| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཧསྟེ་ག་ཛི་པ་ད་ན་ཏནྟྲ་ནཱ་མ། བོད་སྐད་དུ། གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི ་དུས་གཅིག་ན། ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་གནས་པ། རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི། ཉི་མའི་དཀྱིལ་འཁོར་ལྟར་དབྱེར་མེད་པ་རང་བཞིན་གྱིས་འོད ་གསལ་བ། དབྱེར་མེད་གཅིག་ཏུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་དེ་ནི། ནམ་མཁའ་རྣམ་པར་དག་པའི་ཀློང་ནས་ཉི་མ་སྤྲིན་དང་བྲལ་བ་ལྟ་བུ་སྟེ། རིག་པའི་གནས་མཆོག་ཆེན་པོ་ན། རང་སྣང་སྤྲུལ་པའི་གཞལ་ཡས ་ཁང་ཆེན་པོ་ན། འདོད་པ་པདྨའི་གདན་ཆེན་པོ་རྒྱས་པ་ལ། མི་རྟོག་པའི་འཁོར་ལོ་ཆེན་པོ། བདེ་བ་ཆེན་པོ་པདྨའི་ནང་དུ། གསལ་བའི་རྡོ་རྗེ་ཆེན་པོ་བཞུགས་པ་ལ། འདས་པའི་འཁོར་ཐམས་ཅད་མ་ལུས་པར་ཐིམ། ་ད་ལྟར་གྱི་འཁོར་ཐམས་ཅད་ལུས་པ་མེད་པར་རྫོགས། མ་འོངས་པའི་འཁོར་ཐམས་ཅད་མི་ལུས་པར་གྱུར་པའི་མངའ་དབང་རྫོགས་པར་བཞུགས་སོ།། ཉིད་ལས་མི་གཞན་པའི་འཁོར་ནི་འདི་ལྟ་སྟེ། འགྱུར་བ་མེད ་པའི་རྡོ་རྗེས་མི་རྟོག་མཁྱེན་པ་དང་། འཁོར་ལོ་ཆེན་པོ་རྣམ་པར་བརྗིད་པ་དང་། པདྨ་ཆེན་པོ་སྨྲ་བརྗོད་འབྱུང་བ་དང་། ཡིད་བཞིན་ནོར་བུ་འདོད་དགུར་བསྒྱུར་བ་དང་། རྒྱ་གྲམ་ཆེན་པོས་ཐོགས་མེད་མཛད་པ་དང་། ་བཙུན་མོ་འདུས་མ་བྱས་གོ་སྐབས་འབྱེད་པ་དང་། སྲ་བརྟན་མི་འགྱུར་བ་དང་། གསལ་བར་སྐྱོན་བྲལ་མ་དང་། མཉེན་སྡུད་རྒྱུན་མ་ཆད་པ་དང་། གཡོ་བསྐྱོད་སོགས་མེད་པའི་ཚོགས་རྣམས་དང་། རིག་པ་ཁྱད་པར ་ཅན་གྱི་འཁོར་རྣམས་འདི་ལྟ་སྟེ། བྱང་ཆུབ་ཆེན་པོ་ཐུགས་སུ་ཆུད་པ། ཐུགས་ཀྱི་བདག་ཉིད་སྟངས་དཔྱལ་དང་བཅས་པ་དང་། གོ་བརྡ་སྤྲོད་པ་གསུང་གི་བདག་ཉིད་ཡབ་ཡུམ་དང་བཅས་པ་རྣམས་དང་། ཐུགས་རྗེ ་སྤྲུལ་པའི་འཁོར་ནི་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་པོ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེད་དཔོན་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་པོ་དང་། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་རྒྱལ་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མངའ་བདག་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དབང་ཕྱུག་ཆེན་པོ་བསམ་གྱིས་ཁྱབ་པ་འབྱུང་བ་དང་། གདུག་པ་འདུལ་བའི་འཁོར་གྱི་ཚོགས་སུ་སྣང་བ ་ནི་འདི་ལྟ་སྟེ། གཤིན་རྗེ་མཐར་བྱེད་འགུགས་བྱེད་མ་དང་སྦྱོར་བ་དང་། བགེགས་མཐར་བྱེད་འཆིང་བྱེད་མ་དང་འཁྱུད་མ་དང་། པད་མ་མཐར་བྱེད་སྡོམ་བྱེད་མ་དང་རོལ་པ་དང་། ཤེས་རབ་མཐར་བྱེད་དགྱེས་པ ་ཆེན་མོས་འབེབས་པ་དང་བཅས་པ་རྣམས་དང་། དད་པས་འདུས་པའི་འཁོར་ནི་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ཆེན་པོ་ལ། བཞིན་གྱི་དཀྱིལ་འཁོར་ཆེན་པོས་བལྟས་པས།། དད་པས་གཏམ་ཉན་པ་མ་ལུས ་པར་ཐོས་པ་ཆེན་པོའི་མཆོག་ཐོས་པར་འགྱུར་བས། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ། བཀའ་གསང་ཐུགས་ཀྱི་དཀྱིལ་འཁོར། རང་དོན་དུ་རྟོགས་པར་དཀའ་བས་ཟབ་པ། ་གཞན་དོན་ཀུན་དང་མཐུན་པར་སྣང་བས་རྒྱ་ཆེ་བ། སྐུ་ཕྱག་རྒྱ་ཆེན་པོ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་དང་། ཐུགས་དམ་ཚིག་གི་ཕྱག་རྒྱ་དང་། ཡོན་ཏན་མཛད་པ་ལས་ཀྱི་ཕྱག་རྒྱ་དང་བཅས་པས་གསང་བའི་དཀྱིལ ་འཁོར་ཆེན་པོ་ལ་རྒྱས་བཏབ་ནས་གནས་པ། གཟུང་བར་བྱ་བའི་ཡུལ་གྱི་ཆོས་ཐམས་ཅད་ཡི་གེ་མཱཾ་གྱི་དབྱིངས་སུ་ཐིམ་པས་དྲིལ་བུ་འབར་བར་འཛིན་པར་བྱེད་པ། སེམས་ཀྱི་ཆོས་ཐམས་ཅད་ཡི་གེ་ཧཱུཾ་ལ་ཡོངས་སུ ་རྫོགས་པས་གསང་བའི་རྡོ་རྗེ་ཆེན་པོར་བཞུགས་པ། གཟུང་འཛིན་དབྱེར་མི་ཕྱེད་པས་རྡོ་རྗེ་དྲིལ་བུ་འདུ་འབྲལ་མེད་པར་གནས་སོ།། དེ་ནས་ཆོས་ཀྱི་རང་སྒྲ་ཆེན་པོ་འདི་མ་གསུངས་པར་གྲག་གོ། གླིང་བཞི་འཁོར་ལོ། ་རྩིབས་དང་རབ་ལྡན་པ།། གླིང་ཕྲན་གྲུ་ཆད་པར་ཁྱམས་སྒོ་ཁྱུད་བཅས།། ལྕགས་རི་མུ་ཁྱུད་རྡོ་རྗེ་མེ་དཔུང་འབར།། རང་བཞིན་དཀྱིལ་འཁོར་ཡེ་ནས་ལྷུན་གྱིས་གྲུབ།། སྲིད་གསུམ་སེམས་ཅན་རང་ལུས་དཀྱིལ ་འཁོར་ལ།། རྟོག་ཚོགས་རྒྱལ་བའི་སྐུ་རྣམས་སྐུར་གསལ་བ།། རྒྱལ་འགྲོས་མ་མཛད་མ་བཅོས་རང་སྣང་བ།། མི་ཟད་རྒྱན་གྱིས་འཁོར་ལོ་བསམ་མི་ཁྱབ།། རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྤྱོད་ཡུལ་དུ།། རང་བཞིན ་ཉིད་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ།། བླ་མེད་གནས་མཆོག་རིགས་པའི་འོག་མིན་ན།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འོད་གསལ་བ།། ཆོས་སྐུ་སྨྲ་བསམ་བརྗོད་དང་བྲལ་བ་ལ།། ཡེ་ཤེས་སྒྱུ་མའི་གཟུགས་སུ་རང ་སྣང་བ།། རང་བཞིན་འབྲས་བུ་མཐར་ཕྱིན་དཀྱིལ་འཁོར་ཡིན།། འཁོར་བར་སྣང་བ་ཉིད་ན་སྣང་བ་མེད།། མྱ་ངན་ལས་འདས་རྒྱལ་བའི་སྐུ་གསུང་ཐུགས།། གཞན་ན་མེད་དེ་འཁོར་བ་ཉིད་ལ་གནས།། རང་བཞིན ་དཀྱིལ་འཁོར་རང་བཞིན་ཉིད་དུ་སྣང་།། དེ་ཉིད་འབྲས་བུ་མཐར་ཕྱིན་ཀུན་དང་མཉམ།། རྣམ་གསུམ་དབྱེར་མེད་གཅིག་གི་ངང་དུ་གནས།། གནས་དང་མི་གནས་ཐ་དད་མཐའ་ལས་འདས།། མི་དམིགས་ཆོས་ཀྱི ་དབྱིངས་ལ་འཕེལ་འགྲིབ་མེད།། དྲི་མེད་ཆོས་ཀྱི་སྐུ་ལ་སྐྱེ་འགག་མེད།། དབྱིངས་དང་ཡེ་ཤེས་དབྱེར་མེད་གཅིག་གི་དང་།། གཟུགས་ཅན་མ་ཡིན་ཀུན་ལ་ཁྱབ་པ་དང་།། འགྲོ་འོད་མེད་པར་ཀུན་ལ་འདུས་རྣམས ་སུ།། ཐམས་ཅད་པ་ཞེས་སྤྱོད་ཡུལ་དཀྱིལ་འཁོར་ཆེ།། མཚན་མ་མེད་པའི་ཕྱག་རྒྱ་ཆེན་པོར་གནས།། སངས་རྒྱས་ཉིད་ཀྱིས་གཟིགས་པའི་སྤྱོད་ཡུལ་ལས།། གཙོ་འཁོར་དགོངས་པ་ཆོས་ཀྱི་སྐུ་ལ་བཞུགས།། ཞེས ་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གསང་བ་བསྟན་པ་འབྱུང་བའི་རྒྱུད་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་འཆང་ཆེན་པོ་ལ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། སྣོད་དུ་སྣང་བ་དཀྱིལ་འཁོར་ཡུམ་གྱི་དབྱིངས།། བཅུད་དུ་སྣང་བ་རྒྱལ་བ་ལྷ་ཡི་སྐུ།། སྣང་སྲིད་མ་བཀོད་ཡེ་ནས་རྫོགས་སངས་རྒྱས།། རྨོངས་པའི་མུན་པ ་གསལ་ཕྱིར་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་འཁོར་འདས་དབྱེར་མེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས། འགྲོ་བའི་ཆེད་དུ་ཆེད་དུ་བརྗོད་པ་འདི་གསུངས་སོ།། ཀུན་ནས ་ཉོན་མོངས་འཁོར་བའི་ཆོས་རྣམས་ཀུན།། རྣམ་བྱང་མྱ་ངན་འདས་པར་དབྱེར་མེད་པས།། གཉིས་མེད་རོ་གཅིག་ཕྱག་རྒྱ་ཆེན་པོར་གནས།། ཇི་ལྟར་གླང་ཆེན་རྩལ་གྱིས་རབ་གཅོད་པ།། ཆུ་ཀླུང་ཟ་ཀློང་ཆེ་ལ་བདེ་བ ་ལྟར།། འཁོར་བའི་ཆོས་ལས་གཞན་ལ་མི་འཆོལ་བའི།། སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པའི།། གླང་པོ་རབ་འབོག་རྒྱུད་ཆེན་གུས་པས་ཉོན།། སྡུག་བསྔལ་འཁོར་བའི་རྒྱ་མཚོས་བདེ་ཆེན་ཀློང་།། ཡེ ་ཤེས་ཆུ་བོ་དཔག་མེད་རྒྱུན་མི་འཆད།། མ་རིག་མུན་པར་སྒྲོན་མར་རང་འོད་འབར།། ཤེས་བྱ་མཐའ་དབུས་མེད་པར་ཡོངས་རྒྱས་པ།། ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་འདྲ་བས།། མུན་པའི་ཚོགས་བཅོམ ་ཟངས་ལ་གསེར་འགྱུར་རྩི།། དུག་འགྱུར་རྩི་མཆོག་བདུད་རྩི་སྨན་མཆོག་འགྱུར།། འཁོར་བ་ཉིད་ནི་སངས་རྒྱས་དཀྱིལ་འཁོར་ཡིན།། རབ་ཏུ་གུས་པས་རྒྱུད་འདི་དང་དུ་ལོངས།། ཐུགས་རྗེས་འགྲོ་བ་རྣམས་ལ་ཁྱབ ་པར་འགྱུར།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་འཆང་གིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་འདི་གསུངས ་སོ།། རང་བཞིན་ངང་གིས་སྣང་བ་ནི།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། རིས་མེད་ཀུན་གྱི་དངོས་གཞི་པ།། བཅིང་གྲོལ་མེད་པར་ལྷུན་གྱིས་གྲུབ།། སྐྱེས་བུའི་བྱད་ཀྱི་དཀྱིལ་འཁོར་ཉིད།། མེ་ལོང་ནང་དུ་གང་ཤར ་བ།། ཉིད་ལས་མ་གཏོགས་གཞན་མེད་པས།། དེ་ཡིས་རྐྱེན་རྣམས་བྲལ་བར་འགྱུར།། ཆོས་དབྱིངས་དཀྱིལ་འཁོར་མུ་མཐའ་བྲལ།། ཡེ་ཤེས་རྒྱལ་པོས་དབང་བསྒྱུར་ན།། སྐུ་དང་ཡེ་ཤེས་དཀྱིལ་འཁོར ་གསལ།། རང་ཞལ་རང་གིས་མཐོང་གྱུར་པ།། ཆོས་སྐུ་ཕྱག་རྒྱ་ཆེན་པོར་གནས།། བླ་མེད་ཀུན་ཏུ་བཟང་པོར་གྲོལ།། རྟོགས་པ་མངོན་དུ་འགྱུར་ཞེས་བྱ།། རང་བཞིན་དག་པའི་སྣང་བ་ཤར།། སེམས་ཉིད་སངས་རྒྱས ་ཡེ་ནས་ཀྱང་།། ངེས་པའི་ཤེས་པ་མ་སྐྱེས་པས།། མ་རིག་མུན་པའི་སྤྱོད་ཡུལ་ཅན།། ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ།། དབུལ་མོའི་གཏེར་ལྟར་གྱུར་པའམ།། གྱད་ཀྱི་ནོར་བུ་ལྟར་གནས་པས།། རང་གསང་ཐབས ་ཀྱིས་ཆོད་གྱུར་པས།། རང་ལ་ཡོད་ཀྱང་དེ་མ་ཤེས།། མ་དག་རང་བཞིན་སྣང་བ་ཤར།། དོན་མཆོག་ཉིད་ལས་ཉམས་པ་མེད།། མ་རིག་པ་ཉིད་རིག་པར་གཅིག། མ་རྟོགས་རྟོགས་པ་ཐ་དད་མེད།། ཤེས་དང་མ་ཤེས ་གཅིག་ཏུ་མཚུངས།། འཁོར་བར་སྣང་བ་མྱ་ངན་འདས།། སྡུག་བསྔལ་བདེ་བ་ཆེན་པོ་ཤར།། མུན་པ་ཉིད་ནི་སྣང་བར་གསལ།། ཀུན་ཀྱང་བྱང་ཆུབ་ཆེན་པོར་གནས།། བླང་ཞིང་དོར་བ་ཅི་ཡང ་མེད།། ཐབས་དང་ཤེས་རབ་ཟུང་དུ་འབྲེལ།། དོན་དམ་ཀུན་རྫོབ་དབྱེར་མེད་ཀུན།། སྣང་བ་སྟོང་པ་རོ་མཉམ་པས།། རྣམ་པ་ཀུན་ལྡན་སྟོང་ཆེན་པོ།། མཐའ་དབུས་མེད་པར་རང་ཤར་བ།། ཆོས་ཉིད་གཤིས་ཀྱི་འདུག ་ཚུལ་ཉིད།། སྐྱེས་བུས་མངོན་དུ་གང་བྱས་པ།། ཕྱག་རྒྱ་ཆེན་པོ་མཆོག་ཉིད་ཀྱི།། དངོས་གྲུབ་རྒྱ་ཆེན་ཐོབ་པ་ཡིན།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གནས་ལུགས་ཀུན་གྱི་གཞིར་བསྟན་པའི་ལེའུ ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་མ་རིག་པའི་གྲོང་ཁྱེར་ཆེན་པོ་ཤེས་པར་བྱེད་པ་འདི་གསུངས་སོ།། བདེ་གཤེགས་སྙིང་པོ་བྱང་ཆུབ་སེམས།། ཐམས་ཅད་བསྐྱེད་པའི་ས་བོན་ཉིད།། འདི ་ཡིས་མ་བསྐྱེད་ཆོས་མེད་པས།། ཆོས་སུ་སྣང་བ་འཁྲུལ་པའི་ཡིད།། སེམས་ཉིད་ཡེ་སངས་རྒྱས་གྱུར་ཀྱང་།། དེ་མ་ཤེས་པས་མ་རིག་པ།། སྔོན་གྱི་བག་ཆགས་མཚུངས་གྱུར་པས།། ལྷན་ཅིག་སྐྱེས་པའི་མ་རིག ་པ།། རང་ལ་རང་བརྟགས་མ་ཤེས་པས།། དམུས་ལོང་ནམ་མཁའ་བལྟ་བར་འདོད།། ཀུན་ཏུ་བརྟགས་ཤིང་མི་ཤེས་ལ།། ཀུན་བརྟགས་མ་རིག་རྒྱུ་ཉིད་ཡིན།། དགེ་སྡིག་ལུང་མ་བསྟན་པའི་ལས།། རབ་འབྲིང་ཐ ་མ་སྤྱད་བྱས་ཏེ།། ཉོན་མོངས་ལྔ་ལ་མངོན་ཞེན་པས།། ཁམས་གསུམ་འཁོར་བ་འབྱུང་བའི་རྐྱེན།། སྣོད་ཀྱི་འཇིག་རྟེན་ཡུལ་དུ་སྣང་།། བཅུད་ཀྱི་སེམས་ཅན་བདག་ཏུ་བཟུང་།། བདག་གཞན་རྟོག་པའི་རྒྱུན་ཆགས ་པས།། རི་རབ་གནས་བཅས་ལྷ་ཡི་ཡུལ།། ལྷ་མིན་རི་རབ་ཁོང་སེང་གནས།། གླིང་བཞིའི་གནས་ན་མི་རྣམས་ཉིད།། ཕྱི་ཡི་རྒྱ་མཚོ་བྱོལ་སོང་གནས།། ཡི་དྭགས་གྲོང་ཁྱེར་སེར་སྐྱ་ན།། དམྱལ་བ་རྡོ་རྗེ་གདན་གྱི ་འོག། ཨ་དཀར་ལྷ་སྟེ་སུ་སེར་ནི།། ལྷ་མིན་ནརྀ་སྔོན་མི་རུ་གནས།། ཡི་དྭགས་པྲེ་དམར་དུད་འགྲོ་ལ།། དུ་ཉིད་དུད་ཁ་བྱོལ་སོང་ཡིན།། དམྱལ་བར་ཏྲི་གནག་ས་བོན་གནས།། རིགས་དྲུག་བསྐྱེད་ཅིང་འཕེལ་བར ་བྱེད།། ལྷ་རྣམས་འདོད་པའི་ལོངས་སྤྱོད་བསམ་ཡས་ལ།། དཔག་བསམ་ཤིང་ལ་ལྟོ་གོས་རྩོལ་བ་བྲལ།། ལྷ་མིན་ལོངས་སྤྱོད་རྫས་ལ་རྣམ་སྤྱོད་པ།། རང་བསྐལ་ལས་ཀྱི་དབང་གིས་རྣམ་པར་སྣང་།། མི་རྣམས་བཟའ ་བཏུང་ལོངས་སྤྱོད་འདོད་ཡོན་ལྔ།། རྩོལ་བས་ལྟོ་གོས་བདེ་བ་ལྡན་པར་བསྒྲུབ།། དུད་འགྲོ་ལས་ཀྱི་རང་གིས་ལོངས་སྤྱོད་ལ།། ཇི་ལྟར་འདོད་པ་ལས་ཀྱི་སྣང་བ་དང་།། ཡི་དྭགས་བསམ་པའི་དབང་གི་རང་སྐལ ་ཙམ།། སྣང་བར་གྱུར་པས་ལུས་ཀྱི་སྲོག་ཀྱང་འཛིན།། དམྱལ་བར་རང་སྣང་ཙམ་གྱི་ངང་ལ་སྤྱོད།། རང་གི་དབང་གིས་དེ་ལྟར་སྣང་བ་ཡིན།། ལྷ་རྣམས་ལྟུང་བའི་སྡུག་བསྔལ་སྣང་གྱུར་པ།། ལྷ་མ་ཡིན་ལ་འཐབ་དང ་རྩོད་པ་དང་།། མི་རྣམས་ལ་ནི་འགྱུར་བ་ཡོད་པ་དང་།། བྱོལ་སོང་བཟའ་བཏུང་བཀོལ་དང་སྤྱད་པ་དང་།། ཡི་དྭགས་ཕྱི་ནང་སྒོས་ཁུར་སྒྲིབ་པ་ཅན།། དམྱལ་བ་ཚ་དང་གྲང་བར་སྣང་བས་སྡུག། ལྷ་མིག ་དག་པས་མཐོང་བའི་ཡོན་ཏན་དང་། མཚོན་ཆས་བསྣུན་ཡང་འཆི་བར་དཀའ་བ་དང་།། དམ་ཚིག་སྡོམ་པ་བསྲུང་ན་སངས་རྒྱས་འགྲུབ།། བྱོལ་སོང་རྣམས་ནི་ལྟོ་གོས་བཙལ་བར་སླ།། ཡི་དྭགས་རྣམས་ལ་བསྔོས་པས ་ཚིམ་པར་འགྱུར།། དམྱལ་བར་རང་གི་ཚེ་ལས་སྔ་ཕྱི་དྲན།། འཁོར་བའི་སྡུག་བསྔལ་དག་ལས་ཚང་འགྱུར་བས།། བྱམས་པས་གཞན་ལ་ཕན་ནི་འདོགས་པར་བྱེད།། སྙིང་རྗེ་བརྩེ་བའི་སེམས་དང་ལྡན་པ ་དང་།། དགའ་བས་སྡུག་བསྔལ་བྲལ་བར་འདོད་པ་དང་།། བཏང་སྙོམས་དགྲ་ཟིན་མེད་པར་ཁྱབ་གྱུར་ཅིང་།། དགའ་བ་དང་ནི་བདེ་བ་ལྡན་གྱུར་པས།། རྟོག་པ་དང་ནི་དཔྱོད་པས་རྣམ་པར་བྱེད།། ཚངས་གནས་རིམ ་པར་གནས་པའི་ལྷ་རྣམས་ཡིན།། སྐྱེ་མཆེད་བཞི་ལ་མི་གཡོ་གནས་གྱུར་པ།། སྲིད་པའི་རྩེ་མོ་ལྟོས་པའི་སངས་རྒྱས་ཡིན།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར།། གང་ཟག་ཐེག་པ་གསུམ་དུ་འཇུག་གྱུར ་པ།། ངེས་མེད་གང་དང་འཕྲད་པའི་ཆོས་ལ་སྤྱོད།། འདི་ནི་རིགས་ཀྱི་ངེས་པ་མེད་པ་ཡིན།། ཆོས་ཀྱི་དབྱིངས་ནི་ཀུན་ལ་ཁྱབ་པ་དང་།། བདེ་གཤེགས་སྙིང་པོ་རང་སེམས་ལ་ཡོད་པས།། དེ་ཉིད་རྟོགས་པའི་སྐལ་བ་མི ་ལྡན་ན།། འདི་ནི་རིགས་ཆད་གང་ཟག་ཡིན་ཞེས་བྱ།། རང་བཞིན་གཤིས་ཀྱི་དབང་པོ་རྣོ་བའམ།། ཡང་ན་སྦྱངས་པས་དབང་པོ་རྣོ་བ་རྣམས།། དམ་པའི་ཆོས་དེ་མཐོང་ནས་འཇུག་པ་ནི།། དབང་པོ་རྣོན་པོས་ཆོས་ཕྱིར ་འབྲང་བ་ཡིན།། རང་བཞིན་གཤིས་ཀྱིས་དབང་པོ་བརྟུལ་བ་དང་།། མ་སྦྱངས་ལས་ངན་དབང་གིས་བརྟུལ་བ་ནི།། བླ་མའི་ཡོན་ཏན་མཐོང་བྲོད་ཆོས་ལ་ཞུགས།། དབང་པོ་བརྟུལ་པོ་གང་ཟག་ཕྱིར་འབྲེང་ཡིན།། རང ་བཞིན་སྣོད་དུ་གྱུར་པའི་གང་ཟག་རྣམས།། ལས་དང་སྐལ་བར་རབ་ཏུ་ལྡན་པ་ཡིན།། རང་བཞིན་སྣོད་མེད་རང་རྒྱུད་ངན་པ་རྣམས།། ལས་འཕྲོ་སྐལ་བ་མེད་པའི་ཆོས་མི་འབྱུང་།། ཁམས་གསུམ་འཁོར་བར་འཁྱམས ་པའི་སེམས་ཅན་རྣམས།། མ་འོངས་སངས་རྒྱས་འབྱུང་བའི་རྒྱུར་གྱུར་པ།། བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ་པ་ཡིན།། དམ་ཆོས་རྟོགས་པའི་སྐལ་དང་མི་ལྡན་པ།། བྱང་དུ་ཁ་བལྟས་བྲག་གི་ཕུག་པའི་ནང་།། ཉི ་མ་མི་འཆར་ལས་ངན་ཐུགས་རྗེ་རྡུགས།། སངས་རྒྱས་ཐུགས་རྗེ་ཀུན་ལ་ཁྱབ་གྱུར་པ།། འབྱུང་ཆེན་གཏོས་ཀྱི་ནམ་མཁའ་ལྟ་བུར་གནས།། ཐམས་ཅད་མ་ལུས་འདི་ལས་འདའ་བ་མེད།། ཅེས་གསུངས་སོ།། གླང་པོ ་རབ་འབོག་གི་རྒྱུད་ལས། འཁྲུལ་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པར་གྲོལ་བ་འདི་དག་གསུངས་སོ།། མྱ་ངན་འདས་པའི་ཆོས་རྣམས ་ཀུན།། མཐར་ཟུག་འབྲས་བུའི་རྟེན་གྱུར་པ།། སྐུ་རྣམས་ཀུན་གྱི་གཞིར་གྱུར་ཏེ།། ཆོས་སྐུ་དྲི་མ་མེད་པར་གནས།། རིག་པ་རང་སྣང་གཞལ་ཡས་བཀོད།། རིགས་བདག་རྒྱལ་བ་སངས་རྒྱས་ལྔ།། བཙུན ་མོ་སྲས་ཀྱི་ཚོགས་ཀྱིས་བསྐོར།། དངོས་པོ་གཉིས་ལ་ལོངས་སྤྱོད་ཅིང་།། ས་བཅུ་པ་ཡིས་གཟིགས་གྱུར་པ།། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ།། གདུལ་བྱ་མ་ལུས་འགྲོ་རྣམས་ལ།། རྒྱུ་འབྲས་ཆོས་ཀྱིས་འདུལ ་མཛད་ཅིང་།། མཛད་པ་བཅུ་གཉིས་རྫོགས་མཛད་པ།། སྟོང་གསུམ་འགྲོ་བ་སྤྲུལ་པས་འདུལ།། ཇི་སྙེད་གདུལ་བྱ་བསམ་ཡས་རྣམས།། ཇི་སྙེད་གྲངས་མཉམ་སྤྲུལ་པར་སྣང་།། མཐུན་པས་མཐུན་པ་འདུལ་མཛད ་པ།། དེ་ལ་སྤྲུལ་པའི་སྐུ་ཞེས་བྱ།། དང་པོའི་སངས་རྒྱས་སར་འགྲོ་བ།། དེ་ཉིད་ཇི་བཞིན་རྡོ་རྗེ་འཆང་།། དེ་ཉིད་རང་སྣང་རང་རིག་པ།། མགོན་པོ་གཞི་ནས་རྫོགས་སངས་རྒྱས།། སེམས་ཅན་ལུས་ཀྱི་བྱ་བ ་ཡིས།། ཚོགས་གཉིས་རྫོགས་ནས་སངས་རྒྱས་པ།། ལམ་སྦྱངས་རིག་པ་གོལ་གྱུར་པ།། རྟོགས་པ་མངོན་གྱུར་སངས་རྒྱས་ཡིན།། དེ་བཞིན་ཉིད་རྟོགས་གཞི་ནས་གྲོལ།། ལམ་སྦྱངས་རྟོགས་པ་མངོན་གྱུར་པ།། ཆོས ་སྐུ་ཐོབ་པར་གང་གྱུར་པ།། མཚན་མེད་ཕྱག་རྒྱ་ཆེན་པོར་གནས།། ཆོས་ཀྱི་སྐུ་ལས་རྣམ་འཕྲུལ་ཞིང་།། གདུལ་བྱ་ཡས་གཟིགས་ལོངས་སྤྱོད་རྫོགས།། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས།། གང་བསྒོམ་མངོན་དུ ་གྱུར་པ་ཡི།། སྐུ་ཉིད་གཉིས་སུ་མེད་གྱུར་པ།། ཤེས་རྒྱུད་མ་སྦྱངས་ལོངས་སྐུར་བཞུགས།། འཁོར་འདས་དངོས་པོ་རྣམ་གཉིས་ལ།། སྤྱོད་པ་རང་གྲོལ་སྒྱུ་མའི་སྐུ།། བདེ་བ་ཆེན་པོ་ཉམས་སུ་བསྟར།། གཟུགས་སྐུ་ཕྱག ་རྒྱ་ཆེན་པོ་ཡིན།། འཇིག་རྟེན་ཁམས་ནི་འདི་ཉིད་ན།། སྦྲུལ་སྐུ་ཐུབ་པའི་དབང་པོར་སྣང་།། དེ་བཞིན་འགྲོ་དྲུག་ཐུབ་པ་དྲུག། འཇིག་རྟེན་ཁམས་ནི་གཞན་དག་ན།། བཞུགས་པའི་སྦྲུལ་སྐུ་བསམ་མི་ཁྱབ།། འགྲོ་བ་ཇི ་ལྟར་འདུལ་ཞིང་སྣང་།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད།། དང་པོ་ཆོས་རྣམས་སྟོང་པར་རྟོགས།། མེ་ལོང་ལྟ་བུའི་ཡེ་ཤེས་ཉིད།། ཆོས་རྣམས་དག་ཅིང་གསལ་བར་མཁྱེན།། ཡེ་ཤེས་གཉིས་ཀྱིས་གང་བསྡུས ་པ།། ཆོས་སྐུ་དྲི་མ་མེད་པར་བཞུགས།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། འཁོར་འདས་སོ་སོར་ཐ་དད་མེད།། སོ་སོར་ཀུན་ཏུ་རྟོགས་པ་ཡིས།། རང་རང་སྤྱི་ཡིས་མཚན་ཉིད་མཁྱེན།། ཡེ་ཤེས་དེ་གཉིས་གང་བསྡུས ་པ།། སྒྱུ་མའི་ཡེ་ཤེས་ཆུ་ཟླ་བཞིན།། ཞལ་ཕྱག་འཁོར་དང་བཅས་རྫོགས་པ།། ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས།། འཁོར་འདས་ཕྲིན་ལས་མ་ལུས་པ།། ལུས་ངག་ཡིད་ཀྱི་བྱ་བ་གྲུབ།། ཕུན་སུམ་ཚོགས་གྱུར་ཡེ ་ཤེས་འདི།། སྤྲུལ་པའི་སྐུ་རུ་བཞུགས་པ་ཡིན།། བསོད་ནམས་རྒྱུ་ཡི་ཚོགས་བསགས་པས།། གཟུགས་སྐུ་གཉིས་ཀྱི་བདག་ཉིད་ཆེ།། འབྲས་བུ་ཡེ་ཤེས་ཚོགས་རྫོགས་པས།། ཆོས་ཀྱི་སྐུ་རུ་རབ་ཏུ་འགྲུབ།། མཚན་དང ་དཔེ་བྱད་ཡང་དག་རྫོགས།། ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ།། མཚན་དང་དཔེ་བྱད་མི་དམིགས་སྤངས།། ཆོས་སྐུ་སྒྲ་བརྗོད་ཡུལ་ལས་འདས།། དྲི་མ་མེད་པའི་ཆོས་སྐུ་ལ།། གཞན་སྣང་རྟོག་པ་ཀུན ་བྲལ་བས།། གཟིགས་པར་བྱ་བའི་ཡུལ་དང་བྲལ།། རང་སྣང་དགོངས་པ་རང་གསལ་མཁྱེན།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། ས་ཐོབ་རྣམས་ཀྱིས་ཞལ་གཟིགས་ནས།། གསང་བ་ཆོས་ཀྱི་བགྲོ་བ ་ཉན།། ལོངས་སྐུ་ཐུགས་རྗེས་ས་བཅུ་གཟིགས།། ལས་དག་འགྲོ་བ་དྲུག་རྣམས་ལ།། མཐུན་པའི་ཐུགས་རྗེ་རང་སྣང་ལ།། ལྷ་རྣམས་ལ་ནི་སྲིད་ཐུབ་འཛིན།། ལྷ་མིན་རྣམ་པར་སྣང་བྱེད་དང་།། མི་ལ་ཤཱཀྱ་སེང་གེ ་ཉིད།། བྱོལ་སོང་སེང་གེ་རབ་བརྟན་སྐུ།། ཡི་དྭགས་ཁ་འབར་རྒྱལ་མོའི་བུ།། དམྱལ་བ་རྣམས་ལ་ཆོས་རྒྱལ་སྲས།། ཐུགས་རྗེའི་མཛད་པ་བཅས་པར་སྣང་།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། མྱ ་ངན་འདས་པ་སྐུ་གསུམ་བསྟན་པ་སྟེ་ལེའུ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འཁོར་འདས་ཐམས་ཅད་རང་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། རང ་བཞིན་སྣང་བ་བཅོས་བསླད་བྲལ།། འཁོར་འདས་དབྱེར་མེད་ཆེན་པོར་གནས།། འཁྲུལ་པའི་སྣང་བ་སྣོད་དང་བཅུད།། གཟུང་དང་འཛིན་པ་གཉིས་སུ་སྣང་།། གདུལ་བྱའི་སྣང་བ་གང་སྣང་བ།། བདེ་གཤེགས་སེམས ་ཅན་དོན་མཛད་པ།། བདེ་གཤེགས་སྣང་བ་སྐུ་གསུང་ཐུགས།། མི་ཟད་རྒྱན་གྱི་འཁོར་ལོར་སྣང་།། སྣང་བ་བཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཉིད་ལ་ཉིད་འདི་བརྗོད་དོ།། སེམས་ཅན ་འཁོར་བར་འཁྱམས་རྣམས་ལ།། ཉོན་མོངས་རྣམ་པ་ལྔ་རུ་སྣང་།། རྣལ་འབྱོར་ཉམས་སུ་ལེན་རྣམས་ལ།། ཉམས་ཀྱི་སྣང་བ་ལམ་དུ་སྣང་།། བདེ་བར་གཤེགས་པའི་སྐུ་གསུང་ཐུགས།། མི་ཟད་རྒྱན་གྱི་འཁོར་ལོར ་སྣང་།། གསང་བ་བསམ་གྱིས་མི་ཁྱབ་དང་།། ཐམས་ཅད་ས་རུ་སྣང་བའོ།། སྣང་བ་གསུམ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་བདེ་བར་གཤེགས་པ་ཉིད་ལ་ཉིད་འདི་བརྗོད་དོ།། མ་རྟོགས་པ་ཡི་སྣང་བ ་ཉིད།། ལོག་པར་རྟོག་པའི་སྣང་བ་དང་།། འགྲོ་བ་ཞེན་པའི་སྣང་བ་དང་།། རྒྱུ་འབྲས་བློ་ཡི་སྣང་བ་དང་།། དབྱེར་མེད་ཀུན་བཟང་སྣང་བ་རྣམས།། རང་བཞིན་མ་ནོར་དོན་རྟོགས་ན།། ཆོས་ཀྱི་དབྱིངས་ལས་འགྱུར་བ ་མེད།། ཆོས་སྐུ་ཆེན་པོར་རང་གནས་པའོ།། དེ་ཡང་ཇི་ལྟ་བུ་ཞེ་ན།། དམུས་ལོང་ཚུལ་བྱུང་སྐྱེ་བོ་པས།། ཟོ་ཡོར་མི་རྟ་རྟགས་རྣམས་མཐོང་།། མུ་སྟེགས་ཆད་པར་བལྟ་བ་ནི།། གློ་བུར་ཙམ་སྣང་མཐའ་མེད་བལྟ།། རྟག ་པ་བྱས་སྣང་དངོས་པོར་འདོད།། ཐམས་ཅད་བྱེད་པ་རྒྱུ་རུ་སྨྲ། རྟགས་པར་འདི་སྐབས་འདིར་འདོད་མིན་དཔྱད།། དམྱལ་བའི་རང་བཞིན་མེ་སོགས་སྣང་།། ཡི་དྭགས་སྡིག་སེམས་མི་གཙང་ལུས།། བྱོལ་སོང་གྱེན ་མཐུར་ངམ་གྲོག་སྣང་།། མི་ལ་མཐོང་ཡུལ་གླིང་དུ་སྣང་།། དེ་བཞིན་ལྷ་མིན་གོ་མཚོན་སྣང་།། ལྷ་ཡི་དགེ་སེམས་རིན་ཆེན་སྣང་།། ཉན་ཐོས་ཕྱི་རོལ་རྡུལ་བྲལ་བལྟས།། རང་གི་ཤེས་པ་སྐད་ཅིག ་མ།། རང་སངས་རྒྱས་པའི་ལྟ་བ་ནི།། ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ།། ནང་གི་ཡེ་ཤེས་སྐད་ཅིག་མ།། རྟེན་འབྲེལ་རྩ་བ་རྩད་ནས་གཅོད།། དབུ་མ་ཀུན་རྫོབ་རྣམ་པ་བཞི།། དོན་དམ་སྤྲོས་པ་རབ་ཏུ་ཞི།། ཀྲི་ཡཱ་དོན ་དམ་ཆོས་ཉིད་བལྟ།། ཀུན་རྫོབ་རང་རིག་ཡོན་ཏན་ལྷ།། རིགས་གསུམ་དཀྱིལ་འཁོར་སྣང་བ་ལ།། སྐྱེ་བོ་འཁྲུལ་པ་མེད་པའོ།། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི།། ལྟ་སྤྱོད་གོང་འོག་རྫས་སུ་མཐུན།། ཡོ་ག་དོན་དམ་དག ་པ་ཡིས།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ།། རྟོགས་པའི་བྱིན་རླབས་ལྟར་སྣང་བ།། དེ་ཕྱིར་སྐྱེ་བོ་ལྟར་མཐོང་འཁྲུལ།། རྣལ་འབྱོར་ཆེན་པོའི་དོན་དམ་དུ།། རང་རིག་གཉིས་མེད་དེ་བཞིན་ཉིད།། རྟོགས་པའི་ཆོ་འཕྲུལ ་དྲུག་སོགས་པ།། ལྷར་སྣང་དང་ལས་འཁོར་བ་མེད།། ཨ་ནུ་ཡོ་གས་དོན་དམ་དུ།། བདེ་ཆེན་རྟོགས་པའི་རིག་རྩལ་ལས།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་སྣང་།། དེ་ཕྱིར་སྐྱེ་བོས་བརྟགས་པ་འཁྲུལ།། རྫོགས་པའི་རྣལ ་འབྱོར་བདེན་གཉིས་བྲལ།། ཐམས་ཅད་རང་བྱུང་རང་སྣང་བའི།། ཡེ་ཤེས་མཐའ་གསུམ་བྲལ་བ་ལ།། བརྟགས་པས་གཉིས་པོ་གདོད་ནས་མེད།། ཀུན་ཏུ་བཟང་པོའི་སྣང་བ་ནི།། འཁོར་དང་མྱ་ངན་འདས་པའི ་ཆོས།། མ་ལུས་རེག་པ་བྱང་ཆུབ་སེམས།། དབྱེར་མེད་ཐིག་ལེ་ཆེན་པོར་བཞུགས།། ཞེས་གསུངས་པས་སྣང་བའི་ཆོས་འཇིག་པའི་ཏིང་ངེ་འཛིན་ཏོ།། དེ་ནས་དེ་བཞིན་གཤེགས་པས་འདི་སྐད་བརྗོད་དོ།། སྣང་བ་དབ ་ང་པོ་ཡུལ་རྣམས་ལ།། གཟུགས་སྒྲ་དྲི་རོ་རེག་བྱར་སྣང་།། མཆོད་པ་འདོད་ཡོན་རྣམ་ལྔས་བསོགས།། དབང་པོ་རབ་འབྲིང་ཐ་མས་བརྟག། ཐོབ་པ་དོན་རིག་ཞེན་པ་ལོག། སྒོ་ལྔ་ཡིད་ཀྱི་ངང་དུ་ཐིམ།། ཐ་མལ་ཡུལ ་གྱི་སྣང་བ་དང་།། ཡུལ་ཅན་རྣལ་འབྱོར་སྣང་བ་ལ།། ཡུལ་བྲལ་རྒྱལ་བའི་སྣང་བར་གྲུབ།། ལེགས་པའི་ཡོན་ཏན་འདོད་ཆགས་དང་།། ཉེས་པའི་སྐྱོན་ལ་ཞེ་སྡང་སྐྱེས།། གཉི་ག་མ་ཡིན་གཏི་མུག་པའི།། དུག་གསུམ ་རྩ་བ་མཆེད་པར་བྱེད།། སྣང་བ་སྐུ་ཡི་དཀྱིལ་འཁོར་ཉིད།། གྲགས་པའི་སྒྲ་སྐད་བདེ་གཤེགས་གསུངས།། དྲན་རྟོག་ཐུགས་ཉིད་བདེ་བ་ཆེ།། གཅེར་མཐོང་གཅེར་གྲོལ་མངོན་སངས་རྒྱས།། འཁོར་བར་སྣང་བ་ཞེན ་པའི་ཆོས།། མཆོད་པར་གྱུར་པ་ཞེན་ཡུལ་བརྟག། ཐོབ་པར་འབྲས་བུའི་ནང་དུ་བསྐུལ།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། འཁོར་འདས་སྣང་བའི་དཀྱིལ་འཁོར་གྱི་སྤྱོད་ཡུལ་བསྟན་པའི་ལེའུ་སྟེ ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རང་རང་གི་ཐེག་པ་གསང་བར་གསུངས་སོ།། འཁོར་དང་མྱ་ངན་འདས་པ་ལ།། ལྟ་བའི་དོན་ལ་ཀུན་ཀྱང་གནས།། ལྟ་བས་མ་ཁྱབ་གཅིག ་ཀྱང་མེད།། ཐེག་པར་ཞུགས་པ་ཤིན་ཏུ་ཉུང་།། འཇིག་རྟེན་ཐ་མལ་ངོ་མཚར་ཅན།། གཞན་ལུས་བསད་ནས་རང་ལུས་གསོ།། འདི་བདེ་ཕྱི་མ་མ་ཤེས་པ།། འདི་རྟེན་རྒྱང་འཕན་བལྟ་བར་བཤད།། ཁ ་ཅིག་སྐྱེ་བོ་དམན་པ་ཡིས།། འདི་དང་ཕྱི་མའི་དོན་མ་གོ།། བྱ་བ་གཉིས་དང་བྲལ་གྱུར་པ།། འཇིག་རྟེན་ཕྱལ་བའི་ལྟ་བར་བཤད།། རང་སེམས་སྙིང་གི་དཀྱིལ་གནས་ནས།། བྱེད་པ་པོ་རུ་དེ་འདོད་བརྟག། ལས་འབྲས ་བདེན་པའི་དོན་མེད་ཅིང་།། ཐམས་ཅད་མེད་འདོད་ཆད་པར་བལྟ།། མུ་སྟེགས་རྟག་ཆད་ལྟ་བ་ནི།། ལོག་པའི་ཐེག་པ་ལམ་དུ་ཞུགས།། འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་པ་བཅས་རྣམས་སྡུག་བསྔལ ་ཞིང་།། ཆོས་རྣམས་ཀུན་ལ་བདག་མེད་པས།། མྱ་ངན་འདས་པ་ཐམས་ཅད་ཞི།། འདི་ནི་ཆོས་རྟགས་ཕྱག་རྒྱ་བཞི།། འདི་འདོད་འདས་པའི་ཐེག་པར་བཤད།། སེམས་ཉིད་སངས་རྒྱས་རྒྱུད་ཤེས་པས།། རྒྱུ་ལ་སྦྱོར་བ ་རྒྱུ་ཡི་ཆོས།། བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས།། རྫོགས་ནས་བསྐལ་པར་ཚོགས་བསགས་པའི།། དུས་ཚིག་ཕྱི་མར་འབྲས་བུ་ཐོབ།། མཚན་ཉིད་རྒྱུ་ཡི་ཐེག་པར་བཤད།། རང་སེམས་སྐུ་གསུམ་འབྲས་བུར ་བལྟ།། བྱ་བ་སྤྱོད་པ་རྣལ་འབྱོར་རྒྱུད།། གཟུགས་སྐུ་ལྷ་ཡི་འབྲས་བུར་བསྒོམ།། རྣལ་འབྱོར་ཆེན་པོ་ལོངས་སྐུ་སྒྲུབ།། རྗེས་སུ་རྣལ་འབྱོར་སྦྲུལ་སྐུའི་ལམ།། རྫོགས་ཆེན་ཆོས་སྐུ་ཆེན་པོར་བལྟ།། འབྲས་བུ་ལམ་དུ་བྱེད ་པས་ན།། ཚེ་གཅིག་ལུས་གཅིག་མངོན་སངས་རྒྱས།། དགེ་བ་བཅུ་ལ་ལེགས་སྤྱད་པས།། མཐོ་རིས་ལྷ་མི་ཐོབ་པར་འགྱུར།། མི་དགེའི་ལས་རྣམས་སྤྱད་པ་ཡིས།། ངན་སོང་གསུམ་དུ་གཞོལ་བར་འགྱུར།། སྡིག ་སྤངས་དགེ་སྦྱོང་ལམ་དུ་ཞུགས།། འདི་ནི་ལྷ་མིའི་ཐེག་པ་ཡིན།། བྱམས་པ་དང་པོར་བསྒོམ་པར་བྱ།། གཉིས་པ་སྙིང་རྗེ་ཆེན་པོ་ལ།། གསུམ་པ་ལ་ནི་དགའ་བ་སྟེ།། ཀུན་གྱི་མཐར་ནི་བཏང་སྙོམས་ཉིད།། འདི་ནི ་ཚངས་གནས་གཟུགས་ཁམས་ཉིད།། རྟོག་སྤྱོད་དགའ་བདེ་གཟུགས་ཁམས་འགྲུབ།། ཞི་གནས་ཙམ་ལ་མངོན་པར་ཞེན།། རྣམ་ཤེས་དོན་ལ་རིགས་བཞིར་འཛིན།། ལྷག་མཐོང་རྒྱབ་ཀྱིས་ཕྱོགས་པ་ནི།། གཟུགས ་མེད་ཁམས་སུ་སྐྱེ་བར་བྱེད།། མུ་སྟེགས་ཆོས་ཀྱི་ལམ་ཞུགས་པས།། ཚངས་པ་ཁྱབ་འཇུག་གུ་ལང་དང་།། ལྷ་ཆེན་གོ་འཕང་འཐོབ་པར་འགྱུར།། དེ་ཕྱིར་འདི་དག་མཆོད་པར་བྱ།། དམིགས་པ་ཕྲ་བའི་རང་རྒྱལ ་བས།། ཡིད་བཞིན་བདེ་བ་མཆོག་གི་ས།། བསེ་རུ་ནེ་ཙོ་ལྟ་བུ་ཡི།། འབྲས་བུ་དམ་པ་འཐོབ་པར་འདོད།། མོས་པ་ཆུང་བའི་ཉན་ཐོས་པས།། རྒྱུན་དུ་ཞུགས་དང་ཕྱིར་ལ་འོང་།། ས་བརྒྱད་སྦྱོངས་པས་ཕྱིར་མི ་འོང་།། དགྲ་བཅོམ་འབྲས་བུ་འཐོབ་པར་འདོད།། བྱང་ཆུབ་སེམས་དཔའི་ཐེག་པ་ནི།། ཕ་རོལ་ཕྱིན་བཅུའི་ལམ་ཞུགས་པས།། ས་བཅུ་རིམ་གྱིས་བགྲོད་གྱུར་ནས།། བཅུ་གཅིག་ཀུན་ཏུ་འོད་ཀྱང་འཐོབ།། དུག་གསུམ ་སྦྱངས་པའི་རིགས་གསུམ་པས།། རྡོ་རྗེ་འཛིན་པའི་ས་འཐོབ་འགྱུར།། རིགས་བཞི་ལྷ་འདོད་ཆ་གཉིས་འཛིན།། རིགས་བཞི་རྡོ་རྗེ་འཆང་སར་འགྲོ།། རིགས་ལྔ་བསྒོམས་པའི་རྣལ་འབྱོར་ནི།། སྟུག་པོ ་བཀོད་པའི་ས་འཐོབ་འདོད།། རྣལ་འབྱོར་ཆེན་པོ་ནང་པ་ནི།། མ་ཆགས་པདྨ་ཅན་གྱི་སར།། ཡི་གེ་འཁོར་ལོ་ཚོགས་ཆེན་ལ།། སྐུ་ལྔ་ལྷུན་གྱིས་གྲུབ་པ་འཐོབ།། རྗེས་སུ་རྣལ་འབྱོར་ཆེན་པོ་ནི།། མཚན་རྫོགས་རྡོ་རྗེ ་འཆང་གི་སར།། བཅུ་བཞི་རྡོ་རྗེ་འཛིན་པ་འཐོབ།། རྫོགས་པ་ཆེན་པོའི་རྣལ་འབྱོར་པ།། ཀུན་བཟང་དབྱེ་བ་མེད་པའི་ས།། ཆོས་སྐུ་ཐེག་ཆེན་ཀུན་ཏུ་བརྡལ།། ཐིག་ལེ་ཆེན་པོ་གཅིག་ཏུ་འཐོབ།། ཕྱལ་པ་རྒྱང་འཕན ་བཟའ་བཏུང་གིས།། གངས་རི་ཡུལ་ལྷ་མཆོད་པར་བྱེད།། མུ་སྟེགས་སྲོག་ཆགས་ཤ་ཁྲག་གིས།། ཕྲ་དང་དབང་ཕྱུག་ལ་སོགས་མཆོད།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། གཙང་མའི་མཆོད་པ་སྣ་ཚོགས ་པས།། དཀོན་མཆོག་རྣམ་པ་གསུམ་མཆོད་པ།། ཟས་མཆོག་གཙང་མའི་སྣོད་ཀྱིས་འབུལ།། ཀྲི་ཡཱ་ཨུ་པ་ཡོ་ག་པ།། དུང་ཆོས་ནང་གི་སྣོད་ནང་དུ།། ཡི་དམ་ལྷ་ལ་མཆོད་པ་འབུལ།། སྦྱིན་གཏོང་གནས་སུ་གཏོར་མས ་མཆོད།། བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད།། རྫོགས་པ་ཨ་ནུ་ཡོ་གའི་ལུང་།། དམ་རྫས་བདུད་རྩི་བྷན་དྷའི་སྣོད།། སྒྲོལ་སྦྱོར་མཆོད་པ་འབུལ་བར་བྱེད།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ།། སེམས་ཉིད་རང་སྣང ་རིག་པ་ལ།། མཆོད་བྱ་གྲུབ་པའི་གནས་མེད་པས།། ཆོས་སྐུ་གཅིག་ལ་རོལ་པར་ཤར།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ཐེག་པ་ཐམས་ཅད་ཀྱི་ཁྱད་པར་ཕྱེ་བ་སྟེ་ལེའུ་བདུན ་པའོ།། །། དེ་ནས་རྡོ་རྗེ་འཆང་ཆེན་པོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོའི་གཟིགས་པ་འདི་འགྲོ་བའི་ཆེད་དུ་གསུངས་པའོ།། དྲི་མེད་ཆོས་ཀྱི་སྐུ་ཡི་ཐུགས་རྗེ་ནི།། ནམ་མཁའི་མཐའ་དང་མཉམ་པའི ་གདུལ་བྱ་ལ།། དམིགས་པ་མེད་པའི་མཛད་པ་ཀུན་ལ་ཁྱབ།། ཆུ་བོའི་རྒྱུན་ལྟར་རྟག་པར་རྒྱུན་དུ་སྐྱེ།། རྡོ་རྗེའི་སྐུ་དང་མངོན་པར་བྱང་ཆུབ་སྐུ།། རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་བ་ནི།། དབྱར་དགུན་སྟོན་དཔྱིད་ཉི ་མའི་དཀྱིལ་འཁོར་ལྟར།། མ་བྱས་བྱེད་མེད་རང་བཞིན་ངང་གིས་སྣང་།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ཐུགས་རྗེ་ནི།། བསྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བར་འགྱུར།། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ ་རྣམས།། ལྷན་ཅིག་པ་དང་གོ་ཕྱེའི་འཁོར་རྣམས་ལ།། འགྲོ་བའི་དོན་ལ་སྐུལ་མ་འདེབས་པ་ཡིས།། གསང་བའི་བ་དན་རྒྱ་ཆེར་སྒྲོགས་པར་འགྱུར།། འདི་ནི་སྔོན་བྱུང་ཡིན་ཞེས་དོན་ཡང་བསྟན།། དེ་བཞིན་རྗེས་སུ ་འདུག་པར་བྱེད་པ་རྣམས།། བསམ་གཏན་རང་བཞིན་དཀྱིལ་འཁོར་བསྐྱེད་བྱས་ནས།། ཡེ་ཤེས་དཀྱིལ་འཁོར་གཉིས་སུ་མེད་པར་བསྒྲུབ།། འདོད་པའི་དོན་ལ་བསྐུལ་ཞིང་གསོལ་བ་འདེབས།། ཐུན་མོང་མཆོག་གི ་དངོས་གྲུབ་འཐོབ་པར་འགྱུར།། ཡུལ་དང་ཕྲད་ནས་ཐུགས་རྔ་སྐྱེ་བ་ནི།། སྤྲུལ་པའི་སྐུ་ཡིས་གདུལ་བྱ་གཟིགས་མཛད་པ།། མ་ངེས་འཁོར་ལ་སྡེ་སྣོད་རྒྱུད་རྣམས་གསུངས།། བཟང་པོའི་ཡུལ་དང་ཕྲད ་པར་སྣང་བ་ཡིན།། གདུག་པ་གདུལ་བྱའི་དོན་དུ་ཁྲོ་བོར་བསྟན།། ངན་པའི་ཡུལ་དང་ཕྲད་པར་སྣང་བ་ཡིན།། གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པ།། སྣ་ཚོགས་ཡུལ་དང་ཕྲད་པར་སྣང་བ་ཡིན།། རྗེས་འཇུག་རྣལ ་འབྱོར་ཆེན་པོ་སྒྲུབ་པ་པོས།། སྣོད་ལྡན་བུ་ལ་གསང་བའི་མན་ངག་སྦྱིན།། བཟང་པོའི་སྣོད་དང་ཕྲད་པར་གྱུར་པ་ཡིན།། ཞིང་བཅུ་གདུག་པ་མ་ལུས་བསྒྲལ་བྱས་ནས།། གནས་ངན་ངན་སོང་གནས་རྣམས་སྒྲོལ་མཛད ་པ།། ངན་པའི་ཡུལ་དང་ཕྲད་པར་གྱུར་པ་ཡིན།། རབ་འབྲིང་ཐ་མའི་དབང་པོ་མཐུན་རྟོགས་པ།། སྣ་ཚོགས་ཡུལ་དང་ཕྲད་པར་གྱུར་པ་ཡིན།། ཕྱོགས་གཅིག་སྙིང་རྗེ་འགྲོ་བ་ཀུན་ལ་ཡོད།། ཁྲ་དང་སྦྱང་ཀིས་རང་གི་བུ ་ཉིད་གསོ།། མཚན་ཉིད་ཉན་རང་ཐེག་པ་ཆུང་ངུ་ལ།། སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེ་ཡོད།། ཚད་མེད་བཞི་ཡིས་འགྲོ་དོན་ཡིད་ལ་བྱེད།། མདོ་སྡེ་བྱང་ཆུབ་སེམས་དཔའི་ཐེག་ཆེན་ལ།། ཆོས་ལ་དམིགས ་པའི་སྙིང་རྗེ་ཆེན་པོ་ཡིས།། ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། བསྡུ་བའི་དངོས་པོ་བཞི་ཡིས་དོན་རྣམས་མཛད།། གསང་བ་བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ནི།། ཐུགས་རྗེ་ཆེན་པོས་གཞན་དོན་དང་དུ ་ལེན།། ཕྲིན་ལས་རྣམ་བཞིས་འགྲོ་དོན་རྫོགས་པར་མཛད།། བླ་མེད་རྣལ་འབྱོར་གསང་སྔགས་ནང་པ་ནི།། འདོད་ཆགས་ཆོས་ཉིད་དུ་ནི་སྦྱར་བྱས་ནས།། ཞེ་སྡང་སྙིང་རྗེ་ཆེན་པོའི་མཛད་སྤྱོད་ཀྱིས།། མཚམས་མེད ་མནར་མེད་དམྱལ་བར་ལྷུང་བ་དང་།། དམ་ཉམས་རྡོ་རྗེ་དམྱལ་བར་སྐྱེ་བ་རྣམས།། གསང་སྔགས་ཐབས་ཀྱི་མཛད་སྤྱོད་ཆེན་པོ་ཡིས།། འཁོར་བའི་གནས་ནས་མྱ་ངན་འདས་པར་སྒྲོལ།། རྫོགས་ཆེན་མཐར་ཐུག་ཐེག ་པ་ཆེན་པོ་ནི།། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཉིད།། སྙིང་རྗེ་ཆེན་པོས་ཅིར་མི་མཛད།། སྲིད་པའི་རྩེ་ནས་དམྱལ་བའི་གནས་རྣམས་ཀུན།། ཆོས་སྐུ་ཐིག་ལེ་ཆེན་པོ་གཅིག་ཏུ་རྟོགས།། ཞེས་གསུངས་སོ།། གླང ་པོ་རབ་འབོག་གི་རྒྱུད་ལས། ཐུགས་རྗེ་ཡོངས་ལ་སྣང་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ་རྒྱལ་བ་དྲུག་པས། སྐུ ་གསུམ་དཀྱིལ་འཁོར་གྱིས་འགྲོ་བའི་དོན་དུ་བསྟན་པ་རྒྱས་པར་སྣང་བ་འདི་གསུངས་སོ།། སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་གི།། ཉོན་མོངས་དེ་ཉིད་གཉེན་པོ་རུ།། སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་གི།། ཆོས་ཀྱི་སྒོ་མོ་དེ ་ཉིད་སྤྲོ།། སྟོང་གསུམ་སེམས་ཅན་མ་ལུས་པའི།། ཉོན་མོངས་གཉེན་པོར་དགོངས་ནས་གསུངས།། ལ་ལར་མདོ་ཡི་སྡེ་རུ་གསུངས།། ལ་ལར་དབྱངས་ཀྱི་སྡེ་བ་དང་།། ལ་ལར་ལུང་དུ་བསྟན་པའི་སྡེ།། ལ་ལར ་ཚིགས་སུ་བཅད་པའི་སྡེ།། ལ་ལར་ཆེད་དུ་བརྗོད་པའི་སྡེ།། ལ་ལར་གླེང་གཞིའི་སྡེ་དང་ནི།། ལ་ལར་རྟོགས་པ་བརྗོད་པའི་སྡེ།། དེ་ལྟ་བུ་རུ་བྱུང་བའི་སྡེ།། ལ་ལར་སྐྱེས་པ་རབས་ཀྱི་སྡེ།། ལ་ལར་ཤིན ་ཏུ་རྒྱས་པའི་སྡེ།། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ།། གཏན་ལ་ཕབ་པས་བསྟན་པའི་སྡེ།། གསུང་རབ་ཡན་ལག་བཅུ་གཉིས་རྣམས།། གདུལ་བྱར་གྱུར་ལ་གང་མོས་གསུངས།། ལ་ལར་ལྷུམས་སུ་ཞུགས་པར་སྟོན།། ལ ་ལར་ལྷུམས་ནས་བལྟམས་པ་དང་།། ལ་ལར་གཞོན་ནུ་རོལ་རྩེད་མཛད།། ལ་ལར་ཁབ་ཏུ་བཞེས་པ་དང་།། ལ་ལར་རབ་ཏུ་བྱུང་བ་དང་།། ལ་ལར་དཀའ་ཐུབ་མཛད་པར་སྣང་།། ལ་ལར་ཆོ་འཕྲུལ་བསྟན་པ ་དང་།། ལ་ལར་སངས་རྒྱས་མཛད་པ་དང་།། ལ་ལར་བདུད་རྣམས་བཏུལ་བ་དང་།། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར།། ལ་ལར་མྱ་ངན་འདས་པ་དང་།། ལ་ལར་སྐུ་གདུང་བགོད་པ་མཛད།། སངས་རྒྱས་མཛད་པ ་ཅུ་གཉིས་ཀྱིས།། གདུལ་བྱ་མ་ལུས་འདུལ་བར་འགྱུར།། གཏི་མུག་རྨོངས་པའི་གདུལ་བྱ་རྣམས།། བདེ་གཤེགས་སྣང་མཛད་འབྱུང་བར་འགྱུར།། ཞེ་སྡང་མནར་སེམས་འདུལ་དོན་དུ།། རྡོ་རྗེ་སེམས་དཔའ་འབྱུང ་བར་འགྱུར།། ང་རྒྱལ་མངོན་པ་འདུལ་བའི་ཕྱིར།། རིན་ཆེན་འབྱུང་ལྡན་འབྱུང་བར་འགྱུར།། འདོད་ཆགས་ཅན་རྣམས་འདུལ་བའི་ཕྱིར།། སྣང་བ་མཐའ་ཡས་འབྱུང་བར་འགྱུར།། ཕྲག་དོག་ཅན་རྣམས་འདུལ་བའི ་ཕྱིར།། དོན་ཡོད་གྲུབ་པ་འབྱུང་བར་འགྱུར།། དུག་ལྔ་འདུལ་བའི་གདུལ་བྱ་ལ།། རིགས་ལྔའི་དཀྱིལ་འཁོར་མངོན་པར་སྣང་།། བྲམ་ཟེ་འདུལ་ཕྱིར་བྱ་བའི་རྒྱུད།། དམངས་རིགས་རྣམས་ལ་སྤྱོད་པའི་རྒྱུད།། རྗེའུ ་རིགས་ལ་རྣལ་འབྱོར་སྤྱོད།། གདོལ་པར་རྣལ་འབྱོར་བླ་ན་མེད།། མི་རིགས་བཞི་རྣམས་འདུལ་བའི་ཕྱིར།། རྒྱུད་སྡེ་བཞི་ནི་སྣང་བར་མཛད།། རྒྱལ་རིགས་ལ་ནི་ཀུན་གྱིས་འདུལ།། ཆོས་སྐྱོང་མངའ་བདག་འདུལ ་བའོ།། གདུག་པ་ཅན་རྣམས་འདུལ་འགྱུར་ཕྱིར།། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ།། མཁས་ཤིང་སྙིང་སྟོབས་ཆེ་བའི་གནས།། དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས།། ཡོན་ཏན་མཐོང་ཐོས་ཅན་ནི་མང་།། དུར་ཁྲོད་ཆེན ་པོ་ཧེ་ཆེན་བརྡལ།། བདེ་སྐྱིད་ལྡན་པ་དེ་ན་མང་།། དུར་ཁྲོད་ཆེན་པོ་གསང་ཆེན་རོལ།། མཐུ་དབང་ཡོན་ཏན་དེ་ན་ཆེ།། དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས།། ཟས་ཀྱི་ལོངས་སྤྱོད་ཆེ་བའི་གནས།། དུར་ཁྲོད་ཆེན་པོ ་ལང་ཀ་བརྩེགས།། ཡོན་ཏན་དངོས་གྲུབ་ཐོབ་པ་མང་།། དུར་ཁྲོད་ཆེན་པོ་སྒྲོལ་བར་མཛད།། རྣལ་འབྱོར་ལོངས་སྤྱོད་རབ་ཏུ་ལྡན།། དུར་ཁྲོད་འཇིག་རྟེན་མངོན་རྫོགས་ན།། རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན།། འཇིག་རྟེན ་ལྷ་བརྒྱད་བསྒྲལ་འདུལ་པས།། དུར་ཁྲོད་ཆེན་པོ་བརྒྱད་དུ་བསྟན།། གནས་དང་ཉེ་བའི་གནས་དང་ནི།། ཞིང་དང་ཉེ་བའི་ཞིང་ཉིད་དང་།། ཡུལ་དང་ཉེ་བའི་ཡུལ་ཉིད་དེ།། ཚནྡོ་ཉེ་བའི་ཚནྡོ་དང་།། དུར་ཁྲོད་ཉེ་བའི ་དུར་ཁྲོད་རྣམས།། གནས་ཀྱིས་འདུལ་བར་དགོངས་པ་རྣམས།། ཧེ་རུ་ཀ་ཡི་གནས་བཅུར་བསྟན།། ལ་ལར་ཚངས་པའི་གཟུགས་སུ་སྟོན།། ལ་ལར་དབང་ཕྱུག་ཆེན་པོར་སྣང་།། ལ་ལར་ལྷ་ཆེན་ཉིད ་ཡིན་ལ།། ལ་ལར་བརྒྱ་བྱིན་སྐུར་སྣང་བ།། ཚངས་པ་རྟ་ཡི་མགོ་ཅན་དང་།། གུ་ལང་གླང་གི་མགོ་ཅན་དང་།། ཁྱབ་འཇུག་སེང་གེའི་མགོ་ཅན་སོགས།། འཇིག་རྟེན་ཐབས་ཀྱིས་འདུལ་བའི་ཕྱིར།། འཇིག་རྟེན་ལྷ་ཡིས ་གཟུགས་ཀྱིས་འདུལ།། ལ་ལར་བདེ་གཤེགས་མཁའ་འགྲོ་མ།། ལ་ལར་རིན་ཆེན་མཁའ་འགྲོ་མ།། ལ་ལར་པདྨ་མཁའ་འགྲོ་མ།། ལ་ལར་ལས་ཀྱི་མཁའ་འགྲོ་མ།། ལ་ལར་རྡོ་རྗེ་མཁའ་འགྲོ་མ།། བུད་མེད ་ཚོགས་རྣམས་འདུལ་བར་འགྱུར།། འདུལ་བའི་དུས་ལ་བབ་གྱུར་ན།། སྣོད་ཀྱི་འཇིག་རྟེན་རྫས་དག་ལ།། དམ་ཆོས་བསྟན་པའི་སྒྲ་སྒྲོགས་ཤིང་།། སྟོང་ཉིད་ནམ་མཁའི་དཀྱིལ་འཁོར་ནས།། ཆོས་ཀྱི་བསྟན་པ་ཆར ་འབེབས་པས།། འདུལ་བ་མདོ་སྡེ་མངོན་པའི་ཆོས།། སྣོད་ཀྱི་འཇིག་རྟེན་སྒྲ་གྲགས་སྟོན།། བཅུད་ཀྱི་སྐྱེ་འགྲོས་ཞུ་ཞིང་འཆང་།། མཚན་ཉིད་རྒྱུ་ཡི་སྡེ་སྣོད་དང་།། གསང་སྔགས་འབྲས་བུའི་རྒྱུད་སྡེ་རྣམས།། གདུལ་བྱ ་རྣམས་དང་མཐུན་པ་རུ།། སངས་རྒྱས་སྤྲུལ་པས་གསུངས་པར་བྱེད།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ཆོས་ཀྱི་འཁོར་ལོ་སྣང་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ་འཆང་ཆེན་པོས ་འཁོར་བྱིན་གྱིས་བརླབ་པའི་ཕྱིར། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལྷན་ཅིག་པའི་འཁོར་དང་། གོ་ཕྱེ་བའི་འཁོར་གྱིས་རྒྱུད་མེ་ལོང་ལྟར་གསལ་བར་གྱུར་པ་འདི་ཆེད་དུ ་གླེངས་སོ།། གསང་བ་གསང་ཆེན་གསང་མཆོག་རྒྱུད།། རྒྱན་བདུན་དག་ཏུ་རྣམ་པར་གནས།། དེ་ཡི་དབྱེ་བ་ཇི་ལྟར་ལགས།། གོ་ཕྱེའི་འཁོར་རྣམས་མཐུན་པར་ཞུས།། གསང་བ་རྒྱུད་ཀྱི་བྱ་བ་བསྐྱེད།། གསང་ཆེན ་ལུང་གི་བསྒྲུབ་པ་མཛད།། གསང་མཆོག་མན་ངག་དགོངས་པ་མཛད།། གླེང་བསླངས་སངས་རྒྱས་རྒྱས་བཤད་དབྱེ།། སྣོད་ལྡན་རྒྱན་བདུན་རྨོངས་སེལ་བ།། ལྷན་ཅིག་པ་ཡི་འཁོར་རྣམས་ཀྱིས།། མགྲིན་གཅིག ་མཐུན་པར་གྱུར་པ་ཡིས།། རབ་ཏུ་རྒྱལ་བ་རྣམས་ཀྱིས་བཤད།། གླེང་བསླངས་པ་ཡི་གྲངས་ནི་ལྔ།། སངས་རྒྱས་པ་ཡི་ཚུལ་ནི་བཞི།། བཤད་པའི་མཐའ་ནི་རྣམ་པ་དྲུག། བཤད་པའི་ཚུལ་ཡང་རྣམ་པ་བཞི།། བཤད་པ ་དབྱེ་བའི་རིམ་པ་གཉིས།། སྣོད་ཀྱི་གང་ཟག་རྣམ་པ་ལྔ།། བདེན་པའི་དགོངས་པ་རྣམ་པ་གཉིས།། གསང་སྔགས་རྒྱུད་རྣམས་བཤད་པ་ཡིན།། གླེང་བསླངས་པ་ཡི་གྲངས་ལྔ་ནི།། རྒྱུད་འདིའི་མིང་ནི་ཅི་ཞིག ་ཡིན།། གང་ཟག་གང་དོན་རྒྱུད་འདི་གསུངས།། བྱེད་པའི་སྟོན་པ་སུ་ཞིག་ཡིན།། རྒྱུད་འདིའི་ལྡང་ཚད་གང་ཡིན་ལ།། འདི་ཡི་དགོས་པ་ཅི་ཞིག་ཡོད།། གསང་བ་བས་ཀྱང་ཆེས་གསང་བ།། གསང་སྔགས་གསང་བའི ་རྒྱུད་ཆེན་ཡིན།། ཆོས་རྣམས་མིང་དུ་མ་གྲུབ་ཀྱང་།། སྟོན་པས་གདུལ་བྱའི་བློར་བསྟུན་ནས།། མེད་ལ་ཡོད་པར་མིང་དུ་བཏགས།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། རྩ་རྒྱུད་བཤད་རྒྱུད་དུ་མའི ་མིང་།། གདུལ་བྱ་རྣམས་ལ་མཚན་དུ་བཏགས།། དཔེ་དོན་ཡུལ་དང་གང་ལྡང་ལ།། སོ་སོར་མཚན་དུ་གྲགས་པ་ཡིན།། རྟེན་གྱི་གང་ཟག་བསམ་ཡས་ཀྱང་།། གཏི་མུག་ཅན་ནི་རྒྱལ་པོའི་རིགས།། ང་རྒྱལ་ཅན་ནི་རྗེའུ ་རིགས།། ཞེ་སྡང་ཅན་ནི་བྲམ་ཟེའི་རིགས།། འདོད་ཆགས་ཅན་ནི་དམངས་ཀྱི་རིགས།། ཕྲག་དོག་ཅན་ནི་གདོལ་པའི་རིགས།། དེ་སྙེད་གདུལ་བྱ་བསམ་ཡས་པའི།། གང་ཟག་རིགས་ལ་དགོངས་ནས་གསུངས།། སྟོན ་པ་གདུལ་བྱ་ཐ་དད་པས།། སྤྱི་ཡི་སྟོན་པ་ཀུན་བཟང་ཉིད།། ཁྱད་པར་སྟོན་པ་སྐུ་གསུམ་ཤར།། ཀུན་བཟང་སྐུ་ལྔ་དབྱེར་མེད་པ།། རིགས་བདག་ཀུན་གྱི་སྤྱི་གཟུགས་ཅན།། སྐུ་བཞི་ཀུན་བཟང་དབྱེར་མེད་པ།། གསང ་བ་མཆོག་གི་བདག་པོར་བཞགས།། རིགས་ལྔ་ཀུན་བཟང་དབྱེར་མེད་པ།། རྒྱལ་བ་དྲུག་པ་རྡོ་རྗེ་འཆང་།། སྟོན་པའི་བདག་ཉིད་ཀུན་བཟང་ཉིད།། རང་བཞིན་ཆོས་སྐུ་སྤྲོས་དང་བྲལ།། ངོ་བོ་ལོངས་སྐུ་རྣམ་པར ་གསལ།། མཛད་སྤྱོད་སྦྲུལ་སྐུ་བསམ་མི་ཁྱབ།། འཆད་པའི་སྐྱེས་བུ་རིགས་ལྔ་ཉིད།། བསམ་གྱིས་མི་ཁྱབ་སྣང་བར་འགྱུར།། ལྟ་བ་དང་ནི་སྤྱོད་པ་དང་།། དབང་བསྐུར་བ་དང་དམ་ཚིག་བསྲུངས།། དཀྱིལ་འཁོར ་བསྐྱེད་ལ་མཆོད་པ་འབུལ།། ཕྲིན་ལས་རྣམ་བཞི་བསྙེན་བསྒྲུབ་བཞི།། ཏིང་འཛིན་བསྒོམ་དང་གསང་སྔགས་བཟླས།། འདི་བཅུ་རྒྱུད་དོན་རང་བཞིན་ཅན།། ལྡང་ཚད་ཡིན་པར་རྒྱལ་བས་གསུངས།། དགོས་པའི ་དགོངས་པ་བསམ་ཡས་རྣམས།། ལས་ཚོགས་ཐུན་མོང་དངོས་གྲུབ་བསྒྲུབ།། མཚན་བཅས་མཚན་མ་མེད་པ་ཡི།། མཆོག་གི་དངོས་གྲུབ་བསྒྲུབ་པས་འགྲུབ།། སངས་རྒྱས་པ་ཡི་ཚུལ་བཞི་ནི།། རྒྱུད་དང་གླེང་གཞི་ངེས ་ཚིག་རྒྱུ།། ཆགས་བྲལ་ཆགས་སངས་རྒྱ་བ་ཡང་།། མཚན་ཉིད་སྔགས་ཀྱི་དགོས་པའོ།། འདོད་ཆགས་བྲལ་བའི་ཚུལ་བཞི་ནི།། རྒྱུ་ནི་མི་ཡི་ལུས་ཡིན་ཏེ།། སྡོམ་པ་འཆགས་པའི་རྟེན་ཅན་ཡིན།། གླིང་བཞི་རབ་ཏུ་བྱུང ་བ་སྟེ།། འདོད་ཆགས་སྤངས་པའི་རྟགས་རྣམས་འཆང་།། ངེས་ཚིག་འདུལ་བའི་སྡོམ་པ་བླངས།། ཉོན་མོངས་དུག་གསུམ་རྟ་རྒོད་འདུལ།། དེ་རྒྱུ་འབྲས་བུ་སངས་རྒྱས་འདོད།། ཚོགས་གཉིས་ཡུན་རིང་བསགས་པས ་འགྲུབ།། འཁོར་བ་སྤངས་ནས་འདས་པ་བསྒྲུབ།། འདོད་ཆགས་བཅས་པའི་ཚུལ་བཞི་ཡང་།། གསང་སྔགས་ཆགས་བཅས་གསང་བ་ཉིད།། རྒྱུ་ནི་ལྷ་ཡི་ལུས་ཀྱི་སྟེ།། ཕུང་པོ་སངས་རྒྱས་ལྔ་བདག་ཉིད།། གླེང་གཞི ་རིགས་ལྔ་རིགས་གཅིག་འགྱུར།། ཕུང་པོ་ལྔ་པོ་སེམས་ཉིད་ལུས།། ངེས་ཚིག་སྔགས་ཀྱི་དམ་ཚིག་བླངས།། རྩ་བ་ཡན་ལག་རྡོ་རྗེ་འཛིན།། རྒྱུ་ནི་སྒེག་སོགས་སྤྱོད་པ་སྟེ།། འདོད་ཆགས་བཞི་ནི་དགའ ་བཞིར་སྤྱོད།། རྒྱས་བཤད་མཐའ་དྲུག་དྲང་དོན་ངེས།། དགོངས་དང་དགོངས་མིན་ཇི་བཞིན་བཤད།། ཇི་བཞིན་མ་ཡིན་བཤད་པ་ཡིས།། ཚིག་ཚོགས་རྒྱ་མཚོ་འགྲོལ་བར་བྱེད།། དྲང་བའི་དོན་དུ་བཤད ་པ་ཉིད།། ཉན་རང་མུ་སྟེགས་ནང་དང་ཕྱི།། འཇིག་རྟེན་ལྷ་ཀླུ་མཁའ་འགྲོ་མ།། རང་རང་ལྟ་སྤྱོད་བཤད་ན་དྲང་།། གསང་སྔགས་ངེས་པའི་དོན་ལ་གཟུང་།། ཡང་དག་དོན་སྟོན་ངེས་པའི་དོན།། སེམས་ཉིད་ཡེ་ནས ་སངས་རྒྱས་པས།། འཁོར་བ་ཀ་དག་དྲི་མ་མེད།། ཉི་མའི་དཀྱིལ་འཁོར་བཞིན་དུ་གནས།། དགོངས་པས་བཤད་པ་བློ་རབ་ལ།། དེ་བཞིན་གཤེགས་པའི་ཚོགས་བསད་ན།། བདག་གཞན་དངོས་གྲུབ་ཐོབ་པར ་འགྱུར།། ཞེ་སྡང་ཤན་པ་རྡོ་རྗེའི་རིགས།། གཏི་མུག་གླེན་པ་དེ་བཞིན་རིགས།། འདོད་ཆགས་ཡི་དྭགས་པདྨའི་རིགས།། དུག་གསུམ་ཞིང་བཅུའི་ཕུང་པོ་བསད།། སེམས་ཉིད་སངས་རྒྱས་སྲས་སུ་བསྒྲལ།། རྒྱུ་འབྲས ་བསོད་ནམས་ཡེ་ཤེས་ཚོགས།། བདག་གཞན་གཉིས་ཀས་ཐོབ་པར་འགྱུར།། དགོངས་མིན་དབང་པོར་དམན་པ་ལ།། ལྷ་དམན་སྔགས་ཀྱི་ལྷ་ཟབ་འབྲི།། སེམས་ནི་སངས་རྒྱས་འགྲུབ་པའི་རྒྱུ།། ཚོགས་གཉིས་འབད ་པས་འབྲས་བུ་འགྲུབ།། སྒྲ་ནི་ཇི་བཞིན་བཤད་པ་གང་།། དཀྱིལ་འཁོར་བྲིས་དང་དམ་ཚིག་བསྲུང་།། ལྷ་ཀུན་སྒོམ་དང་གསང་སྔགས་བཟླས།། སློབ་མ་དབང་བསྐུར་དངོས་གྲུབ་བླང་།། སྒྲ་ནི་ཇི་བཞིན་མ་ཡིན ་པ།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ།། ཨ་འབྲས་ཆུམ་འབྲུམ་པ་ན་སེ།། ན་ལེ་གེ་རྒྱས་ཨ་ག་རུ།། ཀོ་ཊ་ཀྵ་ནི་སྲིན་པོའི་སྐད།། ཀུན་མཁྱེན་དགོངས་པས་ཤེས་པར་འགྱུར།། བཤད་པའི་ཚུལ་བཞི་ཚིག་དོན ་དང་།། སྤྱི་སྦས་མཐར་ཐུག་དོན་དུ་བཤད།། ཚིག་དོན་མིང་ཚིག་སྒྲ་འབྱོར་ལ།། རུས་སྦལ་བསྣུར་འགྲོས་ལྟ་བུ་ཉིད།། སྤྱི་དོན་མདོ་སྔགས་རྣམ་པ་གཉིས།། མདོ་ལ་ཞུགས་ནས་འདོད་པ་ཟློག། སྔགས་ལ་ཞུགས་ནས ་བསྐྱེད་རྫོགས་བསྒོམ།། སྤྱིར་སྡུད་སེང་གེའི་མཆོངས་པས་བཤད།། སྦས་བཤད་རྩ་རླུང་ཐིག་ལེ་སྔགས།། སེམས་ཅན་ལུས་སྦས་སྟོན་པས་འབྱིན།། འདོད་ཆགས་ཀུན་རྫོབ་ཡེ་ཤེས་གསུམ།། རྒྱུད་སྦས་ཐུགས་གབ་རྣ ་བརྒྱུད་འཛིན།། མཐར་ཐུག་འཁོར་འདས་དབྱེར་མེད་ཆོས།། རང་བཞིན་འོད་གསལ་ཟུང་དུ་འཇུག། ཉན་བཤད་དབྱེ་བ་རྣམ་པ་གཉིས།། ཚོགས་དང་སློབ་མ་ཕྱི་དང་ནང་།། ཚོགས་བཤད་སྒྲ་བཞིན་དགོངས་པ ་ཡིན།། དྲང་དོན་ཡི་གེ་སྤྱི་ཡི་དོན།། སློབ་བཤད་སྒྲ་ཉིད་ཇི་བཞིན་མིན།། ངེས་དོན་དགོངས་ཏེ་སྦས་མཐར་ཟུག། སྣོད་ཀྱི་གང་ཟག་རྣམ་པ་ལྔ།། ཨུཏྤལ་པདྨ་དཀར་པོ་དང་།། པདྨ་དམར་པོ་ཙནྡན་དང་།། རིན་ཆེན ་ལྟ་བུའི་གང་ཟག་ལྔས།། གསང་སྔགས་སྣོད་རྣམས་གཏན་ལ་དབབ།། ཨུཏྤལ་མང་འཛིན་ཡལ་བ་སྐྱེན།། ཐོས་མང་འཛིན་མཁས་རྗེད་པར་སླ།། པད་དཀར་སྦྲང་མ་སྦྲང་རྩི་འཛིན།། ཐོས་མང་བུམ་ནང་རས་བལ ་འདྲ།། པདྨ་ཡིད་འོང་ལེགས་པར་བྱ།། སྦྲང་རྩི་འཛག་པར་གྱུར་པས་ན།། དད་ལྡན་སྙིང་རྗེ་ཤེས་རབ་ཆེ།། ཟོས་ནས་ཁ་ཕྱེའི་ཚིག་དོན་བརྗོད།། ཙནྡན་སྡོང་ཆུང་དྲི་ལྡན་ཕྲ།། འདབ་མ་དུག་བུལ་བླང ་བར་དཀའ།། ཐོས་ཉུང་ང་རྒྱལ་རྩ་མེད་སྒྲ།། རྗེས་སུ་གཟུང་བར་མི་ནུས་སོ།། རིན་ཆེན་རང་དག་གཞན་དོན་མཛད།། འདོད་འབྱུང་ནོར་བུས་དོན་བྱེད་ལྟར།། དམ་ལྡན་འཛིན་མཁས་ཤེས་རབ་ལྡན།། རྒྱུད ་གཅིག་ཐོས་ནས་ལེན་པར་སྟོན།། བདེན་པའི་དགོངས་པ་རྣམ་པ་གཉིས།། ཀུན་རྫོབ་བསྐྱེད་རིམ་སྐུ་ལུས་བསྒོམ།། དོན་དམ་རྫོགས་རིམ་འོད་གསལ་བསྒོམ།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ་གསང་སྔགས་གསང་བའི་རྒྱུད་ཐམས་ཅད་ལ་རྒྱན་བདུན་གྱི་བཤད་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དམིགས་པར་བྱ་བའི་བརྟག་བྱ་གཏན་ལ་འབེབས ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། གནས་ལུགས་སྣང་ལུགས་གཉིས་སུ་འདུས།། དེ་ཡང་ཇི་ལྟ་བུ་ཞེ་ན།། གནས་ལུགས་ངོ་བོ ་ཉིད་ཀྱི་གཞི།། གཉིས་མེད་རིས་བྲལ་ཀུན་ངོ་བོ།། སྣང་ལུགས་འཁོར་འདས་གཉིས་སུ་སྣང་།། མ་རྟོགས་པ་དང་རྟོགས་པར་འགྱུར།། དེ་ནས་མ་སྦྱངས་གོ་ཕྱེའི་འཁོར།། ལྷན་ཅིག་པ་ལ་འདི་སྐད་ཞུས།། འགྲོ་དྲུག ་སྣང་བ་རང་ཀ་མ།། གནས་ལུགས་གཞི་ཉིད་ཡིན་ནམ་མིན།། ཡིན་ན་འགྲོ་དྲུག་བདེན་མཐོང་བས།། འབད་པ་མེད་པས་རང་གྲོལ་འགྱུར།། མིན་ན་འགྲོ་དྲུག་སེམས་ཅན་རྣམས།། སངས་རྒྱས་འབྲས་བུ་ག ་ལ་ཐོབ།། འོན་ཏེ་གཉིས་སུ་མེད་གྱུར་ན།། རིག་དང་མ་རིག་ཐ་དད་སྣང་།། འོན་ཏེ་སོ་སོར་ཐ་དད་སྣང་།། སངས་རྒྱས་སེམས་ཅན་འབྲེལ་བ་མེད།། སེམས་ཉིད་བདེ་གཤེགས་སྙིང་པོ་མིན།། ཆུ་དང་མེ་བཞིན་དགྲ ་ཟུཐུན་འདྲ།། དེ་སྐད་སྨན་པའི་ལྷ་ཅན་ལྟ་ཅན་ཡིན་ནམ་གསུངས།། དེ་ནས་ལྷན་ཅིག་གནས་པའི་འཁོར།། དགྱེས་ནས་རྨད་བྱུང་ངོ་མཚར་གསུངས།། སྲིད་གསུམ་འཁོར་བའི་སེམས་ཅན་རྣམས།། སེམས་ཉིད་ཡེ་ནས ་མངོན་སངས་རྒྱས།། དེ་མ་ཤེས་པས་བདེན་མཐོང་མིན།། གསེར་མཐོང་གསེར་དུ་མ་ཤེས་བཞིན།། རང་སེམས་ལྷུན་གྲུབ་སངས་རྒྱས་ཀྱང་།། རྣམ་རྟོག་གཟུང་འཛིན་མཐུ་བརྟས་པས།། བདག་དང་བདག་གིར་འཛིན། ་པ་རྣམས།། བདེན་པ་མ་མཐོང་འཁོར་བར་འཁྱམས།། སངས་རྒྱས་སེམས་ཅན་གཉིས་མེད་ཀྱང་།། ཐེག་དམན་འཁོར་འདས་ཐ་དད་འཛིན།། འཁོར་བ་སྤངས་ནས་བདེ་བ་འགྲུབ།། མེ་ལོང་ལྷོ་རྒྱབ་ལོག་དང ་མཚུངས།། ཁམས་གསུམ་སེམས་ཅན་ལས་དང་ནི།། དུས་གསུམ་སངས་རྒྱས་ཐུགས་རྗེ་འབྲེལ།། དཔེར་ན་མི་གཉིས་གཉེན་བཤེས་བཞིན།། བདེ་གཤེགས་སྙིང་པོ་གཅིག་ཏུ་གནས།། འདི་རྟོགས་སེམས་ཅན་སངས ་རྒྱས་ཡིན།། ཡང་ནི་གོ་ཕྱེའི་འཁོར་གྱིས་དྲིས།། འཁོར་བའི་རྒྱུ་ནི་ཅི་ལས་བྱུང་།། མ་རིག་པ་ལས་བྱུང་གྱུར་ན།། གཞི་ལ་ཡོད་དམ་མེད་པ་ཡིན།། ཡོད་ན་མ་རིག་སྤང་དུ་མེད།། མེད་ན་འོང་བའི་རྩ་བ ་མེད།། མེད་ཀྱང་འབྱུང་བར་གྱུར་པ་ན།། ནམ་མཁའ་ལས་ཀྱང་མེ་ཏོག་སྐྱེ།། ལྷན་ཅིག་འཁོར་ལ་བཀའ་སྩལ་པ།། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱང་།། ངེས་པའི་ཤེས་པ་མ་སྐྱེས་པས།། ལྷན་ཅིག་སྐྱེས་པའི་མ ་རིག་པ།། གཞི་ལ་མེད་ཀྱང་གློ་བུར་སྣང་།། དཔེར་ན་ནམ་མཁའི་སྤྲིན་དང་འདྲ།། གོ་ཕྱེའི་འཁོར་གྱིས་ཡང་དྲིས་པ།། འཁོར་བའི་སེམས་ལ་གཞི་རྩ་མེད།། དེ་ལ་རྟོགས་པར་བྱར་ཡོད་ན།། ནམ་མཁའ་ཡེ་ནས་སྟོང་པ ་དེ་ལས་སྟོང་པ་གཉིས་མི་རྙེད།། དེ་ཕྱིར་སངས་རྒྱས་གང་རྟོགས་སྣང་།། ལྷན་ཅིག་པ་ཡི་འཁོར་གྱིས་གསུངས།། དཔེར་ན་མིག་གིས་གཞན་མཐོང་ཡང་།། མིག་ན་རྡུལ་སོང་དེ་མ་མཐོང་།། མེ་ལོང་ནང་བལྟས ་རྡུལ་འབྱིན་ལྟར།། རང་སེམས་རང་གིས་མ་རིག་པས།། ཆོས་ཀྱི་དབྱིངས་ཀྱི་མེ་ལོང་བལྟས།། སྐྱེ་མེད་སྤྲོས་བྲལ་མངོན་དུ་བྱས།། ཡུལ་སེམས་གཉིས་མེད་དབྱིངས་སུ་ཐིམ།། མ་རིག་ལྟ་ངན་ཉེས་པ་བྲལ།། ཡེ་ཤེས ་མཁྱེན་པའི་ཉི་མ་ཤར།། མ་རིག་པ་ཉིད་རིག་པར་གྲོལ།། རེག་པ་ཡེ་འབྱམས་ཀློང་ཡང་གད་ལ།། ཉི་མའི་དཀྱིལ་འཁོར་ཤར་ནུབ་མེད།། དཔག་བསམ་ཤིང་ཆེན་ཡོངས་སུ་རྒྱས།། ཡིད་བཞིན་མཆོད་སྡོང་ཀུན་ལ ་འབར།། བུམ་པ་བཟང་པོ་བདེ་བ་གང་།། མ་རྟོགས་རྟོགས་པས་མུན་པ་སངས།། ཐིག་ལེ་ཆེན་པོ་སྒྲ་བརྗོད་འདས།། དཔའ་བོ་འབྲུ་ལྔ་ཀུན་གྱི་གཞི།། ཞི་ཁྲོ་ལྷ་བརྒྱ་འཁོར་འདས་རྫོགས།། ཞེས་གསུངས་སོ།། གླང་པོ ་རབ་འབོག་གི་རྒྱུད་ལས། གནས་ལུགས་དང་སྣང་ལུགས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གཏན་ལ་དབབ་པ་སྟེ། ལེའུ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི ་རྗེ་བཙན་དམ་པས། འགྲོ་བའི་འབངས་རྣམས་རྗེས་སུ་བསྐྱང་བའི་ཕྱིར་འདི་གསུངས་སོ།། ལྷུན་གྲུབ་ཀ་དག་སེམས་ཉིད་གནས་ལུགས་གཞི།། འཁོར་འདས་མ་ལུས་འབྱུང་བ་ས་བོན་ཚུལ།། ཀུན་ལ་ཁྱབ་པར་ཡེ་ནས ་རང་གནས་པ།། དེ་ཉིད་མ་རྟོགས་མངོན་དུ་མ་གྱུར་པ།། བྱང་ཆུབ་སེམས་དཔའི་ཤེས་བྱའི་སྒྲིབ་པས་བསྒྲིབས།། འགྲོ་རྣམས་ཉོན་མོངས་ལས་ཀྱི་སྒྲིབ་པས་བསྒྲིབས།། ལམ་ཞུགས་ཐེག་པ་རང་རང་བལྟ་བས ་བསྒྲིབས།། མ་མཐོང་མཐོང་འདོད་རང་གི་སེམས་ལ་ལྟོས།། རབ་འབྱམས་བཀའ་ཡི་དགོངས་པ་བསམ་ཡས་པ།། རྩ་བ་རིག་པ་བྱང་ཆུབ་སེམས་ལ་འདུས།། ཉན་ཐོས་སྡུག་བསྔལ་ཀུན་འབྱུང་འཁོར་བར ་སྣང་།། འགོག་པ་ལམ་ནི་མྱ་ངན་འདས་པར་སྒྲུབ།། རང་རྒྱལ་རྟེན་འབྲེལ་ལུགས་འབྱུང་འཁོར་བར་སྣང་།། ལུགས་ལས་བཟློག་པ་མྱ་ངན་འདས་པར་སྦྱོར།། བྱང་ཆུབ་སེམས་དཔའ་ཀུན་རྫོབ་འཁོར་བའི་ཆོས།། དོན ་དམ་མྱ་ངན་འདས་པའི་སྤྱོད་ཡུལ་གཟིགས།། ཀྲི་ཡཱ་རང་ཉིད་རིགས་གསུམ་ཀུན་རྫོབ་འབངས།། ཡེ་ཤེས་སེམས་དཔའ་དོན་དམ་རྗེ་དང་འདྲ།། ཆ་གཉིས་འཛིན་པ་ཀུན་རྫོབ་རིགས་བཞིའི་ལུས།། དོན ་དམ་ཡེ་ཤེས་ལྷ་ནི་རང་སྣང་སྐུ།། རྣལ་འབྱོར་ཀུན་རྫོབ་ལྷ་ནི་རང་ལུས་ཉིད།། དོན་དམ་རྡོ་རྗེ་དབྱིངས་ཏེ་སྤུན་ཟླ་གྲོགས།། མ་ཧཱ་ལོངས་སྐུ་རྟོག་ཚོགས་བདེན་གཉིས་ལྷ།། ཨ་ནུ་དབྱིངས་དང་ཡེ་ཤེས་བདེན་གཉིས ་ལྷ།། ཐེག་བརྒྱད་སྣང་ལུགས་འཁོར་འདས་གཉིས་སུ་བལྟ།། རྫོགས་ཆེན་གནས་ལུགས་ཐིག་ལེ་ཆེན་པོའི་དོན།། རབ་ཞི་སྤྲོས་མེད་ཡོངས་སུ་གཟུང་འཛིན་བྲལ།། ཞེས་གསུངས་སོ།། དེ་ནས་གོ་ཕྱེའི་འཁོར་རྣམས ་ཀྱིས། ལྷན་ཅིག་པའི་འཁོར་རྣམས་ལ་འདི་སྐད་ཅེས་དྲིས་སོ།། གཞི་ཡི་དོན་ནི་ཀ་དག་ན།། མ་རིག་འཁྲུལ་པ་གྲུབ་མ་གྲུབ།། དཔའ་བོ་དཔའ་མོས་བཀའ་སྩལ་པ།། གཞི་ལ་མ་རིག་འཁྲུལ་པ་ནི།། ཀ་ནས་དག་སྟེ ་གྲུབ་མ་མྱོང་།། དུང་ལ་སེར་པོ་མེད་བཞིན་དུ།། མིག་ནད་ཅན་བཞིན་སེར་པོར་སྣང་།། རྡོ་རྗེ་མཆེད་ཀྱིས་ཡང་ཞུས་པ།། འགྲོ་རྣམས་འབད་མེད་གྲོལ་བར་རིགས།། གཞི་ལ་འཁྲུལ་མེད་དག་པའི་ཕྱིར།། གློ་བུར་མིག ་སེར་ཡིན་ཞེ་ན།། རྒྱུད་དག་ལ་ཡང་འཁྲུལ་འབྱུང་འགྱུར།། གཞི་ཡི་ངེས་ཚིག་མི་འཐད་དེ།། འཁོར་འདས་ཆོས་ནི་མི་འབྱུང་ཕྱིར།། མཚུངས་ལྡན་རྒྱུ་ཡང་མེད་པར་འགྱུར།། དུང་ལས་འཁྲུལ་གཞི་ཡོད་དམ་མེད།། ཡོད ་ན་གཞི་ཡོད་འཁྲུལ་པར་འགྱུར།། གཞི་མེད་འཁྲུལ་པར་མི་སྲིད་དེ།། དུང་ལས་སྦྲུལ་དུ་འཁྲུལ་མི་སྲིད།། དཔའ་བོ་དཔའ་མོས་ཡང་གསུངས་པ།། འཁྲུལ་མེད་ཀ་དག་ཡིན་ཤེས་ན།། དེ་ལ་འཁྲུལ་པའི་ཡུལ་མེད ་པས།། གསེར་ལ་གསེར་དུ་རྟོགས་པ་བཞིན།། རྡོ་རྗེ་མཆེད་ཀྱིས་ཡང་ཞུས་པ།། འཁོར་འདས་གཞི་ལ་ལྷུན་གྲུབ་ན།། ཕྱོགས་གཅིག་གྲུབ་བམ་ཕྱོགས་མེད་གྲུབ།། ཕྱོགས་གཅིག་གྲུབ་ན་གཉིས་མ་ཚང་།། མ་གྲུབ་གཞི ་ཡི་ངེས་ཚིག་ཕྱེད།། ཕྱོགས་མེད་གྲུབ་པར་གྱུར་པ་ན།། ཆོས་ཅན་མ་མཐུན་ནང་གྲུབ་འགྱུར།། འདོད་ན་དབང་པོ་མངོན་སུམ་གསལ།། མི་གསལ་བསམས་ན་སྣང་ཞེ་ན།། དེ་ནི་ཕྱོགས་མེད་ཡིན་པར་འགྱུར།། དཔའ ་བོ་དཔའ་མོས་བཀའ་སྩལ་པ།། ཕྱོགས་མེད་ཀུན་ཏུ་རང་ཤར་གཞན།། གང་ལྟར་བལྟས་པ་དེར་སྣང་བས།། འཁྲུལ་མེད་ལྷུན་གྲུབ་གཞིར་རྟོགས་བྱ།། གཞི་དོན་མ་ནོར་ཐ་སྙད་མཚོན།། འཁོར་འདས་རང་སེམས་ཉིད ་ཡིན་པས།། ཏིལ་གོང་བཞིན་དུ་ཡེ་གནས་པ།། གཉིས་སུ་བསྡུས་པ་མ་འདྲེས་ལ།། ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ།། རྡོ་རྗེ་མཆེད་ཀྱིས་ཡང་ཞུས་པ།། མ་རིག་འཁྲུལ་པ་གྲུབ་མ་གྲུབ།། དཔའ་བོ་དཔའ་མོས ་བཀའ་སྩལ་པ།། ཀུན་གྱི་དངོས་གཞིར་སྣང་བའི་གཞི།། ཡིད་བཞིན་ནོར་བུ་ལྟར་སྣང་བས།། གྲུབ་མ་གྲུབ་ཀྱི་འདམས་ཀ་བྲལ།། འཁོར་འདས་སྣང་བར་ཤར་བ་ནི།། དེ་ནི་འཕྲུལ་པས་དབྱེ་བས་ན།། བརྟག་གཞི ་ཞེས་ཀྱང་དེ་ལ་བྱ།། རྡོ་རྗེ་མཆེད་ཀྱིས་ཡང་ཞུས་པ།། ཆོས་ཀྱིས་བསྡུས་པའི་མཆེད་ལྕམ་རྣམས།། གཞི་ཡི་དོན་དུ་གཅིག་པ་ལ།། ཀ་དག་ལྷུན་གྲུབ་ཅི་ཕྱིར་གཉིས།། དཔའ་བོ་དཔའ་མོས་བཀའ་སྩལ ་པ།། ཆོས་ཀྱི་འདྲེས་པའི་རྡོ་རྗེ་མཆེད།། གནས་ལུགས་སྣང་ལུགས་རྣམ་པ་གཉིས།། གནས་ལུགས་དོན་ལ་དབྱེ་བ་མེད།། ལོག་པའི་རྒྱུ་རྐྱེན་ཤེས་རབ་བྲལ།། སྣང་ལུགས་འཁོར་འདས་གཉིས་སུ་སྣང་།། འཁོར་བའི ་སྣང་བ་སེམས་ཉིད་ལ།། སངས་རྒྱས་དགོངས་པ་ལྷུན་གྱིས་གྲུབ།། འདས་པར་སྣང་བའི་སངས་རྒྱས་ལ།། མ་རིག་འཁྲུལ་པ་ཀ་ནས་དག། གནས་ལུགས་སྣང་ལུགས་ཐམས་ཅད་ཀུན།། མ་རྟོགས་རྟོགས་པར་མཚོན ་ཕྱིར་ཕྱེ།། ཡང་དག་དོན་གྱི་གནས་ལུགས་ལ།། རྟོགས་དང་མ་རྟོགས་གྲུབ་པ་མེད།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། འཁོར་འདས་རྩོད་བྲལ་ཆེན་པོའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཅུ ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འགྲོ་བའི་ཆེད་དུ་འདི་གསུངས་སོ།། བཀའ་དམན་འདུད་པའི་གདུལ་བྱ་རྣམས།། སྦྱངས་པས་ཆོས་ཀྱི་སྣོད་དུ་གྱུར།། དཔག ་མེད་བསྐལ་པར་རྒྱུ་ལ་སྦྱངས།། སྔོན་ཚེ་ཐུབ་རྒྱུད་སྔགས་ལ་སྦྱངས།། ཚེ་འདིར་རྒྱུ་འབྲས་ཆོས་ལ་སྦྱངས།། དེ་ནས་གསང་ཆེན་སྔགས་ལ་འཇུག། ངེས་པ་དོན་གྱི་གདུལ་བྱ་རྣམས།། རང་བཞིན་གྱིས་ནི་སྣོད་གྱུར ་པ།། སྐྱེ་བོ་མ་ངེས་ས་དག་ནས།། གསང་ཆེན་སྔགས་ལ་རབ་ཏུ་འཇུག། ཁ་ཅིག་སྦྱངས་པའི་རིམ་གྱིས་པ།། དཔག་མེད་སྔོན་ནས་ཚེ་འདིར་སྦྱངས།། ཁ་ཅིག་དུས་མཐའི་ཅིག་ཅར་བ།། རྒྱུད་ལུང་མན་ངག་ཆོས་ལ ་འཇུག། སྔོན་གྱི་ལས་འཕྲོ་ཡོད་པ་དང་།། འཕྲལ་དུ་སྐལ་པར་ལྡན་པ་དང་།། དད་པས་ཆོས་ལ་མོས་པ་དང་།། བརྩོན་འགྲུས་དང་དུ་ལེན་པ་དང་།། ཤེས་རབ་རྟོགས་པར་ལྡན་རྣམས་ལ།། ཡིན་པའི་ཐོག་ཏུ་མཚོན ་ནས་བསྟན།། མཚོན་པའི་ཐོག་ནས་གོ་བ་དང་།། གོ་བའི་ཐོག་ནས་རྟོགས་པ་དང་།། རྟོགས་པའི་ཐོག་ནས་ཐོབ་པ་དང་།། ཐོབ་པའི་ཐོག་ནས་གྲོལ་འགྱུར་བས།། མ་ནོར་ངེས་པའི་གཏན་ལ་འབེབས།། དང་པོར ་གཏན་ལ་འབེབས་དུས་སུ།། གཞལ་བྱ་འཁོར་འདས་གཉིས་ལ་འཇལ།། འཁོར་འདས་གཉིས་སུ་ཞེན་པ་ཡིས།། སྣང་བ་གཏན་ལ་དབབ་པར་བྱ།། དེ་ཚེ་གོ་ཕྱིའི་འཁོར་གྱིས་དྲིས།། འདས་པ་ལ་ནི་འཇལ་བ ་ན།། དང་པོ་ལས་ཀྱི་སྤྱོད་ཡུལ་དུ།། འདས་པར་མ་གྱུར་གཞལ་མི་བཏུབ།། འཁོར་བ་ལ་ནི་གཞལ་བ་ལ།། འཁོར་བ་སྤྱི་ཡི་མཚན་ཉིད་ནི།། ད་དུང་མི་རྟོག་གཞལ་མི་བཏུབ།། དེ་བརྟགས་བསམ་བྱུང་ཤེས་རབ ་འགྲོ།། ལས་ནི་དང་པོའི་གང་ཟག་གིས།། ཐོས་པའི་ཆོས་ནི་མ་བྱས་པར།། བསམ་པའི་ཤེས་རབ་མི་འོང་ངོ་།། འཁོར་བ་རང་གི་མཚན་ཉིད་ལ།། དེ་ལ་གཞལ་བྱར་བྱས་འཇལ་ན།། འཁོར་བའི་རང་མཚན་སྐད་ཅིག ་མ།། སྐད་ཅིག་སྔ་མ་འདས་པས་མེད།། ཕྱི་མའི་མ་སྐྱེས་པ་ནི་མེད།། ད་ལྟའི་རིག་པ་སྐད་ཅིག་མ།། དེ་ལ་གཞལ་དུ་མི་བཏུབ་སྟེ།། མཛུབ་མོ་རང་གི་རྩེ་མོ་ལ།། མཛུབ་མོ་རང་གིས་རེག་མི་ནུས།། སྐྱེས ་བུ་ཇི་ལྟར་རྩལ་ཆེ་ཡང་།། རང་ལ་རང་གི་མཆོངས་མི་ནུས།། སྤུ་གྲིའི་སོ་ནི་རྣོ་གྱུར་ཀྱང་།། སོ་ཡིས་སོ་ཉིད་གཅད་དུ་མེད།། མིག་གིས་ཐམས་ཅད་མཐོང་གྱུར་ཀྱང་།། རང་ཉིད་རང་ལ་མཐོང་མི་སྲིད།། དེ་སྐད་མ ་སྦྱངས་སེམས་དཔར་དྲིས།། ལྷན་ཅིག་པ་ཡི་འཁོར་གྱིས་གསུངས།། དཔེར་ན་གཞལ་བྱ་རྫས་གཅིག་པ།། འཇལ་བྱེད་བྲེ་སྲང་ལྟ་བུ་ཡིན།། རྫས་མེད་བྲེ་སྲང་གཞལ་མི་བཏུབ།། སྲང་མེད་རྫས་ཀྱི་ཆེད་མི ་ཤེས།། གཞལ་བྱ་རང་རིག་སྐད་ཅིག་མ།། འཇལ་བྱེད་གཏན་ཚིགས་དེ་ཉིད་གཏོང་།། གཞལ་བྱ་བྱས་ན་གཏན་ཚིགས་མེད།། གཏན་ཚིགས་བྱས་ན་གཞལ་བྱ་མེད།། ཁྱེད་ནི་དེ་ལྟར་འདོད་པ་ཡིན།། བདག་ནི་འདི ་ལྟར་འདོད་པ་སྟེ།། ཞེན་པ་ཤེས་པའི་སྤྱི་ཡུལ་ཡིན།། རིག་པ་སྐད་ཅིག་གནས་འགྱུར་བ།། ཤེས་པ་རང་གི་མཚན་ཉིད་ཡིན།། དེ་ཕྱིར་ཞེན་པའི་སྤྱི་ཡུལ་ལ།། ཤེས་པ་རང་གི་མཚན་ཉིད་འཇལ།། ཡུལ་དང་སེམས་ནི་མ ་འདྲེས་ཕྱིར།། ཞེན་སྣང་རིག་པ་འཇལ་སྐྱོན་མེད།། དང་པོ་ལས་ཀྱི་གང་ཟག་གིས།། འཁོར་འདས་གཉིས་ཞེན་སྣང་བ་ལ།། རང་རིག་རྟོགས་བྱེད་ཚད་མས་གཞལ།། ཞེན་སྣང་འཇལ་ལ་སྐྱོན་པ་མེད།། དེ་སྐད་བརྗོད ་པས་མ་སྦྱངས་མཉེས།། སྲིད་གསུམ་འགྲོ་ལ་ཐུགས་རྗེ་ཡི།། བརྟགས་གཞི་གཏན་ལ་ངེས་པར་ཕབ།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གཞལ་བྱའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས ་སངས་རྒྱས་ཐམས་ཅད་ཀྱིས།། འགྲོ་བའི་དོན་དུ་བརྗོད་པ་འདི་དག་གསུངས་སོ།། སེམས་ཅན་ཀུན་གྱི་ཡིད་རིག་པ།། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་མཆོག། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ།། ཆོས་སྐུ་དྲི་མ་མེད་པ ་ཡི།། རྒྱལ་བ་རྒྱ་མཚོ་འཁོར་རྣམས་ནི།། ཡེ་ཤེས་རྒྱ་མཚོའི་ཚོགས་རྣམས་ལ།། ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ།། ཐིག་ལེ་ཆེན་པོར་ཡེ་ནས་གནས།། འཁོར་འདས་བདེ་བའི་ལོངས་སྤྱོད་ལ།། ཡེ་ཤེས་སྒྱུ་མར་རོལ ་གྱུར་པ།། ཟད་མི་ཤེས་པའི་གཏེར་དུ་འགྱུར།། ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སྐུ།། ས་བཅུ་ཐོབ་པའི་བྱང་ཆུབ་སེམས།། སྨིན་པ་རྒྱ་མཚོའི་འཁོར་རྣམས་ལ།། དགོངས་པ་བརྡ་ཡིས་སྣང་འགྱུར་བ།། མེ་ལོང་བཞིན ་དུ་བྱེད་སྐྱོན་སེལ།། རབ་འབྱམས་སྟོང་གི་འཇིག་རྟེན་ན།། རྡུལ་ཕྲན་འགྲོ་བ་ཐམས་ཅད་ལ།། ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ།། ཉོན་མོངས་ཀུན་གྱི་ནང་དུ་གནས།། འགྲོ་བ་ལྷ་མིའི་བྱང་ཆུབ་སེམས།། མོས་པ་རྒྱ ་མའི་འཁོར་ཀུན་ལ།། རང་རང་སོ་སོའི་སྐད་དུ་གསུངས།། ཚིག་དབྱངས་མེད་པའི་སྐད་གྱིས་གོ། མངོན་སུམ་སྣང་བ་དངོས་མེད་ཉིད།། དབྱེར་མེད་བྱང་ཆུབ་ཆེན་པོར་རྟོགས།། ཐམས་ཅད་དབྱེར་མེད་མཉམ་པའི ་སྐུ།། མངོན་པར་བྱང་ཆུབ་སྐུ་ཉིད་ལ།། སྣང་བ་གང་ཡིན་རང་སྣང་ཉིད།། རིག་པ་རང་སྣང་འཁོར་རྣམས་ལ།། སྣང་བས་བསྟན་པར་གྲགས་པ་ནི།། སྣང་སྲིད་གླེགས་བམ་ཚོགས་སུ་སྣང་།། སྐྱེ་འཇིག ་མེད་པས་འགྱུར་བ་མེད།། ནམ་མཁའ་ཉིད་དུ་རྣམ་པར་དག། རྡོ་རྗེ་རིག་པ་འཛིན་པའི་སྐུ།། རྟག་པ་ཆེན་པོའི་ངོ་བོ་ཉིད།། འབྱུང་བ་ལྔ་ཉིད་འགྱུར་མེད་རྟོགས།། དབྱེར་མེད་རྡོ་རྗེའི་འཁོར་རྣམས་ལ།། གྲགས་སྟོང ་དབྱེར་མེད་སྣང་བ་ཡང་།། མ་སྐྱེས་འཇིག་བྲལ་གོ་བར་སྣང་།། ལྷག་པ་ཆེན་པོ་ཆོས་ཀྱི་སྐུ།། སྐྱེ་མེད་དོན་གྱི་གསུང་མཆོག་གིས།། རྒྱལ་བ་རྒྱ་མཚོའི་འཁོར་རྣམས་ཀུན།། ཆོས་དབྱིངས་སྐྱེ་མེད་ནམ་མཁར ་རྟོགས།། ལོངས་སྤྱོད་རྫོགས་པ་རིགས་ལྔའི་སྐུ།། དགོངས་པ་བརྡ་ཡི་གསུང་སྣང་བས།། སྨིན་པ་རྒྱ་མཚོའི་འཁོར་རྣམས་ཀྱི།། ཤེས་བྱའི་སྒྲིབ་པ་གཏིང་དཔག་མེད།། མཛད་པ་མཐར་ཕྱིན་སྤྲུལ་པའི་སྐུས།། ཚངས ་པའི་དབྱངས་ཀྱི་གསུང་སྙན་གྱིས།། མོས་པ་རྒྱ་མཚོའི་འཁོར་རྣམས་ལ།། སྒྲིབ་སྦྱངས་ས་དང་རྣམ་ཟར་ཐོབ།། སྣང་སྲིད་མངོན་པར་བྱང་ཆུབ་སྐུས།། རང་སྣང་གསུང་གིས་ཆོས་སྟོན་པ།། རིག་པ་རང་སྣང་འཁོར ་རྣམས་ཀུན།། ཡུལ་ཀུན་རང་རིག་མངོན་བྱང་ཆུབ།། སྐྱེ་འཇིག་བྲལ་བ་རྡོ་རྗེའི་སྐུས།། གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་།། དབྱེར་མེད་རྡོ་རྗེའི་འཁོར་རྣམས་ལ།། ཀུན་རྫོབ་དོན་དམ་མི་ཕྱེད་གོ། བཏགས་པའི་སྐུ ་ལྔ་མ་ཡིན་པའི།། མཚན་ཉིད་སྐུ་ལྔའི་སྣང་བ་ལ།། བཏགས་པའི་གསུང་ལྔ་མ་ཡིན་པའི།། མཚན་ཉིད་གསུང་ལྔར་སྣང་བ་ཡིན།། བཏགས་པའི་འཁོར་ལྔ་མ་ཡིན་པའི།། མཚན་ཉིད་འཁོར་ལྔར་སྣང་བ་ལ།། བཏགས ་པའི་ཆོས་ལྔ་མ་ཡིན་པའི།། མཚན་ཉིད་བསྟན་པ་རྣམ་པ་ལྔ།། གདོད་ནས་སྐྱེ་བ་མེད་པའི་དོན།། སྐྱེ་བ་མེད་པར་སྨྲ་བརྗོད་བྲལ།། སེམས་ཉིད་དབྱེར་མེད་རང་ཤེས་པས།། ཆོས་ལ་འཛིན་པའི་དྲི་མ་མེད།། རང་རང ་སྐད་དུ་གོ་བ་ཡིས།། འཁོར་བ་མྱ་ངན་འདས་པར་གྲོལ།། སྣོད་བཅུད་བེམ་རིག་སྟོང་པ་ཉིད།། མངོན་སུམ་སྣང་བས་ཆོས་ཚུལ་སྟོན།། ཀུན་རྫོབ་དོན་དམ་དབྱེར་མེད་གནས།། སྣང་སྟོང་དབྱེར་མེད་རྡོ་རྗེ་གྲོལ།། སྔོན ་བྱུང་སྐུ་ལྔའི་མཛད་པ་ཀུན།། རྗེས་འཇུག་དངོས་ལྔའི་གཏན་ཚིགས་ཡིན།། མ་རྟོགས་འགྲོ་བ་རྨོངས་པ་ལ།། སྐུ་ལྔར་ཐ་དད་སྣང་བ་ཡིན།། སྐུ་ལྔ་དོན་ལ་ཐ་དད་བྲལ།། ཟླ་བ་གཅིག་ལ་ཆུ་སྣོད་ལྔ།། ཡིད་བཞིན་ནོར ་བུ་གཅིག་ཉིད་ལ།། མི་རིགས་ལྔ་ལ་འདོད་ལྔ་འབྱུང་།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། དངོས་ལྔ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙུན ་ཆེན་པོས།། འགྲོ་བ་སེམས་ཅན་མ་ལུས་པའི་ཆེད་དུ་འདི་གསུངས་སོ།། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱིས།། ཆོས་སྐུའི་དགོངས་པ་རབ་སྟོན་པ།། དབང་པོ་མཆོག་གིས་གོ་བར་སྣང་།། རྫོགས་པ་ཆེན་པོར་རྫོགས ་སངས་རྒྱས།། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས།། ལོངས་སྐུའི་སྟོན་པའི་ཆོས་ཟོས་པ།། གསང་སྔགས་རྒྱུད་དང་ལུང་དུ་སྣང་།། དགོངས་པ་བརྡ་ཡིས་བསྐྱེད་རྫོགས་རྟོགས།། ཚེ་ལ་དབང་བའི་རིག ་འཛིན་གྱིས།། སྤྲུལ་པ་བརྡ་ཡི་དགོངས་པ་རྟོགས།། མཚན་ཉིད་གསང་སྔགས་ཀྲི་ཡོག་སྣང་།། རྣམ་པར་སྨིན་པའི་རིག་འཛིན་གྱིས།། མངོན་པར་བྱང་ཆུབ་སྐུ་རྟོགས་པས།། འཁོར་བར་སྣང་བ་སངས་རྒྱས ་ཉིད།། དབང་པོ་རབ་ཀྱི་སྤྱོད་ཡུལ་ཅན།། དབྱེར་མེད་རྡོ་རྗེའི་སྐུར་རྟོགས་པས།། འཁོར་འདས་སོ་སོའི་སྐྱེ་འཇིག་བྲལ།། དབང་པོ་བརྟན་པའི་སྤྱོད་ཡུལ་ཅན།། སར་ཆུད་པ་ཡི་རིག་འཛིན་དང་།། ས་ཐོབ་པ་ཡི་རིག ་འཛིན་དང་།། སར་སྨིན་རིག་འཛིན་རྣམས་ཀྱིས་གོ།། སྐུ་ལྔས་བསྟན་པ་དེ་བཞིན་དུ། ཚུལ་མཐུན་རིག་འཛིན་བསྟན་འགྱུར་བས།། རྗེས་སུ་འཇུག་པའི་སྐྱེས་བུ་རྣམས།། ཚུལ་ལྔས་གཏན་ལ་ཕེབས་པར་འགྱུར།། སྟོན ་པའི་བདག་ཉིད་སྐུ་ལྔ་ཉིད།། འཆད་པའི་སྐྱེས་བུ་རིག་འཛིན་ལྔས།། འཁོར་བར་སྣང་བའི་ལྷ་མི་དང་།། མཁའ་འགྲོའི་ཚོགས་ལ་རབ་བརྒྱུད་པས།། ལྷ་མིའི་འཇིག་རྟེན་ཐམས་ཅད་དུ།། ཆོས་ཀྱི་འཁོར་ལོ་རབ་བསྐོར ་རྒྱས།། རྨད་བྱུང་ཆེ་བའི་མཛད་པ་སྟོན།། སྤང་ལེན་མེད་པའི་དོན་རྟོགས་ནས།། ཕྱག་རྒྱ་ཆེན་པོ་མཆོག་ཉིད་ཀྱི།། དངོས་གྲུབ་དམ་པ་ཐོབ་པར་འགྱུར།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས།། ཚུལ ་ལྔའི་གཏན་ཚིགས་ཀྱིས་ངེས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཆོས་ཀྱི་འཁོར་ལོའི་ལྟེ་དབུས་ན།། སྐུ་ལྔའི་བདག་ཉིད་ཆོས་འཆད ་བཞུགས།། སྟོན་པའི་བདག་ཉིད་རྣམ་པ་ལྔ།། འཆད་པའི་སྐྱེས་བུ་རྣམ་པ་ལྔ།། དམ་ཆོས་ལྔ་རྣམས་སོ་སོར་གོ།། དཔྱད་དུ་མེད་པས་གོ་བ་བཞི།། དཔྱད་དུ་ཡོད་པས་གོ་བ་གཅིག། རྣམ་པ་གཉིས་སུ་སྣང་འགྱུར ་ཡང་།། སྡུད་པ་རྡོ་རྗེའི་སྙིང་པོ་ཡིས།། དོན་བཞིན་བསྡུས་པའི་ཡི་གེའི་རྒྱུད།། གླེགས་བམ་ཚིག་གི་ཚོགས་རྣམས་ནི།། ལམ་གྱི་ཡི་གེ་རྒྱུད་ཉིད་དང་།། སེམས་ལྔ་སྐྱེས་པའི་སྐྱེས་བུའི་ཐུགས།། ལམ་གྱི་ངོ་བོ་རྒྱུད་ཡིན ་པས།། ཐམས་ཅད་མ་ལུས་རྟོགས་པར་བྱེད།། དཔྱད་དུ་མེད་པར་གོ་བ་ནི།། དབང་པོ་རྣོན་པོའི་སྤྱོད་ཡུལ་ཏེ།། སྣང་སྲིད་ཆོས་རྣམས་མ་ལུས་པ།། བྱང་ཆུབ་སྙིང་པོར་གཏན་ལ་འབེབས།། དཔྱོད་དུ་ཡོད་པར་གོ་བ ་ནི།། དབང་པོ་རྟུལ་པོའི་སྤྱོད་ཡུལ་ཏེ།། དཔེ་དོན་རྟགས་དང་གཏན་ཚིགས་ཀྱིས།། ཡིད་ཆེས་ངེས་ཤེས་སྐྱེས་པར་སྟོན།། དཔྱོད་པ་ཞུགས་ན་རྟོག་པའི་གཞི།། རྟོག་པ་ཞུགས་ན་དམིགས་པའི་རྟེན།། དམིགས་པ་ཞུགས ་ན་འཛིན་པའི་གཟུང་།། འཛིན་པས་ཟིན་ཕྱིར་གྲོལ་མི་འགྱུར།། དཔྱད་དུ་མེད་པར་གང་དཔྱད་པས།། སེམས་ཅན་མ་ལུས་ཐམས་ཅད་ཀུན།། ཡེ་ནས་བྱང་ཆུབ་སྙིང་པོར་གནས།། དེ་ཕྱིར་དཔྱད་པའི་བྱ་བྱེད ་མེད།། སངས་རྒྱས་ཀྱིས་ཀྱང་རྙེད་པར་དཀའ།། ཚིག་དང་ཡི་གེས་མི་མཚོན་ཏེ།། རྒྱལ་བའི་སྲས་པོ་ཅང་མི་གསུང་།། དཔྱད་དུ་ཡོད་པས་དཔྱད་ཡོད་པས།། ཕྱིར་རོལ་སྣང་བའི་སྤྱོད་ཡུལ་བ།། དབང་པོ ་རྣམ་ལྔས་དཔྱད་བྱས་ན།། དུག་གསུམ་སྐྱེ་བར་སྣང་བ་རྣམས།། མ་རྟོགས་ཁམས་གསུམ་འཁོར་བ་རྣམས།། མི་རྟོག་བདེ་སྟོང་ལམ་དུ་བྱས།། སྐུ་གསུམ་འབྲས་བུ་ཐོབ་འགྱུར་བ།། དཔྱད་དུ་ཡོད་པས་དཔྱད་པར ་བྱ།། དཔྱད་དུ་མེད་པས་དཔྱད་མེད་པ།། རྣལ་འབྱོར་སེམས་ཀྱིས་སེམས་ལ་བལྟ།། སེམས་ལ་དངོས་མེད་བསྒོམ་པ་མེད།། དངོས་པོར་བསྒོམས་པས་བསྒོམ་པ་མིན།། དངོས་དང་དངོས་མིན་རྣམ་དཔྱད་ནས།། ཆོས ་རྣམས་ཐམས་ཅད་སེམས་སུ་འདུས།། སེམས་ཉིད་ནམ་མཁའ་ལ་གནས་ཏེ།། ནམ་མཁའ་ཅིར་ཡང་མི་གནས་པས།། དེ་ཕྱིར་དཔྱད་པའི་བྱ་བྱེད་བྲལ།། བྱར་མེད་བསམ་བྲལ་བརྗོད་འདས་རྟོགས།། དཔྱད་དུ་ཡོད ་པར་དངོས་ཞེན་པ།། མུ་སྟེགས་རྟག་པར་བལྟ་དང་མཚུངས།། དཔྱད་དུ་མེད་ལ་ཞེན་འཐས་པ།། མུ་སྟེགས་ཆད་པར་ལྟ་དང་མཚུངས།། མཐའ་གཉིས་གོལ་ས་དཔྱད་བྱའི་ཕྱིར།། མཁས་པས་ཕྱོགས་གཅིག་ཞེན་མི ་བྱ།། རྟག་ཆད་ཕྱོགས་སུ་གང་ཞེན་པ།། དོན་གྱི་སྙིང་པོ་ཉིད་ལས་གོལ།། དཔྱད་དུ་ཡོད་པར་སྣང་བ་རྣམས།། ཕྱི་ཡུལ་རྣམ་པ་སྣ་ཚོགས་ལ།། ནང་གི་རིག་པ་ཞེན་པ་ཡིན།། དེ་ཉིད་དཔྱད་དུ་མེད་ཅེས་བྱ།། དྲན་པར ་སྣང་བ་དཔྱད་ཡོད་ན།། དྲན་མེད་ཡིན་པས་དཔྱད་དུ་མེད།། དཔྱད་དུ་མེད་པར་སྣང་བ་རྣམས།། སེམས་ཀྱིས་སེམས་ལ་བལྟ་བ་ཡིན།། སེམས་ཉིད་སྐྱེ་བ་མེད་པར་ཤེས།། དཔྱད་དུ་ཡོད་མེད་གཉིས་མེད་པས།། དེ ་ཉིད་བློ་ལས་འདས་པ་ནི།། ཟུང་འཇུག་བདེ་བ་ཆེན་པོར་གནས།། དབྱེར་མེད་དཔྱོད་ཡུལ་བྲལ་བར་རྟོགས།། ཡོད་མེད་རྟོག་པའི་བློ་མི་གནས།། སྣང་སྟོང་ངོ་མཉམ་དཔྱོད་ཡུལ་བྲལ།། འཛིན་མེད་གཟུང་བ་ག་ལ ་སྲིད།། དུ་མ་རོ་གཅིག་ཀུན་ངོ་བོ།། རྣམ་པ་ཀུན་ལྡན་སྟོང་པར་གནས།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གཏན་ཚིགས་ཀྱི་གཞི་དཔྱད་དུ་ཡོད་མེད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས། པདྨ་ཆགས་མེད་ཀྱི་དོན་འདི་ཆེད་དུ་བརྗོད་དོ།། སྟོན་པའི་སྒྲོན་མ་རབ་འབར་བས།། ལྷ་ངན་མུ་སྟེགས་བདུད་ལས ་རྒྱལ།། རྣལ་འབྱོར་སེམས་ཉིད་འོད་གསལ་བ།། ཇི་ལྟར་འདོད་པ་གཏན་ལ་འབེབས།། གཅིག་གིས་གཏན་ལ་དབབ་པ་ནི།། འཁོར་འདས་བྱང་ཆུབ་སེམས་སུ་གཅིག། ཀུན་གྱིས་སེམས་ཉིད་རྟོགས་པར་བྱ།། ཆོས ་ཀྱི་རྩ་བ་ཤེས་པར་འགྱུར།། གཉིས་ཀྱིས་གཏན་ལ་འབེབས་འདོད་ན།། འཁོར་དང་མྱ་ངན་འདས་པའི་ཆོས།། མངོན་སུམ་རྗེས་དཔག་དག་གིས་རྟོགས།། འཁོར་བ་མངོན་སུམ་རྗེས་དཔག་འདས།། མངོན་སུམ་དུ་བ ་ལ་བརྟེན་ནས།། རྗེས་དཔག་མེ་ཉིད་འདོད་གྱུར་པ།། མཚན་ཉིད་རྒྱུ་ལས་རྒོལ་བ་འཇོམས།། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། མངོན་སུམ་ལུང་ལ་རྗེས་དཔག ་རྟོགས།། འབྲས་བུ་སྔགས་ཀྱིས་རྒོལ་བ་འཇོམས།། མཐོང་རྟེན་རྟགས་ཀྱིས་མ་མཐོང་རྟོགས།། གསུམ་གྱིས་ཆོས་རྣམས་རྟོགས་འདོད་པས།། བདེ་གཤེགས་བཀའ་ལུང་ཚད་མ་དང་།། བླ་མའི་མན་ངག་ཚད་མ ་དང་།། རང་གི་རིག་པ་ཚད་མ་དང་།། ཡིད་ཆེས་དོན་རིག་རྟོགས་པ་འཆར།། བཞི་ཡིས་གང་ཞིག་གཏན་ལ་འབེབས།། བཀའ་ཡི་ལུང་ལས་སྣང་བ་དང་།། བསྟན་བྱའི་དོན་དང་མི་འགལ་ཞིང་།། རིག་པ་ལ་ནི་འཐད ་པ་དང་།། གཏན་ཚིགས་རྣམས་ཀྱིས་བརྒྱན་པ་ནི།། སྡེ་སྣོད་ཆོས་རྣམས་གཏན་ལ་འབེབས།། ཐུན་མོང་མ་ཡིན་བཞི་བསྐོར་སྒྲས།། འབྲས་བུ་གྲུབ་པར་བསྟན་པ་ནི།། ཅིར་ཡང་སྣང་དུ་བཏུབ་པ་དང་།། ཅིར་ཡང་སྣང ་ཕྱིར་ཅིར་བསྒྲུབ་བཏུབ།། ཅིར་ཡང་བསྒྲུབ་པས་གང་ཡང་འགྲུབ།། ལྔ་ཡིས་ཆོས་རྣམས་གཏན་འབེབས་ན།། གཞི་ཉིད་ཆོས་ཅན་དག་ལ་གནས།། ཁས་བླངས་པ་ལ་དམ་བཅས་ནས།། གཏན་ཚིགས་རྣམས་ཀྱིས ་གཏན་ལ་དབབ།། མཚོན་པའི་དཔེ་ཡིས་མཚོན་བྱས་ནས།། གྲུབ་མཐའི་དོན་རྣམས་མཐར་ཕྱིན་ནོ།། དྲུག་གིས་འཁོར་འདས་གཏན་འབེབས་པ།། གཞི་ལས་ཐམས་ཅད་སྣང་བ་ཡིན།། རྒྱུ་ལས་ཐམས་ཅད་སྐྱེ་བ ་ཡིན།། རྐྱེན་གྱིས་མ་ལུས་བསྐྱེད་པར་བྱེད།། ལས་དང་མཐུན་པར་སྲིད་པ་ཡིན།། བག་ཆགས་དག་ལ་སྤྱོད་པ་ཡིན།། བརྟགས་ན་མི་རྙེད་སྟོང་པར་ཐིམ།། ཀུན་ལ་དེ་ལྟར་འབྱོར་པར་བྱ།། གཞི་དོན་མ་རྟོགས་འཁོར ་བར་སྣང་།། མ་རིག་པ་ཡི་རྒྱུ་ལས་སྐྱེས།། ལས་དང་ཉོན་མོངས་རྐྱེན་གྱིས་བསྐྱེད།། དུག་གསུམ་ཁམས་གསུམ་མཐུན་པར་སྣང་།། གཟུང་འཛིན་ལ་སྤྱོད་རྣམ་ཤེས་སྣང་།། བརྟགས་ན་མ་རྙེད་ཆོས་ཉིད་ཐིམ།། འཁོར ་བ་མ་ལུས་གཏན་ལ་འབེབས།། ཁམས་གསུམ་སྟོང་གསུམ་སྲིད་གསུམ་གསལ།། གཞི་ཡི་དོན་རྟོགས་མྱ་ངན་འདས།། ཚོགས་གཉིས་རྒྱུ་ལས་སྐྱེ་བ་ཡིན།། བལྟ་བསྒོམ་སྤྱོད་པའི་རྐྱེན་གྱིས་བསྐྱེད།། སྐུ་དང་ཡེ་ཤེས ་མཐུན་པར་སྣང་།། སྐུ་གསུང་ཐུགས་རྗེས་འགྲོ་དོན་སྤྱོད།། བརྟགས་ན་འབྲས་བུ་ཆོས་སྐུར་ཐིམ།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས།། ཐམས་ཅད་མ་ལུས་རྟོགས་པར་བྱ།། འཁོར་འདས་དབྱེར་མེད་གཞི ་ལས་སྣང་།། སེམས་ཀྱི་རྒྱུ་ལས་ཐམས་ཅད་སྐྱེས།། རིག་དང་མ་རིག་རྐྱེན་ཀྱིས་བསྐྱེད།། དགེ་སྡིག་ཚོགས་གཉིས་མཐུན་པས་སྲིད།། འཁོར་འདས་བག་ཆགས་དོན་ལ་སྤྱོད།། བརྟགས་ན་ཆོས་ཉིད་ཆོས ་སྒུསྐུར་ཐིམ།། ཐམས་ཅད་དབྱེར་མེད་གཅིག་ཏུ་སྡུད།། དེ་བཞིན་གཏན་འབེབས་གཏན་ཚིགས་ནི།། ཀུན་རྫོབ་སྣང་བ་འཁོར་བའི་ཆོས།། དོན་དམ་སྣང་བ་མྱ་ངན་འདས།། ཀུན་རྫོབ་དོན་དམ་དབྱེར་མེད ་གཅིག། དབྱེར་མེད་ཙམ་འཛིན་སྤྱོད་ཡུལ་བྲལ།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ཆོས་ཐམས་ཅད་གཏན་ལ་འབེབས་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་སངས ་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོས་བདག་ཉིད་ཆེན་པོ་རང་སྣང་བ་འདི་གསུངས་སོ།། ཡུལ་དང་ཐབས་དང་འབྲས་བུ་དང་།། མཚན་གཞི་མཚན་ཉིད་མཚན་འབྲས་ཅན།། ཤེས་པའི་མཚན་ཉིད་ལྟ་བ ་རྒྱུ།། འཇུག་པའི་མཚན་ཉིད་བསྒོམ་པ་རྐྱེན།། མངོན་འགྱུར་མཚན་ཉིད་འབྲས་བུར་བཟུང་།། བྱ་བྱེད་རྣལ་འབྱོར་རྒྱུ་ལམ་འབྲས།། ལྟ་བའི་མཚན་ཉིད་རབ་ཤེས་པ།། གསེར་བལྟ་གསེར་བསྟན་གསེར་བཞིན ་དུ།། བདག་ཕྱིར་བྱ་བྱེད་མ་དམིགས་པས།། རྟོག་དཔྱོད་དམིགས་འཛིན་མི་འཚོལ་བར།། དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་།། སུས་ཀྱང་མ་བཅོས་བཅིང་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། བཅིང་མེད་རྣམ ་པར་གྲོལ་མེད་པར།། གྲོལ་བར་མི་འདོད་བཅིང་དང་བྲལ།། དཔྱད་དུ་མེད་པར་རྟོག་པས་དཔྱད།། དཔྱད་པས་གོ་བར་བྱ་བ་ཡང་།། དོན་དང་མི་མཐུན་མཚོན་བྱ་ན།། ཆོས་ཀུན་མཐའ་ལས་འདས་པ་ལ།། མཐའ ་རྣམས་གང་ཡང་དོར་མེད་པས།། འདི་ལྟར་འདིའོ་ཞེས་བསྟན་མེད།། རང་བཞིན་ངོ་བོ་བསྟན་པར་དཀའ།། འོན་ཀྱང་ཡིན་མིན་འཛིན་གྲོལ་ཕྱིར།། མདོར་ན་ཇི་ལྟར་བརྟགས་བསམ་བཞིན།། འགྱུར་བས་ཀུན་གྱི་ངོ ་བོར་སྣང་།། དེ་མཚོན་ཅི་ཡང་ཡིན་པའི་ཕྱིར།། སེམས་ཆོས་ཅི་ཡང་མ་ཡིན་ནོ།། དེ་ཕྱིར་མ་ཡིན་ཀུན་ཡིན་པས།། ཅིར་ཡང་ཡིན་ནོ་ལྷུན་གྱིས་གྲུབ།། མཐའ་ཀུན་ཕྱོགས་སུ་མ་ཆད་ཕྱིར།། མཐའ་དང་བྲལ་ཕྱིར་མ་བྲལ ་བའོ།། གང་ཡང་མ་སྤངས་མི་ལྡན་པས།། མ་བྲལ་ཕྱིར་ན་བྲལ་ཞེས་བྱ།། ངོ་བོ་ཕེབས་པས་རྒྱས་པར་འགྱུར།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་།། དུས་བཞིར་གཤེགས་པའི་རྒྱལ་བ་རྣམས།། སེམས ་གནས་སེམས་རྟོགས་སངས་རྒྱས་ཉིད།། དེ་ལས་གཞན་དུ་མི་བཙལ་ལོ།། ལམ་གྱི་མཚན་ཉིད་རབ་ཤེས་ནས།། ནམ་མཁའི་དབྱིངས་ཀྱི་ཉི་ཟླ་ལ།། རྡོ་རྗེ་སེམས་དཔའ་ཡབ་ཡུམ་བསྒོམ།། སངས་རྒྱས་མ་ལུས་བསྒོམ ་པར་འགྱུར།། ཨོཾ་བཛྲ་ས་ཏྭ་ཧཱུཾ།། སེམས་ཅན་ལུས་ལ་རྩ་གནས་པ།། དཀྱིལ་འཁོར་བཞི་དང་སྲོག་ཤིང་གསུམ།། གཡོ་བ་རླུང་དང་བསྐྱོད་པའི་མེས།། ནམ་མཁའི་བ་ཞོས་བདུད་རྩི་འབེབས།། བདེ་ཆེན་ཧཾ་ལ ་ལོངས་སྤྱོད་ཨཱཿ།། ཆོས་འཁོར་ཧཱུཾ་ཉིད་སྤྲུལ་པ་ཨ།། ཨཱ་ལི་ཀ་ལི་སྲོག་ཤིང་གསུམ།། ཡི་གེ་ལྔ་གསུམ་གྲུབ་ནས་གནས།། ལུས་ཀྱི་ཁམས་དགུ་འདུས་པ་ཡི།། བྱང་ཆུབ་སེམས་ཀྱི་བདུད་རྩི་ཉིད།། ལུགས་འབྱུང་འཁོར ་བསྐྱེད་བྱེད་པས།། ལུགས་ལས་བཟློག་པས་མྱ་ངན་འདས།། ནམ་མཁའི་རླུང་གིས་སྲོག་འཛིན་ཅིང་།། ས་ཆུ་མེ་རླུང་རྩོལ་བར་རྒྱུ།། རྩ་བ་ཡན་ལག་བཅས་པ་ཡིས།། ཕུང་པོ་དབང་ཡུལ་ལས་རྣམས་བྱེད།། འབྲས ་བུའི་མཚན་ཉིད་རབ་ཤེས་པ།། རིག་པ་འཛིན་པའི་སར་གནས་པ།། རྣམ་པར་སྨིན་པའི་རིག་འཛིན་ནི།། བརྐོས་ཕོར་ནང་གི་འདག་པ་འདྲ།། ཚེ་ལ་དབང་བའི་རིག་འཛིན་ནི།། ཉི་མ་ཟླ་བའི་དཀྱིལ ་འཁོར་འདྲ།། ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི།། འཛིན་རྟེན་མེས་པོ་ཚངས་པ་འདྲ།། ལྷུན་གྱིས་གྲུབ་པའི་རིག་འཛིན་ནི།། འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདྲ།། ཡང་དག་རྫོགས་པའི་སངས་རྒྱས་ནི།། ཡིད་བཞིན ་ནོར་བུ་རིན་ཆེན་འདྲ།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ཆོས་ཐམས་ཅད་དོན་རྣམ་པར་བསྡུས་ནས་སྒོ་དབྱེ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས ་ཆོས་ཐམས་ཅད་ཡེ་ཤེས་དང་དབྱིངས་སུ་ཡེ་ནས་སངས་རྒྱས་པ་འདི་གསུངས་སོ།། སྟོང་གསུམ་སྲིད་གསུམ་ཁམས་གསུམ་རྣམས།། ཡེ་ནས་ཆོས་ཀྱི་དབྱིངས་ཉིད་ལ།། མ་རྟོགས་འབྱུང་བ་ལྔ་རུ་འཛིན།། འཛིན་པ་དེ ་ཉིད་རང་གྲོལ་ཕྱིར།། འགྱུར་མེད་ས་དང་སངས་རྒྱས་སྤྱན།། རྒྱུད་ཆད་མེད་པ་ཐུགས་རྗེའི་རྒྱུན།། མཱ་མ་ཀཱི་ཡི་བྷ་ག་ན།། སྐྱོན་བྲལ་མེ་དབྱིངས་གོས་དཀར་མ།། ཐོགས་མེད་རླུང་དབྱིངས་དམ་ཚིག་སྒྲོལ།། ནམ་མཁའ ་ཀུན་ཏུ་བཟང་མོ་ཉིད།། གནས་དང་སྐྱེ་དང་སྤྱོད་གྱུར་པ།། རྡོ་རྗེ་བཙུན་མོའི་བྷ་ག་ལ།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས།། ཡུམ་དང་འདུ་འབྲལ་མེད་པར་བཞུགས།། སྣོད་ཀྱི་འཇིག་རྟེན་མ་ལུས་ཀུན།། ཡེ ་ནས་ཞིང་ཁམས་རྣམ་དག་ལ།། མ་རིག་དེ་ཉིད་ཤེས་བྱ་ལ།། ཤར་ཕྱོགས་མངོན་པར་དགའ་བ་ཉིད།། རྡོ་རྗེ་རིགས་ཀྱི་གནས་སུ་ཤེས།། ལྷོ་ཡི་ཕྱོགས་ན་དཔལ་དང་ལྡན།། ཡིད་བཞིན་རིན་ཆེན་ཡོན་ཏན ་གནས།། ནུབ་ཕྱོགས་བདེ་བ་ཆེན་པོ་ཉིད།། གསུང་མཆོག་པདྨ་རིགས་ཀྱི་གནས།། བྱང་ཕྱོགས་རྣམ་དག་བཀོད་པ་ནི།། རབ་རྫོགས་ལས་ཀྱི་རིགས་ཀྱི་གནས།། དབུས་ན་བྱང་ཆུབ་ཆེན་པོ་ཉིད།། བདེ་གཤེགས ་གནས་རྣམས་ལྷུན་གྱིས་གྲུབ།། ཡེ་ནས་གནས་ཕྱིར་རྩོལ་བ་བྲལ།། ལུས་ལ་ཡེ་ཤེས་ཆེན་པོ་གནས།། མ་རྟོགས་རྟོགས་པར་རབ་བསྟན་པ།། ཉེས་པའི་སྐྱོན་དང་བྲལ་བས་ན།། པུ་ཤ་ར་ཀའི་མདོག་ཏུ་བསྟན།། ཆེ ་བའི་ཡོན་ཏན་རྒྱས་པས་ན།། ཛ་མཱུ་ན་དཱིའི་གསེར་འོད་མཚུངས།། ཐུགས་རྗེས་ཀུན་ལ་ཆགས་པ་ནི།། པདྨ་རཱ་གའི་མདོག་ཏུ་གནས།། ཕྲིན་ལས་ཐོགས་པ་མེད་པར་ན།། མ་རྒད་ལྟ་བུའི་མདོག་ཏུ་བསྟན།། ཆོས་ཉིད ་འགྱུར་བ་མེད་པས་ན།། ཨིནྡྲ་ནཱི་ལའི་མདོག་ཏུ་བསྟན།། མདོག་གི་དབྱེ་བས་རབ་མཚོན་པས།། ཡེ་ཤེས་ཆེན་པོ་ལྔ་རྣམས་རྟོགས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། སངས་རྒྱས་དཀྱིལ་འཁོར་ལྷུན་གྱིས ་གྲུབ།། བཅུད་ཀྱི་འགྲོ་བ་མ་ལུས་ཀུན།། རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད།། འགྲོ་དོན་མཛད་པར་སྣང་བ་ནི།། གཡས་པ་ནས་ནི་འབྱུང་བའི་ཁམས།། མེ་ཡི་དཀྱིལ་འཁོར་སྣང་མཐའ་ཡས།། ཁ་དོག་དམར་པོ ་གྱེན་ལ་འབར།། གཡོན་ནས་གསེར་མདོག་ལྗང་སེར་རླུང་།། དོན་གྲུབ་གསེ་གསལ་འགྲོ་བ་དང་།། གཉིས་དཀར་དལ་རྒྱུ་ཆུ་རླུང་དཀར།། རྡོ་རྗེ་མི་བསྐྱོད་བྱང་སེམས་འབབ།། གཉིས་ཀར་ཟུར་རྔུབ་ས ་རླུང་སེར།། རིན་ཆེན་འབྱུང་གནས་ཐ་དཀར་གནས།། ཉུང་དཀར་འབྲུ་ཚོད་ཙམ་དུ་འཕྲོ།། ཨཱཿདམར་ཧཱ་ལྗང་ཧཱུཾ་དཀར་དང་།། སྭཱ་སེར་འདུ་འཕྲོ་མཛད་པ་རྫོགས།། ཉིན་ཞག་དག་ནི་ཕྲུགས་གཅིག་ལ།། ཉི་ཁྲི་གཅིག ་རྫོགས་སྟོང་དྲུག་བརྒྱ།། དེ་ཉིད་བཟླས་པ་རྫོགས་འགྱུར་བ།། རྩ་བ་ཨོཾ་ཉིད་སྲོག་ཏུ་གནས།། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི།། ཤེས་དང་ཡང་དག་འདྲེས་འགྱུར་ན།། དབང་པོའི་ལམ་ལ་བྱུང་ནས་སུ།། ཡུལ ་རྣམས་ཀུན་ལ་འཇུག་པར་བྱེད།། སྣང་བ་མཆེད་པ་ཐོབ་པའང་གསུམ།། ལྔ་གསུམ་བཅོ་ལྔའི་བདག་ཉིད་ཅན།། བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད།། རྟོག་བཅས་བརྒྱ་བཅུའི་འཁོར་ལོ་བསྐོར།། ཡིག་འབྲུ ་གསུམ་གྱིས་བྱིན་གྱིས་བརླབས།། སྐུ་གསུང་ཐུགས་ཀྱི་དབང་རྣམས་རྫོགས།། མི་ཟད་རྒྱན་གྱི་འཁོར་ལོ་ཡིས།། སྐུ་གསུང་ཐུགས་ནི་དབྱེར་མེད་ལས།། འབྲས་བུ་ཆོས་རྣམས་ལྷུན་གྱིས་གྲུབ།། བལྟ་བ་རྟོགས་པས ་གྲུབ་མཐའ་རྟོགས།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། དབང་པོ་རབ་ལ་རང་བཞིན་རྟོགས་པ་སྟེ་ལེའུ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་གྱིས་སྣང་སྲིད་དཀྱིལ་འཁོར་ཆེན ་པོར་གཏན་ལ་འབེབས་པ་འདི་འགྲོ་བའི་ཆེད་དུ་གསུངས་སོ།། དག་པ་གསུམ་དང་དག་པ་བཞིས།། སྣང་བ་མི་སྤང་འབྲས་བུར་བྱེད།། སྣོད་བཅུད་རྒྱུད་རྣམས་དག་རྟོགས་པས།། འབྱུང་བ་ཆེན་པོ་རྣམ་ལྔ་པོ།། དཀྱིལ ་འཁོར་ཆོས་ཀྱི་དབྱིངས་སུ་དག། ཕུང་པོ་ལྔ་རུ་སྣང་བའི་བཅུད།། སངས་རྒྱས་རིགས་ལྔའི་དཀྱིལ་འཁོར་དག། ཤེས་པའི་རྒྱུད་ནི་རྣམ་ཤེས་རྣམས།། རང་བྱུང་སྲས་ཀྱི་དཀྱིལ་འཁོར་དག། སྣང་བ་ལྷ་ཡི་དཀྱིལ་འཁོར ་རྟོགས།། རྒྱུ་འབྲས་ཀུན་རྫོབ་དོན་དམ་དག། འཁོར་རྒྱུ་ཉོན་མོངས་རྣམ་པ་ལྔ།། ཡེ་ཤེས་ཆེན་པོ་ལྔ་རུ་དག། འབྲས་བུ་སྨིན་པའི་ཕུང་པོ་ལྔ།། དམ་རྫས་རྒྱལ་བ་རིགས་ལྔར་དག། ཀུན་རྫོབ་སྣང་བའི་དངོས་པོ ་རྣམས།། ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དག། ཆུ་ཟླའི་སྣང་བ་ཇི་བཞིན་ནོ།། དོན་དམ་སྣང་བ་གཟུགས་ཀྱི་སྐུ།། ཐིག་ལེ་ཆེན་པོ་ཆོས་སྐུར་དག། མཉམ་པ་བཞི་ཡི་གཏན་ཚིགས་ནི།། མཉམ་པས་མཉམ་བྱེད་བདག ་ཉིད་ཆེ།། རྒྱུ་ལས་སྐྱེས་ནས་མཐུན་པར་སྣང་།། བརྟགས་ན་དབེན་པ་ཀུན་རྫོབ་ཡིན།། དོན་དམ་སྤྲོས་པ་མཐའ་དག་བྲལ།། རྣམ་རྟོག་བློ་ཡི་སྤྱོད་ཡུལ་མིན།། སྣང་བ་ཐམས་ཅད་རྐྱེན་བཞིས་བསྡུས།། སྒྱུ་མ་ཙམ་དུ ་སྣང་བར་མཉམ།། སྣང་ཞིང་བརྟགས་པའི་ཆོས་འདི་རྣམས།། མ་སྐྱེས་པར་ནི་ཀུན་མཉམ་མོ།། ལྷག་པ་ཀུན་རྫོབ་དོན་དམ་ནི།། ཆོས་ཀྱི་དབྱིངས་ཀྱི་རྒྱུ་ལས་སྐྱེས།། ཐུགས་རྗེ་ཆགས་པའི་རྐྱེན་གྱིས་བསྐྱེད།། དོན་བྱེད ་ནུས་པའི་ལྷ་སྐུར་སྣང་།། བཏགས་ན་ཆོས་ཀྱི་སྐུ་རུ་དབེན།། དཀོར་བདུན་ལྷུན་གྲུབ་སྒྲ་བརྗོད་འདས།། ཤེས་བསྒྲུབ་གཉིས་ཀའི་དོན་ཡང་ཡིན།། ཤེས་རབ་དམ་པའི་ཡུལ་ཡིན་པས།། རྟོག་གེ་པ ་ཡི་སྤྱོད་ཡུལ་མིན།། དེ་རྟོགས་ཡོན་ཏན་ཟད་མེད་འགྱུར།། ཡེ་ཤེས་མཛོད་ཆེན་ཆོས་ཀྱི་དབྱིངས།། སྐུ་དང་ཡེ་ཤེས་བསམ་མི་ཁྱབ།། ནམ་མཁའི་མཐའ་ལ་ལོངས་སྤྱོད་མཛད།། རྟོགས་པ་གཞི་ཡི་གཏན་ཚིགས ་ཀྱིས།། མི་ཟད་རྒྱན་གྱི་འཁོར་ལོར་བྱེད།། འཁོར་འདས་རྒྱུ་ཡི་བྱང་ཆུབ་སེམས།། དེ་བཙལ་ཡི་གེ་འབྲུ་གསུམ་ཤར།། བྱིན་བརླབས་ལུས་ངག་ཡིད་གསུམ་རྟོགས།། དེ་མཐུ་སྐུ་གསུམ་རྣམ་པར་སྣང་།། ཐམས་ཅད ་མཉམ་ཉིད་ཆོས་ཀྱི་སྐུ།། བདེ་ཆེན་ཁ་སྦྱོར་ལོངས་སྤྱོད་སྐུ།། གར་དབང་ཅིར་སྣང་སྤྲུལ་པའི་སྐུ།། ཐུགས་ཀྱི་གསང་བ་བསམ་མི་ཁྱབ།། ཐམས་ཅད་ཐུགས་ནི་ཀུན་ཏུ་སྣང་།། སྐུ་གསུང་གསང་བ་ཐམས་ཅད ་སྐུ།། གསུང་བསམ་མི་ཁྱབ་ཀུན་ཏུ་གྲགས།། བདེན་པ་དབྱེར་མེད་གཏན་ཚིགས་ཀྱིས།། བདེན་པ་དབྱེར་མེད་ཟུང་དུ་འཇུག། ཀུན་རྫོབ་འཁོར་བར་སྣང་གྱུར་པ།། དོན་དམ་མྱ་ངན་འདས་པ་ཉིད།། དབྱེར་མེད་ཟུང་དུ ་འཇུག་བྱ་བ།། དོན་དམ་སྐྱེ་མེད་སྤྲོས་དང་བྲལ།། སྣང་བ་ངོ་བོ་ཉིད་རྒྱུར་ཤར།། ཀུན་རྫོབ་རིག་པ་སྒྱུ་མ་ཉིད།། རང་རྒྱུད་ཕྱོགས་གཅིག་གྲུབ་པ་མེད།། སྣང་བ་ཐམས་ཅད་གཟུགས་སྐུར་ཤར།། མཚན་བཅས་ཕྱག་རྒྱ ་ཆེན་པོ་ཡིན།། སྟོང་ཉིད་ཐམས་ཅད་ཆོས་སྐུར་ཤར།། མཚན་ཉིད་ཕྱག་རྒྱ་ཆེན་པོ་ཡིན།། སྣང་སྟོང་རོ་མཉམ་ཟུང་དུ་འཇུག། གཉིས་མེད་ཕྱག་རྒྱ་ཆེན་པོར་ཤར།། ཟུང་འཇུག་དབྱེར་མེད་སྤྱོད་ཡུལ་བྲལ།། ཡིད་ལ་བྱ ་བ་ཀུན་བྲལ་བ།། དབྱེར་མེད་ཕྱག་རྒྱ་ཆེན་པོར་གནས།། ལྡེམ་དགོངས་མན་ངག་གཏན་ཚིགས་ཀྱིས།། སྐབས་ཀྱི་དོན་གཉིས་མཐོང་བར་བྱེད།། ལྡེམ་པོར་དགོངས་པ་རྣམ་པ་བཞི།། གཞུག་དང་མཚན་ཉིད་གཉེན་པོ ་བསྒྱུར།། སྔགས་ལ་སྐྲག་པའི་ལོག་ཞེན་ལ།། དེ་ཉིད་སྒོ་ནས་དེ་ཁྲིད་ནས།། གསང་སྔགས་སྒོ་ཡང་ཀུན་མཐུན་ཞེས།། བརྗོད་ནས་དོན་ལ་གཞུག་པར་བྱ།། ཀུན་བརྟགས་གཞན་དབང་ཡོངས་གྲུབ་སོགས།། མེད ་འདོད་ཀུན་བརྟགས་ཡིད་འདོད་ལ།། གཞན་དབང་རྟག་འདོད་ཡོངས་གྲུབ་བསྟན།། དེ་སོགས་བསྟན་པས་དོན་ལ་བཟུང་།། ཡོན་ཏན་ཕྱོགས་ཀྱིས་དྲེགས་པ་དག། ཟིལ་གྱིས་མནན་ཏེ་དྲང་བ་ནི།། ཐེག་ལ་གོང་འོག ་མི་དང་ལྷ།། གཅིག་གི་གཉེན་པོ་གཅིག་བརྗོད་དྲང་།། སྔགས་ལ་མོས་ཀྱང་སྒྲ་བཞིན་སྤྱོད།། དེ་ཉིད་ཐབས་ཀྱིས་འདུལ་བའི་ཕྱིར།། བརྡ་དང་གཅུས་ཚིག་སྣ་ཚོགས་ཀྱིས།། ཟབ་མོའི་དོན་ལ་གཞུག་པར་བྱ།། དགོངས ་པར་བཤད་ལ་བསྡུ་ན་བཞི།། མཉམ་ཉིད་དུས་དོན་མཉམ་ལ་དགོངས།། བཟང་ངན་ཆེ་ཆུང་མཐོ་དམན་དང་།། བདེ་སྡུག་འཁོར་འདས་སྣང་སྟོང་དང་།། ཡོད་མེད་ལ་སྩོགས་ཞེན་གྲོལ་དགོངས།། མོས་དང་སེམས ་བསྐྱེད་ལ་སྩོགས་ཀྱིས།། འབྲས་བུ་ཐོབ་པར་གསུངས་པ་ཡང་།། རྒྱུད་ནས་ཐོབ་དགོངས་སྒྱིད་ལུག་དོན།། ཆོས་ལ་ཆོག་ཤེས་སྣ་འགས་ཁེངས།། རྟོགས་ན་འདིས་ཆོག་ཟེར་རྣམས་ལ།། བསྐལ་པ་རྡུལ ་སྙེད་སྦྱངས་པ་ཡིས།། འཇུག་ཅིང་འདིར་ཡང་བརྩོན་འབད་དགོས།། ཞེས་པས་ཞེན་བསམ་དོན་ལ་དགོངས།། བསམ་པ་རྒྱ་ཆུང་རྒྱ་བསྐྱེད་ཕྱིར།། གང་འདོད་དེ་ལ་སྐྱོན་བརྗོད་ནས།། ཟབ་མོའི་ས་ལམ་དོན་བསྟན ་དགོངས།། ངེས་པར་གཉིས་ཉིད་གཅིག་ལ་བརྩི་ཡང་བརྩམ།། ཚིག་ལྡེམ་ཕུགས་བཞེད་དགོངས་པ་སྟེ།། གྲུལ་ལྡོ་ཟན་ཁུང་གུལ་ལྡོང་ཟན་ཁྲུང་ཡང་འདུག་དཔེ་ཀུན་ཁྱབ།། གསང་དོན་མཁས་པས་རྟོགས་པར་བྱ།། དངོས་པོའི ་ལོ་རྒྱུས་གཏན་ཚིགས་ཀྱིས།། བདག་ཉིད་ཆེན་པོ་སྨོས་ཅི་དགོས།། ཡོངས་འབྲེལ་གཏན་འབེབས་རེ་དོགས་མེད།། སྣ་ཚོགས་ཀུན་དབང་བསྐུར་བར་འབེབས།། ཆོས་ཅན་དང་ནི་ཆོས་ཉིད་འབྲེལ།། དེ་བཞིན་སེམས ་ཅན་སངས་རྒྱས་དང་།། ལུང་དང་རིགས་པ་དཔེ་དང་དོན།། སྣང་བ་དངོས་དང་ཡང་དག་སོགས།། ཐམས་ཅད་འབྲེལ་བར་གནས་པས་ན།། ཡོངས་སུ་འབྲེལ་བར་གཏན་ལ་འབེབས།། ཞི་གནས་ཉམས་དྲོད་གཏན ་ལ་འབེབས།། དེ་བཞིན་ལྷག་མཐོང་ཤེས་རབ་ཀྱིས།། ལུང་དང་རིགས་པས་རིག་པ་ཐོབ།། ཐོས་པ་མ་ཡེངས་པ་དང་ནི།། ལྟ་བས་ཆོས་ཉིད་གཏན་ལ་འབེབས།། ཆོས་ཉིད་ཉམས་དྲོད་དེ་བསྒོམ་པ།། དེ་སྤྱོད་དེ ་འབྲས་ཐོབ་པར་འགྱུར།། དེ་དག་གཏན་འབེབས་གཏན་ཚིགས་ཀྱིས།། རང་གནས་སེམས་ཀྱི་ཆོས་ཉིད་འདི།། གང་ནས་ཀྱང་ནི་བཙལ་མི་དགོས།། དེ་ཉིད་གར་ཡང་མི་འགྱུར་ལ།། བསམ་བསྒྲུབ་མི་དགོས་རེ་དོགས ་བྲལ།། སྣ་ཚོགས་དབང་བསྒྱུར་བརྟན་པར་བྱ།། རིག་པ་སྐྱེ་མེད་རྫས་མ་གྲུབ།། རྨི་ལམ་དངོས་མེད་སྒྱུ་མ་དང་།། རང་རྒྱུད་གཟུགས་མེད་ནམ་མཁའི་འཇའ།། གང་སྣང་མ་གྲུབ་སྨིག་རྒྱུ་ཉིད།། སྣང་བ་དངོས་མེད་ཆུ་ཟླ ་དང་།། མི་མཐུན་གྲུབ་པ་མེ་ལོང་གཟུགས།། རྟག་པར་མ་གྲུབ་འགྱུར་བ་ཅན།། ཆད་པར་མ་གྲུབ་མེད་རྒྱུ་སྣང་།། ཡོད་པ་མི་བདེན་དངོས་པོས་སྟོང་།། མེད་པ་མི་བདེན་ནམ་མཁའི་སྤྲིན།། ཡོད་མེད་མི་བདེན་དྲི་ཟའི ་གཟུགས།། མི་འགྱུར་གནས་ལ་ནམ་མཁའ་ཉིད།། དེ་སོགས་ཅིར་སྣང་གཏན་ཚིགས་པས།། འཁོར་བ་མྱ་ངན་འདས་པའི་ཆོས།། གཅིག་གི་གཏན་ཚོགས་གཅིག་གྱུར་པ།། གཏན་ཚིགས་མ་ཡིན་གཅིག་ཀྱང ་མེད།། རབ་འབྱམས་ཀུན་ལ་དབང་བསྒྱུར་བ།། བདག་ཉིད་ཆེན་པོ་ཡིན་པར་ངེས།། རང་བཞིན་ལྷུན་གྲུབ་གཏན་ཚིགས་ནི།། ཏིལ་དང་ཏིལ་མར་ལྷུན་གྲུབ་པས།། ས་ལ་སྲ་ཞིང་ཆུ་ལ་གཤེར།། མེ་ལ་ཚ་ཞིང་རླུང་གིས ་གཡོ།། གང་ཡང་རུང་བའི་ཆོས་ཅན་ལ།། ཆོས་ཉིད་ལྷུན་གྱིས་གྲུབ་པར་གནས།། སེམས་ལ་སངས་རྒྱས་ལྷུན་གྱིས་གྲུབ།། འདི་རྟོགས་སེམས་ཅན་སངས་རྒྱས་ཡིན།། སྒྲ་མཐུན་དོན་དཔག་གཏན་ཚིགས་ནི།། ཆོས ་ཀུན་རང་དང་སྤྱིའི་འཕགས་པས།། མ་སྐྱེས་ཐམས་ཅད་མཁྱེན་པའི་དོན།། རྣམ་པ་ཀུན་ལྡན་སྟོང་པར་སྣང་།། དེ་ཕྱིར་སྐུ་གསུང་ཐུགས་སུ་སྣང་།། དངོས་ཀུན་གཅིག་དང་དུ་མ་བྲལ།། མཐའ་གསུམ་དང ་ནི་བཞི་བྲལ་ལུགས།། ཁྱད་པར་ཅན་གྱིས་དེ་ཉིད་མཐོང་།། དེ་ཡང་མ་སྤངས་བྲལ་བར་བརྗོད།། རྨོངས་པའི་ཕྱིར་ན་གཏི་མུག་ལ།། མནར་སེམས་པ་ནི་ཞེ་སྡང་ཆེ།། མངོན་པའི་ཁེངས་པས་ང་རྒྱལ་ལ།། ཀུན་ནས ་གདུང་བས་འདོད་ཆགས་ཡིན།། གཞན་མི་ཤོང་བས་ཕྲག་དོག་ཉིད།། ཡོངས་སུ་རྫོགས་པས་སྟོང་བདག་མེད།། དེ་ཉིད་མ་འདྲེས་ཡོངས་རྫོགས་ན།། མ་བཅོས་དེ་བཞིན་ཉིད་ཁོ་ན།། གཏི་མུག་མི་རྟོག་ཞེ་སྡང ་གསལ།། ང་རྒྱལ་ཆོས་ལ་སྲན་ཚུགས་ཤིང་།། འདོད་ཆགས་བདེ་བ་ཆེན་པོ་ཉིད།། ཕྲག་དོག་ལྟ་ངན་མི་ཤོང་བ།། དུག་ལྔ་ལམ་དུ་ཤེས་པར་བྱ།། གཉིད་ལོག་རྨི་ལམ་སངས་རྒྱས་འགྲུབ།། ལྟ་བའི་ང་རྒྱལ་ཏིང་འཛིན ་བསྒོམ།། འདོད་ཆགས་གསང་དབང་རྩ་བ་ཉིད།། ལྟ་ངན་འཇོམས་པའི་ཕྲག་དོག་ལ།། གསང་སྔགས་སངས་རྒྱས་རིགས་ལྔས་འགྲུབ།། ཉོན་མོངས་མ་འདྲེས་ཡེ་ཤེས་ལྔ།། རང་བྱུང་ཡེ་ཤེས་གཅིག་ཏུ་རྫོགས།། ཀུན ་ལ་དེ་ལྟར་འབྱོར་པར་རྟོགས།། རྣམ་པར་དབྱེ་བར་བྱ་བ་ནི།། འཁོར་བ་མྱ་ངན་འདས་པར་བྱེད།། གླིང་གྲངས་རྒྱས་པ་སྟོང་གསུམ་དང་།། གླིང་གཅིག་དབུ་ཞབས་ཁམས་གསུམ་དང་།། སྲིད་པ་གསུམ་དང་ཕོ་མོ ་དང་།། མ་ནིང་སྐྱེ་དང་ན་དང་འཆི།། སྣོད་ནི་འཇིག་ཆགས་སྟོངས་དང་གནས།། བཅུད་ནི་སྐྱེ་རྒས་ན་དང་འཆི།། འདས་པ་དུས་གསུམ་སངས་རྒྱས་དང་།། སྐུ་གསུམ་ལ་སྩོགས་རིམ་པར་དབྱེ།། མཚོན་པར་བྱ་བའི ་དཔེ་རྣམས་ནི།། ཐམས་ཅད་སྟོང་པ་ནམ་མཁའི་དཔེ།། དགོས་འདོད་འབྱུང་བ་ཡིད་བཞིན་ནོར།། གཏིང་དཔག་དཀའ་བ་རྒྱ་མཚོ་ཉིད།། ངོ་བོ་མི་འགྱུར་རིན་ཆེན་གསེར།། གསལ་ལ་མ་འདྲེས་ནམ་མཁའི ་མཐའ།། འབྱུང་གཞི་མེད་པ་ནམ་མཁའི་སྤྲིན།། རྒྱུན་ཆད་མེད་པ་ནམ་མཁའི་ཆུ།། ཐམས་ཅད་དཔེས་མཚོན་གཏན་ལ་དབབ།། གཏན་ཚིགས་མང་པོར་གསུངས་པ་ཀུན།། འོན་ཀྱང་དེ་ལ་ཐ་དད་མེད།། ཀུན་ནས ་གཏན་ལ་ཕེབས་པའི་དུས།། དེ་བཞིན་ཉིད་དུ་ཐེ་ཚོམ་མེད།། ལྟ་བར་བྱ་བའི་ངོ་བོ་ནི།། བལྟ་བ་བདེན་པ་དབྱེར་མེད་ལ།། རིག་པ་སྤྱོད་ཡུལ་བྲལ་བ་ཉིད།། དཀོར་བདུན་ངོ་བོ་ཉིད་རྒྱུར་གནས།། ཡེ་ཤེས་རྣམ་ལྔ་ཡེ ་ཤེས་དབྱིངས།། ཡུལ་མེད་རང་རིག་མངོན་སུམ་པ།། བདེན་པ་དབྱེར་མེད་དོན་མཐོང་བས།། རང་རིག་མངོན་སུམ་གསལ་བྱས་པས།། ཡུལ་མེད་རང་གསལ་ཉམས་རྙེད་པ།། མཐོང་ཞེས་བལྟ་བའི་ངེས་ཚིག ་འགྲུབ།། དང་པོ་དོན་རྟོགས་མཐར་མི་གཏོང་།། རིན་ཆེན་ཆུ་སྲིན་ཁར་ཚུད་འདྲ།། རྟོགས་པའི་དོན་གོམས་མཐར་ཕྱིན་པས།། སངས་རྒྱས་དེ་ནས་འཁོར་མི་སྲིད།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད ་ལས། བློ་འབྲིང་གི་རྣལ་འབྱོར་བསྒྲུབ་པར་འདོད་པ་ལ་གཏན་ཆགས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན ་པོས་ཐེག་པ་ཐམས་ཅད་མ་འདྲེས་པ་ཡོངས་སུ་རྫོགས་པ་འདི་གསུངས་སོ།། ཤིན་ཏུ་རྣལ་འབྱོར་མཆོག་གི་མཆོག། འཕགས་པ་ལས་ཀྱང་འཕགས་པའི་དོན།། གསེར་གླིང་རིན་ཆེན་ལྟ་བུའི་མཆོག། འདོད་ལ་སྒྲིབ ་བྱེད་ཆུ་སྦྲང་དང་།། ཆུ་སྲིན་ཉ་མིག་ལྟ་བུའི་དགྲ།། འཇིག་རྟེན་འདས་པའི་རྒྱུར་ཞུགས་པའི།། ཐེག་པ་ཆེ་ཆུང་རིམ་པ་དང་།། ཡོ་ག་བཞི་སྩོགས་གོལ་སྒྲིབ་རྣམས།། སོ་སོའི་ཁྱབ་པར་རྟོགས་ཆུད་ནས།། མི་གནས་མི ་སྤང་ཐེག་པའི་མཆོག། ལྷུན་པོ་བཞིན་འཕགས་རྩ་བརྒྱད་ཉིད།། ཆེ་བ་རྟོགས་ཕྱིར་ཁྱད་པར་འབྱེད།། སྤྲུལ་པའི་གསུང་རབ་རྒྱུ་ཡི་དོན།། འདུལ་དབང་བློ་བཞིན་གྲགས་པ་དག། བསྡུ་བའང་ཆེ་ཆུང་གཉིས་ཀྱིས ་སོ།། ཆུང་བསྡུས་ཉན་ཐོས་རང་རྒྱལ་གཉིས།། ཉན་ཐོས་བྱེ་བྲག་སྨྲ་བ་ནི།། རང་གི་ཤེས་རབ་ལྟ་བའི་དངོས།། སྤྱིར་ན་ཡང་དག་ལྟ་བ་ཉིད།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། མི་རྟག་ལ་སྩོགས་དངོས་སུ ་འཛིན།། ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད།། སྣོད་ཀྱི་རྫས་རྣམས་དངོས་པོ་འདི།། རྡུལ་ཕྲན་སིལ་བུ་ཕན་ཚུན་པས།། མ་འདྲེས་ནེའུ་སིང་ལྟ་བུ་སྟེ།། མཐུའམ་སྟོབས་ཀྱིས་འདུས་པར་འདོད།། དོན་དམ་ཤེས་པ་སྐད ་ཅིག་མ།། རེ་རེ་ཡོད་པར་འདོད་པའོ།། མདོ་སྡེ་ཀུན་རྫོབ་ཕྲ་རབ་རྣམས།། འདུས་པའི་རྣམ་པ་གཅིག་ཏུ་འདོད།། དོན་དམ་ཤེས་པ་མཐུན་པར་འདོད།། སྤྱོད་པ་རང་དོན་འབའ་ཞིག་པའོ།། རང་རྒྱལ་དོན་དམ ་ཉན་ཐོས་མཐུན།། ཀུན་རྫོབ་སྣང་བའི་ཁྱད་པར་ནི།། གཟུགས་ཀྱི་བསྡུས་པའི་ཆོས་རྣམས་ཀུན།། རྟེན་འབྲེལ་རྒྱུ་རྐྱེན་དབང་གྱུར་པས།། རྨི་ལམ་ཚུལ་ཏེ་ལོགས་ན་མེད།། དེ་ནི་ཀུན་རྫོབ་ཁྱད་པར་འཕགས།། སྤྱོད་པ ་ལུས་ཀྱི་རྫུ་འཕྲུལ་གྱིས།། གཞན་དོན་ཤས་འགའ་སྤྱོད་པའོ།། ཐེག་པ་ཆེན་པོ་དབུ་མ་པའི།། ཐེག་པ་ཕྱི་ནང་རྣམ་པ་གཉིས།། ཕྱི་པ་རྣམ་པར་རིག་པ་ལ།། ཀུན་ཀྱང་རང་རིག་ཡུལ་མེད་འདོད།། དེ་ཡང་རྣམ་བཅས ་རྣམ་མེད་གཉིས།། རྣམ་བཅས་པ་ཡི་ལྟ་བ་ནི།། ཡུལ་ལྟར་སྣང་བ་འདི་དག་ཀུན།། རབ་རིབ་སྒྲིབ་མཐོང་རྨི་གཟུགས་ལྟར།། ཤེས་པ་འཁྲུལ་བ་གཟུགས་བརྙན་ཕྱིར།། དེ་ཡང་དེ་ཡི་ངོ་བོ་འདོད།། རྣམ་མེད་པ་ཡི་ལྷག། ་གཞུང་གིས།། རང་རིག་གཉིས་མེད་ཤེལ་ལྟར་དག། དེ་ཉིད་དམ་པར་ཡོད་པ་སྨྲ།། ནང་པའི་རྣལ་འབྱོར་དབུ་མ་ནི།། ཀུན་རྫོབ་སྒྱུ་མ་རྫུན་ཙམ་དུ།། ཡུལ་སེམས་གཉིས་མེད་ཡུལ་སྣང་སེམས།། ཀུན་རྫོབ་རྣམ་རིག་ཇི ་ལྟ་བ།། དོན་དམ་མ་སྐྱེས་སྟོང་པར་བལྟ།། དེ་ཀུན་བྱང་ཆུབ་སྤྱོད་པའི་མཆོག། རྒྱ་ཆེར་གཞན་དོན་སྤྱོད་པར་བྱེད།། གཞན་ལ་དམིགས་པའི་མཚན་མོའི་མེ།། སྦས་པ་ལྟ་བུར་བདག་དོན་འབྱུང་།། ལོངས་སྤྱོད་རྫོགས ་པའི་བཀའ་ལུང་རྒྱུད།། ཡོ་ག་ཕྱི་བའི་རིག་པ་གསུམ།། བྱ་བྱེད་རྒྱུད་དང་གཉིས་ཀའི་རྒྱུད།། རྣལ་འབྱོར་རྒྱུད་དང་རྣམ་པ་གསུམ།། གདུལ་བྱའི་ཤེས་རབ་དབང་པོས་ཕྱེ།། དེ་དག་ལྷ་སྤྱོད་ཁྱད་པར ་འགྱུར།། བྱ་བྱེད་ཀྲི་ཡས་དོན་དམ་དུ།། ཀུན་ཀྱང་དག་པའི་ཆོས་ཉིད་ལ།། མཐའ་ཡི་དྲི་མ་ཡེ་ནས་མེད།། ཀུན་རྫོབ་རང་བཞིན་རིགས་གསུམ་སྐུ།། ཀུན་ཀྱང་དག་ཕྱིར་དྲུག་གསུམ་གསུམ།། ལྷ་ཡི་དཀྱིལ་འཁོར་ཡིན ་པར་འདོད།། མ་གྲུབ་ཚུལ་གནས་འཇིག་རྟེན་ཆོས།། མཐུན་པར་ལྟ་ཕྱིར་རྗེ་ཁོལ་བལྟ།། དམ་ཚིག་ཆོ་ག་རྫོགས་བྱས་ནས།། གཤེགས་དང་མཆོད་བསྟོད་དྲུག་ལྡན་པའི།། བཟླས་པས་སྡིག་སྒྲིབ་དག་པའི་སེམས།། ཆུ ་དངས་ལྟ་བུར་གྲུབ་ཤར་བ།། ལྷ་མཆོད་རྒྱུད་ཕྱིར་ལྷ་བཙལ་སྒྲ།། ཁྲུས་དང་གཙང་སྒྲའི་མཆོད་པ་འབད།། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི།། སྤྱོད་པ་བྱ་བའི་རྗེས་མཐུན་ཡང་།། ལྟ་བ་རྣལ་འབྱོར་རྗེས་འཇུག ་ཕྱིར།། རིགས་དང་ལྟ་བས་ཁྱད་པར་འཕགས།། རྣལ་འབྱོར་པ་ཡི་འདོད་པ་ཉིད།། རང་རིག་དངོས་སྟོང་སྟོན་ཡང་མཚན་མ་གཉིས།། དབྱེར་མེད་དབྱིངས་དག་ཡེ་ཤེས་ལས།། བྱིན་བརླབ་རྡོ་རྗེ་དབྱིངས་ཀྱི ་སྐུར།། ཤར་བལྟར་གྲོགས་པོའི་ཚུལ་དུ་མཆོད།། མ་གྲུབ་ཚུལ་གནས་འཇིག་རྟེན་དག། གྲོགས་ལ་བརྟེན་ནས་ནོར་ཚོལ་མཚུངས།། སྤྱོད་པས་ཏིང་འཛིན་གཙོར་བྱེད་པའོ།། ལྷུན་གྲུབ་བཀའ་ལུང་བསྐྱེད་རྫོགས ་གསུམ།། ཐོག་མར་བསྟན་པའི་རྣལ་འབྱོར་ཆེ།། ལུས་ཀྱི་དངོས་པོ་གཉིས་བསྡུས་ནས།། རང་རིག་ཉིད་ཕྱིར་སྣང་བ་ཀུན།། ཡེ་ནས་ཡེ་ཤེས་སྐུ་གསལ་བ།། དཀྱིལ་འཁོར་གཉིས་དྲུག་ལ་སོགས་ཤར།། སྣང་བ་ཉིད་ན ་རང་བཞིན་མེད།། དེས་ན་རང་བཞིན་སྐྱོན་དང་བྲལ།། སྣང་སྟོང་བྲལ་བའི་དེ་བཞིན་ཉིད།། ངང་ལས་རིག་པ་ལྟར་བསྐྱེད་པས།། ཐ་མ་རྟོག་ཚོགས་མ་སྤངས་དག། གསེར་འགྱུར་མུན་སྣང་ཇི་ལྟ་བའོ།། ཅིར་སྣང་རང ་གི་རིག་པའི་ཕྱིར།། ལྷ་དང་བལྟ་བ་ཡོངས་ཀྱིས་མེད།། ཏིང་འཛིན་ཡེ་ཤེས་སྐུར་ཤར་བ།། སུས་ཀྱང་མ་བྱས་བྱེད་མེད་སྟེ།། ངོ་བོས་གཞན་ནས་འོང་བའང་མེད།། དེས་ན་བདག་ཉིད་ཆེན་པོར་བལྟ།། སྤྱོད་པ་བཟང ་ངན་གཙང་སྨེ་སོགས།། གང་ལ་ཡང་ཆགས་སྡང་བླང་དོར་མེད།། བདེ་མྱོང་མི་འགོག་མི་འཛིན་ཕྱིར།། ཚོགས་གཉིས་རྒྱུན་དུ་རྫོགས་པར་བྱེད།། རྗེས་སུ་རྣལ་འབྱོར་འདོད་པ་ཉིད།། སྣང་སྲིད་ཟབ་མོའི་མཁའ་ཀློང ་ན།། མ་སྐྱེས་དཀྱིལ་འཁོར་ཀུན་ལ་ཤར།། ཤར་བ་ཉིད་ན་ཤར་བ་མེད།། ཡབ་ཡུམ་སྲས་བཅས་བདེ་ཆེན་པོ།། ལྷུན་རྫོགས་དང་ལས་སྐད་ཅིག་གིས།། སྙིང་པོ་དྲན་བརྗོད་སྤར་ཤར་བ།། འདི་ལ་རིམ་པའི་རྩོལ་བ ་མེད།། རྒྱ་མཚོ་ཉི་ཟླ་ཤར་བ་འདྲ།། དོན་གཉིས་མ་བཙལ་རྫོགས་པར་བྱེད།། སྤྱོད་པ་བླང་དོར་མེད་པར་སྤྱོད།། དེ་ལྟར་ནུས་ན་ཉམ་མི་ང་།། རྫོགས་པ་ཆེན་པོའི་རྣལ་འབྱོར་པ།། གཟའ་གཏད་མེད་པའི་ལྷ་མཆོག ་ལ།། དེ་ཉིད་པ་ལ་བལྟ་བ་མེད།། གལ་ཏེ་འདོད་ན་དམིགས་ལྷ་མོད།། ཐམས་ཅད་མཁྱེན་ན་ལྟ་བའི་མཆོག། ངོ་བོ་ཉིད་ནི་དམིགས་སུ་མེད།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ཐེག ་པ་ཐམས་ཅད་ཀྱི་ལྷ་སྤྱོད་ཡ་མ་བྲལ་བར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་རྡོ་རྗེ་འཆང་གིས་དབང་པོ་ཐ་མའི་རྣལ་འབྱོར་པས་ལྷའི་སྐུས་རྟོགས་པར་བྱ་བ་འདི་གསུངས་སོ།། སྟོང་པ་ཉིད་དུ ་གསལ་བསྒོམས་པས།། སྙིང་རྗེ་སྒྱུ་མས་ཀུན་ལ་ཁྱབ།། ཧཱུཾ་ལས་བྱུང་བ་རྡོ་རྗེ་སེམས།། མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན།། རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ།། སངས་རྒྱས་ཐམས་ཅད་བསྒོམ་པར་འགྱུར།། ཡུམ་ཡང ་འདུ་འབྲལ་མེད་པར་འཁྲིལ།། རྟག་ཏུ་སྔགས་ལ་འབད་ནས་བཟླས།། ཨོཾ་བཛྲ་ས་ཏྭ་དྷ་ཏཱི་ཤྭ་རཱི་ཧཱུཾ། སྐུ་གསུང་ཐུགས་རྗེ་ཧཱུཾ་ལས་སྐྱེས།། ཞལ་བརྒྱད་རབ་ཏུ་འཇིགས་པ་ནི།། སྔོ་དང་དཀར་དང་དམར་བ་དང་།། སེར ་དང་ལྗང་དང་དུད་ཁ་དང་།། ཐལ་བའི་མདོག་དང་སྤྲིན་མདོག་བརྒྱད།། ཕྱག་ནི་བཅུ་དྲུག་གནས་པ་ཉིད།། གཡས་པ་རྡོ་རྗེ་དྲིལ་བུ་གཡོན།། གཡས་གཡོན་གོས་ཀྱི་གཡང་གཞི་ནི།། ཚངས་པའི་པགས་པ་བརྐྱང་ནས ་འཛིན།། རྩེ་གསུམ་མདུང་ཐུང་དགྲ་སྟ་དང་།། རལ་གྲི་ཅང་ཏེའུ་གྲི་གུག་དང་།། ལྕགས་ཀྱུ་གཡས་ན་འཛིན་པ་ལ།། ཐོད་པ་ཁ་ཊྭཱཾ་མགོ་བོ་དང་།། ཞགས་པ་ཐོ་བ་སྡིགས་མཛུབ་གཡོན།། ཡུམ་འཁྲིལ་ཁ་ཊྭཱཾ་ཐོད་པ ་བསྣམས།། ཞབས་བརྒྱད་ལྷ་མནན་དུར་ཁྲོད་ཆས།། སྐུ་ནི་སྔོ་ཞིང་དྲག་ལ་འཇིགས།། ཡུམ་ནི་བྱི་རུ་ལྟ་བུར་དམར།། ཤར་དུ་ཨཽ་ལས་གསལ་བྱེད་མ།། བྱང་དུ་བ་ལས་སྟག་གདོང་མ།། ནུབ་ཏུ་ཛ་ལས་མཁའ་འགྲོ ་མ།། ལྷོ་རུ་ཧེ་ལས་མ་མོ་ཉིད།། དམར་དང་སྔོ་བ་ལྡང་བ་ཤར།། ལྗང་གུ་སེར་དང་སྔོ་བ་ལྷོ།། སྔོ་སངས་དམར་དང་དཀར་བ་ནུབ།། དཀར་དང་ལྗང་གུ་སྔོ་བ་བྱང་།། དང་པོའི་ཕྱག་ན་མདའ་དང་གཞུ།། བར་ན་ཞགས ་པལྕགས་ཀྱུ་དང་།། མཐའ་མ་ཟོད་པ་ཁ་ཊྭཱཾ་ག། མེ་ཡི་ཕྱོགས་སུ་ཤ་ཝ་རཱི། འཁོར་འདི་རྣམས་འོག་གི་དག་སྦྱོར་དང་མཚན་དང་གོ་རིམ་མི་མཐུན་པས་དཔྱད།། བདེན་བྲལ་ཕྱོགས་སུ་གསུས་འཕྱང་མ།། རླུང་གི་ཕྱོགས་སུ་དྲག་དྲན་ཡང ་མཆོག་མ།། དབང་ལྡན་ཕྱོགས་ན་མངོན་འབྱུང་མ།། ཤར་ལྷོ་དམར་ལ་ལྷོ་ནུབ་སྔོ།། ནུབ་བྱང་སྔོ་སངས་བྱང་ཤར་སེར།། དཀར་དང་སེར་བའི་ཞལ་དང་ནི།། སེར་དང་དམར་དང་དམར་དང་ལྗང་།། དམར་དང་དཀར ་བའི་ཞལ་གསུམ་པ།། དང་པོ་ཟོད་པ་ཁ་ཊྭཱཾ་ག། བར་པ་གྲི་གུག་ཅང་ཏེའུ་དང་།། ཟ་མ་རྡོ་རྗེ་ལྕགས་མདུང་ཀུ་མང་ངོ་།། ཤར་སྒོར་བཾ་ལས་དམ་ཚིག་མ།། སྔོ་དང་དཀར་དང་དམར་བའི་ཞལ།། ཕྱག་ན་ལྕགས་ཀྱུ་ཅང་ཏེའུ ་དང་།། བར་མ་ཐོད་པ་ཁ་ཊཱཾ་ག། ཐ་མ་མགོ་དང་སྡིགས་མཛུབ་ཅན།། ལྷོ་སྒོར་ར་ལས་རོ་གཏུམ་མ།། དཀར་དང་སྔོ་དང་ལྡང་བ་དང་།། དང་པོ་ཞགས་པ་ཅང་ཏེའུ་ཉིད།། བར་གཉིས་ཐོད་པ་ཁ་ཊྭཱཾ་ག། ཐ་གཉིས ་སྡིགས་མཛུབ་གྲི་གུག་མགོ། ནུབ་སྒོར་སྣ་ལས་འབར་མ་མཆོག། དམར་དང་སྔོ་དང་ལྗང་གུ་སྟེ།། དང་པོ་ལྕགས་སྒྲོག་གྲི་གུག་དང་།། བར་གཉིས་ཐོད་པ་ཁ་ཊྭཱཾ་ག། མཐའ་མ་མགོ་དང་སྡིགས་མཛུབ ་རྣམས།། བྱང་སྒོར་ཧཱ་ལས་ཕྲེང་རྒྱལ་མ།། ལྗང་བུ་དཀར་སེར་དམར་བའི་མདོག། དྲིལ་བུ་གྲི་གུག་དང་པོ་གཉིས།། ཁ་ཊྭཱཾ་ཅང་ཏེའུ་བར་མ་གཉིས།། མགོ་དང་སྡིགས་མཛུབ་མཐའ་མར་བསྣམས།། བཅུ་གསུམ་ལྷ་ཡི ་དཀྱིལ་འཁོར་རྫོགས།། གསལ་ནས་སྤྱན་དྲང་བསྟིམ་པ་དང་།། མཆོད་པ་བདུད་རྩི་གཏོར་མ་དང་།། རཀྟ་དབུལ་ཞིང་བསྟོད་པ་བྱ།། གསང་སྔགས་ཡི་གེའི་ཕྲེང་བ་བཟླས།། རླུང་དང་སྔགས་དང་ཡིད་ཀྱིས་བརྡེག། ཨོཾ ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ། དྷ་ཀི་ནི་ཛཱ་ལ་ཤཾ་བ་ར་ཧཱུཾ་ཕཊ་སྭཱ་ཧ། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད།། བཅུ་དྲུག་སྟོང་པ་བཅུ་དྲུག་ནི།། ཕྱོགས་བཞིར་སོ་སོར་ཡང་དག་རིགས།། མཚམས་ནི་མི་འཇིགས་རྣམ་པ ་བཞི།། སྒོ་ཡི་ཚད་མེད་བཞི་དང་ལྡན།། དེ་ཡང་ཇི་ལྟ་བུ་ཞེ་ན།། གཟུགས་རྣམས་བལྟ་བའི་སྟོང་པ་དང་།། ནང་དང་ཕྱི་རོལ་གཟུགས་རྣམས་བལྟ།། སྡུག་དང་མི་སྡུག་བལྟ་བ་དང་།། ནམ་མཁའ་མཐའ་ཡས་སྐྱེ་མཆེད ་བལྟ།། རྣམ་ཤེས་མཐའ་ཡས་བལྟ་བས་སྟོང་།། ཅི་ཡང་མེད་པའི་སྐྱེ་མཆེད་དང་།། འདུ་ཤེས་མེད་མིན་སྐྱེ་མཆེད་དང་།། འདུ་ཤེས་ཚོར་བ་འགོག་པར་བལྟ།། ཞལ་གྱིས་རྣམ་པར་ཐར་བརྒྱད་རྟོགས།། སྟོང་པ་བཅུ་དྲུག ་མཚོན་པའི་ཕྱག། དང་པོ་ནང་གི་སྟོང་པ་ཉིད།། གཉིས་པ་ཕྱི་ཡི་སྟོང་པ་ཉིད།། གསུམ་པ་ཕྱི་ནང་སྟོང་པ་ཉིད།། བཞི་པ་སྟོང་ཉིད་སྟོང་པ་ཉིད།། ལྔ་པ་ཆེན་པོ་སྟོང་པ་ཉིད།། དྲུག་པ་དོན་དམ་སྟོང་པ་ཉིད།། བདུན་པ ་འདུས་བྱས་སྟོང་པ་ཉིད།། བརྒྱད་པ་འདུས་མ་བྱས་སྟོང་པ་ཉིད།། དགུ་པ་མཐའ་ལས་འདས་པ་སྟོང་པ་ཉིད།། བཅུ་པ་ཐོག་མ་མཐའ་མ་མེད།། བཅུ་གཅིག་དོར་བ་མེད་པས་སྟོང་།། བཅུ་གཉིས་རང་བཞིན་སྟོང་པ ་ཉིད།། བཅུ་གསུམ་ཆོས་རྣམས་སྟོང་པ་ཉིད།། བཅུ་བཞི་མཚན་ཉིད་སྟོང་པ་ཉིད།། བཅོ་ལྔ་མི་དམིགས་སྟོང་པ་ཉིད།། བཅུ་དྲུག་དངོས་པོ་མེད་སྟོང་པ།། བཅུ་བདུན་དབྱེར་མེད་ངོ་བོ་ཉིད།། ཡུམ་ནི་གཟུགས་མེད་ནམ ་མཁའ་ཉིད།། ཆགས་པའི་མདོག་དམར་ཁ་ཊྭཱཾ་ཐོད།། ཆོས་བརྒྱད་བསྡུས་པས་ཕྱག་མཚན་གཉིས།། སོ་སོ་ཡང་དག་ཕྱོགས་བཞི་ནི།། ཕྱག་བྱེད་མ་ཡི་མཁའ་འགྲོ་ནི།། དོན་ནི་སོ་སོར་ཡང་དག་རིག། སྟག་གདོང་མ་ཡི ་མཁའ་འགྲོ་མ།། ཆོས་ནི་སོ་སོ་ཡང་དག་རིག། མཁའ་འགྲོ་རྡོ་རྗེ་དྲག་མོ་ནི།། ངེས་ཚིག་སོ་སོ་ཡང་དག་རིག། མཁའ་འགྲོ་མ་ནི་གསེར་མདོག་ཅན།། སྤོབས་པ་སོ་སོ་ཡང་དག་རིག། དཀྱིལ་འཁོར་སྐྱོང་བྱེད་ཕྱོགས ་བཞིར་གནས།། མཚམས་ཀྱི་ལྷ་མོ་མི་འཇིགས་བཞི།། ཤར་ལྷོ་ལྷ་མོ་དངོས་འབྱུང་མ།། བཅོམ་ལྡན་འདས་ལ་འཇུག་མི་འཇིགས།། ལྷོ་ནུབ་དྲན་པ་མཆོག་མ་ཡིན།། ཆོས་རྣམས་ཉེ་བར་སྟོན་མི་འཇིགས།། ནུབ་བྱང་ན ་ནི་གསུས་འཕྱང་མ།། མྱ་ངན་འདས་ལམ་འཇུག་མི་འཇིགས།། བྱང་ཤར་ཕྲེང་བ་རྣམ་རྒྱལ་མ།། ཟག་པ་མེད་ལ་ཡོངས་མི་འཇིགས།། སྒོ་བ་བཞི་ཡི་ལྷ་མོ་ནི།། རྣམ་པར་གཙིགས་མ་བྱམས་པ ་ཤར།། རོལ་གཏུམ་མ་ནི་སྙིང་རྗེ་ལྷོ།། འབར་འབོག་མ་ནི་དགའ་བ་ནུབ།། རྣམ་པར་རྒྱལ་མཆོག་བཏང་སྙོམས་བྱང་།། ཀུན་གཞི་ཉོན་མོངས་ཡིད་གསུམ་ནི།། ཏིང་འཛིན་གསུམ་ལས་རྣམ་པར་སྐྱེས།། ཞལ་གསུམ ་དཀར་དང་སྔོ་དང་ལྡང་།། རྣམ་ཐར་གསུམ་དང་ལྡན་པ་ལ།། སྟོང་ཉིད་མཚན་མེད་སྨོན་པ་མེད།། ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ།། ཕྱག་དྲུག་རྡོ་རྗེ་དྲིལ་བུ་དང་།། བར་གཉིས་ཐོད་པ་ཁ་ཊྭཱཾ་ག། མགོ་བོ་དང་ནི་གྲི ་གུག་རྣམས།། སྦྱིན་པ་ཚུལ་ཁྲིམས་བརྩོན་འགྲུས་དང་།། བཟོད་པ་བསམ་གཏན་ཤེས་རབ་ཡིན།། ཟླ་བའི་དཀྱིལ་འཁོར་ཡི་དྭགས་གདན།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། ཤེས་རབ་སྟོང་པ་ཉིད་དང ་ནི།། ཐབས་ནི་སྙིང་རྗེ་ཆེན་པོ་ཉིད།། ཡུམ་ནི་སྐུ་ལ་རྣམ་པར་འཁྲིལ།། དམར་མོ་ཐོད་པ་ཁ་ཊྭཱཾ་ག། ཡེ་ཤེས་སྤྱན་དྲང་བསྟིམ་མཆོད་ནས།། གསང་སྔགས་སྲོག་དང་ལྡན་པར་བཟླས།། ཡིད་ཀྱིས་གསལ་བའི་འཕྲོ་འདུས ་སྦྱངས།། ཨཽ་ཤྲཱི་ཧེ་རུ་སོར་བཞག་བྱས་ཀ་ཡ་བི་ག་མ་ཧེ་བྷིད་ད་ར་ཛྙཱ་ཡ་དྷི་མ་ཧེ་ཏེན་ནོ།། བི་རེ་པྲ་ཛ་ཏ་ཡ་ཨ་ཧཱུཾ། སྟོང་ཕྲག་གསུམ་གྱིས་ཐུན་མོང་གི། དངོས་གྲུབ་ཐམས་ཅད་འཐོབ་པར་བྱེད།། དུས་གསུམ་དོན་ནི ་རྟག་ཏུ་སྨྲ།། ཞི་རྒྱས་དབང་དྲག་ལས་བཞི་འགྲུབ།། དུས་མིན་འཆི་ལས་ཐར་བར་འགྱུར།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། དབང་པོ་ཐ་མ་ལྷ་སྐུས་མཚོན་པ་སྟེ་ལེའུ་ཉི་ཤུ་རྩ་གཉིས ་པའོ།། །། དེ་ནས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་ནོར་བའི་དམིགས་བསལ་ནས་མ་ནོར་བའི་དོན་ཉམས་སུ་བླང་པ་འདི་གསུངས་སོ།། སྐྱེ་བོ་འཁོར་བ་ཐ་མལ་པ།། དུག་ལྔ་འབྱོལ་ཉོག་སྤྱོད་ཅིང ་འཁོར།། ལྷ་དང་མི་ཡི་ཐེག་པ་ནི།། དགེ་བ་བཅུ་ལ་རྐྱང་འདོད་བྱེད།། ཉན་ཐོས་པ་ཡི་ཐེག་པ་ཡིས།། བདེན་པ་བཞི་ལ་སྤང་ལེན་བྱེད།། རང་སངས་རྒྱས་པའི་ཐེག་པ་ནི།། རྟེན་འབྲེལ་རྒྱུ་དང་འབྲས་བུར ་འཛིན།། དབུ་མ་ཐེག་པ་ཆེན་པོ་ལ།། བདེན་པ་གཉིས་ལ་སྤང་ལེན་བྱེད།། ཀྲི་ཡཱ་དམ་ཚིག་ཡེ་ཤེས་ལྷ།། རྗེ་དང་ཁོལ་པོ་ལྟ་བུར་བལྟ།། ཆ་གཉིས་འཛིན་པའི་ཐེག་པ་ནི།། ལྟ་བ་སྤྱོད་པ་ཡ་ཆར་འགྱུར།། རྣལ་འབྱོར་ཕྱི ་པ་ཐུབ་པའི་རྒྱུད།། ལྷུན་གྱིས་གྲུབ་པའི་དོན་མ་རྟོགས།། ཐེག་པའི་ཆོས་དང་འཁོར་བའི་ཆོས།། ཐམས་ཅད་གསང་སྔགས་ངོ་བོ་ཡིན།། ཆོས་རྣམས་ཅིར་ཡང་སྣང་ལུགས་སྣང་།། གསེར་ལ་དྲི་མ་བྲལ་མ ་བྲལ།། ཐམས་ཅད་གསེར་དུ་གཅིག་པ་ལྟར།། ཀུན་ཀྱང་གསང་སྔགས་ངོ་བོར་གནས།། རྣལ་འབྱོར་སྐྱེས་བུ་ཆེན་པོ་ཡིས།། ལྟ་བ་དེ་ལྟར་རྟོགས་པར་བྱ།། ལམ་ནི་རིམ་པར་བགྲོད་པ་རྣམས།། ལྷ་མི་མཚན་ཉིད་ཐེག ་པ་རྣམས།། གསང་སྔགས་ལམ་གྱི་སྟེགས་བྱེད་པ།། ཕུལ་དང་བྲེ་དང་ཁལ་ལྟར་ནི།། ལྟ་བ་མ་ནོར་ལམ་བླངས་པས།། ཐམས་ཅད་སྔགས་ཀྱི་ལམ་སྟེགས་འགྲོ།། དེ་ཕྱིར་གསང་སྔགས་མཆོག་གི ་ལམ།། ཁྱད་པར་འཕགས་པ་ཤེས་པར་བྱ།། ལྟ་བའི་གོལ་སྒྲིབ་གཅོད་པའི་ཕྱིར།། ཐེག་ཀུན་སྔགས་ཀྱི་ཆ་རྐྱེན་ཡིན།། ཆ་ཡོད་ངོ་ཤེས་ཟས་ཀྱི་དུག། དུག་ཡོད་སྤོངས་ལ་དུག་མེད་ཟ།། ལྟ་ངན་དྲི་མ་སྤངས་བྱས ་ནས།། ལྟ་བ་བཟང་པོ་དང་དུ་ལེན།། ཐེག་པ་མ་ལུས་ཐམས་ཅད་ཀུན།། གསང་སྔགས་ཆེ་བ་འབྱིན་ཕྱིར་བསྟན།། གསང་བའི་ངོ་བོ་མཚོན་ཕྱིར་བཤད།། འགྲོ་བའི་ལམ་སྟེགས་བགྲོད་པར་དགོངས།། གོལ་སྒྲིབ་སྐྱོན ་ཡོན་ཤེས་ཕྱིར་བཤད།། དེ་ཕྱིར་གསང་སྔགས་ཐུན་མོང་ཡིན།། ཐབས་དང་ཤེས་རབ་ཐེག་པའི་ལམ།། ཐབས་ལམ་དབང་གིས་བགྲོད་གྱུར་པ།། བླ་མའི་མན་ངག་གནད་དུ་བསྣུན།། སྒྲོ་འདོགས་ཡོངས་གཅོད་བླ་མ ་ཡིས།། བུམ་པས་རིག་པའི་དབང་ལྔ་བསྐུར།། ལུས་གནས་དབྱིབས་ཀྱི་རྩ་རྣམས་ཉིད།། བསྐྱེད་པའི་རིམ་པ་ལྷ་ཡི་སྐུ།། ལུས་ཀྱི་དྲི་མ་དག་པར་བྱེད།། ས་དྲུག་རྫོགས་ནས་སྦྲུལ་སྐུ་འཐོབ།། བླ་མ་རང་བྱུང་ཡེ་ཤེས ་སྟོན།། གསང་བའི་དབང་ནི་བསྐུར་བ་ཡིས།། གཏུམ་མོའི་ལམ་དུ་འབར་འཛག་པས།། ངག་གི་དྲི་མ་དག་པར་བྱེད།། ས་བཞི་རྫོགས་ནས་ལོངས་སྐུ་འགྲུབ།། རྡོ་རྗེ་འཆང་སར་འགྲོ་བའོ།། བླ་མས་ལྷན་སྐྱེས་ཡེ་ཤེས ་སྟོན།། ཤེས་རབ་ཡེ་ཤེས་དབང་བསྐུར་བས།། དགའ་བ་མཆོག་དགའ་དགའ་བྲལ་དང་།། ལྷན་ཅིག་སྐྱེས་པའི་དགའ་བ་ཡིས།། ཡིད་ཀྱི་དྲི་མ་དག་བྱས་ནས།། ས་ནི་ཕྱེད་དང་གཉིས་རྫོགས་པས།། རྣལ་འབྱོར་མིང ་སྲིང་འབྲས་ཐོབ་པ།། ཆོས་ཀྱི་སྐུ་ལ་སྦྱོར་བར་བྱེད།། བླ་མས་ཆོས་རྣམས་རྣམ་དག་སྟོན།། ཁམས་གསུམ་འདུས་པའི་དངས་མ་རྣམས།། སྲོག་ཤིང་གསུམ་ལས་དྲངས་པ་ཡིས།། རྡོ་རྗེ་རྦ་རླབས་ལམ་སྦྱངས་ཏེ།། ལུས ་ངག་ཡིད་གསུམ་སྒྲིབ་དག་པས།། སྙིང་པོའི་ལུང་རྣམས་རང་གྲོལ་ཅིང་།། ས་ཆེན་ངོ་བོ་ཉིད་སྐུ་ཐོབ།། བཅུ་བཞི་རྡོ་རྗེ་འཛིན་གནས་པ།། ཉོན་མོངས་འཆིང་བའི་ལས་སྤྱད་པས།། སྐུ་བཞི་འཐོབ་པ་ཐབས་ཀྱི ་ལམ།། དབང་པོ་དམན་པས་སྔགས་བསྒྲུབ་ཕྱིར།། རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན།། ཕྱི་རབས་སྔགས་འཆང་རྣལ་འབྱོར་པས།། ཉམས་སུ་བླངས་ན་སངས་རྒྱས་འགྲུབ།། རང་ལུས་གསང་སྔགས་རྒྱུད་དེ ་རྟོགས།། ཤེས་རབ་ལམ་ནི་བལྟ་བ་རྟོགས།། རང་བཞིན་དཀྱིལ་འཁོར་འཇུག་པ་ཡིན།། དེ་ཕྱིར་ཐོས་བསམ་བསྒོམ་གསུམ་གྱིས།། ཤེས་རབ་སྤྱན་དང་ལྡན་པར་བྱ།། ཐབས་ལམ་གྲོལ་ལམ་ཐ་དད་ན།། ཐབས་དང ་ཤེས་རབ་འབྲེལ་པ་མེད།། ཐབས་ཀྱི་ལམ་ལ་གཙོར་བྱེད་ལ།། གྲོལ་ལམ་ལྟ་བ་མེད་གྱུར་ན།། འཇིག་རྟེན་ཐབས་དང་ཁྱད་པར་མེད།། མ་ཧཱ་དེ་བའི་བདེ་བར་འགྱུར།། གྲོལ་ལམ་རྐྱང་པར་བསྒྲུབ་བྱེད་ན།། ཐབས ་དང་བྲལ་ཞིང་དབུ་མར་གྱུར།། དབང་མ་ཐོབ་པར་འཇུག་འགྱུར་ཞིང་།། རང་གཞན་ཐབས་ལ་ངེས་ཤེས་མེད།། རྩ་སྔགས་ཐིག་ལེ་རླུང་དང་བྲལ།། ཐབས་ཀྱི་ལམ་དང་ཤེས་རབ་ལམ།། གང་རུང ་གཅིག་ལ་ཡོངས་རྫོགས་འདོད།། ཟག་བཅས་ལམ་པའི་ཤེས་རྒྱུད་ལ།། ལམ་གཉིས་དུས་གཅིག་སྐྱེ་མི་སྲིད།། རྩེ་གཉིས་གཅིག་ཏུ་མཚོན་པ་འདྲ།། ངེས་པར་གཅིག་གམ་ཐ་དད་པ།། བློ་དམན་རྣམས་ལ་ཐབས་ལམ ་ཉིད།། དབང་པོ་མཆོག་ལ་གྲོལ་བའི་ལམ།། དབྱིབས་དང་ཁ་དོག་ལྟ་བུ་ཉིད།། ཀུན་རྫོབ་མཚོན་པར་ཐ་དད་ཀྱང་།། ངེས་དོན་གཅིག་ཏུ་རྟོགས་པར་འགྱུར།། གྲོལ་བའི་ལམ་ནི་འབྲས་བུ་འདྲ།། ཐབས་ལ་མཚོན་བྱེད ་རྒྱུ་རྐྱེན་མཚུངས།། ལྟ་བ་གཏན་ལ་འབེབས་པའི་ཕྱིར།། གྲོལ་ལམ་ཐོས་བསམ་བསྒོམ་པས་སྦྱངས།། ཡང་དག་ལྟ་བ་མི་གོལ་པས།། རང་ལུས་ཐབས་ཀྱི་གནད་དུ་བསྣུན།། རྩ་རྣམས་དབྱིབས་སུ་གཏན་ལ ་དབབ།། ལུས་ཁམས་བདུད་རྩི་བདེ་བ་སྟེ།། གྲུབ་པ་སྔགས་ནི་བཟླས་པ་ཉིད།། སྙིང་པོ་རླུང་གི་འཕྲོ་འདུར་འགྱུར།། གྲོལ་ལམ་བལྟ་བ་ཅིག་ཆར་རྟོགས།། ཐབས་ལམ་དབང་གིས་རིམ་གྱིས་སྨིན།། དེ་ཕྱིར་གསང ་སྔགས་ལམ་འདོད་པས།། ཐབས་ཀྱི་ལམ་དང་གྲོལ་བའི་ལམ།། གསང་སྔགས་རྒྱུད་བཞིན་རྟོགས་པར་བྱ།། དེ་སྐད་སྟོན་པ་རིགས་ལྔས་གསུངས།། དད་ལྡན་བརྩོན་འགྲུབ་རབ་འབད་ན།། ཀུན་བཟང་རྡོ་རྗེ་སེམས ་དཔའ་འཐོབ།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། གསང་སྔགས་ཀྱི་ལམ་གྱི་རྩ་བ་མ་ནོར་བར་གཏན་ལ་ཕབ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་རྡོ་རྗེ་འཆང་ཆེན་པོས་ལམ་གྱི ་ཆ་རྐྱེན་ཡོངས་སུ་རྫོགས་པ་གཏན་ལ་ཕབ་པ་འདི་གསུངས་སོ།། ལྟ་བ་བདེན་པ་དབྱེར་མེད་པས།། རང་རིག་མངོན་སུམ་རྟོགས་པ་ཡིས།། ལྟ་བ་རང་གི་མཚན་ཉིད་མཐོང་།། དེ་ལ་ལམ་གྱི་རིམ་པ་མཐོང་།། དང་པོ ་གསལ་བའི་སྤྱོད་ཡུལ་ལ།། གཟུགས་མཐོང་རྒྱང་ནས་མཐོང་གྱུར་ཀྱང་།། དྲུང་ནས་གསལ་བར་འགྱུར་བཞིན་རྟོགས།། དེ་ཕྱིར་རིམ་དང་ཅིག་ཅར་བལྟ།། ལམ་གྱི་སྤྱོད་ཡུལ་གཞི་གཅིག་ལ།། སོ་སོ་ཐ་དད་སྤྱོད་པ ་ཡང་།། ཀུན་ཏུ་རྒྱུ་དང་ཁྱིམ་གནས་དང་།། གླང་ཆེན་སྟོབས་ཀྱི་ཆེ་ཆུང་ལྟར།། རང་བཞིན་ཏིང་འཛིན་མངོན་ཕྱུང་བའི།། སྒྲོལ་སྦྱོར་ལ་སོགས་རིམ་པར་སྤྱོད།། མཉམ་པར་གཞག་པའི་དོན་ཉིད་ལ།། རྗེས་ཀྱི་སྤྱོད་པ་དེ ་བཞིན་སྤྱོད།། དཀྱིལ་འཁོར་ངོ་བོ་ཀུན་གཅིག་ཀྱང་།། ལམ་གྱི་བྱེད་ལུགས་མི་འདྲ་བས།། ཏིང་འཛིན་བསྒོམ་དང་གཟུགས་བརྙན་བྲི།། ཚད་ཀྱི་བྱེ་བྲག་ཆེ་ཆུང་སོགས།། གདུལ་བྱ་ལམ་དང་མཐུན་པ་རུ།། རྒྱལ་བས ་གསུངས་བཞིན་རྟོགས་པར་བྱོས།། དབང་བསྐུར་རྒྱུ་ལམ་འབྲས་ཀུན་རྫོགས།། རྫས་ལ་བརྟེན་ནས་བསྐུར་བ་དང་།། ལྟ་བས་བསྐུར་དང་ཏིང་འཛིན་དབང་།། བླ་མ་སློབ་མའི་རིམ་དགོངས་ཤེས།། རྩ་བ་ཡན་ལག ་དམ་ཚིག་རྣམས།། བསྲུང་མཚམས་བཅས་པའི་དམ་ཚིག་དང་།། དོན་ལ་མི་འདའ་གནས་པ་སྟེ།། དམ་ཚིགས་ཁྱད་པར་རྟོགས་པར་བྱ།། ཟག་བཅས་ཟག་མེད་ལ་སོགས་ལམ།། ཞི་རྒྱས་དབང་དྲག ་ལྷུན་གྲུབ་པའི།། ཕྲིན་ལས་ཀུན་གྱིས་སྤྱད་འགྱུར་ཡང་།། རོ་གཅིག་ནུས་མཐུ་ཁྱད་པར་ཆེ།། མ་བསྒྲུབས་བསྒྲུབ་ཆེན་བསྒྲུབ་དགོས་པ།། མངོན་སུམ་རྩོལ་བས་སོགས་པའི་རྫས།། ཏིང་འཛིན་ཡིད་ཀྱིས་སོགས་པའི ་རྫས།། ཏིང་འཛིན་ཡིད་ཀྱིས་དམིགས་པའི་རྫས།། རིམ་པས་གང་གཙོ་ཤེས་པས་བསྒྲུབ།། མྱ་ངན་འདས་པ་མཆོད་བྱེད་ན།། འཁོར་བ་མཆོད་པའི་རྫས་ཡིན་པས།། ཟག་བཅས་ཡོ་བྱད་སྔགས་རྒྱས་མཆོད།། ཟག ་མེད་བལྟ་བའི་ཏིང་འཛིན་མཆོག། གསང་སྔགས་བཟླས་ཤིང་ཕྱག་རྒྱ་བཅའ།། སྔགས་ཀྱི་སྐྱོན་སྤང་སྒྲ་བརྟེན་བཟླས།། ཡིད་སྐྱོབ་རྡོ་རྗེའི་བཟླས་པས་འགྲོ།། ཕྱག་རྒྱ་བཞི་ལ་མོས་པས་བསླབ།། དངོས་སུ་ཞི་ཁྲོའི་རྒྱལ ་ཚབ་བྱེད།། རྣལ་འབྱོར་རིམ་པས་རྟོགས་པར་འགྱུར།། ཀུན་ཀྱང་ཞི་ཁྲོའི་ཏིང་འཛིན་བསྒོམ།། ཟག་བཅས་མཚན་ཉིད་སོ་སོར་བསྒོམ།། ཟག་མེད་ཏིང་འཛིན་ཡོངས་རྫོགས་བསྒོམ།། མཚན་བཅས་མཚན་མེད་ཀུན ་བསྒོམས་ཀྱང་།། རྩོལ་བ་ཡོད་མེད་ཁྱད་པར་ལས།། ལམ་གྱིས་བྱེ་བྲག་རྟོགས་པར་བྱ།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ལམ་གྱི་ཆ་རྐྱེན་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་འདི་དག་འགྲོ་བའི་ཆེད་དུ་བརྗོད་དོ།། གསང་སྔགས་ལམ་ནི་བགྲོད་འགྱུར་བ།། རིམ་སྐྱེས་པ་དང་ཅིག་ཆར་བ།། མོས་སློབ་དང་ནི་སྨིན ་སློབ་དང་།། མཐར་ཆགས་པ་དང་ཐོད་རྒལ་བ།། ཟག་བཅས་ལམ་དང་ཟག་མེད་ལམ།། གང་ཞིག་རིམ་གྱིས་བགྲོད་གྱུར་པ།། དང་པོར་གཞི་ནས་བཟུང་བྱས་ནས།། མཐའ་མར་འབྲས་བུའི་གནས་སུ་འགྲོ།། བར་གྱི ་ལམ་རྣམས་རིམ་པའི་སློབ།། རིམ་སྨིན་སྲིད་པ་མངལ་སྐྱེས་འདྲ།། ཅིག་ཅར་བ་ཡི་ལམ་བགྲོད་ན།། ལྷ་སྒོམ་དབྱེར་མེད་འབྲས་བུར་གཅིག། མཚོ་ལ་གཟའ་སྐར་ཤར་བ་ལྟར།། སྲིད་པ་བརྫུས་ཏེ་སྐྱེས་སྨིན ་འདྲ།། མོས་སློབ་ལམ་ནི་བཟང་པོའི་དུས།། ཉ་སྟོང་ཚོགས་ཀྱི་དཀྱིལ་འཁོར་ལ།། མཚམས་ནས་རྫོགས་རིམ་བར་དུ་སྒོམ།། སྲིད་པ་སྒོང་སྐྱེས་སྨིན་པ་འདྲ།། སྨིན་སློབ་ལམ་ནི་དང་པོ་རུ།། དེ་བཞིན་ཉིད་ལ་མཐར ་ཕྱིན་བསྒོམ།། དེ་ནས་ཀུན་སྣང་རྒྱ་དང་ནི།། ཚོམ་བུ་ཚོགས་སྒྲུབ་སྤྲོས་པ་དང་།། རིག་འཛིན་སངས་རྒྱས་སར་འགྲོ་བ།། སྔ་མ་སྨིན་ནས་ཕྱི་མའི་ལམ།། རང་སའི་དྲོད་ཚད་རྟགས་ལྡན་པ།། བཟོ་བོ་མཁས་པའི་སྡེར་སོ ་འདྲ།། མཐར་ཆགས་པ་ཡི་ལམ་བསྒོམ་པ།། ཚོགས་ཀྱི་ལམ་ལ་རྣལ་འབྱོར་བཞི།། སྦྱོར་བའི་ལམ་ལ་བསྙེན་བསྒྲུབ་བཞི།། མཐོང་ལམ་རྣམ་སྨིན་ཚེ་དབང་དང་།། བསྒོམ་ལམ་ཕྱག་རྒྱའི་རྣལ་འབྱོར་དང་།། མཐར་ཕྱིན ་ལྷུན་གྲུབ་རིག་འཛིན་ཡིན།། སྟོང་པ་ཆེན་པོའི་རྣལ་འབྱོར་ནི།། རྣམ་པ་ཀུན་ལྡན་སྟོང་པ་སྟེ།། དཔེ་ནི་ཡིད་བཞིན་ནོར་བུ་འདྲ།། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ནི།། ཡོངས་ལ་ཁྱབ་པའི་སྒྱུ་མ་སྟེ།། དཔེ་ནི ་ཉི་མའི་སྙིང་པོ་སྟེ།། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི།། ཨ་ཉིད་ཞི་བ་ཚངས་པ་འདྲ།། ཧཱུཾ་ལས་ཁྲོ་བོ་སྲིན་ཕྲུག་ཚུལ།། དཔེ་ནི་ཆུ་ལས་ཉ་ལྡང་འདྲ།། སྤྲོས་པའི་རྣལ་འབྱོར་བསྒོམ་པ་ནི།། རང་གནས་རྩ་ལས་དཀྱིལ ་འཁོར་སྤྲོས།། སྔགས་ཀྱི་ཡི་གེ་ཚོམ་བུར་སྤྲོས།། ཁམས་ཀྱི་བདུད་རྩི་ཞལ་ཕྱག་སྤྲོས།། སྙིང་པོ་རླུང་ལས་རྣམ་གྲངས་སྤྲོས།། བསྙེན་པ་ཞི་བའི་བསྙེན་པ་སྟེ།། ཉེ་བསྙེན་ཞི་བའི་སྒྲུབ་པར་གསུངས།། སྒྲུབ་པ་ཁྲོ་བོའི ་བསྙེན་པ་ཉིད།། སྒྲུབ་ཆེན་ཁྲོ་བོའི་སྒྲུབ་པ་ཡིན།། རྣམ་པར་སྨིན་པའི་རིག་འཛིན་ནི།། ཡིད་ཀྱི་ཏིང་འཛིན་ལྷ་སྐུར་སྨིན།། ཁྱུང་ཕྲུག་སྒོ་ངའི་ནང་གནས་བཞིན།། བག་ཆགས་ལུས་ནང་ལྷ་ཡི་སྐུ།། ཚེ་ལ་དབང་བའི་རིག ་འཛིན་ནི།། རང་གི་ཚེ་ལ་དབང་ཐོབ་པས།། འཁོར་བར་བཞུགས་སམ་སངས་རྒྱས་འགྲོ།། སྐྱེ་ཤི་རང་དབང་ཐོབ་པ་ཡིན།། བསྒོམ་ལམ་ཕྱག་རྒྱར་ཡི་དམ་ལྷ།། རིགས་ལྔ་གང་བསྒོམ་ཆ་ལུགས་འཛིན།། ས་བརྒྱད་ནོན ་པའི་བྱང་ཆུབ་སེམས།། བསྒོམ་ལ་ཆེད་འཛིན་ཡོད་པར་བཞུགས།། མཐར་ལམ་ས་དགུ་ས་བཅུ་ལ།། སྐུ་ལྔ་ལྷུན་གྲུབ་ཆ་ལུགས་ཉིད།། རྒྱལ་ཚབ་མཛད་པས་སངས་རྒྱས་དང་།། མཉམ་པར་གཞག་པས་དགོངས ་མཉམ་འགྱུར།། ཐོད་རྒལ་ལམ་ལ་སྦྱོར་བ་ནི།། བར་དུ་ས་ལམ་བོར་ནས་འགྲོ།། ཕྱག་རྒྱ་གཅིག་པའི་ས་ནས་ནི།། མཐོང་ལམ་མཐར་ཟུག་སྦྱོར་བ་དང་།། སྤྲོས་པར་རིག་འཛིན་མཐར་ཐུག་སྦྱོར།། ཚོགས་བསྒྲུབ་ཕྱག ་རྒྱ་མཐར་ཐུག་སྦྱོར།། ཚེ་དབང་ལས་ནི་སྐུ་ལྔར་སྦྱོར།། ཟག་བཅས་ལམ་གྱི་ཐོད་རྒལ་གཉིས།། ཚེ་དབང་ཕྱག་རྒྱའི་རིག་འཛིན་ཡིན།། དེ་བཞིན་ཉིད་དང་ཀུན་ཏུ་སྣང་།། བདེན་པ་ཕྱོགས་རེ་བསྒོམས་པས་ན།། ཐོད ་རྒལ་བ་ལ་འོངས་མེད།། ཚོགས་བསྒྲུབ་རྣམ་སྨིན་རིག་འཛིན་དང་།། ལྷུན་གྱིས་གྲུབ་ལ་ཟོད་རྒལ་མེད།། འབྱུང་ལུགས་ངེས་པ་མེད་པ་སྟེ།། བར་དུ་ས་ལམ་ངེས་མེད་འདོར།། ཟོད་རྒལ་འབྱུང་བར་འགྱུར་བ་ནི།། ལྟ ་བ་གཉིས་མེད་ཁ་ལོང་དང་།། རྟོགས་པ་བཙན་ཐབས་སྐྱེས་པ་དང་།། ལམ་ལ་དོར་བྱ་ཡོད་པ་དང་། ས་ལ་སྦྱངས་པ་ཡོད་ན་འབྱུང་།། རིམ་སྦྱངས་ལམ་ལ་བར་ཆད་འབྱུང་།། ཐོད་རྒལ་ལམ་ལ་འགྲོ་བས་ན།། འདའ ་ཀ་མ་ཡི་མན་ངག་བསྒོམ།། དེ་ཕྱིར་ཟོད་རྒལ་ཤིན་ཏུ་གཅེས།། ཟག་བཅས་ལམ་ནི་རྣལ་འབྱོར་བཞི།། ལུས་ངག་ཡིད་གསུམ་འབད་ནས་བསྒྲུབ།། ཡུལ་ཁམས་ཕུང་པོ་སྐྱེ་གནས་ཀྱིས།། འབྲས་བུ་བཟང་ལ་དམིགས ་ནས་འགྲུབ།། ཟག་མེད་རིག་འཛིན་རྣམ་པ་གསུམ།། སྟོན་པ་སྐུ་གསུམ་ཞལ་གཟིགས་པས།། ཡུལ་ཁམས་ཕུང་པོ་སྐྱེ་གནས་དང་།། བསྒྲུབ་པ་ཟག་པ་མེད་ཤེས་བསྒྲུབ།། ལམ་གྱི་རྣམ་པ་གང་བསྒྲུབས་ཀྱང་།། ཤེས ་པའི་རྒྱུ་ནི་བལྟ་བ་བས།། བལྟ་བས་གཏན་ལ་ཕབ་ནས་བསྒྲུབ།། གང་ཞིག་ལྟ་བས་མ་ཟིན་ན།། འདུས་བྱས་རྫས་ལ་ཟད་པ་ཡོད།། འདུས་མ་བྱས་ཀྱི་ལྟ་བ་ཡིས།། འཁོར་བ་མྱ་ངན་འདས་པ ་ཤེས།། འཁོར་འདས་གཉིས་མེད་རྟོགས་གྱུར་པ།། ད་ལྟ་ཉིད་ནས་འགྲུབ་པ་ཡིན།། སངས་རྒྱས་ས་ལ་ཐེ་ཚོམ་མེད།། རང་སེམས་སངས་རྒྱས་མ་ཤེས་ན། ལམ་གྱི་རིམ་པ་གང་བགྲོད་ཀྱང་།། མངོན་པར་བྱང་ཆུབ་ག། ་ལ་སྲིད།། སེམས་ཉིད་སངས་རྒྱས་ཡིན་ཤེས་ན།། ཐེག་པ་མ་ལུས་ཐམས་ཅད་ཀུན།། མ་སྦྱངས་རྒྱལ་བའི་དགོངས་པར་ཤེས།། ཀུན་ཏུ་འོད་ཀྱི་ས་ནོན་ནས།། པདྨ་ཅན་གྱི་ས་ལ་ཕྱིན།། ཡི་གེ་འཁོར་ལོ་ཚོགས་ཆེན ་འགྲུབ།། ཐེག་པ་གསུམ་གྱི་ངེས་འབྱུང་ལས།། ཐེག་པ་གཅིག་གི་ནང་དུ་འཇུག། ཐེག་པ་བཞི་ལས་ངེས་པར་འབྱུང་།། རྨད་བྱུང་ཐེག་གཅིག་ནང་དུ་གནས།། ཐེག་པ་ཐམས་ཅད་བགྲོད་པས་ན།། མཐར་ཐུག་ཐེག ་པའི་ཐུག་ས་ཡིན།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས།། ལམ་གྱི་རིམ་པ་ལྟ་བས་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསང་བའི་ལམ ་ཡོངས་སུ་རྫོགས་པ་འདི་གསུངས་སོ།། ཆོས་དབྱིངས་འགྱུར་བ་མེད་པས་ན།། དེ་བཞིན་ཉིད་དུ་བསྒོམ་པར་བྱ།། དོན་དམ་ལྡན་པ་སྤྲོས་དང་བྲལ།། མྱ་ངན་འདས་པའི་དགོངས་པ་བསྒོམ།། ཆོས་སྐུ་དྲི་མ་མེད་པས ་ན།། འབྲས་བུ་བསམ་རྫོགས་བྲལ་བར་བསྒོམ།། ཀུན་ཏུ་འོད་ཀྱི་ས་གནས་པའི།། བྱང་ཆུབ་སེམས་དཔའི་དགོངས་པ་བསྒོམ།། ཀུན་གཞི་མཐའ་དང་བྲལ་བས་ན།། སྐྱེ་བ་མེད་པའི་རང་བཞིན་བསྒོམ།། ལམ་ལ་བར ་ཆད་བྱུང་བས་ན།། འཁོར་འདས་སྟོང་པའི་ངང་ལས་འཕོ།། ཆོས་རྣམས་རང་བཞིན་འོད་གསལ་བས།། ཉི་མའི་དཀྱིལ་འཁོར་བཞིན་དུ་བསྒོམ།། ཀུན་རྫོབ་བདེན་པ་བརྫུན་པས་ན།། འཁོར་བའི་ཆོས་ལ་སྙིང་རྗེ ་བསྒོམ།། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ།། དངོས་པོ་གཉིས་ལ་ལོངས་སྤྱོད་བསྒོམ།། པདྨ་ཅན་གྱི་ས་ལ་གནས།། སྨིན་པ་རྒྱ་མཚོའི་དགོངས་པ་བསྒོམ།། ཉོན་མོངས་ཡིད་ཀྱིས་ཀུན་ལ་ཁྱབ།། འོད་ཕུང་དམར་སྨུག ་འབར་བར་བསྒོམ།། ལམ་དུ་གློ་བུར་བར་ཆད་འབྱུང་།། ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་འཕོ།། ཆོས་ཀུན་རྩ་བ་བྱང་ཆུབ་སེམས།། ཐམས་ཅད་འབྱུང་བའི་རྒྱུ་རུ་བསྒོམ།། བདེན་པ་གཉིས་སུ་དབྱེར་མེད་པས།། ཀུན ་རྫོབ་དོན་དམ་ཟུང་འཇུག་བསྒོམ།། སྦྲུལ་སྐུ་ཅིར་ཡང་སྣང་བས་ན།། ཞི་ཁྲོ་ཕྲ་མོའི་སྐུ་གཉིས་བསྒོམ།། ཡི་གེ་འཁོར་ལོ་ཚོགས་ཆེན་ས།། ཞི་ཁྲོ་སྤྲུལ་པའི་འཕྲོ་བ་བསྒོམ།། ཡིད་ཀྱི་རྣམ་ཤེས་ཀུན་ཏུ་རྒྱུ།། བྱེད་པ་ཀུན་གྱི ་རྩ་བར་བསྒོམ།། མ་འབྱོངས་ལམ་ལ་བར་ཆད་འབྱུང་།། ལྷ་ཡི་སྐུ་ཡི་ཐུགས་ཀར་འཕོ།། གསང་བའི་དཀྱིལ་འཁོར་མཁའ་ཡི་ཚད།། སོར་བཞི་པ་དང་མཛུབ་གང་བྱ།། གཟུགས་བརྙན་དཀྱིལ་འཁོར་ཁྲུ་གང ་ངམ།། ལུས་གང་པ་ཡི་ཚད་དུ་བྱ།། ལུས་དོ་དང་ནི་ལུས་གསུམ་དང་།། དཔག་ཚད་རྒྱང་གྲགས་ནམ་མཁའ་མཉམ།། སྤྱི་མགྲིན་སྙིང་ག་ལྟེ་བའི་རྩ།། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་འཕྲོ།། ཞི་བ ་ཡབ་ཡུམ་གཉིས་བསྒོམས་ལ།། ཁུ་བ་ལས་ནི་འཁོར་རྣམས་འབྱུང་།། སྒེག་མོ་ཕྲེང་བ་གླུ་གང་བཞི།། ལྷ་ལྔའི་ཚོམ་བུ་བསྒོམ་པར་བྱ།། ཁྲོ་བོ་ཡབ་ཡུམ་བསྒོམས་བྱས་ནས།། ལན་ཅིག་སྦྱོར་བས་འཁོར་བརྒྱད ་འབྱུང་།། ཕྱོགས་མཚམས་མཁའ་འགྲོས་བསྐོར་བྱས་པའི།། ལྷ་དགུའི་ཚོམ་བུ་བསྒོམ་པར་བྱ།། ཞལ་བརྒྱད་བཅུ་དྲུག་ཕྱག་ལྡན་པ།། ལྷ་གྲངས་བཅུ་གསུམ་ཚོམ་བུ་བསྒོམ།། རང་གི་ཡིག་འབྲུ་ལས་བྱུང་བས།། ས་བོན ་འབྲུ་རེ་དག་ལས་བསྐྱེད།། ཞལ་གཅིག་པ་དང་ཕྱག་གཉིས་པ།། ཞལ་གསུམ་པ་དང་ཕྱག་དྲུག་པ།། ཞལ་བརྒྱད་བཅུ་དྲུག་ཕྱག་ལས་ནི།། བཅོ་བརྒྱད་ཉི་ཤུ་མང་པོར་བསྒོམ།། ལུས་ཀྱི་བདུད་རྩི་བདེ་བར་ལྡན།། རླུང ་བྱེད་པ་དུ་མ་ལས།། རྣམ་གྲངས་བསམ་ཡས་སྤྲོ་བར་བྱ།། ཞིང་བཅུ་བཀུག་ནས་བྲོད་བསྐྱེད་བསྙེན།། ངན་སོང་ལམ་སྦྱང་ཉེ་བ་སྟེ།། ཕུང་པོ་རྫས་མཆོད་སྒྲུབ་པ་ལ།། སེམས་ཉིད་གནས་པར་སྒྲུབ་ཆེན་པོ།། ཡུམ ་བཙལ་ཆས་ཀྱིས་སྒེག་པས་བསྙེན།། རྡོ་རྗེ་པདྨ་སྙོམས་འཇུག་ཉེ།། བསྲུབས་ཤིང་གར་བྱེད་སྒྲུབ་པ་ལ།། ལྷན་ཅིག་སྐྱེས་དགའ་སྒྲུབ་ཆེན་པོ།། བྱང་ཆུབ་སེམས་བསྐྱེད་ཉེ་བ་ཉིད།། ཡབ་ཡུམ་བསྒོམ་པ་ཉེ་བ ་ཉིད།། འཁོར་རྣམས་བསྐྱེད་པ་སྒྲུབ་པ་ཡིན།། སྤྱན་དྲང་བསྟིམ་མཆོད་བཟླས་སྒྲུབ་ཆེན།། རྣལ་འབྱོར་བཞི་བསྒོམ་བསྙེན་པ་ཉིད།། བསྙེན་སྒྲུབ་བཞི་པོ་ཉེ་བ་ལ།། རིག་འཛིན་ཐོབ་པ་སྒྲུབ་པ་སྟེ།། སངས་རྒྱས་སར ་འགྲོ་སྒྲུབ་ཆེན་རྫོགས།། བསྙེན་པ་འོད་ཟེར་དཀར་པོ་སྤྲོ།། འགྲོ་བའི་སྒྲིབ་སྦྲང་འཕགས་པ་མཆོད།། ཉེ་བསྙེན་དཀར་པོར་སྤྲོས་བྱས་ནས།། དམར་པོ་ཚུར་ལ་བསྡུ་བར་བྱ།། སྒྲུབ་པ་མི་སྤྲོ་དམར་པོ་བསྡུ།། སྒྲུབ་ཆེན ་དངོས་གྲུབ་ལེན་པར་བྱེད།། ཞི་བ་བསྙེན་པ་རྒྱས་པར་ཉེ།། དབང་ནི་སྒྲུབ་པ་སྒྲུབ་ཆེན་དྲག། དང་པོ་བསྙེན་པ་བྱ་བ་ཡང་།། རླུང་ཉིད་ཕྱིར་ལ་འགྲོ་བ་ལ།། ཨཱ~ཾ་ཞེས་བྱ་བའི་ཡི་གེ་ལ།། རླུང་ལྔ་འདོད་ཡོན་ལྷ་མོ ་ལྔས།། སྣ་ཡི་དབུགས་ལས་བྱུང་ནས་ནི།། འགྲོ་བའི་སྒྲིབ་པ་སྦྱོང་བྱེད་ཅིང་།། སངས་རྒྱས་རྣམས་ལ་མཆོད་པ་འབུལ།། གཟུགས་ནི་རྣམ་པར་སྣང་མཛད་དེ།། དྲི་ནི་རིན་ཆེན་འབྱུང་ལྡན་ལ།། རོ་ནི་སྣང་བ་མཐའ་ཡས ་ཉིད།། སྒྲ་ནི་དོན་ཡོད་གྲུབ་པ་སྟེ།། རེག་ནི་རྡོ་རྗེ་སེམས་དཔར་མཆོད།། གཉིས་པ་ཉེ་བར་བསྙེན་པ་ཡང་།། ཧཱུཾ་ཞེས་བྱ་བའི་ཡི་གེ་ལ།། བྱོལ་སོང་རྣམ་སྣང་མཛད་ལ་འདུས།། ཡི་དྭགས་རིན་འབྱུང་སྒྲ་ལ་འདུས།། མི ་ནི་སྣང་བ་མཐའ་ཡས་འདུས།། ལྷ་དང་ལྷ་མིན་དོན་གྲུབ་ཉིད།། དམྱལ་བ་རྡོ་རྗེ་སེམས་དཔར་འདུས།། སྒྲིབ་སྦྱངས་དངོས་གྲུབ་ཡེ་ཤེས་ནི།། ཆུ་བོའི་རྒྱུན་ལྟར་སྣ་བུག་ནས།། ནང་དུ་འདུས་ནས་ཐིམ་པར་བྱ།། གསུམ ་པ་བསྒྲུབ་པ་བྱ་བ་ནི།། ཨཱཿཞེས་བྱ་བའི་ཡི་གེ་ཉིད།། ཀུན་གཞི་སྐྱེ་མཆེད་གནས་གྱུར་པ།། ཆོས་སྐུའི་ངང་ནས་གཟུགས་སྐུ་འཆར།། སྐྱེ་མེད་མ་སྐྱེས་ཡི་གེ་ཨཱཿ།། རྣལ་འབྱོར་ཁོང་གནས་ཆོས་ཀྱི་སྐུ།། བཞི ་པ་སྒྲུབ་པ་ཆེན་པོ་ནི།། གཟུགས་ཀྱི་ཕུང་པོ་ལས་བྱུང་བ།། བདག་ཉིད་སྣང་མཛད་འཁོར་ལོ་འཆང་།། ཛི་ན་ཛི་ཀ་ལས་སྲོག་འཛིན་རླུང་།། འགྱུར་མེད་མཐིང་གར་དང་ལུས་རྫོགས།། ཚོར་བའི་ཕུང་པོ་ལས་བྱུང་བ།། ས ་རླུང་སེར་པོ་རིན་འབྱུང་ཉིད།། རཏྣ་དྷྲིཀ་ལས་ནོར་བུ་འཆང་།། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་གནས།། རྣམ་ཤེས་ཕུང་པོ་གནས་གྱུར་པ།། བཛྲ་དྷྲྀཀ་ལས་མི་བསྐྱོད་དཀར།། ཆུ་ཡི་རླུང་ལས་རྡོ་རྗེ་འཆང་།། སྙིང་ག་ཆོས ་ཀྱི་དཀྱིལ་འཁོར་བཞུགས།། འདུ་ཤེས་ཕུང་པོ་ལས་བྱུང་བ།། ཨཱ་རོ་ལི་ཀ་ཞེས་བརྗོད་པའི་སྐུ།། རང་སྔགས་རླུང་ལས་སྐྱེས་པ་ནི།། སྣང་བ་མཐའ་ཡས་པདྨ་འཆང་།། དམར་པོ་མེ་ཡི་རླུང་ལས་བྱུང་།། ལོངས་སྤྱོད ་དཀྱིལ་འཁོར་གནས་ན་བཞུགས།། འདུ་བྱེད་ཕུང་པོ་གནས་གྱུར་པ།། དོན་ཡོད་གྲུབ་པ་ལྗང་སེར་ནི།། པྲཛྙཱ་དྷྲི་ཀ་ལས་རླུང་གི་རླུང་།། རལ་གྲི་རྒྱ་གྲམ་འཛིན་པ་སྟེ།། སྤྱི་བོ་བདེ་ཆེན་དཀྱིལ་འཁོར་ན།། ཞུགས་ནས ་ཚངས་པའི་བུ་ག་བརྒྱུད།། དཀྱིལ་འཁོར་འབྱུང་ལྔ་ཡུམ་དུ་སྣང་།། ཞུགས་པའི་རླུང་ལྔ་ཡབ་ཏུ་སྣང་།། གཡས་ཀྱི་སྲོག་ཤིང་ཡུམ་དུ་སྣང་།། གཡོན་གྱི་སྲོག་ཤིང་ཡབ་ཏུ་སྣང་།། དེ་གཉིས་དབུས་ཀྱི་སྲོག ་ཤིང་ཐིམ།། པདྨའི་སྣལ་མ་ཕྲ་མོ་ཡིས།། སྲིད་པ་གསུམ་པོ་བཅིངས་གྱུར་པ།། ཏིལ་གྱི་སྒྲོན་མེས་མུན་སེལ་བ།། རྒྱ་སྐྱེགས་མེ་ཏོག་འདྲ་བ་ཡི།། སྙིང་རྗེ་ཆགས་པ་ཆེན་པོ་ཡིས།། འགྲོ་བ་རྣམས་ཀྱིས་དོན་མཛད་པ།། ལྷ ་ནི་ཨ་དཀར་སྲོག་ཏུ་འདུས།། ལྷ་མ་ཡིན་གྱི་སུ་སེར་པོ།། མི་ཡི་ནརྀ་ཡིག་སྔོན་པོ་དང་།། བྱོལ་སོང་དུ་ནི་དུད་ཀ་དང་།། ཡི་དྭགས་པྲེ་དམར་གནས་པ་དང་།། དམྱལ་བའི་ཡི་གེ་ཏྲི་ནག་པོ།། གཟུགས་ཁམས་བསམ་གཏན ་ཨོཾ་དང་བཅས།། དེ་དག་གཟུགས་མེད་ཨཱཿལ་འདུས།། སྐུ་གསུང་ཐུགས་ཀྱི་འབྲུ་གསུམ་ཉིད།། ཟུང་འཇུག་ཧཱུཾ་གིས་དྲངས་ནས་ནི།། ཆུ་ཤིང་སྙིང་པོ་ལྟར་དྲང་བའི།། སྤྱི་གཙུག་ཚངས་པའི་གཙུག་ཏོར་དུ།། རྩ་ནི་དུང་གི ་དབྱིབས་སུ་གྲུབ།། ཡི་གེ་ཧཱུཾ་དུ་རྣམ་པར་སྣང་།། བདུད་རྩི་དངས་མ་བྱང་ཆུབ་སེམས།། འགྲོས་བཞི་ཐིམ་པས་གསང་བའི་སྐུ།། ཕྱི་ཡི་ལུས་ནི་རིག་འཛིན་ཉིད།། ཚེ་ནི་ཉི་ཟླ་དག་དང་མཉམ།། ནང་གི་དགོངས་པ ་སངས་རྒྱས་ཐུགས།། སྐུ་དང་གསུང་དང་ཐུགས་དང་ནི།། ལོངས་སྤྲུལ་ཆོས་ནི་གསང་བ་ཉིད།། མི་ཟད་རྒྱན་གྱི་འཁོར་ལོ་གནས།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། ལམ་མཆོག་ཡོངས་སུ་རྫོགས ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་འབྲས་བུ་མཐར་ཕྱིན་པ་འདི་འགྲོ་བའི་ཆེད་དུ་གསུངས་སོ།། རྣམ་པར་བརྗིད་པ་སྣང་བས་སྐུ།། སྒྲ་བརྗོད་འབྱུང་བར ་སྨྲ་བས་གསུང་།། ཐམས་ཅད་མཁྱེན་པར་གསལ་བས་ཐུགས།། འདོད་དགུར་འབྱུང་བས་ཡོན་ཏན་ལ།། བྱ་བ་བྱེད་པས་ཕྲིན་ལས་སོ།། འདི་དག་མ་འདྲེས་ཡོངས་རྫོགས་བཞུགས།། སྤྲོས་དང་བྲལ ་བས་ཆོས་ཀྱི་དབྱིངས།། གཟུང་འཛིན་བྲལ་བའི་རིག་པས་རྟོགས།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ།། ཆོས་སྐུ་དྲི་མ་མེད་པ་ཉིད།། སྐུ་རྣམས་ཀུན་གྱི་རྩ་བར་གནས།། ཆོས་སྐུའི ་ང་ལས་མ་གཡོས་བཞིན།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། བདེ་སྐྱིད་ལོངས་སྤྱོད་སྣ་ཚོགས་ལ།། མ་འགགས་སྐུ་ཉམས་ལྟར་བྱས་ཤིང་།། ཇི་ལྟར་འདོད་བཞིན་དབང་བསྐུར་བ།། ཟད་མི་ཤེས་པའི་གཏེར་དུ ་འགྱུར།། ཀུན་གྱི་བདེ་བ་སྤྱད་པས་ན།། ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས།། དབང་བསྒྱུར་ལོངས་སྤྱོད་ཙམ་ཉིད་ན།། སེམས་ཅན་ལྟ་བུར་ཆགས་ཞེན་མེད།། ཡེ་ཤེས་ལྔ་ཡི་རང་བཞིན་དུ།། མ་ཆགས་མ་གོས ་རྟོགས་པ་ནི།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།། མངོན་པར་བྱང་ཆུབ་སྐུ་རུ་བཞུགས།། མ་གཡོས་བཞིན་དུ་འགྲོ་རྣམས་ལ།། སྤྲུལ་པ་སྣ་ཚོགས་སྣང་བ་ནི།། འགྲོ་བ་ཇི་བཞིན་འདུལ་དོན་མཛད།། སྐྱེ་བས ་འདུལ་ལ་སྐྱེ་བར་སྟོན།། ཤི་བས་འདུལ་ན་མྱ་ངན་འདས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། ཉོན་མོངས་ཀུན་གྱི་ཞིང་དུ་གནས།། སྤྲུལ་པ་ཆེན་པོའི་སྐུ་རུ་བཞུགས།། དོན་མཛད་པ་ཡི་དུས་ཉིད་ན།། སྐྱེ་ཤིའི་སྡུག ་བསྔལ་མ་གོས་ཏེ།། རྡོ་རྗེ་ལྟར་གནས་འགྱུར་བ་མེད།། རྡོ་རྗེ་རིག་པ་འཛིན་པའི་སྐུ།། གཞན་འཇོམས་རང་ལ་གནོད་མེད་པས།། རྡོ་རྗེ་ལྟ་བུའི་སྐུ་རུ་བཞུགས།། ཆོས་སྐུ་གཅིག་གི་ངོ་བོ་ལས།། ཐུགས་རྗེའི་མཛད་ཚུལ ་སྐུ་བཞིར་སྣང་།། སྐུ་གསུམ་སྐུ་བཞི་སྐུ་ལྔ་སོགས།། གདུལ་བྱ་དག་དང་མཐུན་པར་སྣང་།། ཡི་གེ་མེད་པ་ཆོས་སྐུའི་གསུང་།། དོན་གྱི་གསུང་སྟེ་སྐྱེ་བ་མེད།། སྒྲ་དང་མིང་ཚིག་ཀུན་ལས་འདས།། མ་གསུང་དོན་གྱི་སྐྱེ ་མེད་གོ། རིག་པའི་གསུང་ནི་ལོངས་སྐུའི་གསུང་།། དགོངས་པས་འཁོར་ལ་གོ་བར་བྱེད།། ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་།། ཡི་གེ་མེད་པས་རིག་པའི་གསུང་།། ཚངས་པའི་དབྱངས་ནི་མངོན་བྱང་གསུང་།། དེ་ཉིད ་མེད་པར་འགྲོ་ཀུན་གྱི།། གོ་ཞིང་ཡིད་དུ་འོང་བ་ནི།། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ།། ཀུན་ལ་གྲགས་ཤིང་སོ་སོར་འཇལ།། ཡན་ལག་དབྱངས་ལྡན་སྤྲུལ་པའི་གསུང་།། གསུང་གི་སྤྲུལ་པས་འགྲོ་དོན ་མཛད།། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།། སྒྲ་དང་མིང་ཚིག་སོ་སོར་གྲགས།། གནོད་པས་མི་ཚུགས་རྡོ་རྗེའི་གསུང་།། ཕར་ལ་འཇོམས་ཤིང་ཚུར་མི་གནོད།། བདེ་ལྡན་གསུང་གི་དོན་བྱུང་བས།། ཐམས་ཅད་པ་ཡི ་ང་དུ་གྱུར།། ངེས་པར་གསུང་མཆོག་གཅིག་ལས་མེད།། སྒྲ་དང་མིང་ཚིག་ཀུན་ལས་འདས།། གདུལ་བྱ་རྣམས་ལ་ཐ་དད་སྣང་།། སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་།། གཅིག་ཏུ་འདོད་ལ་གཅིག་ཏུ་སྣང་།། ཐ ་དད་འདོད་གྱུར་སྣ་ཚོགས་སྣང་།། སངས་རྒྱས་གསུང་གཅིག་བསྒྲགས་པ་ལ།། གདུལ་བྱ་སོ་སོར་སྣ་ཚོགས་གོ། ཆོས་སྐུ་རྣམ་པར་མི་རྟོག་ཟུགས།། ཡེ་ཤེས་ཀྱི་ནི་ཆོས་རྣམས་ཀུན།། མཐའ་ཡོད་མཐའ ་མེད་རྟག་ཆད་དང་།། གཟུང་འཛིན་རྣམ་པར་མི་རྟོག་བཞུགས།། ལོངས་སྐུའི་ཐུགས་ཀྱི་སྣང་བ་ནི།། ཅིར་ཡང་ས་ལེར་མཁྱེན་པའི་ཐུགས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས།། འཁོར་དང་མྱ་ངན་འདས་པའི ་ཆོས།། ཤེས་བྱའི་དཀྱིལ་འཁོར་མེ་ལོང་ལྟར།། རྒྱུ་འབྲས་སོ་སོར་ས་ལེར་མཁྱེན།། མངོན་བྱང་འགྲོ་བ་སྒྲོལ་བའི་ཐུགས།། འདོད་ཆགས་བྲལ་བས་འགྲོ་བ་སྒྲོལ།། སྤྲུལ་པའི་ཐུགས་ཀྱི་དགོངས་པ་ནི།། མཉམ་པ་ཆེན ་པོ་མཆོག་གི་ཐུགས།། འདོད་ཆགས་ཐམས་ཅད་བྲལ་བ་དང་།། འདོད་ཆགས་གནས་སུ་དག་པ་ཡིས།། དོན་ལ་མཉམ་པར་བཞག་པ་ནི།། སེམས་ཅན་ཀུན་དང་མཉམ་པར་མཁྱེན།། རྡོ་རྗེའི་ཐུགས་ནི་འགྱུར་མེད ་པ།། འགྲོ་བ་སྒྲོལ་བའི་དུས་ཉིད་ན།། བསྒྲལ་བ་མེད་པར་ཤེས་པ་ནི།། ཐམས་ཅད་འཇོམས་པས་རྡོ་རྗེའི་ཐུགས།། ཐུགས་ལྔར་སྣང་བས་མ་འདྲེས་པ།། ནམ་མཁའི་འཇའ་ཚོན་བཞིན་དུ་གནས།། གཅིག་ཏུ་གྱུར་པས ་ཡོངས་སུ་རྫོགས།། སྟོང་ཉིད་ནམ་མཁའི་དཀྱིལ་འཁོར་བཞུགས།། ཡོན་ཏན་ལྔ་ཉིད་ཞིང་ཁམས་ནི།། རང་སྣང་ཞིང་ཁམས་ཕྱོགས་མེད་སྣང་།། བརྡལ་ཁྱབ་ཆེན་པོས་ནམ་མཁར་ཁྱབ།། བདེ་བ་ཅན་ཉིད་འོག་མིན ་ཞིང་།། མོས་པ་ཅན་ནི་རིགས་དྲུག་གནས།། རིག་པ་རང་སྣང་ཕྱོགས་བཅུ་ཀུན།། པདྨ་ཅན་ནི་ཡུམ་གྱི་མཁའ།། གཞལ་ཡས་ཁང་དུ་སྣང་བ་ནི།། རང་སྣང་གཞལ་ཡས་གཟུང་བའི་ཡུལ།། ཡོངས་རྫོགས་གཞལ་ཡས ་ཕྱི་ནང་མེད།། འོག་མིན་མངོན་པར་དགའ་ལ་སོགས།། སྦྲུལ་སྐུའི་ཐ་དད་མ་ངེས་གནས།། རིག་པའི་གཞལ་ཡས་འོད་ཁང་རེ་ཡང་དེ།། སྐྱེ་གནས་གཞལ་ཡས་ཡུམ་གྱི་མཁའ།། རྒྱན་དུ་སྣང་བར་བྱུང་བ་ནི།། རང ་སྣང་རྒྱན་ནི་ཀུན་མ་སྤངས།། དོན་རྒྱན་རིག་པ་རང་སྣང་དང་།། རྟགས་ཀྱི་རྒྱན་ནི་མཚན་དཔེ་ལྡན།། ཁྲིམས་རྒྱན་སྟོད་གཡོགས་སྨད་དཀྲིས་དང་།། རང་བཞིན་ཆོས་རྣམས་མ་སྤངས་རྒྱན།། ལས་རྒྱན་ཁུ་བུ་ཁུ་བ་ཡང་ཡེ ་ཤེས་སྐུ།། འོད་ཟེར་རྣམ་པ་སྣང་བ་ནི།། འོད་གསལ་སྒྲིབ་པ་མེད་པར་གསལ།། ཡེ་ཤེས་འོད་ཟེར་ཀུན་ཁྱབ་དོན།། རྟགས་འོད་རང་རང་ཁ་དོག་དྲུག། འགྲོ་འདུལ་དབུ་དང་ཕྱག་ཞབས་འབྱུང་།། རང་བཞིན་འོད ་རིགས་ཐམས་ཅད་ཀུན།། བདེ་ཆོས་གསང་དབང་དཀར་དམར་འཕྲོ།། གདན་ཁྲི་རྣམས་སུ་སྣང་བ་ནི།། སྤྱི་གདན་འབྲས་བུའི་ཆོས་རྣམས་རྫོགས།། སེམས་ཅན་སེང་གེ་གླང་ལྟ་བུ།། ཁྲོ་བོའི་གདན་ནི་ཉི་མ་བྲག། ཐུབ ་པའི་པད་མ་ཡུམ་གྱི་ཚུལ།། འབྲས་གདན་ཆོས་ཉིད་ཇི་བཞིན་རྟོགས།། གསང་གདན་ཉི་ཟླའི་ཐིག་ལེ་ཉིད།། ལུས་གདན་ཕུང་པོ་རྟོགས་ཚོགས་ལྷ།། རིགས་བསྡུས་ཡོན་ཏན་ཉི་ཤུ་ལྔ།། སྤྱིར་ན་གྲངས་ཉིད་བསམ་ཡས ་འཕྲོ།། ཤས་ཆེར་ཆོས་སྐུ་ནམ་མཁའི་ཞིང་།། ལོངས་སྐུ་གཞལ་ཡས་ཁྱིམ་དུ་སྣང་།། མངོན་བྱང་རྒྱན་དུ་ཕུབ་པ་དང་།། སྤྲུལ་པ་འོད་ཟེར་དཔག་མེད་འགྱེད།། རྡོ་རྗེ་འགྱུར་མེད་གདན་གྱི་རྟགས།། མ ་འདྲེས་ཡོངས་རྫོགས་བྱེ་བྲག་སྤྱི།། ཆེ་བས་མཛད་པའི་ཕྲིན་ལས་ལྔ།། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ།། ཆོས་སྐུའི་ཕྲིན་ལས་རྣམ་པ་ལྔ།། མཚན་མ་ཐམས་ཅད་ངང་གིས་ཞི།། དེ་ཉིད་ཤེས་བྱ་ཐམས་ཅད་རྒྱས།། ་འབྲས་བུའི་ཆོས་རྣམས་དབང་དུ་འདུས།། རྟོགས་པ་ངང་གིས་རླག་པར་བྱེད།། ཡེ་ནས་བཞི་ག་རང་གསལ་འགྲུབ།། ཡེ་ནས་གནས་པའི་ལས་བཞི་ཡིས།། ཆོས་ཀྱི་སྐུ་ཡི་ཕྲིན་ལས་རྫོགས།། ལོངས་སྐུའི་ཕྲིན་ལས ་རྣམ་ལྔ་ནི།། རྣམ་སྣང་ཞི་ལ་མི་བསྐྱོད་དྲག། རིན་འབྱུང་རྒྱས་ལ་སྣང་མཐའ་དབང་།། དོན་གྲུབ་ལྷུན་གནས་དངོས་ལས་ལྔ།། མངོན་པར་བྱང་ཆུབ་ལས་ལྔ་ནི།། ཞི་བ་རྟོག་པ་དག་པ་དང་།། རྒྱས་པའི་ལས་ནི་བདེ་བ ་རྒྱས།། དབང་ནི་ཡེ་ཤེས་རང་ཤར་བ།། དྲག་པོ་མཚན་མ་ཟིལ་གྱིས་གནོན།། ལྷུན་གྲུབ་རིག་པ་རང་ལ་ཤར།། དངོས་ཀྱི་ལས་ལྔས་བྱང་ཆུབ་རྟོགས།། སྤྲུལ་པ་སྐུ་ཡི་ཕྲིན་ལས་ལྔ།། བྱམས་པ་ཞི་བ་སྙིང་རྗེ ་རྒྱས།། དགའ་བ་དབང་སྟེ་བཏང་སྙོམས་དྲག། ལྷུན་གྲུབ་བསྡུ་བའི་དངོས་པོ་བཞི།། ཕན་འདོགས་པ་ཡི་ལས་ལྔ་ཡིན།། རྡོ་རྗེ་སྐུ་ཡི་ཕྲིན་ལས་ལྔ།། ཞི་བ་སྟོང་པ་རྒྱས་པ་གནས།། དབང་ནི་ཆགས་པ་དྲག་པོས ་འཇིགས།། ལྷུན་གྲུབ་རིག་པ་རང་སྣང་བ།། འཇིག་ཆགས་སྟོངས་གནས་བསྐལ་པ་ལྔ།། སྐུ་ལྔ་ཕྲིན་ལས་མིང་ཙམ་མཐུན།། དོན་གྱི་སོ་སོར་གནས་པས་ན།། རིགས་མི་མཐུན་པ་རྣམས་སྤངས་ནས།། རིགས་མཐུན ་ལས་ནི་རྟོགས་པར་བྱ།། འབྲས་བུ་ཉི་ཤུ་རྩ་ལྔ་པོ།། རྣལ་འབྱོར་དང་ལ་གནས་པ་བཞིན།། འགྲོ་བ་ཀུན་ལ་གནས་པས་ན།། སྣང་སྲིད་གཞིར་བཞེངས་མངོན་སངས་རྒྱས།། ཉི་ཤུ་རྩ་ལྔའི་འབྲས་བུ་ཉིད།། ཉི་མའི ་དཀྱིལ་འཁོར་ཇི་བཞིན་དུ།། གཅིག་གིས་གླིང་བཞིའི་བྱ་བ་བྱེད།། ཡུལ་ཁམས་རེ་ན་ཉི་མ་རེ།། ཐེག་འོག་རང་གི་སྐུ་གསུམ་འཐོབ།། འབྲས་ཐོབ་སྐུ་ལྔའི་ཞལ་བལྟ་དགོས།། ཐེག་ཆེན་གསང་བའི་དཀྱིལ་འཁོར ་ཞུགས།། དེ་ཕྱིར་གོ་ཕྱེའི་འཁོར་ཞེས་བྱ།། ཐེག་པ་སོ་སོའི་སྐུ་གསུམ་ནི།། རང་རང་སྨིན་པ་ཐོབ་པ་ཡང་།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། ཀྲི་ཡ་ཨུ་པ་ཡོ་ག་དང་།། མ་ཧཱ་ཨ་ནུ་ཨ་ཏི་ཉིད།། ཆོས་ལོངས་སྤྲུལ་པ ་སོ་སོར་གནས།། ཉན་ཐོས་པ་ཡི་ཆོས་སྐུ་ནི།། ཞི་བ་མྱ་ངན་འདས་པའོ།། ལོངས་སྐུ་ཤཱཀ་ཐུབ་མཚན་དཔེར་ལྡན།། སྦྲུལ་སྐུ་བྱམས་པ་ཉན་ཐོས་སྤྲུལ།། རང་ཉིད་སངས་རྒྱས་སྐུ་གསུམ་ནི།། ཆོས་སྐུ་ཞི་བ་མྱ་ངན ་འདས།། ལོངས་སྐུ་ཤཱཀ་ཐུབ་ཆོས་དབང་ཕྱུག། སྤྲུལ་པ་རྫུ་འཕྲུལ་ཡ་མ་ཟུང་།། བྱང་ཆུབ་སེམས་དཔའི་སྐུ་གསུམ་སྣང་།། ཆོས་སྐུ་དོན་དམ་ཀུན་ཏུ་འོད།། ལོངས་སྐུ་རྣམ་སྣང་ཡེ་ཤེས་འོད།། སྦྲུལ་སྐུ་ཤཱཀྱ་ཐུབ་པ ་ཉིད།། གསུམ་ཉིད་གཙོར་སྟོན་སྐུ་གསུམ་ནི།། དག་པ་ཆོས་ཉིད་མངོན་བྱས་ཆོས།། ལོངས་སྐུ་རིགས་གསུམ་མགོན་པོར་སྣང་།། ཞིང་ཁམས་ཐ་དད་དོན་བྱེད་སྦྲུལ།། ཆ་གཉིས་འཛིན་པའི་ཆོས་སྐུ ་ནི།། འོད་གསལ་མངོན་བྱས་རྡོ་རྗེ་འཆང་།། ལོངས་སྐུ་རིགས་བཞིའི་རྡོ་རྗེ་འཛིན།། ཞིང་ཁམས་ཐ་དད་དོན་བྱེད་སྤྲུལ།། རྣལ་འབྱོར་སྐུ་གསུམ་ཆོས་སྐུ་ནི།། དབྱིངས་དག་སྡུག་པོ་བཀོད་པའི་ས།། ལོངས་སྐུ་རྡོར ་དབྱིངས་རྣམ་སྣང་ཡུམ།། ཐ་དད་ཞིང་ཁམས་དོན་མཛད་སྤྲུལ།། རྣལ་འབྱོར་ཆེན་པོའི་སྐུ་གསུམ་ནི།། ཆོས་སྐུ་རང་བྱུང་འོད་གསལ་ཉིད།། ལོངས་སྐུ་རྒྱལ་དྲུག་ཡུམ་དང་འཁྲིལ།། སྦྲུལ་སྐུ་ཞི་ཁྲོ་ཐུབ་པ་དྲུག། རྗེས་སུ ་རྣལ་འབྱོར་ཆོས་སྐུ་ནི།། ཡེ་ཤེས་དབྱིངས་འབྲེལ་བདེ་ཆེན་སྲས།། ལོངས་སྐུ་ཀུན་བཟང་ཡབ་དང་ཡུམ།། སྤྲུལ་པ་ཐུབ་དྲུག་ཁྱད་པར་ཁྲོ།། རྫོགས་པའི་རྣལ་འབྱོར་སྐུ་གསུམ་ནི།། ཡིད་ཉིད་སྨྲ་བསམ་འདས་པའི ་ཆོས།། ལོངས་སྐུ་ལྷུན་གྲུབ་ཐུན་མོང་མིན།། དེ་ཁོ་ན་ཉིད་ཅིར་ཡང་སྤྲུལ།། འོག་མའི་སྐུ་གསུམ་ཐོབ་པ་ཡིས།། ད་གདོད་བློ་སེམས་འདིར་བསྐྱེད་པས།། གོང་མའི་ལམ་གྱི་སྟེགས་སུ་འགྱུར།། གོང་མས་འོག་སྤྱད་གོལ ་བར་འགྱུར།། སྐུ་རྣམས་ལྷུན་གྲུབ་སྐུ་ལྔར་ཐིམ།། དེ་ལས་འདུ་འཕྲོ་སྣང་བ་ནི།། རྒྱ་མཚོར་ཆུ་བྲན་འབྱུང་འཇུག་འདྲ།། ཉི་ཤུ་རྩ་ལྔ་ཀུན་བཟང་དང་།། དབྱེ་བ་མེད་པར་གང་གྱུར་པ།། སངས་རྒྱས་སྤྱི་ཡི་གཟུགས་ཅན ་ཡིན།། རྒྱུད་ཀུན་རྟོགས་པའི་རྩ་བར་ཤར།། སྐུ་ལྔ་ཀུན་བཟང་དབྱེར་མེད་པས།། རྒྱལ་བ་དྲུག་པ་ཞེས་ཀྱང་བྱ།། རིགས་ལྔ་ཀུན་བཟང་དབྱེར་མེད་པ།། རིགས་དྲུག་པ་ཡི་སྟོན་པ་ཉིད།། གྲོལ་དང་མ་གྲོལ་གཉིས ་སུ་འདོད།། དེ་ནི་གཉིས་འཛིན་མཐར་ཐུག་པས།། ཡང་དག་རྫོགས་པའི་སངས་རྒྱས་ནི།། གཉིས་འཛིན་མཐའ་ལ་མི་གནས་པས།། ཐ་སྙད་ཙམ་དུ་གྲོལ་ཞེས་བརྗོད།། བརྗོད་པས་གཞི་དོན་སྐྱེ་མེད་རྟོགས།། རང ་གནས་ཞེན་བྲལ་མངོན་བྱས་པ།། དེ་ལ་མིང་དུ་གྲོལ་ཞེས་བརྗོད།། ངོ་བོ་འདི་འདྲར་བསྟན་པར་དཀའ།། དོན་མ་གོ་བའི་འོག་མ་ལ།། ཚིག་ཕྱིར་བློ་འབྲེང་ཚིག་ལ་ཞེ་ན།། གང་ཞིག་ནང་པར་ཁས་བླངས་ཡང་།། དེ ་ལ་རྟོགས་པའི་ལྟ་བ་མེད།། ཚིག་ཕྱིར་འབྲེང་ལ་དོན་མེད་པས།། ཚིག་གི་དོན་ཉིད་མཚོན་འགྱུར་ཡང་།། ཚིག་ལ་མི་གནས་དོན་ལ་རྟོག། དོན་རྟོགས་སངས་རྒྱས་དགོངས་པ་འགྲུབ།། ཚིག་ཤེས་རྟོག་གེའི་སྤྱོད ་ཡུལ་འཁྲུལ།། དོན་ལ་བརྡའ་ཤེད་མ་བྱེ་བའི།། བློ་དམན་བྱིས་པའི་ཆོས་རྣམས་ལ།། ཡང་དག་ལྟ་བ་གང་ལ་ཡོད།། དོན་རྣམས་མ་ནོར་རྟོགས་པ་ནི།། སེམས་བསྐྱེད་ལམ་དང་ལྡན་པ་ཡིན།། དགེ་བའི་ཆོས་ལ ་ཞུགས་པ་ཡིན།། བལྟ་དགོངས་དོན་འཇུག་སྐལ་ལྡན་ཡིན།། དོན་རྟོགས་སྟོན་པའི་སློབ་དཔོན་ནི།། སྟོན་པ་རྡོ་རྗེ་འཆང་ཆེན་ཡིན།། སློབ་མས་དེ་ཐོབ་བྱང་ཆུབ་སེམས།། གང་ཞིག་དོན་གོ་གསང་སྔགས་ཆོས།། དེ ་གསུང་གནས་དེ་འོག་མིན་ཉིད།། དེ་ལྟར་སྡུད་ཤེས་གསང་བདག་ཉིད།། ཅེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། འབྲས་བུ་མཐར་ཕྱིན་པའི་རྒྱུད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན ་པའོ།། །། དེ་ནས་དེ་བཞིན་གཤེགས་པའི་འཁོར་རྣམས་ཀྱིས་སྟོན་པ་དང་བསྟན་པ་ལ་བསྟོད་པ་འདིས་བསྟོད་དོ།། ཨེ་མའོ་ངོ་མཚར་ཡ་མཚན་གྱི།། རང་བཞིན་དཀྱིལ་འཁོར་རྣམ་གསུམ་གྱིས།། བསྟན་པ ་གཞི་ཉིད་མངོན་སངས་རྒྱས།། གླང་ཆེན་རྩལ་གྱིས་གཅོད་འགྱུར་བ།། རབ་འབོག་མཚན་གྱིས་རྟོགས་པར་བྱེད།། རང་བཞིན་སྣང་བ་བཅིངས་གྲོལ་འབྲས།། གཞི་ཡི་གནས་ལུགས་ཡེ་སངས་རྒྱས།། མ་རིག་སྣང ་ལུགས་ཆེན་པོ་ཡིས།། འཁྲུལ་པའི་འཁོར་བ་གཏན་ལ་འབེབས།། མྱ་ངན་འདས་པའི་དགོངས་པ་ཡིས།། སྐུ་གསུམ་སངས་རྒྱས་མཛད་པ་ཤར།། འཁོར་འདས་སྣང་བའི་དཀྱིལ་འཁོར་གྱིས།། སྣང་བ་མ་ལུས་རྟོགས ་པར་འགྱུར།། ཐེག་པའི་ཁྱད་པར་རབ་ཕྱེ་བས།། གོང་འོག་དབྱེ་བས་རྟོགས་པར་བྱེད།། ཐུགས་རྗེ་ཆེན་པོའི་སྐྱེ་ཚུལ་གྱིས།། གདུལ་བྱ་ཡལ་བར་མི་འདོར་བྱེད།། འདུལ་ཚུལ་ཐེག་པའི་བྱུང་ཚུལ་གྱིས།། ཆོས་ཀྱི་འཁོར ་ལོ་སྣང་བར་འགྱུར།། རྒྱན་བདུན་རྣམ་པར་ཕྱེ་བ་ཡིས།། གསང་སྔགས་རྒྱུད་ཀྱི་བཤད་པ་རྟོགས།། ལྷན་ཅིག་གོ་ཕྱེའི་དྲིས་ལན་གྱིས།། ལྷུན་གྲུབ་ཀ་དག་དོན་རྣམས་རྟོགས།། ཐེག་པའི་བལྟ་དགོངས་སོ་སོ། ་ཡིས།། འཁོར་འདས་རང་སྣང་རྩོལ་བ་བྲལ།། སྐལ་ལྡན་རང་བཞིན་སྦྱངས་པ་ཡིས།། གཞན་ཡས་གཏན་ལ་ཕེབས་པར་བྱེད།། སྐུ་ལྔ་དགོངས་པ་བསྟན་པ་ཡིས།། དངོས་ལྔས་གཏན་ཚིགས་གཞི་ཤེས་བྱེད།། རིགས ་འཛིན་ཆོས་ཀྱི་བྱུང་ཚུལ་གྱིས།། ཚུལ་ལྔའི་སྣང་བ་འབྱུང་བར་འགྱུར།། སྐུ་ལྔའི་ཚིག་ལ་རྟོགས་པ་ཡིས།། དཔྱད་དུ་ཡོད་མེད་ཤེས་པར་བྱེད།། གཏན་ཚིགས་གྲངས་དྲུག་ཕྱེ་བ་ཡིས།། ཆོས་རྣམས་གཏན་ལ་ཕེབས་པར ་འགྱུར།། རྒྱུ་རྐྱེན་འབྲས་བུ་བསྟན་པ་ཡིས།། ཤེས་འཇུག་མཐར་ཕྱིན་རྟོགས་པར་བྱེད།། ཞིང་ཁམས་ཡེ་ཤེས་རང་ཤར་བས།། རང་བྱུང་ཡེ་ཤེས་དབང་རབ་དོན།། ཚད་མ་སྒྲ་མཐུན་དབྱེ་བ་ཡིས།། གཏན ་ཚིགས་ཐམས་ཅད་རྒྱས་པར་བཤད།། ཐེག་པའི་ལྟ་སྤྱོད་སོ་སོ་ཡིས།། ཆོས་ཀྱི་རང་གཞུང་སོ་སོར་སྤྱད།། རྣམ་གསུམ་ལྷ་ཡི་རིམ་པ་ཡིས།། ཐ་མ་ལྷ་སྐུས་གྲོལ་བར་འགྱུར།། ཐེག་པའི་ཁྱད་པར་ཤེས་བྱའི་ཕྱིར།། ལམ ་སྟེགས་གོལ་སའི་ཆེ་བ་འབྱིན།། ཆ་རྐྱེན་བཅུ་ཡི་ཁྱད་པར་གྱིས།། ཟག་བཅས་ཟག་མེད་སོ་སོར་སྤྱོད།། ལམ་གྱི་རྣམ་གྲངས་དབྱེ་བ་ཡིས།། བསྐྱོད་ཚུལ་བྱེ་བྲག་ཤེས་པར་བྱེད།། ལམ་གྱི་བསྐྱོད་ཚུལ་བཤད་པས ་ནི།། འབྲས་བུའི་དོན་ལ་གནས་པར་འགྱུར།། རང་བཞིན་འབྲས་བུ་རབ་བཤད་པས།། སྐུ་ལྔ་ལྷུན་གྲུབ་སྐུ་གསུམ་ཤེས།། དེ་བཞིན་ཉིད་དང་ཇི་བཞིན་པ།། སྟོང་པ་ཉིད་དང་གང་མ་གྲུབ།། སྨྲ་བསམ་འདས་དང ་བརྗོད་དུ་མེད།། ཆོས་དབྱིངས་སྐྱེ་མེད་འཛིན་མེད་དང་།། བློ་འདས་སྤྲོས་བྲལ་དེ་ཁོ་ན།། མ་ནོར་མ་བཅོས་གཞན་མ་ཡིན།། དོན་དམ་ཀུན་རྫོབ་འཁྲུལ་སྣང་དང་།། དེ་བཞིན་གཤེགས་དང་བཅོམ་ལྡན ་འདས།། མཉམ་ཉིད་དབྱེར་མེད་གཉིས་མེད་དང་།། སངས་རྒྱས་བྱང་ཆུབ་བདེ་ཆེན་དང་།། བཙལ་མེད་ལ་སོགས་ཐུན་མོང་མཚན།། འོག་མ་ཇི་བཞིན་སོར་བཞག་ལས།། འདིར་ནི་ངེས་བློ་བཞག་དཀའ ་ཡང་།། བརྒྱད་ཀྱི་གྲོལ་བ་གཅིག་ཏུ་བབ།། སྒྲ་ནི་ཇི་བཞིན་ཇི་བཞིན་ཉིད།། ཐུན་མོང་ཁྱད་པར་དྲང་ངེས་དང་།། ལྡེམ་དགོངས་དེ་ལའང་བྱེ་བྲག་བརྒྱད།། ཚིག་རྣམས་བཞི་ལའང་མིང་འདོགས་ཕྱེ།། དེ་དག་སྟོན་པས ་བཀའ་སྩལ་པ།། རྒྱས་པས་མིག་ཕྱེ་དཀའ་བ་ཁྲོལ།། དེ་དག་ཇི་ལྟར་ཤེས་འགྱུར་བ།། གླང་པོ་རབ་འབོག་བཤད་པའི་རྒྱུད།། རབ་གསུང་ཁྱེད་ལ་ཕྱག་འཚལ་བསྟོད།། ཅེས་ནི་འཁོར་གྱིས་བརྗོད་གསན་ནས།། དེ ་ནས་བདེ་གཤེགས་རྡོ་རྗེ་འཆང་།། དགོངས་པས་རབ་ཏུ་གསལ་བར་བྱ།། སྣང་ཕྱོགས་སྟོང་ཕྱོགས་གཉིས་མེད་འབྲེལ།། སྣང་ཕྱོགས་ཇི་བཞིན་བཤད་ཚུལ་ནི།། དེ་ལའང་གོང་འོག་ཁྱད་པར་ཡོད།། འཁྲུལ་སྣང་གློ། ་བུར་སྤང་དགག་སྦྱང་།། རིག་པ་སྒྱུ་མའི་རྩལ་རང་སྣང་།། སྟོང་ཕྱོགས་སྣང་དུ་རུང་མི་རུང་།། གཉིས་མེད་དོན་དམ་ལ་བཅིངས་དང་།། དེ་མི་འདོར་ལ་ཀུན་རྫོབ་ཀྱང་།། ངན་སྤང་བཟང་བརྩིས་འབྲས་བུའི ་གྲངས།། གཞི་ནས་ལམ་གྱི་ཧྲིལ་མོའམ།། གང་གིས་འདོད་པའི་རྒྱབ་ལོག་ནི།། ཇི་བཞིན་མ་ཡིན་མི་སྤང་བའོ།། ཞེན་ཀྱང་དེ་ཀུན་ཐུན་མོང་པས།། འདིར་ཡང་མི་སྤང་ནམ་མཁའ་བཞིན།། ཁྱད་བཤད་ཚིག་གཅིག་ངོ ་བོཔོ་ལ།། དོན་ནི་དུ་མ་འབྱུང་བར་ཤེས།། མཚན་རྣམས་ཐུན་མོང་གསུངས་པ་ནི།། འོག་མ་དྲང་ཕྱིར་ངེས་ཚིག་འགྲུབ།། དེ་དོན་ཚིག་གཅིག་དོན་ལ་ཡང་།། བློ་དཔག་དཀའ་བར་ཁོང་དུ་ཆུད།། དགོངས་པ་བཞི་དང ་ལྡེམ་པོ་བཞི།། བརྒྱད་ཀྱིས་གཏན་ལ་ཕབ་སྟེ་བཤད།། གླང་པོ་རབ་འབོག་བཤད་པའི་རྒྱུད།། མེ་ཤེལ་ཤིན་ཏུ་དག་གྱུར་ཅིང་།། ཉི་མ་སྤྲིན་དང་བྲལ་གྱུར་པས།། སྨྲ་བ་རླན་མེད་རེག་པས་ནི།། དེ་ལ་མེ་ནི་འབྱུང་བར ་འགྱུར།། བླ་མ་ཆོས་ཀྱི་སྡོང་པོ་ཉིད།། རབ་འབྱམས་བཀའ་ཡི་ཉི་མ་ཤར།། སློབ་མ་བླ་མའི་ཐུགས་ལ་རེག། སངས་རྒྱས་འབྲས་བུ་འབྱུང་བར་འགྱུར།། ཐོས་བསམ་བསྒོམ་ལ་བརྩོན་བྱས་ནས།། བློ་ཉིད་སྦྱངས་པར ་མ་གྱུར་ཀྱང་།། བླ་མའི་གདམས་ངག་སྟོབས་ཀྱིས་ནི།། ཐབས་ཀྱི་མན་ངག་འཆར་གྱུར་པས།། སྔོན་དུ་དབང་རྣམས་རྫོགས་བྱས་ལ།། རྩ་སྔགས་ཐིག་ལེ་རླུང་ལ་སྦྱངས།། དབང་པོ་ཤིན་ཏུ་དམན་པ་དང་།། ཤེས་རབ ་ཆུང་བ་དད་བརྩོན་གྱིས།། འགྲུབ་འགྱུར་ཐབས་ཀྱི་ལམ་ལ་སྦྱངས།། གླང་པོ་རབ་འབོག་བཤད་པའི་རྒྱུད།། ཆུ་ཤེལ་དྲི་མ་མེད་པ་དང་།། ཟླ་བ་སྦྱིན་པའི་ཚོགས་དང་བྲལ།། འཁར་གཞོང་དག་པའི་ནང་བཞག་ན།། ་ཡི་རྒྱུན་རྣམས་འབྱུང་བར་འགྱུར།། གླང་པོ་རྒྱུད་ལུང་ལྟ་བས་འགྱིངས།། བསྟན་པ་རྒྱ་མཚོ་ཆུ་ཡི་རྒྱུན།། སློབ་རྒྱུད་འཁར་གཞོང་ནང་དུ་འབབ།། ཐོས་པའི་ཤེས་རབ་སྒྲ་ལ་དམིགས།། རྣ་བའི་དབང་པོས ་ཉན་པར་བྱ།། བསམ་པའི་ཤེས་རབ་སྒྲ་དོན་འདྲེས།། ལྕེ་ཡིས་ཕྱུང་ལ་ཡིད་ལ་བརྟགས།། སྒོམ་པའི་ཤེས་རབ་ཡིད་ལ་གནས།། དོན་སྤྱི་རང་གི་མཚན་ཉིད་རྟོགས།། གྲོལ་ལམ་རྒྱུད་ལ་ལྟ་བ་སྐྱེ།། རང་གི་ཤེས་པ ་ཉམས་སུ་མྱོང་།། མཚོ་འགྲམ་པདྨའི་སྡོང་པོ་འབབ།། ནགས་ཀྱི་བུང་པས་པད་སྦྲང་ལེན།། རང་གི་ལུས་དང་བུ་རྣམས་གསོ།། ཆུ་ཡི་སྦལ་པ་པདྨ་ཡིས།། སྤུ་ཟུག་ཉི་མའི་བསིལ་གྲིབ་བསྙེག། སྐྱོན་དུ་བལྟས་ནས་འབྱར ་མི་ནུས།། བླ་མ་པདྨའི་མེ་ཏོག་རྒྱས།། སྣོད་ལྡན་ཐག་རིང་གདམས་ངག་བཅུད།། བླངས་ནས་རང་བསྒོམ་འགྲོ་རྣམས་འདུལ།། ཆོས་ཀྱི་སྒྲོན་མེས་མུན་པ་སེལ།། སྣོད་ངན་སྦལ་པ་རྩར་གནས་པས།། ཡོན་ཏན་མི ་ཤེས་སྐྱོན་རྣམས་མཐོང་།། གཤེ་སྐུར་སྒྲོས་སྤང་སྐུར་པ་འདེབས།། ཆོས་ཀྱི་བདུད་རྩི་ཐོབ་པར་འགྱུར།། ངན་སོང་གནས་སུ་གནས་པར་བྱེད།། ནམ་མཁའ་དབྱིངས་ཀྱི་དཀྱིལ་འཁོར་ན།། སྤྲིན་ནག་ཕུང་པོ་རབ་ཏུ ་འཐིབས།། འབྲུག་གི་སྒྲ་ལས་ཐོག་སེར་འཁྲུགས།། ལོ་ཐོག་འཇོམས་ཤིང་ཡུལ་མཁར་བརླག། ཆར་གྱི་རྒྱུན་བབས་ས་གཞི་སྣུམ།། རྩི་བཅུད་འཁྲུངས་པས་གསོས་གྱུར་པས།། འགྲོ་རྣམས་བཟའ་བཏུང་ཕུན་སུམ ་ཚོགས།། དགོངས་ལྡན་རྟོགས་པའི་སློབ་དཔོན་ལ།། ཡུལ་ཁམས་སློབ་མའི་སྤྲིན་འདུས་ནས།། བསྒོམ་བསྒྲུབ་གསང་སྔགས་སྒྲ་བསྒྲགས་པས།། ཕོ་ཉ་སྤྲུལ་པའི་ཐོག་སེར་གྱིས།། དངོས་གྲུབ་ལོ་ཐོག་འཕྲོག་པའི ་བགེགས།། གནས་རྟེན་རང་ལུས་རྡུལ་དུ་བརླག། ཡུལ་ཁམས་བཀྲ་ཤིས་རང་རྒྱུད་སྣུམ།། ཐུན་མོང་མཆོག་གི་དངོས་གྲུབ་སྩོལ།། ཟག་མེད་སྐོམ་གྱིས་དམྱལ་ཚོགས་ཞི།། བདེ་ཆེན་ཟས་ཀྱིས་ཡི་དྭགས་བྲལ།། དངོས ་གྲུབ་རང་གཞན་བདེ་ལ་བཀོད།། རྒྱ་མཚོ་ནས་འབབ་གངྒཱའི་ཆུ།། བུ་མོས་བླངས་ནས་མི་གཙང་འཁྲུད།། མེ་ལོང་བཞིན་ཤར་དྲི་མ་མེད།། བྱད་ཀྱི་བཀྲག་མདངས་འབར་གྱུར་པས།། ཀུན་གྱིས་སྲིད་སྤངས་དེ་ལ ་འཁོར།། དེ་དང་མི་འབྲལ་འགྲོགས་པར་སྨོན།། སངས་རྒྱས་དགོངས་པའི་རྒྱ་མཚོ་ནས།། བླ་མས་དབང་གི་ཆུ་བོ་རྫོགས།། རིག་མ་བུ་མོ་མཚན་ལྡན་ལ།། མི་གཙང་འཁྲུ་བས་བུ་ལ་སྦྱིན།། སྣོད་ལྡན་བུ་ལ་བདེ་བ ་རྒྱས།། ཐ་མལ་འདོད་ཆགས་དྲི་མ་དག། ཆགས་པ་ཉིད་ཀྱིས་གྲོལ་གྱུར་པ།། ཀུན་ཏུ་ལུས་ནི་བུ་ཆུང་འདྲ།། ཚེ་ནི་ཉི་ཟླ་དག་དང་མཉམ།། མི་རྣམས་བུད་མེད་ཀུན་ཡིད་འོང་།། མ་དང་མཁའ་འགྲོའི་འཁོར་གྱིས ་བསྐོར།། སྐུ་གསུམ་འབྲས་ཐོབ་མི་འབྲལ་ཞིང་།། མཁའ་སྤྱོད་གནས་སུ་འགྲོགས་པར་སྨོན།། བདེ་ཆེན་འདུ་འབྲལ་མེད་པ་ཡི།། ཀུན་བཟང་ཡབ་ཡུམ་སྲས་དང་བཅས།། དཀྱིལ་འཁོར་ཐམས་ཅད་འབྱིན་པར ་བྱེད།། མཐོང་ཡུལ་ཀུན་ཏུ་བཟང་མོ་ཉིད།། ཡུལ་ལྔ་ཆོས་དབྱིངས་གཞལ་ཡས་ཁང་།། ཡིད་ནི་ཀུན་ཏུ་བཟང་པོར་གནས།། ཡབ་ལྔ་ཡེ་ཤེས་ཆེན་པོར་གནས།། དབྱིངས་དང་ཡེ་ཤེས་དབྱེར་མེད ་པའི།། ཐབས་དང་ཤེས་རབ་འབྲེལ་པའི་རྒྱུད།། རྒྱུ་སྤུན་འདྲེས་པའི་ཐགས་བཏགས་པས།། ན་བཟས་གྲང་བ་སྐྱོབ་ཅིང་མཛེས།། ཐེག་ཆེན་དམ་ཆོས་བཅུད་ཟ་བ།། ལུས་ལ་དྲོད་འབར་ཕྱི་རོལ་བརྗིད།། སྡུག་བསྔལ ་ནད་སེལ་སྨན་འདྲའི་རྒྱུད།། བཅུད་ལེན་མདངས་བཟང་ཚེ་སྲོག་འཛིན།། དམ་ཆོས་སྨན་གྱིས་གཅོང་ནད་སེལ།། ལུས་གཞོན་ཚེ་ཡི་དངོས་གྲུབ་བརྙེས།། རྒྱ་མཚོ་ཆེ་ལས་ཆུ་རྒྱུན་འབབ།། འགྲོ་བ་རྣམས་ཀྱི་གསོས་གྱུར། ་ནས།། སྐོམ་ནད་ཚད་པའི་གདུང་བ་བྲལ།། སླར་ཉིད་རྒྱ་མཚོ་ཉིད་དུ་ཐིམ། ཆོས་དབྱིང་རྒྱ་མཚོ་ཡེ་ཤེས་ཆུ།། འགྲོ་བའི་ལུས་ངག་ཡིད་བཀྲུས་ནས།། དུག་ལྔ་རྒྱལ་བའི་རིགས་ལྔར་སྨིན།། དུག་གསུམ་སྐུ་གསུམ་མཐོང ་འགྱུར་བ།། ཆོས་ཀྱི་དབྱིངས་ཀྱི་ངང་ན་བཞུགས།། གླང་པོ་རབ་འབོག་བཤད་པའི་རྒྱུད།། འགྲོ་བའི་དོན་དུ་ཁྱེད་རྣམས་ཟུང་།། དེ་སྐད་སྟོན་པས་གཏད་གྱུར་པས།། དེ་ནས་འཁོར་གྱི་ཚོགས་རྣམས་ཀྱིས།། མགྲིན ་གཅིག་སྨྲས་པ་འདི་གསུངས་སོ།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན།། ཆོས་སྐུ་དྲི་མ་མེད་པ་བཞུགས།། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས།། རྒྱལ་ཚབ་སྟོན་པར་ཞལ་གྱིས་བཞེས།། དེ་ལ་འདུད་པའི་བྱང་སེམས ་འཁོར།། ལོངས་སྐུའི་བསྟན་པ་རྒྱས་པར་འགྱུར།། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན།། སྦྲུལ་སྐུ་ཐུབ་པ་དྲུག་རྣམས་བཞུགས།། ཚེ་ལ་དབང་ཐོབ་རིག་འཛིན་གྱིས།། རྒྱལ་ཚབ་སྟོན་པའི་རྒྱུད་བཟུང་ནས།། ཁམས་གསུམ ་སེམས་ཅན་མ་ལུས་ལ།། སྦྲུལ་སྐུའི་བསྟན་པ་རྒྱས་པར་འགྱུར།། རྒྱས་མཛད་རྣམ་སྨིན་རིག་འཛིན་གྱིས།། ཆོས་ཀྱི་སྒྲོན་མ་འདི་དག་ལ།། སྡུད་པས་བསྡུས་བཞིན་རྒྱས་མཛད་པ།། མ་མོ་མཁའ་འགྲོས་བཀའ་སྲུང ་བྱེད།། འཁོར་བ་སངས་རྒྱས་ས་ལ་འདྲེན།། རྒྱུད་མཆོག་གསུངས་ལ་རྗེས་ཡི་རང་།། ཞེས་གསུངས་སོ།། གླང་པོ་རབ་འབོག་གི་རྒྱུད་ལས། རྗེས་སུ་ཡི་རང་བ་སྟེ་ལེའུ་ཉེར་བརྒྱད་པའོ།། །། གླང་པོ་རབ་འབོག ་བཤད་པའི་རྒྱུད་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་བི་ཤྭ་མི་ཏྲ་དང་།། ལོ་ཙཱ་བ་འཇིང་གསལ་འབར་གྱིས་བསྒྱུར་བའོ།། །། འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས ་