། རྟ་མགྲིན་དབང་ཆེན་ཨེ་ཀ་ཙ ་ཏི་གཉིས།། གཙོ་བོའི་ཚུལ་ལས་སྤྲུལ་པའི་འཁོར་བརྒྱད་པོ།། ཡེ་ཤེས་ཟིལ་གནོན་ལས་ཀྱི་ཁྲོ་བོ་དང་།། ཡེ་ཤེས་མ་མོ་ཟིལ་གནོན་ཁྱུང་ཟིལ་གནོན།། ཕོ་རྒྱུད་ཟིལ་གནོན་མོ་རྒྱུད་ཟིལ་གནོན་དང་།། ཀླུ་འདུལ་ཁྲོ་བོ ་གནོད་སྦྱིན་འདུལ་བྱེད་དེ།། ཡུམ་ཆེན་མི་ཕམ་མ་དང་ཁྲོ་གཉེར་མ།། སྤྱན་གཅིག་མ་དང་རྡོ་རྗེ་རྩ་འཇིབས་མ།། རྡོ་རྗེ་ལས་བྱེད་གཤིན་རྗེ་ལས་བྱེད་མ།། ཀླུ་མོ་ལས་བྱེད་གནོད་སྦྱིན་ལས་བྱེད་མ།། ཡབ་ཡུམ་རྣམས ་ཀྱང་བདེ་སྟོང་ཡེ་ཤེས་བསྐྱེད།། ལག་ན་རྡོ་རྗེ་གསང་བའི་དབྱིངས་ཕྱུག་མ།། ཡབ་ཡུམ་གཉིས་ལས་སྤྲུལ་པའི་ཁྲོ་བོ་ནི།། རྣམ་པར་རྒྱལ་བ་དང་ནི་གཤིན་རྗེ་གཤེད།། རྟ་མགྲིན་དབང་ཆེན་བདུད་རྩི་འཁྱིལ་པ ་དང་།། དབྱིག་པ་སྔོན་པོ་དང་ནི་མི་གཡོ་མགོན།། འདོད་པའི་རྒྱལ་པོ་ཁམས་གསུམ་རྣམ་པར་རྒྱལ། ཁྲོ་བོ་ཧཱུཾ་ཀ་ར་དང་སྟོབས་པོ་ཆེ།། རྡོ་རྗེ་མདའ་སྙེམས་དུར་ཁྲོད་བདག་མོ་དང་།། རྡོ་རྗེ་གཏུམ་མོ་རྡོ་རྗེ་རླུང་འབྱིན ་མ།། རྡོ་རྗེ་སྡེར་མོ་རྡོ་རྗེ་གཏུན་ཁུང་མ།། རྡོ་རྗེ་སྙེམས་མ་རྡོ་རྗེ་སྐུལ་བྱེད་མ།། རྡོ་རྗེ་སྒྲ་འབྱིན་རྡོ་རྗེ་གསོད་བྱེད་མ།། ཡབ་ཡུམ་རྣམས་ཀྱང་རང་རང་ཕྲིན་ལས་བརྩོན།། ཀུན་ཀྱང་གཙོ་འཁོར་ཚུལ་དུ་རྣམ་པར ་གནས།། མུན་པའི་སྨག་སེལ་གསལ་སྣང་ཡེ་ཤེས་སྟོན། ཁྭ་གདོང་ཕག་གདོང་ཁྱི་གདོང་འུག་གདོང་མ།། བརྟན་བྱེད་ཕོ་ཉ་མཆེ་བ་འཇོམས་བྱེད་མ།། ཕྱོགས་དང་མཚམས་རྣམས་དཔལ་གྱི་ལུང་བཞིན་ཉན།། དཔའ ་བོཔོ་ཐོད་དབྱུག་དཔའ་མོ་རབ་གཏུམ་མ།། དཔའ་བོ་ཀེང་རུས་དཔའ་མོ་གཏུམ་མིག་མ།། ཀེང་རུས་གཏུམ་པོ་དཔའ་མོ་འོད་ལྡན་མ།། དཔའ་མོ་མཆེ་གཙིགས་དཔའ་མོ་སྣ་ཆེན་མ།། སུ་ར་བྷེ་རི་དཔའ་མོ་བརྟན་མ ་དང་།། འོད་དཔག་མེད་པ་དཔའ་མོ་མི་ཐུང་མ།། རྡོ་རྗེ་འོད་ལྡན་ལང་ཀའི་དབང་ཕྱུག་མ།། རྡོ་རྗེ་སྐུ་མཆོག་དཔའ་མོ་ཤིང་གྲིབ་མ།། རྡོ་རྗེ་གཞོན་ནུ་དཔའ་མོ་ས་སྲུང་མ།། རྡོ་རྗེ་རལ་པ་དཔའ་མོ་འོད་ཅན་མ།། རབ་ཏུ ་དགའ་བ་དཔའ་མོ་རླུང་ཤུགས་མ།། དཔའ་བོ་ཧཱུཾ་མཛད་དཔའ་མོ་ཆང་འཐུང་མ།། རབ་ཏུ་བཟང་པོ་དཔའ་མོ་གཙུག་ཕུད་མ།། རྡོ་རྗེ་བཟང་པོ་དཔའ་མོ་རབ་བཟང་མ།། དཔའ་བོ་འཇིགས་བྱེད་དཔའ་མོ་རྟ་སྣ ་མ།། སྤྱན་མི་བཟང་དང་དཔའ་མོ་ཁྭ་གདོང་མ།། སྟོབས་ཆེན་རྒྱལ་པོ་ཙཀྲའི་ཤུགས་འཆང་མ།། རིན་ཆེན་རྡོ་རྗེ་དཔའ་མོ་དུང་སྐྱེས་མ།། རྟ་མགྲིན་རྒྱལ་པོ་དཔའ་མོ་གླང་སྣ་མ།། ནམ་མཁའི་སྙིང་པོ་འཁོར་ལོའི་གོ་ཅ ་མ།། དཔའ་ལྡན་ཧེ་རུ་ཀ་དཔལ་རབ་དཔའ་མ།། པདྨ་གར་དབང་དཔའ་མོ་སྟོབས་ཆེན་མ།། རྣམ་པར་སྣང་མཛད་དཔའ་མོ་འཁོར་བསྒྱུར་མ།། དཔའ་བོ་སེམས་དཔའ་དཔའ་མོ་བརྩོན་འགྲུས ་མ།། དཔལ་གྱི་བཀའ་སྡོད་ལུང་གི་ཕོ་ཉར་བཅས།། སོ་སོ་རང་རང་ལས་ཀྱི་གཉེར་འཛིན་ཅིང་།། སྟོབས་ཤུགས་རྩལ་ལྡན་དྲོད་ཉལ་བསྟན་པ་བསྲུང་།། དེ་སོགས་དྲང་དོན་དཔག་མེད་ཡེ་ཤེས་ལྷ།། རྟོག་པ་སྦྱར་ལ ་དྲང་ཕྱིར་རྣམ་པར་སྤྲོས།། དེ་ལྟར་ལྷ་ཡི་རྐང་གྲངས་སུ།། ཤེས་པར་གྱིས་ཤིག་འདུས་པའི་འཁོར།། ང་ཡིས་དྲང་པོར་བཤད་པ་ལ། ཁྱེད་ཀྱིས་ངེས་པའི་དོན་དུ་ཟུང་།། སླད་དུ་ཟུང་འཇུག་ཆེན་པོར་སྦྱོར།། ལ་ཟག ་དབྱེར་མེད་ཉིད་དུ་ཆོད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ལྷའི་རྐང་གྲངས་མཚན་བཤད་པའི་ལེའུ་སྟེ་གཉིས་པའོ།། སྠི།། ། ཡང་ནི་འདུས་པའི་འཁོར་རྣམས ་ཉོན།། བྱིན་གྱིས་བརླབས་ལ་རྣམ་མང་ཡང་།། རྣམ་པ་ལྔ་རུ་འདུས་པ་སྟེ།། སྙིང་རྗེ་བྱང་ཆུབ་སེམས་སྒོམས་པས།། རང་གི་བསམ་རྒྱུད་བྱིན་གྱིས་བརླབ།། གང་སྡོད་ཨུ་རྒྱན་གནས་སུ་མོས།། ས་ཕྱོགས་ཐམས་ཅད ་བྱིན་གྱིས་བརླབ། ཁང་པ་གཞལ་ཡས་ཁང་དུ་དམིགས།། གནས་མལ་བྱིན་གྱིས་བརླབ་པར་བྱ།། གང་ཚོགས་ལྷ་ཡི་རྣམ་པར་བལྟ།། ཡེ་ཤེས་ལྷ་རུ་བྱིན་གྱིས་བརླབ།། བཟའ་བཏུང་བདུད་རྩིར་མོས་བྱས་ཏེ།། མཆོད ་པའི་རྫས་སུ་བྱིན་གྱིས་བརླབ།། དེ་ལྟར་བྱིན་བརླབ་རྣམ་ལྔ་ལས།། སྤྲོས་པའི་ཡན་ལག་བསམ་མི་ཁྱབ།། དེ་ལྟར་བྱིན་བརླབ་ལྔ་ལྡན་པའི།། རྣལ་འབྱོར་སྤྱོད་པ་རྨད་དུ་བྱུང་།། འདི་དོན་ཡེ་ཤེས་རྨད་པོ་ཆེ།། མེད་པའི ་དབྱིངས་ལས་དཔག་མེད་སྣང་།། སྣང་ཙམ་ཉིད་ལས་རྣམ་གྲོལ་བའི།། གདེང་ཐོབ་ལྷ་ཡི་རོལ་པར་འགྱུར།། ཕྱི་ནང་སྣང་སྲིད་དཀྱིལ་འཁོར་ཉིད།། གཞལ་ཡས་ཁང་དང་ལྷ་རྣམས་ཀུན།། སྤྲོས་ལ་དགའ་རྣམས་སྣ ་ཁྲིད་ཕྱིར།། འཇུག་པའི་ཐབས་ལ་སྣང་བ་ཡིན།། སྣང་བ་སྤྲིན་རིས་འདྲ་བ་ལ།། མངོན་པར་ཞེན་ལ་ལྷ་མི་སྣང་།། ཡང་དག་གནད་ཀྱི་དོན་བསྟན་པ།། ས་མཚམས་སྦྱར་བས་ཤེས་པར་བྱ།། རྟོག་པས་སྦགས་པའི་ལྷ ་རྣམས་ནི།། བྱིན་གྱིས་མ་བརླབས་བླངས་ལས་བྱུང་།། རླངས་པ་སེལ་བའི་ཉི་ཟེར་དུ།། ཡེ་ཤེས་རབ་ལྡན་རང་སྣང་ལྟོས།། ཨེ་མ་འདི་ནི་ཐབས་ཀྱི་གསང་།། མ་དག་འཁྲུལ་པའི་བློ་ཅན་ལ།། རྒྱུ་དོན་དགོངས་པ་ཡང ་ཡང་གསང་། ཁོར་ཡུག་དག་ལ་ལྷང་ངེར་སྣང་།། དེ་ནས་བྱིན་གྱིས་བརླབ་པ་ཡང་།། གནད་དུ་ཆེ་བས་ཤེས་པར་བྱ།། གང་གིས་གཏན་ལ་ཕེབས་ངེས་ཀྱང་། སྙིང་གི་ཁུར་དུ་ཆེ་བ་ཡིན།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། བྱིན་གྱིས་བརླབ་པའི་གནད་བསྟན་པའི་ལེའུ་སྟེ་གསུམ་པའོ།། སྠི།། ། ཡང་ནི་འཁོར་ཚོགས་སེམས་དཔའ་ཉོན།། དཀར་སེར་དམར་ལྡང་ལ་སོགས་པའི།། ་ཁ་དོག་སྣ་ཚོགས་འབར་བ་ནི།། ཡེ་ཤེས་ལྷ་ལས་མངོན་སྣང་བའི།། གདུལ་བྱའི་མོས་བློ་ཐ་དད་ལས།། རབ་ཏུ་དཀར་ཞིང་འཚེར་བ་དང་།། དེ་བཞིན་དམར་ལ་དངས་པ་དང་།། ནག་ལ་རྔམ་པའི་རང ་བཞིན་ཅན།། སེར་གསལ་གསེར་གྱི་མདོག་འདྲ་བ།། ལ་ལར་མཐིང་ནག་འཇིགས་པའི་གཟུགས།། སྔོ་སྐྱ་དང་ནི་ཐལ་བའི་མདོག། ཡང་ནི་ཆར་སྤྲིན་མུན་རུམ་བཞིན།། དམར་སེར་གུར་གུམ་མདོག ་ལྟར་འཚེར།། སྨུག་ནག་དང་ནི་རབ་ཏུ་ལྡང་།། དུད་པའི་མདོག་ལ་རྔམ་པར་སྣང་།། ལ་ལ་ཕྱེད་གཟུགས་རི་མོ་ཅན།། འཇའ་སྣ་ལྟ་བུར་ཁྲ་བོའི་མདོག། དེ་སོགས་ཁ་དོག་རྣམ་པ་ནི།། གཅིག་ཏུ་མ་ངེས་དུ་མར ་སྣང་།། དེ་ཡི་དགོངས་དོན་གནད་རྣམས་ནི།། ཐུགས་རྗེ་ཆེ་ལྡན་རྣམས་ཀྱིས་ནི།། གདུལ་བྱའི་རེ་འདོད་བསྐང་དོན་དུ།། རྣམ་པ་སྣ་ཚོགས་བསྟན་པ་དང་།། ཡང་ནི་ཕྲིན་ལས་སྣ་ཚོགས་ཀྱིས།། སྒྱུར་བྱེད་རིམ་པར་སྤྲོས ་པ་སྟེ།། དེ་ཕྱིར་གང་འདོད་བློ་ཡིས་བསྒྱུར།། འོན་ཀྱང་གཟུ་ལུམས་དགག་པའི་ཕྱིར།། ཕྱོགས་དང་དེ་བཞིན་ཕྱོགས་བྲལ་བ།། དཀར་སེར་དམར་ལྡང་མཐིང་གར་སྣང་།། འགྱུར་མེད་དག་པ་དེ་བཞིན་ཉིད།། བརྡ་དང ་རྟགས་ཀྱི་རིམ་པར་ཡང་།། རབ་ཏུ་སྤྲོ་ཞིང་བསྟན་པའོ།། རྣམ་དག་གཟུགས་ཀྱི་སྐུ་རྣམས་ལ།། རྣམ་པར་ངེས་པའི་ཁ་དོག་ཅན།། སྦྲུལ་དང་ཡང་སྦྲུལ་དུ་མར་སྣང་།། མཛད་པའི་ཕྲིན་ལས་བསམ་མི་ཁྱབ།། ནམ་མཁས ་ཁྱབ་པའི་གདུལ་བྱ་ལ།། འདུལ་བྱེད་ཐབས་ཀྱི་རྒྱལ་པོར་སྤྲོས།། གདུལ་བྱའི་སྣང་ཚུལ་དུ་མ་ལ།། འདུལ་བྱེད་བྱེ་བྲག་བསམ་མི་ཁྱབ།། ཐབས་མཁས་སྙིང་རྗེའི་ཆོ་འཕྲུལ་དུ། ཁ་དོག་སྣ་ཚོགས་སྣང་བའོ།། བླ་མ་ཡི ་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་སྐུ་མདོག་གི་རྣམ་པར་ངེས་བྱེད་བསྟན་པའི་ལེའུ་སྟེ་བཞི་པའོ།། སྠི།། ། ཀྱེ་ཧོ་འདུས་པའི་འཁོར་ཚོགས་ཉོན།། དེ་ལྟར་ཡེ་ཤེས་ལྷ ་རྣམས་ཀྱི།། རྒྱན་དང་ཆ་ལུགས་ཇི་ལྟར་ན།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི།། ལྷ་ཡི་ཆོ་འཕྲུལ་སྣ་ཚོགས་ལས།། རྒྱན་དང་ཆ་ལུགས་མ་ངེས་ཀྱང་།། གདུལ་བྱའི་བསམ་ཡིད་ཚིམ་སླད་དུ།། རོལ་པའི་ཆོ་འཕྲུལ་བསྟན་པ ་ནི།། ཞི་བའི་ཚུལ་དང་ཁྲོ་བོའི་ཚུལ།། དེ་བཞིན་ཞི་མ་ཁྲོ་ཡི་ཚུལ། ཁྲོ་བོ་ལ་ཡང་རྣམ་པ་དགུ། ཁྲོ་དང་རྔམ་དང་རབ་ཏུ་ཁྲོ།། འཇིགས་གཟུགས་བསྟན་ཁྲོ་དང་གིས་ཁྲོ།། དམ་ཚིག་དབང་གིས་ཁྲོ་བ་དང་།། སྤྲུལ་པ་ལྟ ་བུར་ཁྲོ་བ་དང་།། རྣམ་འགྱུར་ཤུགས་ཀྱིས་ཁྲོ་བ་སྟེ། ཁྲོ་ཚུལ་ཡན་ལག་བཅས་པའོ།། རང་བཞིན་བབས་ཀྱིས་ཁྲོ་བ་སྟེ། འཁོར་བ་བསྙིལ་ཕྱིར་ཁྲོས་ནས་ནི།། སྤྱོད་ལམ་གཏུམ་པོས་ལོག་བྱེད་རྣམས།། འཇོམས་ཤིང ་བརླག་པར་བྱེད་པ་སྟེ།། བ་སྥུ་སྤུ་གྲིའི་སོ་ལྟར་གཟེངས།། ལག་ན་འཇོམས་བྱེད་མཚོན་ཆ་ཐོགས།། རབ་ཏུ་དྲག་རྩུབ་ངར་དང་ལྡན།། རྔམ་པའི་ཚུལ་གྱིས་ཁྲོ་བ་ནི།། འཇིགས་ཚུལ་བཅས་ནས་ཨམ་ཙིག ་བསྟན།། མིག་བགྲད་མཆེ་བས་མ་མཆུ་བསྡམ།། ལག་ན་མཚོན་ཐོགས་བརྡེག་ཚུལ་སྟོན།། རབ་ཏུ་ཁྲོས་ལ་དུར་ཁྲོད་ཆས།། སྟོབས་ལྡན་གླང་ཆེན་ཀོ་རློན་དང་།། མི་ཡི་པགས་པ་ཁྲག་རིས ་ཅན།། གཅན་གཟན་སྟག་གི་ཤུན་ལྤགས་རྣམས།། སྟོད་ཁེབས་སྨད་དཀྲིས་སྐེད་ལ་བཅིངས། ཁྲག་ཞག་ཐལ་བའི་ཚོམ་བུས་བྱུགས།། ཐོད་ཕྲེང་སྦྲུལ་གྱི་ཆུན་པོས་བརྒྱན། ཁ་གདངས་མཚེ་གཙིགས་མིག་གསུམ ་བགྲད།། ལུས་ལ་བསྐལ་པའི་མི་ཆེན་འབར།། ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲོགས།། ལག་ན་མཚོན་ཆའི་ཆར་པ་འབེབས།། སྐལ་མེད་ལ་སོགས་འཇོམས་པའོ།། འཇིགས་པའི་གཟུགས་བསྟན་ཁྲོ་བ་ནི།། སྐུ་ཆེ་ཡན་ལག ་རགས་པ་ལ།། དཔའ་བརྗིད་ལྡན་ཞིང་འགྱིང་བ་ཅན།། མཐོང་བ་ཙམ་གྱིས་སྐྲག་པའོ།། ངང་གིས་ཁྲོ་བ་རྣམ་པ་གཉིས།། ཡེ་ཤེས་ལྷ་ཡི་ངང་ཁྲོ་དང་།། ལས་བྱེད་ཤན་པ་ལྟ་བུའོ།། ཡེ་ཤེས་ལྷ་ཡི་ངང་ཁྲོ་བ། ཁྲོ་བོའི་ཆ ་ལུགས་དུ་མར་བཅས།། དགོངས་དོན་གཡོ་བ་མེད་པའོ།། ལས་བྱེད་ཤན་པ་ལྟ་བུ་ནི།། ནམ་ཡང་བརྩེ་སེམས་བྲལ་བ་ལ།། ཡང་ནི་བརྣག་པའི་དམིགས་མེད་པར།། གང་བྱེད་དྲག་ཤུལ་ལྡན་པའོ།། དམ་ཚིག་དབང ་གིས་ཁྲོ་བ་ནི།། གཤིས་ལ་ཁྲོ་བ་མེད་བཞིན་དུ།། ལོག་སྤྱོད་སྒྲོལ་བར་དམ་བཅས་པ།། སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ།། རཱུ་ཏྲ་བསྒྲལ་བར་ཁས་བླངས་ནས།། ཇི་བཞིན་དུ་ཡང་ཁྲོ་བ་ལ།། གནས་སྐབས་དུས་སྟབས ་བསྟུན་ནས་སུ།། དེ་ལ་ཆ་ལུགས་ངེས་པ་མེད།། སྤྲུལ་པ་ལྟ་བུར་ཁྲོ་བ་ནི།། ཞི་བའི་ངང་ལས་ཁྲོ་སྐུར་སྣང་།། གང་ལ་ཅི་འདུལ་རྣམ་འགྱུར་ཅན།། རྣམ་པ་སྣ་ཚོགས་སྤྱོད་པའོ།། རྣམ་འགྱུར་ཤུགས་ཀྱིས་ཁྲོ་བ ་ནི།། སྟངས་སྟབས་རྣམ་པ་མང་པོ་དང་།། རོལ་པའི་ཆ་ལུགས་དུ་མར་བཅས།། དྲག་པོའི་ཤུགས་ཀྱིས་རྩུབ་འཁྲུགས་སྟོན།། ཡེ་ཤེས་ལྷ་ཡང་སྐྲག་བྱེད་ན།། ཉམས་པ་རྣམས་ནི་ལྟ་ཅི་སྨོས།། ཐམས་ཅད་བརྒྱལ་ཞིང ་རེངས་པར་བྱེད།། ཡེ་ནས་ཁྲོ་བར་བསྔགས་པའོ།། ཁྲོ་ཚུལ་ཡན་ལག་བཅས་པ་ནི།། གར་དགུའི་ཉམས་དང་ལྡན་པ་སྟེ།། མགོ་དང་ཡན་ལག་མང་པོ་ཡིས།། སོ་སོར་ལས་བྱེད་ཕྲིན་ལས་སྐྱོང་།། དེ་ལྟར་ཁྲོ་དགུ་གང་ལ ་ཡང་།། ལུས་སྟོབས་ལྡན་ཞིང་ཡན་ལག་རགས།། སོ་དང་མཆེ་བ་རབ་ཏུ་རྣོ།། ཁ་གདངས་མིག་བགྲད་ཁྲོ་གཉེར་བསྡུས།། སྨིན་མ་ཨག་ཚོམ་མེ་ལྟར་འབར།། རྐང་ལག་སེན་མོ་ལྕགས་ཀྱུ་འགུགས།། སྐྲ་དང་བ་སྤུ ་མཚོན་ཆར་གཟེངས།། དཔའ་རྟགས་དུར་ཁྲོད་ཆས་རྣམས་དང་།། དར་དང་རིན་ཆེན་དུ་མས་སྤྲས།། མེ་དཔུང་འབར་བའི་ཀློང་ནས་འགྱིང་།། ལུས་ལ་སྤྲུལ་པ་དུ་མ་འགྱེད།། ཞི་བ་ལ་ཡང་རྣམ་པ་ལྔ།། ཡེ་ནས་ཞི་དང ་གནས་སྐབས་ཞི།། གདུལ་བྱའི་དོན་དུ་ཞི་བ་དང་།། རྣམ་འགྱུར་སྟབས་ཀྱིས་ཞི་བ་དང་།། མངོན་པར་འཕགས་པས་ཞི་བ་དང་།། དེ་ཡང་ཡེ་ནས་ཞི་བ་ནི།། གདོད་ནས་སྐྱེ་བ་མེད་པའི་ཀློང་།། ཐུགས་རྗེ་ཀུན་སྣང་ཉི ་འོད་གདལ།། ཆགས་བྲལ་ཉོན་མོངས་ངང་གིས་འཇིལ།། རྒྱན་དང་ཆ་ལུགས་རྣམས་མ་ངེས།། རོལ་པའི་སྟབས་ཀྱིས་བཞུགས་པའོ།། དེ་བཞིན་གནས་སྐབས་ཞི་བ་ནི།། མཛེས་ཤིང་ཡིད་འོང་རྒྱན ་གྱིས་སྤྲས།། གཞོན་ཤ་ཆགས་ཤིང་བག་དང་ལྡན།། ཀུན་ལྡན་ཡེ་ཤེས་སྤྱན་རབ་མཛེས།། གདུལ་བྱའི་དོན་དུ་ཞི་བ་ནི།། སྤྲུལ་པའི་འོད་ཟེར་ཕྱོགས་བཅུར་འགྱེད།། ཡེ་ཤེས་སྣང་བ་ལམ་མེར་སྟོན།། གང་ལ་གང ་འདུལ་མཛད་པ་མཛད།། རྣམ་འགྱུར་སྟབས་ཀྱིས་ཞི་བ་ནི།། ཐམས་ཅད་ཡོངས་ལ་ཁྱབ་པར་བརྩེ།། ལོག་སྤྱོད་བྱམས་པའི་ཤུགས་ཀྱིས་འདུལ།། ཉེར་ཞི་ཀུན་དང་མཐུན་པ་སྟོན།། མངོན་པར་འཕགས་པའི་ཞི་བ ་ནི།། ཚད་མེད་བཞི་ཡི་དཔྱང་ཟག་ཅན།། གདལ་བ་ཆེན་པོ་ཀུན་ལ་སྙོམས།། ཐང་ལྷོད་སྐྱོ་དུབ་མེད་པའོ།། ཀུན་ཀྱང་ཆ་ལུགས་རྒྱན་རྣམས་ནི།། འཇམ་མཉེན་དར་གྱི་ཅོད་པན་དང་།། སྟོད་གཡོགས་སྨད་དཀྲིས ་འཇའ་སྣམ་རིས།། སྤྱི་གཙུག་མཐོན་ཀ་རིན་ཆེན་ཏོག། རྩེ་བྲན་ཕྲོག་ཞུ་པ་ཏྲ་ཅན།། མགུར་ཆུ་སྙན་ཡོད་འཁོར་ལོ་རིས།། ཕྱག་ཞབས་དཔུང་རྒྱན་གདུ་བུ་དཀྲིས།། སེ་མོ་དོ་དང་དོ་ཤལ་ཅན།། སྣ་ཚོགས་རིན་ཆེན་ཕྲ ་རྣམས་ཀྱིས།། སྟོད་སྨད་སྐུ་ཡི་རྒྱན་དུ་བྱས།། གཞན་ཡང་རུས་པའི་ཕྲེང་བ་དང་།། སྣ་ཚོགས་དར་གྱི་ཕོ་ལོང་སྤྲས།། མཉེན་ལྕུག་ཞི་སྒེག་འཁྲིལ་ལྡེམ་ཅན།། བཞེངས་དང་བཞུགས་དང་སྟངས་སྟབས་ཀྱི།། སྐྱིལ ་ཀྲུང་ལ་སོགས་རོལ་པར་གནས།། ཞི་མ་ཁྲོ་ཡི་རྣམ་པ་ནི།། གཅིག་ཏུ་མ་ངེས་སྣ་ཚོགས་ཚུལ།། འཛུམ་ལ་ངར་བའི་རྣམ་པ་ཅན། ཁྲོ་ལ་ཞི་བའི་ཆོ་འཕྲུལ་དང་།། སྐུ་ནི་ཞི་ལ་རྣམ་འགྱུར་ཁྲོ།། རྣམ་འགྱུར་ཞི་ལ་ཆ་ལུགས ་ཁྲོ།། ཆ་ལུགས་ཞི་ལ་སྟངས་སྟབས་ཁྲོ།། སྤྱན་དང་ཞལ་གྱི་རྣམ་འགྱུར་ཡང་།། གཅིག་ཞི་གཅིག་ཁྲོ་ཕྱེད་མའི་ཚུལ།། མཆེ་བ་སྦས་པའི་སོ་མདངས་ཅན།། བཞད་ན་སྤྱན་གྱི་རྣམ་འགྱུར་ཁྲོ།། འཛུམ་ཞིང་ཁྲོ་གཉེར ་བསྡུས་པ་ཅན།། ཞི་ཞི་འདྲ་ལ་ཁྲོ་ཞིང་རྔམས།། རྔམ་རྔམ་འདྲ་ལ་རབ་ཏུ་ཞི།། གཡོ་བའི་རྣམ་པས་རོལ་པ་སྟེ།། ཀུན་ཀྱང་སྦྲུལ་དང་ཡང་སྦྲུལ་ལོ།། དེ་ལྟར་ཞི་དང་ཁྲོ་བོ་དང་།། ཕྱེད་མ་ལ་སོགས་གང་དང་གང་།། རྒྱན ་དང་ཆ་ལུགས་དཔག་ཏུ་མེད།། ལ་ལ་གདུལ་བྱ་འདུལ་སླད་དུ།། ལ་ལ་རྣམ་རོལ་གར་གྱི་ཚུལ།། ལ་ལ་འཇུག་ཚུལ་ཐ་དད་དེ།། ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ།། ངེས་དང་མ་ངེས་དེ་བཞིན་ནོ།། བླ་མ་ཡི་དམ ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་རྒྱན་དང་ཆ་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། སྠི།། ། ཡང་འདུས་སེམས་དཔའི་འཁོར་ཚོགས་ཉོན།། གསལ་སྣང་ཡེ་ཤེས ་ལྷ་རྣམས་ཀྱི།། རྣམ་འགྱུར་མཛད་པའི་ཕྲིན་ལས་ནི།། ཕྱི་ནང་གསང་བ་བསམ་མི་ཁྱབ།། དབྱིངས་དང་ཡེ་ཤེས་རྣམ་རོལ་པ།། ཀུན་རྫོབ་ཙམ་དུ་སྣ་ཚོགས་སྣང་།། དོན་དམ་རྣམ་ངེས་ཡོངས་ལ་འདྲེས།། ཞི་བར་མཛད ་དང་རྒྱས་པར་མཛད།། དེ་བཞིན་དབང་དྲག་ཕྲིན་ལས་མཛད།། སྣ་ཚོགས་ལས་རྣམས་དབང་བསྐུར་མཛད།། གང་ཡང་དངོས་དང་དངོས་མིན་གྱི།། འཁོར་དང་སྤྲུལ་པས་གཞན་དོན་མཛད།། མོས་པ ་རྣམས་ལ་མོས་སྣང་མཛད།། མ་མོས་པ་ལའང་དེ་དག་གི། འདུལ་ཐབས་ཆོ་འཕྲུལ་དུ་མ་ཡིས།། ཞི་དང་དྲག་དང་ཕྱེད་མ་དང་།། བརྩེ་བའི་ཉམས་ཀྱིས་དཔའ་བརྟུལ་སྟོན།། སྣང་མཛད་རོལ་པ་ཡེ་ཤེས་སྐུ།། གཅིག། ་ལས་དུ་མར་འགྱེད་པ་དང་།། དེ་ལས་དེ་བཞིན་རིམ་གྱིས་སྤྲོས།། མང་པོ་གཅིག་ཏུ་དྲིལ་ནས་ནི།། ཅི་བཞིན་འགྲོ་དོན་ཐབས་ཀྱིས་བརྩོན།། ས་འོག་ས་བླ་ས་སྟེང་དང་།། དེ་དང་དེ་ལས་གཞན་པ་རྣམས།། རྣམ་པར ་གཡོ་ཞིང་ལས་ལ་སྦྱར།། འཁྲུགས་མར་སྣ་ཚོགས་རོལ་པར་སྟོན།། དཔའ་དང་རོལ་པ་ཉམས་ཀྱིས་ཀྱང་།། སྐུ་དང་གསུང་དང་ཐུགས་དང་ཡང་།། མཉམ་རོལ་སྤྲུལ་པ་ཡང་དང་ཡང་།། རྣམ་འགྱུར་མཛད་པའི་ཕྲིན ་ལས་ཀྱིས།། ལུས་ལ་སྐུ་དང་ངག་ལ་གསུང་།། དེ་བཞིན་སེམས་ལ་ཐུགས་ཀྱིའོ།། རྒྱན་གྱི་འཁོར་ལོ་རབ་བསྐོར་བས།། ཕྱི་ནང་གསང་བའི་ཚུལ་གྱིས་ནི།། བསྐལ་པ་གྲངས་འདས་གདུལ་བྱ་ལ།། རྫས་རྣམས་དུ་མས ་འདུལ་ཐབས་སྟོན།། ཐབས་དང་ཤེས་རབ་རྣམ་གཉིས་ཀྱི།། རྩ་བ་ཡན་ལག་བཅས་པ་ཡི།། རྣམ་འགྱུར་དཔག་ཏུ་མེད་པ་ཡང་།། བརྡ་དང་བཅས་པའི་ཕྲིན་ལས་རྣམས།། ཆར་གྱི་རྒྱུན་བཞིན་འབབ་པར ་བྱེད།། དམིགས་པ་དང་བཅས་དམིགས་པ་བྲལ།། ཕྱག་རྒྱ་དུ་མར་ཡང་ཡང་སྤྲོས།། ཀུན་ལ་ཆ་ཡིས་སྙོམས་པར་འགྱུར།། མདོར་ན་གང་ཡང་སྐུ་དང་བཅས།། དཀྱིལ་འཁོར་རིམ་པ་ལས་ཀྱི་ནི།། འཇུག་དང་འཕོ་བའི ་རྣམ་འགྱུར་ལས།། སྣ་ཚོགས་ལས་ཀྱི་ཆོ་ག་འབྱུང་།། བཀྲེས་པ་ལ་སོགས་གདུང་བ་སེལ།། དུཿཁའི་གནས་ལས་དེ་བཟློག་ཅིང་།། མཐར་ཕྱིན་གྲོང་མཆོག་བགྲོད་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་རྣམ་འགྱུར་མཛད་པའི་ཕྲིན་ལས་བསྟན་པའི་ལེའུ་སྟེ་དྲུག་པའོ།། སྠི།། ། གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི།། མ་ངེས་སེམས་དཔའི་འཁོར་རྣམས་ཉོན།། ཡེ་ཤེས་རོལ ་པའི་ལྷ་རྣམས་ཀྱི།། ལོངས་སྤྱོད་རྒྱན་གྱི་ཕྱག་མཚན་དང་།། དེ་དག་ཚུལ་གྱི་རྣམ་འགྱུར་ནི།། གདུལ་བྱའི་རེ་འདོད་བསྐང་དོན་དུ།། རྣམ་པ་སྣ་ཚོགས་དང་ལྡན་པ།། བརྡ་དང་རྟགས་ཀྱིས་ཀུན་སྤྱོད་དེ།། འཁོར་ལོ་རྡོ་རྗེ ་རིན་པོ་ཆེ།། པདྨ་རྒྱ་གྲམ་རྣམ་པ་ལྔ།། བདེ་གཤེགས་མཚན་ཉིད་འཛིན་པའོ།། གྲི་གུག་རལ་གྲི་དགྲ་སྟ་དང་།། མདའ་གཞུ་ཟངས་གྲི་ཁ་ཊྭཱཾ་ག། མདུང་ཟུང་སྤུ་གྲི་རེག་ཆོད་དང་།། ཆུ་གྲི་དང་ནི་མཚོན་ཆ་ཡིས།། ཉོན ་མོངས་ལ་སོགས་རྣམ་རྟོག་འཇོམས།། ཕུར་པ་ཐོ་བ་གཏུན་ཤིང་དང་།། ཐོད་དབྱུག་ཚོན་གྱི་གྲུ་གུ་དང་།། གནམ་ལྕགས་ཐོ་ལུམ་དུག་གི་གྲི།། མ་རུངས་བདུད་དང་རུ་ཏྲ་འདུལ།། རྒྱུ་མ་སྦྲུལ་དང་རྡོ་རྗེ་ཡི།། ཞགས་པས ་དུག་གསུམ་འཆིང་བར་བྱེད།། བུམ་པ་ལྷུང་བཟེད་གཏེར་གྱི་སྒྲོམ།། པད་ཕོར་རིན་ཆེན་གཞོང་པ་དང་།། པདྨ་རཱ་གའི་གའུ་དང་།། བྷནྡྷ་སྐམ་རློན་སྣོད་ཆེན་པོ།། དངོས་གྲུབ་རྣམ་གཉིས་བཅུད་ཆར ་འབེབས།། ཕྱག་མཚན་ཞིང་དབྱུག་ཐོང་གཤོལ་དང་།། བ་དན་ཞིང་གི་རྒྱལ་མཚན་དང་།། རྔ་ཡབ་བེ་ཅོན་ཁྲམ་ཤིང་སྟེ།། དཔའ་རྟགས་ཉོན་མོངས་གཡུལ་རྒྱལ་རྟགས།། རྔ་དང་གྷཎྜེ་ཅང་ཏེའུ་དང་།། ཐོད་རྔས་ཆོས ་གསུང་སྒྲ་སྒྲོགས་བྱེད།། པོ་ཏི་ཨུཏྤལ་རིན་ཆེན་ཕྲེང་།། སྨན་གྱི་སྡོང་པོ་རིན་ཆེན་ཕྲེང་།། མེ་ལོང་ཡིད་བཞིན་རེ་འདོད་བསྐང་།། ཉི་ཟླ་རི་རབ་མེ་དཔུང་འབར།། ཆོས་འབྱུང་རླུང་དང་མེ་ཐབས་ཀྱིས།། སྲིད་གསུམ ་གདར་ཤ་གཅོད་པར་བྱེད།། སྡིགས་པ་མི་རོ་ཁྲག་གི་ཕུར་པ་ཕོར།། ལྕགས་སྤྱང་རུས་སྦལ་ཐོག་སེར་ཙིཏྟ་དང་།། ལྕགས་ཀྱི་པར་བུ་ནེའུ་ལེའི་རྐྱལ་པ་སྟེ།། དྲེགས་པ་ལས་འཁོལ་མ་རུངས་འཇོམས་པའི་རྟགས།། མེ ་ཏོག་བདུག་སྤོས་མར་མེ་དྲི།། ཞལ་ཟས་སྒྲ་དབྱངས་ལྷ་རྣམས་ཀྱི།། དགྱེས་པ་བསྐང་ཞིང་མཆོད་རྫས་རྟགས།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། འགུགས་དང་འཆིང་དང་སྡོམ་པ་དང་།། མ་རུངས་པ་རྣམས ་མྱོས་པར་བྱེད།། དེ་ལས་གཞན་ཡང་ལོངས་སྤྱོད་ཀྱི།། མཛེས་བྱེད་ཕྱག་མཚན་དུ་མར་བཅས།། རང་སྣང་རྣམ་དག་ཆོས་ཀྱི་སྤྲིན།། ཐུགས་མཆོག་ཡེ་ཤེས་རྟགས་ཀྱི་རྒྱ།། རྒྱལ་བ་རྣམས་ཀྱི་གསང་མཛོད་འཛིན།། རྣམ ་རོལ་ཆོ་འཕྲུལ་དཔག་མེད་པས།། སྐྱོ་དང་དུབ་མེད་ཀུན་ཏུ་སྤྱོད།། གང་དང་གང་ལ་སྤེལ་བྱེད་ཅིང་།། སྒྲིབ་མེད་ཡང་དག་ཀུན་ལ་སྦྱོར།། བརྟུལ་ཞུགས་སྤྱོད་པས་འགྲོ་དོན་མཛད།། ཨེ་མ་འདི་དག་རྨད་དུ ་བྱུང་།། དགོངས་པ་ཡོངས་རྫོགས་དཀྱིལ་འཁོར་བཀྲ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་ཕྱག་མཚན་གྱི་རྣམ་པར་དབྱེ་བ་འཛིན་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། ་སྒྲ།། ། སྤྲུལ་པའི་འཁོར་རྣམས་གུས་པར་ཉོན།། ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ།། དཔའ་བོ་ཡབ་ཀྱི་རྣམ་རོལ་ནི།། ཐབས་ཀྱི་ཡེ་ཤེས་ཚུལ་བསྟན་པ།། དོན་ལ་ཡབ་ཡུམ་རིས་མེད་ཀྱང་།། སྣང་ཚུལ་གདུལ་བྱ ་འདུལ་དོན་དུ།། ཐབས་དང་ཤེས་རབ་འདུ་འཕྲོད་པས།། ཕན་ཚུན་ཕྱི་ནང་གཡས་དང་གཡོན།། གཉིས་སྦྱོར་ཉོན་མོངས་བྲལ་བ་སྟེ།། དག་པའི་སྐད་ཅིག་སོ་མ་ལ།། མ་དག་ལོ་འདབ་སྐྱེ་བ་ན།། གཡོ་མེད་དག་པའི ་རང་སྣང་སྐུ།། འདི་ཀུན་ཐབས་ཀྱི་རྒྱལ་པོ་ཡིན།། ཉོན་མོངས་ལ་སོགས་འཁོར་རྣམས་འཇིག། ཕུང་པོ་གང་ཡང་གཏོར་བའི་རླུང་།། འདི་ཀུན་རབ་མཆོག་ཡེ་ཤེས་ཡིན།། རྩལ་ཆེན་དཔའ་བོ་ཧེ་རུ་ཀ། ཡབ་ཀྱི་ཚུལ་དུ ་རྣམ་པར་སྣང་།། བཟང་པོའི་སྤྲུལ་པ་རང་བྱུང་བ།། གསལ་ཙམ་མ་ཡིན་ཆེ་བར་གྲགས།། དཔལ་ཆེན་བརྟུལ་ཞུགས་ནས་སྟོབས་འཛིན།། གཡུལ་ལས་རྣམ་པར་རྒྱལ་བ་སྟེ།། ཀུན་ཀྱང་འཇོམས་པའི་དཔལ་དུ ་ཤར།། དཔལ་ཆེན་བདེ་བའི་ཡེ་ཤེས་བསྐྱེད།། དཔའ་བོ་སྲིད་པའི་རྩེ་མོ་གནོན། ཁྱོད་ཀྱི་སེན་མོའི་ཁྱོན་གྱིས་ཀྱང་།། ཉོན་མོངས་གཡུལ་ལས་རྒྱལ་བྱེད་དེ།། རྡོ་རྗེའི་ཆོ་འཕྲུལ་དུ་མ་ལས།། སྦྲུལ་དང ་ཡང་སྤྲུསྦྲུལ་དེ་སྤྲུལ་ཞིང་།། འདོད་ཆགས་དགྲ་ལས་རྣམ་རྒྱལ་བ།། འདོད་ཆགས་དག་པའི་ཡེ་ཤེས་ཀྱི།། འདོད་ཆགས་མ་སྤངས་རང་བྱུང་ནས།། འདོད་པས་འདོད་པ་ཉིད་འགྲུབ་བྱེད།། དེས་ན་དཔའ་བོ་ཨེ་མ ་མཚར།། ཡབ་ཀྱི་དཀྱིལ་འཁོར་ཉིད་ལ་རྫོགས།། བཟང་པོ་ཡང་ནི་དེ་ཡི་ཕ།། དབང་རབ་གཙོ་བོ་དེ་བཞིན་བྱེད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷ་ལ་གདུལ་བྱའི་དོན ་དུ་དཔའ་བོ་ཡབ་ཀྱི་སྣང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། སྤྱི།། ཡང་ཉོན་འདུས་པའི་འཁོར་རྣམས་ཀུན།། ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ།། དཔའ་མོ་ཡུམ་གྱི་རྣམ་རོལ་ནི།། ཤེས་རབ་ཡེ་ཤེས་ཚུལ ་བསྟན་པའི།། ཡང་དག་དོན་ལ་ཡབ་དང་ཡུམ།། ཕན་ཚུན་རྣམ་རེས་བྱས་མོད་ཀྱང་།། ཡུལ་གྱི་རྣམ་པར་ཕྱེས་ནས་ནི།། ཤེས་རབ་ཡེ་ཤེས་དག་པའི་སྐུ།། མཁའ་ཀློང་ཡངས་པའི་ངང་ཉིད་ལས།། སྒྱུ་མའི་རྩལ་སྣང ་འཕྲོ་ཞིང་འདུ།། ཉིད་ལས་བྱུང་ཞིང་ཉིད་ལ་ཐིམ།། ཉིད་ལས་མ་གཡོས་བྱས་གྱུར་མེད།། དེ་ཕྱིར་ཡུམ་གྱི་རྣམ་འཕྲུལ་ལས།། འགྱེད་པའི་ཆོ་འཕྲུལ་སྣ་ཚོགས་ཀུན།། ཤར་ལྷོ་ནུབ་བྱང་ཕྱོགས་དང་ནི།། དེ་བཞིན་བྱང ་ཤར་ལ་སོགས་མཚམས།། སྟེང་དང་འོག་སྡེ་ཕྱོགས་བཅུ་རུ།། རྣམ་པར་འཕྲོས་པའི་རྒྱན་དང་བཅས།། འདས་དང་མ་འོངས་ད་ལྟར་ཡང་།། བྷ་ག་ཡངས་པའི་ཀློང་ལས་ནི།། བྱུང་དང་འབྱུང་འགྱུར་གནས་པ་ཉིད།། དེ ་ལས་གཞན་ཡང་དཔའ་བོ་ཡི།། རྒྱུད་བསྐུལ་ཐུགས་དམ་བསྐང་བ་སྟེ།། བདེ་སྟོང་རོལ་པའི་རྣམ་འགྱུར་ལས།། སྦྲུལ་དང་ཡང་སྦྲུལ་དེར་སྤྲུལ་ཞིང་།། ཕྱོགས་བཅུར་དཔག་ཏུ་མེད་འགྱེད་པའི།། རྒྱན་གྱི་རྣམ་རོལ་མང ་པོ་ཡང་།། ཀུན་ཏུ་སྣང་ཞིང་ཡང་ལ་སྤྲོ།། དགའ་བཞི་ཡེ་ཤེས་སྤྲོས་དང་བྲལ།། འདོད་ཆགས་ལ་སོགས་དུག་རྣམས་ཀྱང་།། ཉིད་ཀྱི་ཀློང་ལས་རང་བྱུང་ཞིང་།། ཉིད་ཀྱི་དབྱིངས་ལས་རང་སར་ཐིམ།། དེ་ལྟར་ཡང་དག ་དེ་ལས་གཞན།། གཡོ་བ་མེད་ལས་རྣམ་པར་གཡོ།། གཡོ་བའི་རླབས་ཀྱིས་ཡོངས་ལ་ཁྱབ།། ཡོངས་ལ་ཁྱབ་ཅིང་ཡོངས་ལ་གསལ།། གསལ་བ་ཐམས་ཅད་ས་ལེར་སྣང་།། དེ་ཡང་བཟང་མོའི་དགོངས་པར་རོ།། དེ ་ལྟར་དཔའ་མོ་ཡུམ་ཉིད་ལས།། སྣང་བ་མ་འགགས་རྩལ་ཡེ་ཤེས།། འུབ་ཆུབ་ཆེན་པོར་འདུས་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་དཔའ་མོ་ཡུམ་གྱི་སྣང་ཚུལ ་བསྟན་པའི་ལེའུ་སྟེ་དགུ་པའོ།། སྠི།། ། རྣམ་རོལ་སྤྲུལ་པའི་འཁོར་རྣམས་ཉོན།། ཡེ་ཤེས་དཀྱིལ་འཁོར་ལྷ་རྣམས་ཀྱི།། འཁོར་གྱི་རྣམ་གྲངས་ཡང་དག་བརྗོད།། སྐུ་དང་གསུང་དང་ཐུགས་དང་ཡང་།། ཡོན ་ཏན་ཕྲིན་ལས་བྱུང་བ་ཡི།། འཁོར་དང་དེ་ཡི་ཡང་འཁོར་དང་།། དེ་ལས་གཞན་ཡང་སྤྲུལ་པའི་འཁོར།། འཇིག་རྟེན་པ་ལྟར་སྣང་བ་སྟེ།། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ནས།། གྲངས་ཀྱིས་མི་རྫོགས ་མཐར་ཐུག་པར།། འཁོར་གྱི་རྣམ་གྲངས་དེ་སྙེད་དེ།། རིགས་དྲུག་སྐྱེ་འགྲོ་ལྷ་ཡི་འཁོར།། གདུལ་བྱ་སྐྱེ་བ་རྣམ་པ་བཞི།། རྒྱུད་ལྔ་ལམ་གྱི་འགྲོ་བ་རྣམས།། ཡེ་ཤེས་ལྷ་ལ་ཉེ་བར་འཁོར།། དེ་དང་དེ་ཡི་དཔལ་རྣམས ་ནི།། དཀར་དང་ནག་པའི་ལས་ཀྱི་མཐར།། དེ་ཡང་འཁོར་དང་ལྷན་ཅིག་པས།། བཀའ་ཉན་གུས་སྡོད་ཡིན་པ་སྟེ།། ཉིད་ཀྱི་ཆོ་འཕྲུལ་ལས་བྱུང་ཚེ།། འཁོར་དང་འདས་པ་གཉིས་ཀའོ།། གནས་སྐབས་ཡུལ་དོན ་འཁོར་རྣམས་ནི།། འབར་བ་ཞབས་ཀྱི་གདན་ཁྲི་ལ།། ཉེ་བར་རེག་པའི་འཁོར་ཡིན་ཅིང་།། གཙོ་བོ་ཉིད་ལས་སྤྲུལ་པས་སོ།། གུད་ན་མ་ཡིན་ཀློང་རྡོལ་བས།། ལས་ཀྱི་གཉེར་ལེན་བྲན་གྱི་ཚུལ།། ཡང་དུ་ཡང་དུ་འདུ ་འཕྲོ་སྟོན།། བྱེད་པ་དེ་བཞིན་ལས་ཀུན་བྱེད།། ཆེ་ལས་ཆུང་སྣང་གཙོ་བོའི་ཕྱེད།། དེ་ཕྱེད་ཕྱི་རོལ་རྣམས་ལ་སྟེ།། དེ་དང་རྗེས་མཐུན་ལས་ཀྱང་བསྒྲུབ།། རྣམ་པར་རོལ་ལ་རྣམ་མི་གནས།། རྣམ་རོལ་རྒྱན་གྱི་འཁོར་ལོ ་བསྐོར།། ཞི་བའི་འཁོར་ལོ་བསྐོར་བ་དང་།། དེ་བཞིན་རྒྱས་དང་དབང་སོགས་དང་།། རིམ་ནས་རིམ་བཞིན་འཁོར་ལོ་རྣམས།། སྐྱོ་དང་དུབ་མེད་ཡང་ཡང་བསྐོར།། བར་མཚམས་མེད་པར་འབྱུང་བ་སྟེ།། དེ་དང་འདི ་ལ་ཉེ་བར་གནས།། རྒྱུག་དང་འཕུར་དང་འཇོལ་བ་དང་།། ལག་གིས་འགྲོ་དང་ལྟོ་འགྲོའི་ཚུལ།། སྐད་ཅིག་ཉིད་ལ་སྲིད་པ་གསུམ།། ཡོངས་སུ་ཁྱབ་པའི་བྱ་བ་བྱེད།། དེ་བཞིན་རེ་རེ་ལ་ཡང་འཁོར།། གྲངས་དང་སྙེད ་ཀྱི་བཀའ་ཉན་པ།། སྒོ་མཚམས་ལ་སོགས་རེ་རེ་ནི།། བརྡ་ཙམ་དུ་ནི་སྣང་བ་དང་།། དེ་ཕྱིར་མིང་དང་འཁོར་གྱི་གྲངས།། དེ་ཡི་བྱེད་པ་ལས་དང་བཅས།། དེ་ལ་སྤྲོས་ཤིང་དེ་ལས་སྡུད།། དེ་ཡི་རྣམ་གྲངས་ཤེས་པར ་བྱ།། མདོར་ན་ཡེ་ཤེས་ལྷ་ཡི་འཁོར།། འཇིག་རྟེན་པ་དང་འཇིག་རྟེན་འདས།། སྦྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ།། རང་རང་བློ་ཡི་སྤྱོད་ཡུལ་དུ།། གང་འཚམས་པར་ནི་ཤེས་པར་བྱའོ།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་འཁོར་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་བཅུ་པའོ།། སྤྱི།། ། རང་བྱུང་སྤྲུལ་པའི་འཁོར་རྣམས་ཉོན།། དེ་ལྟར་ལྷ་ཚོགས་འཁོར་བཅས ་ཀྱི།། སྤྲུལ་པ་ལ་ནི་རྣམ་པ་ལྔ།། དངོས་སུ་སྦྲུལ་དང་བརྫུས་ཏེ་སྦྲུལ།། ལོག་པར་སྦྲུལ་དང་ངང་གིས་སྤྲུལ།། རྣམ་པར་འགྱུར་བའི་སྤྲུལ་པའོ།། དངོས་སུ་སྤྲུལ་པ་དངོས་འདྲ་བའི།། གཅིག་ལས་བརྒྱ་སྟོང་ཁྲི་འབུམ ་སོགས།། མཚན་དང་བཅས་པ་དཔག་མེད་པ།། རྒྱན་དང་རོལ་པའི་རྣམ་འགྱུར་བཅས།། རྣམ་པ་གཅིག་ལ་ཀུན་ཏུ་སྣང་།། གདུལ་བྱ་རེ་རེའི་སྣང་ཚུལ་དུ།། ཚོམ་བུ་ཚོམ་བུ་ཚུལ་དུ་སྣང་།། བརྫས་ཏེ་སྦྲུལ་ནི་དངོས་མ ་ཡིན།། རིགས་ལ་རིག་བྱེད་མང་པོ་དང་།། དབུས་ལ་སོགས་པར་སྣང་བཞིན་དུ།། ཡོད་པ་མ་ཡིན་མེད་མ་ཡིན།། ཡོད་མེད་ལས་འདས་སྒྱུ་མའི་སྐུ།། སྣང་ལ་རང་བཞིན་མ་གྲུབ་པར།། ཐུགས་རྗེའི་ཞལ ་ཕྱག་རྣམ་པར་གསལ།། ཆེ་ལ་རགས་དང་ཕྲ་ཞིང་ཞི་བ།། རྒྱན་དང་ཆ་ལུགས་རྫོགས་པའོ།། ལོག་པར་སྦྲུལ་ནི་ཞི་བ་ལས། ཁྲོ་བོ་གཏུམ་པོའི་ཚུལ་དུ་བྱུང་།། སྐུ་མདོག་ལ་སོགས་དཀར་པོ་དང་།། ནག་ལ་རྔམས་པར ་སྟོན་པ་དང་།། མ་རུངས་དུར་ཁྲོད་ཆས་ཆེན་རྣམས།། དར་དང་རིན་ཆེན་རྒྱན་དང་བཅས། ཁྲོ་ཞིང་གཏུམ་པར་གནས་པ་ལ།། ཞི་འཛུམ་ལྷམ་མེ་ལྷན་ནེར་སྟོན།། དེ་ལྟར་ཞི་ལས་ཁྲོ་བོ་དང་། ཁྲོ་བོ་ལས་ནི་ཞི་བ ་སྟེ།། ཡབ་ཉིད་ཡུམ་དུ་གྱུར་པ་དང་།། དེ་བཞིན་ཡུམ་ཉིད་ཡབ་ཏུ་འགྱུར།། འཁོར་རྣམས་གནས་འགྱུར་གཙོ་བོའི་ཚུལ།། གཙོ་བོ་གནས་འགྱུར་འཁོར་དུ་སྣང་།། དེ་སོགས་རིམ་པ་བསམ་མི་ཁྱབ།། ཐུགས་རྗེ་ངང་གིས ་སྤྲུལ་པ་ནི།། གང་ཡིན་གཙོ་བོ་གཡོ་མེད་ཀྱི།། སྐུ་གསུང་ཐུགས་ལས་འོད་ཟེར་གྱི།། དཀར་དམར་མཐིང་གའི་རྣམ་པ་ཅན།། དངོས་དང་དངོས་མིན་འདྲ་བ་ཡི།། སྤྲུལ་པ་དཔག་མེད་བཀྱེས་ནས་ནི།། སྣང་སྲིད་འཇིག ་རྟེན་ཐམས་ཅད་གང་།། སོ་སོར་ཕྲིན་ལས་སྣ་ཚོགས་བྱེད།། ཡང་ནི་སོ་སོའི་གནས་སུ་ཐིམ།། དེ་བཞིན་གཅིག་ལས་གཅིག་སྤྲུལ་ཞིང་།། མར་མེ་གཅིག་ལས་གཅིག་འཕེལ་བས།། ཐམས་ཅད་མར་མེས་གང་བ ་དང་།། སྡོང་པོ་གཅིག་ལས་ཡལ་ག་འབུམ།། སོ་སོར་དགྱེས་པ་ལྟ་བུར་སྤྲུལ།། དེ་ཡང་གདུལ་བྱའི་སྣང་ཚུལ་དེ།། ཟླ་བ་ལ་ནི་ཆུ་སྣོད་བཞིན།། གཅིག་ལས་མང་པོར་སྦྲུལ་སྣང་ངོ་།། རྣམ་པར་འགྱུར་བའི་སྤྲུལ་པ ་ནི།། ཐུགས་རྗེ་ཞལ་ཕྱག་ཅན་གྱི་ལྷ།། སྤྲུལ་ནས་འཁོར་ལོ་རྡོ་རྗེ་དང་།། རིན་ཆེན་པདྨ་རྒྱ་གྲམ་དང་།། རལ་གྲི་ཁ་ཊྭཱཾ་གྲི་གུག་དང་།། ཕུར་པ་དག་ཏུ་སྤྲུལ་པ་དང་།། ས་བོན་ཧཱུཾ་དང་ཧྲཱིཿལ་སོགས།། ཡི་གེའི་རྣམ་པར ་སྤྲུལ་པ་དང་།། དེ་བཞིན་ཕྱག་མཚན་ཡིག་འབྲུ་ལས།། ཐུགས་རྗེ་ཞལ་ཕྱག་འཛིན་པ་ཡི།། སྐུ་རུ་ངེས་པར་སྟོན་པ་དང་།། དེ་བཞིན་མེ་ཆུ་ལ་སོགས་པའི།། འབྱུང་བའི་རྣམ་པར་སྤྲུལ་པ་དང་།། རྒྱལ་བློན་བཙུན་མོའི ་རྣམ་པའམ།། བྲན་ལ་སོགས་པ་སྤྲུལ་པ་སྟེ།། གདུལ་བྱ་གང་དང་གང་འདུལ་བ།། དེ་དང་དེ་ལ་དེར་སྤྲུལ་ནས།། འགྲོ་དོན་སྤྱོད་པའི་རྣམ་འཕྲུལ་ཅན།། སངས་རྒྱས་མཛད་པ་བསམ་མི་ཁྱབ།། སྤྲུལ་པ་ལ་ཡང་སྤྲུལ་པ ་དང་།། དེར་སྦྲུལ་ལ་སོགས་བརྗོད་མཐའ་ཡས།། རྣམ་པར་འགྱུར་བའི་སྤྲུལ་པ་རྣམས།། དགོངས་པའི་ཀློང་ནས་རང་བྱུང་བའི།། གཅིག་དང་དུ་མའི་གྲངས་མཐའ་ཟད།། རྣམ་པར་མ་ངེས་ངེས་མེད་དོ།། བླ་མ་ཡི་དམ ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས།། ཡེ་ཤེས་ལྷ་ཡི་གཙོ་འཁོར་གྱི་སྤྲུལ་པ་བསྟན་པའི་ལེའུ་སྟེ་གཅིག་པའོ།། སྠི།། ། ཐུགས་རྡོལ་སྤྲུལ་པའི་འཁོར་རྣམས་ཉོན།། སྤྲུལ་པ་དེ་ལས་ཡང་སྤྲུལ ་ནི།། སྣང་སྲིད་ཕྱི་ནང་སྣོད་བཅུད་ཀྱི།། གང་སྟོང་སྐྱེ་འབྲི་མང་པོ་ལས།། ཆགས་འཇིག་གནས་དང་སྟོངས་ས་ཡི།། སྲིད་པའི་རྩེ་ནས་ན་རག་པར།། བྱེད་པ་དུ་མར་བཅས་པ་སྟེ།། ལུས་དང་ལུས་ཀྱི་རྣམ ་འགྱུར་དང་།། ངག་དང་ངག་གི་རྣམ་འགྱུར་དང་།། སེམས་དང་སེམས་ཀྱི་རྣམ་འགྱུར་དང་།། དེ་ལས་སྤྲོས་པའི་བདེ་དང་སྡུག། རང་བབས་བཏང་སྙོམས་བཅས་པ་སྟེ།། རྣམ་པ་དུ་མར་སྣང་བ་ཀུན།། སྤྲུལ་པ་དེ་ཡི ་ཡང་སྤྲུལ་ཉིད།། བདེ་གཤེགས་སྙིང་པོའི་ཆོ་འཕྲུལ་ཏེ།། རང་རང་སོ་སོས་བྱས་མིན་པར།། འདོད་འཚམས་ཉིད་ལས་རབ་སྦྱར་ནས།། སྐྱེ་དང་འགྲོ་འོང་ལྷ་དང་ལྷ།། ལྷ་རྣམས་ཉིད་ཀྱི་རྣམ་པར་འཕྲུལ།། དེ་བཞིན ་བྱེད་དང་བྱེད་པའོ།། སྣ་ཚོགས་ལས་ཀྱི་བྱེ་བྲག་ཀྱང་།། དེ་ཡི་ཡང་སྦྲུལ་བྱེད་པ་ལས།། བྱེད་པ་ཆུ་ལས་ཆུ་རྡོལ་ལམ།། ནམ་མཁའི་ཆོ་འཕྲུལ་ཇི་བཞིན་ནོ།། སྲིད་པ་འདི་དག་སྲིན་བྱ་ཡི། ཁ་ཆུ་རང་ལོག་ཟད་མཐའ ་མེད།། དཔེར་ན་བུད་མེད་སྦྲུམ་མ་ལ།། བུ་དང་བུ་མོ་དེ་ལ་ཡང་།། རིམ་བཞིན་འཕེལ་བའི་འཁྲུལ་འཁོར་ལྟར།། སྣང་སྲིད་འདི་དག་ཡང་སྤྲུལ་ཏེ།། སྤྲུལ་པའི་སྤྲུལ་པ་ཡིན་པར་བྱ།། ཡང་སྦྲུལ་དེ་སྦྲུལ་འཁོར་ལོ ་བསྐོར།། དེས་ན་སྣང་སྲིད་རྒྱལ་བ་ཡི།། དཀྱིལ་འཁོར་ཉིད་དུ་ཤེས་པར་བྱ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷ་ཡི་ཡང་སྦྲུལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། ་སྤྱི།། ། གཟུགས་ཀྱི་རྡོ་རྗེ་ལ་སོགས་པའི།། སྤྲུལ་པའི་འཁོར་རྣམས་གུས་པས་ཉོན།། ཡེ་ཤེས་ལྷ་ཡི་རྟོགས་བརྗོད་ནི།། སྤྲོས་ན་བརྗོད་ཀྱིས་མི་ལང་ཡང་།། ཡང་དག་དོན་རྟོགས་འདི་ལྟར་བརྗོད།། ཨེ་མ་ངོ་མཚར ་ཆེན་པོའི་དཔལ།། ཡེ་ཤེས་ཁྲོ་བོ་བཞད་པ་ལས།། ཞི་བར་སྣང་ཞིང་སྲིད་པ་འདུལ།། མཉམ་པར་གནས་དང་མི་གནས་མེད།། དཀར་ལ་དངས་དང་སེར་གསལ་བ།། དམར་ལས་ལྡང་བའི་རང་བཞིན་སོགས། ཁ ་དོག་སྣ་ཚོགས་འབར་བའི་འོད།། སྐུ་ཡི་ཆ་ལས་འོད་ཀྱི་སྐུ།། སྐུ་དང་སྐུ་ཡི་རྣམ་པ་ཅན།། ཆགས་པ་མི་མང་བྲལ་མི་མངའ།། གསལ་དང་འགྲིབ་པ་ཡོང་མི་མངའ།། དེ་བཞིན་སྐྱེ་དང་འབྲི་མེད་པ།། ཡེ་ཤེས་ལུས་ཅན ་དེ་བཞིན་གཤེགས།། རྡོ་རྗེའི་ཡེ་ཤེས་རྡོ་རྗེ་འཆང་།། གཟུགས་ཀྱི་རྡོ་རྗེ་སྲ་མཁྲེགས་པ།། འཇོམས་པར་བྱེད་ཅིང་འཇིག་པར་བྱེད།། སྲིད་པའི་གནས་རྣམས་སྐེམ་བྱེད་པའི།། ཉི་མ་འབུམ་གྱི་གཟི་བརྗིད་ཅན།། བསྐལ ་པ་གྲངས་འདས་མུན་སེལ་བའི།། འོད་ཀྱི་སྙིང་པོ་ཕྱོགས་ཀུན་བརྡལ།། བསྙེལ་བ་མེད་ཅིང་དུབ་པ་མེད།། རྣམ་པར་སྲ་ཞིང་མཁྲེགས་པ་ཅན།། འཇམ་མཉེན་འོད་ཀྱི་གོང་བུར་གནས།། དཀར་སེར་དམར་ལྡང་རབ་ཏུ ་མཁྲེགས།། རྒྱང་དང་དྲུང་ལས་ཁྱད་པར་བྲལ།། གཟི་བརྗིད་དཔག་ཏུ་མེད་བཞིན་དུ།། བལྟ་བར་བཟོད་ཅིང་གང་གིས་མཐོང་།། བཞིན་གྱི་པདྨའི་དཀྱིལ་འཁོར་བྱེ།། རྣམ་རོལ་བདེ་བའི་དཔལ་ལ་སྤྱོད།། ཧ་ཧ་དགྱེས ་པའི་གད་མོ་ཆེར་སྒྲོག་པ།། ཀུན་ཏུ་ཚངས་པའི་དབྱངས་ཀྱིས་ཁྱབ།། སྒྲ་ལས་ཆོས་ཀྱི་ཚིག་གིས་ཀྱང་།། སྨིན་པར་བྱེད་དང་དེ་གྲོལ་བའི།། སྐྲག་པ་མེད་ཅིང་ཞུམ་པ་མེད།། འབྲུ་ལས་དོན་ཉིད་རྣམ་པར ་སྟོན།། བརྗོད་མཐའ་ཡས་ཀྱང་དོན་མཐུན་སྤྱོད།། ཡང་མཐའ་ཟད་པའི་སྐལ་དམན་པའི།། ཆོས་ཉིད་སྐད་ལས་རྣམ་ཀུན་འབྱུང་།། གདུལ་བྱ་འདུ་བ་རབ་སྣང་གྲགས།། རྣམ་རོལ་འདུ་བ་ངེས་པར་སེལ།། འབྲས་བུ ་འབྱིན་ཅིང་རྣམ་རོལ་བ།། དེ་དག་དབྱངས་ཀྱི་གར་མཁན་ནོ།། ཧཱུཾ་ཧྲཱིཿ། མཁའ་ཀློང་ཡངས་པའི་དཀྱིལ་འཁོར་དུ།། བརྩེ་བའི་ལྕགས་ཀྱུ་རྣོན་པོ་ཡིས།། སྲིད་པ་གསུམ་པོ་གདར་ཤ་གཅོད།། མཁྱེན་པའི་རལ་གྲི་འབར ་བ་ཡི།། འོད་ཀྱིས་མ་རུངས་དྲ་བ་གཅོད།། སྲིད་པའི་གཅོད་སྙིང་དྲུངས་ནས་འབྱིན།། འགྱུར་མེད་གཡོ་འགུལ་བྲལ་བའོ།། ཡོངས་ཁྱབ་མཁའ་གསལ་བཅོམ་ལྡན་གྱིས།། མུ་མཐར་ཐུག་པ་སྟོངས་བྱེད་ཅིང་།། རི ་པོ་ཐམས་ཅད་རྣམ་པར་འཇིག་ཁོད་མཉམ་ཆེན་པོ་ཏིང་འཛིན་གསལ།། སྐུ་གསུམ་ཞིང་རྣམས་ངེས་པར་སྣང་།། ཧོཿཧོཿམི་བཟད་རབ་འཁྲུགས་དཔལ་འབར་བ།། བ་སྤུའི་མཚོན་ཆ་རྣམ་པར་གཟེངས།། རལ་པ་མི ་བཟད་མུན་ལྟར་འཁྲིགས། ཁྲག་གི་རྒྱུན་འཛག་གདངས་པའི་ཞལ།། ཉི་མ་འབུམ་གཟིའི་སྤྱན་རྣམས་ཀྱིས།། བུད་ཤིང་མ་ལུས་བསྲེག་པར་བྱེད།། སོ་དང་སེན་མོ་སྤུ་གྲི་ཡིས།། གཟུགས་ཕུང་ཐམས་ཅད་ཕྱེ་མར ་གཏུབ།། ས་འོག་གནས་ནས་སྟེང་གི་ཕྱོགས།། གཟིར་ཞིང་ཟིལ་གྱིས་གནོན་བྱེད་པའི།། རབ་ཏུ་འཁྲུག་པའི་ཡེ་ཤེས་ཀྱི།། གནམ་ལྕགས་རྡོ་རྗེ་འབར་བ་ལས།། སྤྲུལ་པ་མ་རུངས་རྣམ་པར་འཇོམས།། བསྐྲད ་ཅིང་བརྡེག་པའི་རྣམ་པ་ཅན།། རིམ་པ་བདུན་ཡང་རབ་ཏུ་གཡོ།། སྟེང་གི་ཕྱོགས་རྣམས་འདར་ཞིང་འཕྲིགས།། བླ་འོག་ཚ་བའི་དཔལ་གྱིས་བསྲེག། རྒྱུན་བབས་རྦ་ཀློང་འཁྲུགས་འདྲ་བའི།། ཆོ་འཕྲུལ་རབ་ཏུ་བསྟན ་ནས་ཀྱང་།། མ་ལུས་གཡོ་བར་བྱེད་པའོ།། ནམ་མཁའ་ཁེངས་པའི་རྣམ་འགྱུར་ཅན།། གཟི་བརྗིད་དཔལ་འབར་འཆང་བར་བྱེད།། ཧ་ཧ་དྲག་ཏུ་རྒོད་པའི་གད་རྒྱངས་ཀྱིས།། གཡོ་བར་བྱེད་པའི་རྫུ་འཕྲུལ ་ཅན།། འབྲུག་སྟོང་ལྡིར་འདྲའི་ངར་བྱུང་ནས།། ཧེ་རུ་ཀ་དཔལ་དབྱངས་ཆེན་སྒྲོགས།། ངན་བྱེད་ཕྲ་མོ་རྣམ་པར་ཉམས།། ས་འོག་ས་སྟེང་ས་བླ་ཡི།། རྒྱུ་བྱེད་ཡི་དྭགས་མང་སྐྲག་བྱེད།། ངན་སོང་གནས་གསུམ་དྲུངས ་ནས་འབྱིན།། རྣམ་རོལ་དཔའ་ཤུགས་རྩལ་འཆང་བའི། ཁ་ནས་འོད་འབར་རྒྱ་མཚོ་སྐེམ།། དྲང་སྲོང་དམོད་པའི་རིགས་སྔགས་ཀྱང་།། སྐད་ཅིག་སེ་གོལ་གཏོགས་པས་བཟློག། རིམ་པ་བདུན་གྱི་ཁྲོ་བོ་ཡང་།། བསྙིལ ་བར་བྱེད་པའི་ང་རོ་ཅན།། ཧཱུཾ་ཧཱུཾ་བརྣག་ཅིང་གཟིར་བའི་རྣམ་པ་ཡིས།། འཕགས་པའི་ཚོགས་ཀྱང་གཡོ་བར་བྱེད།། དྲན་པ་རབ་ཏུ་འཕྲོ་བ་ཡི།། ཆོ་འཕྲུལ་དུ་མས་གང་ཁྱབ་པ།། ཉིད་ཀྱི་དཔལ་བེའུའི་དབྱིངས་སུ ་སྡུད།། འཇོམས་པར་བྱེད་ཅིང་མོས་པར་བྱེད།། རྣམ་པར་རབ་ཏུ་གཟིར་བར་བྱེད།། རྒོལ་བ་ལོག་རྟོག་དྲུངས་ནས་འབྱིན།། ཉོན་མོངས་ཐ་རྒོད་གནས་ནས་བཟློག། སྐེམ་བྱེད་ལྕགས་ཀྱུ་ཆེན་པོ ་ཡིས།། གནས་ངན་ངེས་པར་འདྲེན་པ་པོ།། ཧཱུཾ་མཛད་སྟོབས་ཆེན་ཨ་ལ་ལ།། ཞི་དང་ཁྲོ་དང་འཛུམ་པ་དང་།། ཡེ་ཤེས་ལྷ་དང་དེ་ཡི་འཁོར།། སྦྲུལ་དང་ཡང་སྦྲུལ་མཛད་པ་ཡི།། རྣམ་ཐར་མཐའ་ཡས་བརྗོད་ལས ་འདས།། ཐུགས་ཆེན་ནམ་མཁའི་དཀྱིལ་འཁོར་བཞིན།། གསུང་འོད་འབར་བ་ཚངས་པའི་སྒྲ།། ལྷུན་པོ་སྐུ་ཆེན་གཟི་བརྗིད་འབར།། ཡེ་ཤེས་སྣང་བ་ལམ་མེར་གསལ།། བཀོད་པ་དུ་མར་ལྡན་པ་སྟེ།། ཨ་ལ་ལ ་མཆོག་དགྱེས་པར་མཛོད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ལྷའི་རྟོགས་པ་བརྗོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། སྤྱི།། སེམས་དཔའ་རང་བྱུང་འཁོར་རྣམས ་ཉོན།། ཡེ་ཤེས་ལྷ་ཡི་བསྒྲུབ་ཚུལ་ནི།། རྣམ་པ་གཅིག་ཏུ་མ་ངེས་ཏེ།། རྫས་དང་དཀྱིལ་འཁོར་ལ་བརྟེན་ནས།། དམིགས་བཅས་ཉིད་དུ་བསྒྲུབ་པ་དང་།། གཡེང་བ་མེད་པའི་ཏིང་འཛིན་གྱིས།། འདུན་པ་བཟུང་སྟེ། ་བསྒྲུབ་པ་དང་།། སྙིང་པོ་སྲོག་གི་གནད་ནས་བསྐུལ།། དམ་ཚིག་དབང་གིས་བསྒྲུབ་པ་དང་།། དད་ཅིང་གདུང་བའི་ངང་ཤུགས་ཀྱིས།། རང་དབང་མེད་པར་བསྒྲུབ་པ་དང་།། གཡེལ་བ་མེད་པའི་བརྩོན་འགྲུས ་ཀྱིས།། ཐང་ལྷོད་མེད་པར་བསྒྲུབ་པ་དང་།། མཆོད་དང་བསྟོད་པའི་ལས་རིམ་གྱིས།། དགྱེས་པ་བསྐངས་ནས་བསྒྲུབ་པ་སྟེ།། དེ་ལྟར་བསྒྲུབ་ཚུལ་རྣམ་དྲུག་དང་།། དེ་ལས་གཞན་པའི་གྲངས་སྙེད་ཀྱིས།། བསྒྲུབ་ཚུལ ་རིམ་པ་མང་བསྟན་པའི།། ཡེ་ཤེས་ལྷ་དང་ལྷན་ཅིག་བྱ།། དང་པོས་མ་དག་འཁྲུལ་ནོར་སྤང་།། གཉིས་པས་ཤེས་པ་དྲུང་ནས་འདོན།། གསུམ་པས་གསལ་དག་སྒྲ་ཟུར་འབྱུང་།། བཞི་པས་ལོག་རྟོག་ཐེ་ཚོམ་སྤང་།། ལྔ ་པས་ཉིན་མཚན་ཁ་སྦྱར་བསླབ།། དྲུག་པས་བདག་འཛིན་འཁྲི་བ་གཅད།། དང་པོས་ཡོ་བྱད་གཙོ་བོར་སྟོན།། གཉིས་པས་བསྐྱེད་ཆོ་ག་གཙོ་བོར་སྟོན།། གསུམ་པས་རྟགས་ཚད་གཙོ་བོར་སྟོན།། བཞི་པས་ལྷག་བསམ ་གཙོ་བོར་སྟོན།། ལྔ་པས་མཚམས་གཅོད་གཙོ་བོར་སྟོན།། དྲུག་པས་ལོངས་སྤྱོད་གཙོ་བོར་སྟོན།། དང་པོས་དུས་གནད་གཏན་ལ་དབབ།། གཉིས་པས་ཏིང་འཛིན་གཏན་ལ་དབབ།། གསུམ་པས་གྲངས་ཚད་གཏན ་ལ་དབབ།། བཞི་པས་ཟག་ཆོད་གཏན་ལ་དབབ།། ལྔ་པས་བསྲུང་མཚམས་གཏན་ལ་དབབ།། དྲུག་པས་ཁྲིད་རིམ་གཏན་ལ་དབབ།། དེ་ལྟ་བུ་ཡི་ཚུལ་གྱིས་བསྒྲུབ།། རིམ་དང་ཅིག་ཆར་རྣམ་པ་ཡིས།། ཡེ་ཤེས་ལྷ་ཡི ་བསྒྲུབ་པ་འབད།། ཐོག་མ་བར་དང་མཐར་དགེ་བ།། རང་ཉིད་སྒོ་གསུམ་བག་ཡོད་དང་།། ཡེ་ཤེས་ལྷ་ནི་སྒྲུབ་བྱེད་གང་།། རིང་པོར་མི་ཐོགས་འབྲས་བུ་འབྱུང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ ་གྱི་རི་བོ་ལས། ཡེ་ཤེས་ལྷ་ཇི་ལྟར་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། སྠི།། ། རང་བྱུང་སྤྲུལ་པའི་འཁོར་རྣམས་ཉོན།། ཡེ་ཤེས་ལྷ་བསྒྲུབ་དགོས་པ་ནི།། ལུས་སེམས་དྲི་མར ་བཅས་པ་རྣམས།། དྲི་མེད་རྣམ་པར་དག་བྱས་ནས།། སྣང་སྲིད་རོ་མཉམ་ངང་ཉིད་དུ།། བདེ་ཆེན་ཡེ་ཤེས་དག་པ་ཡི།། སྣང་ཞིང་སྲིད་པའི་དཀྱིལ་འཁོར་རྣམས།། ཚོམ་བུ་གཅིག་ཏུ་གྲོལ་བ་དང་།། རང་རང་རྒྱ་མཚོའི ་གནས་ལས་སྒྲོལ།། དུཿཁ་རྣམས་ལས་རྣམ་པར་ཐར།། མཆོག་དོན་འབྲས་བུ་བརྙེས་བྱས་ནས།། སྐུ་གསུམ་ཉིད་དུ་ཡང་དག་ངེས།། ཐུན་མོང་དངོས་གྲུབ་སྣ་ཚོགས་ལའང་།། ཞི་བས་ཞི་བར་བྱེད་པ་དང་།། དེ་བཞིན ་རྒྱས་པས་རྒྱས་པར་བྱེད།། དབང་གི་དབང་ཡུལ་དབང་དུ་སྟེ།། དྲག་པོས་དགྲ་བགེགས་རྣམས་གསོད་འགྱུར།། དེ་ལས་གཞན་ཡང་ལས་རྣམས་ཀུན།། འབྲས་བུ་མི་ཟད་ཤུགས་ལས་འབྱུང་།། དེ་ལས་འོག་ཏུ་རྣམ ་པར་རྒྱལ།། ས་འོག་སྤྱོད་དང་དེ་བཞིན་དུ།། འོག་ནས་སྟེང་དུ་རྣམ་པར་སྤྱོད།། མཁའ་སྤྱོད་གདོན་མི་ཟ་བར་འགྲུབ།། རང་ལ་གཞན་དང་གཞན་ལ་རང་།། གཉིས་ཀ་ལྷན་ཅིག་ཉིད་འགྲུབ་བྱེད།། རིགས་དང་རིག་པ ་འཛིན་པ་དང་།། གནས་དང་གནས་བཟང་ལ་སོགས་ཏེ།། སྐད་ཅིག་མ་བགྲོད་ལྷུན་གྱིས་གྲུབ།། ཅི་འདོད་ས་ལ་ཚིག་ཆོད་དུ།། ངེས་པའི་གདེང་དང་བཅས་པས་བགྲོད།། རྩ་བ་དང་ནི་ཡན་ལག་གི།། ཉིང་ལག་ལས ་ཕྲན་བཅས་པ་ཡང་།། བསམ་འཕེལ་ཡང་དག་དོན་ལ་རེག། ཕ་རོལ་དམན་པར་གྱུར་རྣམས་ཀྱང་།། སྐད་ཅིག་ཏུ་ནི་བདག་ཉིད་དང་།། ལྷན་ཅིག་འབྲས་བུ་བརྙེས་པ་ཡིན།། ཡང་དག་བསམ་དོན་གང་ཡིན། ་རྣམས།། འདི་ཡིས་སྦྱོར་རོ་འདུས་པའི་འཁོར།། རྣམ་རོལ་ཡིད་གཉིས་བྲལ་བ་ཡི།། ངེས་པ་ཅན་དུའང་འདི་འགྱུར་རོ།། ཡ་ངའི་གནས་རྣམས་རྒྱབ་ཀྱིས་ཕྱོགས།། གནས་སྐབས་ཐུན་མོང་ལ་བརྟེན་ནས།། མཐར་ཐུག ་མཆོག་ལ་ཡང་དག་རེག། ཤུགས་ཀྱིས་ཡང་དག་གང་ཡིན་ཡང་།། ཐོགས་པ་མེད་པར་ཟད་ཐལ་ལོ།། སྒོ་དང་སྐུར་པ་དང་བྲལ་ཞིང་།། ངོ་མཚར་བསྟོད་པའི་གནས་སུ་འགྱུར།། མཚན་དང་དཔེ་བྱད་འབར་བ་ཡི།། སྐུ ་ཡི་ཡོན་ཏན་ཐམས་ཅད་ཀྱང་།། གཡེལ་བ་མེད་པར་མྱུར་དུ་མྱོང་།། དེ་བཞིན་གསུང་དང་ཐུགས་མཆོག་གི། ཡོན་ཏན་མ་ལུས་འདིར་རྩོལ་བྱེད།། ཨེ་མ་འདི་ནི་བསམ་མཐའ་ཡས།། ལེགས་པ་སྤེལ་ནས་ཉེས་པར ་སྒྲུབ།། བླ་མེད་ལ་སོགས་དོན་འབྲས་རྣམས།། རང་བབས་ལྷུན་གྱིས་གྲུབ་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྒྲུབ་པའི་དགོས་པ་བསྟན་པའི་ལེའུ་སྟེ ་བཅོ་ལྔ་པའོ།། སྤྱི།། ། ཡང་འདུས་སེམས་པའི་འཁོར་རྣམས་ཉོན།། ལྷ་བསྒྲུབ་ཡོན་ཏན་འབྲས་བུ་ནི།། གང་གིས་བརྩོན་པའི་སྐྱེས་བུ་དེ།། ལུས་ཉིད་ལྷ་རུ་གྱུར་ནས་ཀྱང་།། ཐ་མལ་ལ་སོགས་མངོན་ཞེན ་བྲལ།། གཟུགས་སྐུ་རྣམ་པ་གཉིས་གྱུར་པའི།། གཞན་དོན་མ་བརྩོན་ལྷུན་གྱིས་གྲུབ།། ངག་ཀྱང་ཡང་དག་སྔགས་ཀྱི་སྒྲ།། འཁྲུལ་པའི་གཏམ་ཟུངས་ཟད་ནས་ཀྱང་།། བླ་མེད་ཆོས་ཀྱི་སྒྲ་སྒྲོགས ་ཤིང་།། མི་སྙན་བྲལ་ནས་ཀུན་ཏུ་ཡང་།། སྙན་ཅིང་དོན་མཐུན་ཡང་དག་ལྡན།། དགྲ་ཡི་དབང་པོ་ཆོས་ཀྱི་དབྱངས།། འབྲེལ་དང་བཅས་པ་རབ་སྒྲོགས་ཤིང་།། ཀུན་ཏུ་ཡང་དག་གོ་འབྱེད་པའོ།། དམྱལ་དང་ཡི་དྭགས ་དུད་འགྲོ་དང་།། མི་དང་ལྷ་མིན་ལྷར་གྱུར་པའི།། སོ་སོའི་སྐད་དུ་འདི་ངེས་ནས།། ཆོས་ཀྱིས་རྣམ་པར་གྲོལ་བྱེད་པ།། འདི་ཉིད་ལས་ནི་ཡང་དག་འབྱུང་།། གནས་སྐབས་མཐར་ཐུག་དོན་འབྲས་བརྙེས།། ཡིད་ཀྱང་དེ ་བཞིན་འཁྲུལ་སངས་ནས།། མཁྱེན་དང་བརྩེ་བའི་རང་བཞིན་གྱིས།། གཡོ་བ་མེད་པའི་འགྲོ་དོན་སྤྱོད།། གཅིག་ལ་ངེས་གཏད་མི་མངའ་ཞིང་།། མཁའ་ལྟར་ཡོངས་ལ་ཁྱབ་པ་ཡིས།། གང་དང་གང་ལ་དེ་དང ་དེར།། དགོངས་པས་ཡོངས་ཁྱབ་སྨིན་པ་དང་།། གྲོལ་བ་ཉིད་དུ་ཡང་དག་ངེས།། བླ་མ་ལྷ་དང་མཁའ་འགྲོ་ཡི།། ནུས་པའི་སྟོབས་གང་འདིར་འདུས་བྱེད།། མདོར་ན་ལུས་ངག་ཡིད་གསུམ་པོ།། སྐུ་གསུམ་དཀྱིལ ་འཁོར་ཉིད་གྱུར་པས།། སྐུ་གསུམ་ཞིང་དུ་སྦྱོར་བར་བྱེད།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་པའི།། བགྲོད་པ་གཅིག་པའི་ལམ་ཆེན་ཞུགས།། ཕྱིར་མི་ལྡོག་པའི་ཡེ་ཤེས་བརྙེས།། དེ་སོགས་ཡོན་ཏན་འབྲས་བུའི ་རིགས།། རབ་འབྲིང་ཐ་མའི་ཚུལ་དུ་སྟེ།། ཡང་མཐའ་ཉིད་ལས་གཞན་པ་ཡི།། རྩལ་ཆེན་འགྲུབ་པར་མི་འགྱུར་རོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་བསྒྲུབས་པས ་གྲུབ་པའི་ཡོན་ཏན་དང་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། སྠི།། ། ཡང་འདུས་སྤྲུལ་པའི་འཁོར་རྣམས་ཉོན།། ལྷ་མ་བསྒྲུབས་པའི་ཉེས་པ་ནི།། མཆོག་དོན་ཡེ་ཤེས་ལྟ་ཅི་སྨོས།། གནས་སྐབས ་ལམ་གྱི་འཆར་ཚུལ་ཡང་།། འདི་ཉིད་བྲལ་བར་འགྲུབ་མི་སྲིད།། ཐབས་དང་བྲལ་བའི་འདྲེ་བསྒོམ་ནི།། འདབ་གཤོག་ཆག་པའི་མཁའ་ལྡིང་བཞིན།། དམིགས་པའི་གནས་སུ་སྐྱོལ་མི་ནུས།། ཕྱི་ནང་སྣོད་བཅུད་ཕུང ་པོ་ཀུན།། ཕུང་པོ་ཉིད་དུ་གྱུར་ནས་ཀྱང་།། འདོད་ཆགས་ལ་སོགས་ལས་ལ་སྤྱོད།། འཁྲུལ་ཞིང་འཁོར་ནས་འཁོར་བར་འཁོར།། འབྲས་བུ་ལྷ་མིའི་ཉེ་ལམ་ཙམ།། སྨོན་པའི་དབང་དུ་གྱུར་ནས་ཀྱང་།། དོན་གྱི་སྨོན་པ ་མ་ཡིན་ནོ།། ལས་ཀྱི་རྟོག་སྒྲིབ་འཐས་པའི་མཐུས།། ཟུག་རྔུ་དང་བཅས་ཡང་ཡང་མྱོང་།། སྐྱེ་ཤི་ལ་སོགས་རྦ་རླབས་རྣམས།། དྲག་ཏུ་གཡོ་ཞིང་འཁོར་བར་འཁོར།། ལས་ཀྱི་ཁུང་ནས་དེ་མི་ཐོན།། ལྷ་དང་སྔགས་ཀྱིས ་མ་ཟིན་པའི།། སྐྱེས་བུ་ཡང་དག་སྐྱེས་བུ་ནི།། ལས་ཀྱི་ཞགས་པས་དམ་བཅིངས་ནས།། ལས་ཀྱི་ཁ་བརྒྱུད་ཡང་དང་ཡང་།། འཁྲུལ་པའི་ལུ་གུ་རྒྱུད་དུ་འཁོར།། ཉེས་ལས་རྣམ་པར་གྲོལ་མིན་ཅིང་།། གདན་ལས ་འཕགས་པར་མི་འགྱུར་རོ།། ལྷ་མེད་ཉེས་པ་བརྗོད་མཐའ་ཡས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་མ་བསྒྲུབས་པའི་ཉེས་པ་བསྟན་པའི་ལེའུ་སྟེ་བཅུ ་བདུན་པའོ།། སྠི།། ། དབང་པོ་དྲན་འཛིན་འཁོར་རྣམས་ཉོན།། ཡེ་ཤེས་ལྷ་བསྒྲུབ་བརྩོན་པའི་བུ།། ཕྱི་ལྟར་བསྒྲུབ་པ་འདི་ལྟ་བུ།། གནས་ནི་རབ་འཇིགས་དུར་ཁྲོད་གླིང་།། དུས་ནི་ཡར་ཚེས་བཟང་པོའི ་ཚེ།། ལུས་ངག་ཡིད་གསུམ་རྩོལ་ལྡན་པས།། དཀྱིལ་འཁོར་ལ་སོགས་རྫས་བཀྲམ་ཞིང་།། སྔོན་འགྲོ་དངོས་གཞི་རྗེས་དང་བཅས།། ལྷ་གསལ་སྔགས་དང་བཅས་ཏེ་བསྒྲུབ།། རྟགས་དང་མཚན་མས་གཏན་ལ ་དབབ།། དད་གདུང་ངེས་ཤེས་བསྐྱེད་ནས་ནི།། རང་རྒྱུད་དུལ་ན་འགྲུབ་པ་སྟེ།། དངོས་གྲུབ་བླང་སོགས་ལའང་སྦྱང་།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་ཕྱི་ལྟར ་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ཧྲཱི།། ། ཡོངས་འཛིན་སྤྲུལ་པའི་འཁོར་རྣམས་ཉོན།། ནང་ལྟར་ཡེ་ཤེས་ལྷ་བསྒྲུབ་ནི།། བདག་ལུས་ལྷ་ཡི་དཀྱིལ་འཁོར་གསལ།། གཡེང་བ་མེད་པའི་ཏིང ་འཛིན་གསལ།། སྐྱེ་མེད་ཤུབ་བུའི་བཟླས་པ་འབད།། རང་སྣང་རྟོགས་པའི་གཏོར་མཆོད་འབུལ།། གསལ་སྣང་དག་པས་གཏན་ལ་དབབ།། སྣང་སྲིད་སྒྱུ་མར་ཤེས་པ་ན།། ཡེ་ཤེས་ལྷ་ཉིད་གྲུབ་པ་སྟེ།། ཏིང་འཛིན ་འཕྲོ་འདུའི་ལས་སྦྱོར་བརྩམ།། གང་ལ་དམིགས་པ་གནས་སུ་སྦྱོར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་ནང་ལྟར་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ། ་སྠི།། ། འདུས་ཤིང་ཚོགས་པའི་འཁོར་རྣམས་ཉོན།། གསང་བ་ལྟར་དུ་ལྷ་བསྒྲུབ་པ།། ཐབས་ཀྱི་རིམ་པ་འདི་ལྟ་སྟེ།། ཡེ་གདངས་ཆེན་པོའི་དཀྱིལ་འཁོར་དུ།། རབ་གསལ་འོད་ཀྱི་ལྷ་བཀྲམ་ཞིང་།། སྐྱེ་མེད་རྡོ་རྗེའི ་བཟླས་པ་བྱ།། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ།། གཡོ་བ་མེད་པར་བསྒྲུབ་པ་ཡིས།། བདག་གིས་བདག་ཉིད་གཏན་ལ་ཕབ།། འཕོ་འགྱུར་མེད་ན་གྲུབ་པ་སྟེ།། གང་ཤར་རོལ་པའི་ལས་སྦྱོར་བྱ།། སྣང་སྲིད་གཞིར ་བཞེངས་ཆེན་པོར་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་གསང་བ་ལྟར་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། སྠི།། ། སེམས་དཔའི་འཁོར ་རྣམས་མ་ཡེངས་ཉོན།། དེ་བཞིན་ཉིད་ལྟར་ལྷ་བསྒྲུབ་པའི།། མན་ངག་ཐབས་ཀྱི་རྒྱལ་པོ་བསྟན།། རང་སྣང་དག་པའི་དཀྱིལ་འཁོར་དུ།། རྩོལ་བྲལ་ཆེན་པོའི་ལྷ་བཀོད་དེ།། འབྱུང་འཇུག་རླུང་གི་བཟླས་པ ་འབད།། ཤུགས་འབྱུང་རང་བབས་བསྒྲུབ་པ་བརྩོན།། འཁྲུལ་པ་དག་ནས་ལྷ་འགྲུབ་པས།། བླང་དོར་བྲལ་བའི་ལས་སྦྱོར་བྱ།། འཁོར་འདས་གཉིས་མེད་རོ་གཅིག་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི ་སྐུ་རྒུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་དེ་ཁོ་ན་ཉིད་ལྟར་བསྒྲུབ་པའི་ཚུལ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། སྠི།། ། དབང་པོ་སེམས་དཔའི་འཁོར་རྣམས་ཅན།། ལྷ་མཆོད་ཐུགས་དམ ་བསྐང་བ་ནི།། ཕྱི་ལྟར་ཐུན་མོང་རྫས་ཀྱིས་མཆོད།། ནང་ལྟར་དབང་པོ་རྣམ་ལྔས་མཆོད།། གསང་བ་རྟོག་ཚོགས་རིག་པས་མཆོད།། དེ་ཉིད་སྤྲོས་བྲལ་དགོངས་པས་མཆོད།། བདེ་སྟོང་རོ་མཉམ་དབྱིངས་སུ ་བསྐང་།། སྣང་སྲིད་གཞིར་བཞེངས་ཆེན་པོའི་ཀློང་།། བླང་དོར་བྲལ་ན་ཐུགས་དམ་བསྐང་།། བསྐང་བྱ་སྐོང་བྱེད་བསྐང་བའི་ཡུལ།། མཉམ་ཉིད་རོལ་པ་ཆེན་པོར་བསྐང་།། དེ་ལྟར་ཐུགས་དམ་བསྐངས་པ ་ཡིས།། འབྲས་བུ་མཆོག་དང་ཐུན་མོང་ཀུན།། ཡེ་ཤེས་ལྷ་དགྱེས་རྩོལ་བར་འགྱུར།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་མཆོད་ཅིང་ཐུགས་དམ་སྐོང་བའི་རིམ་པ་བསྟན ་པའི་ལེའུ་སྟེ་ཉེར་གཉིས་པའོ།། སྠི།། ། རང་བྱུང་སྤྲུལ་པའི་འཁོར་རྣམས་ཀུན།། བདག་ཉིད་ལྷ་བསྒོམ་འདི་ལྟ་སྟེ།། གཞི་གནས་ཡེ་ཤེས་དབང་པོ་ཡི།། སྟེང་འོག་ཕྱོགས་བཅུར་མི་བལྟ་ཞིང་།། ནང་དུ་བཀུག ་པས་ཨར་ལ་གཏད།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། ཡེ་ཤེས་ལྷ་ཡི་རོལ་པ་སྟེ།། མ་སྐྱེས་རང་གསལ་ལམ་མེ་བ།། ཐུགས་རྗེ་ཞལ་ཕྱག་རྒྱན་དང་བཅས།། རང་བབས་ལྷུག་པར་བཞག་པ་ལ།། དད་པའི་དབང ་པོ་གསལ་གདབ་པས།། སྣང་བ་ཡབ་ལ་སྟོང་པ་ཡུམ།། གཉིས་མེད་ཟུང་འཇུག་ཆེན་པོའི་དབྱིངས།། གསལ་འགྲིབ་འཕོ་འགྱུར་མེད་པར་བལྟ།། ངོ་བོ་བླ་མར་གནས་པ་ལ།། རང་བཞིན་ཡི་དམ་ལྷ་སྐུར ་བཞེངས།། ཐུགས་རྗེ་འགག་མེད་མཁའ་འགྲོར་སྣང་།། བདག་ཉིད་ལས་མིན་ལྷ་མེད་པས།། ཡེ་གྲུབ་བབས་སུ་ལ་ཐག་བཅད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། བདག་ཉིད་ཡེ ་ཤེས་ཀྱི་ལྷར་གསལ་བའི་ཚུལ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། སྠི།། ། འདུས་པའི་འཁོར་ཚོགས་མ་ཡེངས་ཉོན།། མདུན་དུ་ཡེ་ཤེས་ལྷ་བསྐྱེད་ན།། ཕོ་བྲང་རིན་ཆེན་གཞལ་ཡས་ཁང་།། གྲུ་བཞི་སྒོ་བཞི ་རྟ་བབས་བཅས།། ཚངས་ཁང་འོད་ཀྱི་དྲ་བས་སྦྲེལ།། སྒྲིབ་གཡོགས་མེད་པར་ཕྱི་ནང་གསལ།། རང་བཞིན་འོད་ལྔ་འཁྲིགས་པའི་དབུས།། ས་བོན་ཡིག་འབྲུ་ཕྱག་མཚན་ལ།། མངོན་པར་ལྷག་པའི་སྐུ་བསྒོམ ་ཞིང་།། གཙོ་བོ་འཁོར་གྱི་སུམ་འགྱུར་ལ།། ཡང་འཁོར་དེ་ཡི་ཕྱེད་ཕྱེད་གསལ།། རྒྱན་དང་ཆ་ལུགས་རྣམ་པར་བཀྲ།། ངོ་བོ་བླ་མ་ཆོས་སྐུ་ལས།། རང་བཞིན་ཡི་དམ་ལོངས་སྤྱོད་རྫོགས།། ཐུགས་རྗེ་སྦྲུལ་སྐུ་མཁའ ་འགྲོ་མ།། རྣམ་གྲངས་དམ་ཚིག་རྫོགས་པར་གསལ།། སྣང་ལ་རང་བཞིན་མ་གྲུབ་པའི།། འོད་དང་འོད་ཟེར་འཕྲོ་འདུར་བཅས།། རང་སྣང་དག་པས་གསལ་བར་བྱ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད ་ཤེལ་གྱི་རི་བོ་ལས། མདུན་བསྐྱེད་ཡེ་ཤེས་ཀྱི་ལྷ་བསྒོམ་པའི་ཚུལ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། སྠི།། ། རང་བྱུང་སེམས་དཔའི་འཁོར་རྣམས་ཉོན།། དམ་ཚིག་སེམས་དཔའི་ངོ་བོ ་ནི།། མོས་བསྒྱུར་བློ་ཡིས་བསྐྱེད་པ་སྟེ།། རྐང་གྲངས་མཚན་དང་བཅས་པ་སྟེ།། གཙོ་བོ་ཉིད་དང་དེ་ཡི་ཡུམ།། འཁོར་དང་དེ་ཡི་ཡང་འཁོར་དང་།། སོ་སོར་ཚོམ་བུར་བཅས་ནས་ནི།། ཚོམ་བུ་དགུ་རུ་རྣམ་པར ་ངེས།། སྤྱི་བོ་ལ་སོགས་གནས་རྣམས་སུ།། ཨཽ་སོགས་ཡི་གེའི་འབྲུ་རྣམས་བཀྲམ།། སྔོན་གྱི་རྗེས་བཟུང་ཐ་ཚིག་ལྟར།། དམ་ཚིག་དབང་གིས་བསྐྱེད་རྣམས་སོ།། རང་ལས་བྱུང་ཞིང་རང་ཉིད་དང་།། དམ་ཚིག་གཅིག་ཏུ ་གནས་པའི་ཕྱིར།། དམ་ཚིག་སེམས་དཔའ་ཞེས་བྱའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ལྷ་དམ་ཚིག་པ་བསྐྱེད་པར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། སྠི།། ། རང་ཤར ་སྤྲུལ་པའི་འཁོར་རྣམས་ཉོན།། ཡེ་ཤེས་སེམས་དཔའ་ཞེས་བྱ་བ།། གདོད་ནས་དག་པ་ཆོས་ཀྱི་སྐུ།། རང་བྱུང་རང་གསལ་ལོངས་སྤྱོད་རྫོགས།། ཤར་གྲོལ་སྦྲུལ་སྐུ་འགྲོ་བ་འདུལ།། རང་བབས་བྱིན་རླབས་བླ་མ ་མཆོག། དངོས་གྲུབ་གཤིས་སྟེར་ཡི་དམ་ལྷ།། ཕྲིན་ལས་རྨད་བྱུང་མཁའ་འགྲོའི་ཚོགས།། སྣང་བའི་རང་བཞིན་ཡབ་ཀྱི་ཆ།། སྟོང་པའི་བདག་ཉིད་ཡུམ་མཆོག་སྟེ།། མཉམ་པར་གནས་པ་ཞི་བའི་སྐུ།། ཧུར་བྱུང་ཐོལ ་སྐྱེས་ཁྲོ་སྐུར་བཞེངས།། རོལ་པའི་ཡེ་ཤེས་ཞི་མ་ཁྲོ།། དེ་དག་གདོད་ནས་ལྷུན་གྱིས་གྲུབ།། བྱས་བཅོས་བྱུང་བ་དེ་མ་ཡིན།། ཡེ་ནས་ཤེས་རིག་རྒྱལ་པོར་སྣང་།། དེ་ཕྱིར་ཡེ་ཤེས་སེམས་དཔའོ།། བླ་མ་ཡི་དམ་མཁའ ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ལྷ་ཡེ་ཤེས་སེམས་དཔའི་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། སྠི།། ། རང་གྲོལ་འདུས་པའི་འཁོར་རྣམས་ཉོན།། དམ་ཚིག་པ་དང་ཡེ་ཤེས ་པ།། ལྷ་གཉིས་དབྱེར་མེད་བསྲེ་བའི་ཚུལ།། ཆུ་ལ་ཆུ་བཞག་ཅི་བཞིན་དུ།། དེ་བཞིན་ཉིད་ལ་འོད་ཀྱི་ཚུལ།། ཕན་ཚུན་ཐ་དད་མ་ཡིན་པར།། དབྱེར་མེད་དུ་མ་རོ་གཅིག་ཉིད།། ཡིན་པར་ཤེས་ཤིང་ཡིན་ཚུལ་དུ།། རྣལ ་འབྱོར་རྒྱལ་པོ་རྣམས་ཀྱིས་བལྟ།། བསྲེ་བྱ་སྲེ་བྱེད་མེད་པ་དང་།། གཞག་བྱ་འཇོག་བྱེད་མེད་པ་སྟེ།། འོན་ཀྱང་གནས་སྐབས་ཡུལ་དོན་དུ།། བསྐྱེད་པའི་དམ་ཚིག་སེམས་དཔའ་ལ།། དབྱིངས་ནས་ཡེ་ཤེས་སེམས ་དཔའ་བཀུག། ཆུ་ལ་ཆུ་ཐིམ་ལྟ་བུར་བསྲེ།། དེ་བསྲེས་དང་བསྒོམ་ལྷུག་པར་བཞག། འདི་ཀུན་ཐབས་ཀྱི་ཡན་ལག་སྟེ།། གདུལ་བྱ་འགྲོ་བ་འདྲེན་ཕྱིར་སྤྲོ།། ཀུན་ཀྱང་ཡང་དག་དགོངས་དོན་སྤྱོད།། ཆོ་གའི་ཡན་ལག ་ཇི་བཞིན་པ།། སྤྲུལ་པ་རྣམས་ཀྱིས་སྤྲོ་བར་གྱིས།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ལྷ་དམ་ཚིག་པ་དང་ཡེ་ཤེས་པ་བསྲེ་བའི་ཚུལ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། ། ་སྠི།། ། གཟུགས་ཀྱི་རྡོ་རྗེ་ལ་སོགས་ཉོན།། དམ་ཚིག་ཡེ་ཤེས་སེམས་དཔའ་གཉིས།། དབང་བསྐུར་རྒྱ་ཡིས་འདི་ལྟར་གདབ།། རྣམ་སྣང་མི་བསྐྱོད་འོད་དཔག་མེད།། རིན་འབྱུང་དོན་ཡོད་གྲུབ་པ ་སྟེ།། རིགས་རྣམས་ཀུན་གྱི་གཙོ་བོ་མཆོག། སངས་རྒྱས་མངའ་བདག་རིགས་ཀྱི་ལྷ།། ཇི་ལྟར་སྣང་བའི་རིགས་རྣམས་ལ།། རྒྱལ་ཐབས་སྤྱི་བླུག་རང་དབང་བསྐུར།། དག་པ་གསུམ་གྱིས་རྒྱས་བཏབ་པས།། འབྲས་བུ ་སྐུ་ལྔ་ཡེ་ཤེས་ལྔ།། ཕུང་ཁམས་སྐྱེ་མཆེད་གནས་དག་ནས།། རང་རང་རིགས་ཀྱིས་དབུ་བརྒྱན་ནས།། རིགས་བདག་བདག་པོ་ཉིད་ཀྱིས་མཚན།། འོད་དཔག་མེད་སོགས་དེ་བཞིན་གཤེགས།། དབང་བསྐུར་རྒྱས ་གདབ་མཚོན་པའོ།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་དང་རོལ་པ་གཅིག་པའི་དབྱིངས་སུ་དབང་བསྐུར་རྒྱས་གདབ་ཚུལ་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། ། ་སྤྱི།། ། རང་བྱུང་སྤྲུལ་པའི་འཁོར་རྣམས་ཉོན།། དེ་ལྟར་བསྟན་པའི་ལྷ་རྣམས་ཀྱི།། རྒྱུ་མཚན་རྣམ་གྲངས་དཔག་མེད་ཀྱང་།། གཅིག་ཏུ་དྲིལ་ནས་དོན་སྟོན་པ།། སྣོད་ཀྱི་འཇིག་རྟེན་ལ་སོགས་པ།། སྒྱུ་མའི་ལུས་ཉིད ་གནས་དག་ཕྱིར།། བཞུགས་གནས་ཕོ་བྲང་གཞལ་ཡས་བསྟན།། བཅུད་ཀྱི་སེམས་ཅན་གནས་དག་ཅིང་།། སེམས་ཉིད་ལྷ་རུ་གནས་གྱུར་པས།། ཡེ་ཤེས་ལྷ་ཡི་རྣམ་པར་བསྟན།། གདུལ་བྱ་སྨིན་གྲོལ་ལམ་བགྲོད ་ཕྱིར།། ཡེ་ཤེས་བླ་མའི་ངོ་བོར་བསྟན།། དགོས་འདོད་རེ་བ་བསྐང་བའི་ཕྱིར།། ཡི་དམ་ཞི་དང་ཁྲོ་བོར་བསྟན།། ཕྲིན་ལས་དམིགས་སུ་བསྒྱུར་བའི་ཕྱིར།། མཁའ་འགྲོ་རོལ་པ་ཆེན་པོར་བསྟན།། རྒྱུ་རྐྱེན་རྟེན་འབྲེལ ་ཕུན་ཚོགས་ཕྱིར།། དེ་ལྟར་འཕྲོ་འདུ་སྣ་ཚོགས་བསྟན།། རྩ་རླུང་ཐིག་ལེའི་ངོ་བོ་ཡང་།། གཞལ་ཡས་ལྷ་དང་བཅས་པ་བསྟན།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། རང་བྱུང་ཡེ་ཤེས་ལྷ་ཡི་དང་།། ཡེ་ཤེས་རབ ་རྫོགས་སྐུ་ལྔའི་ཞིང་།། སྤྲོས་བྲལ་ལྷུན་གྲུབ་ཕྱག་རྒྱའི་ཞིང་།། གཞི་སྣང་དག་པ་ཆོས་ཀྱི་དབྱིངས།། ལྷག་མེད་ཉིད་དུ་མྱ་ངན་འདས།། སྒྲ་དང་འོད་དུ་བཅས་ནས་ཀྱང་།། སྐུ་གསུམ་ཞིང་དུ་མངོན་དུ་འབྱུང་།། གདུལ་བྱ ་རྣམས་ལ་ལྷག་མར་བཅས།། སྐུ་གདུང་རིང་བསྲེལ་བཞག་ནས་ཀྱང་།། གཞན་ཕན་ཐབས་ཀྱིས་འགྲོ་བ་རྣམས།། རིམ་གྱིས་འདྲེན་པར་དེས་བྱེད་དོ།། ཡང་མཐའ་བར་དོ་ཉིད་དུ་ཡང་།། རང་སྣང་ཡེ་ཤེས་ལྷ་དང ་ཕྲད།། རང་ངོ་ཤེས་ནས་རྣམ་པར་གྲོལ།། དེ་ཡང་རྒྱུ་འབྲས་དེ་ཡིས་ཡིན།། སྤྲུལ་པ་ལས་ཀྱང་སྤྲུལ་པའི་སྐུ།། སྐྲ་དང་མཚན་དཔེས་རབ་སྨྲས་ཤིང་།། ལས་དག་ཞིང་ལ་རབ་སྣང་བས།། བྱང་ཆུབ་མངོན་དུ་དེ་འགྱུར ་ཞིང་།། དེ་སོགས་དཔལ་དང་ཡང་དག་ལྡན།། སྤྱི་ཕུད་ཉིད་དུ་སྣང་བར་བྱེད།། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། ཡེ་ཤེས་ཀྱི་ལྷ་བསྒྲུབ་པའི་རྒྱུ་མཚན་གྱི་རིམ་པ་བསྟན་པའི་ལེའུ་སྟེ ་ཉེར་དགུ་པའོ།། སྠི།། ། དེ་ལྟར་འཁོར་གྱིས་ཞུས་པའི་དོན།། དཔག་མེད་རྒྱལ་པོས་རབ་གསུངས་པས།། སེམས་དཔའ་གཟུགས་ཀྱི་རྡོ་རྗེ་དང་།། སྒྲ་ཡི་རྡོ་རྗེ་དྲི་རྡོ་རྗེ།། རོ་དང་རེག་བྱའི་རྡོ་རྗེ ་དང་།། སེམས་དཔའ་ཆོས་ཀྱི་རྡོ་རྗེ་སོགས།། གདུལ་བྱར་གྱུར་པའི་འཁོར་རྣམས་ལ།། ཚིམས་པར་གྱུར་པའི་དོན་གསུངས་པས།། དགའ་ཞིང་མགུ་ནས་ཐལ་མོ་སྦྱར།། རངས་པའི་སེམས་ཀྱིས་སྤྱི་བོས་འདུད།། ལྷ ་དང་མི་དང་ལྷ་མིན་དང་།། ཀླུ་དང་རིག་སྔགས་འཆང་ལ་སོགས།། འཇིག་རྟེན་པ་རྣམས་ཡི་རངས་ཤིང་།། བཅོམ་ལྡན་འདས་ལ་མངོན་པར་བསྟོད། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ ་ལས། རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་པའི་ལེའུ་སྟེ་སུམ་ཅུ་པའོ།། སྤྱི།། ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྤྲུལ་པ། རང་བྱུང་དུ ་བབས་པའི་རྒྱུད་ཀྱི་རྒྱལ་པོ་ཤེལ་གྱི་རི་བོ་རྣམ་པར་བཀོད་པ་ཞེས་བྱ་བ་རྫོགས་སོ།། །། ས་མ་ཡ། རྒྱ་རྒྱ་རྒྱ། བདག་འདྲ་པདྨ་འབྱུང་གནས་ཀྱིས། སྒྲ་རང་འགྱུར་དུ་བཀོད་པའོ།། དྷ་ཟིམ། སྦྲུལ་སྐུ་སངས་རྒྱས་གླིང ་པས་བླ་དཀར་དུང་གི་སྒོ་མོ་ནས་གདན་དྲངས་པའི་ཟབ་ཆོས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། མསས་##\ུ0f7f། ཨུ་རྒྱན་གསང་བ་བརྡ་སྐད་དུ་བསྟན་པ། རྒྱ་གར་སྐད ་