CLOSE WINDOW

Gpb017.003: bla ma dgongs pa 'dus pa las/ dad rtson dang ldan pa'i skyes bus rgyud 'chang ba'i thabs dang/ rgyud kyi che ba bstan pa
Wyliee-texts produced with BDRC’s OCR application

སོ།། །། བླ་མ་དགོངས་པ་འདུས་པ་ལས། དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒུད་འཆང་བའི་ཐབས་དང་། རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།། ཙ་ཆཏ་ཐྱཡཱ། བཉཡ་སྟྭཾ་ཧ། ན་མོ་གུ་རུ་དྷེ་ཝ་ཌཱཀྐི ་ནི་ཧཱུཾ། དད་པ་དམ་ཚིག་ལ་གནས་ཤིང་། བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་ཕོ་མོ་གང་དག་གིས། རྒྱུད་འཆང་བར་འདོད་པས། དུས་ཁྱད་པར་ཅན་ཉ་སྟོང་བརྒྱད་གསུམ་དང་ཚེས་བཅུ ་ལ་སོགས་པ་དང་། གཟའ་སྐར་བཟང་པོ་ལ་བབས་པའི་ཚེ། བཀྲ་ཤིས་ལ་བྱིན་ཆགས་ཤིང་ཡིད་དང་མཐུན་པའི་གནས་སུ་བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་བཞེངས་ཤིང་སྐུ་རྟེན་བཀྲམ། ཕྱི་ནང་གི་མཆོད་པ ་དང་། སྨན་རག་གཏོར་གསུམ་ལ་སོགས་པ་མཆོད་པའི་ཡོ་བྱད་བཤམས་ཤིང་། བསྒྲུབ་མཆོད་ཅི་འགྲུབ་ལ་འབད། དེ་ནས་རང་ཉིད་བྲིས་མཁན་ལུས་ངག་ཡིད་གསུམ་རྒྱུད་དག་ཅིང་སེམས་བསྐྱེད་དང་ལྡན་པའི་ངང ་ནས། རྩ་བའི་སྤྱི་རྒྱུད་པད་སྡོང་བརྩེགས་པ་རིན་ཆེན་སྣ་ཚོགས་པའམ། མ་གྲུབ་ན་ཚོན་རྩི་སྣ་ལྔས་བྲི། སྐུ་རྒྱུད་ཤེལ་གྱི་རི་བོ་དངུལ་ལམ་དུང་བཏུལ་བའི་ཁུ་བས་བྲི། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ཟངས་དང་མཚལ ་བཏུལ་བའི་ཁུ་བས་བྲི། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་བཻ་ཌཱུཪྻ་དང་མཐིང་བཏུལ་བའི་ཁུ་བས་བྲི། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་གསེར་སྦྱངས་པའི་ཁུ་བས་བྲི། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་སྐྱེས ་དར་མ་གྲིར་ཤི་བའི་ཁྲག་དང་དུག་དང་རྒྱ་སྣག་གི་ཁུ་བས་བྲི། བླ་མའི་གསང་རྒྱུད་བཀའི་བང་མཛོད། ཡི་དམ་གསང་རྒྱུད་བཀའི་ཐ་རམ་དང་། མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་གསུམ། བདུད་རྩི་ཨ་མྲྀ་ཏ་དང་། ་བྱང་སེམས་དཀར་དམར། སིན་དྷཱ་ར། ཙནྡན། ག་པུར། གུར་གུམ། གི་ཝཾ། ལི་ཤི། རུ་རྟ། ཛཱ་ཏི་རྣམས་སྦྱར་ཞིང་། གཞན་ཡང་བྱིན་རླབས་ཀྱི་རྫས་རྣམས་མཚལ་དང་བསྲེས་ཤིང་བྲི། ཡི་གེ་དབུ་ཅན་ལྷག་ཆད་མེད ་པར་བྲིས་ཏེ། ཐམས་ཅད་རང་གི་སོར་བཞི་པའི་ཚད་དུ་བྱས་ཏེ་གླེགས་བམ་མགོ་ཞབས་མ་དཀྲུགས་པར་ཕྱོགས་གཅིག་པ་ཅན་དུ་བྲིས་ཏེ། སོ་སོར་རིགས་མཐུན་གྱི་དར་ཁ་དོག་ཅན་གྱིས་གྲིལ་བ་ལ་མཆོད་པའི་རྫས ་རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། སྨན་སྣ་ཚོགས། དར་སྣ་ཚོགས་དང་བཅས་པ་རིན་པོ་ཆེའི་ཟ་མ་ཏོག་གམ་ག་འུར་བཅོལ་ནས། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར་བཞུགས་སུ ་གསོལ། དེ་ནས་རང་ཉིད་དྲི་བཟང་པོའི་ཆུས་ཁ་ལག་གདོང་གསུམ་དག་པར་བཀྲུ། གོས་གསར་པ་དྲི་མ་མེད་པ་གོན་ཅིང་། བདེ་བའི་སྟན་ལ་གནས་པས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་སྔོན་དུ ་འགྲོ་བའི་ཆོས་སྤྱོད་བྱ། ཡུལ་ཕྱོགས་ཀྱི་གཞི་བདག་དང་། འབྱུང་པོའི་ཚོགས་ལ་གཏོར་མ་བྱིན་ལ་བདེན་པའི་སྟོབས་བརྗོད། དེ་ནས་བླ་མ་ཡི་དམ་མཁའ་འགྲོའི་ས་མ་ཏི་དང་ལྡན་པས། གླེགས་བམ་གུ་གུལ་གྱི་དུད ་པས་བདུག་ཅིང་། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། གླེགས་བམ་གྱི་བྲིས་གཞི་གཞལ་ཡས་ཁང་རྣམ་པར་དག་ཅིང་བཀོད་པ་དུ་མ་དང་ལྡན་པར་གསལ་བའི་ནང་དུ། ཡིག་འབྲུའི་ངོ་བོ་ཐམས་ཅད་ཕྱོགས་བཅུ ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པའི་རྣམ་པར་གསལ་ཞིང་། དེ་དག་ཐམས་ཅད་ཀྱང་། རང་རང་གི་རྒྱན་ཆ་ལུགས་རྣམ་འགྱུར་དང་བཅས་པས།། ་རྒྱུད་དགུ་པོའི་ཚིག་འབྲུ་སཾ་སྐྲྀ་ཏའི་སྐད་དུ་ཏི་རི་རི་བཀླག་པར་བསམ་པ་ལ་ཡང་། ཆོས་གསུང་ཡིག་འབྲུའི་ཆར་སྒྲ་ཚི་ལི་ལི་བབས་པས་གླེགས་བམ་ལ་ཐིམ། གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང ་ཆུབ་སེམས་དཔའ་ལ་སོགས་པ་འཕགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནས་གླེགས་བམ་དུ་བསམས་པའི་སྐུ་ལ་ཐིམ་པར་དམིགས་ཏེ། གཞན་དུ་ལས་ཀྱི་པོ་ཏི་བྲིས་པའི་རྒྱུད་ཚིག་དགུ་པོ་རབ་བརྒྱ་རྩ ་བརྒྱད། འབྲིང་ལྔ་བཅུ་རྩ་བཞི། ཐ་མ་ཉེར་བདུན་བཀླག་པའི་དུས། དང་པོ་ལ་རང་ཉིད་སྟོན་པ་སྣང་བ་མཐའ་ཡས་སུ་བསྐྱེད་དེ། པདྨའི་ལྗགས་ཀྱིས་བཀླག། དེས་འགྲེ་བར། གཉིས་པ་ལ་བདག་ཉིད་རྣམ་སྣང་།། ་ལྗགས་འཁོར་ལོ། གསུམ་པ་ལ་བདག་ཉིད་འོད་དཔག་མེད། ལྗགས་པདྨ། བཞི་པ་ལ་བདག་ཉིད་རྡོ་རྗེ་སེམས་དཔའ། ལྗགས་རྡོ་རྗེ། ལྔ་པ་ལ་བདག་ཉིད་རིན་ཆེན་འབྱུང་ལྡན། ལྗགས་རིན་པོ་ཆེ་འབར་བ། དྲུག་པ ་ལ་བདག་ཉིད་དོན་ཡོད་གྲུབ་པ། ལྗགས་སྣ་ཚོགས་རྡོ་རྗེ། བདུན་པ་ལ་བདག་ཉིད་མཚོ་སྐྱེས་རྡོ་རྗེ། ལྗགས་གསེར་གྱི་རྡོ་རྗེ། བརྒྱད་པ་ལ་བདག་ཉིད་རྟ་མགྲིན་དབང་ཆེན། ལྗགས་དངུལ་གྱི་གྲི་གུག་དགུ་པ་ལ ་བདག་ཉིད་ཡུམ་རྡོ་རྗེ་ཕག་མོ། ལྗགས་གནམ་ལྕགས་ཀྱི་རལ་གྲིར་བསམས་ལ་བཀླག། དེ་ཙམ་སྤྲོས་པ་ལ་མི་དགའ་ན། བདག་ཉིད་སྟོན་པ་སྣང་བ་མཐའ་ཡས། ལྗགས་པདྨ་དམར་པོ་འདབ་མ་ཅན་དུ་བསམས་ལ།། ་ཧ་ཅང་ཐལ་བའི་རྣམ་པ་ཅན་གང་ཡང་མ་ཡིན་པར་བཀླག། བར་གྱི་ཐུན་མཚམས་རྣམས་སུ་གཏོར་མཆོད་དང་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་འབུལ། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་དཀྱིལ་འཁོར་གསུམ ་གྱིས་མ་ཏི་དང་མ་བྲལ་ཞིང་། སྐབས་སུ་དམ་ཚིག་དང་ལྡན་པའི་གྲོགས་སུ་ཡོད་པས་རྩ་བ་གསུམ་གྱི་བསྙེན་འཛབ་བརྗོད། དེ་ལྟར་འབད་པས་འཇའ་དང་འོད་དང་། ཟེར་དང་། དྲི་བཟང་གི་དད་པ་དང་། ཆོས་ཀྱི་སྒྲ ་དབྱངས་ལ་སོགས་པའི་སྒྲ་དང་། གླེགས་བམ་ལ་འོད་འབར་བ་ལ་སོགས་པའི་ལྷས་འབྱུང་བར་འགྱུར་རོ།། དེ་ནས་མཆེད་དང་ལྕམ་དྲལ་ལ་སོགས་པ་འདུས་པ་རྒྱ་མཚོ་ལ་ཟབ་མོ་ཚོགས་ཀྱི་འཁོར་ལོ ་དང་ཡོན་འབུལ་ཅི་འགྲུབ་བྱས་ཤིང་། དུས་བཟང་པོའི་ཚེ་སྔ་དྲོ་དང་པོར་གླེགས་བམ་རང་གི་སྤྱི་བོར་བླངས་པ་ཙམ་གྱིས་ཕྱོགས་དུས་ཀྱི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ། ཡི་དམ་ཞི་ཁྲོ་རབ་འབྱམས། དཔའ ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་རང་གི་སྤྱི་བོར་སྤུང་གིས་བྱོན་ནས་བྱིན་གྱིས་བརླབ། དབང་བསྐུར་མཛད་དེ་ཐམས་ཅད་རང་གི་སྙིང་གར་སིབ་ཀྱིས་ཐིམ་པར་བསམས་ལ། རྣམ་པར་མི་རྟོག་པའི་ངང་ལ ་མཉམ་པར་བཞག། གླེགས་བམ་ནམ་དུ་ཡང་ཞལ་མ་ཕྱེ་བར་རང་གི་མཆན་ཁུང་གཡོན་དུ་དྲོད་དང་སྐད་ཅིག་ཀྱང་མ་བྲལ་བར་འཆང་ཞིང་དུས་དང་རྣམ་པ་ཐམས་ཅད་དུ་དད་པ་མོས་གུས་ཀྱི་ཤུགས་བསྐྱེད་ལ་ཅི་ལྟར ་འདོད་པའི་དོན་འབྲས་ལ་གསོལ་བ་གདབ། དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། བླ་མ་ཡི་དམ་མཁའ་འགྲོ་ལ་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་འབྲལ། གཞན་ཡང་རྗེས་ཀྱི་བྱ་བ་སྤྱོད་པ་ཐམས་ཅད་སྤྱི ་དང་མཐུན་ལ་གཞན་དད་ལྡན་གྱི་སྐྱེས་བུ་གང་དང་གང་ལ་གདོགས་པར་འདོད་པས་ཀྱང་། ཚུལ་དེ་དག་ལ་རྡོ་རྗེ་སློབ་དཔོན་གྱིས་གང་གིས་འཆང་བ་དེ་ལ་གླེགས་བམ་གྱིས་དབང་བསྐུར་ནས་གདགས་པར་བྱའོ།། དེ ་ལྟར་ཁྱད་པར་རྨད་དུ་བྱུང་བའི་རྒྱུད་འདི་དག་ཚར་གཅིག་ཙམ་བཞེངས་པའི་བསོད་ནམས་ཀྱིས་ཕུང་པོ་དཔག་ཏུ་མེད་དེ། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་བྲིས་པའི་བསོད་ནམས་དང་མཉམ ་པའོ།། རྒྱུད་ཀྱི་གླེགས་བམ་གང་གིས་མཐོང་བ་དང་རེག་པ་དང་། དེའི་ཚིག་འབྲུ་ཐོས་པ་ཐམས་ཅད་ནི་བསྐལ་པ་གྲངས་མེད་པར་བསགས་པའི་ལས་ཀྱི་སྒྲིབ་པ་ཟད་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར ་རོ།། འཆང་ཞིང་ཀུན་ཆུབ་པར་བྱེད་པས་ནི། དེ་གནས་སྐབས་ཚེ་འདིར་ལྷ་དང་མི་དང་ལྷ་མིན་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྱུར་ཏེ། བཀུར་སྟི་ཕུ་དུད་དཔག་ཏུ་མེད་པ་བྱེད། མི་དང་མི་མ་ཡིན་གྱི་གནོད ་པ་གང་དང་གང་གིས་ཀྱང་མི་ཚུགས་ཤིང་ལྷ་འདྲེ་ཐམས་ཅད་ཀྱིས་བསྲུང་བར་འགྱུར་རོ།། ཕྱི་ནང་གི་བར་ཆད་ཉེར་འཚེ་ཐམས་ཅད་བཟློག་པར་འགྱུར་རོ།། ཅི་ལྟར་འདོད་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཆར ་བཞིན་འབབ་པར་འགྱུར་རོ།། བདུད་དང་བདུད་ཀྱི་རིགས་ཀྱིས་ཆོ་འཕྲུལ་གནོད་པར་བྱེད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ།། འདུ་བ་རྣམ་བཞིའི་ནད་ཀྱིས་མི་གནོད་པར་འགྱུར་རོ།། བགེགས་དང་མ ་རུངས་པ་ཐམས་ཅད་ཉེར་མ་ནུས་ཤིང་དབྱེ་བར་འགྱུར་རོ།། དཔའ་བོ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་བསྲུང་བར་འགྱུར་རོ།། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བཟློག་པར་འགྱུར ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་རོ།། ནམ་འཆི་བའི་ཚེ་ཡང་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་ཞིང་། མནར་གཅོད་ཀྱི་སྡུག་བསྔལ་མེད་པར་དགའ་བདེ ་སྤྲོ་བའི་འདུན་པ་དང་བཅས་ཏེ་འཆི་ཞིང་བླ་མ་ཡི་དམ་མཁའ་འགྲོའི་སུན་མ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་གཏིབས་ནས་སྤོས་ཀྱི་དྲི། རོལ་མོའི་སྒྲ་སྙན་པའི་དབྱངས་དང་བཅས་པས་བསུས་ཏེ། བདེ་བ་ཅན་ལ ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རྣམས་སུ་སྐྱེས་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ།། རབ་དབུགས་ཆད་པའི་དུས་དེར་སྒྲ་དང་འོད་དང་ཟེར་དང་། འཇའ་ཚོན་དང་མེ་ཏོག་གི་ཆར་ལ་སོགས ་པའི་ལྷས་ཁྱད་པར་ཅན་དཔག་ཏུ་མེད་པ་འབྱུང་ཞིང་ཕུང་པོ་ལ་ཡང་སྐུ་གདུང་རིང་བསྲེལ་ལ་སོགས་པ་འབྱུང་སྟེ། དེ་དག་གང་གིས་མཐོང་བའི་འགྲོ་བ་ཐམས་ཅད་ཀྱང་ལས་ཀྱི་སྒྲིབ་པ་ཟད་ནས་རྣམ་པར་གྲོལ་བའི་ཡེ ་ཤེས་གཟིགས་པའི་ཕུང་པོ་བརྙེས་པར་འགྱུར་རོ།། གང་གི་ལུས་ལ་རྒྱུད་ཀྱི་གླེགས་བམ་བཞུགས་པའི་གང་ཟག་དེས། འགྲོ་བ་གང་གི་ལུས་ལ་རེག་པའི་འགྲོ་བ་དེ་དག་ཀྱང་། ལུས་ཀྱི་སྒྲིབ་པ་བྱང་ཞིང་། ངན་སོང་གི ་སྐྱེ་སྒོ་ཆོད་ནས་ཐར་པའི་ས་བོན་ཐེབས་པ་ཡིན་ནོ།། དེ་ལྟར་རྒྱུད་འདི་དག་མཐོང་ཐོས་དྲན་པ་ལ་སོགས་འདི་དང་གང་འབྲེལ་བར་གྱུར་པའི་འགྲོ་བ་རྣམས་བླ་མེད་བྱང་ཆུབ་ཀྱི་ལམ་སྣ་ཟིན་པའོ།། གཞན་ཡང་ཆེ་བའི ་ཡོན་ཏན་རྡོ་རྗེའི་ལྗགས་ཀྱི་དབང་པོས་ཀྱང་བརྗོད་པས་མི་ལངས་པའོ།། དེ་ལྟ་བུའི་ཡོན་ཏན་གྱི་ཆེ་བ་དུ་མ་དང་ལྡན་པའི་ཕྱིར། དེ་ལྟར་བརྩོན་པར་བྱའོ།། ཐ་ན་རྒྱུད་དེ་དག་རྣམས་ཚར་རེ་བྲིས་ཏེ་རང་བཞིན་གྱིས ་བཅངས་པས་ཀྱང་། ཡུལ་རིས་རྒྱལ་ཁམས་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཀྱིས་ཁྱབ་ནས་དཔལ་ཕུན་སུམ་ཚོགས་པ་ལ་སྤྱོད་པར་འགྱུར་རོ།། དྷ་ཐིམ། རྒྱུད་ཀྱི་བཅངས་ཐབས་དང་ཆེ་བའི་ཡོན་ཏན་བརྗོད་པ། ་ད་ལྟ་མངའ་བདག་ཡབ་སྲས་དང་། མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ། བདག་འདྲ་པདྨ་འབྱུང་གནས་ཀྱིས་བཀོད་པའོ།། སྐལ་ལྡན་ལས་ཅན་གསུང་གི་སྲས་དང་ཕྲད་པར་ཤོག། ས་མ་ཡ། རྒྱ་རྒྱ་རྒྱ། སྦས་རྒྱ། ་གཏད་རྒྱ། གཏེར་རྒྱ། སྨཻ། གུཿ། དྷ་ཐིམ།། ། ཞ་ཟགས་བྱ་གྷ་ན། རྦ་རྒྱན་གསང་བ་བརྡའི་སྐད་དུ། ཐམ་ཐམ་མཐ ་