CLOSE WINDOW

Gpb016.003: phur pa bcu gnyis kyi rgyud ces bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀཱི་ལ་ཡ་དཱ་ད་ཤ་ཏནྟྲ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཐོག་མ་ཟུག་པ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ ་ལོལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་གསུམ་གྱི་བདག་པོ། སྤྲོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་རྣམ་པར་དག་པའི་བདག་ཉིད། གཉིས་སུ་མེད་པ་ལས་བྱུང་བའི་པདྨ་ཆེན་པོ། སྤྲོས་པ་དང་བྲལ་བའི་གསུང་རྡོ་རྗེ་ལྟ་བུ་ལ་མངའ་བརྙེས་པ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཐམས་ཅད་འབྱུང་བའི་རྒྱལ ་པོས་ཐམས་ཅད་ལ་རྒྱས་པར་མཛད་པ། ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་མངའ་བདག་གིས་རྒྱལ་པོ། དམ་ཚིག་ཐམས་ཅད་ཉེ་བར་སོན་པའི་བདག་པོ་གསང་བ་གཉིས་སུ་མེད་པའི་སྔགས་ལ་མངའ ་བརྙེས་པ། གསང་བ་བཞིའི་ངོ་བོ་ཉིད་དུ་གྱུར་པའི་རྒྱལ་པོ། ཉོན་མོངས་པ་རྣམས་རབ་ཏུ་འཇོམས་ཤིང་རྣམ་པར་དག་པའི་བདག་ཉིད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་ཀུན་ཏུ་འདུལ་བའི་སྒོ་ཡངས་པར ་མཛད་པ། དུས་གསུམ་གྱི་ཆོས་ཐམས་ཅད་མ་ལུས་མི་ལུས་ལུས་པ་མེད་པའི་མངའ་བདག། རོལ་པའི་མཛད་སྤྱོད་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ལ་མངའ་བརྙེས་པ་ནི། འོག ་མིན་གྱི་གནས་གཉིས་སུ་མེད་པ་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་གསང་བའི་གནས། བཙུན་མོའི་བྷ་ག། ཕོ་བྲང་ལྷུན་གྱིས་གྲུབ་པ་ཐམས་ཅད་ཀྱིས་ལོངས་སྤྱོད་ཀྱིས་བརྒྱན་པ། དུར་ཁྲོད་ཀྱི་ཞལ་ཡས་ཁང་། ་ཡེ་ནས་རྣམ་པར་དག་པའི་པདྨ་ཁ་དོག་སྣ་ཚོགས་པ་དང་། དབྱིབས་སྣ་ཚོགས་པས་བརྒྱན་པ། ཡོན་ཏན་དཔག་ཅིང་གཞལ་བ་ལས་འདས་པའི་གཞལ་ཡས་ཁང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་ཕྱི་དང་ནང ་མེད་པར་ཕྱོགས་བཅུར་འཁྲིགས་ཤིང་རྣམ་པར་བཀླུབས་པ། ཐོག་མ་དང་མཐའ་མ་མེད་པར་རང་བྱུང་བ་ན། རྣལ་འབྱོར་གྱི་དབང་ཕྱུག་རྒྱལ་བ་རིགས་ལྔའི་སངས་རྒྱས་ཀྱིས་ནམ་མཁའི་མཐའ་ཀླས་པ། རྒྱལ་བ ་སངས་རྒྱས་ཀྱི་བཙུན་མོ་དམ་པ་ལ་སོགས་ཏེ་རྣལ་འབྱོར་མ་ཆེན་མོ་དང་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་ལས་སྤྲུལ་པའི་སེམས་དཔའི་ཚོགས་བཙུན་མོའི་སེམས་མ་དང་བཅས་པ་དང་། གཞན་ཡང་སྤྲུལ་པ་དང ་སྤྲུལ་པ་ལས་གྱུར་པའི་སྲས་ཀྱི་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། ཞིང་གི་རྡུལ་སྙེད་དང་ཐབས་ཅིག་ཏུ་བསྙེལ་བ་མི་མངའ་བར་བཞུགས་པ་ནི། ཚུལ་རྣམ་པ་བཞིས་ཀུན་ལ་ཁྱབ་པར་བཞུགས ་སོ།། རོལ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་ཏིལ་གྱི་གང་བུ་བཞིན་ཀུན་ལ་ཁྱབ་པར་བཞུགས་སོ།། རྣམ་པའི་ཁྱད་པར་གྱིས་བཞུགས་སོ།། འཁོར་གྱི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ནས་ཀྱང་། རྣལ་འབྱོར་ཀྱི་དབང་ཕྱུག ་ཆེན་པོ་རྡོ་རྗེ་ཆོས་དང་། བཙུན་མོ་སྟོང་པ་དང་བཅས་པ་གཉིས་སུ་མེད་པའི་ཚུལ་དུ་རྣམ་པར་དག་པའི་རང་བཞིན་གྱིས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་རབ་ཏུ་མཛེས་པའི་ཚུལ་བཟུང་ནས། བཀའ ་ནོད་ཅིང་སྤོབས་པ་ཅན་དུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཕྱི་དང་ནང་དང་སྣང་བ་ཐམས་ཅད་ལ་མ་བཅོས་པའི་སྤྱན་གྱིས་སོ་སོའི་བྱེ་བྲག་གིས་དབང་དུ་གཟིགས ་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཁྱད་པར་དུ་ཡང་གཟིགས་སོ།། དེ་བཞིན་དུ་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་ལ་གྲངས་མེད་ཅིང་བགྲང་བ་ལས་འདས་པའི་དུས་གསུམ་གྱི་སངས་རྒྱས་ལ་ཡང་གཟིགས ་སོ།། སྤྱན་རྣམ་པར་དག་པའི་རྫུ་འཕྲུལ་གྱིས། ཀུན་ལ་ཁྱབ་ཅིང་སོ་སོའི་བྱེ་བྲག་ཏུ་གཟིགས་སོ།། རྣམ་པར་གཟིགས་སོ།། རྣམ་པར་གཟིགས་ནས། ཆོས་ཐམས་ཅད་མ་བཅོས་པའི་དེ་བཞིན་ཉིད་ལ་མནལ་ཏེ། སྒྲ ་བསམ་ལས་འདས་པ། གང་གི་ངོ་བོར་ཡང་གྲུབ་པ་མ་ཡིན་ཅིང་། བཅོས་པ་མ་ཡིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བཅོས་མ་ཡིན་པར ་གྱུར་པ་ནི། དེས་ནམ་མཁའི་མཚན་ཉིད་ཀྱིས་ཀྱང་དཔག་ཏུ་རུང་བ་མ་ཡིན་པའོ།། དེ་ནས་ཡུམ་སངས་རྒྱས་སྤྱན་གྱིས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དགོངས་པ་བཅོས་མ་མ་ཡིན་པ་ལ་མནལ་བཞིན ་དུ་སེམས་ཅན་གྱི་དོན་དུ་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། མ་བཅོས་སྤྲོས་མེད་རྣམ་དག་ཀློང་ཡངས་ནས།། ཁྱབ་པའི་སྙིང་རྗེ་འབྱུང་བར་མི་དམིགས་ཀྱང་།། སྔོན་གྱི་སྨོན་ལམ་རྗེས་སུ་དགོངས་མཛད་ནས།། ཁྱབ ་པའི་སྙིང་རྗེ་ཆེན་པོ་ནམ་མཁར་སྟོན།། ཞེས་བསྐུལ་བས། གསང་བ་མཆོག་གི་བདག་པོ་དེས་བསྐུལ་བར་མཁྱེན་ནས། བཅོས་མ་མ་ཡིན་པའི་ངང་ལས་གཡོས་ཏེ།། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས ་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ལ་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནམ་མཁའི་ངོ་བོ་ཙམ་དུ་གནས་པར་གྱུར་ཏོ།། དེ་ནས་ཡང་ཡུམ ་གོས་དཀར་མོས་མ་གཡོས་པའི་ངང་ལས་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། ཀུན་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་འདི།། མ་ལྟར་བྱམས་ཤིང་ཐུགས་རྗེས་ཀུན་ལ་འཛིན།། མ་བསྒྲིབས་གསལ་བའི་ཐུགས་རྗེའི་དབྱིངས ་ཉིད་ལས།། བདེ་མཆོག་ལོངས་སྤྱོད་བདག་ལ་བསྟན་དུ་གསོལ།། ཧོ་ཞེས་རྣམ་པར་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས། ནམ་མཁའ་བརྗོད་མེད་ཀྱི་ངང ་ལས་རིག་པ་བརྗོད་པའི་ཆོ་འཕྲུལ་སྙིང་རྗེའི་དབང་གིས་རྣམ་པར་ཕྱུང་སྟེ། རྣམ་པར་གསལ་བར་མཛད་པའི་གཟི་བརྗིད་ནི་ནམ་མཁའི་དབྱིངས་རུམ་ནས་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་འོད་ཟེར་ལྟ་བུར་རྡོ་རྗེའི ་སྐུ་མངོན་དུ་ཕྱུང་ངོ་།། དེ་ནས་ཡང་ཡུམ་མཱ་མ་ཀིས་སྐུ་མངོན་དུ་གསལ་བའི་ངང་ལས་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། རིག་པའི་སྐུ་མཆོག་རྣམ་པར་གསལ་བ་ནི།། ཡོངས་སུ་གསལ་ཞིང་དྲི་མ་རྣམས ་དང་བྲལ།། ཐུགས་རྗེ་ཆེན་པོས་སེམས་ཅན་དོན་མཛད་པ།། སྤྲུལ་པའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ།། ཧོ་ཞེས་རྣམ་པར་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་བསྐུལ་བར ་མཁྱེན་ནས། ལོངས་སྤྱོད་རྫོགས་པའི་སྐུ་ལས་རྣམ་པར་སྤྲུལ་ཏེ་སྐུ་ཆ་གཉིས་སུ་རྣམ་པར་གསལ་བར་གྱུར་ཏོ།། དེ་ནས་ཡུམ་དམ་ཚིག་སྒྲོལ་མས་ལོངས་སྤྱོད་རྫོགས་པའི་སྐུ་ཆ་གཉིས་སུ་སྣང་བའི་ངང་ལས་གླུ་འདི ་བླངས་སོ།། ཨེ་མ་ཧོ།། ལོངས་སྤྱོད་རྫོགས་པའི་སྐུ་མཆོག་གསལ་བ་ལས།། ཀུན་ལ་ཁྱབ་པའི་ཆོ་འཕྲུལ་སྣ་ཚོགས་པ།། མ་བསྒྲིབས་སྙོམས་པའི་ཐུགས་རྗེས་ཁྱབ་མཛད་ཅིང་།། རོལ་པའི་སྐུ་མཆོག་བདག་ལ་བསྟན ་དུ་གསོལ།། ཧོ། ཞེས་རྣམ་པར་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས། སྐྲ་ཆ་གཉིས་སུ་བཞུགས་པ་དེའི་ངང་ལས་ཁམས་གསུམ་གྱི་སེམས་ཅན ་ལ་ཐུགས་རྗེའི་དབང་གིས་རྣམ་པར་སྤྲུལ་པ་མཛད་དོ།། དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་མཛེས་པའི་མདངས་ཕྱུང་སྟེ། མཛེས་པའི་སྨིན་མ་བསྒྱུར་ནས། སྤྱན་མཛེས་པས་བལྟས་ཏེ། རྨད་དུ་བྱུང་བའི་མཆོད་པས ་མཆོད་ཅིང་། གླུ་དང་གར་གྱི་བྱེ་བྲག་དང་རྣམ་པར་མཛེས་ཤིང་། དགྱེས་པ་བསྐྱེད་པའི་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། ཡོངས་སུ་རྫོགས་པའི་སྐུ་མཆོག་མ་བསྒྲིབས་གསལ།། ཐམས་ཅད་ཀུན་ལ་སྙོམས་པའི་ཐུགས ་རྗེས་འཛིན།། མ་བསྒྲིབས་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་གསལ།། སྤྲུལ་པའི་རོལ་པ་བདག་ལ་བསྟན་དུ་གསོལ།། ཧོ། ཞེས་རྣམ་པར་བསྐུལ་བས། གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས།། ་རོལ་པའི་སྐུ་ཞལ་གསུམ་པར་སྣང་ཞིང་།། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཅན་ལྟ་བུ་དུས་གསུམ་གྱི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་དང་གཟིགས་པར་གྱུར་ཏོ།། དེ་ནས་གསང་བ་མཆོག་གི་བདག་པོ་དེས། འཁོར ་ཡོངས་སུ་བསྡུ་བ་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཆོས་ཉིད་ཀྱི་གསུང་དྲི་མ་མེད་པའི་སྒྲ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་བསྡུ ་བར་མཛད་དོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེ་རྣམ་པ་སྣ་ཚོགས་ཀྱི་གསང་བ་གསུམ་གྱི་གླུ་དང་། མགོའི་གར་དང་། ལག་པའི་གར་དང་། སྐེད་པའི་གར་དང་། བརྡེག་པ་དང་། ཡོངས་སུ་བསྟིམ་པ ་དང་། རྣམ་པར་སྦྱོར་བ་དང་། རབ་ཏུ་འཁྱུད་པ་དང་། རྣམ་པར་བརྩེ་བ་དང་། རོལ་པའི་རྩེད་པོས་ཡུམ་རྣམས་ལ་སྨིན་མ་མཛེས་པར་བཏེག་སྟེ། ཞལ་ཤིན་ཏུ་འཛུམ་བག་དང་བཅས་ཤིང་། སྤྱན་ཕྲ་བར་བསྙེན་ཏེ། ་ཟུར་གྱིས་གཟིགས་ཏེ། ཡང་ཆགས་པ་ཆེན་པོའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། ཅང་མི་གསུང་བར་གྱུར་ཏོ།། དེ་ནས་ཡང་ཀུན་ཏུ་བཟང་མོས་ཞལ་འཛུམ་བག་དང་བཅས་ཤིང་། མིག་ཟིམ་བག ་གིས་ཟུར་མིག་གིས་བལྟས་ཏེ། བཅོམ་ལྡན་འདས་ལ་ཆགས་པའི་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། ཡང་དག་རྨད་བྱུང་བདེ་བའི་སྐུ་མཆོག་ལས།། ཀུན་ལ་ཁྱབ་པའི་ཐུགས་རྗེས་གར་མཛད་ཅིང་།། བདག་གི་གསང ་བའི་ཡུམ་གྱི་བྷ་ག་རུ།། དྲི་མེད་བསིལ་བའི་བདུད་རྩིའི་ཆར་ཆེན་ཕོབ།། ཧོ། ཞེས་རྣམ་པར་བསྐུལ་ལོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་བསྐུལ་བར་མཁྱེན་ནས། གསང་བའི་རོལ་པའི ་ཏིང་ངེ་འཛིན་ལས་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། མ་བཅོས་བདེ་བ་ཆེན་པོའི་དབྱིངས་ཉིད་ནི།། ཀུན་འབྱུང་རྒྱན་གྱིས་མཛེས་པའི་པདྨ་རུ།། བདེ་བ་ཐུགས་ཀྱི་རྡོ་རྗེ་བྱང་ཆུབ་སེམས།། མུ་ཏིག་དཀར་པོའི་ཆར་ཕབ ་རྒྱུན་མི་འཆད།། ཧོ་ཞེས་ཆེད་དུ་གླེངས་སོ།། དེ་ནས་ཡང་ཡུམ་གྱིས་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པར་བསྐུལ་བའི་གླུ་འདི་བླངས་སོ།། ཨ་ཧོ།། གསང་བ་བྱང་ཆུབ་སེམས་ནི་དྲི་མ་མེད།། དུས་གསུམ ་རྒྱལ་བ་རྣམས་ཀྱི་དེ་ཁོ་ན།། མ་བསྒྲིབས་གསལ་ཞིང་ཡང་དག་འོད་ཟེར་འཕྲོ།། སངས་རྒྱས་སེམས་ཅན་ཀུན་གྱི་རྒྱུ་ཆེན་པོ།། ཧོ་ཞེས་རྣམ་པར་བསྐུལ་ཏོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས ་ཅད་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་གནས་པར་གྱུར་ཏོ།། དེ་ནས་ཡང་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ལ་བསྐུལ་བའི་གླུ་འདི་བླངས་སོ།། ཨ་ཧོ།། མ་ཆགས་པདྨ་དབང་གི་བྱང་ཆུབ་སེམས།། སྐྱོན་གྱིས་མ་གོས་གདོད ་ནས་རྣམ་པར་དག། དུས་གསུམ་རྒྱལ་བ་རྣམས་ཀྱི་དགྱེས་པའི་ཡུམ།། བདེ་ཆེན་རང་བྱུང་འོད་ཀྱིས་ཆགས་པར་བྱ།། ཧོ་ཞེས་རྣམ་པར་བསྐུལ་ལོ།། དེ་ནས་ཡང་དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི ་ཆོས་ཐམས་ཅད་གཉིས་སུ་མེད་པའི་ངང་ལས་མ་གཡོས་ཏེ་ཆགས་པའི་རང་བཞིན་དུ་གྱུར་ཏོ།། དེ་ནས་ཡང་གསང་བའི་བདག་པོས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡང་གསང་བའི ་སྔགས་ཚིག་འདི་གསུངས་སོ།། ཨེ་མ་ཧོ་བདེ་ཆེན་ཡོངས་རྫོགས་པའི།། ཐིག་ལེ་བྱང་ཆུབ་སེམས་སྤྲོས་པས།། དུས་གསུམ་བདེ་གཤེགས་ཐུགས་དམ་བསྐུལ།། འགྲོ་དྲུག་ལུས་ངག་ཡིད་གསུམ་སྦྱངས།། སླར་འདུས་མ ་བཅོས་དབྱིངས་སུ་ཐིམ།། མ་བཅོས་སྤྲོས་མེད་བྱང་ཆུབ་སེམས་སུ་གསལ།། སྤྲོས་མེད་སེམས་ཀྱི་འོད་ཟེར་གྱིས།། བྱང་ཆུབ་སེམས་རྫོགས་ཀུན་ལ་ཁྱབ།། ཅེས་གསུངས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས ་པའི་ཆོས་ཐམས་ཅད་མ་བཅོས་པའི་དོན་གྱི་ངོ་བོ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རྐུན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཙུན་མོ་ཀུན་ཏུ་བཟང ་མོའི་མཁར་བརྟག་པའི་ཕྱིར། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་ལས། སྔགས་འདི་ཕྱུང་ངོ་།། ཨེ། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རྣམ་པར་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བའི་སྔགས་འདི་ཕྱུང་ངོ་།། ཡཾ། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བའི་སྔགས ་འདི་ཕྱུང་ངོ་།། རཾ། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ཡོངས་སུ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་སྔགས་འདི་ཕྱུང་ངོ་།། ཁཾ། དེ་ནས་ཡང་གསང་བ་མཆོག་གི ་བདག་པོ་དེས། ཡོངས་སུ་འདེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས། གསང་བའི་སྔགས་འདི་ཕྱུང་ངོ་།། སུཾ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། གསང་བ་གསུམ ་ལས་བྱུང་བའི་སྔགས་དེ་རྣམས་འདོན་པའི་ཚེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡོངས་སུ་གསལ་ཞིང་རྣམ་པར་དག་པའི་རང་བཞིན་ཅན་དུ་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ ་དེས། འབྱུང་བ་ཡོངས་སུ་སྨིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བའི་སྔགས་འདི་ཕྱུང་ངོ་།། བྷྲཱུཾ། དེ་བཏོན་མ་ཐག་ཏུ་སྣང་བ་ཐམས་ཅད་ཡོངས་སུ་དག་པར་གྱུར་ཏོ།། དེ་ནས་ཡང་གསང ་བ་མཆོག་གི་བདག་པོས་ཆེད་དུ་བརྗོད་པའི་འདི་བརྗོད་དོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། གཉིས་མེད་གསང་བ་གསུམ་ལས་བྱུང་།། རྡོ་རྗེ་གསང་བ་མཆོག་གི་གནས།། འཁོར་ལོའི་རྒྱན་དང་རྡོ་རྗེའི ་རྒྱན།། ཉི་ཟླ་འོད་འཕྲོ་པདྨས་མཛེས།། འདོད་པའི་ཡོན་ཏན་ལྔ་ཡིས་འཁྲིགས།། རིན་ཆེན་རྒྱན་དང་རོལ་མོའི་སྒྲ།། བླ་རེ་རྒྱལ་མཚན་འཕན་གདུགས་མཛེས།། འོད་འཕྲོ་འབར་བས་ཕྱོགས་བཅུར་འཁྲིགས།། གྲུ་བཞི ་སྒོ་ཁྱུད་བཞི་དང་ལྡན།། མཛེས་པའི་བར་ཁྱམས་གཉིས་དང་བཅས།། འཁོར་ལོ་ཏཱ་ར་ཎ་ཡིས་བརྒྱན།། བདེ་གཤེགས་རྒྱལ་བ་སྲས་བཅས་གནས།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་གསང་བ ་མཆོག་གི་བདག་པོ་དེས། ཡོངས་སུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ང་ནི་བཅོམ་ལྡན་རང་བྱུང་སྟེ། ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ།། ཡོངས ་སུ་རྫོགས་པའི་ཏིང་འཛིན་ཅན།། ཐབས་དང་ཤེས་རབ་གཉིས་མེད་བཞུགས།། ཏིཥྛ་བཛྲ་ཨ། ཞེས་བརྗོད་དེ། ཕོ་བྲང་ཆེན་པོའི་དབུས་སུ་བཞུགས་པར་གྱུར་ཏོ།། དེ་ནས་ཡང་བྱང་ཆུབ་ཀྱི་སེམས་སྤྲོས་པ་མེད་ཅིང ་གཉིས་སུ་མེད་པའི་བདག་ཉིད་ཅན་དེས། ཆོས་ཐམས་ཅད་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་གསང་བའི་སྔགས་འདི་ཕྱུང ་ངོ་།། བླ། དེ་ཕྱུང་མ་ཐག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསུང་རྣམ་པར་དག་པ་ཞེས་བྱ་བའི་འོད་ཟེར་སྤྲོས་ཏེ། དེའི་ཚེ་གསང་བའི་སྔགས་ཀྱིས་ཡི་གེ་འཕྲོ་འདུའི་རང་བཞིན་དུ་གྱུར ་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། གསུང་རྣམ་པར་དག་ཅིང་དྲི་མ་མེད་པའི་རང་བཞིན་གྱི་འོད་ཟེར་སྤྲོས་ཤིང་བསྟིམས་པ་དེའི་སྔགས་ཀྱི་ཡི་གེ་ལས། གསུང་མ་བཅོས་པའི་སྒྲ་སྐད་འདི་སྐད་ཅེས ་བསྒྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། སྤྲོས་མེད་གསུང་གི་རྣམ་པར་དག། བསྡུས་པའི་འོད་ཟེར་དེ་ཉིད་ནི།། ཞེ་སྡང་རིགས་ཀྱི་སངས་རྒྱས་ཡིན།། འོད་ཕུང་བྱང་ཆུབ་སེམས་སུ་གནས།། གདོད་ནས ་དག་པ་གསུང་གི་མཆོག། མ་བཅོས་ཞེ་སྡང་སངས་རྒྱས་རྣམས།། རང་སྔགས་ཡི་གེར་གནས་པའོ།། ཞེས་བསྒྲགས་པའོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རྡོ་རྗེ་རྣམ་པར་འཕྲོ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཐུགས་རྣམ་པར་མི་རྟོག་པའི་མཚན་མ་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གསལ་བར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རྡོ་རྗེ་རྣམ་པར་འཕྲོ་བ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མི་ཤིགས་པའི་འོད་ཟེར་རབ་ཏུ་གཏིབས་པས་དེའི་རྡོ་རྗེ་ལས་མི་ཤིགས་པའི་རང་སྒྲ་འདི་སྐད་ཅེས་གྲགས ་སོ།། ཨེ་མ་ཧོ་མ་བཅོས་ཐམས་ཅད་ཐུགས།། ཡེ་ནས་སྤྲོས་བྲལ་ངོ་བོ་ཉིད།། བྱེ་བྲག་ཡེ་ཤེས་ལྔ་རུ་སྣང་།། ཐམས་ཅད་ཀུན་གྱི་གནས་ཆེན་པོ།། མ་ལུས་རྫོགས་པའི་ཐུགས་ཉིད་མཆོག། དུས་གསུམ་སངས་རྒྱས་ཀུན ་གྱི་ཐུགས།། སྤྲོས་མེད་རྡོ་རྗེར་གནས་པས་ན།། རྡོ་རྗེའི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རྐྱེན་ཡོངས་སུ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་སོ།། ཡང་དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། གསང་བའི་སྔགས་བཛྲ་དྷྲྀཀ་ཅེས་བརྗོད་པ་དེའི ་ཚེ། མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཡོངས་སུ་རྫོགས་པར་འཐོན་ཏེ། གསང་བ་མཆོག་གི་བདག་པོའི་ཞལ་དུ་བལྟས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ང་ནི་རང་བྱུང་སྟེ།། གསང་བའི་སྔགས་ཀྱི་ངོ་བོ ་ཉིད།། བདེ་ཆེན་ཐུགས་ལས་བྱུང་བ་ཡིན།། རབ་ཏུ་སྤྲོས་མེད་སྙིང་པོ་ཉིད།། མ་བཅོས་སྐུ་ཉིད་ཡོངས་སུ་རྫོགས།། གསལ་ལ་མ་བསྒྲིབས་དྲི་མ་མེད།། གཉེན་པོ་ཞེས་ཀྱང་མི་ཤིགས་པས།། མི་བསྐྱོད་ཕྱག་རྒྱར་བསྟན ་པ་ཡིན།། ཞེས་གླེངས་ཏེ་ཨ་ཞེས་བརྗོད་དེ་བཅོམ་ལྡན་འདས་ཀྱི་གནས་སུ་བཞུགས་ནས།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་ཐམས་ཅད་འབྱུང་བའི་རྒྱན་གྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀྱི་གསུང་མཆོག་རྣམ་དག་པ།། སྒྲ་དང་བཅས་པའི་དོན་མཆོག་ནི།། གཉིས་མེད་བྱང་ཆུབ ་སེམས་ལ་ཤར།། ཞེས་གསུངས་ཏེ།། གསང་བའི་སྔགས་འདི་ཕྱུང་ངོ་།། དྷ། འདི་ཕྱུང་མ་ཐག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་གསུང་རབ་ཏུ་བསྒྲགས་པ་ཞེས་བྱ་བའི་འོད་ཟེར་སྤྲོས་པས། དེའི་ཚེ ་གསང་སྔགས་ཀྱི་ཡི་གེ་འཕྲོ་འདུ་བར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། གསུང་ཡོངས་སུ་བསྒྲགས་པ་ཞེས་བྱ་བའི་འོད་ཟེར་སྤྲོས་ཤིང་། བསྟིམས་པ་དེའི་ཚེ་གསང་སྔགས་ཀྱི་ཡི་གེ་ལས་གསུང ་རབ་ཏུ་འཕྲོ་བའི་རང་སྒྲ་འདི་སྐད་བསྒྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། ཡོངས་སུ་བསྒྲགས་པའི་གསུང་མཆོག་ཡིན།། མ་བཅོས་དབྱིངས་ལས་ཡོངས་སུ་གསལ།། རྣམ་པའི་མཆོག་ལྡན་གསུང ་མཆོག་ཉིད།། གཏི་མུག་ཆེན་པོ་སྒྲ་ཆེན་འབྱུང་།། མཆོག་ཏུ་གསལ་ལ་དྲི་མ་མེད།། གསལ་ཞིང་དྲི་མ་རྣམ་དག་པ།། གཏི་མུག་རྒྱལ་བའི་གསུང་མཆོག་ཉིད།། ཅེས་བསྒྲགས་སོ།། དེ་ནས་ཡང་བཅོམ་ལྡན་འདས་གསང ་བ་མཆོག་གི་བདག་པོ་དེས། རབ་ཏུ་མཆོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཡོངས་སུ་གསལ་བ་ཞེས་བྱ་བའི་ཐུགས་ཀྱི་མཚན་མ་འཁོར་ལོ་རྩིབས་བརྒྱད་པར་གྱུར་ཏོ།། དེ་ནས ་ཡང་གསང་བ་མཆོག་གི་བདག་པོ་དེས། འཁོར་ལོ་རབ་ཏུ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་རྣམས་ཀྱིས་རྣམ་པར་གསལ་བ་ཞེས་བྱ་བའི ་འོད་ཟེར་བསྟིམས་པ་དེའི་ཚེ། འཁོར་ལོ་རྩིབས་བརྒྱད་པ་ལས་རབ་ཏུ་འཇོམས་པའི་རང་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ནི་རབ་ཏུ་གསལ་འབར་བ།། མཐའ་ཡས་ཀུན་ཏུ ་རབ་ཏུ་འཕྲོ།། གསལ་ཞིང་འཕྲོ་བས་ཉོན་མོངས་བསྲེག། རབ་ཏུ་ཆོས་ཀྱི་འཁོར་ལོས་སྒྱུར།། གཏི་མུག་དྲ་བ་གཅོད་པར་བྱེད།། གཏི་མུག་སངས་རྒྱས་ཀུན་གྱི་ཐུགས།། སྐུ་ཡི་ཐུགས་ནི་བརྟན་པའོ།། ཞེས་གྲགས ་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ཡོངས་སུ་སྣང་བའི་རྐྱེན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡོངས་སུ ་གསལ་ཞིང་དྲི་མ་མེད་པ་འབའ་ཞིག་ཏུ་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་རིག་པའི་སྔགས་ཨོཾ་ཛི་ན་ཛིཀ་ཅེས་བརྗོད་པ་དེའི་ཚེ། རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཐམས་ཅད་རྫོགས ་པར་འཐོན་ཏེ། འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་ང་ནི་རང་བྱུང་སྟེ།། གདོད་ནས་དག་པ་སྐུ་ཡི་མཆོག། རབ་ཏུ་འཕྲོ་བའི་འོད་ཟེར་ཅན།། སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག། འབར་བའི་འོད་ཟེར་བལྟར་མི ་བཟད།། ཁམས་གསུམ་ཀུན་གྱི་གཉེན་གཅིག་པོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་ཕྱག་རྒྱ་རྫོགས་པ་ཡིན།། ཞེས་གླེངས་ཏེ། ཨ་ཞེས་བརྗོད་ཅིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར ་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཡོན ་ཏན་གསུང་ནི་བླ་ན་མེད།། ཐམས་ཅད་ཀུན་ཀྱི་འབྱུང་གནས་གཙོ།། དྲི་མེད་བྱང་ཆུབ་སེམས་ལ་ཤར།། ཞེས་གསུངས་ཏེ་གསང་བའི་སྔགས་འདི་ཕྱུང་ངོ་།། དྷ། འདི་ཕྱུང་མ་ཐག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་སངས ་རྒྱས་ཐམས་ཅད་ཀྱི་གསུང་ཡོན་ཏན་འབྱུང་བ་ཞེས་བྱ་བའི་འོད་ཟེར་སྤྲོས་པ་དེའི་ཚེ། གསང་བའི་སྔགས་ཀྱི་ཡི་གེ་འཕྲོ་འདུས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། གསུང་ཡོངས་སུ་འབྱུང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་ཚེ། སྔགས་ཀྱི་ཡི་གེ་ལས་གསུང་རབ་ཏུ་འབྱུང་བ་ཞེས་བྱ་བའི་རང་སྒྲ་འདི་སྐད་བསྒྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ང་རྒྱལ་གསུང་ནི་རྣམ་པར ་དག། ང་རྒྱལ་ཆེན་པོའི་དོན་ལས་ཕྱུང་།། ཐམས་ཅད་གསུང་བའི་གསུང་མཆོག་ཉིད།། ཡིད་བཞིན་ནོར་བུ་རིན་ཆེན་ཉིད།། ཐམས་ཅད་མ་ལུས་འབྱུང་གནས་གཙོ།། དྲི་མེད་གསུང་མཆོག་བླ་ན་མེད།། ཡོན་ཏན་གསུང ་ནི་དག་པའོ།། ཞེས་བསྒྲགས་སོ།། དེ་ནས་གསང་བ་མཆོག་གི་བདག་པོ་དེས། ཡོངས་སུ་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་རིན་ཆེན་འབྱུང་བ་ཞེས་བྱ་བའི་ཐུགས་ཀྱི་མཚན ་མར་རིན་པོ་ཆེ་འབར་བ་ཟུར་བརྒྱད་པ་ཞིག་ཏུ་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རིན་པོ་ཆེ་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཕྱོགས་བཅུ ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཡོན་ཏན་བཀོད་པ་ཞེས་བྱ་བའི་འོད་ཟེར་བསྟིམས་པས་དེའི་ཚེ་རིན་པོ་ཆེ་ཟུར་བརྒྱད་པ་ལས་ཡོན་ཏན་འབྱུང་བ་ཞེས་བྱ་བའི་རང་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མ་ཧོ་ཡོན་ཏན ་ཀུན་གྱི་ཐུགས།། རྣམ་དག་ཐུགས་ནི་དྲི་མ་མེད།། རིན་ཆེན་རྒྱལ་པོ་ཡོན་ཏན་གཙོ།། སེམས་ཅན་ཀུན་གྱི་རེ་སྐོང་བ།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། མི་འགྱུར་ཁ་དོག་སྔོ་སངས་འོད།། རིན་ཆེན་འབར་བ་གཉིས ་མེད་ཐུགས།། རིན་ཆེན་ཐུགས་ནི་རབ་འབར་བརྟན།། ཞེས་བསྒྲགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས།། རབ་ཏུ་རིན་ཆེན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི ་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཡོན་ཏན་གྱི་རྒྱན་བཀོད་པ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རིག་པའི་སྔགས། སཱ་རཏྣ་དྷྲྀཀ་ཅེས་བརྗོད ་པ་དེའི་ཚེ། རིན་ཆེན་འབྱུང་ལྡན་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ། འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་ང་ནི་རང་བྱུང་སྟེ།། ཡོན་ཏན་འབྱུང་བའི་མཚན་མ ་ཡིན།། སེམས་ཅན་རེ་འདོད་ཡིད་བཞིན་སྐོང་།། ཡོངས་ཀྱི་གཏེར་འགྱུར་དམ་པའི་གཙོ།། དུས་གསུམ་སངས་རྒྱས་རེ་གནས་ཡིན།། ཐམས་ཅད་མ་ལུས་ཡོན་ཏན་གཙོ།། ཡིད་བཞིན་སྐུ་མཆོག་དྲི་མ་མེད།། ཡོན་ཏན ་ཕྱག་རྒྱ་ཡོངས་སུ་རྫོགས་པའོ།། ཞེས་གསུངས་ཏེ། ཨ་ཞེས་བརྗོད་ཅིང་། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས།། འོད་རབ་ཏུ་གསལ་བ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། ཡེ་ནས་དག་པའི་གསུང་འོད་བཞིན།། འོད་དང་བཅས་པས་སེམས་ཅན་དོན།། སྐྱོན་བྲལ་བྱང་ཆུབ ་སེམས་ལ་ཤར།། ཞེས་གསུངས་ཏེ། གསང་བའི་སྔགས་འདི་ཕྱུང་ངོ་།། དྷ། འདི་ཕྱུང་མ་ཐག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས། འོད་རབ་ཏུ་འཕྲོ་བ་ཞེས་བྱ་བའི་འོད་ཟེར་རབ་ཏུ་སྤྲོས་པ་དེའི་ཚེ ་གསང་བའི་སྔགས་འཕྲོ་འདུ་བར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། འོད་དཔག་ཏུ་མེད་པ་ཞེས་བྱ་བའི་འོད་ཟེར་སྤྲོས་ཤིང་བསྟིམས་པ་དེའི་ཚེ། སྔགས་ཀྱི་ཡི་གེ་ལས་གསུང་དཔག་ཏུ་མེད་པ ་ཞེས་བྱ་བའི་རང་སྐད་འདི་སྐད་ཅེས་བསྒྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། རབ་ཏུ་སྤྲོས་མེད་རྣམ་དག་གསུང་།། མ་བཅོས་ཡི་གེར་རབ་ཏུ་གནས།། གྲགས་མེད་གསུང་ནི་ཀུན་ཏུ་གྲགས།། རྣམ་དག ་གསུང་ནི་སྐྱོན་དང་བྲལ།། བདེ་ཆེན་རྒྱལ་བ་རྣམས་ཀྱི་གསུང་།། ཡོངས་ལ་བསྟན་པའི་གསུང་མཆོག་འདིས། འདོད་ཆགས་གསུང་ནི་རྣམ་པར་དག། ཅེས་བསྒྲགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ ་དེས།། འདོད་ཆགས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་པདྨ་འོད་ཅེས་བྱ་བའི་ཐུགས་ཀྱི་མཚན་མ་པདྨ་འདབ་མ་བརྒྱད་པ་ཞིག་ཏུ་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག ་གི་བདག་པོ་དེས་པདྨ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དེ་བཞིན་གཤེགས་པ་གདུང་གི་འོད་ཟེར་ཞི་ཞིང་འཁྱིལ་བ་ཞེས ་བྱ་བའི་འོད་ཟེར་བསྟིམས་པ་དེའི་ཚེ་པདྨ་འཕྲོ་བ་ཞེས་བྱ་བའི་རང་སྒྲ་འདི་སྐད་ཅེས་བསྒྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཀུན་གྱི་གསུང་།། མ་ཆགས་པདྨ་སྐྱོན་བྲལ་ཞིང་།། གདོད་ནས་དག་པ་པདྨའི་གདུགས།། འདོད ་ཆགས་གསུང་ནི་དྲི་མ་མེད།། དྲི་མ་མེད་པ་རཱ་གའི་མདོག། སེམས་ཅན་དོན་ལ་རབ་ཏུ་ཆགས།། མ་ཆགས་པ་ཡི་ཐུགས་མཆོག་འདི།། ཆོས་ཀྱི་ཐུགས་ནི་བརྟན་པའོ།། ཞེས་བསྒྲགས་སོ།། དེ་ནས་ཡང་གསང་བ་མཆོག ་གི་བདག་པོ་དེས། པདྨ་བསྐྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཆགས་པ་དང་བྲལ་བ་ཞེས་བྱ་བ་ལ་གནས ་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རིག་པའི་སྔགས་ཨཱཾཿཱ་རོ་ལིཀ་ཅེས་བརྗོད་པ་དེའི་ཚེ། ཆོས་ཀྱི་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོའི་རྒྱན་ཐམས་ཅད་དང་ལྡན་པར་འཐོན་ཏེ། འདི་སྐད ་ཅེས་གླེངས་སོ།། ཨེ་མ་ཧོ་ང་ནི་རང་བྱུང་སྟེ།། ཆོས་སྐུ་དག་པ་པདྨའི་གདུང་།། ཤེས་རབ་ཆགས་མེད་སྐྱོན་དང་བྲལ།། པདྨ་མ་ཆགས་མཚན་མ་ཡིན།། གདོད་ནས་དག་ཅིང་དྲི་མ་མེད།། བདེ་བར་གཤེགས་པ་ཀུན་གྱི ་གསུང་།། ཐམས་ཅད་མ་ཆགས་གསུང་མཆོག་སྐུ།། དཔག་མེད་ཕྱག་རྒྱར་བསྟན་པ་ཡིན།། ཞེས་གསུངས་ཏེ།། ཨ་ཞེས་བརྗོད་ཅིང་རྒྱབ་ཕྱོགས་སུ་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ཤེས ་རབ་རབ་ཏུ་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཕྲིན་ལས་ཡོངས་སུ་རྫོགས་པའི་གསུང་།། འཁོར་བ་རྩད་གཅོད་ཡི ་གེའི་མཆོག། ལས་གྲུབ་བྱང་ཆུབ་སེམས་ལ་ཤར།། ཞེས་གསུངས་ཏེ།། གསང་བའི་སྔགས་འདི་ཕྱུང་ངོ་།། ན། འདི་ཕྱུང་མ་ཐག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི། ཡེ་ཤེས་འཕྲོ་བ་ཞེས་བྱ་བའི་འོད་ཟེར ་སྤྲོས་པ་དེའི་ཚེ། གསང་བའི་སྔགས་འཕྲོ་ཞིང་འདུ་བར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། དོན་རབ་ཏུ་འགྲུབ་པ་ཞེས་བྱ་བའི་འོད་ཟེར་རབ་ཏུ་སྤྲོས་ཤིང་བསྟིམས་པ་དེའི་ཚེ། སྔགས་ཀྱི་ཡི་གེ ་ལས་ཕྲིན་ལས་དཔག་ཏུ་མེད་པའི་རང་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ལས་མཐར་ཕྱིན་པའི་ངོ་བོ་ཉིད།། ཡོངས་སུ་རྫོགས་པའི་དམ་ཚིག་མཆོག། འདའ་དཀའི་སྙིང་པོ་དོན་ཡོད ་གྲུབ།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས།། གསུང་མཆོག་རྣམ་དག་དྲི་མ་མེད།། ཕྲག་དོག་རྣམ་དག་གསུང་མཆོག་ཉིད།། འདའ་དཀའི་གསུང་ནི་རྣམ་པར་དག། ཅེས་གྲགས་སོ།། དེ་ནས་ཡང་གསང་བ ་མཆོག་གི་བདག་པོ་དེས། ཕྲག་དོག་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་མཚན་མ་རལ་གྲིར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི ་བདག་པོ་དེས། ལས་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས། དོན་ཡོད་པ་ཞེས་བྱ་བའི་འོད་ཟེར་བསྟིམས་པ་དེའི་ཚེ། རལ་གྲི་ལས ་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ཞེས་བྱ་བའི་རང་སྐྲ་འདི་སྐད་གྲགས་པར་གྱུར་ཏོ།། ཨེ་མ་ཧོ་དོན་གྲུབ་ཀུན་གྱི་ཐུགས།། དངོས་པོ་ཅིར་ཡང་གྲུབ་པ་མེད།། རང་བྱུང་ཐུགས་ནི་སྒྲོས་ལས་འདས།། མ་བཅོས་ཐུགས་ནི ་ཡེ་སངས་རྒྱས།། དམ་ཚིག་འདའ་དཀའི་སྙིང་པོ་ཅན།། ཉོན་མོངས་མ་རིག་དྲ་བ་རྣམས།། ཉོན་མོངས་མ་གོས་གཅོད་བྱེད་པ།། ལས་ཀྱི་ཐུགས་ནི་རལ་གྲིར་གྲགས།། ཞེས་གྲགས་སོ།། དེ་ནས་ཡང ་གསང་བ་མཆོག་གི་བདག་པོ་དེས། རལ་གྲི་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཡང་དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཉོན་མོངས་པ་མེད་ཅིང ་རྣམ་པར་དག་པ་ཞེས་བྱ་བའི་ས་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོས། རིག་པའི་སྔགས་ཧཱ་པྲཛྙཱ་དྷྲྀཀ་ཅེས་བརྗོད་པ་དེའི་ཚེ། ལས་ཀྱི་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་རྣམ་པ་སྣ ་ཚོགས་པ་དང་ལྡན་པ་འཐོན་ཏེ། འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་ང་ནི་རང་བྱུང་སྟེ།། ཡོངས་སུ་རྫོགས་པའི་དམ་ཚིག་སྐུ།། ཐམས་ཅད་ཀུན་གྱི་ལས་མཛད་གྲུབ།། མ་ལུས་སྤྲོས་མེད་དག་པའི་སྐུ།། སེམས་ཅན ་ཀུན་གྱི་དོན་གྲུབ་ཡིན།། བརྟན་ཅིང་མི་གཡོའི་ལས་མཛད་པ།། ཕྱག་རྒྱ་གསལ་བའི་བདག་ཉིད་ཅན།། ལས་ཀྱི་ཕྱག་རྒྱར་ཡོངས་རྫོགས་ཡིན།། ཞེས་གསུངས་ཏེ།། ཨ། ཞེས་བརྗོད་ཅིང་གཡོན་ཕྱོགས་སུ་བཞུགས ་སོ།། མ་སྐྱེས་མཚོན་ཆ་རྡོ་རྗེ་དང་།། ཆོས་ཀྱི་མཚོན་ཆ་འཁོར་ལོ་སྟེ།། ཡོན་ཏན་མཚོན་ཆ་རིན་ཆེན་ཡིན།། མ་ཆགས་མཚོན་ཆ་པདྨ་སྟེ།། ལས་ཀྱི་མཚོན་ཆ་རལ་གྲི་ལྔས།། ལས་གང་བསྒྲུབ་པ་གྲུབ་པར་བྱེད།། ཅེས ་གསུངས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ནམ་མཁའི་མཚན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད ་ཀྱི།། ནམ་མཁའི་མཚན་ཉིད་རབ་འབྱོར་པ།། ཀུན་འབྱུང་ནམ་མཁའི་གསུང་མཆོག་ནི།། བརྗོད་མེད་ཡི་གེར་རབ་ཏུ་གྲགས།། ཞེས་གསུངས་ཏེ། ནམ་མཁའ་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས། གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཐ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི ་བདག་པོ་དེས། སྐུ་དང་གསུང་དང་ཐུགས་གསང་བ་ལས་རིག་པའི་སྙིང་པོ་འདི་ཕྱུང་ངོ་།། མུཾ་དྷ་ཏཱི་ཤྭ་རི། འདི་ཕྱུང་མ་ཐག་ཏུ་ནམ་མཁའི་ངང་ཚུལ་ཅན། ཡུམ་ཀུན་ཏུ་བཟང་མོའི་སྐུ་ཕྱག་རྒྱ་ཆེན་མོ་རྒྱན་དང་ཆ ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་དབྱིངས་དག་པའི་ངོ་བོ་ཉིད།། མ་བཅོས་སྤྲོས་མེད་སྙིང་པོའི་སྐུ།། ཆོས་སྐུ་བདེ་ཆེན་ཀུན་ལ ་ཁྱབ།། བདག་མེད་ནམ་མཁའི་ངང་ཚུལ་ཅན། ནམ་མཁའི་མཚན་ཉིད་རབ་སྦྱོར་བས།། བསྐྱོད་མེད་རང་བཞིན་འོད་གསལ་བ། ནམ་མཁའི་གཟུགས་བརྙན་བསྟན་པའོ།། ཞེས་གསུངས་ཏེ། ཡུམ་ཀུན་ཏུ་བཟང་མོའི ་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྐུ་ལ་འཁྲིལ་བའི་ཚུལ་དུ་བཞུགས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། མི་གཡོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་སྐུ་སྤྲོས་མེད་རབ་ཏུ་བསྟན།། སངས་རྒྱས་ཡུམ་གྱུར་དམ་པའི་གཙོ།། དེ་རྟགས་ཡི་གེའི་མཚན་མ་སྣང་།། ཞེས་གསུངས ་སོ།། ཡང་དེའི་ཚེ་གཉིས་སུ་མེད་པར་རབ་ཏུ་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་སྔགས་འདི་ཕྱུང་ངོ་།། ཊ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི ་ཆོས་ཐམས་ཅད། ཆོས་ཉིད་རབ་ཏུ་བརྟན་པ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ལཾ་དེ་ཥ་ར་ཏི། ་འདི་ཕྱུང་མ་ཐག་ཏུ་བརྟན་པའི་མཚན་ཉིད་ཅན་གྱི། ཡུམ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱ་ཆེན་མོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ། འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས ་སྐུ་མི་འགྱུར་རང་བཞིན་པས།། ཡེ་ནས་རྣམ་དག་ཡོངས་སུ་བསྟན།། མཁའ་ལྟར་དག་ཅིང་དྲི་མ་མེད།། མ་བཅོས་སྤྲོས་མེད་སྙིང་པོའི་སྒྲ།། སྐྱེ་མེད་རང་བྱུང་ཡེ་ནས་གནས།། སྲ་ཞིང་བརྟན་པའི་རང་བཞིན་ལས།། སྲ ་བརྟན་མཚན་ཉིད་སྐུ་རྫོགས་པའོ།། ཞེས་གསུངས་ཏེ་སྣང་མཛད་སེམས་དཔའི་སྐུ་དང་གཉིས་སུ་མེད་པའི་ངང་ཚུལ་ཅན་དུ་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ཆོས་ཐམས་ཅད་རབ་ཏུ་སྡུད ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་གཉིས་མེད་དབྱིངས་སུ་སྡུད།། སྤྲོས་བྲལ་དང་དུ་རབ་སྦྱོར་བས།། སྡུད ་བྱེད་ཡི་གེར་རྣམ་པར་གྲགས།། ཞེས་གསུངས་སོ།། ཡང་དེའི་ཚེ་ཆོས་ཐམས་ཅད་མི་དམིགས་པའི་འོད་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཌ། འདི་ཕྱུང ་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱིངས་སུ་སྡུད་པའི་ངང་ཉིད་ཅེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས ་རིག་པའི་སྔགས་འདི་ཕྱུང་ངོ་།། མཱཾ་མོ་ཧ་ར་ཏི། འདི་ཕྱུང་མ་ཐག་ཏུ་སྡུད་པའི་མཚན་ཉིད་ཅན་གྱི་སྐུ་ཕྱག་རྒྱ་ཆེན་མོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས ་རྒྱས་ཐམས་ཅད་ཀྱི།། ཆོས་ཀྱི་མཚན་ཉིད་རབ་སྡུད་པ།། ཀུན་སྡུད་གསང་བའི་མཚན་ཉིད་ཅན།། མ་གཡོས་དབྱིངས་ལས་ཐམས་ཅད་སྡུད།། སྐྱོན་མེད་དྲི་བྲལ་གདོད་ནས་དག། སྡུད་ཅིང་གསང་བའི་མཚན་ཉིད ་ཡིན།། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས།། སྡུད་པའི་མཚན་ཉིད་སྐུར་བསྟན་པའོ།། ཞེས་གསུངས་ཏེ་རིན་ཆེན་འབྱུང་བའི་སེམས་དཔའ་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་ཡང ་གསང་བ་མཆོག་གི་བདག་པོ་དེས། ཆོས་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། དོན་དམ་སྙིང ་པོའི་ངོ་བོ་ཡིས།། དངོས་པོ་མ་ལུས་འཇོམས་པའོ།། གསང་བའི་ངོ་བོར་འབར་བ་ནི།། བརྗོད་མེད་དག་པའི་ཡི་གེར་གསལ།། ཞེས་གསུངས་སོ།། ཡང་དེའི་ཚེ་རབ་ཏུ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་ཞུགས་ནས་གསང་བ་འཇོམས་པ་ཞེས་བྱ་བའི་སྙིང་པོ་འདི་ཕྱུང་ངོ་།། ཌྷ། འདི་ཕྱུང་མ་ཐག་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཆོས་ཀྱི་དོན་སྦྱིན་པ་ཞེས་བྱ་བའི་ངང་ལ་གནས་པར་གྱུར ་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། པཱཾ་རཱ་ག་ར་ཏི། འདི་ཕྱུང་མ་ཐག་ཏུ་ཆོས་ཐམས་ཅད་འཇོམས་པའི་མཚན་ཉིད་ཅན་གྱི ་སྐུ་ཕྱག་རྒྱ་ཆེན་མོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ། འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། མ་ལུས་ཡོངས་སུ་རྫོགས་པ་ཡིས།། མཁའ་མཉམ་རྡུལ་བྲལ་ངོ་བོ་ཉིད།། བདེ ་བ་ཆེན་པོའི་གསང་བའི་གནས།། གསལ་ལ་དྲོ་བའི་ངང་ཉིད་ཡིན།། ཐམས་ཅད་སྨིན་པའི་རང་བཞིན་ཅན།། སྤྲོས་བྲལ་ངོ་བོ་ཉིད་གནས་པ།། སྨིན་པའི་མཚན་ཉིད་སྐུར་བསྟན་པའོ།། ཞེས་གསུངས་ཏེ།། ཆོས་ཀྱི ་སེམས་དཔའི་ཐུགས་མ་གཡོས་པ་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རབ་ཏུ་བསྐྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི ་གསུངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། ཆོས་སྐུའི་དབྱིངས་ནས་ཐམས་ཅད་འབྱུང་།། མ་བཅོས་དབྱིངས་ལས་མ་གཡོས་པ།། དྲི་མེད་གསང་བའི་ཡི་གེར་ཤར།། ཞེས་གསུངས་སོ།། ཡང་དེའི་ཚེ་རབ་ཏུ ་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསྐྱོད་པ་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཎ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། དབྱིངས་རྣམ་པར་དག ་པའི་ངང་དུ་གཡོ་བ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་། ཏཱཾ་བཛྲ་ར་ཏི། འདི་ཕྱུང་མ་ཐག་ཏུ་བསྐྱོད ་པའི་མཚན་ཉིད་ཅན་གྱི་སྐུ་ཕྱག་རྒྱ་ཆེན་མོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ། འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་སྐུ་བདེ་ཆེན་གསང་བ་ལས།། གསང་བའི་སྒྲ་སྐད་སྣ ་ཚོགས་གཡོ།། གཡོས་པའི་ངང་ཚུལ་དེ་ཉིད་ལས།། མ་བཅོས་དབྱིངས་སུ་རབ་གསལ་སྟོན།། གདོད་ནས་དག་པའི་ངང་ཚུལ་ཅན།། མ་བཅོས་རྣམ་དག་དབྱིངས་སུ་སྡུད།། གསང་བའི་མཚན་ཉིད་སྐུར ་བསྟན་པའོ།། ཞེས་གསུངས་ཏེ། དོན་ཐམས་ཅད་ཡོངས་སུ་ངེས་པར་གྲུབ་པའི་སྐུ་ལ་འཁྲིལ་བ་ཞེས་བྱ་བའི་ངང་ཚུལ་ཅན་དུ་བཞུགས་སོ།། ཐམས་ཅད་དབྱིངས་སུ་གསལ་བྱེད་དང་།། ཇི་ལྟར་མཚན་ཉིད་འོད་གསལ ་བའི། ཁམས་གསུམ་སེམས་ཅན་སྡུད་བྱེད་པ།། རང་བཞིན་གནས་སུ་སྨིན་བྱེད་འགྱུར།། མཚན་ཉིད་གཡོ་བའི་ངང་ཚུལ་ལས།། བསྒྲུབས་ན་ཕྲིན་ལས་ཐམས་ཅད་དང་།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཅེས ་གསུངས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས།། སྙིང་པོ་ཡོངས་སུ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཀཱ། འདི་ཕྱུང་མ་ཟག་ཏུ་འཁོར ་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྙིང་པོ་མ་བཅོས་པ་ཞེས་བྱ་བའི་ངང་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་ལས ་རིག་པའི་སྔགས་འདི་ཕྱུང་ངོ་།། ཀྵི་ཧི་རཱ་ཛ་ཡ། འདི་ཕྱུང་མ་ཐག་ཏུ་སའི་སྙིང་པོའི་སྐུ་ཕྱག་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟས་ནས་འདི་སྐད་ཅེས་བརྗོད་དོ།། ཨེ་མ་ཧོ ་སངས་རྒྱས་ཐམས་ཅད་ཀྱི།། དངོས་མེད་དག་པའི་བྱང་ཆུབ་སེམས།། སྙིང་པོ་ཉིད་ལ་རང་བཞིན་གསལ།། དྲི་མེད་རྣམ་དག་ཀུན་ལ་ཤར།། དེ་རྟགས་སྙིང་པོ་སྐུ་རུ་ཤར།། ཞེས་གླེངས་ཏེ་བཅོམ་ལྡན་འདས་ཀྱི་ཞལ་ལ ་ཕྱོགས་ཏེ་གནས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ནམ་མཁའ་རོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཁྭ། འདི་ཕྱུང་མ་ཐག་ཏུ་འཁོར་བ ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ནམ་མཁའི་སྙིང་པོར་རྫོགས་པ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་ལས ་རིག་པའི་སྔགས་འདི་ཕྱུང་ངོ་།། ཏྲཱཾ་ཨཱ་གརྦྷ་ཡ། འདི་ཕྱུང་མ་ཐག་ཏུ་ནམ་མཁའི་སྙིང་པོ་ཡོངས་སུ་གསལ་བ་ཞེས་བྱ་བའི་སྐུ་ཕྱག་རྒྱ་ཆེན་པོ། རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས ་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། བརྗོད་པ་མེད་ལས་ཡོངས་རྫོགས་པའི།། དོན་དམ་སྤྲོས་མེད་ནམ་མཁའ་འདྲ།། དེ་རྟགས་སྐུ་རུ་ཡོངས་རྫོགས་པའོ།། ཞེས་གླེངས་ཏེ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས ་སུ་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ཐུགས་རྗེ་ཡོངས་སུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ག། འདི་ཕྱུང་མ་ཐག་ཏུ།། ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། བདུད་རྩིའི་རྒྱུན་ཞེས་བྱ་བ་ལ་གནས་པར་མཛད་དོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསང་བ་གསུང་གསང་བ་ཟུགས ་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ཧྲཱིཿཧ་ཧཱུཾ་པདྨ་པཱ་ད་མ། འདི་ཕྱུང་མ་ཐག་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས ་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། མ་བཅོས་དག་པའི་དབྱིངས་ཉིད་ལས།། ཐུགས་རྗེ་ཉིད་ཤར་ཀུན་ལ་ཁྱབ།། དེ་རྟགས་སྐུ་རུ་བསྟན་པ་ཡིན།། ཞེས་གླེངས་ཏེ་བཅོམ་ལྡན་འདས་ཀྱི་རྒྱབ་ཕྱོགས་སུ་བཞུགས ་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། གྷ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི ་ཆོས་ཐམས་ཅད། སྙིང་པོའི་རྒྱན་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ཛི་ཀུ་རུ་པཱ་ཎ ་ཧྲཱིཿ། འདི་ཕྱུང་མ་ཐག་ཏུ་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་སྐུ་སྤྲོས་མེད་དབྱིངས་ཉིད་ལས།། རྣམ་རྟོག ་བདུད་རྣམས་ཚར་གཅོད་འཇོམས།། དེ་རྟགས་སྐུ་ཉིད་ཡོངས་རྫོགས་ཡིན།། ཞེས་གླེངས་ཏེ་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་ཀུན་ལ་སྙོམས་པ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། པ། ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། སྡུག་བསྔལ་ཡོངས་སུ་བྲལ་བ་ཞེས་བྱ་བ་ལ་གནས ་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། མེ་དྷ་ར་ཎི་སྭཱ་ཧཱ། འདི་ཕྱུང་མ་ཐག་ཏུ་བྱམས་པའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད ་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཀུན་གྱི་དངོས་གཞི་དམ་པ་ལས།། ཁམས་གསུམ་སེམས་ཅན་དོན་རྣམས་འབྱུང་།། དེ་རྟགས་སྐུ་རུ་བསྟན་པ ་ཡིན།། ཞེས་གླེངས་ཏེ་ཤར་ལྷོ་མཚམས་ནས་བཅོམ་ལྡན་འདས་ལ་ཕྱོགས་ནས་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྒྲིབ་པ་ཐམས་ཅད་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར ་ཞུགས་ནས། གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཕྲ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཉོན་མོངས་པ་དང་མི་བྲལ་ཞིང་མི་དམིག་པ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང ་གསང་བ་མཆོག་གི་བདག་པོ་དེས་སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། བྷཱི་ནི་སྨ་རཾ་བྷ་ཡ་སྭཱ་ཧཱ། འདི་ཕྱུང་མ་ཐག་ཏུ་སྒྲིབ་པ་རྣམ་པར་སེལ་བའི་སྐུ་ཕྱག་རྒྱ་ཆེན་པོ ་རྒྱན་ཐམས་ཅད་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀྱི་དབྱིངས་ཉིད་དག་པ་ལས།། སེམས་ཅན་སྒྲིབ་པ་གཅོད་པར་བྱེད།། དེ་རྟགས་སྐུ་ཉིད་རྫོགས་པ ་ཡིན།། ཞེས་གླེངས་ཏེ་ལྷོ་ནུབ་མཚམས་ན་བཅོམ་ལྡན་འདས་ལ་ཕྱོགས་ནས་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ངང་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས ་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། བཱ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མི་དགེ་བ་མེད་པ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ ་དེས་སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། འདི་ཕྱུང་མ་ཐག་ཏུ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས ་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་དག་པ་བདག་མེད་པ།། དྲི་མ་མེད་ཅིང་གསལ་བའི་དངོས།། དེ་རྟགས་སྐུ་རུ་ཡོངས་རྫོགས་པའོ།། ཞེས་གླེངས་ཏེ་ནུབ་བྱང་མཚམས་ཀྱི་ངོས་སུ་བཅོམ ་ལྡན་འདས་ལ་ཕྱོགས་ནས་བཞུགས་སོ།། དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། དམིགས་པ་ཐམས་ཅད་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང ་བའི་སྔགས་འདི་ཕྱུང་ངོ་།། བྷ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རྡུལ་དང་བྲལ་བ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ ་གསུང་ཐུགས་ཀྱི་གསང་བ་ལས། རིག་པའི་སྔགས་འདི་ཕྱུང་ངོ་།། མཱཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། འདི་ཕྱུང་མ་ཐག་ཏུ་འཇམ་དཔལ་གཞོན་ནུའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས ་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ངོ་བོ་ཉིད་ལས་ཐམས་ཅད་བྱུང་།། བདེ་ཆེན་གསང་བར་དེ་གནས་ཏེ།། བརྗོད་མེད་སྨྲ་བསམ་ཡུལ་ལས་འདས།། དེ་རྟགས་ཕྱག་རྒྱ་ཡོངས་རྫོགས་ཡིན།། ཞེས་གླེངས་ཏེ ་བྱང་ཤར་མཚམས་སུ་བཅོམ་ལྡན་འདས་ལ་ཕྱོགས་ནས་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་རོལ་མོ་རྣམ་པར་བསྒྱིངས་པ་དང་། མཛེས་པ་དང་། རྣམ་པར་སྤྲས་པ་དང་། སྣ་ཚོགས་པའི་བྱེ ་བྲག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་བའི་སྙིང་པོ་འདི་ཕྱུང་ངོ་། ཙ་ཚ་ཛ་ཛྷ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དྲི་མ་མེད་ཅིང་རོལ་པ་ཞེས་བྱ་བ་ལ་གནས ་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ཧཱུཾ་ལ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མཱ་ལེ་ས་མ་ཡ་ཧོཿ། ཧྲཱི་གི་རྟི་ར་གོ&ཧཾ། ཨཱཾ་ནིཿ ་རཱ་ག་ཡཱ་མི། འདི་ཕྱུང་མ་ཐག་ཏུ་ལཱ་སྱེ་མ་དང་། མཱ་ལེ་མ་དང་། གཱིརྟི་དང་། ནིརྟི་རྣམས་སྐུ་ཆ་ལུགས་དང་རྒྱན་ཡོངས་རྫོགས་སུ་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཡང་དག་ཉིད ་ལས་ཐམས་ཅད་བྱུང་།། ཇི་ལྟར་མཛེས་ཤིང་མཉེས་པ་དང་།། ཇི་ལྟར་སྣང་རྟགས་སྐུ་རུ་རྫོགས།། ཞེས་གླེངས་ཏེ་སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱག་ན་རྡོ་རྗེའི་སྐུ ་ལ་དགྱེས་པའི་ཚུལ་གྱིས་འཁྲིལ་ནས་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རབ་ཏུ་མཉེས་ཤིང་གསལ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང་བའི ་སྙིང་པོ་འདི་ཕྱུང་ངོ་།། ཡ་ར་ལ་ཝ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རབ་ཏུ་བདེ་ཞིང་གསལ་བ་ཞེས་བྱ་བ་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ཛཿ། དྷུ་པ་པྲ་ཝེ་ཤཧཱཾ་པུཥྤ་ཨཱ་ཝེ་ཤ། བཾ་དི་པ་སུ་གི་རི། ཧོ་གནྡྷེ་ཙིཏྟ་ཧོཿ། འདི་ཕྱུང་མ་ཐག་ཏུ་དྷ་པེ་མ་དང་། པུཥྤེ་མ་དང་། ཨཱ་ལོ་ཀེ་དང་། ་གནྡྷེ་མ་རྣམས་སྐུ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། དྲི་མེད་གསལ་བའི་ཡེ་ཤེས་མཆོག། གསལ་འཚེར་ལྷུན་སྡུག་གཟི་བྱིན་ཅན།། དེ ་རྟགས་སྐུ་རུ་རྫོགས་པའོ།། ཞེས་གླེངས་ཏེ། བྱམས་པ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་དང་འཇམ་དཔལ་གཞོན་ནུའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག ་གི་བདག་པོ་དེས། རྣམ་རྟོག་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ཉིད་ལས་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ང་ཉམས། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་འདས་པའི ་ཆོས་ཐམས་ཅད། རབ་ཏུ་ལྡོག་པ་ཞེས་བྱ་བ་ལས་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས། རིག་པའི་སྔགས་འདི་ཕྱུང་ངོ་།། ཡ་མཱན་ཏ་ཀྲྀཏ་ཕཊ། ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། པདྨཱནྟ་ཀྲྀཏ་ཕཊ། པྲཛྙཱནྟ་ཀྲྀཏ་ཕཊ། འདི་ཕྱུང་མ་ཟག་ཏུ་འཇོམས་པ་ཆེན་པོ་རེག་ཤེས་དང་། འཇོམས་པ་ཆེན་པོ་རེག་བྱེད་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་མཐར་བྱེད་ཀྱི ་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། ཕྲིན་ལས་མ་ལུས་ཡོངས་རྫོགས་པའི།། བྱམས་དང་སྙིང་རྗེ་ལ་སོགས་པའི།། དེ ་རྟགས་སྐུ་རུ་བསྟན་པ་ཡིན། ཞེས་གླེངས་ཏེ་སྒོ་བཞིར་འཁོད་དོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། ཡོན་ཏན་གྱི་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསང ་བའི་སྙིང་པོ་འདི་ཕྱུང་ངོ་།། ཛཿཧཱུཾ་བཾ་ཧོཿ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཟི་མདངས་དང་ལྡན་ཞིང་གཉིས་སུ་མེད་པའི་ངང་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་། བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཤཱ་ཛཱ་ལ་ནི་ཧཱུཾ་ཕཊ། རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ ་ནི་ཧཱུཾ་ཕཊ། ཀརྨ་དྷ་ར་མ་ཧ་ཀྲོ་དྷཱི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། འདི་ཕྱུང་མ་ཐག་ཏུ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། གཉིས་སུ་མ་ཡིན་པ་དང་། ཐལ་བར་མ་ཡིན་པ་རྣམས་ཀྱི་སྐུ་རྒྱན་ཆ་ལུགས་ཐམས ་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། རོལ་པའི་ཕྱག་རྒྱ་གར་རྣམས་ཀུན།། ཡང་དག་ཉིད་ལས་བྱུང་བས་ན།། དེ་རྟགས་ཕྱག་རྒྱ་རྫོགས་པ་ཡིན།། ཞེས་གླེངས་ཏེ ་འཇོམས་པ་ཆེན་པོ་རྣམས་ཀྱི་སྐུ་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སོ་སོའི་མཚན་མ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་བའི ་སྙིང་པོ་འདི་ཕྱུང་ངོ་།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། འདི་ཕྱུང་མ་ཐག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། སོ་སོའི་མཚན་ཉིད་ཀྱི་བྱེ་བྲག་ལ་གནས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི ་བདག་པོ་དེས་སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་།། ཨོཾ་མུ་ནེ་ཀྲྀ་སྭཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཨོཾ་མུ་ནེ་སུཾ་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། འདི་ཕྱུང་མ་ཐག ་ཏུ་ཐུབ་པ་ཆེན་པོ་དྲུག་གི་སོ་སོའི་སྐུ་རུ་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི།། བདེ་བ་ཆེན་པོའི་ཆོས་སྐུ་ལས།། འགྲོ་དྲུག་ཇི་ལྟར་འདུལ་བ་ཡི།། སྦྲུལ་སྐུར་བསྟན་པ་རྫོགས ་པའོ།། ཞེས་གླེངས་ཏེ་ཁྱམས་ལ་བཞུགས་པར་གྱུར་ཏོ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་རྣམ་པའི་མཆོག་དང་ལྡན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་གསུངས་སོ།། ང ་ཡི་དཀྱིལ་འཁོར་གསང་བའི་མཆོག། ཐམས་ཅད་ཀུན་ལ་ཁྱབ་ཆེན་པོ།། འདི་བསྒྲུབ་ལས་གང་འགྲུབ་པར་འགྱུར།། ཐམས་ཅད་འཇོམས་པའི་ཕུར་པ་ཡིན།། ཞེས་གསུངས་སོ།། དཀྱིལ་འཁོར་གནས་རྣམས་ཐམས ་ཅད་ཀུན།། ཇི་ལྟ་བ་ཡི་བསམ་རྫོགས་པ།། འགྲོ་རྣམས་བཀོད་པ་ཇི་ལྟ་བར།། དེ་འདྲར་བདེ་ཆེན་གསང་བདག་མཛད།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང ་བ། ཀི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་ཆོས་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ། ཕྱི་ནང་གསང ་བ་གསུམ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་བསྟོད་པ་བྱས་ནས། ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། གསང ་གསུང་དོན་གྱི་བདག་ཉིད་གཙོ།། སྟོང་པ་རྣམ་དག་ཀུན་གྱི་མཛོད།། མ་བཅོས་སྤྲོས་མེད་སྙིང་པོའི་སྐུ།། དངོས་མེད་བྱང་ཆུབ་སེམས་ཀྱི་བདག། སངས་རྒྱས་ཀུན་གྱི་གཙོར་གྱུར་པ།། སྔགས་ཀྱི་བདག་པོ་ཁྱོད་ལ ་འདུད།། ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས།། དཀྱིལ་འཁོར་རྣམས་ཀྱི་དེ་ཉིད་དོན།། བྱང་ཆུབ་སེམས་ཀྱི་མཚན་ཉིད་དང་།། མ་བཅོས་སྙིང་པོའི་དོན་རྣམས་ཀུན།། བདག་ཅག་འཁོར་ལ་བཤད་དུ་གསོལ།། ཞེས ་ཞུས་པ་དང་། དེ་ནས་གསང་བ་མཆོག་གི་བདག་པོ་དེས། རྡོ་རྗེ་ཆོས་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ཁྱོད་ཀྱིས་ཞུམས་པའི་སེམས་མ་ཡིན་པར། སྤོབས་པ་བསྐྱེད་ནས་ཞུས་པ་ལེགས་སོ་ལེགས ་སོ།། དཀྱིལ་འཁོར་རྣམས་ཀྱི་དེ་ཉིད་ནི།། གསང་བའི་དོན་ལས་བྱུང་བ་ཡིན།། དོན་དམ་ཀུན་རྫོབ་གཉིས་ཡོད་དེ།། མཁས་པ་རྣམས་ཀྱིས་རིག་པར་བྱ།། བྱང་ཆུབ་སེམས་ཀྱི་དེ་ཉིད་ནི།། སྔོན་གྱི་རྒྱལ་བསམ ་གསུངས་ཤིང་།། ད་ལྟའི་རྒྱལ་བས་མི་གསུང་ལ།། ཕྱིས་ཀྱང་གསུང་བར་མི་འགྱུར་རོ།། དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་།། རབ་ཏུ་གསུངས་པར་དཀའ་བ་ཡིན།། མ་བཅོས་པ་ཡི་ཁོ་ན་ཉིད།། སེམས་ཀྱི ་མཚན་ཉིད་མེད་པའི་ཕྱིར།། སྣོད་དུ་གྱུར་པ་དཀོན་པ་ཡིན།། ཞེས་གསུངས་ནས།། སེམས་དཔའ་ཆེན་པོ་ཁྱོད་ཉིད་ཀྱིས་སེམས་ལ་དྲིས་ཤིག་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་འཁོར་གྱི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཆོས་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ཉིད་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པ་ཡིན་པས་ན་བཅོམ་ལྡན་འདས་ལ་ཞུ ་བར་ཡང་སྤོབས་པར་འགྱུར་བ་ཡིན་པས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་གཉིས་སུ་མེད་པ་ལ་མངའ་བརྙེས་པ་ནི་ཐེ་ཚོམ་ཐམས་ཅད་གཅོད་པ་ཡིན་པས་ཁྱོད་ཀྱིས་ཀྱང་ཐེ་ཚོམ་དང་སོམ་ཉིར་གྱུར ་པ་ཐམས་ཅད་ཞུས་ཤིག། ཡང་ནས་ཡང་དུ་ཞུས་ཤིག། གསང་བའི་བདག་པོ་ནི་སྣོད་ཀྱི་རིམ་པ་ཇི་ལྟ་བར་ཆོས་སྟོན་པར་མཛད་ཅིང་བྱང་ཆུབ་སེམས་དཔའ་བློ་དམན་ཞིང་སེམས་ཞུམས་པ་རྣམས་ལ་ཡང་བྱིན་གྱིས ་བརླབ་པོ་ཞེས་བཀའ་སྩལ་པ་དང་། རྡོ་རྗེ་ཆོས་ཀྱིས་འཁོར་རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐུལ་བ་ཐུགས་སུ་ཆུད་དེ་འཁོར་གྱི་བྱང་ཆུབ་སེམས་དཔའ་བློ་དམན་པ་གྲངས་མེད་པ ་བྱིན་གྱིས་བརླབས་ནས་སྣོད་དུ་རུང་བར་བྱས་སོ།། དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གླེངས་སོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། གསུང་མཆོག ་བཀའ་ནི་དྲི་མ་མེད།། བདག་ཅག་འཁོར་ཚོགས་མ་འཚལ་ན།། བདེ་བར་གཤེགས་པས་བཤད་དུ་གསོལ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྤྲོས་པ་མེད་ཅིང་བརྗོད་པ་ལས་འདས་པའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཆོས་དང་། རིགས་ལྔ་དང་། འཁོར་དུ་འདུས་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་འདུས་པ་ཀུན་ཉོན་ཅིག། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི།། བརྗོད ་མེད་སྨྲ་བསམ་ཀུན་རྟོག་བྲལ།། དངོས་མེད་བྱང་ཆུབ་སེམས་ཞེས་བརྗོད།། བརྗོད་པ་ཞེས་བྱ་ཀུན་རྫོབ་ཡིན།། ཡང་དག་ཉིད་ལ་བརྗོད་པ་མེད།། རང་བྱུང་སྐུ་སྟེ་བདེ་བའི་མཆོག། མ་བཅོས་དོན་དམ་ངང་ཉིད ་ལ།། སངས་རྒྱས་སེམས་ཅན་གཉིས་སུ་མེད།། རང་གི་ལུས་ངག་ཡིད་གསུམ་དང་།། གཉིས་མེད་མ་བཅོས་རྡོ་རྗེ་སྟེ།། ལུས་ངག་ཡིད་གསུམ་དམིགས་མེད་པས།། མ་བཅོས་པ་ཡི་སེམས་ཉིད་ཀྱིས།། དོན་དམ་ཀུན ་རྫོབ་གཉིས་སུ་སྣང་།། དེར་སྣང་དབྱིངས་ལས་བསྐྱོད་པ་མེད།། དེ་ལྟར་རིག་པའི་སྐྱེས་བུ་དེ།། གཉིས་མེད་བྱང་ཆུབ་མཆོག་སེམས་བསྐྱེད།། ཅེས་གསུངས་སོ།། དེ་ནས་འཁོར་རིགས་ལྔ་དང་། དེར་འདུས་པའི་བྱང ་ཆུབ་སེམས་དཔའ་རྣམས་རང་རང་གི་ལུས་ངག་ཡིད་གསུམ་ལ་སེམས་ནས་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་རྡོ་རྗེ་ཆོས་ཀྱིས་རྟོགས་ཚད་འདི་གསུངས་སོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། དུས་གསུམ ་རྒྱལ་བ་ཐམས་ཅད་ཀྱི།། ཆོས་སྐུ་བྱང་ཆུབ་སེམས་ལས་བྱུང་།། རྒྱུ་ཡི་དུས་ན་དེ་ཉིད་གསལ།། རིག་པ་རིམ་པར་གསལ་བྱས་ཏེ།། མ་བཅོས་དོན་དམ་ངོ་བོ་ཉིད།། སྤྲོས་བྲལ་བརྗོད་ལས་འདས་པའི་སེམས།། ནམ ་མཁའ་རྡུལ་དང་བྲལ་བ་སྟེ།། དཔེས་ཀྱང་དེ་ལ་མཚོན་མི་ནུས།། རྟོགས་པར་དཀའ་བའི་སྙིང་པོ་འདི།། རབ་ཏུ་མི་རྟོག་གནས་མེད་པའོ།། ཞེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་མི་བསྐྱོད་པས།། བྱང ་ཆུབ་སེམས་རྟོགས་པའི་ཚད་འདི་གསུངས་སོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས།། དམིགས་པ་མེད་ལས་ཐམས་ཅད་བསྐྱེད།། དེ་རྫོགས་སྔགས་ཀྱི་དོན་རབ ་གསལ། བྱང་ཆུབ་སེམས་རྫོགས་བདེ་བའི་གནས།། གཟུང་འཛིན་རྣམ་སྤངས་རིག་པར་གསལ།། གསལ་ལ་དྲི་མེད་རྒྱལ་བའི་བཀའ།། དེ་རྫོགས་ངོ་བོ་གཉིས་མེད་སྐུ།། ཚིག་དང་ཡི་གེ་སྒྲ་ལས་འདས།། བརྗོད་མེད ་བརྗོད་བྲལ་དོན་གྱི་མཆོག། བསམ་དང་བྲལ་བའི་སེམས་ཉིད་ནི།། རང་གི་ངོ་བོ་མ་སྐྱེས་པའོ།། ཞེས་གསུངས་སོ།། དེ་ནས་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས།། བྱང ་ཆུབ་ཀྱི་སེམས་རྟོགས་པའི་ཚད་འདི་གསུངས་སོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བྱང་ཆུབ་སེམས་ལས་ཐམས་ཅད་ཤར།། ཤར་བའི་ངང་ལས ་མ་གཡོས་གསལ།། གསལ་བའི་ཡེ་ཤེས་བདེ་ཆེན་ཡིན།། བདེ་ཆེན་ངང་ཉིད་སྣ་ཚོགས་པའི།། ཇི་ལྟར་བརྟག་པ་གཉིས་སུ་མེད།། གཉིས་མེད་བརྗོད་ལས་འདས་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་རིན་ཆེན་འབྱུང་བ་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་རྟོགས་པའི་ཚད་འདི་གསུངས་སོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།། གཉིས་མེད་བྱང་ཆུབ་སེམས་ཞེས ་བྱ།། ངོ་བོ་ཉིད་ལས་ཐམས་ཅད་འབྱུང་།། ཇི་ལྟར་སྣང་བ་དག་པའི་དབྱིངས།། མ་བཅོས་ཡེ་ནས་མཁའ་ལྟར་དག། གཉིས་མེད་ཐབས་དང་ཤེས་རབ་དོན།། མཉམ་པ་ཉིད་ལས་གཞན་མེད་དོ།། ཞེས་གསུངས ་སོ།། དེ་ནས་ཡང་བཅོམ་ལྡན་འདས་འོད་དཔག་པ་ལས་འདས་པའི་སེམས་དཔས་བྱང་ཆུབ་ཀྱི་སེམས་རྟོགས་པའི་ཚད་འདི་གསུངས་སོ།། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། ཆོས་ཀྱི་དབྱིངས་ལས་ཐམས ་ཅད་ཤར།། ཤར་བ་ཉིད་ན་བརྗོད་དུ་མེད།། བརྗོད་མེད་ངང་ལས་ཐམས་ཅད་གསལ།། གསལ་བའི་བྱེ་བྲག་ཐམས་ཅད་གསལ།། གསལ་བའི་བྱེ་བྲག་སོ་སོར་འབྱུང་།། དེ་ལས་ཐམས་ཅད་ཉོན་མོངས་མེད།། དྲི་མེད ་རྣམ་དག་རྒྱལ་བའི་སྐུ།། རྣལ་འབྱོར་བློ་ལྡན་གྱིས་བསྒོམས་འགྲུབ།། ཅེས་གསུངས་སོ།། དེ་ནས་ཡང་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པས།། བྱང་ཆུབ་ཀྱི་སེམས་རྟོགས་པའི་ཚད་འདི་གསུངས་སོ།། ཨེ་མ་ཧོ ་བདེ་གཤེགས་བཅོམ་ལྡན་འདས།། ཆོས་སྐུ་བྱང་ཆུབ་སེམས་ལས་བྱུང་།། རྒྱུ་ཡི་དུས་ན་དེ་ཉིད་གསལ།། རིམ་པ་རིམ་པར་གསལ་བྱས་ཏེ།། གཉིས་མེད་ངོ་བོ་ཉིད་ལ་གནས།། མ་བཅོས་བརྗོད་མེད་ངོ་བོ་ཉིད།། རྣལ ་འབྱོར་དམ་པས་བསྒོམས་ནས་འགྲུབ།། ཅེས་གསུངས་སོ།། དེ་ནས་བདེ་བར་གཤེགས་པ་ལྔ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་གཉིས་སུ་མེད་པའི་ངང་ཉིད་བརྗོད་པ་དང་བྲལ་བའི་དོན་ལ་སེམས་ནས ་བཞུགས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ་ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་བྱང་ཆུབ་སེམས་ཀྱི་ངེས་པ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་གཉིས ་པའོ།། །། དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་རྣམ་པར་དག་པ་ཕུལ་ནས། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཤིང་། བརྐྱང་ཕྱག་འཚལ་ནས་གསང་བ ་མཆོག་གི་བདག་པོ་ལ་གསོལ་བ་བཏབ་པ། ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས།། ཀུན་གྱི་གཉེན་གྱུར་དམ་པའི་གཙོ།། ཀུན་ལ་སྙོམས་པའི་ངང་ཚུལ་ཅན།། འཁོར་བའི་གནས་ནས་དྲངས་པ་དང་།། སེམས ་ཅན་ལམ་ལ་འགོད་པའི་ཕྱིར།། རྡོ་རྗེའི་དཀྱིལ་འཁོར་རིན་ཆེན་དཀྱིལ།། པདྨའི་དཀྱིལ་འཁོར་ལས་ཀྱི་དཀྱིལ།། རྣམ་སྣང་མཛད་ཆེན་དཀྱིལ་འཁོར་ནི།། དངོས་གྲུབ་ཐམས་ཅད་འབྱུང་བའི ་གནས།། བདེ་གཤེགས་ངོ་མཚར་ཁྱོད་ལ་འདུས།། གསང་བ་གསུམ་ལས་བྱུང་བ་རྣམས།། འགྲོ་བ་རིགས་དྲུག་ཐམས་ཅད་ལ།། རབ་ཏུ་ཕན་པའི་སེམས་འཆང་ཞིང་།། རྣལ་འབྱོར་རྣམས་ལ་ཐུགས་བརྩེའི ་ཕྱིར།། བདག་ཅག་འཁོར་ཚོགས་ཞུ་བར་འཚལ།། ཞེས་གསོལ་བ་བཏབ་བོ།། དེ་ནས་སྟོན་པ་གསང་བདག་གིས་རྡོ་རྗེ་ཆོས་ཀྱི་ཚིག་གསན་ནས། སོ་སོར་རང་རང་དཀྱིལ་འཁོར་རྣམས།། རབ་ཏུ་ཉམས་དགའ་ཐོགས ་མེད་བཤད།། རྣལ་འབྱོར་བློ་ལྡན་བརྩེ་ཕྱིར་རོ།། ལས་ཀྱི་བྱེ་བྲག་ཐམས་ཅད་དང་།། དངོས་གྲུབ་རབ་འབྲིང་ཐ་མ་རྣམས།། སློབ་དཔོན་བྱེད་པར་འདོད་པ་དང་།། བདེ་བར་གཤེགས་པའི་རྗེས་འབྲང་བའི།། སོ་སོའི ་མཚན་ཉིད་བཤད་པར་བྱ།། རྒྱུད་ཤེས་ལེགས་པར་སྟོན་པ་དང་།། ཏིང་འཛིན་དྲོད་ལྡན་གདེང་དུ་བཅང་།། བཀའ་དང་བསྟན་བཅོས་ཐམས་ཅད་ལ།། རབ་ཏུ་མཁས་ཤིང་ཐེ་ཚོམ་མེད།། དོན་ལ་སྲན་ཚུགས་བསྒོམ་ལ ་བརྩོན།། གཉིས་མེད་བློ་ལྡན་དད་པ་ཆེ།། གསང་བ་བཞི་ཡི་དོན་རྣམས་དང་།། གབ་ཅིང་སྦས་པའི་ཐབས་མཆོག་རྣམས།། སྣོད་ངན་སྦས་པ་གསང་མི་ཐུབ།། དེ་ལ་རྟག་ཏུ་མི་སྟེར་ཞིང་།། གསང་གསུམ་དབང ་མཆོག་ཐོབ་པ་ནི།། རྡོར་འཛིན་དཀྱིལ་འཁོར་དག་ལ་ཤིས།། རྩ་བ་དག་དང་ཡན་ལག་བཅས།། དམ་ཚིག་མ་ཉམས་ལེགས་ཐུབ་དང་།། མདོག་བཟང་གཟུགས་མཛེས་དྲི་མཆོག་ལྡན།། མི་འོས་སྟོབས་ལྡན་ཤུགས ་འཆང་ཞིང་།། ལག་མཐིལ་འཁོར་ལོ་རྩིབས་བརྒྱད་ཡོད།། ཁ་དོག་སེར་ཞིང་ཤིན་ཏུ་འཚེར།། འཁོར་ལོ་ཅན་གྱི་ལས་རྣམས་ནི།། ཅི་དགར་དཀྱིལ་འཁོར་བྱ་བར་གསུངས།། བློ་ཡངས་ཡོན་ཏན་ཀུན་གྱི་བརྒྱན།། ཤེས ་པ་གསལ་ཞིང་ཡོན་ཏན་ལྡན།། རིག་པའི་གནས་མཆོག་ཀུན་ལ་མཁས།། སྤྱོད་ལམ་རྣམ་བཞིར་ལྷུན་སྡུག་ཅིང་།། མཛེས་པའི་གླུ་དབྱངས་རྣམས་ལ་མཁས།། ཡོན་ཏན་ཀུན་ལ་མ་འགགས་སྤྱོད།། རྡོ་རྗེ་སློབ་དཔོན ་བཀའ་བཞིན་བྱེད།། རྡོ་རྗེ་སྤུན་ལ་གདུང་བ་ཆེ།། རིན་པོ་ཆེ་ཡི་ལས་རྣམ་ཀུན།། རྣལ་འབྱོར་དེ་ཡིས་བྱ་བར་གསུངས།། རྟག་པར་ཏིང་འཛིན་རྒྱུན་མི་གཅོད།། བཟླས་པ་དག་ལ་རབ་ཏུ་བརྩོན།། སྔགས་ཀྱི་དོན་རྣམས ་མ་ལུས་མཁྱེན།། ངག་ཀྱང་ཤིན་ཏུ་འཇམ་པར་སྨྲ།། བདེན་སྒྲ་མགྲིན་བདེ་གླུ་དབྱངས་མཁས།། ཕྱི་ནང་ཆོས་ལ་མོས་ཤིང་འཆད།། ཚིག་སྒོ་གསལ་ཞིང་ཁ་དོག་དམར།། པདྨ་ཅན་གྱི་ལས་ཀྱི་རིགས།། ཕྱི་ནང་ལས ་རྣམས་ཐམས་ཅད་ལ།། ཤིན་ཏུ་མ་རྨོངས་དབང་ཡང་ཐོབ།། སྔགས་ལ་བརྩོན་ཞིང་ཤེས་རབ་གསལ།། ཕྱི་ནང་རྒྱུད་ཀྱི་ལས་རྣམས་ལ།། ལྷག་གམ་འོན་ཏེ་ཆད་ཀྱང་རུང་།། དེ་ཡི་དོན་རྣམས་མ་ནོར་སྐོང་།། ཕྲིན་ལས ་རྣམ་བཞིའི་ལས་ལ་མཁས།། ལས་ཀྱི་དཀྱིལ་འཁོར་བྱ་བར་གསུངས།། ཡོན་ཏན་ཐམས་ཅད་ཀུན་དང་ལྡན།། ཕྱི་ནང་སྡེ་སྣོད་ཀུན་ལ་མཁས།། སྤྱོད་པའི་བྱེ་བྲག་མང་པོ་སྤྱོད།། ལས་དང་བྱ་བ་ཀུན་ལ ་མཁས།། རྟག་པར་དད་ལྡན་སྙིང་རྗེ་ཆེ།། ཏིང་འཛིན་བྱེ་བྲག་ཀུན་ལ་མཁས།། བྱང་སེམས་མཚན་ཉིད་ཐུགས་སུ་ཆུད།། དཀྱིལ་འཁོར་སྤྱི་ཡི་ལས་སུ་རུང་།། སློབ་དཔོན་ལུང་ལྡན་དམ་པ་དེས།། སློབ་མའི་མཚན་ཉིད ་བརྟག་པར་བྱ།། རྩ་བ་ཡན་ལག་དམ་ཚིག་བསྲུངས།། ཤེས་རབ་རྣམ་གསུམ་སྒོ་ནས་སྦྱངས།། དད་ལྡན་བརྩོན་འགྲུས་རྐྱེན་ཐུབ་དཔའ།། སྟོན་པའི་བཀའ་དང་བསྟན་བཅོས་མཁས།། སློབ་དཔོན་འཁུར་ཞིང་སྙིང་རྗེ ་ལྡན།། རྡོ་རྗེ་སྤུན་ལ་བརྩེ་གདུང་ཆེ།། བླ་མའི་མན་ངག་ཤིན་ཏུ་འཛིན།། རྡོ་རྗེ་འཛིན་པའི་སློབ་མར་རུང་།། ལུས་ལ་དྲི་ཞིམ་ངད་ལྡང་ཞིང་།། ལུས་མཛེས་སྒྲ་ཡང་སེར་ལ་འཇམ།། སློབ་དཔོན་རྡོ་རྗེ་སྦྲན་ལ ་དུང་།། དཀྱིལ་འཁོར་གྱི་ནི་ལས་ལ་མཁས།། སྟོད་སྨད་ཕྱེད་ཅིང་མིག་དཀྱུས་རིང་།། དྲང་པོར་སྨྲ་ཞིང་ཚིག་མི་འགྱུར།། ངག་ཀྱང་ཤིན་ཏུ་བདེ་ཞིང་འཇམ།། འཁོར་ལོ་ཅན་གྱི་སློབ་མར་རུང་།། སྤྱོད་པ་སྤང་ཞིང ་དཔའ་རྩལ་ཆེ།། རིན་ཆེན་སྣ་ཚོགས་ནོར་རྣམས་འཆང་།། གསེར་དང་བྱེ་རུ་མུ་ཏིག་རྣམས།། ཇི་ལྟར་འོས་པའི་རིན་ཆེན་གྱིས།། བླ་མའི་དགོངས་པ་སྐོང་བར་བྱེད།། ངག་སྙན་ལུས་ཀྱང་མཛེས་པ་དང་།། སྐྱོན ་རྣམས་ཐམས་ཅད་སྤངས་པ་ནི།། རིན་ཆེན་དཀྱིལ་འཁོར་སློབ་མར་རུང་།། ལུས་དང་ངག་དང་ཡིད་གསུམ་གྱི།། མི་དགེ་བཅུ་པོ་ཡོངས་སུ་སྤོང་།། དགེ་བ་བཅུ་ལ་རྟག་ཏུ་བརྩོན།། ངག་སྙན་མགྲིན་བདེ་གླུ་ལ ་མཁས།། མདོག་དམར་ལུས་ལ་ཙནྡན་དྲི།། སྐྲ་ཡང་མཐོན་མཐིང་སེན་མོ་དམར།། ཡན་ལག་ཕྲ་ལ་ཚིག་རྣམས་དྲང་།། པདྨ་འཆང་གི་སློབ་མར་བཤད།། ཕྱི་ནང་ཆོས་ལ་རྟག་ཏུ་དགའ།། ཕྲིན་ལས་རྣམ་བཞིའི་ལས་ལ ་འགྲུས།། དཔའ་རྩལ་ཆེ་ཞིང་ལྷུན་ཡང་སྡུག། བཟོ་ལ་མཁས་ཤིང་རིག་པ་གསལ།། བླ་མ་དམ་པ་མཉེས་བྱེད་ཅིང་།། དགོངས་པ་ཐམས་ཅད་སྐོང་བྱེད་པ།། སྣ་ཚོགས་ལས་ལ་ཤིན་ཏུ་མཁས།། ལས་ཀྱི་རིགས་ཀྱི་སློབ ་མར་རུང་།། ཡོན་ཏན་མཆོག་རྣམས་ཀུན་ཚང་ཞིང་།། མང་པོས་བཀུར་ཞིང་བསྔགས་པ་བརྗོད།། ལུས་མཛེས་སྤྱོད་གཟོ་ཡིད་དུ་འོང་།། ཕྱི་ནང་དཀྱིལ་འཁོར་ལས་ལ་མཁས།། མན་ངག་གསང་བ་སྦས་པ་ཐུབ།། སྤྱོད ་པ་གང་བསྒོམས་སློབ་དཔོན་འཁུར།། རིག་པའི་གནས་ལ་འགག་པ་མེད།། སྤྱི་ཡི་དཀྱིལ་འཁོར་སློབ་མར་རུང་།། དང་པོ་གནས་ཀྱི་བརྟག་པ་ནི།། བཟང་ངན་གཉིས་སུ་ཤེས་པར་བྱ།། བཟང་པོ་དངོས་གྲུབ་མཆོག ་ཀྱང་འགྲུབ།། ངན་པས་རྣལ་འབྱོར་ཉིད་བརླག་འགྱུར།། སྤང་བླང་གཉིས་སུ་ཤེས་པར་གྱིས།། སྔོན་ལ་སྤང་བའི་གནས་བསྟན་པ།། གནོད་སྦྱིན་སྲིན་པོ་བསྒྲུབ་པ་དང་།། སྲིན་མོས་བྲད་པའི་སྡེར་རྗེས་དང་།། སྲིན ་གདུག་མཚོན་ཆ་འདྲ་བ་དང་།། སྲིན་པོ་བསད་པའི་ཁྲག་རྗེས་དང་།། འབྱུང་པོ་མང་པོ་འདུ་བའི་གནས།། ཀླུ་གདུག་ཆུ་མིག་ངམ་གནག་དང་།། ལྷ་འདྲེ་ཅན་གྱི་རྒྱུན་སྲང་དང་།། སྔོན་ཆད་ལྷ་མིའི་གནས ་གཞི་དང་།། གནོད་སྦྱིན་གནས་པའི་ལྷ་རྟེན་ས།། དེ་ལྟ་བུ་ཡི་གནས་དག་ཏུ།། བློ་ལྡན་རྣལ་འབྱོར་དེས་བསྒོམས་ན།། ཁ་ན་མ་ཐོ་བཅས་འགྱུར་ཞིང་།། སྡུག་བསྔལ་རྣམས་ཀྱང་འཕེལ་བར་འགྱུར།། དེ་ལྟ་བུ་ཡི་གནས ་དག་ནི།། མཚན་ཉིད་ལེགས་པར་ཤེས་བྱས་ལ།། སྤངས་ན་དངོས་གྲུབ་མཆོག་ཀྱང་འགྲུབ།། བླང་བར་བྱ་བའི་གནས་རྣམས་ནི།། རྡོ་རྗེ་བྲག་དཀར་མདངས་བཟང་བ།། རི་བོ་ལྷུན་སྡུག་བྲག་ཆེན་གཏམས།། རི་ནི ་རིན་ཆེན་སྤུངས་པ་འདྲ།། དེ་ལྟ་བུ་ཡི་རྩེ་རྣམས་སམ།། ཉམས་དགའ་གངས་རི་མཐའ་མ་བསྐོར།། ཤིན་ཏུ་ཉམས་དགའ་ཡིད་འོང་བ།། རྡོ་རྗེའི་དཀྱིལ་འཁོར་བསྒྲུབ་པའི་གནས།། སྤང་ཕུག་རི་བོ་ཉམས་དགའ ་དང་།། སྔོན་གྱི་བདེ་གཤེགས་ཀྱིས་བསྒྲུབས་པ།། མི་དང་འདུ་འཛི་དབེན་པ་དང་།། རི་བོ་ཆེན་པོའི་སུལ་དག་དང་།། ནགས་ཚལ་ཆེན་པོ་གཏིབས་པ་དང་།། སྐྱེད་མོས་ཚལ་གྱིས་མཐའ་བསྐོར་དང་།། ཉམས་དགའ ་ཤར་དུ་ཁ་བལྟས་དག། འཁོར་ལོའི་དཀྱིལ་འཁོར་བསྒྲུབ་པའི་གནས།། ཁ་དོག་རྣམ་པ་ལྔ་ཡོད་དང་།། རིན་ཆེན་སྣ་ལྔའི་དབྱིབས་འདྲ་བ།། ཡང་ན་རིན་ཆེན་ཟུར་བརྒྱད་དམ།། རིན་ཆེན་མྱུ་གུ་འདྲ་བའམ།། མཛེས ་པའི་བྱ་སྐད་སྣ་ཚོགས་སྒྲོགས།། ལུང་པ་མཛེས་ཤིང་ཁ་དོག་སྔོ།། སྐྱེ་ཤིང་ལེགས་པོ་ཡོད་པའི་གནས།། རིན་ཆེན་དཀྱིལ་འཁོར་བསྒྲུབ་པའི་གནས།། རི་ནི་དྲི་ཞིམ་སྣ་ཚོགས་ཡོད།། ཙནྡན་དམར་པོའི་ནགས་ཚལ ་ཅན།། མེ་ཏོག་པདྨའི་གླིང་ཡོད་དམར།། ཡིད་འོང་ལུང་པ་དམར་ལ་མཛེས།། པདྨ་འདྲ་བའི་དབྱིབས་ཡོད་དང་།། གནམ་ནི་ཟླུམ་ལ་ཡ་ཡོ་མེད།། པྲ་མ་སྨུག་པོས་གཏིབས་པ་དེར།། པདྨའི་དཀྱིལ་འཁོར་བསྒྲུབ་པའི ་གནས།། དུར་ཁྲོད་མ་མོ་འདུ་བའི་གནས།། ཐང་ཡངས་གྲོག་པོ་མདུང་བཙུགས་སམ།། ལམ་གསུམ་བསྣོལ་བའི་དབུས་སུའམ།། གྲོག་པོ་ཕས་ཆོད་ཚུས་ཆོད་གླེང་།། རི་ལ་རྫ་མོ་ཡོད་པ་དང་།། བྲག་སྔོན་རག་རག ་མང་བ་དང་།། རལ་གྲི་འདྲ་བའི་དབྱིབས་ཡོད་པར།། ལས་ཀྱི་དཀྱིལ་འཁོར་བསྒྲུབ་པར་ཤིས།། རི་བོ་ལྷུན་སྡུག་བསྒྱིངས་པ་དང་།། རི་བྲག་མང་པོས་བསྐོར་བ་དང་།། ལུང་པ་མཛེས་ཤིང་ཁ་དོག་ཡངས།། ལྕུག་ཕྲན ་ཚལ་དག་སྐྱེས་པ་དང་།། མཛེས་པའི་ས་ནི་རིན་ཆེན་འདྲ།། གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ།། ལོགས་ལ་སྨན་གྱི་ནགས་ཚལ་ཡོད།། དཀྱིལ་འཁོར་སྤྱི་ཡི་བསྒྲུབ་པའི་གནས།། ཡང་ན་དཀྱིལ་འཁོར་ལྔ་ཆར ་ནི།། ཡོན་ཏན་ཆ་དང་ཆ་ཡིས་བརྒྱན།། དེ་ལྟར་སྤྱི་ཡི་གནས་སུ་བསྟན།། དེ་ལྟ་བུ་ཡི་གནས་རྣམས་ནི།། རྣལ་འབྱོར་བློ་དང་ལྡན་པ་ཡིས།། མཚན་ཉིད་ཤེས་ཤིང་རྟོགས་བྱས་ལ།། དང་དུ་བླངས་ཏེ་བསྒྲུབ་པར ་བྱ།། སློབ་དཔོན་སློབ་མ་གནས་རྣམས་དག། གཞུང་དང་མཐུན་པར་རྙེད་ནས་ནི།། སློབ་དཔོན་ཏིང་འཛིན་མི་ལྡན་ན།། ཉེས་དང་བཅས་ཤིང་ཡ་གར་འགྱུར།། དངོས་གྲུབ་མེད་ཅིང་ཚེ་ཆད་འགྱུར།། དེ ་ཡི་མཚན་ཉིད་ཟིན་བྱས་ལ།། ཤེས་དང་སྤང་བར་བྱ་བ་ཡིན།། ཏིང་འཛིན་ལས་སུ་རུང་བ་ཡིས།། རྣལ་འབྱོར་བློ་དང་ལྡན་པ་དེས།། གནས་དང་སློབ་མའི་མཚན་ཉིད་ནི།། ཆོ་ག་ཡོ་བྱད་མ་ཚོགས་ཀྱང་།། དངོས་གྲུབ ་ཇི་ལྟར་འདོད་པ་རྣམས།། འགྲུབ་འགྱུར་འབྲས་བུ་ཟག་མི་རིང་།། གནས་དང་སློབ་མའི་མཚན་ཉིད་ནི།། ཆོ་ག་ཡོ་བྱད་ལྡན་གྱུར་ན།། མཁས་པས་རིམ་པ་བྱས་བསྒོམས་ན།། དངོས་གྲུབ་འབྲས་བུ་མྱུར་འགྲུབ ་ཅེས།། དུས་གསུམ་སངས་རྒྱས་ཀྱིས་གསུངས་པས།། ཀུན་གྱི་མཚན་ཉིད་བཤད་པ་ཡིན།། དངོས་པོའི་ཆོས་ལ་དད་པ་དང་།། མཚན་མ་དག་ལ་དགའ་བ་དག། དྲང་ཞིང་མཚན་དངོས་གཞོམ་པའི་ཕྱིར།། ལུང་པའི་རི ་དང་བར་སྣང་དང་།། རིགས་ལྔ་སོ་སོའི་མཚན་ཉིད་དག། རབ་ཏུ་བརྟགས་ཏེ་གཟུང་བར་བྱ།། གཉིས་མེད་དོན་ལ་དགའ་བ་དང་།། མ་བཅོས་དོན་རྣམས་ཉམས་སུ་ལེན།། གསང་བ་སྦས་པའི་དོན་ལ་བརྟག། དེ་ལ ་རྩེ་གཅིག་ཏིང་འཛིན་བརྟན།། དང་པོ་རང་ལུས་རྣལ་འདུག་སྟེ།། ཏིང་འཛིན་རྩེ་གཅིག་བྱས་ནས་སུ།། ཕྱི་ནང་དངོས་པོ་ཐམས་ཅད་ལ།། རང་བཞིན་མེད་རྟོག་དེས་བསྒོམས་ན།། དེ་ནི་ས་སྦྱོང་དང་པོ་ཡིན།། མིག ་གཡས་ཉི་མ་གཡོན་ཟླ་བ།། སྣ་ནས་རླུང་གིས་བསྲེག་གཏོར་བཀྲུས།། དེ་ནི་སྦྱོང་བ་གཉིས་པ་ཡིན།། བྱང་ཆུབ་སེམས་ཆུས་རབ་བསལ་བ།། དེ་ནི་སྦྱོང་བ་གསུམ་པའོ།། དེའི་ཚེ་ཕྱག་རྒྱ་བཅས་ནས་ནི།། དབང་གྱུར་ལྷ ་མོ་སྤྱན་དྲངས་ལ།། མཆོད་དེ་འོད་ཞུ་ས་ལ་ཐིམ།། བདུད་དང་གནོད་སྦྱིན་མ་རུངས་པས།། བར་དུ་གཅོད་པར་མི་ནུས་ཤིང་།། བསོད་ནམས་ཚོགས་བསགས་དམ་པ་མཆོག། དངོས་གཞི་དམ་པར་དེ་འགྱུར་རོ།། ས ་གཞི་བྱིན་གྱིས་བརླབ་པར་བྱ།། གཞུང་དང་མཐུན་པའི་ས་གཞི་དེ།། རྒྱལ་པོའམ་ས་བདག་ལ་སོགས་ལ།། དབང་བཙན་ཐུག་ཐུབ་མ་ཡིན་པར།། བདེན་པའི་གཏམ་སྨྲས་རིན་གྱིས་བླང་།། དེ་ནས་རྡོ་རྗེའི་ཁང་པ ་བྱ།། དེ་དབུས་སྟེགས་བུ་གྲུ་བཞི་བརྩིག། བདུད་རྩི་རྣམ་པ་ལྔ་རྣམས་དང་།། དྲི་ཞིམ་པོ་ནི་སྣ་ཚོགས་པས།། རབ་ཏུ་བསྲེས་ཏེ་བྱུགས་པར་བྱ།། མཐུག་སྲབ་པ་ཡི་གོ་བ་ཙམ།། ལེགས་པར་འཐས་ཤིང་སྙོམས་པར ་བྱ།། རྡོ་རྗེའི་ཁང་པ་གསལ་ཡང་གདབ།། དཀྱིལ་འཁོར་སོ་སོའི་ཁ་དོག་གི། རིགས་དང་མཐུན་པའི་གྲོགས་མཆོག་དེས།། མཛེས་ཤིང་ཁྲུས་བྱས་རྒྱན་གྱིས་སྤྲས།། བྱིན་དང་ལྡན་པས་དབང་བསྐུར་བྱ།། དེ་དག་རྣལ ་འབྱོར་གཡོན་དུ་བཞག། ཚད་ལྡན་རྡོ་རྗེ་སྲད་བུ་ལ།། དེ་ལྡན་དབང་བསྐུར་བྱིན་བརླབས་ནས།། ཐིག་གི་བྱེ་བྲག་དཀྱིལ་འཁོར་གཞུང་།། ཇི་ལྟར་འོས་པར་ཐིག་གདབ་བརྩམ།། དེ་རྗེས་དྲི་ཡི་ཐིག་ལེ་བྱ།། སོ་སོའི་ཕོ། ་བྲང་གདན་དུ་བརྩིག། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས།། མཆོད་བསྟོད་རིམ་པར་བྱས་ནས་ནི།། རབ་ཏུ་མཉེས་བྱས་དཀྱིལ་འཁོར་ནི།། ཚོན་རྩི་སྣ་ལྔ་རབ་འབྲིང་ཐ།། རབ་ཏུ་བསྒྲིམས་ཏེ ་བྱིན་བརླབས་ལ།། འགྲོ་བ་རྨོངས་པ་ལས་དང་པོས།། དང་པོ་མཚན་ཉིད་ཤེས་བྱས་ནས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེ།། རབ་ཏུ་མཚོན་པར་བྱ་བའི་ཕྱིར།། རྣམ་ལྔའི་དཀྱིལ་འཁོར་བྲི་བར་བཤད།། རྡོ་རྗེ ་འཛིན་པའི་དཀྱིལ་འཁོར་ནི།། དབུས་སུ་རབ་ཏུ་ཟླུམ་པ་ལ།། ཐིག་བཞི་བཏབ་པས་ལེའུ་ཚེ་དགུ།། གྲུ་ཆད་དང་ནི་བར་ཁྱམས་དང་།། སྒོ་ཁྱུད་དང་ནི་རིན་ཆེན་ལྔ།། འདོད་ཡོན་རིན་ཆེན་ཕ་གུ་དང་།། དྲ་བ་དྲ་ཕྱེད ་རོལ་མོར་བཅས།། འབའ་ཧུ་ལ་དང་རྟ་བབས་དང་།། དྲིལ་བུ་གཡེར་ཁ་སིལ་སིལ་སྒྲ།། ཆོས་ཀྱི་འཁོར་ལོ་ཏཱ་ར་ཎ།། རིན་ཆེན་རྒྱན་གྱིས་བརྒྱན་པར་བྲི།། དེ་འདྲའི་དཀྱིལ་འཁོར་རྡོ་རྗེ་འཛིན།། དབྱིངས་ཕྱུག་མ་དང ་གཉིས་མེད་འཁྲིལ།། སེང་གེས་གཏམས་པའི་ཁྲི་སྟེང་དུ།། ཉི་ཟླ་པདྨ་རིན་པོ་ཆེ།། དེ་སྟེང་ཡབ་ཡུམ་ཡང་དག་གནས།། རྒྱན་རྣམས་ཡོངས་སུ་རྫོགས་པར་གསལ།། ཁ་དོག་མཐིང་ག་འོད་དང་བཅས།། གཡས་དཀར ་གཡོན་པ་དམར་བ་ཡིན།། ཕྱག་ནི་རྣམ་པ་དྲུག་ཏུ་གསུངས།། གཡས་ཀྱི་དང་པོ་རྡོ་རྗེ་སྟེ།། བར་མ་འཁོར་ལོ་ཐ་མར་ནི།། གཡོན་གྱི་དང་པོ་དྲིལ་བུ་དཀུར།། བར་མ་རིན་ཆེན་མྱུ་གུའོ།། མཐའ་མ་རལ་གྲི་འབར་བ ་བསྣམས།། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཅས།། མདུན་དུ་རྣམ་པར་སྣང་མཛད་དེ།། སངས་རྒྱས་སྤྱན་དང་གཉིས་སུ་མེད།། གླང་པོའི་གདན་དང་བཅས་པ་ལ།། ཉི་ཟླ་པདྨ་རིན་པོ་ཆེ།། དེ་སྟེང་ཡབ་ཡུམ་ཡང ་དག་གནས།། ཁ་དོག་དཀར་པོའི་འོད་འབར་བས།། གཡས་སེར་གཡོན་པ་སྔོ་བ་ཡིན།། གཡས་དང་འཁོར་ལོ་ཐུགས་ཀར་འཛིན།། བར་པ་རྡོ་རྗེ་རྩེ་ལྔ་པ།། མཐའ་མ་རིན་ཆེན་མྱུ་གུའོ།། གཡོན་དང་དྲིལ་བུ་དཀུ་ལ ་བརྟེན།། བར་པ་པདྨ་ཁ་འབུས་བསྣམས།། ཐ་མ་རྡོ་རྗེ་རྒྱ་གྲམ་མོ།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། གཡས་སུ་རིན་ཆེན་འབྱུང་ལྡན་ཏེ།། མཱ་མ་ཀཱི་དང་གཉིས་སུ་མེད།། རྫུ་འཕྲུལ་རྟ་ཡི་ཁྲི་སྟེང་ན།། ཉི་ཟླ ་པདྨ་རིན་པོ་ཆེ།། དེ་སྟེང་ཡབ་ཡུམ་ཡང་དག་བཞུགས།། ཁ་དོག་ཛམ་བུ་ན་དའི་གསེར།། གཡས་དམར་གཡོན་པ་དཀར་པོ་ཡིན།། ཕྱག་དྲུག་གཡས་དང་རིན་པོ་ཆེ།། བར་མ་རྡོ་རྗེ་མཐའ་མ་པད།། གཡོན་དང་དྲིལ་བུ ་བར་མ་འཁོར།། མཐའ་མ་རལ་གྲི་བསྣམས་པའོ།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། རྒྱབ་ཏུ་སྣང་བ་མཐའ་ཡས་ཏེ།། གོས་དཀར་མོ་དང་གཉིས་མེད་བཞུགས།། རྨ་བྱས་གཏམས་པའི་ཁྲི་སྟེང་ན།། ཉི་ཟླ ་པདྨ་རིན་པོ་ཆེ།། དེ་སྟེང་ཡབ་ཡུམ་ཡང་དག་བཞུགས།། ཁ་དོག་པདྨ་རཱ་གའི་མདོག། གཡས་པ་དཀར་ལ་སེར་བ་སྟེ།། གཡོན་པ་སྔོ་ལ་སྐྱ་བའོ།། གཡས་དང་པདྨ་ཐུགས་གར་འཛིན།། བར་མ་རྡོ་རྗེ་མཐའ་མ ་འཁོར།། གཡོན་དང་དྲིལ་བུ་དཀུ་ལ་བརྟེན།། བར་མ་རྡོ་རྗེ་རྒྱ་གྲམ་སྟེ།། ཐ་མ་རིན་ཆེན་མྱུ་གུའོ།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། གཡོན་དུ་དོན་ཡོད་གྲུབ་པ་སྟེ།། དམ་ཚིག་སྒྲོལ་དང ་གཉིས་མེད་བཞུགས།། ནམ་མཁའ་ལྡིང་གི་ཁྲི་སྟེང་ན།། ཉི་ཟླ་པདྨ་རིན་པོ་ཆེ།། དེ་སྟེང་ཡབ་ཡུམ་ཡང་དག་བཞུགས།། ཁ་དོག་ཨིནྡྲ་ནཱི་ལའི་མདོག། གཡས་དཀར་གཡོན་པ་དམར་བ་ཡིན།། ཕྱག་དྲུག་གཡས་དང ་རལ་གྲི་ཐུགས།། བར་མ་རྡོ་རྗེ་མཐའ་མ་པད།། གཡོན་པ་དྲིལ་བུ་དཀུ་ལ་བརྟེན།། བར་མ་འཁོར་ལོ་མཐའ་མ་རིན།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། རྒྱན་རྣམས་ཀུན་དང་ཡང་དག་ལྡན།། ཡུམ་ནི་ཞལ ་གཅིག་ཕྱག་གཉིས་ཏེ།། རྡོ་རྗེ་དྲིལ་བུ་ཐོགས་ནས་འཁྱུད།། ཁ་དོག་ཡབ་དང་འདྲ་བར་བརྟག། ཀུན་གྱི་མཚན་ཉིད་ཡིན་པས་སོ།། གཡས་པའི་ཕྱག་ན་བསྣམས་པ་ནི།། འཁོར་ལོ་རིན་ཆེན་པདྨ་དང་།། ལས་ཀྱི་རལ ་གྲི་བསྣམས་པའོ།། ཤར་ལྷོ་མཚམས་ཀྱི་རེའུ་མིག་ལ།། པདྨ་དཀར་པོའི་གདན་སྟེང་ན།། བྱང་ཆུབ་སེམས་དཔའ་སའི་སྙིང་པོ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། ལཱ་སྱེ་དཀར་མོ་སྐུ་ལ་འཁྲིལ།། གཡས་པ ་རིན་ཆེན་མྱུ་གུ་བསྣམས།། གཡོན་པ་དྲིལ་བུ་དཀུ་ལ་བརྟེན།། ཡུམ་ནི་འགྱིང་སྟབས་ཡབ་ལ་འཁྱུད།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། ལྷོ་ནུབ་མཚམས་ཀྱི་རེའུ་མིག་ལ།། པདྨ་དཀར་པོའི་ཁྲི་སྟེང་དུ།། བྱང ་ཆུབ་སེམས་དཔའ་ནམ་མཁའི་སྙིང་།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། ཁ་དོག་སྔོན་པོ་མདངས་དང་ལྡན།། མཱ་ལེ་སྔོན་མོ་སྐུ་ལ་འཁྲིལ།། གཡས་པ་རལ་གྲི་གཡོན་དྲིལ་བུ།། ཡུམ་ནི་ཕྲེང་བ་གཙོ་ལ ་འཁྱུད།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། ནུབ་བྱང་མཚམས་ཀྱི་རེའུ་མིག་ལ།། པདྨ་དཀར་པོའི་གདན་སྟེང་ན།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། ་གི་རྟི་དམར་མོ་སྐུ་ལ་འཁྲིལ།། གཡས་པ་རྡོ་རྗེ་གཡོན་པ་དྲིལ།། ཡུམ་ནི་པི་ཝང་ཡབ་ལ་འཁྲིལ།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས།། བྱང་ཤར་མཚམས་ཀྱི་རེའུ་མིག་ལ།། པདྨ་དཀར་པོའི་གདན་སྟེང ་ན།། བྱང་སེམས་ཕྱག་ན་རྡོ་རྗེ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་།། ནི་རྟི་ལྗང་གུ་སྐུ་ལ་འཁྲིལ།། གཡས་པ་རྡོ་རྗེ་གཡོན་པ་དྲིལ།། ཡུམ་ནི་གར་གྱི་ཕྱག་རྒྱས་འཁྲིལ།། ཞབས་ནི་བརྐྱང་བསྐུམ་ཚུལ་དུ ་བཞུགས།། ཤར་ལྷོ་མཚམས་ཀྱི་གྲུ་ཆད་ལ།། པདྨ་དཀར་པོའི་གདན་སྟེང་ན།། བྱང་ཆུབ་སེམས་དཔའ་བྱམས་པ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། དྷཱུ་པེ་དཀར་མོ་སྐུ་ལ་འཁྲིལ།། གཡས་པ་ཀླུ་ཤིང ་གཡོན་པ་དྲིལ།། ཡུམ་ནི་པོག་ཕོར་སྐུ་ལ་འཁྲིལ།། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས།། ལྷོ་ནུབ་མཚམས་ཀྱི་གྲུ་ཆད་ལ།། པདྨ་སྔོ་སྐྱའི་གདན་སྟེང་ན།། བྱང་ཆུབ་སེམས་དཔའ་སྒྲིབ་སེལ་ནི།། ཞལ་གཅིག ་ཕྱག་ནི་གཉིས་པ་སྟེ།། སྐུ་མདོག་སྔོ་སྐུ་འོད་དང་བཅས།། པུཥྤེ་སྔོ་སྐུ་སྐུ་ལ་འཁྲིལ།། གཡས་པ་འཁོར་ལོ་གཡོན་པ་དྲིལ།། ཡུམ་ནི་མེ་ཏོག་ཕྱག་རྒྱ་ཅན།། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ ་བཞུགས།། ནུབ་བྱང་མཚམས་ཀྱི་གྲུ་ཆད་ལ།། པདྨ་དམར་སེར་གདན་སྟེང་ན།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། ཁ་དོག་དམར་སེར་འོད་དང་བཅས།། ཨཱ་ལོ་ཀ་དམར ་སེར་སྐུ་ལ་འཁྲིལ།། གཡས་པ་རིན་ཆེན་སྙེ་མ་བསྣམས།། གཡོན་པ་དྲིལ་བུ་དཀུ་ལ་བརྟེན།། ཡུམ་ནི་མར་མེ་སྐུ་ལ་འཁྲིལ།། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། བྱང་ཤར་མཚམས་ཀྱི་གྲུ་ཆད་ལ།། པདྨ ་ལྗང་གུའི་གདན་སྟེང་ན།། བྱང་སེམས་འཇམ་དཔལ་གཞོན་ནུ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་།། གཡས་པ་ཨུཏྤལ་གཡོན་པ་དྲིལ།། ཡུམ་ནི་བྱུག་པ་སྐུ་ལ་འཁྲིལ།། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ ་བཞུགས།། ཤར་གྱི་ཁྱམས་ན་བཞུགས་པ་ནི།། པདྨ་སེར་པོའི་གདན་སྟེང་ན།། བཅོམ་ལྡན་ཤཱཀྱ་ཐུབ་པ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། གཡས་པ་གསེག་ཤང་གཡོན་པར་བུ།། བཞེངས་ནས་མི་རྣམས ་སྟོན་པ་མཛད།། ལྷོ་ཡི་ཁྱམས་ན་བཞུགས་པ་ནི།། པདྨ་སེར་སྐྱའི་གདན་སྟེང་ན།། ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི།། ཞལ་གཅིག་ཕྱག་གཉིས་སྐུ་སེར་སྐྱ།། པི་ཝང་བཞེངས་ནས་ལྷ་ཡི་སྟོན།། ནུབ་ཀྱི་ཁྱམས་ན་བཞུགས་པ ་ནི།། ལྷ་མིན་ཐུབ་པ་ཐགས་བཟངས་རིས།། པདྨ་དམར་སྐྱའི་གདན་ལ་བཞུགས།། ཞལ་གཅིག་ཕྱག་གཉིས་སྐུ་དམར་སྐྱ།། ཕྱག་ན་རལ་གྲི་གོ་ཆ་བསྣམས།། བཞེངས་ནས་ལྷ་མིན་སྟོན་པ་མཛད།། བྱང་གི་ཁྱམས ་ན་བཞུགས་པ་ནི།། པདྨ་དཀར་སྐྱའི་གདན་སྟེང་ན།། ཡི་དྭགས་ཐུབ་པ་ཁ་འབར་མ།། ཞལ་གཅིག་ཕྱག་གཉིས་སྐུ་དཀར་སྐུ།། སྒྲོམ་བུ་བཞེངས་ནས་ཡི་དྭགས་སྟོན།། ཤར་གྱི་ཁྱམས་འགྲམ་བཞུགས་པ་ནི།། པདྨ་སྔོན ་པོའི་གདན་སྟེང་ན།། བྱོལ་སོང་ཐུབ་པ་ཨ་གླང་མགོ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ།། པུ་སྟི་བཞེངས་ནས་བྱོལ་སོང་སྟོན།། ནུབ་ཀྱི་ཁྱམས་འགྲམ་བཞུགས་པ་ནི།། པདྨ་ནག་པོའི་གདན་སྟེང་ན།། དམྱལ་ཐུབ ་གཤིན་རྗེ་མི་ཐོད་ཅན།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག། མེ་ཆུ་བཞེངས་ནས་དམྱལ་བའི་སྟོན།། ཤར་གྱི་ཁྱམས་ན་བཞུགས་པ་ནི།། པདྨ་དཀར་པོའི་གདན་སྟེང་ན།། ཀུན་བཟང་ཕྱག་ན་རྡོ་རྗེ་དཀར།། རྡོ ་རྗེ་ཐལ་མོ་ཕྱག་རྒྱས་གནོན།། ནུབ་ཁྱམས་གཡོན་ན་བཞུགས་པ་ནི།། པདྨ་དཀར་པོའི་གདན་སྟེང་ན།། ཀུན་ཏུ་བཟང་མོ་གཙོ་དང་མཐུན།། དཀྱིལ་འཁོར་ཤར་གྱི་སྒོ་རུ་ནི།། འཇོམས་པ་ཡ་མཱན་ཏ་ཀྲྀཏ་ནི།། ཞིང ་གདན་མེ་དཔུང་ནང་ན་བཞུགས།། ཐོད་གདེང་རྟ་གདོང་སྐུ་ལ་འཁྲིལ།། ཞབས་གཉིས་བགྲད་པའི་ཚུལ་དུ་བཞུགས།། ལྷོ་ཡི་སྒོ་རུ་བསམ་བྱ་བ།། འཇོམས་པ་པྲ་ཛྙཱནྟ་ཀྲྀཏ་ནི།། ཞིང་གདན་མེ་དཔུང་ནང་ན ་བཞུགས།། པད་ནང་རྡོ་རྗེ་ཕག་གདོང་འཁྲིལ།། ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས།། ནུབ་ཀྱི་སྒོ་རུ་བསམ་བྱ་བ།། འཇོམས་པ་པདྨཱནྟ་ཀྲྀཏ་ནི།། ཞིང་གདན་མེ་དཔུང་ནང་ན་བཞུགས།། ཟོད ་ཕོར་རྡོར་བཅུག་སྦྲུལ་གྱིས་དཀྲིས།། ཉི་ཟླ་ལྕགས་སྒྲོག་སྐུ་ལ་འཁྲིལ།། ཞབས་གཉིས་གྱད་ཀྱི་དོར་སྟབས་བཞུགས།། བྱང་གི་སྒོ་རུ་བསམ་བྱ་བ།། འཇོམས་པ་བིགྷྣཱཾ་ཏ་ཀྲྀཏ་ནི།། ཞིང་གདན་མེ་དཔུང་ནང་ན ་བཞུགས།། རྡོ་རྗེ་རྒྱ་གྲམ་ཐོད་པ་གནོན།། ཐལ་བྱེད་དྲིལ་བུ་སྐུ་ལ་འཁྲིལ།། ཞབས་གཉིས་བགྲད་པའི་ཚུལ་དུ་བཞུགས།། སྒོ་བའི་ཁྲོ་བོ་ཁྲོ་མོ་ནི།། སྐུ་མདོག་རིགས་ལས་ཤེས་པར་བྱ།། བཅོམ་ལྡན་བདེར་གཤེགས ་སྐུར་རྫོགས་ཏེ།། སངས་རྒྱས་རྡོ་རྗེ་འཛིན་པ་ཡི།། དཀྱིལ་འཁོར་དམ་པ་ཉམས་དགའ་ཡིན།། འཁོར་ལོ་ཅན་གྱི་དཀྱིལ་འཁོར་ནི།། འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན།། གྲུ་ཆད་པར་ཁྱམས་ལ་སོགས་པ།། རྡོར་འཛིན ་དཀྱིལ་འཁོར་ཇི་བཞིན་ནོ།། དབུས་སུ་སེང་གེའི་གདན་དག་ལ།། རྣམ་སྣང་ཡབ་ཡུམ་བསྒོམ་པར་བྱ།། སྤྱན་སྔར་མི་བསྐྱོད་ཡབ་ཡུམ་བཅས།། གཞན་རྣམས་སོ་སོའི་མཚན་ཉིད་ནི།། རྡོར་འཛིན་དཀྱིལ་འཁོར་འདྲ ་བར་བྲི།། རིན་ཆེན་དཀྱིལ་འཁོར་བྲི་བ་ནི།། རིན་ཆེན་ཟུར་བརྒྱད་འདྲ་བ་ལ།། བདེ་བར་གཤེགས་པའི་ཕོ་བྲང་བྱ།། བར་ཁྱམས་ལ་སོགས་གོང་བཞིན་བྱ།། དབུས་སུ་རྫུ་འཕྲུལ་རྟ་ཡི་ཁྲི།། དེའི་སྟེང་རིན་ཆེན་འབྱུང ་ལྡན་བསྒོམ།། ཡུམ་དང་གཉིས་སུ་མེད་པར་བཞུགས།། ལྷོ་རུ་རྡོ་རྗེ་འཛིན་པ་བསྒོམ།། ཡུམ་དང་གཉིས་སུ་མེད་པར་བཞུགས།། གཞན་རྣམས་གོང་མ་ཇི་བཞིན་ནོ།། པདྨ་རིགས་ཀྱི་དཀྱིལ་འཁོར་ནི།། པདྨ་འདབ་མ ་བརྒྱད་པ་བྲི།། ཟེའུ་འབྲུ་པདྨ་འབྲས་བུར་བཅས།། དབུས་སུ་རྨ་བྱའི་གདན་དག་ལ།། སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམ།། ནུབ་ཏུ་རྡོ་རྗེ་འཛིན་པ་བསྒོམ།། གཞན་རྣམས་གོང་མའི་དཀྱིལ་འཁོར་བཞིན།། ཤིན་ཏུ ་རྒྱས་པར་བྲི་བ་ཡིན།། དོན་ཡོད་གྲུབ་པའི་དཀྱིལ་འཁོར་ནི།། དབུས་སུ་ལེའུ་ཚེ་དགུ་དང་ལྡན།། ཕྱི་རོལ་འཁོར་ལོ་རྩིབས་བཞི་ལྡན།། རིན་ཆེན་ཟུར་བརྒྱད་པདྨར་མཛེས།། དབུས་སུ་ནམ་མཁའ་ལྡིང་གི་ཁྲི།། དེའི ་སྟེང་དོན་ཡོད་ཡབ་ཡུམ་བསྒོམ།། བྱང་དུ་རྡོར་འཛིན་ཡབ་ཡུམ་སྟེ།། གཞན་རྣམས་ཀྱང་ནི་གསལ་བར་བྲི།། དཀྱིལ་འཁོར་དམ་པ་དེ་དག་ལ།། བརྒྱན་པར་བྱ་བའི་རྫས་རྣམས་ནི།། བུམ་པ་བརྒྱད་དམ་བཅུ་དྲུག ་གམ།། ཁ་རྒྱན་མཛེས་པའི་ཤིང་ལོས་བྱ།། ནང་དུ་གཏམས་པའི་བཅུད་རྣམས་ནི།། བཟའ་དང་བཅའ་བའི་བྱེ་བྲག་དང་།། བུ་རམ་སྦྲང་རྩི་མར་རྣམས་དང་།། ཏིལ་ལ་སོགས་པའི་འབྲུ་རྣམས་དང་།། རིན་ཆེན་སྣ་ལྔ ་སྙིང་པོ་ལྔ།། ཟླ་བ་ཉི་མ་ཆུ་སྨན་དྲིས།། ཡོངས་སུ་གང་བའི་བུམ་པ་ནི།། དང་པོ་གསེར་ལས་བྱས་པ་བརྒྱད།། གཉིས་པ་ཤེལ་དུང་དངུལ་ལས་བྱས།། གསུམ་པ་བཻ་ཌཱུརྱ་ཡི་བརྒྱད།། བཞི་པ་ཟངས་ལས་བྱས་པ ་བརྒྱད།། ལྔ་པ་སྔགས་ལས་བྱས་པ་བརྒྱད།། དེ་རྣམས་དཀྱིལ་འཁོར་ལྔ་ཡི་བརྒྱན།། དཀྱིལ་འཁོར་དྲུག་པ་ལ་བརྒྱན་པ།། ཟངས་ལྕགས་དངུལ་དང་བཻ་ཌཱུརྱ།། གསེར་ལ་སོགས་པས་བརྒྱན་པར ་བྱ།། གཞན་ཡང་བརྒྱན་པར་བྱ་བའི་རྫས།། རོལ་མོའི་བྱེ་བྲག་ཐམས་ཅད་དང་།། ཡིད་དུ་འོང་བའི་ལྷབ་ལྷུབ་དང་།། བཟའ་དང་བཅའ་བའི་བྱེ་བྲག་གིས།། དཀྱིལ་འཁོར་དམ་པ་བརྒྱན་པར་བྱ།། ཕྱོགས་སྐྱོང་གཏོར ་མ་ལ་སོགས་པ།། དཀར་གསུམ་མངར་གསུམ་འོ་མས་བརྒྱན།། འབྲུ་སྣ་ཚོགས་པའི་ཆན་རྣམས་དང་།། ཤ་སྣ་ཚོགས་པའི་གཏོར་མ་དགྲམ།། དེ་ནས་རྣལ་འབྱོར་ཅན་དག་གིས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་བརླབ།། ཕྱག་རྒྱ་སྙིང་གར་གསལ་བར་བསྐྱེད།། ཕྱག་རྒྱ་བཞི་དང་ལྡན་པར་བྱ།། བདག་གི་དཀྱིལ་འཁོར་རྫོགས་ཞེས་བྱ།། རང་བཞིན་གྲུབ་པའི་གནས་ནས་ནི།། བདེ་གཤེགས་འཁོར་བཅས་སྤྱན་དྲངས ་མཆོད།། ཕྱག་རྒྱ་བཞི་ཡིས་གཉིས་མེད་བསྟིམ།། ཕྱི་ནང་གསང་བའི་དབང་ཡང་ནོད།། དེ་ལ་མཆོད་པའི་བྱེ་བྲག་བྱ།། ལྷ་མོ་མཛེས་པའི་ཁ་དོག་ལྔ།། ཕྱི་ནང་མཆོད་པར་དབུལ་བར་བྱ།། ཕྱི་ཡི་མཆོད་པ་དབུལ་བྱ ་བ།། དྷཱ་པེ་པུཥྤེ་ཨཱ་ལོ་ཀེ།། གནྡྷེ་མ་ཡིས་མཆོད་བསྟོད་བྱ།། ལཱ་སྱེ་མཱ་ལེ་གིརྟི་དང་།། ནི་རྟིས་མཆོད་བསྟོད་ལས་བྱའོ།། ནང་གི་མཆོད་པའི་ལས་བྱ་བ།། ཡུམ་ལྔའི་མཚན་ཉིད་ཅན་གྱིས་བྱ།། གསང་བའི་མཆོད་པ་དེ ་བཞིན་ནོ།། དེ་ནས་ལས་རྣམས་སོ་སོ་ཡི།། མཚན་ཉིད་ལྡན་པའི་བུ་མཆོག་དེར།། དཀྱིལ་འཁོར་དམ་པ་བསྟན་པའི་ཕྱིར།། བུ་ཚུར་ཅི་ལ་དགའ་ཞེས་དྲི།། རིགས་དང་ལྡན་པའི་བུ་མཆོག་དེས།། བདག་ནི་འདི་ལ ་དགའ་ལགས་སོ།། སོ་སོའི་དཀྱིལ་འཁོར་མཚན་ནས་བརྗོད།། སློབ་དཔོན་ལུང་ལྡན་དམ་པ་དེས།། མནའ་བསྒག་ཆུ་བླུད་བྱ་བའི་ཕྱིར།། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ནོ་ད་ཀ་ཥ། བཟླས་པའི་ཆུ་འདི་ཁ་རུ ་བླུད།། གསང་བའི་དཀྱིལ་འཁོར་འདི་དག་ལ།། གང་དག་མི་མོས་པ་ཡི་དྲུང་།། ཁྱོད་ཀྱིས་སྨྲ་བར་མ་བྱེད་ཅིག། གལ་ཏེ་སྨྲ་བར་གྱུར་ན་ནི།། ཁྱོད་ནི་སྡུག་བསྔལ་དང་མི་འབྲལ།། ཚེ་ཡི་འདུ་བྱེད་བྱས་ནས་ནི།། སེམས ་ཅན་དམྱལ་བ་ཆེན་པོར་སྐྱེ།། ཁྱོད་ཀྱིས་བསྲུང་བར་བྱ་བ་ནི།། ཡི་དམ་ལྷ་ལ་རྟག་གནས་བྱ།། བླ་མ་མིག་གི་འབྲས་ལྟར་ལྟོས།། རྡོ་རྗེ་སྤུན་ལ་བརྩེ་གདུང་སྐྱེད།། སྔགས་དང་ཕྱག་རྒྱ་རྟག་ཏུ་བཅའ།། གསང་བ་སྦས ་པའི་ཐབས་མཆོག་རྣམས།། སྣོད་ངན་གཞན་ལ་སྤེལ་བྱ་མིན།། ཟླ་བ་ཡབ་ཀྱི་བྱང་ཆུབ་སེམས།། ཉི་མ་ཡུམ་གྱི་རཀྟ་ཆུ་སྨན་དྲི།། སྒྲུབ་རྫས་རྟག་ཏུ་བསྟེན་པར་བྱ།། ཤ་ཡི་བྱེ་བྲག་རྣམ་པ་ལྔ།། ཆང་ལྔ་རྣམས་ཀྱང ་བསྟེན་པར་བྱ།། བུད་མེད་འདོད་པ་དྲག་ཏུ་བསྟེན།། སྦྱོར་སྒྲོལ་ཕྲ་མ་མི་སྙན་བརྐུ།། འདི་དག་རྟག་ཏུ་སྤྱད་པར་བྱ།། མུ་སྟེགས་དཀའ་ཐུབ་མ་ཡིན་ཞིང་།། ཉན་ཐོས་ཁྲིམས་དང་སྡོམ་པ་མིན།། གསང་བའི་སྡོམ་པ ་འདའ་བར་དཀའ།། སློབ་དཔོན་སྨད་པར་བྱ་བ་མིན།། གལ་ཏེ་སྨད་པར་གྱུར་ན་ནི།། དངོས་གྲུབ་མེད་ཅིང་དམྱལ་བར་ལྟུང་།། དེ་ལྟར་དམ་ཚིག་བསྒྲགས་ནས་ནི།། དེ་ནས་བླ་མ་ལུང་ལྡན་དེས།། སྣོད ་ཀྱི་ཁྱད་པར་ཅི་རིགས་པར།། དབང་རྣམས་རིམ་པར་བསྐུར་བར་བྱ།། དང་པོ་དཀྱིལ་འཁོར་གཞུག་པའི་དབང་།། གཉིས་པ་གསང་བ་ཉན་པའི་དབང་།། གསུམ་པ་རྡོ་རྗེ་སློབ་དཔོན་དབང་།། བཞི་པ་ལས་བཞིའི་ལུང ་ཡང་བསྟན།། ལྔ་པ་དབུགས་དབྱུང་བསྟན་པ་སྟེ།། དྲུག་པ་རབ་འབྱམས་རྒྱལ་པོའི་དབང་།། བདུན་པ་གསང་བའི་དབང་དག་སྦྱིན།། བརྒྱད་པ་ཤེས་རབ་དབང་མཆོག་སྦྱིན།། དགུ་པ་ཡེ་ཤེས་དབང་མཆོག ་སྟེ།། མཐར་ཕྱིན་དབང་མཆོག་རྫོགས་པར་སྦྱིན།། དེ་ནས་དབང་མཆོག་ལྡན་བྱའི་ཕྱིར།། སོ་སོར་རིགས་ཀྱི་བུ་མཆོག་དེས།། བྱེ་བྲག་སོ་སོའི་ཡོན་རྣམས་དབུལ།། བདག་ལུས་སྲོག་དང་ནོར་ལ་སོགས།། བདག་ཉིད ་དང་ཆུང་མར་བཅས།། ཞུམ་པ་མེད་པའི་སེམས་ཀྱིས་དབུལ།། རྡོ་རྗེ་འཛིན་པའི་ཡོན་ཏན་ནོ།། བྲན་དང་བཅས་པའི་འདོད་ཡོན་ལྔ།། དེ་ལྟར་རིགས་པའི་རྫས་རྣམས་ཀུན།། འཁོར་ལོ་ཅན་གྱི་ཡོན ་འབུལ།། རིན་ཆེན་སྣ་ལྔའི་བྱེ་བྲག་དང་།། གླང་པོ་རྟ་དང་མ་ཧེར་བཅས།། དགོས་པའི་བྱེ་བྲག་ཅི་ཡོད་པར།། རིན་ཆེན་རིགས་ཀྱི་ཡོན་ཡིན་ནོ།། མ་སྲིང་བུ་མོ་ཆུང་མ་རྣམས།། རིན་ཆེན་སྣ་ལྔས་བརྒྱན་བྱས་ལ།། རྒོད ་མ་ལ་སོགས་མོ་ཡི་མིང་།། པདྨའི་རིགས་ཀྱི་ཡོན་ཡིན་ནོ།། གླང་པོ་ནོར་གྱིས་བརྒྱན་པ་དང་།། མ་ཧེ་ནོར་གྱིས་བརྒྱན་པ་དང་།། ཤིང་རྟ་ནོར་གྱིས་བརྒྱན་པ་དང་།། ཐེག་པའི་བྱེ་བྲག་ཐམས་ཅད་ལ།། རྫས་ཀྱི་བྱེ་བྲག ་མང་པོ་བཀལ།། ལས་ཀྱི་རིགས་ཀྱི་ཡོན་ཡིན་ནོ།། རིན་ཆེན་བྱེ་བྲག་སྣ་ཚོགས་དང་།། ཐེག་པའི་བྱེ་བྲག་སྣ་ཚོགས་དང་།། བཟའ་དང་བཅའ་བའི་བྱེ་བྲག་རྣམས།། ཡིད་དུ་འོང་བའི་རྫས་རྣམས་ཀུན།། སྤྱི་ཡི་དཀྱིལ ་འཁོར་ཡོན་དུ་བཤད།། དཀྱིལ་འཁོར་དམ་པ་དེ་དག་ཏུ།། དབང་གི་རིམ་པ་ཐམས་ཅད་ཀུན།། ཚང་བར་བསྐུར་བ་མཐར་ཕྱིན་དབང་།། དེ་ཡི་གཟུངས་མ་དེ་དག་ལ།། གོང་གི་ཡོན་རྣམས་དབུལ་བ་ཡིན།། དབང ་མཆོག་ཐོབ་པའི་སློབ་མ་ལ།། དབང་ཐོབ་རྟགས་རེ་སྦྱིན་པ་དང་།། དང་པོ་རྒྱུ་འབྲས་མི་བསླུ་བསྟན།། གཉིས་པ་ཕྱག་རྒྱ་བསྒོམ་པ་བསྟན།། གསུམ་པ་གསང་བའི་ངེས་དོན་བཤད།། བཞི་པ་ཕྱག་རྒྱ་བཞི་ཡང ་བསྟན།། ལྔ་པ་ཆོས་ཀྱི་འཁོར་ལོར་སྦྱིན།། དྲུག་པ་ཆོས་ཀྱི་དུང་ཡང་སྦྱིན།། བདུན་པ་གསང་བའི་མན་ངག་སྦྱིན།། བརྒྱད་པ་སེམས་ཀྱི་གཏན་ཚིགས་སྦྱིན།། དགུ་པར་གཉིས་མེད་བྱུང་བའོ།། དེ་ལྟར་རྟགས་རྣམས ་ཚང་བར་སྦྱིན།། དེ་ནས་སློབ་མ་གནས་བྱ་བ།། ལུས་བཀྲུས་གོས་བཟང་གོན་ནས་ནི།། ཤར་ཕྱོགས་ཁ་བལྟས་མི་སྨྲ་ཉལ།། དེ་དུས་རྨི་ལམ་བརྟག་བྱས་ལ།། དབང་མཆོག་དམ་པ་ཐོབ་པའི་ལྟས།། བདེ་གཤེགས་སྔུན ་ན་གནས་པ་ལ།། རང་གི་དབང་ནོས་རྨི་བ་དང་།། ཕྱི་ནང་ཆོས་རྣམས་ཐམས་ཅད་ལ།། བདག་གིས་འཁོར་བར་རྨི་བ་དང་།། འགྲོ་བ་རིགས་དྲུག་ཐམས་ཅད་ལ།། ཁ་ལོ་སྦྱར་བར་རྨི་བ་དང་།། རྒྱལ་པོ ་དབང་འདུས་རྨི་བ་དང་།། ས་དང་བར་སྣང་ཆུ་དག་ལ།། མི་འབྱིན་མི་ཐོགས་འགྲོ་རྨི་དང་།། རྒྱ་མཚོ་ཆེན་པོའམ་ཆུ་བྲན་ལ།། གྲུ་གཟིངས་བྱས་ནས་མི་སྒྲོལ་རྨི།། མང་པོའི་ཁ་དཔོན་བྱས་ནས་ནི།། འཐབ་པའི་གཡུལ ་ལས་རྒྱལ་བ་རྨི།། རྡོ་རྗེ་ཐོགས་ནས་ཆོས་འཆད་རྨི།། རྡོ་རྗེ་འཛིན་པའི་དབང་ཐོབ་རྟགས།། ས་བདག་རྒྱལ་པོ་ཡིན་པར་རྨི།། ཀུན་ལ་དབང་སྒྱུར་ལས་ཀྱང་བསྒོ།། ཀུན་གྱི་སློབ་དཔོན་བྱེད་པ་དང་།། ཕྱི་ནང་ཆོས ་ལ་ཐོགས་པ་མེད།། མི་མཐུན་གཟུགས་ལ་ཆོས་སྟོན་དང་།། ལུས་ལ་མེ་འབར་ཆུ་ཡང་འབྲུབ།། གཟུགས་སྐྱེ་རྣམ་པ་མི་འདྲ་སྟོན།། རྣལ་འབྱོར་མང་པོ་འདུས་པ་ཡིས།། ཀུན་གྱིས་བཀུར་བའི་འོས་ཡིན་རྨི།། རྒྱལ ་མཚན་ལག་ཏུ་ཐོགས་ནས་ནི།། རྣལ་འབྱོར་ཁ་དཔོན་བྱེད་པ་རྨི།། ཚོགས་ཀྱི་སློབ་དཔོན་བྱེད་རྨི་དང་།། ལག་ཏུ་བ་དན་ཐོགས་ནས་ནི།། ཀུན་གྱི་དམག་དཔོན་བྱེད་པ་དང་།། ལག་ཏུ་འཁོར་ལོ་བབས་རྨི་ན།། འཁོར ་ལོ་ཅན་གྱི་དབང་ཐོབ་རྟགས།། རིན་པོ་ཆེ་ཡི་བང་མཛོད་ལ།། བདག་ནི་རྟག་ཏུ་སྤྱོད་པ་དང་།། རིན་ཆེན་སྣ་ཚོགས་ལུས་ལ་བརྒྱན།། འདོད་པའི་ཡོན་ཏན་ལྔ་པོ་ལ།། ཐོགས་པ་མེད་པར་སྤྱོད་པ་དང་།། སྡུག་ཅིང ་མཛེས་པའི་གོས་གོན་དང་།། ཕྱི་ནང་ཆོས་ལ་ཉན་སེམས་དང་།། གླེགས་བམ་ཆོས་ཀྱི་སྦྱིན་པ་གཏོང་།། མི་འོས་པ་ཡི་སྒྲ་ཐོས་དང་།། ས་དང་ཤིང་དང་རྡོ་དག་དང་།། སྔོན་མ་ཐོས་པའི་སྒྲ་རྣམས་ཀུན།། བདག་གི་ཐོས ་པར་རྨི་བ་དང་།། རིན་ཆེན་ལག་ཏུ་ཐོགས་པ་དང་།། དེ་ཡིས་སེམས་ཅན་སྐོང་བ་དང་།། བདག་ཉིད་ཡོངས་སུ་ཚིམས་རྨི་བ།། རིན་ཆེན་རིགས་ཀྱི་དབང་ཐོབ་རྟགས།། པདྨའི་སྟན་ལ་འདུག་པ་དང་།། པདྨའི་རྫིང་ན ་བརྩེ་བ་དང་།། པདྨའི་འབྲས་བུ་ཟ་བ་དང་།། པདྨའི་རྩ་བ་བརྐོ་བ་དང་།། ཤེས་རབ་ཕ་རོལ་ཕྱིན་པ་ཡི།། དོན་ལ་དཔྱོད་ཅིང་གླེགས་བམ་རྙེད།། དེ་དོན་གཞན་ལ་འཆད་ཅིང་སྟོན།། འགྲོ་བ་རིགས་དྲུག་སེམས་ཅན ་ལ།། ཇི་ལྟར་འཚམས་པའི་ཆོས་འཆད་དང་།། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱིས།། བདག་ལ་བསྐོར་བ་རྨི་བ་དང་།། པདྨ་ལག་པར་བཅངས་པ་དང་།། པདྨའི་ཁང་པར་ཞུགས་རྨི་བ།། འོད་དཔག་མེད་པའི ་དབང་ཐོབ་རྟགས།། ཕྱི་ནང་ལས་ལ་འཇུག་པ་དང་།། རོ་ཡི་ཕུང་པོར་ཞུགས་པ་དག། ལུས་ལ་མེ་འབར་རྨི་བ་དང་།། རལ་གྲི་རྣོན་པོས་གཅོད་པ་རྨི།། རི་རབ་གླིང་བཞི་བཅས་པ་རྣམས།། བདག་གི་ལག་ཐོགས་རྨི ་བ་དང་།། ཉི་ཟླ་ལག་པར་ཐོགས་ནས་ནི།། སེམས་ཅན་རྣམས་ཀྱི་དོན་བྱེད་རྨི།། འཇིག་རྟེན་པ་ཡིས་ལོངས་སྤྱོད་ལ།། བྲེལ་བ་མེད་པར་སྤྱོད་པ་དང་།། གཡུལ་འགོག་དགྲ་རྣམས་བསད་རྨི་དང་།། གཡུལ་ལས་ཤིན་ཏུ ་རྒྱལ་རྨི་དང་།། རྟ་དང་གླང་ཆེན་ལ་སོགས་པའི།། ཐེག་པའི་བྱེ་བྲག་ཐམས་ཅད་ལ།། བདག་གི་དབང་བྱས་ཞོན་རྨིས་དང་།། སྦྱིན་པའི་བྱེ་བྲག་ཐམས་ཅད་ལ།། ཆགས་པ་མེད་པར་གཏོང་བ ་དང་།། བདག་ཉིད་བཤེས་པར་རྨི་བ་དང་།། བདག་གི་ཤ་རྣམས་བགོས་རྨི་བ།། ལས་ཀྱི་རིགས་ཀྱི་དབང་ཐོབ་རྟགས།། རིགས་ལྔའི་རྨི་ལམ་ཐམས་ཅད་རྨི།། གསང་བ་གསུམ་གྱི་དབང་ཐོབ་རྟགས།། དེ་ཡི་གཉིས ་མེད་དོན་རྟོགས་རྨི།། འོན་ཏེ་རྨི་ལམ་ཐམས་ཅད་ཀུན།། མེད་པར་ཆོས་ཉིད་ལ་གནས་རྨི།། རིགས་ལྔ་སོ་སོའི་ཕྱག་མཚན་རྣམས།། རང་གི་ལག་པ་བརྒྱན་རྨི་བ།། སྤྱི་ཡི་དཀྱིལ་འཁོར་དབང་ཐོབ་རྟགས།། རིགས་ཀྱི ་བུ་མཆོག་གང་ཞིག་གིས།། དཀྱིལ་འཁོར་དེ་དང་དེ་དག་ཏུ།། དབང་རྣམས་ཐོབ་པའི་གང་ཟག་དེ།། རྒྱལ་པོས་བཀུར་ཞིང་མཆོད་པ་དང་།། རྒྱལ་ཕྲན་དང་ནི་དམངས་ཀྱིས་བཀུར།། རིགས་ངན་བྲམ་ཟེའི་རིགས་ཀྱིས ་ཀྱང་།། མཆོད་ཅིང་བཀུར་སྟི་བྱེད་པར་འགྱུར།། ཚེ་རིང་ནད་མེད་གཉེར་མ་དེངས།། འཇིག་རྟེན་འདི་ཡི་བདེ་བ་ཡང་།། ཕུན་སུམ་ཚོགས་པ་ཐོབ་པར་འགྱུར།། ཇི་ལྟར་སྨྲས་པ་ངག་སྙན་འགྱུར།། སྤྱོད་པ་ཅི་བྱས་སྡུག ་པར་འགྱུར།། སེམས་ཀྱི་བསམ་པ་འགྲུབ་པར་འགྱུར།། འདུས་པ་ཀུན་གྱིས་བསྟོད་པར་བྱེད།། བསྔགས་པ་དག་ཀྱང་རྗོད་པར་བྱེད།། རྒྱལ་པོའི་བུ་མོའི་སྙིང་དུ་སྡུག། འཇིག་རྟེན་འདི་རུ་གྲགས་པ་ཡི།། ལྷའམ་ཀླུའམ ་གནོད་སྦྱིན་རྣམས།། མི་མོས་མཐུ་ཆེན་ཐམས་ཅད་འདུལ།། རྩེ་གཅིག་སེམས་ནི་མཉན་པར་འགྱུར།། བྱང་ཆུབ་སེམས་དཔའི་སྤུན་དུ་དགོངས།། སངས་རྒྱས་ཀུན་གྱི་སྲས་ཡིན་པས།། དེ་ལ་དབང་བསྐུར་བྱེད ་པའོ།། ལྷ་དང་ཀླུ་དང་གནོད་སྦྱིན་རྣམས།། དེ་ཡི་རྒྱལ་པོའམ་བདག་པོར་མཐོང་།། མ་མོ་མཁའ་འགྲོས་ལས་རྣམས་བསྒྲུབ།། དེ་ཡི་རྗེ་དཔོན་ཡིན་པར་མཐོང་།། སེམས་ཅན་རྣམས་ཀྱིས་གཙོ་བོར་མཐོང་།། དེ་ལྟར ་དབང་ཐོབ་ཡོན་ཏན་ནི།། བསམ་མི་ཁྱབ་སྟེ་དཔག་མི་ལང་།། སངས་རྒྱས་བདེ་ཆེན་གསང་བ་ནི།། སྐུ་ཡི་དཀྱིལ་འཁོར་དམ་པ་ཡིས།། ནང་ཞུགས་དབང་ཐོབ་ཡོན་ཏན་ནི།། ཇི་ལྟར་བསམ་པ་བཞིན་དུ་འགྲུབ།། ཡོན ་ཏན་གོང་ལས་བརྗོད་མེད་འདས།། གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི།། གསུང་མཆོག་དམ་པའི་དཀྱིལ་འཁོར་ནི།། ཡི་གེའི་ཚོགས་རྣམས་བཀོད་པ་ལས།། དེ་ནང་ཞུགས་ནས་དབང་ཐོབ་པ།། ཡོན་ཏན་གོང ་དང་འདྲ་བ་ཐོབ།། གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི།། ཐུགས་མཚན་ཕྱག་རྒྱ་བཀོད་པ་རུ།། ནང་ཞུགས་དབང་ཐོབ་ཡོན་ཏན་ནི།། གོང་གི་ཡོན་ཏན་དེ་དང་འདྲ།། སྐུ་ཡི ་དཀྱིལ་འཁོར་དམ་པ་ཡིས།། གཏི་མུག་འཇོམས་པའི་ཕུར་པའོ།། གསུང་གི་དཀྱིལ་འཁོར་དམ་པ་ནི།། འདོད་ཆགས་འཇོམས་པའི་ཕུར་པའོ།། ཐུགས་ཀྱི་དཀྱིལ་འཁོར་གསང་བ་ཡིས།། ཞེ་སྡང་འཇོམས་པའི་ཕུར ་པའོ།། ཡོན་ཏན་དཀྱིལ་འཁོར་གསང་བ་ཡིས།། ང་རྒྱལ་འཇོམས་པའི་ཕུར་པའོ།། ལས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱི།། ཕྲག་དོག་འཇོམས་པའི་ཕུར་པའོ།། དེ་ལྟར་ཕུར་པ་དྲུག་པོ་ཡིས།། བཏབ་ན ་ཅི་འདོད་སྦྱིན་ནོ་ཞེས།། དམ་ཚིག་བདག་པོས་རབ་ཏུ་བསྒྲགས།། རང་གིས་སྙིང་གར་ཟླ་དཀྱིལ་འཁོར།། དེ་སྟེང་ཉི་མའི་དཀྱིལ་འཁོར་བསམ།། དེ་སྟེང་སོ་སོའི་ཡིག་འབྲུ་དབུས།། ཐ་མ་བཟླས་པའི་སྔགས་ཀྱིས ་བསྐོར།། བསྙེན་བསྒྲུབ་གཉིས་ལ་དེ་བཞིན་ཏེ།། ལས་སུ་སྦྱར་བར་བྱ་བའི་སྔགས།། སོ་སོའི་ལས་གང་སྔགས་ཀྱིས་སྤྲོ།། དེ་ལྟར་བལྟས་ལ་སྔགས་རྣམས་ནི།། གློད་ལ་ཏིང་འཛིན་འདྲེས་པར་བཟླས།། སྔགས་ཀྱི་ཕྲེང ་བ་དམ་པར་བྱའོ།། བྱེ་བ་ས་ཡ་བསྙེན་པའི་དུས།། ཉིས་འབུམ་སུམ་འབུམ་སྒྲུབ་པའི་དུས།། སྟོང་ངམ་བརྒྱ་རྩ་བརྒྱད་པ་ནི།། ལས་ཀྱི་དུས་སུ་ཤེས་པར་བྱ།། མཚན་མའི་བྱེ་བྲག་མཐོང་ནས་ནི།། དེ་ནས་ལས་གང ་བརྩམ་པར་བྱ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།། རེ་རེ་ལ་ཡང་གསུམ་གསུམ་སྟེ།། དེ་ལས་འཕྲོས་པ་བསམ་མི་ཁྱབ།། དེ་བས་ངེས་པ་མེད་པར་ནི།། དུས་གསུམ་བདེ་གཤེགས་རྣམས་ཀྱི་གསུང་།། རྒྱུད་ཀྱི ་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། སོ་སོའི་དཀྱིལ་འཁོར་གྱི་རིམ་པ་བཤད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས ་ཡེ་ཤེས་གསང་བའི་བདག། ཕྱི་ནང་གསང་གསུམ་བདག་ཉིད་གཙོ།། སྔགས་ཀྱི་བདག་པོར་གྱུར་པ་དེས།། སྐུ་གསུང་ཐུགས་ཀྱི་གསང་བ་ལས།། རྡོ་རྗེའི་གསུང་འདི་བཀའ་སྩལ་ཏོ།། གླེགས་བམ་སོར་ནི་བཅུ་གཉིས ་བྱ།། ཏིལ་ཆེན་པོ་ཡི་སྣག་ཚ་བྱ།། དུར་ཁྲོད་རྐང་གི་སྨྱུ་གུས་བྲིས།། བརྒྱད་དམ་བཅོ་བརྒྱད་ཉི་ཤུ་བརྒྱད།། ཉིན་མཚན་གུང་ལ་བྲིས་བྱས་ཏེ།། བདེ་བར་གཤེགས་པ་ཐམས་ཅད་ལ།། ཕྱི་ནང་གསང་བའི་མཆོད་པས ་མཆོད།། མཁའ་འགྲོ་དམ་ཅན་འཁོར་བཅས་ལ།། གཏོར་མས་ཡོངས་སུ་ཚིམས་བྱས་ནས།། ལུས་ལ་ཞིང་ཆེན་གོན་ནས་ནི།། སྐྲ་ཡང་སྤྱི་བོར་བཅིང་བར་བྱ།། ལྷོ་ཕྱོགས་ཁ་བལྟས་དང་བའི་སེམས།། དྲི་ཞིམ་སྤོས ་བལྟམས་བྲི་བར་བྱ།། ལུགས་སུ་བླུགས་སམ་འབུར་དུ་བརྐོས།། རི་མོར་བྲི་བར་བྱ་བའི་ཚེ།། དུར་ཁྲོད་རས་མ་བཙལ་ནས་སུ།། ཧཱུཾ་གི་དབྱངས་རིང་ལན་གསུམ་བླངས།། ཧ་ཧའི་གད་མོས་མཁའ་འགྲོ་བསྐུལ།། དེ ་ནས་རྣལ་འབྱོར་བློ་ལྡན་གྱིས།། རང་གི་ཏིང་འཛིན་གསལ་བྱས་ལ།། ཚོགས་ཀྱི་འཁོར་ལོ་བསྐོར་ལ་བྲི།། མཆོད་རྟེན་ཚ་ཚ་འདེབས་པ་རྣམས།། ཨོཾ་ལས་བསྐྱེད་དེ་སོ་སོ་ཡི།། བྱེ་བྲག་གིས་ནི་གདབ་པར་བྱ།། མ་དང ་ཡི་གེ་ལྔ་རྣམས་ཀྱིས།། ཅི་རིགས་པར་ནི་བསྐྱེད་ནས་སུ།། མཆོད་པ་ཡོངས་སུ་རྫོགས་པར་འབུལ།། དེ་རྗེས་སོ་སོའི་གཞུང་དག་གིས།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད།། གཉིས་མེད་བསྟིམ་ལ་མཆོད ་པ་བརྩམ།། བསྟོད་དང་ཁྲུས་གསོལ་རིམ་པར་བྱ།། ཞལ་བསྲོ་བརྟན་བཞུགས་སྨོན་ལམ་གདབ།། བཀྲ་ཤིས་པ་ཡི་ཚིགས་བཅད་བརྗོད།། ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བཏང་།། ཡོངས་སུ་རྫོགས་པའི་མཆོད ་པ་བྱའོ།། དེ་ནས་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་བལྟས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་དགྱེས་ཆེན་གསང་གསུམ་བདག། བརྙན་མའི་དཀྱིལ་འཁོར་ལ་སོགས ་པ།། བྱས་ཤིང་འདི་ལ་རྟག་གནས་ན།། འདི་དོན་འབྲས་བུ་ཇི་ལྟར་འགྱུར།། བཅོམ་ལྡན་གསང་མཆོག་དགྱེས་ཆེན་གྱིས།། རྡོ་རྗེ་ཆོས་ཀྱི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ས་ཡི་འདུ་བ་བྱས་པ ་དང་།། རྡོ་རྗེའི་ཐིག་གདབ་ཚོན་རྩི་ཡིས།། བརྙན་མའི་དཀྱིལ་འཁོར་ཐམས་ཅད་ཀུན།། རྣལ་འབྱོར་བློ་དང་ལྡན་པས་ནི།། ལས་དེ་དག་ལ་འཇུག་མི་བྱ།། གལ་ཏེ་ཞུགས་པར་གྱུར་ན་ནི།། དངོས་གྲུབ་འབྲས་བུ་ཟག ་རིང་འགྱུར།། དེ་བས་རྣལ་འབྱོར་ཏིང་འཛིན་བསྒོམ།། མཁའ་མཉམ་རྡུལ་བྲལ་ངོ་བོའི་དབྱིངས།། འབྱུང་བའི་དཀྱིལ་འཁོར་དབང་ཆེན་རྣམས།། གསལ་ལ་དག་ཅིང་དྲི་མེད་བསྒོམ།། བྷཾ་ལས་གྱུར་ཅིང་གཞལ་ཡས ་རྫོགས།། རྡོ་རྗེ་མེ་འོད་འབར་བས་འཁྲིགས།། རྒྱན་དང་སྟན་རྫོགས་བལྟས་གསལ་བ།། དེར་ནི་སྔགས་ཀྱི་བདག་པོར་བསྒོམ།། བསྟོད་དང་མཆོད་པ་ལ་སོགས་པ།། རིམ་པ་མ་ལུས་ཡོངས་རྫོགས་བསྒོམ།། མཁའ ་དབྱིངས་དག་པའི་དབུས་སུ་ནི།། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་བསྒོམ།། རོལ་མོ་རྒྱན་དང་རྡོ་རྗེས་འཁྲིགས།། དེ་དབུས་རང་སྔགས་རྡོ་རྗེ་ཅན།། རྣལ་འབྱོར་བློ་ལྡན་དམ་པས་བསྒོམ།། གཉིས་མེད་རྡོ་རྗེ་ཅན་དུ ་འགྱུར།། མཁའ་དབྱིངས་དག་པའི་དབུས་སུ་ནི།། ཡོངས་སུ་རྫོགས་པའི་གཞལ་ཡས་མཆོག། རོལ་མོ་རྒྱན་དང་འཁོར་ལོས་འཁྲིགས།། དེ་དབུས་རང་སྔགས་འཁོར་ལོ་ཅན།། གཉིས་མེད་དོན་ལྡན་རྣལ་འབྱོར ་པས།། བསྒོམས་ན་འཁོར་ལོ་ཅན་དུ་འགྱུར།། མཁའ་དབྱིངས་དག་པའི་དབུས་སུ་ནི།། རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་ནི།། རིན་ཆེན་རྒྱན་དང་རིན་ཆེན་འཁྲིགས།། དེ་དབུས་རང་སྔགས་རིན་པོ་ཆེ།། རྣལ་འབྱོར ་བློ་མཆོག་ལྡན་པ་དེས།། བསྒོམས་ན་རིན་ཆེན་འབྱུང་ལྡན་འགྱུར།། མཁའ་དབྱིངས་དག་པའི་དབུས་སུ་ནི།། འོད་དཔག་མེད་པའི་དཀྱིལ་འཁོར་བསྒོམ།། རོལ་མོ་རྒྱན་དང་པདྨ་འཁྲིགས།། དེ་དབུས་འོད་དཔག་མེད ་པ་བསྒོམ།། རང་སྔགས་པདྨ་དག་པ་བསྐྱེད།། བསྒོམས་ན་པདྨ་ཅན་དུ་འགྱུར།། མཁའ་དབྱིངས་དག་པའི་དབུས་གནས་པར།། ལས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ།། རོལ་མོ་རྒྱན་དང་སྣ་ཚོགས་འཁྲིགས།། དེ ་དབུས་རང་སྔགས་རལ་གྲི་ཅན།། རྣལ་འབྱོར་བློ་དང་ལྡན་པ་དེས།། བསྒོམས་ན་ལས་ཀྱི་སེམས་དཔར་འགྱུར།། མཁའ་དབྱིངས་དག་པའི་དབུས་སུ་ནི།། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་བསྒོམ།། རོལ་མོ་སྣ ་ཚོགས་ཀུན་དང་ལྡན།། དེ་དབུས་རང་སྔགས་ཀུན་ཏུ་བཟང་།། རྣལ་འབྱོར་བློ་དང་ལྡན་པས་ནི།། བསྒོམས་ན་སངས་རྒྱས་ཀུན་དང་མཉམ།། འདི་དག་བསྒོམས་པའི་གནས་དག་ནི།། དུར་ཁྲོད་རབ་ཏུ ་དབེན་པའི་གནས།། རི་བོར་སྦྲུལ་གདུག་ཡོད་པའི་གནས།། ཆུ་ཀླུང་ཆུ་སྲིན་ཡོད་པའི་གནས།། དོམ་དྲེད་སྟག་གཟིག་ནགས་འདབ་དང་།། གདུག་པའི་གནས་སམ་དབེན་པ་རུ།། ཏིང་འཛིན་དཀྱིལ་འཁོར་བསྒོམས ་ན་ནི།། ཇི་ལྟར་བསམས་པའི་འབྲས་བུ་དག། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཨ་ལས་བྱུང་བའི་བནྡྷའི་ནང་།། གླང་པོའི་ཤ་དང་ཁྱི་ཤ་དང་།། རྨ་བྱའི་ཤ་དང་ཤང་ཤང་ཤ། རྟ་ཤ་ལྔ་རྣམས་བསམ་པར་བྱ།། ཟླ་བ་ཉི ་མ་ཆུ་སྨན་དྲི།། ཡིག་འབྲུ་ལྔ་ཡང་བསམ་པར་བྱ།། ཨ་ལས་ནམ་མཁའ་ཟླ་དཀྱིལ་འཁོར།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་སྟེ།། འོད་འབར་ལ་སོགས་བསྐྱེད་བསྟིམ་བྱ།། ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད།། རཾ་ལས་མེ་ཡི ་དཀྱིལ་འཁོར་གྱིས།། བདུད་རྩི་སྦྱངས་པའི་ལས་རྣམས་བྱའོ།། ལྕེ་ལ་པཾ་ལས་པདྨ་སྟེ།། དེ་སྟེང་ཧཱུཾ་ལས་རྡོ་རྗེ་སྟེ།། ཆང་བཟུང་ཧཱུཾ་གི་རྡོ་རྗེ་འོད།། བདུད་རྩི་སྟོབ་པའི་ལས་བྱའོ།། ཟབ་མཆོག་དམ་པ་འདི་བཟའ ་སྟེ།། དམན་པའི་ཟས་ལ་ཆགས་མི་བྱ།། ཉན་ཐོས་གཟུགས་ལ་མཐོང་བར་བསྐུལ།། རང་རྒྱལ་གཟུགས་ལ་དེ་བཞིན་ཏེ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། གཉིས་མེད་མཆོད་བསྟོད་དགྱེས་པར་བསྟོད།། བྱང ་ཆུབ་སེམས་དཔའ་ཆེན་པོ་ལ།། ཟུང་འཇུག་དོན་ལ་གཉིས་མེད་བསྐུལ།། བདེ་བར་གཤེགས་པའི་རང་བཞིན་ལ།། སེམས་ཅན་དོན་མཛད་སྨོན་ལམ་བསྐུལ།། བདེ་གཤེགས་ལྔ་ཡིས་སྐུ་གདུང་བསྐྱེད།། རྒྱལ་མཚན ་བཞི་ཡི་རིགས་གསལ་བྱ།། སྣང་མཛད་སེམས་དཔའི་ལུགས་ལ་སོགས།། ཇི་ལྟའི་རིམ་པ་བསྐྱེད་པར་བྱའོ།། ཆོ་གའི་རིམ་པ་གོ་རིམ་བཞིན།། ཀུན་ལ་དེ་བཞིན་བྱ་བ་ཡིན།། གླེགས་བམ་ཟབ་མོའི་གཞུང་འདི ་ནི།། ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན།། དེ་ལ་ཆོ་ག་ཡོངས་རྫོགས་བྱ།། བུམ་པ་བརྒྱད་དམ་བཅུ་དྲུག་གམ།། ཕྱོགས་ཀུན་བསྐོར་ཏེ་དབང་ཡང་བསྐུར།། དེ་ཞུ་ཡི་གེའི་རང་བཞིན་ཏེ།། བདེ་གཤེགས་གསུང་གི་བྱིན ་གྱིས་བརླབ།། ཉོན་མོངས་དུག་གསུམ་གཟེར་ཡང་གདོན།། མཁས་པས་ཆོ་ག་རིམ་བཞིན་བྱ།། མཁའ་དབྱིངས་རྣམ་དག་གཞལ་ཡས་སུ།། མ་ཆགས་པདྨའི་གདན་བཏིང་ཞིང་།། རང་སྔགས་སྐུ་ཡི་དཀྱིལ་འཁོར ་རྣམས།། བསྒོམས་ན་དངོས་གྲུབ་དམ་པ་ཐོབ།། མཁའ་དབྱིངས་གསལ་བའི་དབྱིངས་ཉིད་དུ།། རང་སྔགས་གསུང་གི་དཀྱིལ་འཁོར་རྣམས།། བསྒོམས་ན་དངོས་གྲུབ་དམ་པ་ཐོབ།། མཁའ་དབྱིངས་གསལ་བའི ་དབྱིངས་ཉིད་དུ།། རང་སྔགས་ཐུགས་ཀྱི་ཕྱག་མཚན་རྣམས།། བསྒོམས་ན་དངོས་གྲུབ་ཡ་མཚན་འབྱུང་།། རྣལ་འབྱོར་ཏིང་འཛིན་རྩེ་གཅིག་གིས།། གང་འདོད་ལས་རྣམས་འགྲུབ་པར་འགྱུར།། ཏིང་འཛིན་དཀྱིལ ་འཁོར་དམ་པ་འདིས།། ཐམས་ཅད་ཀུན་ལ་དབང་བསྒྱུར་བའོ།། མཚན་མར་བཅས་པའི་དཀྱིལ་འཁོར་རྣམས།། ཇི་ལྟར་ཏིང་འཛིན་བསྒོམས་བྱས་ཀྱང་།། གཉིས་མེད་འབྲས་བུ་ཐག་རིང ་འགྱུར།། གཉིས་མེད་དོན་ལ་རབ་གནས་མིས།། བདེ་ཆེན་ལྷ་ལ་རབ་གནས་པའི།། དེ་བས་ཏིང་འཛིན་ནན་ཏན་བསྐྱེད།། གཉིས་མེད་དོན་ལ་བརྩོན་པར་འབད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོས་ཡང་རྒྱལ་པོ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ།། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་གསང་བ་མཆོག་གི་བདག་པོ་ལ། རྡོ ་རྗེརྗེ་ཆོས་ཀྱིས་གསོལ་པ། བཅོམ་ལྡན་གསང་བདག་དགྱེས་པ་ཆེ།། སངས་རྒྱས་རྣམས་ཀྱི་སྔགས་རྣམས་དང་།། ཕྱག་རྒྱའི་མཚན་ཉིད་ཐམས་ཅད་ཀུན།། བདག་ཅག་འཁོར་ཚོགས་ཐམས་ཅད་དང་།། སེམས་ཅན ་རྣམས་ལ་སྨན་སླད་དུ།། བདེ་གཤེགས་མགོན་པོས་བཤད་དུ་གསོལ།། དེ་ནས་གསང་བདག་རྒྱལ་པོ་ཡིས།། རྡོ་རྗེ་ཆོས་ཀྱི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། སེམས་ཅན་ཆེན་པོ་ཚུར་ཉོན ་ཅིག། སྔགས་དང་ཕྱག་རྒྱའི་དོན་བཤད་ཀྱིས།། ལེགས་པར་ལུས་ངག་ཡིད་གསུམ་ཉོན།། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨཱ~ཾ། འདི་ནི་དུས་གསུམ་སངས་རྒྱས་ཀྱི།། མཐའ་ཕྱིན་ལས་གང་སྙིང་པོ་ཡིན།། འདི་ལ་རྣལ་འབྱོར་སུ་མོས ་པ།། སྣང་མཛད་སེམས་དཔའ་ཉིད་འདྲར་འགྱུར།། ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས།། གཡོན་པའི་མཛུབ་མོ་བསྒྲེང་བ་ནི།། གཡས་པའི་ཁུ་ཚུར་ནང་དུ་གཞུག། ཐུགས་ཀར་བརྟན་པར་བཟུང་བ་ནི།། རྣམ་པར་སྣང ་མཛད་ལས་ཀྱི་རྒྱ།། བསྒྲུབས་ན་སྔགས་གང་འགྲུབ་པའི་དུས།། ཇི་ལྟར་མཆོད་པར་འོས་པའི་རྫས།། ཇི་ལྟར་བསམ་པ་འབྱུང་བར་འགྱུར།། དེ་ཡི་འབྲས་བུ་བརྗོད་ལས་འདས།། བྱང་ཆུབ་མཆོག་ཏུ་གདོན་མི ་ཟའོ།། གཞན་ཡང་རྡོ་རྗེ་འཛིན་པ་ཡི།། སྐུ་གསུང་ཐུགས་ཀྱི་གསང་བ་ལས།། ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུཾ། སྔགས་འདི་ཕྲེང་བར་བསྐོར་ཅིང་བསྒྲུབ།། ལེགས་པར་འགྲུབ་པའི་དུས་སུ་ནི།། སེམས་དཔའི་སྐྱིལ་མོ་ཀྲུང་འདུག ་ནས།། ལག་གཡོན་རྡོ་རྗེ་པང་བར་བཞག། ལག་གཡས་རྡོ་རྗེ་ས་གཞི་གནོན།། ཁྲོས་པའི་སེམས་བཅས་ཕྱག་རྒྱ་གཏད།། རབ་ཏུ་དྲག་པོའི་སྔགས་བཟླས་པས།། སངས་རྒྱས་ཀུན་ཀྱང་སྐྲག་འགྱུར་ན།། བར་གཅོད ་བདུད་རྣམས་སྨོས་ཅི་དགོས།། གཞན་ཡང་རིན་ཆེན་འབྱུང་ལྡན་གྱི།། སྐུ་གསུང་ཐུགས་ཀྱི་གསང་བ་འདི།། སྙིང་པོ་དམ་པ་འདི་ཡིན་ནོ།། ཨོཾ་རཏྣ་སམ་བྷ་ཝ་ཏཱཾ། སྔགས་འདི་མ་ནོར་དོན་གྱིས་བཟླས།། སྔགས་འདི ་བསྒྲུབ་པའི་དུས་སུ་ནི།། ལག་གཡོན་རིན་ཆེན་པང་པར་བཞག། ལག་པ་མཆོག་སྦྱིན་ཕྱག་རྒྱ་ནི།། ལས་གང་བྱེད་པའི་དུས་སུ་ནི།། ཕྱག་རྒྱ་གཏད་ཅིང་སྔགས་བཟླས་པས།། ཚེ་ཟད་ཤི་ལས་སློང་བར་བྱེད།། ནོར ་ཕྱུགས་འཕེལ་བར་དེ་འགྱུར་རོ།། གཞན་ཡང་འོད་དཔག་མེད་པ་ཡི།། སྐུ་གསུང་ཐུགས་ཀྱི་གསང་བའི་སྔགས།། མ་བཅོས་དམ་པ་འདི་ཡིན་ནོ།། ཨོཾ་པདྨ་ཨ་མི་ཏཱ་བྷ་ཧྲཱིཿ། སྔགས་འདི་མ་ནོར་དོན་གྱི ་བཟླས།། ཇི་ལྟར་རྟགས་རྣམས་འབྱུང་བ་དང་།། ལག་གཉིས་བསྣོལ་ནས་པང་པར་བཞག། གདུང་བའི་སེམས་བཅས་ཕྱག་རྒྱ་གཏད།། སྔགས་བཟླས་པས་ནི་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་ལས་ལ ་བསྐུལ།། རྒྱལ་པོའི་བུ་མོ་དབང་དུ་འགྱུར།། གཞན་ཡང་དོན་ཡོད་གྲུབ་པ་ཡི།། སྐུ་གསུང་ཐུགས་ཀྱི་གསང་བའི་སྔགས།། ཨོཾ་བཛྲ་ཨ་མོ་གྷ་སིདྡྷི་ཨ།། སྔགས་འདི་གཡོ་བ་མེད་པར་བཟླས།། གྲུབ་དུས་ཕྱག་རྒྱ་བཅའ ་བ་འདིའོ།། ལག་གཡོན་པང་པར་བཞག་ནས་ནི།། གཡས་པ་མི་འཇིགས་སྦྱིན་པ་ནི།། ལས་བྱེད་པ་ཡི་ངང་དུ་གཏད།། སྔགས་བཟླས་ཕྱག་རྒྱ་གཏད་པ་ཡིས།། ཇི་ལྟར་འདོད་པའི་སེམས་དབང་འགྱུར།། འགྲུབ ་འགྱུར་འདི་ལ་ཐེ་ཚོམ་མེད།། གཞན་ཡང་དབྱིངས་ཕྱུག་མ་ཡི་སྔགས།། སྐུ་གསུང་ཐུགས་ལས་བྱུང་བ་འདིའོ།། ཨོཾ་བུདྡྷ་ལོ་ཙ་ན་ཨཽ། སྔགས་འདི་ཞི་བའི་སེམས་ཀྱིས་བཟླས།། སྔགས་དེ་གྲུབ་པའི་དུས་ཉིད་དུ།། ལག ་མཐིལ་ཐལ་སྦྱར་སྤྱི་གཙུག་བཞག། སྔགས་བཟླས་པས་ནི་དྲེགས་པ་ཀུན།། ཕོ་མོ་ཐམས་ཅད་ཞི་སེམས་འགྱུར།། གཞན་ཡང་རྡོ་རྗེ་དབྱིངས་ཕྱུག་མའི།། སྐུ་གསུང་ཐུགས་ཀྱི་གསང་བའི་སྔགས།། ཨོཾ་ག་ག་ན་ལོ་ཙ་ན ་ཧཱུཾ། སྔགས་འདི་གདུང་བའི་སེམས་ཀྱིས་བཟླས།། སྔགས་གང་ལས་ལ་སྦྱར་དུས་སུ།། རྡོ་རྗེ་ཐལ་མོ་སྦྱར་བ་ལས།། མཛུབ་མོ་མིག་འབྲས་མཐེ་བོང་མིག། ལས་གང་བྱེད་པའི་དུས་ཉིད་དུ།། ཕྱག་རྒྱ་བཅའ་ཞིང་གཏད ་བྱས་ན།། སྔགས་བཟླས་སངས་རྒྱས་མཉེས་པ་འབྱུང་།། ཞི་དང་རྒྱས་པ་ཤི་དང་སོས།། འགྲུབ་པར་འགྱུར་ཏེ་གདོན་མི་ཟའོ།། གཞན་ཡང་མཱ་མ་ཀཱི་ཡི་སྔགས།། སྐུ་གསུང་ཐུགས་ལས་འབྱུང་བ་འདིའོ།། ཨཱིཾ་ཀི་རི་ཀི་རི ་མ་མཱ་ཀཱི་ཧཱུཾ། སྔགས་འདི་ཁྲོས་པའི་སེམས་ཀྱིས་བཟླས།། སྔགས་གྲུབ་དུས་སུ་ཕྱག་རྒྱ་གཏད།། ལག་གཉིས་ཐལ་སྦྱར་གུང་མོ་བསྒྲེང་།། ཚིགས་གསུམ་པར་ནི་མཛུབ་མོ་དགུག། རྡོ་རྗེར་བྱས་ཏེ་བསྲུང་བ་ཡི།། གནས ་གསུམ་དག་ཏུ་གཏུག་ཅིང་བསྲུང་།། དེ་ཡིས་བསྲུང་བ་བྱས་གྱུར་ན།། དུས་གསུམ་སངས་རྒྱས་ཀྱིས་མི་ཚུགས།། གཞན་ཡང་པདྨ་དབྱིངས་ཕྱུག་མའི།། སྐུ་གསུང་ཐུགས་ལས་བྱུང་བ་ཡི།། གསང་བའི་སྔགས་ནི་འདི ་ཡིན་ནོ།། ཨོཾ་ཀ་ཏེ་བི་ཀ་ཏེ་ཀ་ཏངྐ་ཏེ་སྭཱ་ཧཱ། སྔགས་འདི་དམིགས་མེད་སེམས་ཀྱིས་བཟླས།། སྔགས་གྲུབ་དུས་སུ་ཕྱག་རྒྱ་བཅའ།། ལག་གཉིས་པདྨ་ཁ་ཕྱེའི་ཚུལ།། བཅངས་ཏེ་སྙིང་གར་གཏུག་པར་བྱ།། གཉིས་མེད ་དོན་ཐོབ་བདེ་བར་འགྱུར།། གཞན་ཡང་ལས་ཀྱི་དབྱིངས་ཕྱུག་མའི།། སྐུ་གསུང་ཐུགས་ལས་ཕྱུང་བ་འདིའོ།། ཨོཾ་ཏཱ་རེ་ཏུཏྟ་རེ་སྭཱ་ཧཱ། སྔགས་འདི་གཡོ་བའི་སེམས་ཀྱིས་བཟླས།། སྔགས་གྲུབ་བཅའ་བའི་ཕྱག་རྒྱ ་འདིའོ།། ལག་གཉིས་ཐལ་མོ་ཁང་སྟོང་སྦྱར།། མཛུབ་གཉིས་སོར་མོ་སྤྲད་ནས་དགུག། དེ་སྟེང་མཐེ་བོང་གཉིས་ཀྱིས་མནན།། གུང་གཉིས་རྩེ་སྤྲད་བསྒྲེངས་ནས་ནི།། སྲིན་ལག་མཐེ་ཆུང་སོ་སོར ་བསྣོལ།། གང་འདོད་ཡུལ་ལ་གཏད་པར་བྱ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། གང་འདོད་དབང་དུ་འགྱུར་བར་ངེས།། དེ་ལས་གཞན་པའི་སྔགས་རྣམས་ནི།། སྐུ་གསུང་ཐུགས་ཀྱི་ལས་སྔགས་ནི།། དབང ་བསྐུར་བདག་སྦྱིན་སྐབས་སུ་སྦྱར།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། རྡོ་རྗེ་ཁུ་ཚུར་བསྡམས་བཅངས་ལ།། མཐེབ་གཉིས་གྱེན་དུ་བསྒྲེངས་པ་ནི།། བདེ་བར་གཤེགས་པའི་སྐུ་ཡི་རྒྱ།། གང་ལ་བྱིན ་བརླབས་སྐུ་ཡི་གནས།། རྒྱས་བཅིངས་སྔགས་བཟླས་བྱིན་བརླབས་ན།། གཉིས་མེད་རྡོ་རྗེ་ལྟ་བུར་འགྱུར།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས།། གཡས་པའི་མཐེ་བོང ་རབ་བཏེག་སྟེ།། གཡོན་གྱི་མཐེ་བོང་ནང་དུ་བཅིངས།། གང་ལ་བྱིན་བརླབ་གསུང་གི་གནས།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། གསུང་ནི་སྐྱེ་འགག་མེད་པ་སྟེ།། སངས་རྒྱས་ཀུན་གྱི་གསུང་དུ་འགྱུར།། ཨོཾ ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། རྡོ་རྗེ་ཁུ་ཚུར་དམ་བཅིངས་ལ།། གཡས་པའི་མཐེབ་བཏེག་གཡོན་པའི་ནང་།། གང་ལ་བྱིན་བརླབ་ཐུགས་ཀྱི་གནས།། རྒྱ་བཅིངས་སྔགས་བཟླས་གཏད་བྱས ་ན།། གཞན་གྱིས་སེམས་འཕྲོག་མི་ནུས་ལ།། སངས་རྒྱས་ཀུན་གྱི་ཐུགས་སུ་འགྱུར།། སྐུ་གཟུགས་ལུགས་མ་འབུར་དུ་བརྐོས།། དེ་ལ་སོགས་པ་ཅི་རིགས་པར།། དབང་བསྐུར་དུས་སུ་བརྩམ་བྱ་བ།། རྡོ་རྗེ་ཁུ་ཚུར་དམ ་བཅིངས་ལ།། གུང་མོ་གཉིས་གཤིབས་བསྒྲེངས་བྱས་ནས།། ཅོད་པན་དབང་བསྐུར་ཕྱག་རྒྱ་ཡིས།། ཨོཾ་ཨ་བྷི་ཥིཉྩ་མཱཾ།། སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་རཏྣ་ཏཱཾ། སྔགས་བརྗོད་དབང་བསྐུར་གནས་སུ་གཏུག། རིན་པོ་ཆེ་དང ་རིགས་ལྔ་ཡིས།། སོ་སོའི་སྐབས་ཀྱི་དབུ་རྒྱན་སོགས།། སྐབས་སུ་རྒྱན་དུ་ཤེས་པར་བྱ།། དེ་ལ་སོགས་པ་སྣ་ཚོགས་པ།། མཁས་པས་བརྟགས་ཤིང་ཅི་རིགས་པར།། ལས་རྣམས་ཡོངས་སུ་ཤེས་པར་བྱའོ།། དེ་ལ ་སོགས་པའི་ཕྱག་རྒྱ་དང་།། སྔགས་ལ་སོགས་པ་བརྗོད་མི་ལང་།། ཆོས་དབྱིངས་བརྗོད་བྲལ་དེ་ལས་འབྱུང་།། འབྱུང་བ་ནམ་མཁའི་མཐའ་ཀླས་པ།། བརྗོད་མེད་བསམ་ལས་མི་དཔོག་པ།། ཡོན་ཏན་བསམ་ཡས་དེ ་ལས་འབྱུང་།། ཞེས་གསང་བའི་བདག་པོས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། ཕྱག་རྒྱ་རྣམ་པར་སྤྲོ ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྡོ་རྗེ་ཆོས་ཀྱིས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་མ་བཅོས་ངོ་བོ་ཉིད།། བརྗོད་པའི་ཐ་སྙད་རྣམས་དང་བྲལ།། དུས ་གསུམ་སངས་རྒྱས་སྐུ་ཡི་མཆོག། ཇི་ལྟར་རྟགས་སྣང་ཁྱོད་ལ་བསྟོད།། ཨེ་མ་ཧོ་མ་བསྒྲིབས་མཁའ་ལྟར་དག། དུས་གསུམ་སངས་རྒྱས་གསུང་གི་མཆོག། སོ་སོའི་སྒྲ་སྐད་རྣམས་སུ་གསལ།། རྣམ་དག ་སྒྲ་ཆེན་ཁྱོད་ལ་བསྟོད།། ཨེ་མ་ཧོ་གཉིས་མེད་ངོ་བོ་ཉིད།། བརྗོད་མེད་བརྗོད་བྲལ་ཚིག་མཚོན་མེད།། ཡེ་ཤེས་གཙོ་གྱུར་དམ་པའི་མཆོག། དུས་གསུམ་སངས་རྒྱས་ཐུགས་ལ་བསྟོད།། སངས་རྒྱས་མངོན་གྱུར་ཡེ་ཤེས ་གཙོ།། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད།། ཡེ་ཤེས་ཆེན་པོ་རྡོ་རྗེ་འཆང་།། རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད།། དུས་གསུམ་སངས་རྒྱས་སྐུ་ཡི་མཆོག། མེ་ལོང་ཡེ་ཤེས་ངོ་བོ་ཉིད།། ཐམས་ཅད་ཀུན་གྱི་བདག་པོ ་གཙོ།། འཁོར་ལོ་འཆང་ལ་ཕྱག་འཚལ་བསྟོད།། དུས་གསུམ་སངས་རྒྱས་ཡོན་ཏན་མཆོག། མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད།། ཡིད་བཞིན་ནོར་བུས་རེ་འདོད་སྐོང་།། ནོར་བུ་འཛིན་པ་ཁྱོད་ལ་བསྟོད།། དུས་གསུམ ་སངས་རྒྱས་གསུང་གི་མཆོག། སོ་སོར་རྟོག་པའི་ཡེ་ཤེས་བདག། མ་ཆགས་སྐྱོན་གྱིས་གོས་པ་མེད།། པདྨ་འཆང་ལ་ཕྱག་འཚལ་བསྟོད།། དུས་གསུམ་སངས་རྒྱས་ཕྲིན་ལས་མཆོག། བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད།། མ ་རིག་དྲ་བ་གཅོད་མཛད་པའི།། དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད།། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། ཇི་ལྟའི་སྒོ་ནས་ཆོས་སྟོན་འགྱུར།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ།། ཐབས་ནི་ཇི་ལྟ་བུ་ཡིས ་སྟོན།། ཞེས་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས།། དེ་བཞིན་ཉིད་ལ་དམིགས་ཤིང་། དེའི་ངང་ལས་འཁོར་རིགས་ལྔ་དང་། དེ་ལས་འགྱུར་བའི་གདུལ་བྱའི་ངོ་གང་ལ།། ་སྣང་བའི་ཆོ་འཕྲུལ་འདི་ཕྱུང་ངོ་།། གདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས།། འགྲོ་བ་མཐའ་ཡས་འདུལ་བར་འགྱུར།། ལ་ལར་སྐུ་ཡི་འདུལ་བར་སྟོན།། ལ་ལར་གསུང་གི་འདུལ་བར་སྟོན།། ལ་ལར་ཐུགས་སྤྲོས་མེད ་པས་འདུལ།། སྤྲུལ་པའི་སྐུ་ནི་སྣ་ཚོགས་པས།། སོ་སོའི་ངོ་བོར་འདུལ་བ་ལ།། ཀུན་ལ་སྡིག་སྤང་ཚུལ་གྱིས་སོ།། དམྱལ་བ་རྣམས་ལ་གཤིན་བུའི་རྗེའི།། སྐུ་ཡི་དབྱིབས་བསྟན་ཚུལ་གྱིས་འདུལ།། ཡི་དྭགས་རྣམས་ལ ་ཁ་འབར་མ།། ཚུལ་མཐུན་སྐུ་ཡིས་འདུལ་བར་འགྱུར།། བྱོལ་སོང་རྣམས་ལ་གླང་མགོ་ཅན།། སེང་གེ་ལ་སོགས་ཐམས་ཅད་ཀྱིས།། མཐུན་བཅས་གཟུགས་ཀྱིས་ཆོས་སྟོན་ཏོ།། མི་རྣམས་ཀུན་ལ་འཁོར་ལོ་སྒྱུར།། ཆ ་ལུགས་བཟུང་ནས་ཆོས་ཀྱང་སྟོན།། ལྷ་མིན་རྣམས་ལ་ཟག་བཟངས་རིས།། གོ་མཚོན་མཐུན་བྱས་ཆོས་ཀྱང་སྟོན།། ལྷ་ཡི་གནས་སུ་བརྒྱ་བྱིན་གྱིས།། མཐུན་བྱས་གཟུགས་ཀྱིས་ཆོས་ཀྱང་སྟོན།། ཚངས་རིས་རྣམས་ལ ་ཚངས་ཆེན་གཟུགས།། མཐུན་བྱས་གཟུགས་ཀྱིས་ཆོས་ཀྱང་སྟོན།། ཉན་ཐོས་རྣམས་ལ་དགྲ་བཅོམ་གཟུགས།། ཤཱཀྱ་ཐུབ་པར་མཐུན་བྱས་སྟོན།། རང་རྒྱལ་རྣམས་ལ་རུས་པའི་གཟུགས།། མཐུན་བྱས་ཚུལ་གྱིས ་ཆོས་ཀྱང་སྟོན།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ།། རྣམ་པར་སྣང་མཛད་ཆ་གཉིས་སྟོན།། འགྲོ་བའི་བསམ་པས་དབང་བསྒྱུར་བས།། ཇི་ལྟར་གདུལ་བྱ་སྐུར་བསྟན་འདུལ།། གསུང་གི་བྱེ་བྲག ་བསམ་ཡས་ཏེ།། བསྡུས་པའི་ཚིག་ཙམ་བཤད་བྱ་བ།། ལ་ལར་སྡེ་གསུམ་དག་ཏུ་བསྡུས།། བསྡུས་ནས་ཆོས་ཀྱི་འཁོར་ལོ་བསྐོར།། ལ་ལར་གསུང་རབ་བཅུ་གཉིས་སུ།། བསྡུས་ནས་ཆོས་ཀྱི་འཁོར་ལོ་བསྐོར།། ལ ་ལར་སྟོང་ཕྲག་བརྒྱད་ཅུ་ཡིས།། སོ་སོའི་རྒྱུད་དུ་ཆོས་ཀྱང་སྟོན།། གཏི་མུག་གིས་འཐིབས་འགྲོ་གང་ལ།། སངས་རྒྱས་འཁོར་ལོ་ཅན་གྱིས་སྟོན།། ཞེ་སྡང་གིས་ནི་གཟིར་བ་ལ།། རྡོ་རྗེ་འཛིན་པས་ཆོས་ཀྱང་སྟོན།། ང ་རྒྱལ་གྱིས་ཁེངས་འགྲོ་གང་ལ།། རིན་ཆེན་འབྱུང་བའི་འཁོར་ལོ་བསྐོར།། འདོད་ཆགས་ཀྱིས་གདུངས་འགྲོ་གང་ལ།། འོད་དཔག་མེད་པས་འཁོར་ལོ་བསྐོར།། ཕྲག་དོག་གིས་མྱོས་འགྲོ་གང་ལ།། དོན་ཡོད་གྲུབ་པས ་ཁོར་ལོ་བསྐོར།། འགྲོ་བའི་སྐད་ནི་བསམ་ཡས་པར།། བདེ་གཤེགས་གསུང་གིས་དེ་སྙེད་སྟོན།། ཐུགས་ལས་ངེས་མེད་གཟུགས་བྱུང་བ།། འགྲོ་རྣམས་གཅིག་པར་འཛིན་རྣམས་ལ།། ཐུགས་ཀྱི་སྤྲུལ་པས་མདོ ་བཤད།། ལ་ལར་ཡོངས་སུ་ལུང་བསྟན་ཚུལ།། ལ་ལར་ལྷུམས་སུ་གཤེགས་པར་སྟོན།། ལ་ལར་མངལ་གནས་བདེ་བར་སྟོན།། ལ་ལར་ལྷུམས་ནས་བལྟམས་པར་སྟོན།། ལ་ལར་ཕྱོགས་བཞིར་གཤེགས་པར ་སྟོན།། ལ་ལར་གཞོན་ནུར་རོལ་རྩེད་སྟོན།། ལ་ལར་ཁྱིམ་པ་ལྟ་བུར་སྟོན།། ལ་ལར་ཁབ་ལས་རབ་བྱུང་སྟོན།། ལ་ལར་དཀའ་ཐུབ་མཛད་པར་སྟོན།། ལ་ལར་སེམས་བསྐྱེད་སྐྱོ་བསྐྱེད་སྟོན།། ལ་ལར་བདུད་ཚོགས ་འདུལ་བར་སྟོད།། ལ་ལར་བྱང་ཆུབ་ཤིང་གི་དྲུང་།། ལ་ལར་རྡོ་རྗེ་གདན་ལ་གཤེགས།། ལ་ལར་ཆོ་འཕྲུལ་ཆེན་པོར་སྟོན།། ལ་ལར་རྣམ་པ་བཅུ་གཉིས་སུ།། ལན་གསུམ་དག་ཏུ་འཁོར་ལོ་བསྐོར།། ལ་ལར་མྱ་ངན ་འདས་པར་སྟོན།། ལ་ལར་སྐུ་གདུང་དག་ཏུ་སྟོན།། ལ་ལར་སྤྲུལ་པའི་མཆོད་རྟེན་སྟོན།། ལ་ལར་ཆོས་ཀྱི་གླེགས་བམ་སྟོན།། ལ་ལར་རྟེན་བཅས་སྐུ་ཡིས་སྟོན།། ལ་ལར་འབྱུང་བའི་སྒྲ་སྐད་ལས།། ཆོས་མཐུན་སྐད ་ཀྱིས་འགྲོ་རྣམས་འདུལ།། ལ་ལར་བསྐུལ་བའི་ས་ལ་གཤེགས།། ལ་ལར་འཇིག་རྟེན་ཟད་པར་བསྒོམ།། ལ་ལར་བསམ་གཏན་རིམ་གྱིས་བསྒོམ།། ལ་ལར་འཁོར་ལོའི་ཚུལ་དུ་སྣང་།། ལ་ལར་དགེ་འདུན་སྡེ་བཞིར ་སྣང་།། ལ་ལར་ཐིག་ལེའི་རང་བཞིན་སྟོན།། ལ་ལར་བྱང་ཆུབ་སེམས་སུ་སྟོན།། ལ་ལར་སྤྱན་ལྔ་རྣམ་དག་སྟོན།། ལ་ལར་ཁྱབ་འཇུག་གཟུགས་སུ་སྟོན།། ལ་ལར་དབང་ཕྱུག་གཟུགས་སུ་སྟོན།། ལ་ལར་སྐྱོང་བའི ་སྲུང་མར་སྟོན།། འགྲོ་དྲུག་ཇི་ལྟར་འདུལ་བའི་དབང་།། ཐུགས་ཀྱི་ཆོ་འཕྲུལ་བསམ་ཡས་སྟོན།། དེ་ཡི་དུས་ཀྱི་འགྲོ་བ་རྣམས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གཉིས་མེད་དོན་གྱིས་འདུལ་བར ་གསུངས།། ལོག་པའི་ལམ་ལ་མ་གཏོགས་སོ།། ཁམས་གསུམ་སངས་རྒྱས་བསྟན་ལ་དད།། དེ་སྙེད་འབྲས་བུ་བདེན་གཉིས་མཐོང་།། དུས་དེར་འཁོར་དུ་སྤྲུལ་པ་ཡི།། བྱང་ཆུབ་སེམས་དཔའ་ཇི་སྙེད ་པ།། ངོ་མཚར་ཡིད་བདེ་རྨད་དུ་བྱུང་།། རྡོ་རྗེ་ཆོས་ལ་འདི་སྐད་གསོལ།། ཨེ་མ་ཧོ་དོན་ཟབ་རྡོ་རྗེ་ཆོས།། རབ་ཟབ་ཁྱོད་ལ་ཕྱག་འཚལ་ལོ།། ཨེ་མ་ཧོ་སྔགས་ཀྱི་བདག་ཉིད་ཅན།། ཡོངས་གསལ་ཁྱོད་ལ་ཕྱག་འཚལ ་ལོ།། ཨེ་མ་ཧོ་མི་འདུལ་གཅིག་ཀྱང་མེད།། ཆོ་འཕྲུལ་ཁྱོད་ལ་ཕྱག་འཚལ་ལོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ཀྱི་མི་འདུལ་མེད།། འདི་ནི་ངོ་མཚར་ཡ་མཚན་ཆེ།། ཞེས་གསོལ་པ་དང་། རྡོ ་རྗེ་ཆོས་ཀྱིས་བཀའ་སྩལ་པ།། རིགས་རྣམས་བྱང་ཆུབ་སེམས་དཔའི་འཁོར།། འདུས་པའི་འཁོར་ཚོགས་ཀུན་ཉོན་ཅིག། གསང་བའི་ཐེག་པའི་ཡང་རྩེ་ལ།། སུ་ཞིག་དད་ཅིང་མོས་གྱུར་ན།། དེ་ཡིས་ལས་རྣམས་ཐམས ་ཅད་འགྲུབ།། མི་བྱ་བ་ནི་གང་ཡང་མེད།། མི་བསྲུང་བ་ནི་གང་ཡང་མེད།། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ།། མི་ཚངས་པར་ཡང་སྤྱད་པར་བྱ།། བརྫུན་དུ་ཡང་ནི་སྨྲ་བར་བྱ།། ཚིག་རྩུབ་པ་ཡང་སྨྲ་བར་བྱ།། རིན ་ཆེན་རིགས་སུ་ངེས་པར་སྐྱེ།། ཕ་དང་ཁུ་བོ་རྟག་ཏུ་བསད།། མེས་པོ་བུ་རྣམས་རྟག་ཏུ་གཞོམ།། སྤུན་དང་ཚ་བོ་རྣམས་སྤངས་ཏེ།། ཞེ་སྡང་སེམས་ཀྱིས་མེད་བྱས་ན།། རྡོ་རྗེ་འཛིན་པར་དེ་འགྱུར་རོ།། མ་དང་བུ་མོ ་གདོལ་བ་མོ།། སྲིང་མོ་དང་ནི་ཕྱལ་བ་ལ།། ཆགས་པའི་སེམས་ཀྱི་རབ་སྦྱར་ན།། པདྨའི་རིགས་སུ་ངེས་པར་སྐྱེས།། ཟས་སུ་བཤང་གཅི་ཤ་རྣམས་དང་།། རྣག་དང་ཁྲག་དྲོན་འཐུང་བས་ནི།། ལས་ཀྱི་རིགས་སུ་ངེས ་པར་སྐྱེ།། ངན་པ་ཟོས་ཤིང་ངན་པ་སྤྱད། ཇི་ལྟར་ངན་པ་ཐམས་ཅད་ཀྱིས།། གཙང་སྨེ་མེད་པར་སྤྱད་བྱས་ན།། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ།། ཞེས་གསུངས་པས། འཁོར་དུ་འདུས་པའི་བྱང་ཆུབ་སེམས ་དཔའ་དེ་དག་སྐྲག་སྟེ། རབ་ཏུ་བརྒྱལ་ཏེ་ཁ་བུབ་ཏུ་འགྱེལ་བར་འགྱུར་རོ།། དེ་ནས་རྡོ་རྗེ་ཆོས་ཀྱིས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་བལྟས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི ་དག། སྔོན་གྱི་འདུ་ཤེས་ངན་པ་དྲན་ནས་བརྒྱལ་ན།། འདི་དག་གསོ་བར་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་ནས། བྱང་ཆུབ་སེམས་ཀྱི་འོད་ཟེར་འཁྱིལ་པ་ཡིས། བྱང་ཆུབ་སེམས་དཔའ་དེ་དག་ལ་བསྟིམས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་དྲན་པ་རྙེད་པར་བྱས་སོ།། དེ་ནས་ལངས་ཏེ། བཅོམ་ལྡན་འདས་གསང་བ ་མཆོག་གི་བདག་པོའི་ཞལ་དུ་མིག་མི་འཛུམ་པར་བལྟས་ཏེ་འཁོད་དོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིག་པ་ལས་བྱུང་བུ་མཆོག་རྣམས།། སྔོན་གྱི་འདུ་ཤེས་ངན་པ ་རྣམས།། འདི་ལ་གནས་པར་མ་བྱེད་ཅིག། འདི་ཉིད་བྱང་ཆུབ་སྤྱོད་པའི་གནས།། གང་ལ་ཡོད་པ་བརྒྱད་དུ་ཤེས།། གང་ལ་ཅི་འདྲའི་དེ་ཉིད་སྲིད་པ་ཡིན།། རྣམ་བཞི་བྱེ་བྲག་དྲུག་ལས་བརྒྱད་དཀྱིལ ་ན།། གང་ལ་སྙོམས་འཇུག་དེ་ལ་ཡོད་པ་ལ།། དེ་ལ་དེ་ཡོད་དེ་ལ་བལྟ་བར་བྱ།། གང་ལས་བྱུང་བ་དེ་ལས་བྱུང་བ་ཡིན།། དེ་ལས་དེ་བྱུང་དེ་ཉིད་ཁོ་ནའོ།། གསང་བའི་ཤེས་རབ་ཐིག་ལེའི་དབྱིངས།། བཅུ་དྲུག་གཉིས ་ཀྱི་དཀྱིལ་ན་བཞུགས།། ཤེས་རབ་ཐབས་ཀྱི་སྙོམས་འཇུག་ལ།། ཀུན་ཏུ་རྒྱས་བཏབ་དཀྱིལ་འཁོར་ཡིན།། བདག་ཉིད་ཆེན་པོ་ལྔར་བལྟ་ཞིང་།། ཐུར་དུ་འཕྲོ་ཞིང་གྱེན་དུ་འབར།། བདེ་བ་ཆེན་པོའི་མཆོད་པ ་ཡིས།། སྟེང་གི་སྙིང་པོ་སྐུལ་བར་བྱེད།། དེ་འོད་ཐིག་ལེ་མཉམ་འབྱོར་ལས།། ལྔ་གཉིས་དྲུག་གི་དཀྱིལ་ནའོ།། བདེ་བ་ཆེན་པོའི་རོ་ཡིས་ནི།། དགྱེས་པ་ཆེན་པོ་རྟོགས་པར་བྱ།། ཤེས་བྱའི་འབྱུང་ཟད་རྟོགས་པ ་ཡིས།། དེ་ཉིད་སྒྱུ་མར་རབ་སྣང་བ།། གཟིགས་མོའི་བདེ་བ་མཐའ་ཡས་ཀྱིས།། བདེ་བ་ཆེན་པོའི་སྤྲིན་ལས་སྤྲོ།། བཅུ་གསུམ་གཉིས་ཀྱི་དཀྱིལ་འཁོར་ན།། ཐིག་ལེའི་དེ་ཉིད་མཉམ་པའི་དབྱིངས།། ཀུན་གྱི་དངོས ་ཡིན་ཀུན་གྱི་གཙོ།། བཅུ་དང་བཞིར་ནི་མངོན་རྫོགས་པ།། གསུམ་དང་གཉིས་སུ་ཡང་དག་གནས།། ཀུན་གྱི་དངོས་པོར་བདག་ཉིད་འགྱུར།། དེ་ལ་བསྒྱུར་བའི་དབང་བ་ཡིན།། ཡིད་ལ་གནས་པ་དེ་ཉིད་དེ།། དེ་ལ ་གཉིས་རྫོགས་ལྷུན་གྱིས་གྲུབ།། ཐམས་ཅད་དེ་ཡི་རྒྱན་དུ་ཆེ།། གཉིས་རྫོགས་ཐིག་ལེ་མཉམ་སྦྱོར་བས།། སྙིང་རྗེ་ཆེན་པོ་ཡོངས་ཀྱིས་འཆར།། བཅུ་བཞིའི་སེམས་ཅན་གདུལ་དཀའ་ལ།། སྒྱུ་མའི་སེམས་ཅན་སྒྲོལ་བ ་ཡི།། རྣལ་འབྱོར་ཆེན་པོའི་འོད་ལྡན་སྤྱོད།། འོད་ལ་རྟག་ཏུ་གང་འདུག་པ།། སངས་རྒྱས་སྲས་དང་འཁོར་བཅས་ཀྱིས།། ཐུགས་རྗེའི་ཉི་མ་ཤུགས་ཀྱིས་འབྱུང་།། དངོས་མེད་ནམ་མཁའི་མཚན་ཉིད་ནི།། མཚན་ཉིད་ལ ་ཡང་མི་གནས་སོ།། དེ་ཉིད་སྣ་ཚོགས་པར་ཡང་སྣང་།། ཕྱག་རྒྱ་ལྷུན་གྲུབ་དེ་ཉིད་དོ།། དེ་ལྟར་སྒྱུ་མའི་རང་བཞིན་པས།། དེ་ལྟར་དངོས་མེད་དངོས་དང་བྲལ།། ཇི་ལྟར་སྤྱོད་ཅིང་བལྟས་པ་རྣམས།། གཉིས་མེད་དོན ་ལས་གཡོས་པ་མེད།། དམྱལ་བ་ཡི་དྭགས་བྱོལ་སོང་རྣམས།། འདི་ཡི་སྡུག་བསྔལ་བྱང་ཆུབ་ལ།། དེ་ཡི་གནས་ཉིད་བླ་མེད་གནས།། ཁམས་གསུམ་འཁོར་བ་མྱ་ངན་འདས།། ལུས་ཀྱི་སྒྲིབ་པ་མངོན་སངས་རྒྱས།། འདི ་ཞེས་བྱ་བར་བསྟན་པ་ནི།། ངས་ཀྱང་བསྟན་དུ་ཡོད་མ་ཡིན།། རང་རང་ལུས་ངག་ཡིད་ལ་ལྟོས།། ཞེས་གསུངས་པས། འཁོར་དུ་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐེ་ཚོམ་དང་བྲལ་ནས་རང་རང་གི་ལུས་ངག ་ཡིད་གསུམ་གྱིས་དེ་བཞིན་ཉིད་ལ་དམིགས་ནས་ཅང་མི་སྨྲ་བར་འཁོད་དོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་སྐུ ་གསུང་ཐུགས་ཀྱི་སྤྲུལ་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དང་། རིགས་ལྔའི་བདེ་བར་གཤེགས་པ་ཐམས་ཅད་དང་། འདུས་པའི་བྱང་ཆུབ ་སེམས་དཔའ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏེ། ཕྱིན་ཅི་ལོག་པའི་ལམ་ལ་དད་པའི་དབང་གིས་ད་ལྟར་དངོས་པོ་ལ་ལྷག་པར་མངོན་སུམ་དུ་གྱུར་པ། མངོན་པའི་ལུས་ངག་ཡིད་ཀྱི་མཐུ་བརྙེས་པ། སངས་རྒྱས ་ཀྱི་བསྟན་པ་ལ་སྐུར་པ་འདེབས་ཤིང་འཇིག་རྟེན་ཕུང་བར་བྱེད་པ། ཁྲོ་གཏུམ་བརླང་ཚིག་གི་འོ་དོད་འབོད་ཅིང་། སེམས་ཅན་ཐམས་ཅད་བྲེད་ཅིང་བརྒྱལ་བར་བྱེད་པ། སྡུག་བསྔལ་ཐམས་ཅད་རབ་ཏུ་རྒྱས་པར་སྤྱོད ་པའི་སེམས་ཅན་དེ། ཆོས་ཉིད་ཞི་བས་འདུལ་བའི་སྐབས་ལ་མ་བབས་ཏེ། ཟབས་མཁས་པའི་རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ། རྡོ་རྗེ་ཆོས ་ཀྱིས་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཨེ་མ་ཧོ་བདེ་གཤེགས་གསང་བའི་བདག། ལོག་པའི་ལམ་དུ་ཞུགས་པ་འདི།། ཤིན་ཏུ་ཁྲོས་ཤིང་གཏུམ་པར་འགྱུར།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་སུ ་སྦྱོར་མཛད་པ།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད།། སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས།། གདུག་པའི་ང་རྒྱལ་ཞི་བར་འགྱུར།། དེ་ཕྱིར་འཁོར་རྣམས་བསྡུ་བར་མཛོད།། ཅེས་གསོལ་པ་དང་། བཅོམ་ལྡན ་གསང་མཆོག་དགྱེས་བདག་གིས།། རྡོ་རྗེ་ཆོས་ཀྱི་ཚིག་གསན་ནས།། ཧཱུཾ་ཞེས་བརྗོད་དེ་རབ་ཏུ་བསྡུས།། རིགས་ལྔ་ལ་སོགས་འཁོར་རྣམས་ཀུན།། ཐུགས་ཀར་བསྡུས་ཏེ་མི་སྣང་མཛད།། ཧཱུཾ་ཞེས་བརྗོད་དེ་གཞལ་ཡས ་བསྡུས།། སྐུ་ཡི་དབྱིངས་སུ་མི་སྣང་མཛད།། ཧཱུཾ་ལས་གྱུར་པའི་འོད་ཟེར་གྱིས།། འཇིག་རྟེན་གསུམ་ཡང་རབ་བསྡུས་ཏེ།། གསུང་གི་གནས་སུ་མི་སྣང་མཛད།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག ་པོས། ཉིད་ཀྱི་སྐུ་མི་བཟད་པར་རབ་ཏུ་ཁྲོས་པའི་སྐུ་མི་བཟད་པར་བྱ་བའི་ཕྱིར། སྐུ་གསུང་ཐུགས་ལས་གསང་བའི་སྔགས་འདི་བརྗོད་དོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཱ་ཛ་ཡ་ཧཱུཾ་ཞེས་བརྗོད་ཅིང་། རབ་ཏུ་ཁྲོས་པའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རབ་ཏུ་ཁྲོས་པའི་སྐུ་མི་བཟད་པ་དབུ་སྟོང་མངའ་བ། ཕྱག་སྟོང་ཁམས་ཀྱི་རྡུལ་དང་མཉམ་པ། སྤྱན་བྱེ་བ་སྟོང་མངའ་བ། ཞབས་ཀྱིས་ཕྱོགས་མཚམས་གནོན་པའི་སྐུ་ཤིན་ཏུ་མི ་བཟད་པ་ཞིག་ཏུ་གྱུར་ཏོ།། རབ་ཏུ་མི་བཟད་པ་དེའི་ཐུགས་ཀ་ནས།། ཨེ་བཏོན་ཏེ།། ཨེ་ཨཱ་ཀཱ་ཤ་ཧཱུཾ་ཞེས་བརྗོད་པས། འབྱུང་བ་ནམ་མཁའི་རང་བཞིན། ཡུམ་ཀུན་ཏུ་བཟང་མོའི་མཁའ་གྲུ་གསུམ་པ་སྟེ། ཆོས་ཉིད ་བདེ་བའི་རོལ་པས་བདེ་བ་བསྐྱེད་པར་མཛོད། དེ་ནས་ཡང་ཉིད་ཀྱི་ཐུགས་ཀ་ནས་ཡཾ་ཕྱུང་སྟེ། ཀརྨ་རཀྵ་ཧཾ་ཞེས་བརྗོད་པས། འབྱུང་བ་རླུང་གི་དཀྱིལ་འཁོར་ཡུམ་དམ་ཚིག་སྒྲོལ་མའི་མཁའི་རང་བཞིན་དུ། རྡོ་རྗེ་རྒྱ ་གྲམ་བ་དན་བཞིས་མཚན་པ་ཅིག་ཏུ་གྱུར་ཏེ། ཕྲིན་ལས་ཐོགས་པ་མེད་པའི་དོན་མཛད་དོ།། དེ་ནས་ཡང་ཉིད་ཀྱི་ཐུགས་ཀ་ནས་རཾ་བཏོན་ཏེ། རཾ་བཛྲ་ཛ་ལ་རཾ་ཞེས་བརྗོད་པས།། འབྱུང་བ་མེའི་རང ་བཞིན། ཡུམ་གོས་དཀར་མོའི་མཁའ་གྲུ་གསུམ་པ་སྟེ་གཉིས་སུ་མེད་པའི་འབྲས་བུ་སྨིན་པར་མཛད་དོ།། དེ་ནས་ཡང་ཉིད་ཀྱི་ཐུགས་ཀ་ནས། མ་བཏོན་ཏེ་མ་ཧཱ་རཀྟ་ཛ་ལ་མཎྜལ་ཞེས་བརྗོད་པས། ཁྲག་གི་རྒྱ་མཚོའི ་གཏིང་མཐའ་མེད་པ། ཡུམ་མཱ་མ་ཀཱིའི་མཁའ་ཟླུམ་པོ་སྟེ། སྡུག་བསྔལ་དབང་དུ་བསྡུས་ནས་གཉིས་སུ་མེད་པའི་རང་བཞིན་དུ་མཛད་དོ།། དེ་ནས་ཡང་ཉིད་ཀྱི་ཐུགས་ཀ་ནས་སུཾ་བཏོན་ཏེ། སུཾ་ས་མ་ཡ་ཧཱུཾ། ཞེས་བརྗོད ་པས། འབྱུང་བ་སའི་རང་བཞིན། ཡུམ་སངས་རྒྱས་སྤྱན་གྱི་མཁའི་རང་བཞིན་གྲུ་བཞི་པ་བཏོན་ཏེ། ཁམས་གསུམ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ལ་གནས་པར་མཛད་དོ།། དེ་ནས་ཡང་ཉིད ་ཀྱི་ཐུགས་ཀ་ནས། ཀཽ་བཏོན་ཏེ་ཀེ་ནི་རི་ཏི་མཎྜ་ལ་ཞེས་བརྗོད་པས། ཀེང་རུས་ཀྱི་རི་རབ་གཅིག་ཏུ་གྱུར་ཏེ། འཁོར་བ་གནས་སུ་དག་ཅིང་ཆོ་འཕྲུལ་མངོན་པར་འདུ་མཛད་དོ།། དེ་ནས་ཡང་ཉིད་ཀྱི་ཐུགས་ཀ་ནས ་རིན་པོ་ཆེའི་བྷཾ་སྨུག་ནག་བཏོན་ཏེ། བྷྲཱུཾ་བྷནྡ་ཛྙཱ་ན་ཙཀྲ་ཛ་ལ་མཎྜལ་ཞེས་བརྗོད་པས། བྷནྡྷའི་གཞལ་ཡས་ཁང་མཐིང་ནག་རབ་ཏུ་འབར་བ། འབྲས་བུ་ལྔ་མངོན་པར་ཤར་བར་མཛད་དོ།། དེ་ནས་ཡང་ཨོཾ་བཛྲ་ཀཱི་ལི ་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷི་ཧཱུཾ། ཞེས་པས་དེ་བཞིན་ཉིད་ཀྱི་ངང་ལས་ཡུམ་འཁོར་ལོ་རྒྱས་འདེབས་མ་མངོན་དུ་ཕྱུང་སྟེ། ཉིད་ཀྱི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་པར་གྱུར་ཏོ།། དེ་ནས་ཡང་ཡབ་ཡུམ་གཉིས་སུ་མེད་པའི ་བྱང་ཆུབ་ཀྱི་སེམས་ལས། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ཤྭ་ཀྲོ་དྷ་ཛ་ལ་མཎྜལ་ཕཊ་ཕཊ། ཧ་ལ་ཧ་ལ་ཞེས་བརྗོད་པས་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། ཞེ་སྡང་རྗེས་སུ་དྲན་པར་གྱུར་ཏོ།། ཉིད་ཀྱི་སྐུ ་ལས་ཀྱང་རབ་ཏུ་མི་བཟད་པའི་སྐུ་འབར་བ། གསུང་གཏུམ་ཚིག་ཏུ་སྨྲ་བ་མང་པོ་འཐོན་པ་དེའི་ཚེ། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། འཁྲུགས ་རབ་ཏུ་འཁྲུགས་སོ།། ཀུན་ཏུ་རབ་ཏུ་འཁྲུགས་སོ།། ཚིག་རབ་ཏུ་ཚིག། ཀུན་ཏུ་རབ་ཏུ་ཚིག་གོ།། འཐོར་རབ་ཏུ་འཐོར། ཀུན་ཏུ་རབ་ཏུ་འཐོར་རོ།། དེ་ལྟར་ཁྲོས་པའི་རྒྱལ་པོའི་ཆོ་འཕྲུལ་བྱུང་བ་དེའི་ཚེ། འཇིག་རྟེན ་ཕུང་བར་བྱེད་པའི་གདུག་པ་ཅན། ལུས་ངག་ཡིད་གསུམ་གྱི་དྲེགས་པ་སྟོན་པའི་དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་པོ་དང་། ཁྱབ་འཇུག་རྣམས་རང་རང་གི་མཐུ་སྟོབས་སྟོན་ཅིང་རབ་ཏུ ་ཁྲོ་གཏུམ་མོ།། དེ་ནས་འཇིགས་བྱེད་ཀྱི་བདག་པོ་བཛྲ་ཀཱི་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊཿཞེས་བརྗོད་པས། སྐུ་གསུང་ཐུགས་ལས་ཕྱུང་བའི་ཁྲོ་བོ་དེ་དག་གིས། ཕྱོགས་བཅུའི་དྲེགས་པ་ཅན ་དེ་དག་བསྒྲལ་ནས་སླར་འདུས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་སྲས་མཆོག་རྡོ་རྗེ་གཞོན་ནུར་གྱུར་ཏེ། ཞལ་གསུམ་པ། གཡས་དཀར་བ། གཡོ་དམར་བ། དབུས་མཐིང་ནག། ཞལ་ཤིན་ཏུ་ཡང ་རྔམས་པ། ཞབས་བཞི་བརྐྱང་བསྐུམ་དུ་བཞུགས་པ། རྡོ་རྗེའི་གཤོག་པས་གཏམས་པ།། སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཁྲག་འཐུང་ལྔས་དབུ་ལ་བརྒྱན་ཅིང་གཡང་གཞི་ཡ་བ་ཀོར་དུ་མནབས་པ། གླང་ཆེན་གྱི་ཀོ ་རློན་གོ་ཟུར་མནབས་པ་ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། སྦྲུལ་རིགས་བཞིས་མདོ་བཞིར་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། དུར་ཁྲོད་ཀྱི་མེ་རི་སྨུག་ནག་གི་ནང་ན་བཞུགས་ཤིང་། ཡུམ་རལ་གཅིག ་མ་དང་འཁྲིལ་བའི་ཚུལ་དུ་བཞུགས་པ་གཅིག་ཏུ་གྱུར་ཏེ། བྲན་ཇོ་བོ་ལ་བཀའ་ནོད་པའི་ཚུལ་དུ་བཞུགས་ཤིང་། གདུག་པ་ཅན་གྱི་དྲེགས་པ་རྣམས་ཞབས་འོག་ཏུ་བརྫིས་ཏེ་གནས་པར་གྱུར་ཏོ།། དེ་ནས་ཁྲག་འཐུང ་ཆེན་པོས་ཁྲོས་པའི་ང་རྒྱལ་ཆེན་པོར་བྱིན་ཏེ་དབང་བསྐུར་བའི་ཕྱིར། ཧཱུཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཛྙཱ་ན་བཛྲ་ཞེས་བརྗོད་དེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ནི་གཡས་ཀྱི་དང་པོར་བྱིན། ཡེ་ཤེས་ལྔའི་རྡོ་རྗེ་རྩེ་ལྔ་པ་ནི་ཕྱག་གཡས ་ཀྱི་བར་མར་བྱིན། ཉོན་མོངས་པ་གཟིར་བའི་རི་རབ་ནི་གཡས་ཀྱི་ཐ་མར་བྱིན། ཐུགས་རྗེ་ཆགས་པའི་བྷནྡྷ་ནི་གཡོན་གྱི་དང་པོར་བྱིན་ཏེ་དབང་བསྐུར་རོ།། ཕྱོགས་བཅུའི་གདུག་པ་ཅན་བཏུལ་ནས་དེའི་ལག་ཆ་ཁ་ཊྭཱཾ ་ག་ཕྲོགས་ནས། གཡོན་གྱི་བར་མ་ན་དཔའ་རྟགས་སུ་བསྣམས་སོ།། དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་ཕྱོགས་སྐྱོང་བ་བསྒྲལ་བའི་ཆེད་དུ་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ ་རྗེ་ཕུར་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཐོན་ཏོ།། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཞེས་བརྗོད་པས་ཁྲག་འཐུང་ཁྲོ་བོ་ལས་ཀྱི་ཕུར་པ་དང་། རྡོ་རྗེ་ཁྲོ་བོ་ལས་ཀྱི་ཕུར་པ་དང་། རིན་ཆེན་ཁྲོ་བོ་ལས་ཀྱི་ཕུར་པ་དང་། པདྨ་ཁྲོ་བོ་ལས ་ཀྱི་ཕུར་པ་དང་། ལས་ཀྱི་ཁྲོ་བོ་ལས་ཀྱི་ཕུར་པ་དང་། རིགས་ལྔ་ལས་གྱུར་པའི་ལས་ཀྱི་ཕུར་པ་བཅུ་འཐོན་པར་གྱུར་ཏོ།། དེ་ཡང་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ། སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་དུ་སྣང་བ། ་དབུ་སྐྲ་ཁམ་པ་རལ་པ་ཟུར་གསུམ་པ་གྱེན་དུ་སྣང་བ། དབུ་ལ་རིགས་ལྔ་རྫོགས་པ། ཐུགས་ཀ་ན་ས་བོན་དང་ལྡན་པ་ཨེའི་གདན་ལ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྤྱན་སྔ་ན། བཀའ་ནོད་པའི་ཚུལ་དུ་བཞུགས ་སོ།། དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུཾ་ཛཿཞེས་བརྗོད་པས། བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་ཐང ་གཅིག་ཡུད་ཙམ་གྱིས་རང་དབང་མེད་པར་འདུས་པར་འགྱུར་རོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་སྲས་མཆོག་རྡོ་རྗེ་གཞོན་ནུ་ལ་འདི་སྐད་ཅེས་བསྐུལ་ལོ།། ཧཱུཾ་མཐིང་ནག་གྲུ་གསུམ་འབར་བའི ་དཀྱིལ་འཁོར་ནས།། བཛྲ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཐུགས་མཆོག་མཉམ་པའི་དབྱིངས་ནས་སྤྲུལ་པ་འགྱེད།། ཞེ་སྡང་བདུད་འདུལ་གཅེར་བུ་རལ་པ་ཅན།། ཞེ་སྡང་འདོད་ཆགས་ཅན་གྱི་སྙིང་ལ་ཐོབ།། ཧཱུཾ ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། བུདྡྷ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། སྐུ་མཆོག་མཉམ་པའི་དབྱིངས་ནས་སྤྲུལ་པ་འགྱེད།། མཐིང་ནག་གཅེར་བུ་མི་བཟད་རལ་པ་ཅན།། ངག་འཁྱལ་རྫུན་དུ ་སྨྲ་བའི་སྙིང་ལ་ཐོབ།། ཧཱུཾ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། རཏྣ་འདུས་པའི་སྲས་མཆོག་ཀི་ལ་ཡ།། ཡོན་ཏན་སྐུ་ལ་འོད་ཕུང་དབྱིངས་སུ་ཐིམ།། སྲོག་གཅོད་ལོག་པར་ལྟ་བའི་སྙིང་ལ་ཐོབ།། ཧཱུཾ ་ཐོང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། གསུང་མཆོག་བསྒྲགས་ནས་འགྲོ་བ་མ་ལུས་འདུལ། ཕྲ་མ་མ་བྱིན་ལེན་པའི་སྙིང་ལ་ཐོབ།། ཧཱུཾ་མཐིང་ནག་གྲུ་གསུམ ་འབར་བའི་དཀྱིལ་འཁོར་ནས།། ཀརྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཕྲིན་ལས་དྲག་པོས་ལོག་ལྷ་ཚར་གཅོད་པ།། ངག་རྩུབ་གནོད་སེམས་ཅན་གྱི་སྙིང་ལ་ཐོབ།། ཅེས་བསྐུལ་བས། སྲས་མཆོག་རྡོ་རྗེ་གཞོན་ནུའི ་ཕྱག་གཡོན་གྱི་མཐའ་མ་ལ། རྡོ་རྗེ་ཁྲོས་པ་ལས་ཀྱི་ཕུར་པ་དང་། བུདྡྷ་ཁྲོས་པ་ལས་ཀྱི་ཕུར་པ་དང་། རཏྣ་ཁྲོས་པ་ལས་ཀྱི་ཕུར་པ་དང་། པདྨ་ཁྲོས་པ་ལས་ཀྱི་ཕུར་པ་དང་། ཀརྨ་ཁྲོས་པ་ལས་ཀྱི་ཕུར་པ་རྣམས་ཀྱི་སྐེ ་ནས་བཟུང་ནས། སོ་སོའི་གནས་སུ་བཏབ་སྟེ་བསྒྲལ་ལོ།། དེ་ནས་ཁྲག་འཐུང་ཆེན་པོ་བཛྲ་ཀཱི་ལ་ཡས། འོད་རབ་ཏུ་འབར་ཞིང་ཟ་བྱེད་རྡོ་རྗེ་གཞོན་ནུར་བྱིན་གྱིས་བརླབ་པའི་ཕྱིར། བཛྲ་ཛ་ལ་རཾ། ཞེས་བརྗོད་པས།། ་མེ་དཔུང་དུད་ཁ་འབར་ཞིང་འཕྲོ་བའི་དབུས་ན་ལྷག་པར་ཡང་བཞུགས། ཕྱག་གཡོན་གྱི་དང་པོ་ན་བསྣམས་པའི་མེ་དེས་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེགས་ནས། ཕུང་པོ་ལྷག་མ་ཧ་ཧ་ཞེས་ཞལ་དུ་གསོལ ་ནས། ཕུང་པོ་ལྷག་མ་དང་བཅས་པ་གསོལ་བར་མཛད་དོ།། དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རྡོ་རྗེ་ཆོས་ཀྱི་ལྕེ་ལ་ཧཱུཾ་བཞག་སྟེ། རྡོ་རྗེ་རྒྱ་གྲམ་དུ་བྱིན་གྱིས་བརླབས་ནས། ་ལག་པར་ཡང་རྡོ་རྗེ་བྱིན་ཏེ། ལས་ཀྱི་ཧེ་རུ་ཀར་དབང་བསྐུར་རོ།། དེའི་ཚེ་ལས་ཀྱི་ཧེ་རུ་ཀ་ཡིས་བཅོམ་ལྡན་འདས་ལ་གསོལ་པ།། ཨེ་མ་ཧོ་ཁྲག་འཐུང་རྒྱལ་བའི་གཙོ།། གཉིས་སུ་མེད་ལས་ཐམས་ཅད་སྣང་།། སྲིད ་གསུམ་གཙོར་གྱུར་སེམས་ཅན་འདི།། ངན་སོང་གསུམ་དུ་སྐྱེ་ངེས་ལ།། འདི་ལྟའི་ཐུགས་རྗེ་དཔྱང་ཐག་ཅན།། འཁོར་བར་ཡང་ནས་ཡང་དུ་འཁོར།། འདི་ལྟའི་སེམས་ཅན་ཉོན་མོངས་ལ།། འདི་ལྟའི་རྫུ་འཕྲུལ་བསྟན ་པ་མཚར།། འདི་ལྟའི་ཆོ་འཕྲུལ་ངོ་མཚར་ཆེའོ།། དེ་ཡི་རྗེས་སུ་བསྒྲུབ་པ་ཡིས།། དཀྱིལ་འཁོར་དམ་པ་ཇི་ལྟར་བསྒོམས།། དྲེགས་པའི་མ་དང་བུ་མོ་དང་།། ཆུང་མ་དབང་དུ་མི་འཚལ་ལམ།། ཞེས ་གསོལ་པ་དང་། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྗེས་སུ་བསྒྲུབ་པའི་རྣལ་འབྱོར་པས།། དང་པོར་ཚངས་པའི་གནས་བཞི་བསྒོམས།། དེ་རྗེས་རིམ་པའི་ཏིང་འཛིན ་བསྐྱེད།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པར་ཤར།། སྲོག་གི་གོ་རུ་ཤར་བ་དང་།། སྙིང་གི་གོ་རུ་བསྒོམ་པར་བྱ།། སྙིང་རྗེས་བསྒྲལ་བའི་དམ་ཚིག ་ནི།། བསད་ཅིང་མནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེར་གཏམས་བྱས་ནས།། ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད ་སྐྲ་ཡི་དབྱིངས་སུ་བདག་བསྐྱེད་ཅིག། ཐབས་ཀྱི་སྐྲོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྐུས་ཕྲིན་ལས་རྫོགས་བྱའི་ཕྱིར།། དབང་དང་བྱིན་རླབས་འདིར་སྩོལ་ཅིག། དེ་རྗེས་ཕྱི ་ནང་གསང་གསུམ་དབང་།། བྱིན་རླབས་བདག་ལ་སྩལ་ནས་ནི།། དེ་ཉིད་དུ་ནི་མི་སྣང་གྱུར།། དེ་ནས་སྲས་མཆོག་ཡབ་ཡུམ་གྱིས།། གཉིས་མེད་བྱང་ཆུབ་སེམས་ལས་ནི།། འབྱུང་བའི་གསང་སྔགས་འདི་ཡིན་ནོ།། ཧཱུཾ ་ཀ་ར་དང་རྣམ་པར་རྒྱལ།། དབྱུག་སྔོན་གཤིན་རྗེའི་གཤེད་པོ་དང་།། མི་གཡོ་རྟ་མགྲིན་རྒྱལ་པོ་དང་།། གཞན་གྱིས་མི་ཐུབ་བདུད་རྩི་འཁྱིལ།། ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ།། རང་རང་སྐུ་ཡི་དབྱིངས་སུ ་འཐོན།། སྒྲ་འབྱིན་སྙེམས་མ་སྡེར་མོ་དང་།། དུར་ཁྲོད་གཏུན་ཁུང་གཏུམ་མོ་དང་།། མདའ་སྙེམས་མ་དང་རླུང་འབྱིན་མ།། གསོད་མ་བསྐྱོད་མ་རྣམ་ཀྱིས་ནི།། ཁྲོ་བོའི་སྐུ་ལ་རབ་འཁྲིལ་འཐོན།། དབུ་གསུམ་ཕྱག་དྲུག ་ཞབས་བཞིར་བགྲད།། དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན།། གདུག་པའི་ལག་ཆ་སྣ་ཚོགས་བསྣམས།། གཤོག་པ་རྡོ་རྗེ་འབར་བས་གཏམས།། སྐུ་སྟོད་རྡོ་རྗེའི་གོ་ཆ་དང་།། ཞིང་དང་གླང་ཆེན་ཀོ་རློན ་མནཔས།། སྐུ་སྨད་སྟག་སྦགས་ཤམ་ཐབས་ཅན།། བྲང་གིས་འགྲོ་བ་ཆེན་པོས་བརྒྱན།། དེ་དག་ཡབ་ཡུམ་རོལ་པ་ལས།། བྱང་ཆུབ་སེམས་ལས་བྱུང་བའི་འཁོར།། ཕག་དང་སྨྲིག་བུ་སྟག་དང་ནི།། བྱ་རྒོད་གཡག་དང ་བྱ་རོག་དང་།། ཤ་བ་འུག་པ་གཟིག་དང་ཁྭ།། བྱི་ལ་པུ་ཤུད་སྦྱང་ཀི་ཁྱི།། ཁྲ་དང་སེང་གེ་ཕ་ཝང་དང་།། དོམ་དང་སྲེ་མོ་དྲེད་དང་ནི།། བྱི་བའི་མགོ་ཅན་ལ་སོགས་པའི།། སྤྲུལ་པའི་ཚོགས་དང་བཅས་པ་ཡིས།། སྲིད ་པའི་རླུང་ཡང་མི་འཆོར་གཏམས།། དེ་ནས་ཡང་ཁྲོ་བོ་རྣམས་ཀྱིས་གདན་རྣམས་དབྱུང་བར་བྱ་བའི་ཕྱིར། སྲས་མཆོག་རྡོ་རྗེ་གཞོན་ནུས། ཕྱག་གི་དྲེགས་པ་རྣམས་ཀྱིས་བྲང་ལ་བསྣོལ་ཏེ་བཙིར་བས། ཕུང་པོའི་ཚོགས ་མི་གཙང་བའི་རྒྱ་མཚོའི་ནང་ན། དྲན་པ་མེད་པར་གནས་པ་ལས། བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀ་ནས་ཁྲོ་བོ་སྨེ་བ ་བརྩེགས་པ་བཏོན་ནས་མི་གཙང་བའི་རྒྱ་མཚོ་རྔུབས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་འོད་ཟེར་ལུས་ལ་བསྟིམས་པས། སླར་དྲན་པ་རྙེད་ནས་བདེན་པ་མཐོང་ངོ་།། དེའི་ཚེ་དཔལ་ཆེན་པོའི་འབངས་སུ ་མནའ་བོར་ཏེ་ལུས་ཁྲོ་བོ་རྣམས་ཀྱི་གདན་ཁྲི་རུ་ཕུལ་ཏེ། གྲུབ་པ་ལང་ཀར་ཁས་འཆེས་ཤིང་ཕྱི་རབས་ཀྱི་རྣལ་འབྱོར་པའི་ཚོགས་བསྐྱང་བར་དམ་བཅས་སོ།། དེའི་ཚེ་ཕྱོགས་སྐྱོང་བ་རྣམས། ཁྲོ་བོ་རྣམས་ཀྱིས་ཞབས ་འོག་ཏུ་བཞག་གོ། དེ་ནས་ཡང་དཔལ་ཆེན་པོ་བཛྲ་ཀཱི་ལ་ཡས། སྲིན་མོའི་ཚོགས་གདུལ་བའི་ཕྱིར། གསང་བ་རོལ་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། ཧཱུཾ་ཧཱུཾ་ཧཱུཾ་ཨེ་ཨཱ་ར་ལི་རུ་ལུ་རུ་ལུ་ཧཱུཾ་ཛཿ། ཞེས་བརྗོད ་པས། དྲེགས་པ་ཆེན་པོའི་མ་དང་བུ་མོ་དང་། ཆུང་མའི་ཚོགས་ཀྱི་གཙོ་མོ་ཉི་ཤུ་རྩ་བརྒྱད་འཁོར་གྲངས་མེད་པ་དང་བཅས་ནས། བཛྲ་ཀཱི་ལ་ཡའི་ཐད་དུ་ཡུད་ཙམ་གྱིས་འདུས་སོ།། འདུས་ནས་ཀྱང་མཁའ་གཅིག་ཏུ ་བཅུག་སྟེ།། སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧ་ཧ་ཞེས་བརྗོད་པས། གོ་རཱི་མ་དང་། ཙཽ་རཱི་མ་དང་། པྲ་མོ་ཧཱ་དང་། བེ་ཏཱ་ལཱི་དང་། པུཀྐ་སཱི་དང་། གྷསྨ་རཱི་དང་། སྨ་ཤ་ནཱི་དང་། ཙཎྜ་ལཱི་ལ་སོགས་པ་རེ ་རེ་ལ་ཡང་འཁོར་གྲངས་མེད་པ་དང་བཅས་ནས། རང་རང་གི་སྟན་དང་ལག་ཆ་གདུག་པ་དང་བཅས་ཏེ། འབར་བའི་དཀྱིལ་འཁོར་གྱི་ཁྱམས་ལ་འཁོད་དོ།། དེ་ནས་ཡང་ཧེ་ཧེ་ཞེས་བརྗོད་པས། སིདྡྷ་མ་དང་། བྱ་གྷྲི་མ ་དང་། སྲྀ་གལ་མ་དང་། ཤྲ་ན་མ་དང་། གྲྀ་ཌྷ་མ་དང་། ཀངྐ་མ་དང་། ཀ་ཀ་མ་དང་། ཨུ་ལཱ་མ་ལ་སོགས་ཏེ་དེ་དག་རེ་རེ་ལ་ཡང་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་ནས། རང་རང་གི་སྟན་དང་ལག་ཆར་བཅས ་ཏེ། དཀྱིལ་འཁོར་གྱི་མེ་རིའི་ཁྱམས་ལ་འཁོད་དོ།། དེ་ནས་ཡར་ཕཊ་ཅེས་བརྗོད་པས།། ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་དང་། དེ་དག་རེ་རེ་ལ་ཡང་འཁོར་གྲངས་མེད་པས ་བསྐོར་ཏེ། མེའི་ཁྱམས་ཀྱི་སྒོའི་ཐད་དུ་འཁོད་དོ།། དེ་ནས་སྲིན་མོ་རྣམས་ལ་ཕཊ་ཅེས་བརྗོད་པས། རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་བཀྱེའོ།། དེ་ནས་ཡང་དཔལ་ཁྲག་འཐུང་ཆེན་པོ་བཛྲ་ཀཱི་ལ་ཡས།། ་གསང་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་དཀྱིལ་འཁོར་རྣམས་ཡོངས་སུ་རྫོགས་པར་བསྟན་ནས། ཨེ་ཨཱ་ར་ལི་རུ་ལུ་ཧོ་ཛཿ། ཞེས་བརྗོད་པས་དྲེགས་པ་མ་དང་བུ་མོའི ་ཚོགས་རྣམས་འཁོར་གྲངས་མེད་པ་དང་བཅས་ནས། རང་རང་གི་ལག་ཆ་གདུག་པ་སྟན་དུ་ཆས་ཏེ། ཅི་བགྱི་ཟེར་ཞིང་ཐད་དུ་འདུས་པ་ལ་དམ་ཚིག་ཕོག་ཅིང་ལས་ཀྱི་དབང་བསྐུར་ཏེ། གཞལ་ཡས་ཁང་གི་ཕྱི ་རོལ་དུ་བཞག་གོ། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་གདུག་པ་ཅན་བཏུལ་བའི་ལེའུ་སྟེ་བདུན ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་དགྱེས་པ་ཆེ།། འདི་བསྒྲུབ་འཚལ་བའི་རྣལ་འབྱོར་པས།། གནས་ནི་གང་དང་གང་དུ་བགྱི།། སྐུ ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི།། བྲེ་བྲག་རྣམས་ནི་ཇི་ལྟར་ལགས།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀཱི་ལ་ཡས།། ཀརྨ་ཧེ་རུ་ཀ་ཡི་ཚིག་གསན་ནས།། གནས་ཀྱི་ཁྱད་པར་འདི་གསུངས་སོ།། ཕུར་པ་བསྒྲུབ ་པའི་གནས་རྣམས་ནི།། དུར་ཁྲོད་གནས་དང་ཤིང་གཅིག་དྲུང་།། རྒྱ་གྲམ་ལམ་དུ་བྱ་བ་དང་།། ངམ་གྲོག་གནས་དང་ཁང་སྟོང་དུ།། རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བྱ།། ལས་ལ་ཕན་འདོགས་ཡོད་པ་དང་།། གྲིམས ་འབྱིན་ཤུགས་ཀྱིས་ཏིང་འཛིན་གསལ།། དེ་ལ་ཐབས་དང་རྟགས་མེད་ན།། བདག་གི་གཟུགས་ཕུང་བརླག་པ་དང་།། ཚེ་དང་དགེ་བའི་བར་ཆད་འོང་།། ནགས་ཚལ་ཆེན་པོ་ག་ན་བར།། དེར་ནི་ལེགས་པར་དཔྱད་པ ་ཡི།། ཀླུ་ཡི་གནས་དང་འབྱུང་པོའི་སྲང་།། ས་ཡི་བགེགས་དང་འབྱུང་བའི་ས།། ཚ་སྒོ་དམྱལ་བའི་ཆུ་མེད་པར།། ལས་ཀྱི་བྱ་བ་གཞུང་བརྩམས་ནས།། བཀྲ་ཤིས་དོན་གྱི་གནས་ཡིན་པས།། བསྒྲུབ་ཡུན་རིང་བས་ཞི ་རྒྱས་འགྲུབ།། མེ་ཏོག་གླིང་དང་རིན་ཆེན་རི།། དཔག་བསམ་ཤིང་དང་སྐད་སྙན་བྱ།། འབྲུ་སྣ་ཚོགས་དང་གནམ་ས་ལེགས།། དབྱིབས་ལེགས་ལུང་པ་རན་པ་ནི།། བཀྲ་ཤིས་གནས་སུ་དབང་དགུག་འགྲུབ།། གནས ་ཀྱི་དམ་པ་ཡིན་པར་བཤད།། དྲག་པོའི་ལས་སུ་བྱ་བ་དང་།། དང་པོར་ཕུར་པ་བསྒྲུབ་པའི་གནས།། གནས་རི་ཚེར་མ་ཅན་གྱི་ཤིང་།། གཅན་གཟན་གདུག་པ་སྣ་ཚོགས་ཡོད།། གནམ་ནི་གྲི་མདའ་རལ་གྲིའི་ཤུལ།། ས ་ནི་གྲུ་གསུམ་མེ་དཔུང་འདྲ།། ལོགས་ལ་དུར་ཁྲོད་གནས་ཡོད་པ། མཁས་པས་བརྟགས་ཏེ་བཙལ་བྱས་ནས།། འདི་ནི་ཕུར་པ་བསྒྲུབ་གནས་ཡིན།། ཚེར་མ་ཅན་གྱི་ཤིང་རྣམས་དང་།། དུག་ཤིང་གདུག་པ་ཡོད་པ ་དང་།། བྲག་ལ་རང་རོད་ཡོད་པ་དང་།། གྲོག་པོ་ངན་པ་གཏིང་ཟབ་དང་།། སྟག་གི་སོ་འདྲ་སྦྲུལ་གྱི་ལྕེ།། སྡིག་པའི་རྭ་འདྲ་ཆུ་སྲིན་ཁ།། བན་གླང་སྣ་འཐབ་བྲག་ཆུའི་བར།། རྐང་གཅིག་ཤིང་དང་མ་རུངས་པ།། འདི་ནི ་སྲས་མཆོག་བསྒྲུབ་གནས་ཡིན།། བསད་པའི་གནས་སུ་བསྟན་པ་ནི།། སྔོན་ཆད་ལྷ་མི་ཕུངས་དང་།། གཡུལ་བཀྱེ་བ་དང་མཚོན་དུ་མ་དང་།། བསད་བཅད་ས་དང་མ་རུངས་འདུས།། སྲིན་པོ་བསྒྲལ་བའི་བཅས་གཞི ་དང་།། སྲོག་ཆགས་བསད་པའི་ཁྲག་རྗེས་དང་།། གཡུལ་ངོ་བགོས་པའི་ས་མཁར་གླིང་།། མང་པོ་བསད་ཅིང་ཕུང་བའི་ས།། བྲག་ནི་སྲིན་པོ་རུས་པ་འདྲ།། རི་ནི་ཐལ་ཕུང་བསྙིལ་བ་འདྲ།། ལུང་པ་མེ་ཡིས་བསྲེག་འདྲ ་བ།། རྩི་ཤིང་ཀེང་ཐོད་གཟིངས་འདྲ་བ།། སྒང་གཤོངས་མི་རོ་སྦས་པ་འདྲ།། འདི་ནི་ཕུར་པ་འདེབས་པའི་གནས།། སེམས་ལ་ཆོས་ཉིད་མི་གསལ་ཞིང་།། ཉམས་དང་ཏིང་འཛིན་གཡེལ་བ་ནི།། གནས ་འདི་དག་ཏུ་བྱ་བ་མིན།། རྣལ་འབྱོར་ཉམས་མེད་དེ་བརླག་འགྱུར།། དེ་བས་གཞུང་དང་མཐུན་པ་ཡི།། བཀྲ་ཤིས་པ་ཡི་གནས་དག་ཏུ།། ཡུན་རིང་བསྲིངས་ན་གདོན་ཏོ་མེད།། དམ་ཚིག་མ་ཉམས་ངེས་ཐུབ་དང ་ཏིང་འཛིན་བརྟན་པའི་བློ་ཅན་གྱིས།། གནས་ནི་དེ་དང་དེ་དག་ཏུ།། ཆོ་གའི་ལས་འདི་བརྩམ་བྱས་ན།། ངེས་པར་འགྲུབ་པ་གདོན་མི་ཟ།། དེ་ལྟ་བུ་ཡི་ས་རྙེད་ནས།། སྣང་དང་མི་སྣང་བདག་པོ་ལ།། རིན་དང ་བདེན་པས་བཀྲོལ་ལ་བསླང་།། དེ་ནས་བྱིན་བརླབ་མཚམས་ཀྱང་གཅད།། མ་རུངས་ཡོད་ན་གཏོར་མ་བྱིན།། དེ་ནས་ཞག་གྲངས་འདི་ཙམ་མམ།། དྲག་པོའི་ལས་འདི་མ་གྲུབ་པར།། གནས་འདི་རྣལ་འབྱོར་བདག ་གཡར་བས།། གཏོར་མ་སྦྱིན་པ་འདི་ལོངས་ལ།། མ་གྲུབ་པར་དུ་གཞན་དུ་དེངས།། དེ་སྐད་བྱས་ལ་གཏོར་མ་སྦྱིན།། བསྒོ་བའི་ལས་རྣམས་གཉེར་ཡང་གཏད།། དེ་ནས་སྟེགས་བུ་གཞུང་བཞིན་བརྩིག། དམ་རྫས ་ཆག་ཆག་གཞུང་བཞིན་བཏབ།། ཁ་དོག་ཚོན་རྣམས་བཀྱེ་བྱས་ནས།། དབུས་ཀྱི་ལྟེ་བའི་ཟླུམ་པོ་ལ།། ཐིག་བཞི་གདབས་པའི་ལིང་ཚེ་བརྒྱད།། དབུས་སུ་དྲག་པོ་གྲུ་གསུམ་བྲི།། མཐའ་མར་ཚོན་གྱི་འཁོར་ལོ ་བརྒྱད།། གྲུ་ཆད་བཞིས་ནི་རབ་ཏུ་བརྒྱན།། སྒོ་བཞི་སྒོ་ཁྱུད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། དབུས་སུ་དྲེགས་པའི་གདན་དག་དང་།། ཕྱོགས་སྐྱོང་གདན་དང་པདྨར་ལྡན།། ཉི་ཟླ་བཞི ་རྣམས་གསལ་བྱས་ནས།། དང་པོ་སྔགས་ཀྱི་བདག་པོར་བསྐྱེད།། དེ་བཞིན་བརྒྱ་དང་བརྒྱད་དུ་བརྒྱད་དང་བརྒྱད་ཀྱང་འདུག་བསྟན།། བཞི་པོ་དག་ཏུ་གང་བསྟན་དང་།། ཉི་ཤུ་རྩ་བརྒྱད་ལ་སོགས་པ།། མཁས་པས ་གཞུང་བཞིན་དགོད་པར་བྱ།། ཤར་གྱི་འཁོར་ལོའི་རྩིབས་དག་ལ།། དྲི་ཟ་བསྣོལ་བའི་གདན་སྟེང་དུ།། རྣམ་རྒྱལ་ཡབ་ཡུམ་བདག་པོ་བསྐྱེད།། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ལ།། གཤིན་རྗེ་བསྣོལ་བའི་གདན ་སྟེང་དུ།། གཤིན་རྗེ་གཤེད་པོ་ཡབ་ཡུམ་བསྐྱེད།། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཆུ་བདག་བསྣོལ་བའི་གདན་སྟེང་ན།། རྟ་མགྲིན་རྒྱལ་པོ་ཡབ་ཡུམ་བསྐྱེད།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང ་ལ།། གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ།། བདུད་རྩི་འཁྱིལ་བ་ཡབ་ཡུམ་བསྐྱེད།། ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ལ།། མེ་ལྷ་བསྣོལ་བའི་གདན་སྟེང་དུ།། དབྱུག་པ་སྔོན་པོ་ཡབ་ཡུམ་སྐྱེད།། ལྷོ་ནུབ་འཁོར་ལོའི ་རྩིབས་སྟེང་ལ།། བདེན་བྲལ་བསྣོལ་བའི་གདན་སྟེང་དུ།། མི་གཡོ་མགོན་པོ་ཡབ་ཡུམ་བསྐྱེད།། ནུབ་བྱང་འཁོར་ལོའི་རྩིབས་སྟེང་ལ།། རླུང་ལྷ་བསྣོལ་བའི་གདན་སྟེང་དུ།། གཞན་གྱིས་མི་ཐུབ་ཡབ་ཡུམ ་བསྐྱེད།། བྱང་ཤར་འཁོར་ལོའི་རྩིབས་སྟེང་ལ།། དབང་ལྡན་བསྣོལ་བའི་གདན་སྟེང་དུ།། ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་བསྐྱེད།། མདུན་དུ་གཟའ་སྐར་གདན་ལ་ནི།། ཧཱུཾ་ཆེན་ཡབ་ཡུམ་བསྐྱེད་པར ་བྱ།། རྒྱབ་ཏུ་ས་བདག་གདན་ལ་ནི།། སྟོབས་ཆེན་ཡབ་ཡུམ་བསྐྱེད་པར་བྱ།། གྲུ་ཆད་བཞི་ལ་དགོད་པ་ནི།། བྷནྡྷ་བདུད་རྩིའི་བཀང་བ་བཞི།། གཉིས་མེད་བདུད་རྩིའི་མཆོད་ཕྱིར་དགོད།། ཤར་སྒོར་ཉི་མའི་གདན་ལ ་ནི།། པུ་ཤུད་མགོ་ཅན་བསྐྱེད་པར་བྱ།། ལྷོ་སྒོར་ཉི་མའི་གདན་ལ་ནི།། སྐྱེ་ཀའི་མགོ་ཅན་བསྐྱེད་པར་བྱ།། ནུབ་སྒོར་ཉི་མའི་གདན་ལ་ནི།། སྲིན་བྱའི་མགོ་ཅན་བསྐྱེད་པར་བྱ།། བྱང་སྒོར་ཉི་མའི་གདན་ལ་ནི།། ཁྲ་ཡི ་མགོ་ཅན་བསྐྱེད་པར་བྱ།། ལས་ཀྱི་ལྷ་རྣམས་རིམ་བཞིན་དགོད།། རྫས་སུ་དགོད་པར་བྱ་བ་ནི།། བྷནྡ་བུ་ག་གཅིག་ནང་དུ།། དབང་པོ་ལྔ་རྣམས་བླུགས་པ་ནི།། བདག་པོ་ཡབ་ཡུམ་མཚན་མར་བཞག། ཡན་ལག ་བཞི་ཡི་ནི་སག་བཅུ།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱི་རྫས།། ཡན་ལག་བཞི་ཡི་མཚན་མ་ནི།། སྒོ་བ་རྣམས་ཀྱི་མཚན་མར་བཞག། ཐོད་པ་དུམ་བུ་བཅུ་དྲུག་ནི།། ལྷ་མོ་བཅུ་དྲུག་མཚན་མར་དགོད།། སོ་དང་འབར ་འབུར་ཐམས་ཅད་ཀུན།། ཕོ་ཉ་རྣམས་ཀྱི་རྫས་སུ་དགོད།། སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ནི།། ཅི་བགྱི་ཚོགས་ཀྱི་མཚན་མར་དགོད།། སོ་སོའི་གསུང་གི་ཡིག་འབྲུ་རྣམས།། རང་རང་སོ་སོའི་མཚན་མ་ལ།། ཡབ་ཡུམ ་བྱང་ཆུབ་སེམས་དེ་ཡིས།། དུར་ཁྲོད་སྐྱུག་གུས་བྲི་བར་བྱ།། ཐོད་པ་དུམ་བུ་དགུ་ནང་དུ།། ཏིལ་ཆེན་མར་ཁུ་ཁ་གུར་གདགས།། དེ་རྗེས་ཤ་ཆེན་ཐང་མར་བརྡལ།། རཀྟ་ཆེན་པོ་རྒྱ་མཚོར་བསྐྱིལ།། ཀེང་རུས་ཚོགས་ནི ་རི་ལྟར་སྦྲང་།། གསུར་ཆེན་དུད་པ་རྒྱུན་མི་འཆད།། ཕྱོགས་བཞི་མཚམས་བཞི་བརྒྱད་དག་ཏུ།། སྟག་དང་ཆུ་སྲིན་ཆུ་ཀེང་དང་།། ཞིང་གི་རྒྱལ་མཚན་བརྒྱད་རྣམས་གཟུག། ཞིང་ལྤགས་གཡང་གཞི་སྤྲིན་ལྟར ་གཏིབས།། ཞིང་ཕྲན་མང་པོའི་འཕན་དུ་བཀྲམ།། དེ་ལྟར་གསལ་བའི་དཀྱིལ་འཁོར་ནི།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ།། ཞེ་སྡང་འཇོམས་པའི་ཕུར་པའོ།། སྐུ་ཡི་དཀྱིལ་འཁོར་དམ་པ་ནི།། ཆོས་ཀྱི་འཁོར་ལོ ་འདྲ་བ་ལ།། གྲུ་གསུམ་མེ་འོད་འབར་བ་བྲི།། གཞན་རྣམས་གོང་དང་མཐུན་པར་དགོད།། དབུས་སུ་དྲེགས་པའི་གདན་ལ་ནི།། རྣམ་པར་རྒྱལ་བ་ཡབ་ཡུམ་བསྒོམ།། སྤྱན་སྔར་སྔགས་ཀྱི་བདག་པོའོ།། དེ་ལྟར་གསལ ་བར་བལྟས་པ་ནི།། སྐུ་ཡི་དཀྱིལ་འཁོར་དམ་པ་སྟེ།། གཏི་མུག་འཇོམས་པའི་ཕུར་པའོ།། གསུང་གི་དཀྱིལ་འཁོར་དམ་པ་ནི།། ཆགས་པའི་འཁོར་ལོ་རྩིབས་བརྒྱད་བྲི།། གྲུ་གསུམ་མེ་འོད་འབར་བ ་དགོད།། དབུས་སུ་དྲེགས་པའི་གདན་ལ་ནི།། རྟ་མཆོག་རོལ་པ་ཡབ་ཡུམ་བསྒོམ།། རྒྱབ་ཏུ་སྔགས་ཀྱི་བདག་པོ་ནི།། གསུང་གི་དཀྱིལ་འཁོར་དམ་པ་སྟེ།། འདོད་ཆགས་འཇོམས་པའི་ཕུར་པའོ།། ཡོན་ཏན་དཀྱིལ ་འཁོར་དམ་པ་ནི།། རིན་ཆེན་མྱུ་གུ་བརྒྱད་དུ་བྲི།། གྲུ་གསུམ་མེ་འོད་འབར་བར་དགོད།། དབུས་སུ་དྲེགས་པའི་གདན་ལ་ནི།། གཤིན་རྗེའི་གཤེད་པོ་ཡབ་ཡུམ་བསྐྱེད།། གཡས་སུ་སྔགས་ཀྱི་བདག ་པོའོ།། ཡོན་ཏན་དཀྱིལ་འཁོར་དམ་པ་ནི།། ང་རྒྱལ་འཇོམས་པའི་ཕུར་བུ་སྟེ།། ཐུགས་ཀྱི་དཀྱིལ་འཁོར་རིགས་ཞེས་བྱ།། ལས་ཀྱི་དཀྱིལ་འཁོར་དམ་པ་ནི།། དང་པོ་ཚད་མེད་སྙིང་རྗེ་བསྐྱེད།། བྱང་ཆུབ་སེམས་ལ ་དགའ་བ་ནི།། སྔོན་དུ་འགྲོ་བའི་ལམ་མཆོག་ཡིན།། སྒྲུབ་པ་པོས་ནི་ནན་ཏན་བྱ།། ཁྲག་འཐུང་ཐུགས་ལ་གནས་པ་ནི།། ཡེ་ཤེས་རྩེ་མོ་མཆོག་ཡིན་ཏེ།། ཧཱུཾ་གསུམ་ལས་ནི་འདས་པའི་ཕྱིར།། རྩེ་མོ་མེད་པའི་ལས་སུ ་བསྟན།། འདི་ནི་གཟུག་དང་བྱིན་རློབ་དང་།། བཟླས་བརྗོད་དང་ནི་ཕྲིན་ལས་དང་།། དུས་དང་གནས་དང་བདག་ཉིད་དང་།། ཕུན་སུམ་ཚོགས་པ་བདུན་པོ་ཡིས།། ལས་གང་སྒྲུབ་པ་འགྲུབ་པར་བྱེད།། དཀྱིལ་འཁོར ་རྩིབས་བཞི་མུ་ཁྱུད་བཅས།། གྲུ་ཆད་བཞི་ཡིས་བརྒྱན་པའི་གནས།། དབུས་སུ་དྲེགས་པའི་གདན་ལ་ནི།། བྱང་ཆུབ་ལྔ་ལས་བཞེངས་པ་ཡི།། ལས་ཀྱི་ཧེ་རུ་བསྒོམ་པར་བྱ།། ཤར་ཕྱོགས་འཁོར་ལོའི་རྩིབས་ལ་ནི།། དྲི ་ཟ་བསྣོལ་བའི་གདན་དག་ལ།། བྱང་ཆུབ་ལྔ་ལས་མངོན་རྫོགས་པའི།། རྣམ་པར་རྒྱལ་བ་ཡབ་ཡུམ་བསྒོམ།། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ལ།། གཤིན་རྗེ་བསྣོལ་བའི་གདན་སྟེང་དུ།། བྱང་ཆུབ་ལྔ་ལས་མངོན ་རྫོགས་པའི།། གཤིན་རྗེ་གཤེད་པོ་ཡབ་ཡུམ་བསྒོམ།། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ལ།། ཀླུ་གདུག་བསྣོལ་བའི་གདན་སྟེང་དུ།། བྱང་ཆུབ་ལྔ་ལས་མངོན་རྫོགས་པའི།། རྟ་མགྲིན་རྒྱལ་པོ་ཡབ་ཡུམ ་བསྒོམ།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ།། བྱང་ཆུབ་ལྔ་ལས་མངོན་རྫོགས་པའི།། སྟོབས་ཆེན་ཡབ་ཡུམ་བསྒོམ་པར་བྱ།། སྒོ་མ་ཡན་ཆད་གཞན་བཞིན་གསལ།། ཧཱུཾ ་བསྒྲིལ་ལྔ་དང་ཉི་ཟླ་དང་།། ཕྱག་མཚན་འོད་དང་བཅས་པ་ལྔ།། སོ་སོར་རྟོག་པ་མེ་ལོང་དང་།། མཉམ་ཉིད་ཡེ་ཤེས་ཆོས་དབྱིངས་དང་།། བྱ་བ་ནན་ཏན་ཡེ་ཤེས་ལྔ།། ཡོངས་སུ་རྫོགས་པའི་སྐུ་རུ་བརྟག། ལས་ཀྱི ་དཀྱིལ་འཁོར་དམ་པ་ཡི།། ཐུགས་ཀྱི་རིགས་ལས་བྱུང་ཞེས་བྱའོ།། དཀྱིལ་འཁོར་དེ་ཡིས་ཕྲག་དོག་འཇོམས།། ལས་ཀྱི་ཕུར་པ་ཡིན་ཞེས་གསུངས།། དཀྱིལ་འཁོར་དེ་དག་ཉིད་ལའང་།། བྱེ་བྲག་ཏུ་ནི་གསུངས ་པའོ།། རྣལ་འབྱོར་བློ་ལྡན་དམ་པ་ཡིས།། རྡོ་རྗེའི་གཡབ་མོས་གཡབ་ནས་ནི།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད།། གཉིས་སུ་མེད་པར་བསྟིམ་བྱས་ནས།། བདག་ཉིད་ལྷུན་གྲུབ་དཀྱིལ་འཁོར་ལ།། ཕྱི ་ནང་གསང་བའི་མཆོད་པ་བརྩམ།། བདག་ཉིད་ཐུགས་ཀྱི་འོད་ཟེར་ལས།། ལྷ་མོ་མང་པོ་ཐོན་ནས་ནི།། ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཆོད།། ཕྱོགས་བཅུའི་རྒྱལ་བའི་ཐུགས་ཀ་ནས།། ལྷ་མོ་མང་པོ་སླར་འཐོན ་ནས།། བདག་ལ་མཆོད་པ་དཔྲལ་བར་བརྟག། དེ་རྗེས་བསྟོད་པ་བྱེད་པར་བསམ།། སྣ་བསྐལ་པ་མེ་ལྟར་འབར་བ་ཡིས།། འོད་ཟེར་འཕྲོ་འདྲའི་ཀློང་དཀྱིལ་ན།། ཁྲོ་བོ་ཁྲོ་མོ་རྣམ་བཞུགས་པ།། སྨན ་ཅིར་ཡང་འགྱུར་བའི་གཟུགས།། ཧཱུཾ་དབུ་སྐྲ་ཁམ་ནག་རལ་པ་ཅན།། གྱེན་དུ་འཁྱིལ་ཅིང་སྲིད་རྩེར་འབར།། མི་མཉམ་ཁྲོ་གཉེར་སྡང་མིག་ནི།། ལོག་པར་ལྟ་བ་འདུལ་བའི་སྤྱན།། ཧཱུཾ་མཆེ་བ་ཟང་ཡག་གཙིགས་པ ་ནི།། སྐྱེ་ཤིའི་རྩ་བ་གཅོད་པའི་ཚུལ།། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས།། ཕྱག་རྒྱ་སྣ་ཚོགས་ཅིང་ཡང་སྣང་།། ཧཱུཾ་ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་གཏིབས།། བྱམས་པའི་འོད་ཟེར་གློག་བཞིན་འགྱུ།། རྔམས་པའི ་སྒྲ་སྐད་འབྲུག་ལྟར་སྒྲོགས།། སྤྲུལ་པའི་ཐོག་ཐོག་ཆར་བཞིན་འབེབས།། ཧཱུཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི།། ཀླན་ཀ་ཆེན་པོ་བདུད་ལ་ཚོལ།། ཀྱལ་ཀ་ཆེན་པོ་བགེགས་ལ་ཚོལ།། ཡལ་གམ་ཅན་ལ་དངོས་གྲུབ ་སྩོལ།། ཧཱུཾ་ཐུགས་རྗེ་ཆེན་པོའི་བྱིན་རླབས་གྱིས།། བདག་ལ་བྱིན་གྱིས་བརླབ་མཛད་ཅིང་།། བདག་གི་ལྷག་པའི་བསམ་པ་རྣམས།། འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ཧཱུཾ་འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ ་ཆེ།། སེམས་ལ་བརྗོད་མེད་སྐུ་མི་མངའ།། སྒྲ་ལས་འདས་པའི་སྦྱོར་བ་སྟེ།། བསམ་དང་བྲལ་བའི་ཡེ་ཤེས་ལགས།། ཧཱུཾ་སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད།། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ ་བསྟོད།། ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་བསྟོད།། རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་དོ།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡ་ལ་འདི་སྐད་ཅེས་གསོལ ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་ཁྲག་འཐུང་བདག། གཉིས་མེད་ལས་བྱུང་ཁྲོ་རྒྱལ་གཙོ།། ལྷ་ལ་དབང་བསྐུར་མི་འཚལ་ལམ།། ཞེས་གསོལ་པ་དང་། ཁྲོ་བོའི་རྒྱལ་པོ་བཛྲ་ཀཱི་ལ་ཡས།། ཀརྨ་ཧེ་རུ་ཀ་ཡི་ཚིག་གསན ་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། གཉིས་མེད་ལས་བྱུང་ལྷ་མོ་བསྐུལ།། ཕྱོགས་བཅུའི་རྒྱལ་བ་སྤྱན་དྲངས་ལ།། མཆོད་བསྟོད་རིམ་པར་བྱས་ནས་ནི།། གསོལ་གདབ་དབང་སྦྱིན་ནོད་པར་བྱ།། བདག་ཉིད ་དབང་ནོད་རིམ་དབང་བརླབ།། བདག་ཉིད་ལས་བྱུང་ལྷ་མོ་ཡིས།། རབ་བསྐུལ་ལྷ་མོས་རིགས་དབང་བསྐུར།། འཁོར་དང་ལས་ཀྱི་དཀྱིལ་འཁོར་ལའོ།། ལས་ཀྱི་དཀྱིལ་འཁོར་འདི་ལྟ་སྟེ།། དགོན་པའི་གནས་སུ ་དེར་འདུག་ནས།། ཕྱི་མཚམས་རྒྱལ་པོས་བསྲུང་བར་བྱའོ།། དཀྱིལ་འཁོར་བརྒྱད་པའི་ལས་རྣམས་བྱ།། ཕུར་བུ་བཅུ་དང་མཚོན་དུ་བཅས།། མ་མོ་བསྙེན་པའི་དམར་དང་ཨེ།། གཅིག་ཤོས་འདུལ་བའི་དུག་རྣམས ་གསོག། རྣམ་གསུམ་བསྒོམ་པའི་རིམ་པ་བྱ།། སྙིང་པོས་སྐུ་བསྐྱེད་གཙོ་དབུས་བསམ།། ཧཱུཾ་ཆེན་འབར་བ་བཅུ་དང་སྟེང་འོག་འཁོར་ལོ་ལ།། གཏུམ་ཆེན་འབར་བ་བཅུ་ཡང་སྐུ་ཡི་གཡོན།། ཁྱམས་ལ་ཁྲ་ཐབས་སྒོ་ལ ་རལ་ཅན་བཞི།། སྐྲ་བསྐྱེད་དབང་བསྐུར་འོད་དང་ལྡན་པར་བྱ།། སྤྱན་དྲངས་མཆོད་པ་ལ་སོགས་གཞུང་བཞིན་བྱ།། བདུད་རྩིས་མཉེས་ཕྱིར་མཆོད་དང་བླང་།། རཀྟས་མཆོད་ཕྱིར་སྦྲེང་བར་བྱ།། བསྙེན ་འབུམ་གྲངས་ཀྱང་ཚང་བར་བྱའོ།། ཏིང་འཛིན་འོད་དང་སྐུ་ཡང་སྤྲོ།། བསྲེག་དང་རྡུལ་དུ་བརླག་པར་བསམ།། སྐུ་དང་ཁ་དང་སྙིང་གའོ།། ལྟེ་བར་བསམ་བྱ་སྙིང་པོ་བཟླས།། བདག་ཉིད་ཁྲོ་རྒྱལ་ཡིན་པའི་ཕྱིར།། སྐུ ་ལས་འོད་ཟེར་འབར་བ་འཁྲུགས།། ཐིམ་དང་དབང་ཕྱུག་སྟོབས་དང་ལྡན།། ཅིས་ཀྱང་མི་བསྐྱོད་དཔལ་དང་ལྡན།། སྐུ་ཡི་དབང་ཆེན་རྫོགས་པས་བཀའ་ལ་ཐམས་ཅད་ཉན།། ལྷ་སྲིན་སྡེ་བཅས་བཀའ་ཉན་ཐམས ་ཅད་བསྲུང་བར་བྱེད།། རིགས་ལྔ་འཁོར་དང་བཅས་པ་སྐུ་ཡི་སྙིང་པོ་ཉིད།། གསུང་གི་དབང་ཕྱུག་ཐམས་ཅད་དབང་དུ་སྡུད།། རིགས་ལྔ་འཁོར་དང་བཅས་པ་གསུང་གི་སྙིང་པོ་ཉིད།། འོད་དང་ཟེར་གྱིས་ཀླུ་རྣམས ་རབ་ཏུ་འདར།། ཐུགས་ཀྱི་རྡོ་རྗེས་དགྲ་བགེགས་ཐམས་ཅད་དང་།། གནོད་བྱེད་སྡང་བ་དབང་དུ་སྡུད་པར་བྱེད།། བསྡུ་དང་སྤོར་བྱེད་ཤུགས་དང་ལྡན་པའོ།། ཚོགས་ཕུལ་ཉམས་དང་ལྡན་ན་བསྒྲལ་ལས་བྱའོ།། ཕུར ་བཏབ་ཧོ་ཡིས་ཕྱུང་ནས་བསྟབ་གནན་བྱ།། དཀྱིལ་འཁོར་དབུས་སུ་བུམ་པ་བཞག་ནས་ནི།། སྤོས་ཆུས་བཀང་སྟེ་གཟུངས་ཐག་སྦྲེལ་བར་བྱའོ།། སྔགས་ཀྱིས་བསྟབ་སྟེ་ཚང་ན་བླུད་བཀྲུ་བྱ།། བདུག་པ་བྱས་ཏེ་དྲག་ཏུ ་བཟླས་བཀྲུ་བྱའོ།། གསོད་པའི་ལས་ཅན་གང་ཞིག་བྱེད་པ་ན།། ཁྱི་དང་ཕག་དང་དྲིལ་ཐོད་ནང་དུ་མནན།། སྤོས་དང་མཚལ་དུད་གུ་གུལ་ནག་པོས་བདུག། བསྲུང་བའི་ལས་ཅན་གང་ཞིག་བྱེད་པ་ན།། ཚྭ་དང་སྐྱེ་ཚེ ་སྐྱེ་འབྲུམ་རྣམས་སྔགས་ཏེ།། ཕུར་ཏེ་མཐོ་འམ་ཡང་ན་སྦ་བར་བྱ།། ཕུར་བུ་དབང་བསྐུར་འོས་པའི་ས་རུ་གདབ།། མོ་གཤམ་གང་ཞིག་བུ་ཕོ་འཕེལ་བྱེད་ན།། བུམ་པས་བཀྲུ་ཞིང་བདུག་པ་མང་དུ་བྱ།། ལྐོག་འབྲས ་སྦྲུལ་དང་ཕོལ་གྱིས་ཟིན་པ་ལ།། ཁ་རུ་བཟླས་ཤིང་དེ་ལ་གདབ་པར་བྱ།། འཛའ་གད་གདོན་གྱི་དབང་ཏུ་གྱུར་པ་ལ།། ཉུང་དཀར་སྔགས་ཤིང་སོལ་རྟགས་དུས་སུ་བླུག། གང་ཞིག་གདོན་གྱིས་སྒྲོ་འབོག་བྱེད་པ ་ལ།། མཚན་དང་ལྡན་པའི་མི་མོ་གཞོན་པ་ལ།། བྱིན་དང་ལྡན་པའི་མཆོག་གི་ཕུར་པ་དང་།། ཕུར་པས་གདབ་ཅིང་སྦྱོར་བ་དག་ཀྱང་བྱ།། ཕྱུགས་ལ་གདོན་ཞུགས་ནུ་ཞོ་བསྐམས་པ་ལ།། རེ་ལྕག་ཐར་ནུ་བསེ་ཞོ་ཅན ་དག་ལ།། གཟུགས་བྱས་ཕུར་པས་བཏབ་ན་ཐུབ་པར་ངེས།། གང་ཞིག་བདག་ལ་གནོད་དེ་ཡིད་འཁྲུགས་ན།། མོན་དང་རབས་ཆད་ཐོད་པར་ངེས་པར་མནན།། གདོན་ལ་ཏིང་འཛིན་གསལ་ཞིང་སྙིང་པོ ་བགྲང་།། ཀླུང་དུ་གྱུར་ན་ཕྱོགས་སུ་མི་བདེ་འབྱུང་།། ཉམས་སུ་ལོན་ན་རང་ལ་ཉམས་མི་འགྱུར།། ལས་སུ་རུང་ན་དོན་དུ་ཅི་ཡང་འགྲུབ།། ཏིང་འཛིན་མེད་ཅིང་རང་དབང་མེད་པ་དང་།། སྔགས་དང་ལུང་མེད་རང ་ཡན་སྙོམས་ཞུགས་པས།། ཡུན་དུ་བསྒྲུབས་ཀྱང་རྟགས་མེད་ཡལ་བར་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀི ་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་དྲག་པོའི་དཀྱིལ་འཁོར་རྣམ་པར་བཀོད་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོའི་ཡང་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་གསང་མཆོག་རོལ་པའི་བདག། སྲས་མཆོག་ཕུར་པའི་དཀྱིལ་འཁོར་གང་།། གསོད་པ་ལས་ཀྱི་དཀྱིལ་འཁོར་གང་།། ཞེས་གསོལ་པ་དང་།། ཀི་ལ་ཡ་ཡིས་བཀའ་སྩལ་པ།། སྲས ་མཆོག་ཕུར་པའི་དཀྱིལ་འཁོར་ནི།། ཡང་དག་ཉིད་དུ་ངས་བཤད་ཀྱིས།། ལུས་ངག་ཡིད་ཀྱིས་གུས་པར་ཉོན།། ལས་ལ་སྦྱོར་བའི་དུས་སུ་ནི།། གསང་བ་ཡུམ་གྱི་དཀྱིལ་འཁོར་ལ།། མེ་འོད་འབར་བས་བསྐོར་བ ་བྲིས།། རོལ་མོའི་རྒྱན་རྣམ་འཁྲིགས་པར་བརྟག། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ།། སྲས་མཆོག་ཉི་ཤུ་དགོད་པར་བྱ།། དབུས་སུ་ཉིད་ཀྱི་སྲས་མཆོག་སྟེ།། ཕོ་ཉའི་དཔུང་ཚོགས་མང་པོ་ཀུན།། ཤིན་ཏུ ་གསལ་ཞིང་འབར་བར་བརྟག། འདི་ནི་སྲས་མཆོག་དཀྱིལ་འཁོར་རོ།། དེ་ནས་གཞན་པའི་དཀྱིལ་འཁོར་ནི།། བདག་ཉིད་དཀྱིལ་འཁོར་དམ་པའོ།། ཕོ་བྲང་ལིང་ཚེ་དགུ་པ་ལ།། ཕྱོགས་བཞི་ལེའུ་ཚེ་དག་དང ་ནི།། མདུན་དང་གཡས་མཚན་གཡོན་མཚན་ལ།། སྲས་མཆོག་བདུན་པོ་དགོད་པར་བྱ།། འདི་ཡང་སྲས་མཆོག་དཀྱིལ་འཁོར་རོ།། གསོད་པ་ལས་ཀྱི་དཀྱིལ་འཁོར་ནི།། སྲས་མཆོག་ཕུར་པའི་དཀྱིལ་འཁོར ་གྱི།། དབང་ལྡན་ཕྱོགས་ཀྱི་གྲ་ལ་ཡང་།། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི།། ཧོམ་ཁུང་གྲུ་གསུམ་གདེངས་པ་ལ།། རྩེ་མོ་ལྷོ་ཡི་ཕྱོགས་སུ་བསྟན།། དུག་གི་ཆུ་ཡིས་ཆག་ཆག་གདབ།། རོ་བསྲེགས་སོལ་བས་ནག ་པོའི་བྱུག། བང་རིམ་གསུམ་དང་ལྡན་པར་བྱ།། ཧཱུཾ་དང་ཕཊ་ཀྱིས་འཁོར་བར་བྲི།། རྩང་ཐོད་མང་པོས་ཁ་བསྐོར་ལ།། ཐོ་བ་ལྕགས་ཀྱུ་འཁྲིགས་པར་དགོད།། དུས་ལ་བབ་པའི་སེམས་ཅན་གཟུགས།། ལས་ལ་བབ ་པའི་རྣལ་འབྱོར་པས།། དྲི་མ་དྲུག་ལ་སོགས་པ་ལ།། མཚན་མ་མིང་དུ་བཅས་པར་བྱའོ།། ཧོམ་ཁུང་ནང་དུ་གཞུགས་པ་ཡིན།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། གན་རྐྱལ་དག་ཏུ་གཞག་པར་བྱ།། དེ་ནས ་གདེང་ལྡན་རྣལ་འབྱོར་པས།། རྡོ་རྗེ་དབྱུག་པ་བླངས་ནས་སུ།། ཁྲག་འཐུང་འཁོར་ལ་གནས་པ་ཡི།། གསོད་མ་ལས་མཁན་སྤྱན་དྲངས་ལ།། དེ་ལ་རྡོ་རྗེའི་གཡབ་མོས་གདབ།། དེ་ལ་གཏོར་མ་རྒྱས་པར་བྱིན།། བདག ་ཉིད་ཆེན་པོ་བསྐུལ་བ་ནི།། ཤ་ཆེན་ལ་སོགས་མདུད་རྩི་ལྔ།། གླ་བ་ཤིང་ཀུན་རྒུན་འབྲུམ་གྱིས།། མཆོད་པ་ཕུལ་ལ་ལས་ལ་བཏང་།། ཤྲ་ན་མུ་ཁ་བསྐུལ་བ་ནི།། ཉི་མའི་མཆོད་པ་ཕུལ་བའོ།། ས་བདག་ཆེན་མོ་བསྐུལ ་བ་ནི།། གནོད་སྦྱིན་ཤ་ཁྲག་བྱིན་ལ་བཅོལ།། ཕྲ་མེན་ལས་ལ་བསྐུལ་བ་ནི།། སྙིང་སྣ་མང་པོ་ཕུལ་ལ་བཅོལ།། སྲིན་མོ་ལས་ལ་བསྐུལ་བ་ནི།། སྙིང་སྣ་སྙིང་ཁྲག་ཕུལ་ནས་ནི།། རྣལ་འབྱོར་ལས་འདི ་གྲུབ་པར་གྱིས།། གང་ཡིན་གནས་ནས་དྲང་བར་བྱོས།། དུག་གི་གཏོར་མ་ཟ་རུ་གཞུག། འགོ་བའི་ལྷ་དང་དབྲལ་བ་གཅེས།། འབྲོས་ཀྱིས་མི་ཐར་གནན་གཟིར་བྱ།། མཐུ་དང་རྫུ་འཕྲུལ་ཕྲོགས་པ་དང་།། ཡན་ལག ་འཁུ་མི་ནུས་པར་བྱ།། རྡོ་རྗེ་དྲག་པོའི་ཕུར་པས་གདབ།། མ་མོ་མཁའ་འགྲོ་ལས་མཁན་གྱིས།། ཐུན་གྱི་དབབ་ཅིང་གསད་པར་བྱ།། མཚོན་ཆ་རབ་ཏུ་འབར་བ་ཡིས།། རྐང་པ་གཡས་གཡོན་གང་ཡིན་ནས།། རྡུལ་དུ ་གཏུབ་ཅིང་ཕྱེ་མར་བྱ།། ལྷ་ཡི་ཚོགས་ལ་ཐིམ་པར་བསྟབ།། སངས་རྒྱས་ཉིད་ཀྱང་འཇིག་འགྱུར་ན།། ཁམས་གསུམ་པ་དག་སྨོས་ཅི་དགོས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། སྲས་མཆོག་ཕུར་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས་ཡང་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན ་པ་ཐབས་ཀྱི་བདག། སངས་རྒྱས་ཀུན་གྱི་ཡབ་ཆེན་པོ།། སྲིད་གསུམ་གཙོར་གྱུར་བསྒྲལ་བ་ལ།། ཕུར་པའི་རྒྱུ་ནི་ཅི་ལ་བགྱི།། དེ་ཡི་ཚད་ནི་ཇི་ལྟར་འབྱུང་།། གསང་བའི་བདག་པོས་ལུང་བསྟན་གསོལ།། ཞེས་གླེངས ་པས། ཁྲག་འཐུང་རྒྱལ་པོ་བཛྲ་ཀི་ལ་ཡས།། ཀརྨ་ཧེ་རུ་ཀ་ཡི་ཚིག་གསན་ནས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཕུར་པའི་རྒྱུ་རྣམས་ངས་བཤད་ཀྱི།། རྩེ་གཅིག་ཡིད་ཀྱིས་མཉན་པར་གྱིས།། དྲག་པོ་ལྕགས་ཀྱི ་ཕུར་པ་ལ།། གྲི་ལྕགས་མདེ་སྙིང་རྟགས་ཕྱིན་དང་།། གནམ་ལྕགས་ཐོག་གི་ལྕགས་དག་དང་།། གཅོད་དང་རྣོ་དང་སྲ་ལ་སོགས།། ལྕགས་ནི་སྣ་ལྔ་དག་ལས་ནི།། སྟེང་དུ་སོར་གཅིག་རྒྱ་མདུད་བྱ།། བར་དུ་རིན་ཆེན ་ཟུར་བརྒྱད་དེ།། སྐེད་པར་སོར་གཅིག་རྒྱ་མདུད་བྱ།། ཁྲོ་རྒྱལ་གནས་པའི་གཞལ་ཡས་ཁང་།། ཐབས་དང་ཤེས་རབ་ལས་བྱུང་བའི།། རྩེ་མོ་ཟུར་གསུམ་འཇོམས་པ་སྟེ།། ཆོས་དབྱིངས་ཕྱག་རྒྱ་ཡིན་པ་སྟེ།། དྲག་པོའི ་རྐྱེན་དུ་ཡང་དག་བཤད།། དབང་ལ་ཟངས་ཀྱི་ཕུར་པར་བྱ།། རྒྱས་པ་གསེར་ལ་སོགས་པའོ།། ཞི་བ་ཙནྡན་དཀར་པོ་སྟེ།། རྩེ་མོའི་དབྱིབས་ནི་སོ་སོར་བྱ།། གཞན་ཡང་ཚེར་མ་ཅན་གྱི་ཤིང་།། རབ་ཏུ་མི་བསྲུན་གནས ་དག་ནས།། གང་དག་སྐྱེས་པ་གང་ཡིན་དང་།། དུག་དང་གཅན་གཟན་གདུག་པ་དང་།། རབ་ཏུ་གཏུམ་པའི་གནས་དག་ན།། སྐྱེས་པའི་ཤིང་མཆོག་ཚེར་མ་ཅན།། སྐྱེར་པ་དང་ནི་སེང་ལྡེང་དང་།། གང་དག་སྐྱེར་ལྡེང ་མཛེ་མོ་ཤིང་།། རྩ་བའི་ལོགས་སུ་རྒྱ་མདུད་བྱ།། རྩེ་མོའི་ལོགས་སུ་ཟུར་གསུམ་བྱ།། གཞན་ཡང་གདུག་པའི་ཚེར་མ་ཅན།། གོང་མ་དེ་རྣམས་མ་འབྱོར་ན།། གདུག་པའི་ཤིང་མཆོག་གང་རྙེད་བྱ།། ཏིང་ངེ་འཛིན་གྱི ་དཀྱིལ་འཁོར་ལྷ།། ཡིད་ལ་དྲན་ཞིང་གསལ་བསྒོམས་ནས།། སྔགས་དང་བྱ་བ་མ་ནོར་ན།། དེས་ཀྱང་བྱ་བར་ང་ཡིས་བཤད།། འདི་དག་རིང་ཐུང་ཚད་བསྟན་པ།། སོར་བཞི་པ་དང་སོར་བརྒྱད ་པ།། བཅུ་གཉིས་པ་དང་བཅོ་བརྒྱད་སྟེ།། དེ་ལས་ཐུང་བར་མ་གསུངས་ཤིང་།། དེ་ལས་རིང་བ་ཡོངས་མ་བསྟན།། སོར་བཞི་འབྱུང་བ་བཞི་ཡི་ཚད།། སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད།། བཅུ་གཉིས་སྐྱེ་མཆེད་བཅུ ་གཉིས་ཚད།། བཅོ་བརྒྱད་ཁམས་ཆེན་བཅོ་བརྒྱད་ཚད།། རྟགས་དང་སྦྱར་ཏེ་དེ་རྣམས་བསྟན།། རྟགས་ཕྱིན་པ་ཡི་ལྕགས་རྣམས་ནི།། དེ་ཡི་ཡོན་ཏན་བསྟན་པ་ནི།། དཔེར་ན་ནགས་ཀྱི་སྡོང་པོ་ལ།། སྔོན་ཆད་ཆོད་པའི ་སྟ་རེ་དག། དེ་དག་ཡོད་པར་གྱུར་ན་ནི།། ཆོད་མི་ཆོད་ཀྱི་ཐེ་ཚོམ་མེད།། དེ་དག་སྔོན་ཆད་མ་ཆོད་པས།། ཆོད་དང་མི་ཆོད་ཡོད་མ་ངེས།། དེ་བཞིན་རྒྱུ་ཡང་དེ་དང་འདྲ།། མདོར་ན་རྣལ་འབྱོར་རྩལ་མཆོག་གཅེས།། རེ ་ཞིག་དེ་ཡང་སྐྱོན་མེད་དེ།། ཡོན་ཏན་ཡོད་པར་འདི་ལས་བསྟན།། ནག་པོའི་ཤིང་ནི་དུག་ཅན་ལ།། ཕུར་པ་བྱས་པའི་ཡོན་ཏན་ནི།། ནག་པོ་གཞན་གྱིས་མི་ཚུགས་ལ།། དུག་གིས་ཕ་རོལ་གསོད་པར་བྱེད།། ཚེར་མ ་ཅན་གྱི་ཤིང་རྣམས་ལ།། ཕུར་པ་བྱས་པའི་ཡོན་ཏན་ནི།། སྐྱེར་པས་ཚེ་དང་ལོངས་སྤྱོད་འཕེལ།། མཛོ་མོས་དབང་དུ་བྱ་བ་འགྲུབ།། གཞན་ཡང་ཁ་དོག་རིགས་སུ་སྦྱར།། མདོར་ན་བདེ་གཤེགས་ས་བོན་གྱིས།། བྱིན ་གྱིས་བརླབ་པ་གཅེས་པར་བཤད།། དེ་བས་ཀྱང་ནི་དམ་ཚིག་གཙོ།། རྣལ་འབྱོར་རྣམས་ལ་དམ་པར་བསྔགས།། དང་པོར་གཞུང་ལས་འབྱུང་བ་བཞིན།། དེ་དག་མ་ནོར་བཤམ་པར་བྱ།། ཚོགས་པས་ཐེ་ཚོམ་མེད ་ཅེས་བྱ།། བཤམས་པས་བྱ་བ་ཆུད་མི་ཟའོ།། ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་མངགས་པ་སྟེ།། རྒྱུ་ཡི་རྒྱལ་པོ་གང་ཤར་བའོ།། གཞན་ཡང་ཕུར་པའི་རྒྱུ་བཤད་པ།། ཟངས་ལྕགས་འཁར་བ་གང ་ཡོད་པ།། དེ་ལ་ལེགས་ཤིང་དོད་པར་བྱའོ།། མ་དོད་པ་ཡི་སྐྱོན་རྣམས་ནི།། གང་དགར་བྱས་པས་ཚུལ་ལས་ཉམས།། ཏོམ་ཆལ་བྱས་ན་བཀའ་ལས་འགལ།། རྙེད་བཙན་བྱས་ན་བྱིན་རླབས་ཆུང་།། ཡོད་བཙན་བྱས ་ན་བསྒོམ་མི་བདེ།། ངན་དགུར་བཤམས་ན་རྟོག་པ་འབྱུང་།། ལེགས་པར་བྱས་ན་ཡིད་རང་བཞིན།། ཚོགས་པར་བསགས་ན་གཞུང་དང་མཐུན།། དོད་པར་བྱས་ན་བྱིན་རླབས་ཡོད།། མདོར་ན་རྟོགས་པ་གཙོ་བ ་ཡང་།། རྟོགས་པའི་དོན་ལ་མཐར་ཕྱིན་ན།། རྣམ་རྟོག་ལས་འདི་ཡོངས་མི་དགོས།། རྣམ་པར་རྟོག་ལ་ཁྲོ་འདུལ་བཟང་།། ཉོན་མོངས་པ་ལ་གཉེན་པོས་འཇོམས།། རྟོགས་པ་གསལ་བར་བསམས་པ ་ཤེས།། གཞན་ཚུགས་འདོད་ན་གྲངས་མང་ཟློས།། རྟགས་ཕྱིན་འདོད་ན་ཡུན་དུ་སྲིངས།། དོན་ལ་འཇུག་འདོད་མ་གཡེལ་གྱིས།། རིངས་པར་འདོད་ན་བརྩོན་འགྲུས་བསྐྱེད།། དོན་འདི་ཡིད་ལ་བཞག་ནས ་ཀྱང་།། སྔགས་པས་དེ་ལ་ནན་ཏན་བསྐྱེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། ་ཕུར་པའི་རྒྱུ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། འདི་སྐད་ཅེས་གླེང་ངོ་།། ཀྱེ་ཀྱེ་བཅོམ་ལྡན་སེམས་ཀྱི་བདག། གཉིས་མེད་ལས་བྱུང་རྫུ་འཕྲུལ་ཅན།། དཔལ་ཆེན་ཁྱོད་ལ་བདག ་ཞུ་འཚལ།། ཕུར་པ་བསྐྱེད་པ་ཇི་ལྟར་བགྱི།། བྱིན་གྱིས་རླབས་པ་ཇི་ལྟར་བརླབ།། ལྟ་བ་ཅི་ལ་དམིགས་པ་ལགས།། བདེ་བར་གཤེགས་པས་ལུང་བསྟན་གསོལ།། བཅོམ་ལྡན་མགོན་པོས་ལུང་བསྟན་གསོལ།། ཞེས ་གླེངས་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཕུར་པ་དང་པོ་བསྐྱེད་པ་ནི།། རྫས་ཀྱི་ཕུར་པ་གཞལ་ཡས་ཁང་།། རྒྱན་དང་ཆས་པར་རྣམ ་པར་བརྟག། བདེ་གཤེགས་ཁྲག་འཐུང་སྤྱན་དྲངས་བཞུགས།། ཕྱི་ནང་གསང་བའི་མཆོད་པ་འབུལ།། འོད་ཞུ་བདག་གི་ཞལ་དུ་ཐིམ།། ལྟེ་བའི་དབུས་ན་བྱང་ཆུབ་སེམས།། རིམ་པ་གཉིས་ཀྱི་ཚུལ་བརྟགས་སོ།། པདྨ ་ལས་འཕྲོས་འོད་ཕུང་ལས།། སོ་སོའི་ཡིག་འབྲུ་ཕྱག་མཚན་གྱུར།། དེ་ལས་སྐུ་བཞེངས་འཇིགས་པའི་ཚུལ།། སྐུ་སྟོད་ཞལ་གཅིག་ཕྱག་བཞི་སྟེ།། སྐུ་སྨད་སྔོ་སངས་ཟུར་གསུམ་པ།། རལ་པ་ཁམ་ནག་གྱེན་དུ ་འབར།། བྲང་གིས་འགྲོ་བ་ཆེན་པོས་བརྒྱན།། ཕྱག་གཡས་དང་པོ་སྟ་རེ་ལ།། དེ་འོག་རྡོ་རྗེ་རྒྱ་གྲམ་བསྣམས།། གཡོན་གྱི་དང་པོ་ཁ་ཊྭཱཾ་འཁྲོལ།། དེ་འོག་ཁྲོ་བོའི་སྐེ་ནས་འཛིན།། དེ་ནི་ཕུར་པ་བསྐྱེད་པའོ།། བྱིན་གྱིས ་བརླབ་པ་བསྟན་པ་ནི།། སྔོན་ལ་སྐུ་གསུང་ཐུགས་སུ་བརླབ།། སྐུ་ཡི་རྡོ་རྗེ་སྐུ་ཡི་གནས།། ཤིན་ཏུ་བརྗིད་པར་བྱིན་གྱིས་བརླབ།། གསུང་གི་རྡོ་རྗེ་གསུང་གི་གནས།། གདངས་སྒྲ་གྲགས་པར་བྱིན་གྱིས་བརླབ།། ཐུགས ་ཀྱི་རྡོ་རྗེ་ཐུགས་ཀྱི་གནས།། ཞེ་སྡང་རྩེ་གཅིག་ལྡན་པར་བརླབ།། དེ་ནས་རིགས་ལྔ་བྱིན་བརླབས་ཏེ།། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ།། རང་རང་ཐུགས་ཀྱི་མཚན་མ་གནས།། ལྟེ་བར་སྭཱ་དང་སྐེད་པར་ཧཱ།། རིགས ་རྣམས་འདུས་པའི་ངོ་བོར་བརླབ།། དེ་ནས་ཐུགས་ཉིད་མི་འགྱུར་བ།། ཡེ་ཤེས་གཅིག་ཏུ་བྱིན་གྱིས་བརླབས།། ལོགས་གསུམ་ཧཱུཾ་གསུམ་མི་འགྱུར་རྟགས།། ཟུར་གསུམ་ཕཊ་གསུམ་འཇོམས་པའི་རྟགས།། དེ་ནས་ཤིན ་ཏུ་བརྟས་པ་དང་།། ཛཿཡི་དཀྱིལ་འཁོར་གདོན་པ་དང་།། བདག་ཉིད་མདུན་ན་གནས་པར་བརྟག། དེ་ནས་རིགས་ཀྱི་ཁྲོ་བོས་ནི།། རང་རང་སོ་སོའི་དབང་ཡང་བསྐུར།། འཆོལ་པར་སྤྲོས་ལ་སོ་སོར་བསྟིམ།། ཧཱུཾ་ཧཱུཾ ་ཕཊ་ཀྱི་སྒྲ་འབྱིན་ཅིང་།། རང་རང་རིགས་ལ་ཞུགས་གྱུར་པས།། དབང་དང་བྱིན་རླབས་ཐམས་ཅད་ཀུན།། དེ་ཉིད་ལ་ནི་འདུས་ཐིམ་བསམ།། དེ་ནས་སྔོན་གྱི་དམ་ཚིག་བསྒྲག། དེ་རྗེས་བདག་ཉིད་ཆེན་པོར ་བརླབ།། ལག་པ་གཡས་པའི་མཐིལ་དུ་ལ།། ཉི་མའི་དཀྱིལ་འཁོར་གྱུར་པའི་དཀྱིལ།། ཧཱུཾ་བདག་ཀུན་ཏུ་བཟང་པོའི་སྐུ།། གཡོན་པ་ཨ་ལས་ཟླ་དཀྱིལ་བསམ།། ཨ་བཞག་ཀུན་ཏུ་བཟང་མོའི་སྐུ།། ཡབ ་ཡུམ་རྗེས་སུ་ཆགས་པ་ལས།། བྱང་ཆུབ་སེམས་ཀྱི་འོད་བྱུང་སྟེ།། གཡས་པའི་གུང་མོའི་དཀྱིལ་དུ་ཨོཾ།། དེ་ཞུ་རྣམ་པར་སྣང་མཛད་སྐུ།། མཐེ་བོང་དཀྱིལ་དུ་ཧཱུཾ་གསལ་ལས།། དེ་ལས་མི་བསྐྱོད་པ་ཡི་སྐུ།། མཛུབ་མོའི ་དཀྱིལ་དུ་ཏཱཾ་བསམས་ལ།། དེ་ལས་རིན་ཆེན་འབྱུང་ལྡན་བསྐྱེད།། སྲིན་ལག་དཀྱིལ་དུ་ཧྲཱིཿབསམས་ལ།། དེ་ལས་དོན་ཡོད་གྲུབ་པའོ།། མཐེའུ་ཆུང་དཀྱིལ་དུ་ཨཱཾ་བསམས་ཏེ།། དེ་ལས་སྣང་བ་མཐའ་ཡས ་བསྐྱེད།། ཀུན་ཀྱང་ཟླ་བའི་དཀྱིལ་འཁོར་ལའོ།། གཡོན་གྱི་སོར་མོ་རྣམས་ལ་ཡང་།། ཡི་གེ་གོང་མ་བསམ་པའམ།། ཡང་ན་ཡུམ་ལྔའི་སྙིང་པོ་ལས།། ཡོངས་སུ་རྫོགས་པར་བསྐྱེད་བྱས་ལ།། རྗེས་སུ་ཆགས་པའི་བརྡ ་ཡིས་བསྐུལ།། ཐལ་མོ་མཉམ་པར་བྱས་ནས་ནི།། ཨོཾ་དང་བཛྲ་ཨཉྫ་ལི།། ཧཱུཾ་ཞེས་ཡོངས་སུ་བརྗོད་ནས་ནི།། སོར་མོ་ཅུང་ཟད་བསྣོལ་བར་བྱ། བཛྲ་བྷནྡ་ཧཱུཾ་ཞེས་བརྗོད།། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམས།། དེ་ནས ་ས་མ་ཡ་སྟཾ་ཞེས།། བརྗོད་ལ་ཕུར་པ་ལག་ཏུ་གཞུག། ལག་པའི་རྟིང་པ་རབ་ཕྱེ་སྟེ།། མཐེ་བོང་མཐེའུ་སྲིན་ལག་གསུམ།། དབུས་སུ་ཕུར་བཅུག་འདྲིལ་བར་བྱ།། ཨཽ་དང་བཛྲ་ཨཱ་བེ་ཤ།། ཡ་དང་ཨ་ཞེས་བརྗོད་པས ་ནི།། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཀྱི།། ཡབ་ཡུམ་སྲས་དང་བཅས་པ་ཡིས།། ཞེ་སྡང་རྗེས་སུ་དྲན་པའི་སྐུ།། ཡུངས་འབྲུ་གྲངས་མེད་ཕུར་པར་བསྟིམ།། དེ་ནས་སྐུ་གསུང་ཐུགས་ཉིད་ཀྱི།། བདག་ཉིད་ཆེན ་པོར་དབང་བསྐུར་ཏེ།། སོར་མོ་རྒྱབ་ཏུ་བསྣོལ་ནས་ནི།། གུང་གཉིས་བསྒྲེང་བར་ཕུར་བུ་གཞུག། ཨོཾ་དང་བཛྲ་ས་ཏྭ་རཱ།། ཛ་ཧཱུཾ་ཞེས་ནི་བརྗོད་པ་ལས།། སྲས་མཆོག་བདག་ཉིད་ཐུགས་འདྲར་འགྱུར།། དེ་ནས་སོར ་མོ་ཐུག་པོར་བྱ།། ལག་པའི་རྟིང་པས་ཕུར་པ་བཟུང་།། བཛྲ་ཕུར་བུ་ཞེས་བརྗོད་པས།། དེས་ནི་བདག་དང་གསུང་འདྲར་འགྱུར།། དེ་ནས་སོར་མོ་བརྒྱད་བསྣོལ་ཏེ།། མཐེ་བོང་གཤིབས་པའི་བར་དུ་ནི།། ཕུར་པ ་བཅུག་ནས་འདི་སྐད་བརྗོད།། ཨོཾ་དང་ཙྪིནྡ་ཙྪིནྡ་དང་།། ཧ་ན་ཧ་ན་ཏིསྟ་དང་།། ཙཀྲ་ཧཱུཾ་ཞེས་རབ་བརྗོད་པས།། བདག་ཉིད་ཡབ་ཡུམ་བྱང་ཆུབ་སེམས།། རབ་ཏུ་སྤྲོ་ཞིང་དེ་ལ་བསྟིམ།། སྟོང་ཁམས་གང་བའི་མེ་སྟག ་འཕྲོ།། དམིགས་པ་ཐམས་ཅད་དེས་འགྲུབ་པའི།། བྱིན་དང་དབང་ཆེན་ལྡན་གྱུར་ཏེ།། གསང་བ་ཡུམ་གྱི་དབུས་བཞུགས་གསོལ།། གུ་གུལ་ནག་པོའི་དུད་པས་བདུག། ཡུངས་ནག་ཁྲོ་ཆུང་རྒྱལ་པོས་བརྡེག། ལས་ལ ་སྦྱར་བའི་དུས་སུ་ནི།། ལྕགས་སམ་ཤིང་ངམ་གང་ཡོད་ལ།། ཁྱི་ཁྲག་ར་ཁྲག་གིས་བྱུགས་ལ།། དུག་དང་མ་རུངས་པས་ཀྱང་བྱུག། བྱིན་བརླབས་ལག་པར་བླངས་ནས་ནི།། གྱེན་དུ་གསོར་ཞིང་འདི་སྐད་བརྗོད།། ཧཱུཾ ་བཞི་གསལ་འཕྲོས་ཧཱུཾ་བཞི་ཚོགས་ལ་བསྐྱེད།། དབུ་ལ་རྒྱ་མདུད་བསྟན་པས་ཐབས་ཀྱི་རྟགས།། རྩིབས་ལ་ལོགས་བརྒྱད་བསྟན་པས་ཁྲོ་བོ་བརྒྱད།། རིན་ཆེན་ཟུར་བརྒྱད་བསྟན་པས་ཁྲོ་བོ ་བརྒྱད།། དབུས་སུ་རྒྱ་མདུད་བསྟན་པས་ཤེས་རབ་རྟགས།། རྩེ་མོ་ཟིར་གསུམ་བསྟན་པས་སྐུ་གསུང་ཐུགས།། སྟེང་འོག་གཉིས་སུ་བསྟན་པས་ཁྲོ་བོ་བཞི།། ཁོང་སྟོང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས།། ཁྲོ་རྒྱལ ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། མ་གཡོས་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་བདག། སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས།། ཐུགས་རྗེ་བྱེ་བྲག་དབྱིངས་སུ་སྒྲོལ་མཛད་པ།། ཐབས་ཀྱིས་བསྒྲལ་བའི ་སྐལ་དང་མི་ལྡན་ཡང་།། ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ།། དེ་ནས་ཕྱི་ནང་མཆོད་པས་མཆོད།། བལྟ་བ་ཅི་ལ་དམིགས་བསྟན་པ།། བལྟ་བའི་རྒྱལ་པོ་ངེས་པའི་དོན།། གདོད་ནས་མ་སྐྱེས་ཆོས་ཀྱི ་དབྱིངས།། རྣམ་དག་མ་སྐྱེས་ཤེས་རབ་སྐུ།། མི་འགག་ཆོ་འཕྲུལ་སྙིང་རྗེ་སྟེ།། རིག་པའི་རྒྱལ་པོ་རང་གནས་པ།། ཕྱི་ནང་སྣོད་བཅུད་རྣམ་པར་དག། ཐབས་ཀྱི་རྒྱལ་པོ་བདག་གནས་པས།། འགྲོ་ཀུན་བླ་ན་མེད་པར ་སྒྲོལ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། སྲས་མཆོག་ཕུར་པ་བྱིན་གྱིས་བརླབ་པའི་ལེའུ་སྟེ་བཅུ ་གཅིག་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ། བཛྲ་ཀཱི་ལར་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་མཆོག་ཏུ་གསང་བའི་བདག། དོན་ཡོད་རྒྱལ་པོ་མཆོག་གི ་གཙོ།། གཉིས་མེད་ལས་བྱུང་དཔའ་བོའི་མཆོག། སངས་རྒྱས་ཀུན་གྱི་ཡབ་ཆེན་པོ།། དྲག་པོའི་ཕུར་པ་གསུངས་པ་རྣམས།། སྔོན་ཚེ་དྲེགས་པ་བསྒྲལ་བའི་ཞིང་།། ད་ལྟའི་རྗེས་བསྒྲུབ་རྣལ་འབྱོར་པས།། དམིགས་ནི ་གང་དང་གང་དུ་བགྱི།། བསྒྲལ་བའི་དུས་ཚོད་ཇི་ལྟར་ལགས།། གཉིས་མེད་དོན་ལ་བདག་ཞུ་འཚལ།། ཞེས་གསོལ་པ་དང་།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས།། འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ ་ཀ། བསྒྲལ་བའི་དམིགས་རྣམས་བསྟན་པ་ནི།། ཀུན་ལ་བྱ་བར་གཞུང་ལས་མིན།། ཉམས་པ་བྱ་བ་བདུན་ཡོད་དེ།། དམ་ལས་ཉམས་དང་བཀའ་ལས་ཉམས།། དོན་ལས་ཉམས་དང་ལས་ཀྱིས་ཉམས།། མཚན་མས ་ཉམས་དང་འདོད་པས་ཉམས།། ལོག་པས་ཉམས་དང་བདུན་པོ་ལ།། འདི་ལ་ཉམས་པ་ཞེས་བྱ་སྟེ།། འདི་དག་སོ་སོའི་མཚན་ཉིད་ནི།། མ་འདྲེས་གསལ་བར་ང་ཡིས་བཤད།། སྲོག་ལ་ཉམས་པའི་མཚན་ཉིད་ནི།། ཕ ་དང་མ་དང་མཁན་པོ་གསོད།། སློབ་དཔོན་གསོད་དང་ནང་དམེ་བྱེད།། འདི་ནི་ཉམས་ཀྱང་ལྟུང་བས་ན།། བསྒྲལ་བའི་ཞིང་གཅིག་འདི་ཡིན་ནོ།། ཉམས་ལས་ཉམས་པའི་མཚན་ཉིད་ནི།། རྡོ་རྗེ་སློབ་དཔོན་བཀའ ་བསླུ་དང་།། ངན་སེམས་དཔྱ་སེམས་བྱེད་པ་དང་།། སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང་།། གསང་བ་སྦས་པའི་ཐབས་མཆོག་རྣམས།། སྣོད་མེད་རྣམས་ལ་བསྒྲག་པ་དང་།། འདི་ནི་ཉམས་པ་ཆེན་པོ ་སྟེ།། འདི་ཡང་བསྒྲལ་བའི་དམིགས་གཅིག་ཡིན།། བཀའ་ལས་ཉམས་པའི་མཚན་ཉིད་ནི།། དམ་ལ་བཏགས་ན་སྐུ་འཚང་འབྲུ།། སྒྲུབ་ཟླར་སྦྲན་ན་ཡ་ག་འདོགས།། མན་ངག་བསྟན་ན་སྐུར་པ་འདེབས།། བདེན་པར ་བསྟན་ན་ལོག་པར་འཁྲིད།། དོན་རྟགས་བསྟན་ན་གོལ་སར་འཛིན།། འདི་ནི་ཉམས་པ་ཆེན་པོ་སྟེ།། འདི་ལ་བསྒྲལ་བ་ལྷུར་ཡང་བརྩམ།། དོན་ལས་ཉམས་པའི་མཚན་ཉིད་ནི།། བྱ་རུ་མི་རུང་སྣ་ཚོགས་བྱེད།། རྫས ་དང་ལག་ཆ་མངོན་དུ་འཛིན།། ཏན་གཎ་སྦྱོར་སྒྲོལ་དངོས་པོར་སྤྱོད།། ལྟ་བ་ཏིང་འཛིན་རྒྱབ་ཏུ་བོར།། སྤྱོད་པ་བརླང་པོ་དང་དུ་ལེན།། ཁྲོ་གཏུམ་ང་རྒྱལ་རང་གར་གཏོང་།། དོན་གྱི་མན་ངག་ལོག་པར་གོ།། ཕ་རོལ ་འདྲེན་ལ་ལོག་པའི་ཆོས།། ཕྱིན་ཅི་ལོག་གི་དོན་ལ་མཁས།། བཀའ་གཞུང་བོར་ནས་རྩོམ་པ་ཆེ།། ལོག་པར་སྤྱད་པ་མཐའ་དག་སྤྱད།། འདི་ནི་རཱུ་ཏྲ་དངོས་ཡིན་ཏེ།། མངོན་སྤྱོད་བསྒྲལ་ཡང་སྡིག་མི་གོས།། ལས་ཀྱིས ་ཉམས་པའི་མཚན་ཉིད་ནི།། བདག་དང་སྐྱེ་གནས་མི་གཅིག་པར།། བསྒྲལ་བའི་ལས་ཀྱི་གློར་འོངས་ནས།། སྔོན་ཆད་འཁོན་པར་ཡོང་མེད་པར།། གླག་ལ་བབ་པར་དྲན་ནས་ཀྱང་།། ཞི་བ་དྲང་པོར་མི་ཉན ་པར།། ཉེས་མེད་གཞན་ལ་འཛུགས་པ་དང་།། དཔུང་པས་བསྙེམས་ལ་ཀླན་ཀ་ཚོལ།། ཁ་ལྕེ་དགོད་ཅིང་བཞིན་མདོག་བཟློག། བརྒལ་ས་མེད་པར་བདག་ལ་རྒོལ།། དབྲོག་མི་དགོས་པར་བདག་ལ་འཕྲོག། བདག ་གིས་ཉེས་པར་མ་དྲན་ཞིང་།། བདག་གིས་བརྒལ་བར་མ་བསམས་ཀྱང་།། ལས་ཀྱིས་བདག་ལ་གནད་འཛུགས་ཤིང་།། བདག་ལ་མཐུ་དང་རྩལ་འདོད་པ།། ལས་ཀྱི་ཉམས་པ་འདི་ཡིན་པས།། འདི་ཡང་བསྒྲལ་བའི ་དམིགས་གཅིག་ཡིན།། གཞན་ཡང་ལས་ཀྱིས་ཉམས་པ་ནི།། གལ་མི་ཆེ་བར་ཡ་ག་ཚོལ།། ཕན་རྒྱུ་མེད་པར་བདག་ལ་འཚེ།། འོང་རྒྱུ་མེད་པར་སྒྲུབ་པར་འོང་།། ལས་ཀྱི་ཉམས་པའི་རྟགས་ཡིན་པས།། འདི་ལ ་བསྒྲལ་བ་ལྷུར་ཡང་བརྩམ།། ལས་ཀྱིས་འཁོར་བས་སྡིག་མེད་བཤད།། མཚན་མས་ཉམས་པའི་མཚན་ཉིད་ནི།། ཆོས་ལ་ཕྱོགས་ཆར་འཛིན་པ་དང་།། ལྟ་བ་སྒྲོ་སྐུར་སྤྱོད་པ་དང་།། རྣལ་འབྱོར་དོན་ལྡན་ཐུགས་དཀྲུག ་དང་།། རང་བཞིན་མེད་པའི་ཆོས་བཤད་ཀྱང་།། མཚན་མ་ཅན་གྱི་ཆོས་བཟུང་ནས།། ལྷ་སྲིན་བྲན་དུ་ང་འཁོལ་ལོ།། མཐུ་འགྲན་བྱེད་པ་སུ་ཞིག་ཡོད།། ང་ཡི་ཉམས་སུ་དཔལ་ཆེན་བྱུང་།། ང་ནི་ཁྲོ་བོའི་རྒྱལ་པོ ་ཡིན།། གཞན་ལ་འཚེ་ཞིང་ཁྲོ་ལ་སོགས།། འདི་ནི་མཚན་མས་ཉམས་པ་སྟེ།། བསྒྲལ་བར་བྱས་ཀྱང་དམ་མི་ཉམས།། ལོག་པར་ཉམས་པར་གྱུར་པ་ནི།། མཉན་ན་གོ་རྟོགས་གསལ་མེད་པར།། ལ་འུར་མཐུ་ཆེ་རྩལ ་འདོད་པས།། ལས་ཀྱི་དོན་དུ་མཚན་མ་སྤྱོད།། སྡིགས་པའི་ལག་ཆར་མི་མགོ་ཐོགས།། རལ་པ་བསིག་ཅིང་སོ་གཙིགས་བྱེད།། དམར་གྱི་ཨརྒྷ་གློ་ལ་ཐོགས།། ཞིང་གི་པགས་པ་ཕྲག་ལ་ཐོགས།། སྒོ་བ ་ནག་པོ་ཤ་དང་ཚིལ།། སྣོད་བཀང་ཁུར་ཞིང་ལོག་ཆོས་སྤྱོད།། སྤྱོད་པ་མ་ནོར་གཞུང་བོར་ནས།། བྱ་བ་མི་འཚམས་སྣ་ཚོགས་བྱེད།། དེ་དང་གདོང་ལ་ཁྲག་གིས་བྱུག། ཚུལ་འགལ་དམ་དགྲ་སྣ་ཚོགས་བྱེད།། ཐོ ་ཚོར་སྤྱོད་ཅིང་དམ་མི་བསྲུང་།། སྤྱོད་པ་བརླང་པོས་བཀའ་གཞུང་སྨད།། སངས་རྒྱས་ཀུན་གྱི་ཞབས་འདྲེན་བྱས།། རྣལ་འབྱོར་སྔགས་པའི་རྐང་ནས་དྲངས།། དཔལ་ཆེན་ཁྲག་འཐུང་ཐུགས་ཁྲལ་བསྐྱེད།། མ་མོ་མཁའ ་འགྲོ་ཟན་ཚོགས་བཀྲམ།། རྣལ་འབྱོར་ཡོངས་ཀྱི་དམ་བཙོགས་བྱས།། འདི་ནི་བསྒྲལ་བའི་དམིགས་གཅིག་ཡིན།། འདོད་པས་ཉམས་པའི་མཚན་ཉིད་ནི།། འདོད་ཆགས་ནོར་གྱིས་སྙིང་བྲུས་ནས།། ཤི་བར་ངེས་ཀྱང ་འདོད་པས་རྒྱལ།། ཕུང་བར་རྟོགས་ཀྱང་སྔགས་འཆང་འཇོམས།། དུག་ཏུ་སྣང་ཡང་ལྟོ་རུ་བཟའ།། གཉན་པ་ཡིན་ཡང་ཐབས་ཀྱིས་སྨོད།། ཐོབ་ཏུ་འདོད་ནས་གསང་སྔགས་བརྐུ།། བཟའ་རུ་སྒྲུབ་པའི་ཡོ་བྱད ་བརྐུ།། ནོར་དུ་རྣལ་འབྱོར་གཞུང་སྤྱོད་འཇོམས།། འདི་དག་བསྒྲལ་ན་རྣལ་འབྱོར་བཙུན།། བཏུལ་ཞིང་ཚར་བཅད་བསྟན་པ་གཉེན།། མེད་ཅིང་སྟོང་ན་བར་ཆད་ཉུང་།། འདི་དག་བསྒྲལ་བར་མ་བྱས་ན།། མཐོ་རིས ་འགྲིབ་ནས་དམྱལ་ཁམས་འཕེལ།། རྣལ་འབྱོར་དམ་ཅན་སྒྱིད་ལུག་ནས།། ཐེག་པ་ཆེན་པོའི་ཆོས་སྒོ་འགག། འདི་དག་བསྒྲལ་བར་བྱས་ན་ནི།། དམྱལ་བའི་གནས་སུ་ཡུན་ཐུང་འགྱུར།། བརྡེག་པའི་དུས་ཚོད་བསྟན ་པ་ནི།། གནམ་སྟོང་དང་ནི་ཚེས་བརྒྱད་དང་།། བཅོ་ལྔ་ཉི་ཤུ་གཉིས་དག་དང་།། བཅུ་དྲུག་དང་ནི་བཅུ་བཞི་དང་།། ཉེར་གསུམ་དང་ནི་བཅོ་བརྒྱད་དང་།། ཉི་ཤུ་ལ་ཡང་བརྡེག་པ་ཡིན།། བཅུ་གསུམ་བཅུ་དྲུག་པར་དག ་དང་།། བཅུ་དགུ་ཉི་ཤུ་དགུ་ལ་ནི།། བརྡེག་པའི་དུས་ནི་བབས་པ་ཡིན།། བཅུ་བདུན་བཅུ་དགུ་ཚེས་གཅིག་དང་།། ཉི་ཤུ་བརྒྱད་དང་གནམ་སྟོང་དང་།། བཅོ་ལྔ་ཚེས་དྲུག་དག་དང་ནི།། བཅུ་གཅིག་ཉི་ཤུ་ལྔ་དག ་དང་།། ཚེས་གསུམ་ཚེས་གཉིས་བཅོ་བརྒྱད་དང་།། ཉི་ཤུ་དང་ནི་ཉི་ཤུ་བདུན།། འདི་ལ་བརྡེག་པར་ཡང་མི་བྱ།། འདི་ལ་བརྡེག་པར་བྱས་ན་ནི།། རྣལ་འབྱོར་འཁོར་དུ་བཅས་པ་བརླག། མིག་དམར་ཕུར་བུ་གཟའ ་རྣམས་ནི།། བརྡེག་པའི་དུས་ལ་བབ་པར་བྱ།། དང་པོ་དཀྱིལ་འཁོར་གཞུང་བཙུགས་ཏེ།། བསྙེན་བསྒྲུབ་ཆོ་ག་ཚང་བྱས་ནས།། འཛབ་གྲངས་བསྙེན་པ་འབུམ་དུ་གདོན།། བཟླས་བརྗོད་ཉིན་མཚན་པར་མི ་གཅད།། བསྙེན་བསྒྲུབ་གཉིས་ཀྱི་རྟགས་རྣམས་ནི།། ལྷ་ཡི་སྐུ་མཐོང་ཕུར་བུ་ལྡེག། རྟགས་བྱུང་ནས་ནི་ལས་ལ་འཇུག། དྲག་པོའི་རྟགས་སུ་བསྟན་པ་ནི།། རབ་ཀྱིས་མངོན་དུ་ཁུགས་པ་འོང་།། འབྲིང་གིས་ལིངྒ ་འགུལ་བ་དང་།། ཐམས་དམིགས་གནོན་མཚན་ཉམས་འབྱུང་།། དེར་ནི་ལེགས་པར་འོང་བ་ཡིན།། ནམ་གྱི་གུང་ངམ་ཉི་མ་དྲོས།། དེ་ལ་བརྡེག་པར་རབ་ཏུ་ཤིས།། དུར་ཁྲོད་ཆེན་པོ་ག་ན ་བར།། བསྒྲལ་བ་ལ་སོགས་ཚུལ་བཞིན་བྱ།། རྒྱ་གྲམ་ལམ་གྱི་ག་ན་བར།། བརྡེག་པ་ལ་སོགས་ཚུལ་བཞིན་བྱ།། འདི་དག་བརྡེག་པའི་དུས་ཚོད་ཀྱང་།། སྲོད་ལ་ཞུགས་ནས་ཐོ་རངས་ཁ།། འདི་དག་བརྡེག་པར་བྱ་བ ་མིན།། འདི་དག་བརྡེག་པར་བྱ་བས་ནི།། ཡུན་ནི་ལོ་ཙམ་དུ་ཡང་བསྲིང་།། གྲངས་ནི་བྱེ་བ་འབུམ་དུ་གདོན།། མཆོད་པ་དུས་དྲུག་རྒྱུན་མི་གཅོད།། ཆོ་ག་བཟླས་བརྗོད་ཚང་བྱས་ནས།། བྱ་བ་ལ་སོགས་མཚན་མ ་ལ།། བརྡེག་པའི་དུས་ཚོད་བསྟན་པ་ནི།། རྣལ་འབྱོར་དམ་པས་ཤེས་པར་བྱ།། དེ་ཡང་བཟླས་དུས་འདི་ལྟར་བསྒོམ།། བདག་ཉིད་དཀྱིལ་འཁོར་རྫོགས་པ་དང་།། ས་བོན་ཐ་མ་སྔགས་ཀྱིས་བསྐོར།། དྲག་དལ་བྱེད ་པའི་ཡིག་འབྲུ་བསམ།། འབྱུང་བ་བཞི་ཡིས་བསྐྱོད་པ་ལས།། འོད་ཟེར་འཕྲོ་འདུ་བྱིན་རླབས་བསྐྱེད།། སྔགས་ཀྱིས་འཁོར་ལོས་དབང་བསྐུར་བསམ།། དེ་ནས་རིམ་པའི་འཕྲོ་འདུ་ཡིས།། ལས་གང་བྱེད་པ་དབང་དུ ་བསྡུ།། དེ་ནི་བརྡེག་པའི་དུས་ཚོད་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་བསྒྲལ་བའི་དམིགས ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གླེངས་སོ།། ཀྱེ་ཀྱེ་བཅོམ་ལྡན་སྔགས་ཀྱི་བདག། རྨད ་བྱུང་དཔའ་བོ་ཁྱོད་ལ་འདུད།། ཡེ་ཤེས་བདག་ཉིད་ཁྱོད་ལ་འདུད།། བདེ་གཤེགས་སྐུ་གསུང་ཐུགས་དཀྱིལ་འཁོར།། དམ་པ་རྣམས་ཀྱིས་གསུངས་པ་ནི།། དེ་ཡི་ས་བོན་ཇི་ལྟར་ལགས།། གསོད་པའི་སྔགས་ནི་ཇི་ལྟར ་ལགས།། བསྐྲད་པ་ལ་སོགས་སྔགས་འདི་དག། སྔགས་ཀྱི་རྒྱལ་པོས་ལུང་བསྟན་གསོལ།། ཞེས་གསོལ་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ ་ཀ། དང་པོ་ཚངས་པའི་གནས་གཞི་བསྒོམ།། དེ་རྗེས་ཧཱུཾ་ལས་བསྐྱེད་པའི་སྐུ།། འོད་འཕྲོས་བདེ་གཤེགས་མདུན་བལྟས་ལ།། དེ་ལ་ཕྱག་འཚལ་མཆོད་པ་འབུལ།། སྡིག་བཤགས་ལམ་བསྟན་སྨོན་ལམ ་གདབ།། ཡོངས་སུ་བསྔོ་དང་མི་དམིགས་བསྒོམ།། དེ་ཡི་སྔགས་ཀྱང་འདི་ལྟ་སྟེ།། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། དེ་རྗེས་ཧཱུཾ་ལས་ཡོངས་བསྐྱེད་པའི།། བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ།། སྐུ་མདོག ་དམར་ནག་རྒྱན་དང་ལྡན།། ཕྱག་མཚན་རྣམས་ནི་གཞན་བཞིན་གསལ།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུཾ།། རྩ་བའི་སྐུ་བསྐྱེད་པའི་སྔགས་སོ།། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ་ཧ་ཧ་ཧ་ཧ། ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ་ཧེ། བྷྱོབྷྲྀརྦྷོརྦྷོབྷྱོ་བྷྱོ་བྷྱོ། བྷྱོ་བྷྲྀ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོབྷྲྀབྷྲྀ་བྷྱོ་བྷྲྀ་བྷྱོ་བྷྱོ། ཕཊ་ཕཊ་ཕཊ་ཕཊ་བསྐྱེད་པའི་ས་བོན་ནོ། ཨོཾ་བཛྲ་ཀི་ལི ་ཀི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། བསྐྱེད་པའི་སྙིང་པོའོ།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མརྠ ་ཀ་ཧཱཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡརྠ་ཨ་ཙ་ལ་ཧཱུཾ། བརྞ་བརྡྷ་སྟྭ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷཾ་ལ་དྷྭཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨ་པ་རི་ཛི་ཏ་ཧཱཾ། ཏིཥྛ་ཏིཥྛཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པྲེ་ཏ་ཀུཎྜ་ལི་ཧཱ། ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཁྲོ་བོའི་སྐུ་བསྐྱེད་པ་དང་བཟླས་པའི་སྔགས་སོ།། དྷི་བ་ཧྲི་ད་ཡ་བྷི་དྷ་ཡ། ཀྲོ་དྷ་ཛ་ལ་མཎྜལ་ཀ་ར ་ཡ་ཧཱུཾ་ཕཊ། རྩ་བའི་སྙིང་པོའོ།། ཨོཾ་ཕཊ། ཛ་ལ་ཛ་ལ། པྲ་ཛ་ལ་པྲ་ཛ་ལ། སྥུ་ཏ་སྥུ་ཏ། སྥུ་ཏ་ཡ་སྥུ་ཏ་ཡ། སྐུའི་སྙིང་པོའོ།། སརྦ་ནཱ་ག་བཱ་བྷྱ་ན་མ་པ་ར་པ་ར། གསུང་གི་སྙིང་པོའོ།། སརྦ་དུཥྚན་ཧྲྀ་ད་ཡ་ཤོ་དྷ་ནི་ཧཱུཾ་ཧཱུཾ ་ཕཊ།། ཐུགས་ཀྱི་སྙིང་པོའོ།། ཨོཾ་ཨཱཿཧཱུཾ། སྐུ་གསུང་ཐུགས་ཀྱི་སྙིང་པོའོ།། སྭཱ་ཧཱ། ཡོན་ཏན་ཕྲིན་ལས་ཀྱི་སྙིང་པོའོ།། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཡཀྵ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཨེ་ཀ་ཛ་ཊི་ཧཱུཾ་ཨ། ཡབ་ཡུམ་གཉིས་ཀྱི་སྔགས་སོ།། ཧཱུཾ་ཧཱུཾ། ་ཧཱུཾ། ཕཊ་ཕཊ་ཕཊ། ཐུགས་རྩེ་གཅིག་པའི་སྙིང་པོའོ།། ཨོཾ་བཛྲ་ཀྲོ་དྷི་དཱི་པ་ཡ་ཧི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ལཱ་སྱ་ཀི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་པྲ་ཏི་ཛ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཤྨ་ཤ་ན་པ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་མུ་ས་ལ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་ཙཎྜ་ཡ ་བ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱི་ཤ་སྱ་ཡ་ཏི་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་རིག་ཤ་ཡ་པ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷི་མཱ་ར་ཎ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཙུནྡ་མུ་ནེ་ཧཱུཾ།། ཁྲོ་མོ་རྣམས་ཀྱི་མིང་གིས་བསྐྱེད་པའོ།། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིགྷྣཱན་དིཔྟ་ཙ་ཀྲ་ཧྣ ་ཕཊ།། བསྐྱེད་ནས་གདོན་པའི་སྔགས་སོ།། གསོད་པའི་སྔགས་སུ་བསྟན་པ་ནི།། ཚང་ནས་བརྡེག་པའི་དུས་དེ་རུ།། བླ་འགུགས་ཕོ་ཉ་གཏང་བྱ་སྟེ།། ཧཱུཾ་དཔལ་གྱི་ཕོ་ཉ་ལས་མཁན་མོ།། དཀར་མོ་དུང་གི་མཆེ་བ ་ཅན།། མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ།། ལག་ན་སྤུ་གྲིས་སེམས་ཅན་སྒྲོལ།། ཞལ་དུ་སེམས་ཅན་སྙིང་ཁྲག་གསོལ།། སྤྲུལ་པའི་ཐོག་ཐོག་ཆར་ལྟར་འབེབས།། ཕོ་ཉ་སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ།། བསྐལ་པ ་བརྒྱ་ཁྲིའི་ཕ་རོལ་ནས།། དམ་ལས་འདས་པའི་བླ་འདྲེན་མ།། ཉམས་པའི་བླ་ལ་ནན་མ་ཆུང་།། ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི།། ནག་མོ་ལྕགས་ཀྱི་ལན་ཚར་ཅན།། ཁྱུང་གི་ཁྲ་ཚོགས་གཡས་པ་ན།། བྷནྡ་གྲི་ཐོགས ་གསོད་ལ་རྔམས།། ཚངས་པ་དཀྱིལ་བའི་ཆ་ལུགས་ཅན།། མི་གདུག་མགོ་ལ་གཅེར་བུ་ཅན།། ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ།། བསྐལ་པ་བརྒྱ་ནས་བླ་ཚེ་ཚོལ།། དཔག་ཚད་བྱེ་བར ་སྲོག་དབུགས་འགུགས།། ཉམས་པའི་བླ་དང་སྲོག་ལ་ཡ།། ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི།། དམར་མོ་ཉི་མའི་འོད་འཕྲོ་མ།། གདུག་པ་འདུལ་ལ་སྡང་བ་སེལ།། གསོད་ལ་རྔམས་ལ་ལས་ལ ་བརྩོན།། མཆེ་གཙིགས་གཡང་གཞི་གོས་སུ་གོན།། ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ།། རབ་ཏུ་མི་བསྲུན་བླ་འགུགས་མ།། ཉམས་པའི་བླ་དང་སྲོག་ལ་ཡ།། བྱང་གི་ཕྱོགས་ནས་འབྱུང་བ ་ནི།། ལྗང་ནག་དཀྱིལ་བའི་ཐོད་གདེངས་ཅན།། སེར་མོ་རལ་ཅན་གསུམ་གྱིས་བསྐོར།། ཕྱག་ན་རལ་གྲི་གསོད་ལ་རྔམས།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ།། སྔོན་ནས་དགྲ་བོའི་བླ་འགུགས་མ།། ཉམས་པའི་བླ་དང ་སྲོག་ལ་ཡ།། ནམ་མཁའི་ལྷ་མོ་ཕུར་པའི་ལྷ།། ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ།། སྤྱན་བརྒྱ་ཁྲག་གི་མཆི་མ་འཛག། ཞལ་བརྒྱ་གདུག་པའི་སྔགས་ཟེར་ཟློས།། ཚེམས་ཀྱིས་སྐྱེ་ཤིའི་རྩ་བ་གཅོད།། ཕུར་པའི་ལས ་མཁན་ཆེན་མོ་ལ།། རབ་ཏུ་མི་བསྲུན་ལས་ལ་བརྩོན།། ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད།། རྡོ་རྗེའི་སྐུ་གསུང་ཐུགས་ལས་སྤྲུལ།། ཉམས་པའི་བླ་དང་སྲོག་ལ་ཡ།། གཞན་ཡང་ཕོ་ཉར་གྲགས་པ་ཀུན།། དེ་དག་ལས ་ལ་བསྐུར་བར་བྱ།། དེ་དག་མངོན་པར་ཁུགས་པ་དང་།། གསད་པའི་ལས་ལ་སྦྱར་བར་བྱ།། ཨོཾ་ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ།། ཨོཾ་གྷ་གྷ་གྷ་ཏ་ཡ། སརྦ་དུཥྚཱན་མ་ར་ཡ་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ་ཧཱུཾཧྣ་ཧཱ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཡཱ་ཛྙཱ་པ་ཡ་ཏི། ཀ་ཡ་ཝཱ་ཀ་ཙིཥྛ་བཛྲ་ཀི་ལ་ཡ་ཧཱུཾ་ཕཊ། རྡོ་རྗེ་སྡེར་མོའི་སྔགས་སོ།། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་པ་ར་བི་དྷ་ན་ས་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བཅོམ་ལྡན་འདས་ཀྱིས་གསོད ་པའི་སྔགས་སོ།། ཨོཾ་ལཾ་ཧཱུཾ་ལཾ་སྟམྦྷ་ནི། མོ་ཧ་ཡ། བྷ་ག་ཝཱན། ཤྲཱི་ཀྲྀ་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། གཟིར་བའི་སྔགས་སོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཛཿཧཱུཾ་བཾ་ཧོཿ། འགུགས་ཤིང་བཅིང་བའི་སྔགས ་སོ།། ཨོཾ་སརྦ་བིབཱན་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཧྭཱ་ཀཱ་ར་ཧཱ་ཡ། ཚེ་ལུང་ངོ་། པ་ར་བི་དྷརྠ་སྨིནྡ་ཙྪིནྡ་ཧཱུཾ་ཕཊ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་བཛྲ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ་ཧཱུ~ཾ་ཕཊ། བྷནྡ་བྷནྡ་བཛྲ་ཧཱུཾ་ཕཊ། ་ཏ་ཐཱ་ཡ་ཏ་ཐཱ་ཡ་བཛྲ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧྲྀ་ད་ན་ཧཱུཾ་ཕཊ། ཤྲཱི་ཀྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛ་ལ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བིནྡ་ཡ་བིནྡ་ཡ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། ད་ཧ་ད་ཧ་བཛྲ་ཧཱུཾ། ་ཕཊ། པ་ཙ་པ་ཙ་བཛྲ་ཧཱུཾ་ཕཊ། མ་ཐ་མ་ཐ་བཛྲ་ཧཱུཾ་ཕཊ། ཛ་ལ་ཛ་ལ་བཛྲ་ཧཱུཾ་ཕཊ། སུ་རུ་སུ་རུ་བཛྲ་ཧཱུཾ་ཕཊ། མུ་རུ་མུ་རུ་བཛྲ་ཧཱུཾ་ཕཊ། ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སཾ་ན་པྲ་མརྡ་ནི་ཡ་ཧཱུཾ་ཕཊ། ་ཧཱུཾ་ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་རེ། ཨི་དན་ཏེ། མ་མ་ཀརྨྨ་ཤྲི་ཀྲང་ཀ་ར་སྭཱ་ཧཱ། ཨོཾ་སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཧཱུཾ་ཕཊ། ཨོཾ་སུ་རུ་སུ་རུ་ཨུ་ཙུཥྤ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཏ་ཐ་ས་ནན་ཀྲོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བི་ཤུདྡྷེ། ་ཨ་བི་ཤུདྡྷ་ཡ། བི་དྷ་ར་བི་དྷ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་ཀུ་ཤ་ཨོཾ་བཛྲ་རྦ་ན་རྦ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀརྨ་ཀྲོ་དྷ་ཧཱ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ་ཧཱཾ། ཨོཾ་བཛྲ་ཀྲོ་ཏ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་\ུ0f7f། ་བན་དྷ་བན་དྷ། ཙྪིནྡ་ཙཱིནྡ། རྦ་ན་རྦ་ན་ཧཱཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀྲོ་དྷ་ཡཀྵ་ཁ་ཁ་ཁ་ཧི་ཁཱ་ཧི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨཱ~ཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷནྨ་ཡ། ཛ་ཊི་ལཾ་བོ་ད་ར་ཎ། ཨུ་ཙུཥྨ་ཀྲོ་དྷ ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁ་ཐཾ་ཁ་ཐཾ་ཁ་ཐཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། རཾ་ཛ་ལ་རཾ་ཛ་ལ་སྥ་ར་ན་ཧཱུཾ་ཕཊ། ཨོཾ་བཛྲ་སུ་མེ་རུ། ཧཱུཾ་ས་མ་ཡཱ་སྟྭཾ། ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་ཧི་བྷ་ག་ཝཱན། བཱི་ར་ཡཀྵ་བཛྲ་བྷྱོ། རུ་ལུ་རུ ་ལུ་ཧཱུཾ། ཨོཾ་པྲ་ཏཱིཙྪ་ཧཱུཾ། ཨཱིཾ་ས་མ་ཡ། ཨ་མྲྀ་ཏ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་ཧཱཾ་སྭཱ་ཧཱ། ཨཱིཾ་ན་མོ་བྷ་ག་ཝ་ཏེ་ཤ་ཥ་ཎ་ཏི་ཀི་རུ། ཏདྱ་བཛྲ། ཌ་ཎ་ཌེ་ཡེ། མེ་ཀི་ན་ཀེ། ཙ་ལ་ཙ་ལ། མ་ལ་མ་ལ་ཏི་ལི་ཏི་ལི་སྭཱ་ཧཱ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ། སུཾ ་བྱཱཧཱུ~ཾཧཱུཾ་མིང་ཧཱུཾ་ཕཊ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ། པུཥྚི་ཧཱུཾ་མིང་ཧཱུཾ་སཱ་ཧ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་ཤནྟི་ཧཱུཾ་མིང་སཱ་ཧ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡཱ། གྷཥྨ་ཨ་སཱ་ཧ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡཱ། ཧཱུཾ་ཛྙཱ་ཛྫ། ཨོཾ་རོ་རུ་པ་དིཥྚ་ས་མ་ཡ་ཧཾ། ཨཱ་ར ་ལི་ཛཿཧཱུཾ་བཾ་ཧོཿ། སྤྱན་དྲངས་པའི་སྔགས་སོ།། ཨཽ་བཛྲ་ས་མ་ཡ། ཡོ་གི་ནཱི་པྲ་ཏཱིཙྪ་ཧཱུཾ་ཧཱུཾ། ཞལ་དབྱེ་བའི་སྔགས་སོ།། ཁ་ཁ་དུར་མ་ཏི་མ་རུང་། རུ་ལུ་རུ་ལུ་ཧཱུཾ་ཧཱུཾ་བྷྱོ་བྷྱོ། ཀུ་མ་ད་རི་ཤུ་ད་རི། ཙ་མུན་ད་རི། ཀངྐ་ད་རི། ཁ ་རཾ་ཡོ་གི་ནི། ས་མ་ཡ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏིཙྪ་ཁཱ་ཧི། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེ། ཨོ་ཨོ། ཨཾ ་ཨཿ།། སྔགས་དེ་ཕྱི་མོ་ཡང་དག་ལྡན།། དེ་ལས་བྱུང་བའི་སྔགས་རྣམས་ཀྱིས།། བསྐྱེད་དང་ཡོངས་སུ་རྫོགས་པ་དང་།། བཟླས་དང་དགུག་དང་བསྟིམ་པ་དང་། བཅིང་པ་མཐུ་འཕྲོག་གཟིར་བ་སྟེ།། ལས་ཀྱི་བྱེ་བྲག ་ཡོངས་གསལ་བྱ།། གདབ་དང་ཐུན་དབབ་གཟུགས་ཕུང་གཏུབ།། བརྡུང་དང་ཞལ་བསྟབ་དབྱིངས་སུ་འཕངས།། ཀཱི་ལི་ཀཱི་ལས་མཐུ་བསྐྱེད་ཅིང་།། ཀཱི་ལི་ཀི་ལིའི་བཟླས་པ་བྱ།། ཞི་དང་རྒྱས་དང་དབང་དང ་དགུག། དྲག་པོ་སྐྲོད་པའི་དོན་རྣམས་འབྱུང་།། བྱང་ཆུབ་ཡིད་ལ་དྲན་པ་ཡིས།། མང་དུ་ཐོས་ཤིང་ལས་ལ་མཁས།། ལྷ་དང་གཉིས་མེད་མི་ཕྱེད་དང་།། དྲག་ཅིང་མེད་སེམས་དང་ལྡན།། ཕྲག་དོག་མེད་ཅིང་ཁོང་ཁྲོ ་མེད།། གཞན་ལ་རེ་བ་མི་འཇོག་ཅིང་།། རྩ་བ་ཡན་ལག་དམ་ཚིག་རྣམས།། མ་ཉམས་ངེས་ཐུབ་གཞུང་བཞིན་བསྲུང་།། དེ་འདྲའི་རྣལ་འབྱོར་དམ་པ་དེས།། ལས་སུ་བྱ་བ་ཐམས་ཅད་འགྲུབ།། དང་པོ་ཤེས་རབ་རྣམ ་གསུམ་གྱིས།། གཏན་ཚིགས་དོན་ལ་ཡིད་ཆེས་ནས།། དེ་ནས་ངེས་པར་དབང་ཐོབ་སྟེ།། སྙིང་རྗེའི་སེམས་དང་ལྡན་པ་ཡིས།། ཁམས་གསུམ་འཁོར་བ་གཟུང་བར་བྱ།། དོན་འདི་དག་དང་མི་ལྡན་ཞིང་།། ངེས་པའི ་དབང་རྣམས་མ་ཐོབ་དང་།། མཁས་ལ་སྒྲོ་སྐུར་འདེབས་པ་དང་།། གསང་སྔགས་ཐེག་ཆེན་སྐུར་འདེབས་དང་།། རང་ཤེས་སྦྱང་ཚིག་ཚུལ་གནས་དང་།། དམ་ཚིག་ཉམས་པར་གྱུར་པ་དང་།། དོན་མེད ་ཕྱལ་པར་གཏོང་བ་རྣམས།། འདི་ནི་རྣལ་འབྱོར་མ་ཡིན་ཏེ།། ལོག་པའི་ལམ་དུ་ཤེས་པར་བྱ།། དེ་ཡིས་སྤྱད་ཀྱང་ཡོངས་མི་འགྲུབ།། སླར་ལ་རང་སེམས་བརླག་པ་དང་།། འབྲས་བུ་མནར་མེད་དམྱལ་བར་སྐྱེ།། འདི ་དག་རྩོམ་པའི་རྣལ་འབྱོར་པས།། རིགས་ཀྱི་རྣལ་འབྱོར་གྲལ་དུ་སྨོས།། གཞན་ཡང་ལས་འདི་རྩོམ་པ་ཡི།། རྣལ་འབྱོར་པ་ནི་གང་ཡིན་ན།། ཐེག་པ་བསམ་ཡས་སེམས་ལ་གསལ།། ལྟ་བ་མི་འགྱུར་གདེང་དུ ་འཇོག། སྒོམ་པ་ཡེངས་མེད་དོན་ལ་གསལ།། དམ་ཚིག་ཉན་ཐོས་ཁྲིམས་བཞིན་བསྲུང་།། རྒྱུད་དང་སྒྲུབ་ཐབས་ཀུན་ལ་མཁས།། རྫས་དང་ལག་ཆ་རྟག་ཏུ་འཆང་།། དོན་དང་མན་ངག་སེམས་ལ་འཆང་།། ཚུལ་དང ་ང་ཚུལ་བཟང་ལ་ཤིས།། དུས་དྲུག་མཆོད་པ་རྒྱུན་མི་གཅད།། ཕུང་པོ་ལྷ་དང་གཉིས་སུ་མེད།། སེམས་ནི་ཆོས་ཉིད་དང་ལ་གནས།། རྣལ་འབྱོར་རྟག་ལྡན་དམ་པ་དེས།། ལས་སུ་བྱ་བ་ཀུན་རྫོགས་ནས།། བཟླས་པ ་དག་ལ་རབ་ཏུ་བརྩོན།། སྔགས་དང་ཕྱག་རྒྱ་རྟག་ཏུ་འཆང་།། དེ་ལྟ་བུ་ཡི་རྣལ་འབྱོར་པས།། ལས་དང་བྱ་བ་གདོན་མི་ཟར།། ངེས་པར་བརྩམས་པས་འབྲས་བུ་འགྲུབ།། གཏོར་མའི་ལས་ལ་ཁྱད་པར ་མཁས།། མཁའ་འགྲོ་ལས་ལ་འཁོལ་མཁས་ན།། དགའ་ཤིང་འགུགས་པར་བྱ་བ་ཤིས།། དྲག་ཤུལ་ཐབས་ཀྱི་ཕོ་ཉ་ནི།། རྫུ་འཕྲུལ་ཤུགས་ལས་ཐབས་ཀྱིས་འགྱེད།། རྣམ་རྟོག་མཚན་མ་ཐབས་ཀྱིས་འདུལ།། གཙང ་སྨེ་མེད་པར་སྤྱོད་པ་དེས།། ལས་སུ་བྱ་བ་ཀུན་འགྲུབ་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས ་སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་གསང་གསུམ ་བདག། གཉིས་མེད་དོན་ལྡན་མཚོན་པ་ནི།། ཕྱག་རྒྱ་རྣམས་ནི་ཇི་ལྟར་ལགས།། དེ་ཡིས་ལས་ནི་ཇི་ལྟར་འགྲུབ།། གསང་གསུམ་བདག་ལ་བཤད་དུ་གསོལ།། ཞེས་གླེངས་པ་དང་། དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ ་ཀི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཁྲོས་པའི་རྒྱལ་ལ་སོགས་པ་ཡི།། ཕྱག་རྒྱ་དམ་པ་བཤད་བྱ་བ།། ཁྲོ་བོའི་སྟབས་སུ་གནས་ནས་ཀྱང་།། ལག་གཡས་རྡོ་རྗེ་གདེངས་པ་ཡིས།། ལག་གཡོན་ཕུར་པ ་བཟུང་ཐབས་སུ།། བགྲད་པའི་ཚུལ་དུ་གནས་བྱས་པ།། ཁྲག་འཐུང་ཕྱག་རྒྱ་ཡིན་པར་བཤད།། ཕྱག་རྒྱ་དམ་པ་འདི་བཅས་ནས།། ཉིད་ཀྱི་རྩ་བའི་སྔགས་བཟླས་པས།། སངས་རྒྱས་རྡོར་འཛིན་ལ་སོགས ་རྣམས།། རྒྱལ་བར་འདོད་ན་རྒྱལ་བར་འགྱུར།། འཆིང་བར་འདོད་ན་འཆིང་བར་འགྱུར།། ཁམས་གསུམ་སེམས་ཅན་སྨོས་ཅི་དགོས།། ཁྲོ་མོའི་སྟངས་སུ་གནས་བྱས་ཏེ།། གཡས་པ་ཐབས་ཀྱི་གཙོ་ལ ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། འདི་ནི་ཁྲོས་པའི་རྒྱལ་མོ་སྟེ།། ཡུམ་གྱི་ཕྱག་རྒྱ་འདི་བཅིངས་ནས།། ཉིད་ཀྱི་རྩ་བའི་སྔགས་བཟླས་པས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། སྐུ་གསུང་ཐུགས ་རྣམས་རབ་མཉེས་ཏེ།། བདག་གི་དབང་དུ་འདུ་བར་ངེས།། རྐང་པ་མཐིལ་སྦྱར་ཐུར་དུ་གཟུག། གཡས་པ་སྟ་རེ་གྱེན་དུ་འཕྱར།། གཡོན་པ་ཕུར་པ་འདེབས་པའི་ཚུལ།། གཟུགས་པོ་གཅུས་ཤིང་ཟུར་མིག་བལྟ།། འདི ་ནི་སྲས་མཆོག་ཕུར་པའི་རྒྱ།། རྒྱ་འདི་བཅིངས་ཤིང་སྔགས་བཟླས་པས།། སངས་རྒྱས་ཉིད་ཀྱང་འཆིང་འགྱུར་ན།། ཁམས་གསུམ་སེམས་ཅན་སྨོས་ཅི་དགོས།། ལག་གཉིས་ཐལ་སྦྱར་གྱེན་དུ་བསྒྲེང་།། རྐང་པའི ་མཐིལ་སྦྱར་ཐུར་དུ་བཙུགས།། གཅུ་ཞིང་རོལ་པའི་ཚུལ་དུ་སྟོན།། ཧཱུཾ་ཆེན་ཕྱག་རྒྱ་ཡིན་པར་བཤད།། ཕྱག་རྒྱ་བཅིངས་ཤིང་སྔགས་བཟླས་གཏད།། དུས་གསུམ་སངས་རྒྱས་འགུགས་འགྱུར་ན།། རྒྱལ་པོའམ་བུ་མོ ་སྨོས་ཅི་དགོས།། ལག་གཡོན་མཛུབ་བསྒྲེང་སྙིང་གར་བཞག། གཡས་པ་མཛུབ་བཀུག་ལྕགས་ཀྱུར་བྱས།། སྤྱན་བཟློག་སྟངས་ཀྱིས་བལྟ་བ་ནི།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན། སྔགས་བཟླས་རྒྱ་འདི་བཅས་པས ་ནི།། རླུང་གཅོད་འདོད་ན་འཁོར་ལོ་ལའོ།། ཆུ་ཆེན་གཅོད་ན་ཕུར་པ་སྟེ།། ཇི་ལྟར་འདོད་པ་ཟློག་པར་བྱེད།། གཡོན་པ་ཁྲོ་མཛུབ་སྙིང་གར་བསྒྲེང་།། གཡས་པ་རྩེ་གསུམ་གྱེན་དུ་སྒྲེང་།། བརྡེག་པའི་ཚུལ་དུ་གནས་པ ་ནི།། དབྱུག་པ་སྔོན་པོའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། རྡོ་རྗེའི་བྲག་ཀྱང་འཇོམས་པར་ནུས།། གསོད་པའི་ལས་ལ་ངེས་པར་འགྲུབ།། ལག་གཉིས་ཁུ་ཚུར་བཅིངས་པ་ལས།། གུང་གཉིས ་སྦྲསྨད་དེ་བསྒྲེང་བར་བྱ།། རྒྱབ་ཀྱི་ཚིགས་ལ་མཛུབ་མོ་དཀྲི།། མཐེབ་གཉིས་གཞིབས་ཏེ་མདུན་བཞག་སྟེ།། ཁ་ཡི་ཚུལ་དུ་བྱས་པ་ནི།། གཤིན་རྗེའི་གཤེད་པོའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད ་བྱས་ན།། འགུགས་པར་འདོད་ན་རང་དབང་མེད།། གསད་པར་འདོན་ན་ཡུད་ཀྱིས་འཆི།། དབྱེ་བར་འདོད་ན་དུག་གིས་སོ།། བསྐྲད་པར་འདོད་ན་དུར་ཁྲོད་རས་མ་ལའོ།། ལག་པ་གཉིས་ཀྱི་མཐེ་བོང་གོང་།། སྲིན ་ལག་མཐེ་ཆུང་སེན་མོས་མནན།། གུང་མོ་མཛུབ་མོ་གཤིབས་ཏེ་བརྐྱང་།། རལ་གྲི་ལྟ་བུར་བྱས་པ་ནི།། མི་གཡོ་མགོན་པོའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། ལྷའམ་ཀླུའམ་གནོད་སྦྱིན ་ནམ།། བདག་གིས་ལས་གང་བསྒོ་བ་བཞིན།། གང་འདོད་ལས་ལ་མྱུར་དུ་འགྲོ།། བགེགས་རྣམས་མེད་པར་འདོད་པ་ལ།། སྲིན་ལག་རྩེ་ལ་རི་ལུ་གདགས།། དེ་ཡིས་སྐྲག་ཅིང་བྲེད་པར་འགྱུར།། ལག་གཉིས་སོ་སོར ་ཁུ་ཚུར་བཅངས།། མཐེ་ཆུང་གཉིས་ནི་ལུགས་རྒྱུད་སྦྲེལ།། མཛུབ་མོ་གཉིས་གཤིབས་བསྒྲེང་བ་ནི།། ལན་གསུམ་བསྐོར་ནས་དཔྲལ་པར་བཞག། རྟ་མགྲིན་རྒྱལ་པོའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས ་བཟླས་གཏད་བྱས་ན།། དུག་རྣམས་གཞོམ་པར་བུམ་པ་བྱའོ།། སེར་བ་བཟློག་ན་ཐལ་བས་སོ།། འཇིགས་པ་ལས་ཐར་སྨན་ལྔའོ།། ལག་གཉིས་ཁུ་ཚུར་སོ་སོར་བཅིངས།། རྒྱབ་སྦྲད་མཐེ་ཆུང་ལུ་གུ་རྒྱུད།། མཛུབ ་གཉིས་རྩེ་མོ་སྤྲད་ནས་ཀྱང་།། ཞགས་པ་ལྟ་བུར་བྱས་ན་ནི།། གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། ས་བཅུའི་བྱང་ཆུབ་སེམས ་དཔའ་རྣམས།། རབ་ཏུ་གནད་ལ་འབེབས་པར་བྱེད།། གདོན་དང་འབྱུང་པོ་རོ་ལངས་རྣམས།། དུར་ཁྲོད་གཡམ་པས་གཟིར་བར་བྱེད།། ལག་པ་གཉིས་ཀྱི་མཐེ་བོང་གིས།། མཐེ་ཆུང་གཉིས་ཀྱི་སེན་མོ་མནན།། ལྷག ་མ་གསུམ་པོ་དཔུང་མགོར་བསྣོལ།། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། སངས་རྒྱས་སེམས་ཅན་དོན་ལ་བསྐྱོད།། བྱང་ཆུབ་སེམས་དཔའ་ས་ལ་སྤྱོད།། སྐྱེ་བོའི་བགེགས ་རྣམས་གནས་ལ་བསྐྱོད།། ལག་གཉིས་ཁུ་ཚུར་སོ་སོར་བཅངས།། མཛུབ་གཉིས་བསྒྲེངས་ཏེ་འཁྲིག་མ་བསྣོལ།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། སངས་རྒྱས་བྱང ་ཆུབ་སེམས་དཔའ་ཡང་།། འཆི་བར་འགྱུར་ཏེ་གདོན་མི་ཟ།། གཡོན་པ་ཁུ་ཚུར་སྙིང་གར་བཞག། གཡས་པ་སྟ་རེ་བརྡེག་པའི་ཚུལ།། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་བཟླས་གཏད་བྱས་ན།། ཐན་པ ་བྱུང་ན་ཆར་པ་འབེབས།། ཆར་ཆེན་ཡང་དག་གཅོད་པར་བྱེད།། ཁྲོ་མོའི་སྟབས་སུ་གནས་ནས་ཀྱང་།། གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད།། གཡོན་པ་དུང་ཁྲག་གཙོ་ལ་སྟོབ།། ཁྲོ་མོ་རྣམས་ཀྱི་ཕྱག་རྒྱར་བཤད།། རྒྱ ་བཅིངས་སྔགས་བཟླས་གཏད་བྱས་ན།། སོ་སོའི་ལས་རྣམས་འབྱུང་བར་བྱེད།། ལག་པ་གཉིས་ཀྱི་རྟིང་སྦྱར་ནས།། གུང་མོ་རྩེ་སྦྲད་དྲག་ཏུ་དྲིལ།། འདི་ནི་ཕུར་བུ་འདྲིལ་བའི་རྒྱ།། གཡོན་པ་ཁུ་ཚུར་བཅངས་ནས ་ནི།། གཡས་པ་རྡོ་རྗེ་ཐོ་བས་བརྡེག། ཕུར་བས་བརྡེག་པའི་ཕྱག་རྒྱ་ཡིན།། ལག་པ་གཉིས་ནི་ཐལ་སྦྱར་ནས།། གུང་མོ་རྩེ་སྤྲད་མཐེའུ་ཆུང་བརྐྱང་།། སྲིན་ལག་མཛུབ་མོ་རྒྱབ་བསྣོལ་ཏེ།། མཐེའུ་ཆུང་གཤིབས་ཏེ་རབ ་ཏུ་བསྒྲིལ།། འདི་ནི་ཕུར་བུ་འདྲིལ་བའི་རྒྱ།། མཐེབ་མཛུབ་གཉིས་ཀྱི་བར་དུ་ནི།། ཕུར་པ་བཙུག་པ་ཡས་མར་བདག། བབ་དུས་བརྡེག་པའི་ལས་ལ་བསྐུལ།། འདི་ནི་ཕུར་བུ་བསྐུལ་པའི་རྒྱ།། ལག་གཡོན་སྟེང་ནས ་གདུགས་ལྟར་དགབ།། གཡས་པའི་མཐིལ་དུ་ཧོ་ལས་སྟེང་།། གདུག་པ་དབུལ་བའི་ཕྱག་རྒྱ་ཡིན།། ལག་གཉིས་ཉི་ཟླའི་ཚུལ་དུ་སྦྱར།། དཀྱིལ་དུ་ཉུང་དཀར་བཅུག་ནས་ནི།། ཕུར་པ་གཟི་བྱིན་བསྐྱེད་པའི་རྒྱ།། ལག ་པ་གཉིས་ཀྱི་རྟིང་སྦྱར་ནས།། པདྨ་འདྲ་བ་སྟེང་དང་འོག། གཏོར་མ་བསྔོ་བའི་ཕྱག་རྒྱ་ཡིན།། ལག་གཉིས་སོ་སོར་ཁུ་ཚུར་བཅིངས།། རྒྱབ་སྦྲད་མཐེ་ཆུང་ལུ་གུ་རྒྱུད།། གཡོན་པའི་མཛུབ་བསྒྲེང་རྒྱབ་ཏུ ་ནི།། གཡས་མཛུབ་ལྕགས་ཀྱུ་ལྟར་བྱས་པ།། འགུགས་ཤིང་འདྲེན་པའི་ཕྱག་རྒྱ་ཡིན།། གཡས་གཡོན་ལག་པ་སོ་སོར་སྦྲེལ།། ཚིགས་ཆེན་བཀུག་ནས་ཟུར་དུ་བྱས།། མཐེ་བོང་གཤིབས་ནས་མདུན་བཞག་པ།། རི ་རབ་ཀྱིས་གཟིར་ཕྱག་རྒྱ་ཡིན།། ལག་གཉིས་ཁུ་ཚུར་བཅངས་ནས་ཀྱང་།། མཛུབ་བསྒྲེང་ཀུན་ཏུ་བསྟན་ནས་ནི།། གཡས་པ་ཞགས་པ་འཛིན་ཚུལ་བྱ།། ཡན་ལག་བཅིང་བའི་ཕྱག་རྒྱ་ཡིན།། གཡས་གཡོན་སོར ་མོ་བསྣོལ་ནས་ཀྱང་།། བརྐྱང་སྟེ་ཁ་སྦུབ་བྱས་པ་ནི།། གཟུགས་ལ་འབེབས་པའི་ཕྱག་རྒྱ་ཡིན།། ལག་གཉིས་སོར་མོ་བསྣོལ་ནས་བསྡམས།། གུང་གཉིས་གཤིབས་ནས་བསྒྲེང་བ་ནི།། ཚེ་ལུང་ཆེན་པོའི་ཕྱག་རྒྱ ་ཡིན།། གཡས་གཡོན་ཁུ་ཚུར་བཅངས་ནས་ནི།། མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ།། སྙིང་ག་ནས་འཛིན་ཚུལ་དུ་བྱ།། གཡས་པ་རལ་གྲིས་གཏུབ་པ་ནི།། གཟུགས་ཕུང་བཤིགས་པའི་ཕྱག་རྒྱ་ཡིན།། གཡས་གཡོན ་གཉིས་ཀྱི་ཁུ་ཚུར་བཅངས།། སྤྱི་བོའི་སྟེང་དུ་བཞག་པ་ནི།། ཕུང་པོ་བརྡུང་བའི་ཕྱག་རྒྱ་ཡིན།། ལག་གཉིས་སོར་མོ་བསྣོལ་ཏེ་བརྐྱང་།། མཐེ་བོང་མཐེའུ་ཆུང་གཤིབས་ལ་བསྒྲེང་།། ལས་ཀྱིས་གདབ་པའི་ཕྱག་རྒྱ ་ཡིན།། རྒྱ་བཅིངས་སྔགས་བཟླས་ཉི་ཤུ་གཅིག། ལན་གསུམ་མགོ་ལ་བསྐོར་ལ་གཏུག། སུས་ཀྱང་ཐོན་པར་ཡོངས་མི་འགྱུར།། ཚེ་ལུང་ཆེན་པོའི་ཕྱག་རྒྱ་ཡིན།། ཕུར་པའི་མགོ་ལ་རབ་གཏུགས་ཏེ།། རྒྱ་བཅིངས ་སྔགས་ནི་ལན་བདུན་བཟླས།། ལྷ་དང་བགེགས་ནི་དམ་མི་འདའ།། ལག་གཉིས་སོར་མོ་ནང་དུ་བསྣོལ།། མཐེ་བོང་མཐེའུ་ཆུང་རྩེ་སྤྲད་བསྒྲེངས།། སོར་མོ་ནང་དུ་སོ་སོར་བརྒྱངས།། ཁ་སྦུབ་ཕུར་པའི་སྟེང་དུ ་བརྐྱངས།། རྒྱ་བཅིངས་སྔགས་བཟླས་ཉི་ཤུ་གཅིག། བདག་གི་བཀའ་ཉན་བྲན་བཞིན་བྱེད།། སྟོབས་ཆེན་སྔགས་ནི་ཡིན་པར་འདོད།། དེ་ནས་ལག་གཉིས་རྒྱབ་སྦྱར་ཏེ།། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ།། ཁུ་ཚུར ་བཅངས་ཏེ་མཛུབ་མོ་བསྒྲེང་།། ཁ་འགྲམ་གཉིས་སུ་དགུ་པོར་བྱ།། མཆེ་བས་གསོད་པ་ཡིན་པར་བརྟག། རྐང་པ་གཡོན་པ་སྙིང་གར་མནན།། སྡང་མིག་བལྟས་ལ་ལན་གསུམ་དུ།། བཟླས་ཤིང་སྙིང་རྩ་གཅད་པར ་བསམ།། ལག་གཉིས་སོར་མོ་ལུག་རྒྱུད་ནས།། གཡོན་པའི་མཐེ་བོང་གཡས་པས་མནན།། མཛུབ་གཉིས་ནང་སྦྱར་མཉམ་པར་བསྒྲེང་།། རྡོ་རྗེ་བེ་ཅོན་ཕྱག་རྒྱ་ཡིན།། རྒྱ་བཅིངས་སྔགས་ནི་ཉི་ཤུ་གཅིག། འོ་ན་དེ ་བདུན་ནམ་སྡང་མིག་བལྟ།། གཟུགས་ཕུར་ཐལ་བར་གྱུར་པར་བརྟག། ཉུང་དཀར་བརྡེག་ཅིང་གུ་གུ་ལ་བདུག། ལས་འདི་གྲུབ་པར་གྱིས་ཤིག་བཅོལ།། ཅུང་ཟད་ལས་སུ་མ་རུངས་ན།། ཁྲོ་བོའི་སྟེང་དུ་རི་རབ ་བསྐྱེད།། རི་རབ་སྟེང་དུ་ཧཱུཾ་བསམས་ཏེ།། ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་ལྡང་།། མེ་ལྕེའི་ཕྲེང་བས་བསྐོར་བར་བསམ།། དེ་སྟེང་ཉི་ཟླའི་དཀྱིལ་འཁོར་རོ།། དེ་སྟེང་ཧཱུཾ་ལས་དོན་ཡོད་གྲུབ།། དབུ་གསུམ་ཕྱག་དྲུག ་སྐུ་མདོག་ལྡང་།། གཡས་ན་འཁོར་ལོ་རབ་ཏུ་འཕྱར།། གཡོན་ན་རྡོ་རྗེ་རྒྱ་གྲམ་ཐོགས།། འཁོར་རྣམས་དང་བཅས་པོ་བྲང་གདབ།། ཁྲོ་བོའི་སྟབས་ཀྱིས་ཤིན་ཏུ་གཟིར།། ལས་མ་གྲུབ་པར་བསྐལ་པའི་མཐར།། ཁྱོད ་ཀྱིས་མ་བཏང་བཅོལ་ལ་བཞག། གཞན་ཡང་སྤྲུལ་པ་ལྕམ་དྲལ་དང་།། མ་མོ་མཁའ་འགྲོ་ཅི་བགྱིའི་ཚོགས།། སོ་སོའི་སྔགས་དང་ཕྱག་རྒྱ་དག། ངེས་པ་མེད་པར་རྒྱལ་བས་གསུངས།། དོན་དུ་ཕྱག་རྒྱ་ལ་སོགས ་པ།། ཡང་དག་རྟོགས་ན་ཀུན་ཀྱང་རྒྱ།། མ་རྟོགས་མཚན་མ་རྟོག་པའི་གཞི།། ངེས་པ་མེད་པར་རྒྱལ་བས་གསུངས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང ་བའི་ཡང་གསང་བ། ཀི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་ཕྱག་རྒྱའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཀརྨ་ཧེ་རུ་ཀས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གླེངས་སོ།། ཀྱེ་ཀྱེ་བཅོམ་ལྡན ་རྫུ་འཕྲུལ་བདག། བདེ་གཤེགས་ཕྱག་རྒྱ་དེ་ལགས་ན།། རྣལ་འབྱོར་ལས་དང་རྟོག་པ་ལ།། སྐུ་མདོག་ཕྱག་མཚན་མི་འཚལ་ལམ།། སྤྱི་དང་སོ་སོའི་བྱེ་བྲག་ཅི།། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཁྲག་འཐུང ་གི་རྒྱལ་པོ་བཛྲ་ཀི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་ལས་དང་འདིར་འཇུག་པ།། སེམས་སྦྱོང་པ་ཡི་ཐབས་འདི་ཡིན།། དང་པོ་སྤྱི་ཡི་དཀྱིལ་འཁོར་གྱིས།། ཁ་དོག་དབྱིབས་ལ་བརྟན་པར ་བཟུང་།། ཁ་དོག་དབྱིབས་རྣམས་འདི་ལྟ་སྟེ།། ཁྲོ་བོ་ཧཱུཾ་ཆེན་ཀ་ར་ནི།། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། ཞབས་ནི་རྣམ་པ་བཞི་རུ་བགྲད།། གཡས་དཀར་གཡོན་སྔོ་དབུས་སྔོ་བ།། གཡས་གཡོན་དང་པོ་རྡོ་རྗེ ་བྷན།། བར་མ་གཉིས་ནི་མདའ་གཞུང་འགེངས།། མཐའ་གཉིས་རི་རབ་ཕུར་བུ་འདྲིལ།། ཐོད་སྐམ་ཐོད་རློན་ཕྲེང་བས་བརྒྱན། སྟག་དང་གླང་ཆེན་སྦྲུལ་གྱིས་བརྒྱན།། ཁྲོ་མོ་གཡས་ན་དྲིལ་བུའོ།། ཁྲོ་བོ་རྣམ་པར་རྒྱལ ་བ་ནི།། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། གཡས་སྔོ་གཡོན་ལྡང་དབུས་མ་དཀར།། བར་གཉིས་རྡོ་རྗེ་འཁོར་ལོའོ།། ཁྲོ་བོ་དབྱུག་པ་སྔོན་པོ་ནི།། གཡས་དཀར་གཡོན་པ་དམར་སྐྱ་སྟེ།། དབུས་མའི་ཞལ་ནི་སྔོ་ལ ་སྒྲསྐྱ།། བར་གཉིས་དབྱུག་པ་མེ་དཔལ་བསྣམས།། ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི།། གཡས་པ་སྔོ་ལ་སྐྱ་བ་སྟེ།། གཡོན་པ་ལྡང་ལ་གནག་པའོ།། རྩ་བའི་ཞལ་ནི་ནམ་མཁའ་འདྲ།། བར་མ་གཉིས་ན་བསྣམས་པ ་ནི།། དབྱུག་པ་མི་མགོ་དགྲ་སྟའོ།། ཁྲོ་བོ་མི་གཡོ་མགོན་པོ་ནི།། དབུས་ལྡང་གཡས་སྔོ་གཡོན་སྨུག་ནག། བར་མ་གཉིས་ན་རྡོ་རྗེ་ཞགས།། ཁྲོ་བོ་ཆེན་པོ་རྟ་མགྲིན་ནི།། གཡས་དཀར་གཡོན་སྔོ་དབུས་མ་ད ་མར།། བར་མ་གཉིས་ན་རལ་གྲི་ཞགས།། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། གཡས་སེར་གཡོན་ལྡང་དབུས་དམར་སྐྱ།། བར་གཉིས་བྷནྡ་རྔ་ཡབ་བོ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ནི།། གཡས་སེར་གཡོན ་དུད་དབུས་ལྡང་ནག། གཡས་པ་རྡོ་རྗེ་རྒྱ་གྲམ་ལ།། གཡོན་པ་རིན་ཆེན་དབྱུག་པའོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ།། གཡས་དཀར་གཡོན་དམར་དབུས་སེར་པོ།། བར་གཉིས་འཁོར་ལོ་མདའ་གཞུའོ།། ཁྲོ་བོ ་ཆེན་པོ་སྟོབས་ཆེན་ནི།། གཡས་ནག་གཡོན་དམར་དབུས་དུད་ཀ། བར་གཉིས་ཞགས་པ་ཐོ་བ་ཐོགས།། ཁྲོ་བོའི་རྒྱལ་པོ་དེ་དག་ཀུན།། དང་པོ་མཐའ་མ་ཀུན་ཀ་ན།། རྡོ་རྗེ་བྷནྡ་ཕུར་པར་བཤད།། དུར་ཁྲོད་རྒྱན་ཡང ་དེ་བཞིན་ནོ།། ཁྲོ་མོ་ཀུན་ཀྱང་ཡབ་འདྲ་སྟེ།། གཡས་ཀྱི་ཕྱག་ན་དྲིལ་བུའོ།། སྤྲུལ་པ་ལྕམ་དྲལ་སྐུ་མདོག་ནི།། གཡས་གཡོན་མདོག་ལས་ཤེས་པར་བྱ།། གཡས་ཀྱི་དང་པོ་རང་རྟགས་ལ།། གཡོན་གྱི་དང་པོ་དེ་བཞིན ་སྤྲིན།། བཛྲ་ཡཀྵི་ཎཱི་ཞེས་པས།། ཤར་དུ་པུ་ཤུད་མགོ་ཅན་དེ།། སྐུ་མདོག་མཐིང་ནག་ལྕགས་ཀྱུ་བསྣམས།། བཛྲ་བྷེ་ར་བེ་ཞེས་པས།། ལྷོ་རུ་སྐྱེ་ཀའི་མགོ་ཅན་ནི།། སྐུ་མདོག་སེར་པོ་ཞགས་པ་བསྣམས།། བཛྲ་ཨ་མྲྀ ་ཏ་ཞེས་པ།། ནུབ་ཏུ་སྲིན་བྱའི་མགོ་ཅན་ནི།། སྐུ་མདོག་དམར་ནག་ལྕགས་སྒྲོག་བསྣམས།། བཛྲ་མཱ་ར་ཎཱི་ཞེས་པ།། བྱང་དུ་ཁྲ་ཡི་མགོ་ཅན་ནི།། སྐུ་མདོག་ལྗང་ནག་དྲིལ་བུ་བསྣམས།། དེ་ནི་སྤྱི་ཡི་དཀྱིལ་འཁོར ་རོ།། སོ་སོའི་དཀྱིལ་འཁོར་བསྟན་པ་ནི།། སོ་སོའི་ཁ་དོག་རིམ་པ་སྟེ།། ཕྱག་མཚན་ལ་སོགས་སྤྱི་བཞིན་བརྟག། རེ་རེ་ལ་ཡང་སོ་སོ་སྟེ།། ཁ་དོག་ཕྱག་མཚན་ལ་སོགས་པ།། ངེས་པ་མེད་པར་རྒྱལ་བས ་གསུངས།། བདེ་གཤེགས་བཅོམ་ལྡན་གཙོ་བོ་ལ།། ཁྲོ་མོ་རྣམས་ཀྱིས་བསྐོར་བ་ནི།། དཀྱིལ་འཁོར་ཉམས་དགའ་དམ་པ་དེའི།། སྐུ་མདོག་རྣམས་ནི་མཐིང་ནག་སྟེ།། ལས་ཀྱི་བྱེ་བྲག་རྣམས་ཀྱིས་གསལ།། བདེ ་གཤེགས་བཅོམ་ལྡན་ཁྲག་འཐུང་ལ།། བདག་ཉིད་ཆེན་མོ་བཞི་ཡིས་བསྐོར།། ཐོད་པའི་འཁོར་ལོ་བཞི་ལ་གནས།། མ་ལས་ཡོངས་བསྐྱེད་གཞན་དང་འདྲ།། དཀྱིལ་འཁོར་དེ་ཡི་སྐུ་མདོག་དུད།། བཅོམ་ལྡན་བདེ ་གཤེགས་ཁྲག་འཐུང་ལ།། ལྷ་མོ་བཞིས་བསྐོར་པདྨ་བཞི།། སྐུ་མདོག་སོ་སོའི་བྱེ་བྲག་སྟེ།། ཀུ་དང་ཤུ་དང་ཙ་དང་ནི།། ཀཾ་ལས་ཡོངས་སུ་བསྐྱེད་པའོ།། བཅོམ་ལྡན་བདེ་གཤེགས་ཁྲག་འཐུང་ལ།། ཅི་བགྱིས་བསྐོར ་བའི་དཀྱིལ་འཁོར་ནི།། པད་གདན་ཉི་ཤུ་རྩ་བཞི་ལ།། ཕྱོགས་ཀྱི་ཆ་ཡིས་དགོད་པར་བྱ།། དཀར་དང་དམར་དང་ལྡང་དང་སེར།། ཁ་དོག་དེ་བཞིན་རབ་ཏུ་བརྟག། སྒོ་ནས་གནས་བཞི་དེ་བཞིན་ནོ།། བཅོམ་ལྡན་བདེ ་གཤེགས་ཁྲག་འཐུང་ལ།། ཕྲ་མེན་ཚོགས་ཀྱི་དཀྱིལ་འཁོར་ནི།། སྤྱི་ཡི་དཀྱིལ་འཁོར་དབྱིབས་འདྲ་ལ།། ནང་དང་ཕྱི་ལ་དེ་བཞིན་དགོད།། ཙོའུ་རི་གསེར་མདོག་ཕྲ་མོ་ཟངས།། བེ་ཏཱ་མཐིང་ནག་གོ་རི་དཀར།། པུཀྐ ་དམར་སེར་གྷསྨ་ལྡང་། སྨ་ཤ་མཐིང་ནག་ཙཎྜ་སེར་སྐྱའོ།། འཁོར་ལོའི་རྩིབས་ལ་གནས་པར་བརྟག། སིདྷ་དཀར་ལ་བྱ་གྦྷི་སྔོ།། སྲྀ་ལ་དམར་ལ་ཤྭ་ན་ལྡང་།། གྲྀ་ཌྷ་སེར་ལ་སྐུ་བ་ཡིན།། ཀང་ཀ་དཀར ་ལ་ཅུང་དམར་བ།། ཀ་ཀ་མཐིང་ནག་ཆེན་མོ་སྟེ།། ཨུ་ལཱ་དམར་ལ་སེར་བའོ།། རྟ་གདོང་དཀར་མོའི་ཆ་ལུགས་ཅན།། ཕག་གདོང་ནག་མོའི་ཚུལ་དུ་སྣང་།། ཉི་ཟླ་མ་ནི་དམར་མོ་སྟེ།། ཐལ་བྱེད་མ་ནི་ལྗང་གུའོ།། སོ ་སོའི་ཕྱག་མཚན་ལ་སོགས་པ།། མཚན་ཉིད་དག་གི་རྣམ་པའོ།། མིང་གིས་བསྐྱེད་པ་ལ་སོགས་པ།། ཇི་ལྟར་བཀོད་པ་བཞིན་དུ་བྱའོ།། བཅོམ་ལྡན་བདེ་གཤེགས་ཁྲག་འཐུང་ལ།། ཤྲ་ན་མུ་ཁས་བསྐོར་བ་ནི།། དཀྱིལ ་འཁོར་དམ་པ་བྲི་བ་སྟེ།། ཤིན་ཏུ་གྲུ་བཞིར་ལྡན་པ་ལ།། ཐིག་བཞི་གདབ་པས་ལིང་ཚེ་དགུ།། དབུས་སུ་ཁྲག་འཐུང་ཆེན་པོ་སྟེ།། ཤར་དུ་གསོད་བྱེད་སེང་གེའི་མགོ། ལྷོ་རུ་འགུགས་བྱེད་སྟག་མོའི་མགོ། ནུབ་ཏུ་རྒྱུག ་བྱེད་ཝ་ཡི་མགོ། བྱང་དུ་ཟ་བྱེད་སྦྲང་མོའི་མགོ། དཀར་དང་སེར་དང་དམར་དང་ལྗང་།། རིམ་པར་ཁ་དོག་ལྡན་པར་བཤད།། ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། ལྕགས་ཀྱུ་ཕུར་བུར་ལྡན་པའོ།། བྱང་ཤར་མཚམས ་ལ་སྤྱང་བཞི་སྟེ།། ནུབ་བྱང་ལ་ཡང་དེ་བཞིན་བརྟག། ལྷོ་ནུབ་མཚམས་ལ་ཁྱི་བརྒྱད་དེ།། ལྷོ་ཤར་ལ་ཡང་དེ་བཞིན་ནོ།། སྒོར་ནི་སྒོ་བ་རྣམས་དང་བཅས།། རྒྱན་རྣམས་ཀུན་ཀྱང་དེ་བཞིན་ནོ།། མཆོད་པ་དབུལ་བ་སོ ་སོའི་གཞུང་།། ལས་རྣམ་ཇི་ལྟར་འདོད་བཞིན་བཅོལ།། བཅོམ་ལྡན་བདེ་གཤེགས་ཁྲག་འཐུང་གི།། རྒྱན་གཅིག་དོན་དང་ལྡན་འདོད་ན།། རྡོ་རྗེ་ཁང་པ་ལ་སྩོགས་པ།། ཇི་ལྟར་བརྟག་པའི་རང་བཞིན་ལ།། པདྨའི་གདན ་ལ་ཡང་དག་བརྟག། བདེ་གཤེགས་སྐུ་མདོག་ངེས་པ་མེད།། བདེ་གཤེགས་གཅིག་བསྒོམ་ཀུན་གྱི་ངང་།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང ་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་སྐུ་མདོག་དང་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས ་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྣམ་པར་དག། མ་བཅོས་དོན་དམ་ངོ་བོ་ཉིད།། རྣམ་དག་སྐུ་ནི་ཀུན་ཏུ་ཁྱབ།། གཉིས་མེད་ཁྱོད་ལ་བདག་ཅག་འདུད།། བདེ་བར་གཤེགས་པའི་སྐུར་སྣང་བ།། འདི་ཡི་དོན་རྣམས་ཇི ་ལྟར་ལགས།། རྣམ་པར་དག་པའི་ཚུལ་ཅི་ལགས།། གདུག་པ་འདུལ་བའི་སྐུར་བསྟན་པ།། ཁྲག་འཐུང་ལ་སོགས་ཁྲོ་བོ་རྣམས།། འདི་ཡི་རྣམ་དག་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་གསོལ།། ཞེས ་གླེངས་པ་དང་། བཅོམ་ལྡན་འདས་བཛྲ་ཀི་ལ་ཡས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། བདེ་གཤེགས་དཀྱིལ་འཁོར་དམ་པ་རྣམས།། གཡེང་བའི་སེམས་བསྡུའི་དོན་དུ་གསུངས།། ལུས་ནི་རིགས ་པས་འཛིན་པ་ལ།། རྣམ་པར་དག་པའི་ཚུལ་བསྟན་གྱི།། ལུས་ངག་ཡིད་ཀྱིས་གུས་པར་ཉོན།། བཅོམ་ལྡན་རྣམ་པར་སྣང་མཛད་ནི།། གཟུགས་ཀྱི་ཕུང་པོ་རྣམ་པར་དག། བཅོམ་ལྡན་རིན་ཆེན་འབྱུང ་གནས་ནི།། ཚོར་བའི་ཕུང་པོ་རྣམ་དག་པའོ།། བཅོམ་ལྡན་སྣང་བ་མཐའ་ཡས་ནི།། འདུ་ཤེས་ཕུང་པོ་རྣམ་དག་པའོ།། བཅོམ་ལྡན་དོན་ཡོད་གྲུབ་པ་ནི།། འདུ་བྱེད་ཕུང་པོ་རྣམ་དག་པའོ།། བཅོམ་ལྡན་རྡོ་རྗེ་འཛིན་པ ་ནི།། རྣམ་ཤེས་ཕུང་པོ་རྣམ་དག་པའོ།། ཡུམ་ལྔ་འབྱུང་ལྔ་རྣམ་དག་པའོ།། བྱང་སེམས་ས་ཡི་སྙིང་པོ་ནི།། མིག་གི་རྣམ་ཤེས་དག་པའོ།། བྱང་སེམས་ནམ་མཁའི་སྙིང་པོ་ནི།། རྣ་བའི་རྣམ་ཤེས་རྣམ་དག་པའོ།། བྱང ་སེམས་སྤྱན་རས་གཟིགས་དབང་ནི།། སྣ་ཡི་རྣམ་ཤེས་རྣམ་དག་པའོ།། བྱང་སེམས་ཕྱག་ན་རྡོ་རྗེ་ནི།། ལྕེ་ཡི་རྣམ་ཤེས་རྣམ་དག་པའོ།། བྱང་ཆུབ་སེམས་མ་ལཱ་སྱེ་ནི།། མིག་གི་ཡུལ་རྣམས་རྣམ་དག་པའོ།། བྱང་ཆུབ ་སེམས་མ་མཱ་ལེ་ནི།། རྣ་བའི་ཡུལ་རྣམས་རྣམ་དག་པའོ།། བྱང་ཆུབ་སེམས་མ་གཱིརྟི་ནི།། སྣ་ཡི་ཡུལ་རྣམས་རྣམ་དག་པའོ།། བྱང་ཆུབ་སེམས་མ་ནི་རྟི་ནི།། ལྕེ་ཡི་ཡུལ་རྣམས་རྣམ་དག་པའོ།། བྱང་ཆུབ་སེམས་དཔའ ་བྱམས་པ་ནི།། མིག་གི་དབང་པོ་རྣམ་དག་པའོ།། བྱང་ཆུབ་སེམས་དཔའ་སྒྲིབ་སེལ་ནི།། རྣ་བའི་དབང་པོ་རྣམ་དག་པའོ།། བྱང་ཆུབ་སེམས་དཔའ་ཀུན་བཟང་ནི།། སྣ་ཡི་དབང་པོ་རྣམ་དག་པའོ།། བྱང་ཆུབ་སེམས ་དཔའ་འཇམ་དཔལ་ནི།། ལྕེ་ཡི་དབང་པོ་རྣམ་དག་པའོ།། བྱང་ཆུབ་སེམས་མ་དྷཱུ་པེ་ནི།། སྔར་འདས་དུས་ནི་རྣམ་དག་པའོ།། བྱང་ཆུབ་སེམས་མ་པུཥྤེ་ནི།། ད་ལྟའི་དུས་ནི་རྣམ་དག་པའོ།། བྱང་ཆུབ་སེམས་མ་ཨཱ་ལོ ་ཀེ། ཕྱིས་འབྱོན་དུས་ནི་རྣམ་དག་པའོ།། བྱང་ཆུབ་སེམས་མ་གྷནྡྷེ་མ།། བྱོན་པར་རྟོག་པ་རྣམ་དག་པའོ།། སྒོ་སྲུང་ཁྲོ་བོ་བཞི་རྣམས་ནི།། ཡན་ལག་བཞི་རྣམས་རྣམ་དག་པའོ།། སྒོ་མ་ཆེན་མོ་རྟ་གདོང་ནི།། རྟག་པར་ལྟ། ་བ་རྣམ་དག་པའོ།། ཁྲོ་མོ་ཕག་གདོང་ཞགས་པ་ནི།། ཆད་པར་ལྟ་བ་རྣམ་དག་པའོ།། ཁྲོ་མོ་ཉི་ཟླ་ལྕགས་སྒྲོག་ནི།། གཉིས་སུ་ལྟ་བ་རྣམ་དག་པའོ།། ཁྲོ་བོ་ཐལ་བྱེད་དྲིལ་བུ་ནི།། བདག་ཏུ་ལྟ་བ་རྣམ་དག་པའོ།། བཅོམ ་ལྡན་ཐུབ་པ་དྲུག་རྣམས་ནི།། འགྲོ་དྲུག་རྣམ་པར་དག་པའོ།། ཡིད་དང་ཆོས་ནི་དེ་དག་ནི།། མཚན་ཉིད་སྤྲོས་མེད་དེ་ཉིད་དོ།། གདུག་པ་འདུལ་བ་ཁྲོ་བོའི་སྐུ།། ཕྱི་ཁྲོ་ནང་ཉིད་མ་བཅོས་པའོ།། དེ་ཡི་རྣམ་དག་བཤད ་བྱ་བ།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི།། རྣམ་ཤེས་ཚོགས་བརྒྱད་རྣམ་དག་པའོ།། ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར།། འདོད་ཆགས་རྣམ་པར་དག་པའོ།། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ།། ངག་འཁྱལ་རྣམ་པར་དག་པའོ།། ཁྲོ་བོ ་དབྱུག་པ་སྔོན་པོ་ནི།། རྫུན་དུ་སྨྲ་བ་རྣམ་དག་པའོ།། ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི།། སྲོག་གཅོད་རྣམ་པར་དག་པའོ།། ཁྲོ་བོ་མི་གཡོ་མགོན་པོ་བ།། ལོག་ལྷ་རྣམ་པར་དག་པའོ།། ཁྲོ་བོ་ཆེན་པོ་རྟ་མགྲིན་ནི།། ཕྲ་མ ་རྣམ་པར་དག་པའོ།། ཁྲོ་ཆེན་གཞན་གྱིས་མི་ཐུབ་ནི།། མ་བྱིན་ལེན་པ་རྣམ་དག་པའོ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ནི།། ངག་རྩུབ་རྣམ་པར་དག་པའོ།། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནི།། གནོད་སེམས ་རྣམ་པར་དག་པའོ།། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ།། བརྣབ་སེམས་རྣམ་པར་དག་པའོ།། དེ་རྣམས་ཀུན་གྱི་ཡུམ་རྣམས་ནི།། ཁྲོ་མོ་རྣམས་སུ་དག་པའོ།། ཕྲ་མེན་ཕག་གི་མགོ་ཅན་ནི།། གཉིད་ཀྱི་དངོས་པོ་རྣམ་པར ་དག་པའོ།། ཕྲ་མེན་རྨིག་བུའི་མགོ་ཅན་ནི།། གཉིད་ཀྱི་མཚན་ཉིད་རྣམ་པར་དག་པའོ།། ཕྲ་མེན་སྟག་གི་མགོ་ཅན་ནི།། སེམས་དངོས་རྣམ་པར་དག་པའོ།། ཕྲ་མེན་བྱ་རྒོད་མགོ་ཅན་ནི།། སེམས་ཡུལ་རྣམ་པར་དག ་པའོ།། ཕྲ་མེན་གཡག་གི་མགོ་ཅན་ནི།། གདུལ་དངོས་རྣམ་པར་དག་པའོ།། ཕྲ་མེན་བྱ་རོག་མགོ་ཅན་ནི།། གདུལ་ཡུལ་རྣམ་པར་དག་པའོ།། ཕྲ་མེན་ཤྲ་བའི་མགོ་ཅན་ནི།། ཡིད་ལ་བྱེད་པ་རྣམ་པར་དག་པའོ།། ཕྲ ་ན་འུག་པའི་མགོ་ཅན་ནི།། ཡིད་ཡུལ་རྣམ་པར་དག་པའོ།། ཕྲ་མེན་གཟིག་གི་མགོ་ཅན་ནི།། ཏིང་འཛིན་རྣམ་པར་དག་པའོ།། ཕྲ་མེན་བྱི་ལའི་མགོ་ཅན་ནི།། དད་པ་རྣམ་པར་དག་པའོ།། ཕྲ་མེན་པུ་ཤུད་མགོ་ཅན ་ནི།། དད་ཡུལ་རྣམ་པར་དག་པའོ།། ཕྲ་མེན་སྦྱང་ཀའི་མགོ་ཅན་ནི།། མོས་པ་རྣམ་པར་དག་པའོ།། ཕྲ་མེན་ཁྲ་ཡི་མགོ་ཅན་ནི།། མོས་ཡུལ་རྣམ་པར་དག་པའོ།། ཕྲ་མེན་སེང་གེའི་མགོ་ཅན་ནི།། དྲན་པ་རྣམ་པར་དག ་པའོ།། ཕྲ་མེན་པ་ཝང་མགོ་ཅན་ནི།། དྲན་ཡུལ་རྣམ་པར་དག་པའོ།། ཕྲ་མེན་དོམ་གྱི་མགོ་ཅན་ནི།། བྱེད་པ་རྣམ་པར་དག་པའོ།། ཕྲ་མེན་སྲེ་མོ་མགོ་ཅན་ནི།། བྱེད་ཡུལ་རྣམ་པར་དག་པའོ།། ཕྲ་མེན་དྲེད་ཀྱི་མགོ་ཅན ་ནི།། རིག་པ་རྣམ་པར་དག་པའོ།། ཕྲ་མེན་བྱི་བའི་མགོ་ཅན་ནི།། རིག་ཡུལ་རྣམ་པར་དག་པའོ།། ཕྲ་མེན་པུ་ཤུད་མགོ་ཅན་ནི།། བྱམས་པ་རྣམ་པར་དག་པའོ།། ཕྲ་མེན་སྐྱེ་ཀའི་མགོ་ཅན་ནི།། སྙིང་རྗེ་རྣམ་པར་དག ་པའོ།། ཕྲ་མེན་སྲིན་བྱའི་མགོ་ཅན་ནི།། དགའ་བ་རྣམ་པར་དག་པའོ།། ཕྲ་མེན་ཁྲ་ཡི་མགོ་ཅན་ནི།། བཏང་སྙོམས་རྣམ་པར་དག་པའོ།། བདག་ཉིད་དཀྱིལ་འཁོར་དམ་པ་ནི།། བདུད་བཞི་རྣམ་པར་དག་པའོ།། ལྷ ་མོའི་དཀྱིལ་འཁོར་དམ་པ་ནི།། མཚོ་བཞི་རྣམ་པར་དག་པའོ།། ཅི་བགྱིའི་ཚོགས་ཀྱིས་དཀྱིལ་འཁོར་ནི།། མཆོད་རྟེན་རྣམ་པར་དག་པའོ།། ཕྲ་མེན་དཀྱིལ་འཁོར་དམ་པ་ནི།། རྣམ་ཤེས་ཚོགས་བརྒྱད་ཡུལ་རྣམས ་བརྒྱད།། དེ་རྣམས་རྣམ་པར་དག་པར་འདོད།། ཤྲ་ན་མུ་ཁའི་དཀྱིལ་འཁོར་ནི།། ཉིང་ལག་རྣམ་པར་དག་པའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང ་བའི་ཡང་གསང་བ། ཀི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་རྣམ་པར་དག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི ་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་གཉིས་མེད་གཙོ།། གསང་བའི་བདག་པོ་ཁྱོད་ལ་འདུད།། བརྗོད་བྲལ་བདག་ཉིད་ཁྱོད་ལ་འདུད།། རྣམ་དག་རང་བཞིན་དེ་ལགས་ན།། རྣལ་འབྱོར་བློ་ལྡན ་དམ་པ་ཡིས།། སེམས་བསྡུ་ཐབས་ནི་ཇི་ལྟར་ལགས།། སེམས་བཞག་ཐབས་ནི་ཇི་ལྟ་བུ།། གཞལ་ཡས་བྱེ་བྲག་ཇི་ལྟར་ལགས།། ཞེས་གླེངས་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས ་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་དོན་ལ་ཡིད་ཆེས་ཏེ།། སེམས་བསྡུའི་ཐབས་ལ་རྣམ་པ་མང་།། སེམས་ཅན་མོས་པའི་དབང་དུའོ།། དང་པོ་རང་ལུས་བདེར་འདུག་སྟེ།། མངལ་སྐྱེས ་རྫུས་སྐྱེས་རིམ་པ་ཡང་།། དྲོད་སྐྱེས་སྒོང་སྐྱེས་ལ་གནས་པའི།། ཏིང་འཛིན་རིམ་པ་རྫོགས་པའི་རྗེས།། གཉིས་མེད་བློ་གཞན་དྲན་བྱས་ཏེ།། གཞལ་ཡས་བྱེ་བྲག་དྲན་བྱ་བ།། འབྱུང་བ་ལས་བྱུང་རྡོ་རྗེའི་གུར།། ཆོས ་དབྱིངས་ཅིས་ཀྱང་མི་ཚུགས་རྟགས།། དེ་ལས་མེ་འོད་འབར་བ་ནི།། ཉོན་མོངས་ལོག་ལྟ་མི་གནས་རྟགས།། རྣལ་འབྱོར་ཏིང་འཛིན་ལ་གནས་པའི།། སྲུང་བ་དམ་པ་ཤིན་ཏུ་གཅེས།། གཞལ་ཡས་གྲུ་བཞིར་བྱུང་བ ་ནི།། ཚད་མེད་བཞི་རྣམས་རྣམ་དག་རྟགས།། སྒོ་བཞི་དྲན་པ་ཉེར་གཞག་བཞི།། རྣམ་པར་དག་པའི་རྟགས་ཡིན་ནོ།། རྟ་བབས་ཡང་དག་སྤོང་བ་བཞི།། རྣམ་པར་དག་པའི་རྟགས་ཡིན་ནོ།། དྲ་བ་ཕྱེད་ཀྱིས་བརྒྱན ་པ་ནི།། ཉོན་མོངས་ཆེ་ཆུང་རྣམ་དག་པའོ།། ཀ་བ་བརྒྱད་ཀྱིས་དབུས་བརྒྱན་པ།། འཕགས་ལམ་བརྒྱད་དུ་རྣམ་དག་རྟགས།། རིན་ཆེན་ཕ་གུ་ལ་སོགས་མཚན།། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས།། འདོད་པའི་ལྷ ་མོས་བརྒྱན་པ་ནི།། གཟུགས་སྒྲ་དྲི་རོ་རྣམ་དག་རྟགས།། སྒོ་བཞིར་རྒྱལ་མཚན་བཞི་རྣམས་ནི།། རྣམ་རྟོག་བདུད་ལས་རྒྱལ་བའི་རྟགས།། ཟུར་བཞིར་རྒྱལ་མཚན་བཞི་རྣམས་ནི།། ཕྱི་ཡི་བདུད་ལས་རྒྱལ་བའི ་རྟགས།། ཞིང་གི་བླ་རེ་བྲེས་པ་ནི།། ཐབས་དང་ཤེས་རབ་གཉིས་མེད་རྟགས།། རྡོ་རྗེའི་ར་བས་བསྐོར་བ་ནི།། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས།། བུམ་པ་བརྒྱད་ཀྱིས་བརྒྱན་པ་ནི།། བྱང་ཆུབ་སེམས་ཀྱིས་བརྒྱན ་པའི་རྟགས།། དཔག་བསམ་ཤིང་གིས་བརྒྱན་པ་ནི།། ཐུགས་རྗེས་ཡོངས་ལ་ཁྱབ་པའི་རྟགས།། རི་དྭགས་ཤ་ར་ཎས་བརྒྱན་པ།། བྱང་ཆུབ་སེམས་དཔས་བསྐོར་བའི་རྟགས།། ཆོས་ཀྱི་འཁོར་ལོས་བརྒྱན་པ་ནི།། ས ་བཅུའི་བྱང་ཆུབ་སེམས་དཔའ་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས།། གདུགས་དང་འཕན་གྱིས་བརྒྱན་པ་ནི།། ས་ལ་གནས་པའི་བྱང་སེམས་ཀྱིས།། སོ་སོར་ཆོས་རྣམས་སྟོན་པའི་རྟགས།། རིན་ཆེན་ལྔ་ལས ་གྲུབ་པ་ནི།། ཉོན་མོངས་ལྔ་རྣམས་རྣམ་དག་ཅིང་།། ཡེ་ཤེས་ལྔ་ལས་གྲུབ་པའི་རྟགས།། ནང་དུ་ཐོད་པའི་གཞལ་ཡས་ཁང་།། ང་དང་བདག་འཛིན་བྲལ་བའི་རྟགས།། འོབས་བདུན་གཞལ་ཡས་ཀྱིས་བརྒྱན་པ།། བྱ ་དཀའ་སྣ་ཚོགས་མཛད་པའི་རྟགས།། དེ་ལྟར་གཞལ་ཡས་ཉེར་བཞག་སྟེ།། ཕྱི་ཡི་གཞལ་ཡས་དམ་པའོ།། རང་ལུས་གཞལ་ཡས་འདི་ལྟར་རྟགས།། རྐང་པ་རླུང་གི་དཀྱིལ་འཁོར་ལ།། ལྟེ་བ་མཐའ་ཟད ་མེ་དཀྱིལ་འཁོར།། ལྟོ་བ་ཆུ་ཡི་དཀྱིལ་འཁོར་ཏེ།། རོ་སྟོད་ས་ཡི་དཀྱིལ་འཁོར་རོ།། མགོ་བོ་རི་རབ་རང་བཞིན་ཏེ།། ནམ་མཁའ་ཀུན་གྱི་གོ་འབྱེད་པའོ།། དེ་ལས་གྲུབ་པའི་གཞལ་ཡས་ནི།། སྤྲུལ་པའི་ཕོ་བྲང་དྲུག་ཅུ ་བཞི།། ཀུན་འབྱུང་སྒོ་དྲུག་གིས་བརྒྱན་ཏེ།། སྟོན་པ་དེ་དབུས་ཨོཾ་གྱི་གཟུགས།། ཐམས་ཅད་འབྱུང་བ་ཨ་ཞེས་བྱ།། དེ་ཡི་མཚན་ཉིད་བརྗོད་པར་བྱ།། ཁ་དོག་དཀར་པོ་ཡེ་ཤེས་བཞི།། དབུས་ཀྱི་རི་བོ་འཛིན་པ་སྟེ།། ལྷ ་བའི་ཐལ་གནས་ཞེས་བྱའོ།། ས་དབུས་ཆོས་ཀྱི་ཕོ་བྲང་སྟེ།། ཁ་དོག་མཐིང་གའི་ཡི་གེ་དགུ།། ཕྱོགས་བཞིར་ཡབ་ཡུམ་ཡི་གེ་བརྒྱད།། བྲན་རྟོག་བསྐྱེད་པའི་ཡི་གེ་གཅིག། རྒྱར་ནི་འཁོར་ལོའི་འདབ་ལ ་གནས།། གཅིག་ནི་ཨ་ཡི་དབུས་སུ་གནས།། སྨྲ་བྱེད་སྒོ་དགུ་ཞེས་པའོ།། མགྲིན་བཅུ་ལོངས་སྤྱོད་ཕོ་བྲང་སྟེ།། འདབ་མ་བཅུ་དྲུག་སྒོ་བཞིར་ལྡན།། འབྱུང་བའི་ཡི་གེ་བཞི་ཡིས་སྤྲས།། དབུས་སུ་ཡི་གེ་ཨཽ་ཡིན་ཏེ།། སྐུ ་ཡི་དངོས་པོ་ཡེ་ཤེས་ལྔ།། ཆགས་མེད་རྟགས་འཛིན་མདུད་པ་གསུམ།། རི་རབ་དབུས་སུ་བདེ་ཆེན་གནས།། འདབ་མ་སུམ་ཅུ་གཉིས་པ་སྟེ།། ཨཱ་ལི་གཉིས་ཀྱིས་ཡོངས་སུ་སྤྲས།། དབུས་སུ་བྱང་ཆུབ་སེམས་ཡིག ་ཧཾ།། མི་ཤིགས་ས་ཡི་སྙིང་པོ་སྟེ།། རྟག་པར་ཁ་དོག་གཞོམ་མེད་བལྟས།། མཚན་མ་མེད་པའི་སྐུ་ཞེས་བྱ།། འབྱུང་འཇུག་བྱེད་པའི་སྒོ་དྲུག་ཅན།། ས་བོན་ཁ་བ་ལྟ་བུར་གནས།། རྡོ་རྗེ་གསང་འཇུག་ཕོ་བྲང་ནི།། མཚོན ་བྱེད་འོད་གསལ་བདེ་གསལ་བདེ་ཆེན་འབྱུང་།། རིན་པོ་ཆེ་ཡིས་བརྒྱན་པ་སྟེ།། མཚོན་བྱེད་སྒོ་ནི་གཅིག་པའོ།། རྡོ་རྗེ་སྙོམས་འཇུག་ཕོ་བྲང་ནི།། རིན་པོ་ཆེ་ཡི་ཕོ་བྲང་ལ།། འབྱུང་བ་ལྔ་ཡི་རྒྱན་དང་ལྡན།། དྲུག་ཅུ་བཞི ་ཡི་དབུས་ན་བཞུགས།། བརྗོད་མེད་བརྗོད་བྲལ་དེ་ཉིད་དོན།། མ་བཅོས་ལྷུན་གྱིས་གྲུབ་པར་གནས།། གཞལ་ཡས་བྱེ་བྲག་དེ་ལྟར་གནས།། གསང་བའི་གཞལ་ཡས་དམ་པ་ལ།། ཀུན་གྱི་མཚན་ཉིད་རྫོགས་ཞེས ་བྱའོ།། དེ་ལ་བརྟག་ཅིང་འཕྲོར་མི་འཇུག། དེ་ཡང་འདི་ལྟར་བརྟག་བྱ་བ།། ཆོས་དབུས་ཡེ་ཤེས་སེམས་དཔའ་སྟེ།། དེ་དབུས་ཏིང་འཛིན་སེམས་དཔའོ།། ཏིང་འཛིན་ཧཱུཾ་གི་རང་བཞིན་ལས།། འོད་ཟེར་ཕྱོགས་བཅུར ་འཕྲོས་གྱུར་པས།། ཕྱི་ནང་གཞལ་ཡས་གསལ་བྱས་ཏེ།། སྲིད་པ་གསུམ་ཡང་གསལ་བྱས་ནས།། དུས་གསུམ་སངས་རྒྱས་བྱང་ཆུབ་སེམས།། མི་འགྱུར་བ་ཡི་འོད་ཅེས་བྱའོ།། ཕྱོགས་བཅུའི་རྒྱལ་བའི་སེམས་བསྡུས ་ནས།། སླར་ཡང་རིམ་གྱིས་ཧཱུཾ་ལ་ཐིམ།། ཧཱུཾ་ཡང་རིམ་གྱིས་ཐིག་ལེའི་ངང་།། ཡོངས་སུ་དག་པའི་འོད་ཅེས་བྱའོ།། ངེས་པར་སྙིང་པོ་འབྲུ་བཀོད་དེ།། ཙ་ན་ཀ་ཡི་འབྲུ་ཙམ་ལ།། བདེ་བར་གཤེགས་པའི་སྐུ་ཡང་བསྐྱེད།། ་ཤིན་ཏུ་དོད་ཅིང་གསལ་བལྟས་ལ།། དབུགས་དབྱུང་འགྲོགས་ནས་གཡས་ནས་སྤྲོས།། མཐོ་གང་མཐོ་དོ་ཇི་སྲིད་པར།། བྱང་ཆུབ་སེམས་ནི་དེ་གཟུང་བྱ།། གལ་ཏེ་ནང་དུ་འཇུག་ན་ཡང་།། དབུགས ་དང་འགྲོགས་ནས་གཡོན་དུ་འཇུག། ཐིག་ལེའི་སྐུ་ལ་ཐིམ་པར་བརྟག། ཡུད་ཙམ་སྐད་ཅིག་ཐུན་ལ་སྩོགས།། ཇི་ལྟར་གནས་པའི་བར་དུ་བརྟག། དེ་ལྟར་རིམ་པ་ཡང་ནས་ཡང་།། སེམས་དེ་ངེས་པར་ཟིན་པ ་དང་།། མཐར་ནི་དམིགས་པར་མི་འགྱུར་ཏེ།། གང་ལ་དམིགས་པའི་སེམས་མེད་པའོ།། ཕྱི་ཡི་ཐིག་ལེའི་རྣལ་འབྱོར་ཏེ།། དེ་ཡང་སེམས་བསྡུས་བཞག་ཐབས་ཡིན།། དེ་ནས་ཡང་ནི་འདི་བསྟན་ཏེ།། གསང་བའི་ཕོ། ་བྲང་དབུས་སུ་ནི།། བྱང་ཆུབ་སེམས་ཆུ་རབ་ཕབ་ནས།། རྡོ་རྗེའི་ཆོ་ག་རྣམ་གསུམ་གྱིས།། བདེ་བར་གཤེགས་པའི་སྐུ་རྣམས་བསྐྱེད།། སྐད་ཅིག་མ་ཡི་རྫོགས་པར་བྱ།། དེ་ཡང་ཤིན་ཏུ་ཕྲ་བ་སྟེ།། པདྨའི་སྣ་རྩེ་ལ ་རྫོགས་བྱ།། དེ་ལ་སེམས་བསྡུས་བརྟན་པར་བཟུང་།། དེ་ལ་སེམས་དེ་བརྟན་པ་དང་།། དུས་གཅིག་ལའམ་རེ་རེ་སྤྲོ།། རིམ་པས་རིམ་པར་གསལ་བར་སྤྲོ།། སྤྲོས་པས་དེ་ལ་སེམས་བཟུང་གཞག། གལ་ཏེ་དེ་ལ་མི ་གནས་ན།། སླར་ཡང་ནང་དུ་གཞུག་པར་བརྟག། དེ་ལ་ནན་ཏན་བསྐྱེད་བྱས་ལ།། སེམས་བསྡུས་ནས་ནི་གནས་པར་བྱ།། དེ་ལ་སེམས་གནས་བརྟན་པར་བཟུང་།། འཇིག་རྟེན་གསུམ་དུ་འཕྲོས་གྱུར་ཀྱང་།། དེ་ལས ་གཞན་དུ་མི་གཡོའོ།། དེ་ལས་རང་བཞིན་མེད་བརྟགས་ཏེ།། གང་ལ་དམིགས་པ་མེད་པར་འགྱུར།། འདི་ཡང་སེམས་བསྡུས་གཞག་ཐབས་ཡིན།། དེ་ལས་གཞན་པའི་བསྡུ་བཞག་ནི།། རླུང་གིས་རབ་བསྐྱོད་མེ་སྦར ་ཏེ།། ཡི་གེ་ཡོངས་སུ་ཞུ་བའི་འོད།། གཡས་འབྱུང་ཆོས་སྐུ་ཡོངས་སུ་ནས།། དེ་འོག་རྩ་གཡས་ལོངས་སྤྱོད་ལ།། སྐོར་གསུམ་ཡོངས་ཞུ་བདེ་ཆེན་གནས།། ཧཾ་སྤྲོས་ཕྱིར་འཐོན་ཕྱོགས་བཅུར་སྤྲོས།། ཕྱོགས་བཅུའི་རྒྱལ ་བ་བྱང་ཆུབ་སེམས།། ཐམས་ཅད་བསྡུས་ཏེ་སྟེང་སྒོར་ཐིམ།། ཨ་ཝ་དྷ་ཏཱིའི་གནས་ནས་བྱུང་།། སཾ་བྷོ་ཀ་རུ་སེམས་གཟུང་བྱ།། ལུས་སྤངས་མི་རྟོག་ཡེ་ཤེས་སྐྱེ།། སྟོན་པས་དེ་ལུང་སྒོ་ཞེས་བྱ།། དེ་ནས་འཇུག་པའི་ལམ ་ཞུགས་ཏེ།། སྤྲུལ་པའི་གནས་སུ་བཀའ་ལུང་ནོས།། ཡང་དག་ས་དེར་སེམས་བསྡུ་བཞག། གཉིས་མེད་དོན་གྱི་ལུང་ཐོབ་འགྱུར།། དེ་རུ་མི་གནས་དབུས་ནས་གཤེགས།། ཆོས་སྐུའི་གནས་སུ་ཡང་དག་གནས།། ལུས ་རྣམས་རྣམ་དག་སྐྱེ་བར་འགྱུར།། སྐྱེས་ནས་བསྐལ་པའི་བར་དུ་གནས།། ཆོས་ཀྱི་གནས་སུ་མི་གནས་ན།། ནིརྨཱ་ཎ་ཡི་གནས་སུ་དྲངས།། དེ་རུ་སེམས་བསྡུ་གཞག་པར་བྱ།། རྣམ་རྟོག་མེད་པའི་ཡེ་ཤེས་སྐྱེ།། འབྱུང ་བས་བསྲེག་ཅིང་འཇུག་པའོ།། གནས་སུ་བྱང་ཆུབ་སེམས་འོད་ལ།། རྣལ་འབྱོར་མིག་གི་འོད་ཟེར་གྱིས།། གཡོ་མེད་མི་འགྱུར་འོད་ལ་བལྟ།། དེ་ལྟར་ཡང་དང་ཡང་དུ་བྱ།། སངས་རྒྱས་ཡེ་ཤེས་ནམ་མཁའ་འབྱུང་།། དེ ་ཡང་ནང་གི་ཐིག་ལེ་སྟེ།། སེམས་བསྡུས་བཞག་པའི་ཐབས་ཤིག་ཡིན།། དེ་ལས་གཞན་པའི་སེམས་བསྡུ་བ།། གསང་བའི་ཐབས་ནི་འདི་ཡིན་ཏེ།། ཤེས་རབ་མ་ཡི་མཚན་བརྟག་པ།། སྒྲ་ནི་མཐོན ་མཐིང་གྱེན་དུ་འཁྱིལ།། ལུས་ནི་རིང་ཐུང་གཉིས་སྤངས་པ།། མིག་འབྲས་དཀར་ནག་ཕྱེད་པ་དང་།། ལུས་ལ་དྲི་ཞིམ་ནད་ཀྱང་ཉུང་།། ནུ་སྐྲ་མཛེས་ཤིང་ངང་པའི་སྐད།། མཆོག་དང་རབ་དང་འབྲིང་དང་ཐ།། རི་ལུ་དང ་འོག་མཐའ་བརྟག་སྟེ།། སྲན་མ་ཙམ་ཉིད་རླང་པོའི་རླུང་།། དེ་ལ་ཡང་ཡང་རོལ་མོ་བྱ།། ལྕེ་ཡི་རོལ་མོ་བྱ་བ་ཡིན།། གནས་དགུ་རུ་ཡང་སེན་མོ་གདག། མ་མཆུ་སོ་ཡིས་དྲུད་པར་བྱ།། དེ་ནས་གཉིས་མེད་སྦྱོར་བ ་བྱ།། སྲ་དང་དྲོད་དང་གཤེར་ལ་བསྐྱོད།། བྱང་ཆུབ་སེམས་ནི་སྤྱན་དྲངས་ནས།། དགའ་དང་མཆོག་དགའ་རང་བཞིན་དགའ།། བྲལ་བའི་དགའ་བའི་མཚན་ཉིད་ཅན།། སྙོམས་འཇུག་ཕོ་བྲང་དེར་བཞུགས ་ནས།། སྤྱན་དྲངས་རླུང་གི་ལྕགས་ཀྱུ་སྟེ།། བཟུང་བ་རླུང་གཉིས་བསྡམས་པའོ།། བསྐྱོད་པ་རུས་སྦལ་ལྟ་བུའོ།། སེམས་བཟུང་ཟབས་མཁས་ལྕགས་ཀྱུ་སྟེ།། དེ་ལྟར་བྱང་སེམས་རབ་གནས་ནས།། རང་བཞིན་ལྡན ་ཅིག་སྐྱེས་པ་འབྱུང་།། དེ་ཡང་སེམས་བསྡུས་བཞག་ཐབས་སོ།། དོན་དུ་གང་ལ་མོས་པ་ལ།། རབ་ཏུ་འབད་དེ་ཡིད་གཞུངས་ན།། ཡེ་ཤེས་སྐྱེ་བར་ངེས་པ་ཡིན།། ཇི་ལྟར་བརྟག་པ་དེར་སྣང་བས།། སངས་རྒྱས་ཡེ་ཤེས ་མཆོག་གྱུར་པར།། དུས་གསུམ་བདེ་གཤེགས་རྣམས་ཀྱིས་གསུངས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི ་མདོ་ལས་སེམས་བསྡུས་བཞག་ཐབས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཡང་ཀརྨ་ཧེ་ཀས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན ་འབྱུང་གནས་གཙོ།། ཐམས་ཅད་མཁྱེན་པའི་གཙོ་གྱུར་པ།། ཐབས་མཁས་མ་ལུས་བདག་ཉིད་ཅན།། རྫོགས་ཉིད་ཁྱེད་ལ་བདག་བདུད་འཚལ།། སེམས་བསྡུ་བཞག་ཐབས་དེ་ལགས་ན།། དེ་ཡི་འབྲས་བུ་ཇི་ལྟར ་ལགས།། བལྟ་བ་སྤྱོད་པ་ཇི་ལྟར་ལགས།། བཅོམ་ལྡན་ཐབས་མཁས་ལུང་བསྟན་གསོལ།། ཞེས་གླེངས་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་བཀའ་སྩལ ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། བསྐྱེད་པའི་རིམ་པ་ལས་སུ་རུང་།། འདི་ལྟར་སྣང་བའི་ཆོས་འདི་ལ།། གང་ལྟར་བཏགས་པ་དེར་སྣང་སྟེ།། དམིགས་མེད་ཡིད་ལ་དྲན་བྱས་ན།། འབྲས་བུ་ཁམས་གསུམ་ས་དགུ ་ནོན།། ལམ་གཉིས་མངོན་དུ་གྱུར་པའོ།། རྫོགས་པའི་རིམ་པའི་མངོན་རྟགས་ནི།། འགྲོ་ཉལ་འདུག་སྡོད་ཅི་བརྟགས་ཀྱང་།། གཞན་ལ་སེམས་ནི་འཕྲོས་པ་མིན།། འབྲས་བུ་ས་ནི་དང་པོ་ནོན།། མཐོང་བའི་ལམ་ནི ་མངོན་གྱུར་པའོ།། དེ་ལས་ཡོངས་སུ་བརྟས་གྱུར་ན།། རྟག་དང་ཆད་པའི་སྐྱོན་རྣམས་ཀྱིས།། རྣལ་འབྱོར་པ་ལ་གོས་པ་མེད།། འབྲས་བུ་ས་ནི་གཉིས་པ་སྟེ།། དྲི་མ་མེད་པའི་ཡེ་ཤེས་སོ།། དེ་ལ་ཡང་དང ་ཡང་དུ་ནི།། ཡོངས་སུ་རེད་པར་གྱུར་པ་ནི།། ཆོས་ཉིད་ལ་གནས་གཞན་ན་མེད།། ཁམས་གསུམ་སེམས་ཅན་གདུང་བས་ཟིན།། ཡོངས་སུ་རྟོགས་པའི་ཡེ་ཤེས་ཏེ།། འབྲས་བུ་ས་གསུམ་བགྲོད་པའོ།། དེ་ནས་ཡོངས ་སུ་གྱུར་པ་ན།། ཤིན་ཏུ་གསལ་བའི་སེམས་དེ་ལ། གཞན་དུ་མི་འགྱུར་ལྷན་ནེར་གནས།། འཛིན་པ་མེད་པའི་ཡེ་ཤེས་ཏེ།། འབྲས་བུ་ས་བཞི་བགྲོད་པའོ།། དེ་ལ་ཡོངས་སུ་གསལ་གྱུར་ན།། ཡུལ་ལ་སྨིག་རྒྱུ་ལྟ་བུར ་མཐོང་།། གང་ལའང་ཤེས་པ་ཡོངས་མི་འཇུག། ཐ་དད་མེད་པའི་ཡེ་ཤེས་ཏེ།། འབྲས་བུ་ས་ལྔ་བགྲོད་པའོ།། དེ་ལས་ཡོངས་སུ་རྒྱས་གྱུར་ན།། ནང་གི་ཤེས་པ་ཤིན་ཏུ་གསལ།། སྤྱི་ཡི་ཡུལ་ལ་དུ་བར་མཐོང་།། ཤེས ་རབ་མངོན་གྱུར་ཡེ་ཤེས་ཏེ།། འབྲས་བུ་ས་དྲུག་བགྲོད་པའོ།། དེ་ལས་ཡོངས་སུ་འཕེལ་བ་ན།། ཤེས་པ་ཡོངས་སུ་གསལ་བ་དང་།། འབྲས་བུ་ལ་གནས་རྒྱུ་མེད་པའོ།། ཕྱི་ཡུལ་སྲིན་བུ་མེ་ཁྱེར་མཐོང་།། ཐ་དད་མེད ་པའི་ཡེ་ཤེས་ཏེ།། འབྲས་བུ་ས་བདུན་བགྲོད་པའོ།། དེ་ལས་ཡོངས་སུ་འཕེལ་གྱུར་ན། འདི་ལས་ལྷག་པའི་ཡེ་ཤེས་མེད། འདི་ལས་བགྲོད་གནས་ག་ལ་ཡོད།། ནང་གི་ཤེས་པ་དེ་ལྟར་གསལ།། ཕྱི་ཡུལ་སྲིན་བུ་མེ ་ཁྱེར་མཐོང་།། མི་སྐྱེའི་ཆོས་ལ་བཟོད་པ་ཡི།། ཡེ་ཤེས་ཞེས་ནི་དེ་ལ་བྱ།། འབྲས་བུ་ས་བརྒྱད་བགྲོད་པའོ།། དེ་ལས་ཡོངས་སུ་རྒྱས་གྱུར་ན།། ཆོས་ཉིད་མ་བཅོས་ཉིད་ལ་གནས།། འཁྱགས་ལྟོགས་སྡུག་བསྔལ་མི ་བཟད་པ།། དེ་ཡི་ཉེས་པས་གོས་མི་འགྱུར།། ཕྱི་ཡི་ཡུལ་གྱི་རྣམ་པ་ལ།། སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ།། དྲི་མེད་རྣམ་དག་ཡེ་ཤེས་ལ།། འབྲས་བུ་ས་དགུ་འགྲོད་པའོ།། བརྒྱད་པ་དང་ནི་དགུ་པ་ལས།། ཞི་བ་ཕྱོགས ་གཅིག་ལྟུང་བ་སྲིད།། བྱང་ཆུབ་སེམས་ཀྱི་བར་ཆད་རྐྱེན།། དུས་དེར་འབད་པ་དྲག་ཏུ་བརྩོན།། དེ་ལས་ཡོངས་སུ་རྒྱས་གྱུར་ན།། མི་ལྡོག་ཤེས་པ་ཕྱོགས་སུ་སྐྱེ།། ཕྱི་རོལ་མེ་ཏོག་ཀུནྡ་འདྲ།། ཡོངས་སུ་གཏོང་བའི་ཡེ ་ཤེས་ཏེ།། འབྲས་བུ་ས་བཅུ་བགྲོད་པའོ།། ས་བཅུར་གནས་པའི་དུས་ཉིད་དུ།། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཏེ།། དབང་དེས་ཤེས་བྱའི་སྒྲིབ་པ་བཅོམ།། འབྲས་བུ ་མཐར་ཕྱིན་དབང་ཞེས་བྱ།། དེ་ཉིད་དུ་ནི་བཅུ་གཅིག་འོད།། མདུང་དང་རལ་གྲི་གདུག་པའི་མཚན།། སྦྲང་བུ་སུ་ཏྲ་ཏི་ལ་ཏ།། ཁྱི་དང་དུར་བྱ་ཀང་ཀ་ཡིས།། ཟོས་སམ་གཙེས་ཀྱང་ཚོར་མི་འགྱུར།། རྔ་དང་རྔ་བོ་ཆེ་དག ་དང་།། རྫ་རྔ་འབྲུག་སྒྲ་ཆེན་པོ་དང་།། དུང་དང་ཆ་ལང་ལ་སོགས་པའི།། སྒྲ་རྣམས་ཡོངས་སུ་བསྒྲགས་གྱུར་ཀྱང་།། དེ་ཡི་ཏིང་འཛིན་ཡོངས་མི་འཕྲོག། འདི་ལྟར་སྣང་བའི་དངོས་པོ་ལ།། སྐད་ཅིག་གཅིག་ལ་མངོན ་སངས་རྒྱས།། རྣམ་པར་སྣང་མཛད་ས་ལ་གནས།། ཕྱི་ནང་ཐམས་ཅད་ཆོས་ཉིད་ལ།། དེ་ལས་སེམས་ཅན་དགོས་འདོད་འབྱུང་།། རིན་ཆེན་འབྱུང་ལྡན་ས་ལ་གནས།། དེ་ལ་བརྗོད་པ་ཡོངས་མི ་འབྱུང་།། གང་ཞིག་དེ་ལས་དཔོག་མི་འགྱུར།། སྣང་བ་མཐའ་ཡས་ས་ལ་གནས།། ཆོས་ཉིད་བརྗོད་མེད་དོན་རྣམས་གྲུབ།། ཐམས་ཅད་དེ་ཡི་རྒྱན་དུ་ཆེ།། དོན་ཡོད་གྲུབ་པའི་ས་ལ་གནས།། བརྗོད་མེད་བརྗོད་བྲལ་ལ ་གནས་ཤིང་།། དེ་ལ་གང་གིས་མི་བསྐྱོད་པ།། རྡོ་རྗེ་འཛིན་པའི་ས་ལ་གནས།། ས་ལ་གནས་པའི་ངང་ཉིད་ལ།། བརྗོད་མེད་བརྗོད་བྲལ་ངོ་བོ་ཉིད།། གང་ལ་འདི་ཞེས་བྱ་བར་ནི།། ཡོད་པ་མ་ཡིན་དེ་ཉིད་དོ།། རྡོ་རྗེ ་སེམས་དཔའི་ངོ་བོ་ཉིད།། ཐམས་ཅད་མ་ལུས་དེ་ཡི་དང་།། རྫོགས་པའི་རྫོགས་པ་མཐར་ཕྱིན་པའི།། བསྒོམ་པའི་ལམ་ལས་ཡོངས་གསལ་བའི།། བར་ཆད་མེད་པའི་ལམ་ལ་གནས།། འབྲས་བུ་མཐར་ཕྱིན་ལམ་ལ ་གནས།། མ་བཅོས་ས་རྣམས་ངེས་པར་ཐོབ།། སྐྲོད་པའི་ཚུལ་ནི་འདི་ལྟ་སྟེ།། ཏིང་འཛིན་ལ་ནི་གནས་པའི་དུས།། ཚོགས་ཀྱི་ལམ་གྱི་སྐབས་སུ་ནི།། བཞི་གསུམ་བཅུ་གཉིས་དྲན་པར་བྱའོ།། སྦྱོར་བའི་ལམ་དུ ་གནས་དུས་སུ།། དབང་པོ་ལྔ་དང་སྟོབས་ལྔ་རྣམས།། མི་བརྗེད་ཡིད་ལ་དྲན་པར་བྱ།། མཐོང་བའི་ལམ་ལ་གནས་པ་དང་།། བསྒོམ་པའི་ལམ་ལ་གནས་པར་དུ།། ཆོས་ནི་བཅོ་བརྒྱད་དྲན་པར་བྱ།། སྦྱིན་པ་ལ་སོགས ་ཕ་རོལ་ཕྱིན།། བཅུ་ལ་ཡོངས་སུ་འབད་པར་བྱ།། སྦྱོར་བའི་ལམ་པ་མན་ཆད་ཀྱི།། ཏིང་ངེ་འཛིན་ནི་རྒྱུན་དུ་བྱས།། མཐོང་བའི་ལམ་པ་མན་ཆད་ཀྱི།། རྒྱན་ལ་སོགས་པ་དངོས་སུ་བྱའོ།། དེ་ལ་སྤྱོད་པ་གཉིས་ཡོད ་དེ།། སྦས་པ་དང་ནི་སྐྱོན་ཐབས་སོ།། སྦས་པའི་སྤྱོད་པ་རབ་སྤྱོད་ན།། ཁ་ན་མ་ཐོ་སྤང་བར་འགྱུར།། སྨྱོས་པའི་སྤྱོད་པས་རབ་འབད་ན།། ཏིང་འཛིན་ཡོངས་སུ་ཉམས་བདེར་འགྱུར།། དེ་ལྟའི་སྤྱོད་པ་གཉིས་ལ ་གནས།། མཁའ་འགྲོ་མ་ཡིས་བདེ་བ་རྩོལ།། ཡོངས་སུ་རྫོགས་པའི་སེམས་གནས་པའི།། དེ་ཚེ་ཚེ་འཕོས་འཆི་གྱུར་ན།། རང་གི་སེམས་ནི་འདི་ལྟར་བརྟག། གདོད་ནས་སྐྱེ་མེད་བྱང་ཆུབ་སེམས།། དེ་ལས་བྱུང་བའི་ཡི ་གེ་ཨཿ།། འོད་ཟེར་ལྔ་ཡིས་འཁྲིགས་པའོ།། སྙིགས་མ་ལྔ་ཉིད་ལུས་བརྟག་སྟེ།། དངས་མ་ཆེན་པོ་རབ་བརྟགས་ལ།། ཡེ་ཤེས་རྟ་ལ་ཞོན་གནས་པར།། རྟག་ཏུ་བདག་ཉིད་གསལ་བར་བྱ།། དེ་ལས་སྲིད་པའི་བར་མ ་དོ།། སྟོབས་ཀྱི་རྟ་ཞོན་དེ་ལ་གནས།། དེ་ཚེ་ཏིང་འཛིན་ལྷག་པར་གསལ།། ཡེ་ཤེས་སྟོབས་སུ་གྱུར་ནས་ནི།། སྐྱེ་བ་མེད་ལ་གནས་པ་སྟེ།། ཕུང་པོ་ལྷག་མེད་མངོན་སངས་རྒྱས།། འོན་ཏེ་སྐྱེ་བ་བླངས་ནས་ནི།། སྔ་མའི ་སའཕྲོ་རྗེས་དྲན་ནས།། གང་ལ་སྤངས་པ་དེར་གནས་པར།། བར་ཆད་མེད་པའི་ལམ་ཞེས་བྱ།། དེ་ལུས་ལ་བརྟེན་རབ་འབད་ན།། སྐྱེ་བ་གཅིག་ལ་མངོན་སངས་རྒྱས།། ཕུང་པོ་ལྷག་མ་མེད་ཅེས་བྱ།། གལ་ཏེ་ལས ་ཀྱི་དབང་བཙན་ནས།། སྐྱེ་བ་གཉིས་ཐོགས་ཕན་ཆད་ན།། ཕུང་པོ་ལྷག་མ་མེད་ཅེས་བྱ།། འདི་ལྟར་འདའ་ཀ་མ་ཡི་སེམས།། རབ་ཏུ་འབད་དེ་ཉམས་སུ་བླངས།། གལ་ཏེ་དེ་ལ་མ་འབད་ན།། བསགས ་པ་འབྲས་བུ་མེད་པར་འགྱུར།། འདའ་ཀ་མ་ཡི་སེམས་ཡོད་ན།། མ་བསགས་འབྲས་བུ་ངེས་པར་སྐྱེ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང ་བ།། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་ལམ་ལ་བགྲོད་ཚུལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས ་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་སྔགས་ཀྱི་བདག། སྔགས་འདི་དང་པོར་ཇི་ལྟར་བྱུང་།། སྔགས་བསྡུ་བ་ནི་ཇི་ལྟར་ལགས།། སྔགས་ཀྱི་མིང་ནི་ཇི་ལྟར་ལགས།། ཞེས་གླེངས་པ་དང་། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས ་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དང་པོ་ཡེ་ནས་རྣམ་དག་ལས།། ང་དང་བདག་ཏུ་བརྟག་པའི་དབང་།། འཁོར་བའི་གཟུགས་སུ་བརྟགས་པ་ལས།། དེ་ལུས་ཡི་གེ་ཨ་ལ་བརྟེན།། ཨ་ལས་ཡི་གེ་སྡེ ་དང་བཅས།། ཐབས་དང་ཤེས་རབ་ཡི་གེ་བྱུང་།། དེ་ལ་ཡི་གེ་ཨ་ཞེས་བྱ།། ཡི་གེའི་ཚོགས་ལ་སྡེ་ཚན་དགུ།། སྒྲ་ཡི་ཡི་གེས་ཡོངས་སུ་བརྒྱན།། དེ་ནི་མིང་གི་ཚོགས་ཞེས་བྱ།། ཨཱ་ལི་ལ་སོགས་སྡེ་ཚན་གྱིས།། ཀ་ལ ་སྩོགས་པའི་སྡེ་ལ་བརྒྱན།། དེ་ནི་ཚིག་གི་ཚོགས་ཞེས་བྱ།། དེ་ལས་སྔགས་ཀྱི་ཚོགས་རྣམས་འབྱུང་།། དང་པོ་གཅིག་སྔགས་བཏུ་འདི་ལ་དཔྱད་བྱ་མང་ཡང་སོར་བཞག་བྱས། ལ་དགུ་དབུས་གཞག། གཉིས་པ་ཡིས་ནི ་འགྲོ་ནས་བརྒྱན།། བཅུ་གསུམ་པ་ཡིས་སྟེང་ནས་བཀོད།། དེ་སྟེང་བཅོ་ལྔ་པ་ཡིས་བརྒྱན།། གཏི་མུག་ཡིན་པར་རྒྱལ་བས་གསུངས།། དེ་འོག་ལྔ་པའི་གསུམ་པ་བཞག། དེ་འོག་གཉིས་པའི་གསུམ་པ་ལ།། དྲུག་པའི ་གཉིས་པས་འགོ་ནས་བརྒྱན།། དེ་འོག་དང་པོའི་དང་པོ་བཞག། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་སྦྱིན།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་ལ།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བྱིན།། དེ་འོག་དྲུག་པའི་དང་པོ་སྦྱིན།། གང་མིང་བསྐུལ་བ་དེར ་བཅུག་ནས།། དེ་འོག་ལྔ་པའི་མཐའ་མ་སྦྱིན།། དེ་འོག་དྲུག་པའི་གཉིས་པ་བཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། བཅོམ་ལྡན་འདས་ཀྱི་གསོད་པའི་སྔགས།། སྔགས་མིང་བསྒྲུབ་པའི ་སྔགས་ཞེས་བྱ།། དང་པོ་རྣམ་པར་སྣང་མཛད་བཞག། དེ་འོག་དྲུག་པའི་དང་པོ་སྟེ།། དེ་རྗེས་དྲུག་པའི་གསུམ་པའོ།། སྟོང་པ་ཡིས་ནི་རྣམ་པར་བརྒྱན།། དེ་འོག་ཧཱུཾ་དང་ལམ་གཉིས་ཏེ།། དེ་འོག་བདུན་པའི་མཐའ ་མ་ལ།། བཞི་པའི་དང་པོས་རྣམ་པར་བརྒྱན།། དེ་ནས་ལྔ་པའི་མཐའ་མ་སྦྱིན།། དེ་རྗེས་ལྔ་པའི་གསུམ་པའོ།། དེ་འོག་གསུམ་པའི་མཐའ་མ་བཞག། དེ་ལ་དབྱངས་ཀྱི་གསུམ་པས་བརྒྱན།། སྔགས་དེ ་གཟིར་བའི་སྔགས་ཡིན་ནོ།། དེ་རྗེས་ལྔ་པའི་མཐའ་མ་ལ།། དབྱངས་ཀྱིས་བཅུ་གསུམ་པ་ཡིས་བརྒྱན།། དེ་རྗེས་བརྒྱད་པའི་མཐའ་ལྟག་གོ། དེ་འོག་དང་པོའི་གསུམ་པ་ལ།། དེ་རྗེས་དྲུག་པའི་དང་པོ་སྟེ།། དེ་འོག་ལྔ ་པའི་བཞི་པ་བཞག། དེ་འོག་དང་པོའི་གསུམ་པའོ།། དེ་རྗེས་ལྔ་པའི་གསུམ་པ་སྟེ།། དེ་ལ་བཞི་པའི་མཐའ་མ་སྦྱིན།། དེ་རྗེས་བདུན་པའི་མཐའ་མ་ལ།། དྲུག་པའི་གཉིས་པས་འོག་ནས་བརྒྱན།། དབྱངས་ཀྱི་བཞི་པས ་བརྒྱན་བྱས་ཏེ།། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་ཡོངས་སུ་སྤྲས།། དབྱངས་ཀྱི་གསུམ་པས་དེ་ལ་བརྒྱན།། དེ་འོག་ལྔ་པའི་བཞི་པ་བླངས།། དེ་ལ་དབྱངས་ཀྱི་བཞི་པས་བརྒྱན།། དེ་འོག་དང་པོའི ་དང་པོ་བཞག། འོག་ཏུ་ར་ལྡན་སྟེང་དུ་གསུམ།། མི་ཤིགས་སྙིང་པོ་བརྗོད་པ་ལས།། དེ་འོག་ཧཱུཾ་དང་དང་པོ་སྟེ།། དེ་འོག་དྲུག་པའི་གཉིས་པ་བཞག། ཧཱུཾ་དང་ཕཊ་གཉིས་རབ་བརྗོད་པས།། ཡོན་ཏན་ཀུན་དང་ལྡན་པའི ་སྔགས།། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་འོག་མི་ཤིགས་སྙིང་པོར་བརྗོད།། དེ་འོག་དང་པོའི་དང་པོ་བཞག། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་འོག་དྲུག་པའི ་དང་པོ་བཞག། དེ་དག་བསྐུལ་པའི་མིང་དང་བཅས།། དེ་འོག་གཉིས་པའི་གསུམ་པ་བཞག། དེ་རྗེས་ཧཱུཾ་དང་བཾ་དང་ཧོ།། སྔགས་མིང་དགུག་ཅིང་འཆིང་བའི་སྔགས།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་ཐམས ་ཅད་སྙིང་པོ་བརྗོད།། དེ་འོག་ལྔ་པའི་གསུམ་པ་ལ།། བརྒྱད་པའི་མཐའ་ལྷག་གིས་བརྒྱན་པ།། དེ་འོག་དང་པོའི་གསུམ་པ་སྦྱིན།། དབྱངས་ཀྱི་གསུམ་པ་སྟེང་དུ་བཀོད།། དེ་འོག་བཞི་པའི་ལྔ་པ་ལ།། གསུམ་པའི་ལྔ་པ ་དེ་ལ་སྦྱིན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་བཞག། དེ་རྗེས་དྲུག་པའི་དང་པོའོ།། ཧཱུཾ་གཉིས་ཕཊ་ཀྱི་རབ་བརྗོད་པས།། སྔགས་མིང་ཟིལ་གྱིས ་གནོན་པའི་སྔགས།། མི་ཤིགས་སྙིང་པོ་བརྗོད་པ་ལས།། དེ་འོག་བརྒྱད་པའི་ཐ་ལྷག་སྟེ།། དེ་ལ་དབྱངས་ཀྱི་དྲུག་པས་བརྒྱན།། སྟོང་པས་སྟེང་ནས་མཛེས་པར་བྱས།། དེ་འོག་དང་པོའི་དང་པོ་བཞག། དེ་འོག་དྲུག ་པའི་གཉིས་པ་བཞག། ཧཱུཾ་བཞག་དབྱངས་ཀྱི་དང་པོ་ཐ།། དང་པོ་གཏི་མུག་རིགས་ཡིན་ནོ།། སྔགས་མིང་ཚེ་ལུང་ཞེས་བྱའོ།། དང་པོ་ལྔ་པའི་དང་པོ་བཞག། དེ་རྗེས་དྲུག་པའི་གཉིས་པའོ།། དེ་ནས་ལྔ་པའི་གསུམ་པ ་ལ།། བརྒྱད་པའི་མཐའ་ལྷག་པ་ཡིས་བརྒྱན།། དེ་འོག་བཞི་པའི་གསུམ་པ་བཞག། དེ་རྗེས་བཞི་པའི་བཞི་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། སྔགས་མིང་བཅོམ་ལྡན་འདས་ཀྱིས་བསད།། དང་པོ་གཉིས་པའི་དང ་པོ་ལ།། དབྱངས་ཀྱི་གསུམ་པས་རྣམ་པར་བརྒྱན།། དེ་ལ་གསུམ་པའི་ལྔ་པ་སྦྱིན།། དེ་འོག་གསུམ་པའི་གསུམ་པའོ།། ཚེག་དྲག་དང་བཅས་ཉིས་འགྱུར་ལ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། སྔགས ་མིང་བདུད་རྩི་འཁྱིལ་པའི་སྔགས།། དང་པོ་ལྔ་པའི་གསུམ་པ་ལ།། དབྱངས་ཀྱི་གསུམ་པས་རྣམ་པར་བརྒྱན།། དེ་ལ་གསུམ་པའི་ལྔ་པ་སྦྱིན།། དེ་འོག་གསུམ་པའི་གསུམ་པ་བཞག། ཚེག་དྲག་དང་བཅས་ཉིས་འགྱུར ་ལ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། སྔགས་མིང་རྣམ་པར་རྒྱལ་བའི་སྔགས།། དང་པོའི་དང་པོ་བཞི་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། ཚིག་དྲག་དང་བཅས ་གསུམ་པའི་ལྔ།། ཉིས་འགྱུར་མི་ཤིགས་སྙིང་པོ་ཅན།། ཧཱུཾ་ཕཊ་མཐའ་ཅན་ཚིག་དྲག་བཅས།། སྔགས་མིང་རྟ་མགྲིན་ལས་ཀྱི་སྔགས།། དང་པོ་བརྒྱད་པའི་ཐ་ལྷག་བཞག། དེ་རྗེས་ཚིག་དྲག་གསུམ་པའི་ལྔ།། ཉིས ་འགྱུར་བཛྲ་ཧཱུཾ་ཕཊ་མཐའ།། སྔགས་མིང་གཞན་གྱིས་མི་ཐུབ་སྔགས།། དང་པོ་ལྔ་པའི་གསུམ་པ་ལ།། བརྒྱད་པའི་ཐ་ལྟག་འོག་ནས་བརྒྱན།། དེ་ལ་ལྔ་པའི་ལྔ་པ་སྤྲིན།། དེ་འོག་གསུམ་པའི་བཞི་པའོ།། ཚིག་དྲག་དང ་བཅས་ཉིས་འགྱུར་ལ།། མི་ཤིགས་པ་ཡི་སྙིང་པོ་ཅན།། ཚེག་དྲག་དང་བཅས་ཧཱུཾ་ཕཊ་མཐའ།། སྔགས་མིང་མི་གཡོ་མགོན་པོའི་ལས།། དང་པོ་བརྗོད་མེད་གོང་མ་བཞིན།། དེ་རྗེས་བཞི་པའི་དང་པོ་ལ།། དེ་ལ་གསུམ ་པའི་བཞི་པས་བརྒྱན།། དེ་འོག་དྲུག་པའི་དང་པོ་བཞག། དེ་རྗེས་གསུམ་པའི་གཉིས་པའོ།། ཚེག་དྲག་དང་བཅས་ཉིས་འགྱུར་ལ།། དེ་འོག་མི་ཤིགས་སྙིང་པོ་ཅན།། ཧཱུཾ་ཕཊ་མཐའ་རུ་ཚེག་དྲག་བཅས།། སྔགས་མིང ་སྟོབས་ཆེན་ལས་ཀྱི་སྔགས།། དང་པོ་བརྒྱད་པའི་ཐ་ལྟག་བཞག། དེ་འོག་བདུན་པའི་མཐའ་མའོ།། དེ་འོག་དྲུག་པའི་དང་པོ་བཞག། དེ་རྗེས་དྲུག་པའི་གཉིས་པའོ།། དེ་འོག་བརྒྱད་པའི་ཐ་ལྟག་ལ།། དྲུག་པའི་གཉིས ་པས་འོག་ནས་སྤྲས།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་རྗེས་གསུམ་པའི་གསུམ་པ་ལ།། དེ་ལ་བཞི་པའི་ལྔ་པ་སྦྱིན།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྔགས་མིང་མཐུ་འཕྲོག་སྔགས་ཡིན་ནོ།། དང་པོ ་བདུན་པའི་དང་པོ་བཞག། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟེང་དུ་དབྱངས་ཀྱི་གསུམ་པའོ།། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་རྣམ་པར་བརྒྱན།། དེ་སྟེང་དབྱངས་ཀྱིས་བཞི་པས ་བརྒྱན།། དེ་འོག་དབྱངས་ཀྱི་གཉིས་པ་བཞག། དེ་འོག་གསུམ་པའི་ཟ་མ་བཞག། དེ་རྗེས་དྲུག་པའི་དང་པོ་སྟེ།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྔགས་མིང་བཅིངས་པའི་སྔགས་ཞེས་བྱའོ།། དང་པོ་གཉིས་པའི ་གསུམ་པ་བཞག། དེ་འོག་དྲུག་པའི་བཞི་པ་གདགས།། དེ་རྗེས་དྲུག་པའི་གསུམ་པ་བཞག། དེ་འོག་ལྔ་པའི་དང་པོའོ།། དེ་རྗེས་དྲག་པའི་དང་པོ་སྟེ།། ཚིག་དྲག་དང་བཅས་ཉིས་འགྱུར་ལ།། ཧཱུཾ་ཕཊ་མཐའ་རུ་བཞག་པ ་ནི།། སྔགས་མིང་འབོད་པའི་སྙིང་པོས་བྱ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་བཅུ་པ་དགུ་དབུས་བཞག། དེ་རྗེས་ལྔ་པའི་བཞི་པ་བཞག། དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན།། དེ་འོག ་བདུན་པའི་གཉིས་པ་བཞག། དེ་འོག་དྲུག་པའི་དང་པོའོ།། ཚེག་དྲག་དང་བཅས་ཉིས་འགྱུར་ལ།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྔགས་མིང་འབེབས་པའི་སྙིང་པོའོ།། དང་པོ་ལྔ་པའི་བཞི་པ་བཞག། དབྱངས་ཡིག ་གསུམ་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་བཞི་པ་བཞག། དེ་འོག་དྲུག་པའི་དང་པོའོ།། ཚེག་དྲག་དང་བཅས་ཉིས་འགྱུར་ལ།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྔགས་མིང་དམིགས་པའི་ཕུང་པོའོ།། དང་པོ ་བརྒྱད་པའི་ཐ་ལྷག་བཞག། དེ་རྗེས་ཚེག་དྲག་གསུམ་པའི་ལྔ།། ཉིས་འགྱུར་བཛྲ་ཧཱུཾ་ཕཊ་མཐའ།། སྔགས་མིང་གཞན་གྱིས་མི་ཐུབ་ལས།། དང་པོ་བཞི་པའི་གསུམ་པ་བཞག། དེ་རྗེས་ཚེག་དྲག་བརྒྱད་ཐ་ལྷག། མི ་འགྱུར་མི་ཤིགས་སྙིང་པོ་ཅན།། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྔགས་མིང་དབྱུག་པ་སྔོན་པོའི་ལས།། དང་པོ་ལྔ་པའི་དང་པོ་བཞག། གཉིས་པའི་དང་པོ་ཚིཚེག་དྲག་བཅས།། མི་འགྱུར་སྟོང་པའི་སྙིང་པོ་ཅན།། ཧཱུཾ་ཕཊ ་མཐའ་རུ་བཞག་པ་ནི།། སྔགས་མིང་གཤིན་རྗེའི་ལས་ཀྱི་སྔགས།། དང་པོ་ལྔ་པའི་ལྔ་པ་བཞག། དེ་རྗེས་གསུམ་པའི་དང་པོ་སྟེ།། ཚིག་དྲག་དང་བཅས་ཉིས་འགྱུར་ལ།། མི་ཤིགས་སྙིང་པོ་ཧཱུཾ་གི་མཐའ།། སྔགས་མིང ་བདག་ཉིད་ལས་ཀྱི་སྔགས།། དང་པོ་གཉིས་པའི་གསུམ་པའོ།། དྲུག་པའི་བཞི་པས་འོག་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་བཞག། ཚིག་དྲག་དང་བཅས་ཉིས་འགྱུར་ལ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ ་མཐའ།། སྔགས་མིང་ཤྭ་ན་མུ་ཁའི་ལས།། དང་པོ་བདུན་པའི་མཐའ་མ་ལ།། དབྱངས་ཀྱི་ལྔ་པས་རྣམ་པར་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་དྲུག་པས་བརྒྱན་པ་སྟེ།། ཚེག་དྲག་དང་བཅས་ཉིས ་འགྱུར་ལ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། སྔགས་མིང་མཆེ་བ་ཅན་གྱི་ལས། དང་པོ་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ལྔ་པས་རྣམ་པར་བརྒྱན།། དེ་རྗེས་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་དྲུག་པ་ཤིན་ཏུ ་མཛེས།། ཚིག་དྲག་དང་བཅས་ཉིས་འགྱུར་ལ།། མི་ཤིགས་སྙིང་པོ་ཧཱུཾ་ཕཊ་མཐའ།། སྔགས་མིང་གཤོག་པ་ཅན་གྱི་ལས།། དང་པོའི་དང་པོ་དང་པོར་བཞག། དེ་རྗེས་བཞི་པའི་དང་པོ་ལ།། དེ་འོག་དང་པོའི་དང་པོ ་ཡིན།། དེ་འོག་དྲུག་པའི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན།། དེ་འོག་ལྔ་པའི་བཞི་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་གཉིས་པའི་བཞི་པ་ལ།། དེ་འོག་དྲུག་པའི་དང ་པོའོ།། དེ་འོག་དབྱངས་ཀྱི་དང་པོ་བཞག། དེ་འོག་གཉིས་པའི་དང་པོ་ལ།། དབྱངས་ཀྱི་གསུམ་པ་སྟེང་ནས་བརྒྱན།། དེ་ལ་བཞི་པའི་ལྔ་པ་བྱིན།། དེ་འོག་བཞི་པའི་བཞི་པ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡིས ་བརྒྱན།། དེ་འོག་དབྱངས་ཀྱི་དང་པོ་བཞག། དེ་འོག་ལྔ་པའི་དང་པོ་བཞག། དེ་འོག་དྲུག་པའི་གཉིས་པ་བཞག། དེ་འོག་གཉིས་པའི་དང་པོ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན།། དེ་འོག་བཞི ་པའི་དང་པོ་ལ།། དབྱངས་ཀྱི་བཅུ་གཉིས་པ་ཡིས་བརྒྱན།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་གཉིས་པ་བཞག། དེ་འོག་བདུན་པའི་ཐ་མ་བཞག། དེ་རྗེས་བཞི་པའི་ལྔ་པ་བཞག། དེ་རྗེས་ལྔ་པའི་དང་པོ ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ་བཞག། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་རྗེས་དྲུག་པའི་གཉིས་པ་ལ།། བཞི་པའི་དང་པོས་འོག་ནས་བརྒྱན།། དེ་འོག་བཞི་པའི་ལྔ་པ་སྟེ།། དེ་འོག ་དྲུག་པའི་དང་པོ་བཞག། ཧཱུཾ་ཕཊ་མཐའ་རུ་བཞག་པ་ནི།། སྔགས་མིང་ལྷ་མོ་བཞི་ཡི་སྔགས།། དང་པོ་ཧཱུཾ་བཞག་མ་གཉིས་བཞག། དེ་རྗེས་ལྔ་པའི་དང་པོ་བཞག། དེ་འོག་བདུན་པའི་གཉིས་པ་ལ།། དབྱངས་ཀྱི་གཉིས ་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་སྒྲས།། དེ་འོག་དྲུག་པའི་གཉིས་པ་བཞག། དེ་ལ་དབྱངས་ཀྱི་ལྔ་པས་བརྒྱན།། དེ་འོག་བདུན་པའི་གསུམ་པ་ལ།། དེ་ལ་བཞི་པའི ་དང་པོས་བརྒྱན།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་གཉིས་པ་བཞག། དེ་འོག་དང་པོའི་དང་པོ་སྟེ།། དེ་རྗེས་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡི་བརྒྱན།། དེ་འོག་དབྱངས་ཀྱི་གསུམ་པ ་བཞག། དེ་འོག་བཞི་པའི་བཞི་པ་ལ།། གསུམ་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་བཞི་པའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དབྱངས་ཀྱི་བཅུ་གཉིས་པ་ཡིས་བརྒྱན།། དེ་འོག་མ་གཉིས་ཚིག་དྲག་བཅས།། དེ ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་རྗེས་བདུན་པའི་གཉིས་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག ་དང་པོའི་དང་པོ་ལ།། དང་པོའི་ལྔ་པ་སྟེང་དུ་བཀོད།། དེ་འོག་དང་པོའི་དང་པོ་བཞག། དེ་རྗེས་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན།། ཚེག་དྲག་དང་བཅས་སྭཱ་ཧཱའི་མཐའ།། སྔགས ་མིང་ཐུབ་པའི་སྔགས་ཡིན་ནོ།། དང་པོ་ཐམས་ཅད་སྙིང་པོ་བཞག། དེ་རྗེས་དབྱངས་ཀྱི་དང་པོའོ།། དེ་འོག་གསུམ་པའི་ལྔ་པ་སྟེ།། དེ་རྗེས་དྲུག་པའི་དང་པོའོ།། དེ་འོག་མི་ཤིགས་སྙིང་པོ་ཅན།། ཚིག་དྲག་དང་བཅས ་ཧཱུཾ་ཕཊ་མཐའ།། གཏི་མུག་རིགས་ཀྱི་དང་པོ་སྟེ།། སྔགས་མིང་ཧཱུཾ་ཆེན་ལས་ཀྱི་སྔགས།། དང་པོ་བཞི་པའི་དང་པོ་བཞག། དེ་ལ་གསུམ་པའི་གསུམ་པ་སྦྱིན།། དེ་རྗེས་དྲུག་པའི་དང་པོ་བཞག། དེ་འོག་བཞི་པའི་གཉིས ་པའོ།། ཚེག་དྲག་དང་བཅས་ཧཱུཾ་ཕཊ་མཐའ།། སྔགས་མིང་རྫུ་འཕྲུལ་དབྲོག་པའི་སྔགས།། དང་པོ་རྣམ་པར་སྣང་མཛད་དེ།། སུ་རུ་ཉིས་འགྱུར་ཨུ་ཙུཥྨ།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས ་སྒྲས།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་བཞི་པའི་དང་པོ་བཞག། དེ་འོག་དྲུག་པའི་དང་པོ་བཞག། དེ་འོག་དྲུག་པའི་དང་པོ་ལ།། ཚེག་དྲག་དང་བཅས་ཧཱུཾ་ཕཊ་མཐའ།། སྔགས་མིང ་སེང་ལྡེང་ཕུར་པའི་སྔགས།། དང་པོ་གཏི་མུག་རིགས་ཡིན་ནོ།། དེ་རྗེས་བཞི་པའི་གཉིས་པ་བཞག། དེ་འོག་གསུམ་པའི་གཉིས་པ་བཞག། དེ་འོག་གསུམ་པའི་དང་པོ་སྟེ།། དེ་ལ་བཞི་པའི་གསུམ་པ་སྦྱིན།། དེ་འོག ་བཞི་པའི་ལྔ་པ་ལ།། དེ་ལ་གསུམ་པའི་ལྔ་པ་བཞག། དེ་འོག་དང་པོའི་བཞི་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་རྗེས་གསུམ་པའི་དང་པོ་བཞག། ཚེག་དྲག་དང ་བཅས་ཧཱུཾ་ཕཊ་མཐའ།། སྔགས་མིན་རྨ་ཤིང་ཕུར་པའི་སྔགས།། དང་པོར་རྣམ་པར་སྣང་མཛད་དེ།། དེ་རྗེས་བདུན་པའི་གསུམ་པ་བཞག། དེ་འོག་ལྔ་པའི་ལྔ་པ་ལ།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་གསུམ་པའི ་དང་པོ་བཞག། དེ་རྗེས་ལྔ་པའི་བཞི་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་སྟེང་བདུན་པའི་གཉིས་པ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན།། བཞི་པའི་གསུམ་པས་དེ་ལ་སྦྱིན།། དེ་འོག་བཞི་པའི ་བཞི་པ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན།། དེ་རྗེས་དབྱངས་ཀྱི་དང་པོ་བཞག། དེ་འོག་ལྔ་པའི་བཞི་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་བདུན་པའི་གཉིས་པ་ལ།། དབྱངས་ཡིག་ལྔ ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་གསུམ་པ་སྦྱིན།། དེ་འོག་དྲུག་པའི་དང་པོ་བཞག། དེ་འོག་ལྔ་པའི་བཞི་པ་ལ།། དབྱངས་ཡིག་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་བཞི་པའི་བཞི་པ་ལ།། དེ་འོག་དྲུག་པའི ་བཞི་པ་བཞག། དེ་གསུམ་ཉིས་འགྱུར་ཧཱུཾ་ཕཊ་མཐའ།། ཚེག་དྲག་དང་བཅས་མཆོག་ཕུར་ལས།། དང་པོ་རྣམ་པར་སྣང་མཛད་དེ།། དེ་རྗེས་མི་ཤིགས་སྙིང་པོའོ།། དེ་འོག་དབྱངས་ཀྱི་དང་པོ་སྟེ།། དེ་རྗེས་དང་པོའི ་གསུམ་པ་ལ།། བརྒྱད་པའི་ཐ་ལྟག་གིས་བརྒྱན་ནས།། དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན།། དེ་འོག་བདུན་པའི་གཉིས་པ་ལ།། བརྒྱད་པའི་ཐ་ལྟག་འོག་ནས་བརྒྱན།། ཚེག་དྲག་དང་བཅས་ཙནྡན་ལས།། དང་པོ ་གཏི་མུག་རིགས་ཡིན་ཏེ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། དེ་རྗེས་དྲུག་པའི་གཉིས་པ་ལ།། ལྔ་པའི་གསུམ་པ་ཡིས་བརྒྱན་ཏེ།། དེ་འོག་གསུམ་པའི་ལྔ་པ་བཞག། འབྲུ་གཉིས་ཉིས་འགྱུར་བརྗོད་པའི་རྗེས།། ལྔ་པའི ་བཞི་པ་གཞག་པར་བྱ།། འོག་ནས་དྲུག་པའི་དང་པོས་བརྒྱན།། ཚེག་དྲག་དང་བཅས་ཧཱུཾ་ཕཊ་མཐའ།། སྔགས་མིང་སྐྱེར་ཕུར་ལས་ཀྱི་སྔགས།། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། དེ ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་དང་པོའི་དང་པོ ་ལ།། དྲུག་པའི་གཉིས་པས་འོག་ནས་བརྒྱན།། དབྱངས་ཀྱི་བཅུ་གསུམ་སྟེང་ནས་བཀོད།། དེ་འོག་བཞི་པའི་དང་པོ་བཞག། ཧཱུཾ་གཉིས་ཕཊ་གཉིས་སྟ་ཧཱ་མཐའ།། ཚིག་དྲག་དང་བཅས་འབིགས་པའི ་སྔགས།། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། དེ་རྗེས་བདུན་པའི་གསུམ་པ་ལ།། དྲུག་པའི་ཐ་མས་འོག་ཏུ་སྤྲས།། དེ་རྗེས་བཞི་པའི་དང་པོ་བཞག། དེ་རྗེས་བདུན་པའི་གསུམ་པ ་བཞག། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་དང་པོའོ།། ཧཱུཾ་དང་ཚེག་དྲག་བཅས་པ་ནི།། སྔགས་མིང་དམ་ཚིག་མི་འདའ་འོ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང ་པོའི་དང་པོ་ལ།། འོག་ཏུ་རར་ལྡན་སྟེང་དབྱངས་གསུམ།། དེ་འོག་བཞི་པའི་དང་པོ་བཞག། ཧ་ན་ཉིས་འགྱུར་ད་ཧ་གཉིས།། པ་ཙ་གཉིས་དང་བན་དྷ་གཉིས།། ཚིན་དྷ་གཉིས་དང་རྦ་ན་གཉིས།། ཧཱུཾ་གཉིས་ཕཊ་གཉིས ་བརྗོད་པ་ནི།། སྔགས་མིང་བཀའ་ཉན་སྔགས་ཡིན་ནོ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་བཅུ ་གསུམ་སྟེང་ནས་བཀོད།། དེ་འོག་གསུམ་པའི་དང་པོ་བཞག། དེ་འོག་དྲུག་པའི་དང་པོ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་རྗེས་བདུན་པའི་གཉིས་པ་བཞག། ཁ་གཉིས་ཧ་གཉིས་ཧཱུཾ་ཡང་གཉིས།། ཚེག་དྲག་དང ་བཅས་ཕཊ་གཉིས་བརྗོད།། སྔགས་མིང་སྙིང་ཁྲག་དྲང་བའི་སྔགས།། དང་པོ་རྗོད་བྱེད་གོང་མ་སྦྱིན།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། སྟེང་དུ ་དབྱངས་ཀྱི་བཅུ་གསུམ་བཀོད།། དེ་འོག་བཞི་པའི་དང་པོ་བཞག། དེ་རྗེས་ལྔ་པའི་ལྔ་པ་བཞག། དེ་འོག་མཐར་གནས་ཐ་ལྟག་བཞག། དེ་འོག་ལྔ་པའི་དང་པོ་སྟེ།། དེ་རྗེས་དྲུག་པའི་གསུམ་པ་བཞག། ཧ་ན་གཉིས ་དང་ད་ཧ་གཉིས།། སྔགས་མིང་བཀའ་ཉན་སྔགས་ཡིན་ནོ།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་ལ་དབྱངས་ཀྱི ་བཅུ་གསུམ་སྟེང་དུ་བཀོད།། དེ་འོག་གསུམ་པའི་དང་པོ་བཞག། དེ་འོག་དྲུག་པའི་དང་པོ་ལ།། པ་ཙ་གཉིས་བརྗོད་རྗེས་ཐོག་ལ།། ལྔ་པའི་བཞི་པར་དབྱངས་གསུམ་བརྒྱན།། དེ་འོག་བཞི་པའི་དང་པོ་ལ།། དྲུག་པའི ་བཞི་པས་འོག་ནས་སྤྲས།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་རྗེས་གསུམ་པའི་གསུམ་པ་སྟེ།། དེ་རྗེས་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་དང་པོའོ།། དེ་རྗེས་གཉིས་པའི་བཞི་པ་བཞག། དེ་འོག་གསུམ་པའི་དང་པོ ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྐུན།། དེ་རྗེས་དྲག་པའི་གསུམ་པ་ལ།། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་དང་པོ་ལ།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་བཞི་པའི་བཞི་པ་བཞག། དེ ་རྗེས་དྲུག་པའི་གཉིས་པ་བཞག། དེ་འོག་གསུམ་པའི་ལྔ་པ་བཞག། དེ་འོག་དབྱངས་ཀྱི་དྲུག་པ་བཞག། དེ་རྗེས་གཉིས་པའི་དང་པོ་ལ།། དབྱངས་ཀྱི་ལྔ་པས་དེ་ལ་བརྒྱན།། དེ་འོག་བདུན་པའི་གསུམ ་པ་ལ།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་བཞི་པའི་བཞི་པ་བཞག། དེ་རྗེས་དྲུག་པའི་གཉིས་པ་བཞག། དེ་འོག་གསུམ་པའི་ལྔ་པ་བཞག། དེ་འོག་དབྱངས་ཀྱི་དྲུག་པ་བཞག། དེ་རྗེས་གཉིས་པའི་དང ་པོ་ལ།། དབྱངས་ཀྱི་ལྔ་པས་དེ་ལ་བརྒྱན།། དེ་འོག་བདུན་པའི་གསུམ་པ་ལ།། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་དང་པོའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་བཅུ་གསུམ་པ་ཡི ་བརྒྱན།། དེ་འོག་བཞི་པའི་དང་པོ་བཞག། དེ་རྗེས་དྲུག་པའི་དང་པོའོ།། ཚེག་དྲག་དང་བཅས་ཧཱུཾ་ཕཊ་མཐའ།། སྔགས་མིང་བརྟན་ཞིང་སྒྲུབ་པའི་སྔགས།། དང་པོ་རྣམ་པར་སྣང་མཛད་དེ།། དེ་རྗེས་མི་ཤིགས་སྙིང་པོ ་བརྗོད།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་བཞག། དེ་འོག་དྲུག་པའི་དང་པོ་སྟེ།། ཁ་ཟམ་གསུམ་དང་ཧཱུཾ་གསུམ་སྟེ།། ཚེག་དྲག་དང་བཅས་ཕཊ ་གསུམ་བརྗོད།། སྔགས་མིང་བརྡུང་བའི་སྔགས་ཡིན་ནོ།། དང་པོ་དྲུག་པའི་གཉིས་པ་ལ།། ལྔ་པའི་ལྔ་པ་སྟེང་དུ་བཀོད།། དེ་རྗེས་གཉིས་པའི་གསུམ་པ་ལ།། དྲུག་པའི་བཞི་པས་འོག་ནས་སྤྲས།། དེ་རྗེས་དྲུག་པའི ་གསུམ་པ་བཞག། ཉིས་འགྱུར་བརྗོད་པའི་རྗེས་ཐོག་ལ།། བདུན་པ་ཡིས་ནི་གསུམ་པ་ལ།། ལྔ་པའི་དང་པོས་བརྒྱན་པར་བྱ།། དེ་འོག་དྲུག་པའི་གཉིས་པ་ལ།། དེ་རྗེས་བཞི་པའི་ལྔ་པ་སྟེ།། ཧཱུཾ་ཕཊ་མཐའ་རུ་བཞག ་པ་ནི།། སྔགས་མིང་མེ་སྦར་སྔགས་ཡིན་ནོ།། དང་པོ་རྗོད་བྱེད་དང་པོ་སྟེ།། དེ་རྗེས་མི་ཤིགས་སྙིང་པོ་ཅན།། དེ་རྗེས་བདུན་པའི་གསུམ་པ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་ལྔ་པ ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན།། དེ་རྗེས་བཞི་པའི་དང་པོ་ལ།། འོག་ཏུ་ར་ལྡན་དབྱངས་ཀྱི་ལྔ།། སྟེང་དུ་དང་པོའི་ལྔ་པས་བརྒྱན།། དེ་འོག་ཧཱུཾ་དང་ས་དང་མ།། ཡ་དང་སྟྭཾ་ཞེས་བརྗོད་པ་ནི།། སྔགས་མིང ་མནན་ཞིང་གཟིར་བའི་སྔགས།། ཛཿདང་ཧཱུཾ་དང་བཾ་དང་ཧོ།། དེ་རྗེས་དབྱངས་ཀྱི་བཅུ་གཅིག་བཞག། དེ་རྗེས་མཐར་གནས་ཐ་ལྟག་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་ལྔ་པའི་བཞི་པའོ།། དེ་རྗེས ་དང་པོའི་གསུམ་པ་བཞག། དེ་འོག་ལྔ་པའི་གསུམ་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་ལྔ་པའི་བཞི་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་བཞི་པའི་དང་པོ་བཞག། དེ་འོག་དྲུག་པའི ་གཉིས་པས་བརྒྱན།། དེ་འོག་གཉིས་པའི་དང་པོ་སྟེ།། དེ་འོག་དྲུག་པའི་གཉིས་པའོ།། དེ་འོག་དྲུག་པའི་དང་པོ་བཞག། དེ་འོག་དང་པོའི་དང་པོ་ལ།། བདུན་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་མི་ཤིགས་སྙིང ་པོ་ཅན།། བྷྱོ་གཉིས་རུ་ལུ་གཉིས་ལྡན་ཧཱུཾ།། སྔགས་མིང་ལས་ཀྱིས་སྤྱན་དྲངས་སྔགས།། དང་པོ་བརྗོད་མེད་གོང་མ་སྟེ།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་རྗེས་བཞི ་པའི་དང་པོ་ལ།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་གཉིས་པའི་དང་པོ་བཞག། དེ་རྗེས་ཧཱུཾ་དང་ལྡན་པ་ནི།། སྔགས་མིང་དབུལ་བའི་སྔགས་ཡིན་ནོ།། དང་པོ་གཏི་མུག་རིགས་ཡིན་ཏེ།། དེ་འོག་བདུན ་པའི་གསུམ་པ་བཞག། དེ་རྗེས་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་དང་པོའོ།། དེ་འོག་དབྱངས་ཀྱི་དང་པོ་སྟེ།། དེ་རྗེས་ལྔ་པའི་ལྔ་པ་ལ།། འོག་ཏུ་རར་ལྡན་དབྱངས་ཡིག་གསུམ།། དེ་འོག་བཞི་པའི་བཞི་པ ་བཞག། དེ་རྗེས་དབྱངས་ཀྱི་དང་པོའོ།། དྲུག་པའི་གཉིས་པ་དང་པོའི་གསུམ།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ་ལ།། དབྱངས ་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་གཉིས་པའི་དང་པོ་བཞག། ཧཱུཾ་དང་སྭཱ་ཧཱ་མཐའ་ལྡན་པ།། སྔགས་མིང་ཞལ་དུ་གསོལ་བའི་སྔགས།། དང་པོ་རྣམ་པར་སྣང་མཛད་དེ།། དེ་རྗེས་བཞི་པའི་ལྔ་པ་བཞག། དེ་འོག ་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་ལྔ་པའི་གསུམ་པ་བཞག། དེ་རྗེས་དང་པོའི་གསུམ་པ་དེ།། དེ་འོག་ལྔ་པའི་གསུམ་པ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་རྗེས་བཞི་པའི་དང ་པོ་ལ།། དབྱངས་ཀྱི་བཅུ་གཅིག་པ་ཡིས་བརྒྱན།། དེ་འོག་བདུན་པའི་གཉིས་པ་ལ།། དྲུག་པའི་བཞི་པས་འོག་ནས་སྤྲས།། དེ་རྗེས་བདུན་པའི་གཉིས་པ་ལ།། བཞི་པའི་ལྔ་པ་དེ་ལ་སྦྱིན།། དེ་འོག་གསུམ་པའི་དང་པོ ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་དང་པོའི་གསུམ་པ་ལ།། དབྱངས་ཀྱི་བཞི་པས་རྣམ་པར་བརྒྱན།། དེ་འོག་བཞི་པའི་དང་པོ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་སྤྲས།། དེ་འོག་བཞི་པའི་དང་པོ ་ལ།། དེ་ལ་གསུམ་པའི་གསུམ་པ་སྦྱིན།། དེ་འོག་དྲུག་པའི་དང་པོ་བཞག། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་རྗེས་བཞི་པའི་བཞི་པ་ལ།། དེ་ལ་གསུམ་པའི་ལྔ་པ་སྦྱིན།། དེ་རྗེས་གསུམ་པའི་དང་པོ་ལ།། དབྱངས་ཀྱི ་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་དྲུག་པའི་དང་པོ་ལ།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་རྗེས་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་བཅུ་གཉིས་པ་ཡིས་བརྒྱན།། དེ་འོག་དང་པོའི་དང་པོའི་བཞག། དེ་རྗེས ་བཞི་པའི་ལྔ་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་ལ་གསུམ་པའི་ལྔ་པ་སྦྱིན།། ཙ་ལ་གཉིས་དང་མ་ལ་གཉིས།། ཏི་ལ་གཉིས ་དང་སྭཱ་ཧཱའི་མཐའ།། སྔགས་མིང་ཟློག་པར་བྱེད་པའི་སྔགས།། དང་པོ་རྣམ་པར་སྣང་མཛད་དེ།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས ་དྲུག་པའི་གསུམ་པ་བཞག། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་རྣམ་པར་བརྒྱན།། དེ་འོག་དྲུག་པའི་གསུམ་པ་བཞག། དེ་རྗེས་དྲུག་པའི ་དང་པོ་བཞག། དེ་རྗེས་བདུན་པའི་མཐའ་མ་ལ།། དབྱངས་ཀྱི་ལྔ་པས་རྣམ་པར་བརྒྱན།། ལྔ་པའི་ལྔ་པ་དང་ལྡན་ཏེ།། དེ་རྗེས་ལྔ་པའི་བཞི་པ་བཞག། དེ་རྗེས་ཧཱུཾ་གིས་ཡང་དག་བཅས།། མིང་དང་བཅས་པའི་ཕཊ ་བརྗོད་པས།། སྔགས་མིང་དྲག་པོའི་སྲེག་དུག་སྔགས།། གོང་མ་ཇི་ལྟར་བསྒྲུབ་པ་ལས།། དྲུག་པའི་དང་པོའི་འོག་ཏུ་ནི།། ལྔ་པའི་དང་པོ་ཡོངས་སུ་བཀོད།། དབྱངས་ཀྱི་ལྔ་པས་རབ་ཏུ་བརྒྱན།། དེ་རྗེས་བདུན་པའི ་མཐའ་མ་ལ།། བཞི་པའི་དང་པོ་དེ་ལ་སྦྱིན།། དབྱངས་ཀྱི་གསུམ་པས་རྣམ་པར་བརྒྱན།། དང་པོའི་ལྔ་པ་དེ་ལ་སྦྱིན།། ཧཱུཾ་གཉིས་བར་དུ་མིང་བསྐུལ་བ།། སྔགས་མིང་དབང་གི་དུས་ཀྱི་སྔགས།། གོང་མ་ཇི་ལྟར་བསྒྲུབ ་པ་ལས།། དྲུག་པའི་དང་པོ་འོག་ཏུ་ནི།། བདུན་པའི་གཉིས་པ་དེ་འོག་བཞག། བཞི་པའི་མཐའ་མ་དེ་ལ་སྦྱིན།། དེ་འོག་བཞི་པའི་དང་པོ་ལ།། འོག་ཏུ་ཁ་བལྟས་ཀྱིས་བརྒྱན་ཏེ།། སྟེང་དུ་དབྱངས་ཀྱི་བཞི་པས ་བརྒྱན།། དང་པོའི་ལྔ་པ་དེ་ལ་སྦྱིན།། ཧཱུཾ་དང་མིང་བཅས་སྭཱ་ཧཱ་མཐའ།། སྔགས་མིང་ཞི་བའི་སྔགས་ཡིན་ནོ།། གོང་མ་ཇི་ལྟར་བསྒྲུབ་པ་ལས།། དྲུག་པའི་དང་པོ་འོག་ཏུ་ནི། ལྔ་པའི་བཞི་པ་གཞག་པར་བྱ།། དེ་འོག ་བདུན་པའི་གཉིས་པ་ལ།། འོག་ཏུ་བརྒྱད་པའི་ཐ་ལྷག་སྦྱིན།། དེ་འོག་ཡ་ཡིས་ཡོངས་སུ་བརྒྱན།། སྟོང་པ་ཡིས་ནི་ཤིན་ཏུ་མཛེས།། སྭཱ་ཧཱའི་བར་དུ་མིང་གིས་སྤྲས།། སྔགས་མིང་རྒྱས་པའི་སྔགས་ཡིན་ནོ།། དང་པོ་ཇི ་ལྟར་གནས་པ་ལ།། དྲུག་པའི་དང་པོ་འོག་ཏུ་ནི།། ཧཱུཾ་དང་ཛ་བརྩེགས་གཉིས་བཞག་པ།། སྔགས་མིང་སྐྲོད་པའི་སྔགས་ཡིན་ནོ།། དང་པོ་གཏི་མུག་རིགས་ཡིན་ནོ།། དེ་འོག་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་བཅུ ་གསུམ་པ་ཡིས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་སྤྲས།། དེ་འོག་ལྔ་པའི་དང་པོ་བཞག། དེ་འོག་བཞི་པའི་གསུམ་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱད།། དེ་འོག ་བདུན་པའི་གསུམ་པ་ལ།། དེ་ལ་བཞི་པའི་དང་པོ་སྦྱིན།། དེ་རྗེས་བདུན་པའི་གསུམ་པ་བཞག། དེ་རྗེས་ལྔ་པའི་ལྔ་པ་བཞག། དེ་འོག་དྲུག་པའི་དང་པོ་སྟེ།། དེ་འོག་ཧཱུཾ་དང་བྷྱོ་བཞག་ཧཱུཾ།། དེ་རྗེས་དབྱངས་ཀྱི་དང་པོ ་བཞག། དེ་འོག་དྲུག་པའི་གཉིས་པའོ།། དེ་རྗེས་དྲུག་པའི་གསུམ་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། ཛཿདང་ཧཱུཾ་དང་བཾ་དང་ཧོཿ།། སྔགས་མིང་སྤྱི་ཡི་མཁའ་འགྲོ་སྤྱན།། དྲངས་པ་ཡི་ནི་སྔགས་ཡིན ་ནོ།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་བཞི་པའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དང་པོ་རྗོད་བྱེད་གོང་མ་སྦྱིན།། དེ་འོག་མི་ཤིགས་སྙིང་པོ་ཅན།། དེ་འོག་བདུན་པའི་གསུམ་པ་བཞག། ་འོག་ལྔ་པའི་ལྔ་པའོ།། དེ་འོག་དང་པོའི་དང་པོ་སྟེ།། དེ་རྗེས་དྲུག་པའི་དང་པོ་ལ།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ ་འོག་བཞི་པའི་ལྔ་པ་ལ།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་ལྔ་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དྲུག་པའི་བཞི་པའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། ཛ ་དང་ཧཱུཾ་གཉིས་བརྗོད་པ་ནི།། སྔགས་མིང་ཞལ་དབྱེ་པ་ཡི་སྔགས།། དང་པོའི་དང་འོག་ཉིས་འགྱུར་ལ།། དེ་འོག་བཞི་པའི་གསུམ་པ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན།། དེ་ལ་དྲུག་པའི་གཉིས་པ་སྦྱིན།། དེ ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་བཞི་པའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་འོག་བཞི་པའི་དང་པོ་ལ།། དབྱངས་ཀྱི་ལྔ་པས་དེ་ལ་བརྒྱན།། དེ་འོག་ལྔ་པའི་ལྔ ་པ་བཞག། རུ་ལུ་གཉིས་དང་ཧཱུཾ་གཉིས་ཏེ།། བྷྱོ་གཉིས་རྗེས་སུ་ཀུན་བཞག་ནས།། དེ་འོག་ལྔ་པའི་ལྔ་པ་བཞག། དེ་རྗེས་བཞི་པའི་གསུམ་པ་སྟེ།། དེ་འོག་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས ་བརྒྱན།། དེ་རྗེས་གསུམ་པའི་གསུམ་པ་ལ།། བདུན་པའི་གཉིས་པ་དེ་ལ་སྦྱིན།། དབྱངས་ཀྱི་ལྔ་པས་འོག་ནས་བརྒྱན།། དེ་རྗེས་དྲུག་པའི་གསུམ་པ་ལ།། དེ་རྗེས་བཞི་པའི་གསུམ་པའོ།། དེ་འོག་དྲུག་པའི་གཉིས་པ ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་གཉིས་པའི་དང་པོ་བཞག། དེ་རྗེས་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ལྔ་པས་འོག་ནས་སྤྲས།། དེ་ལ་བཞི་པའི་ལྔ་པ་སྦྱིན།། དེ་འོག་བཞི་པའི་བཞི་པ་བཞག། དེ ་འོག་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དང་པོའི་ལྔ་པས་སྟེང་དུ་བརྒྱན།། དེ་རྗེས་དང་པོའི་དང་པོ་བཞག། དེ་འོག་བཞི་པའི་གསུམ་པའོ།། དེ་འོག ་དྲུག་པའི་གཉིས་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་དུ་བརྒྱན།། དེ་རྗེས་དང་པོའི་གཉིས་པ་བཞག། དེ་འོག་དྲུག་པའི་གཉིས་པ་ལ།། ལྔ་པའི་ལྔ་པ་དེ་ལ་སྦྱིན།། དེ་རྗེས་དྲུག་པའི་དང་པོ་ལ།། དབྱངས་ཀྱི་བཅུ ་གསུམ་པ་ཡིས་བརྒྱན།། དེ་འོག་དང་པོའི་དང་པོ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་རྗེས་བཞི་པའི་ལྔ་པ་ལ།། དབྱངས་ཀྱི་བཞི་པས་སྟེང་ནས་བརྒྱན།། དེ་འོག་དང་པོའི་གཉིས་པ་བཞག། དེ་རྗེས ་དབྱངས་ཀྱི་གཉིས་པ་བཞག། དེ་རྗེས་དབྱངས་ཀྱི་གཉིས་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་བདུན་པའི་གསུམ་པ་བཞག། དེ་རྗེས་ལྔ་པའི་ལྔ་པ་བཞག། དེ་རྗེས་དྲུག་པའི་དང་པོ་ནས།། དེ ་འོག་དབྱངས་ཀྱི་གཉིས་པའོ།། དེ་རྗེས་ལྔ་པའི་ལྔ་པ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་གཉིས་པ་བཞག། དེ་འོག་དབྱངས་ཀྱི་དང་པོའོ།། དེ ་རྗེས་དྲུག་པའི་གཉིས་པ་ལ།། དང་པོའི་གསུམ་པ་དེ་ལ་སྦྱིན།། དེ་ལ་ལྔ་པའི་ལྔ་པ་སྦྱིན།། དེ་འོག་ལྔ་པའི་དང་པོ་ལ།། དྲུག་པའི་གཉིས་པས་འོག་ནས་སྤྲས།། དེ་རྗེས་བཞི་པའི་དང་པོ་ལ།། དབྱངས་ཀྱི ་གསུམ་པས་སྟེང་ནས་བརྒྱན།། དེ་འོག་གཉིས་པའི་གསུམ་པ་བཞག། དེ་འོག་དང་པོའི་གཉིས་པ་སྟེ།། དེ་རྗེས་དབྱངས་ཀྱི་གཉིས་པ་ལ།། དབྱངས་ཀྱི་གསུམ་པས་སྟེང་དུ་བཀོད།། སྔགས་མིང་ཞལ་དུ་བསྟབ་པའི ་སྔགས།། དང་པོའི་ཕྱི་མོའི་ཡི་གེ་རྣམས།། སྡེ་ཚན་དགུ་རུ་རྣམ་པར་གྲགས།། དེ་ལས་ཡོངས་སུ་གྲུབ་པའི་སྔགས།། བསད་དང་བཀུག་དང་བཅིང་པ་དང་།། གཟིར་དང་གཏུམ་དང་བསྟབ་པ་དང་།། ཞི་བ་རྒྱས་པ ་དབང་དང་དགུག། དུག་གཞི་ལ་བསྐྲད་པ་ལ་སོགས་པ།། ལས་འདི་རྣལ་འབྱོར་དམ་པས་འགྲུབ།། ཉམས་པས་བརྩམས་ཀྱང་ཉིད་བརླག་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས།། སྔགས་བསྡུ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི ་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གླེངས་སོ།། ཀྱེ་ཀྱེ་གཉིས་མེད་ཏིང་འཛིན་བདག། ལས་རྣམས་ཐམས་ཅད་བརྩམ་པ་ལ།། ཏིང་འཛིན་བྱེ་བྲག་མི་འཚལ་ལམ།། ཏིང་འཛིན་བྱེ་བྲག་ཇི་ལྟར་ལགས།། དཔའ་བོ ་ཁྱེད་ཀྱིས་བཤད་དུ་གསོལ།། ཞེས་གླེངས་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། སོ་སོར་རང་རིག་ཏིང་འཛིན་རྣམས།། འདི ་མེད་ལས་རྣམས་འགྲུབ་མི་སྲིད།། དེས་ན་ཏིང་འཛིན་བྱེ་བྲག་བསྟན།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། འབྱུང་བའི་དཀྱིལ་འཁོར་གསལ་བལྟས་ལ།། དེ་སྟེང་ཉི་མའི་དཀྱིལ་འཁོར་བསྒོམ།། དེ་དབུས་སོ། ་སོའི་བདག་པོ་བསམ།། རྒྱན་དང་ལྡན་པ་དེ་བརྟགས་ལ།། ལས་རྣམས་ཐམས་ཅད་བརྩམ་པར་བྱ།། ནམ་མཁའ་ཏིང་འཛིན་རབ་བསྒྱུར་བའི།། ཇི་ལྟར་བསམ་པ་བཞིན་དུ་འགྲུབ།། འདི་ནི་ལས་ཀྱི་ཏིང་འཛིན ་ནོ།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ནི།། དྲག་པོའི་ཐབས་ཀྱི་དཀྱིལ་འཁོར་བརྟག། སྲས་མཆོག་ཕུར་པའི་དཀྱིལ་འཁོར་ནི།། གཉིས་སུ་མེད་པ་ལས་བྱུང་སྟེ།། དེ་ལས་བྱུང་བའི་སྤྲུལ་པའི་ཚོགས།། གནོད་བྱེད ་ལ་སོགས་བསྒྲལ་བར་བརྟག། འདི་ནི་ཏིང་འཛིན་དཀྱིལ་འཁོར་རོ།། འདི་ནི་དཀྱིལ་འཁོར་ཏིང་འཛིན་ནོ།། བདག་ཉིད་དང་པོ་རྣལ་འདུག་སྟེ།། སྙིང་གར་ཉི་མའི་དཀྱིལ་འཁོར་ལ།། ཡེ་ཤེས་རྡོ་རྗེ་རབ་བརྟག་སྟེ།། དེ ་དབུས་ཉི་མའི་དཀྱིལ་འཁོར་བསམ།། དེ་སྟེང་མཐིང་ནག་འབར་བའི་ཧཱུཾ།། དེ་ལ་སྔགས་ཀྱི་ཡི་གེ་རྣམས།། སོ་སོའི་གཞུང་གིས་ལས་བསྐོར་ཏེ།། ཕུར་པ་ལ་ཡང་དེ་བཞིན་ནོ།། བསྙེན་དུས་འོད་འཁོར་གཟི་བརྗིད ་བསྐྱེད།། གྲངས་ཀྱི་མཚན་ཉིད་ཚང་བ་དང་།། སྒྲུབ་པའི་ལས་ལ་རབ་ཞུགས་འབད།། མཚན་མ་ལ་སོགས་བྱུང་བ་ན།། ཕུར་པ་ཕྲ་མོའི་སྐུར་སྤྲོས་ཏེ།། ཁྲོས་པའི་སྙིང་གར་གཏམས་བྱས་ནས།། རང ་སྔགས་ཚིག་ཏུ་རང་བརྗོད་པས།། དྲག་པོའི་ལས་ལ་བསྐུལ་བར་བྱ།། འདི་ནི་བཟླས་པའི་ཏིང་འཛིན་ཡིན།། དིཔྟ་ཙཀྲ་ཕུར་པའི་ལྷ།། ཁྲོས་པས་མི་བཟད་འབར་བའི་སྐུ།། སྐེ་ནས་ལག་གཡོན་བཟུང་ལ ་བཟླས།། རྡོ་རྗེ་ཐོ་བས་གཡས་པས་བརྡེག། རྡོ་རྗེ་སྡེར་མོའམ་སོ་སོ་ཡིས།། གསོད་པའི་སྔགས་ནི་དྲག་བཟླས་ཏེ།། བདུན་ནམ་ཉི་ཤུ་རྩ་གཅིག་གིས།། རབ་ཏུ་བརྗོད་ཅིང་གདབ་པར་བྱ།། བཏབ་པའི་ལས་རྣམས ་བསྟན་བྱའི་ཕྱིར།། རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད།། དམ་ཚིག་ཆེན་པོའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་།། དུས་གསུམ་རྒྱལ་བའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་རྣམས།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་ཁུག་ནས།། མངོན་སྤྱོད ་ཚུལ་བཞིན་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། དེ་ནི་འགུགས་དང་མནན་པ་ཡི།། ཏིང་འཛིན་ཞེས་ནི་དེ་ལ་བྱ།། རྡོ་རྗེའི་ཚིག་ཏུ་བརྗོད་བྱ་བ།། སོ་སོ་རང ་སྔགས་བརྗོད་བྱས་ཏེ།། བཀྲག་དང་གཟི་མདངས་བདག་ལ་ཐིམ།། ཨ་ཉིད་བྱང་ཆུབ་སེམས་ཀྱི་ཁྲུས།། ཕུར་པ་ཉིད་ཀྱང་གཟི་བྱིན་བསྐྱེད།། འོད་དང་མཐུ་དཔུང་ལྷག་པར་བསྐྱེད།། དེ་ནི་ཚེ་ལུང་ཁྲུས་ལུང་གི། ཏིང་ངེ ་འཛིན་ཞེས་དེ་ལ་བྱའོ།། དེ་ནས་ཕྱོགས་བཅུའི་ཁྲོ་བོ་ལ།། རྡོ་རྗེའི་ཚིག་གིས་འདི་སྐད་བསྐུལ།། དངོས་གྲུབ་པར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར ་ཆིངས།། རྟོགས་ཤིག་གྲོགས་དང་བྲལ་བར་གྱིས།། རེངས་པར་ཁུག་ལ་སྨྲ་རུ་ཆུག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ང་ཡི་དབང་དུ་གྱུར་ནས་ནི།། བསྒོ་བའི་བཀའ་འདི་ཉན་པར་གྱིས།། དྲག་པོ་སྤྱི་ཡི་ཏིང ་འཛིན་ཡིན།། རྡོ་རྗེ་ཕྲ་མེན་ཚོགས་རྣམས་ལ།། རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། ཁྱོད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་གྱི་ཐ་ཚིག་བཅས་པ་བཞིན།། མངོན་སྤྱོད་ཕྲིན་ལས་མྱུར་དུ ་མཛོད།། གལ་ཏེ་ཐ་ཚིག་འདས་གྱུར་ན།། རྡོ་རྗེ་ཆུ་བོས་དེ་སྐད་ངེས།། ཕྲ་མེན་ལས་ལ་བསྐུལ་བ་ཡི།། ཏིང་ངེ་འཛིན་ཞེས་དེ་ལ་བྱ།། དེ་ནས་རྡོ་རྗེའི་ཚིག་ཏུའོ།། སྲས་མཆོག་ལས་ལ་བསྐུལ་བ་ནི།། རྡོ་རྗེ་གསང་བའི ་ཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། རྡོ་རྗེའི་བཀའ་ལས་འདའ་མ་བྱེད།། གཏུབ་པར་བྱ ་བའི་ཏིང་འཛིན་ནོ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་འོན་ཏེ་བདུད་ཀྱང་རུང་།། ང་ལ་བར་ཆད་བྱེད་པ་རྣམས།། དེ་ཡི་མཐུ་དང་དཔུང་མ་བྱེད།། མཐུ་དང་རྫུ་འཕྲུལ་དཔུང་མ་བྱེད།། མཐུ ་དང་རྫུ་འཕྲུལ་མེད་པར་བྱོས།། དབྱེ་བ་རྒྱུན་གྱི་ཏིང་འཛིན་ཡིན།། ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་ཐོ་བར་བསྡོམ་བྱ་ཞིང་།། དངོས་པོར་གྱུར་པའི་གནས་ཆེན་ཀུན།། རྡུལ་ཕྲན་བཞིན་དུ་བརྡུང་བར་བྱ།། རྡོ ་རྗེའི་ཚིག་ཏུ་བརྗོད་པ་ནི།། རྡུངས་ཤིག་རྡོ་རྗེའི་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས།། ཁྲོ་མོ་འབར་བའི་གཏུན ་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་ཕུང་སྟེ་བརླག་པར་འགྱུར།། བརྡུང་བ་རྒྱུན་གྱི་ཏིང་འཛིན་ཡིན།། རྡོ་རྗེ་ཁྲོས་པས་འབར་བ་དང་།། རྡོ་རྗེ་ཟ་བྱེད་སྲིན་པོ་དང་།། རྡོ་རྗེ་ཁྲག་འཐུང་སྲིན་མོ་དང་།། དེ ་དག་ལ་སོགས་ཞལ་གདངས་པར།། གཟུགས་ཕུང་བཤིག་ལ་བསྟབ་པར་བྱ།། རྡོ་རྗེའི་ཚིག་གིས་འདི་སྐད་བསྐུལ།། ནམ་མཁའི་ཁྲོ་བོ་ཞལ་གདངས་སུ།། ཐུགས་རྗེས་འགྲོ་ཀུན་ཡུད་ལ་བསྟབ།། ངས་བསྟབ་ཁྱོད་ཀྱིས ་ཡུད་ལ་གསོལ།། རོལ་པས་དགྱེས་པའི་གད་རྒྱངས་སྒྲོགས།། རོལ་པའི་ལྕགས་ཀྱུ་འབར་བ་ཡིས།། གཉིས་མེད་ཞལ་དུ་རབ་བསྡུས་ལ།། ཡེ་ཤེས་ཁང་པའི་མེ་ཆེན་གྱིས།། རབ་ཟོས་ལས་ངན་མྱུར་དུ་བསྲེག། བསྟབ ་པ་རྒྱུན་གྱི་ཏིང་འཛིན་ཡིན།། ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་དུ།། དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ།། དེ་སྟེང་གསེར་གྱི་རི་རབ་བསྐྱེད།། དེ་སྟེང་རྡོ་རྗེ་རྒྱ་གྲམ་བསམ།། དེ་སྟེང་ལས་ཀྱི་དཀྱིལ་འཁོར ་བསྒོམ།། སྐྱེ་འགྲོ་ཐམས་ཅད་གནས་པར་བསམ།། རྡོ་རྗེའི་ཚིག་གིས་བསྐུལ་བ་འདིའོ།། ཧཱུཾ་ལས་ཀྱི་རྡོ་རྗེ་འཁོར་དང་བཅས།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ལོག་པར་བལྟ་བའི་སེམས་ཅན་རྣམས།། སྐད ་ཅིག་ཡུད་ལ་མནན་པར་ཤོག། མནན་པ་རྒྱུན་གྱི་ཏིང་འཛིན་ཡིན།། ལྷའམ་ཀླུའམ་གནོད་སྦྱིན་ནམ།། འབྱུང་པོའམ་མ་མོ་ཀླུ་ལ་སོགས།། ལྷ་འདྲེ་འདུ་བའི་གནས་དག་ཏུ།། བདག་ཉིད་ལ་སོགས་ལས་མཁན ་རྣམས།། བསྐུལ་ཞིང་བཀུག་ལ་བསད་པར་བྱ།། ལས་མཁན་གྱིས་གསོད་ཏིང་འཛིན་ཡིན།། རྡོ་རྗེའི་ཚིག་གིས་འདི་སྐད་བསྐུལ།། བདག་ཉིད་ཆེན་མོའི་དུས་ལ་བབ།། ཤྭ་ན་མུ་ཁའི་དུས་ལ་བབ།། ཕྲ་མེན་ལས ་མཁན་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ།། དབང་ཆེན་ལས་མཁན་དུས་ལ་བབ།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། མཐུ་རྩལ་འབྱུང་བའི་དུས་ལ་བབ།། སོ་སོར་བསྐུལ་བའི་ཏིང་འཛིན་ཡིན།། ལྷ ་དང་ཀླུ་དང་བཙན་དག་དང་།། མ་མོ་འབྱུང་པོ་ལྷ་མོ་དང་།། ཡུལ་གྱི་ལྷ་འདྲེ་མཆོད་རྟེན་ལྷ།། དེ་ལ་གཏད་དེ་མི་འཆོར་བསྒོམ།། རྡོ་རྗེའི་ཚིག་གིས་འདི་སྐད་བསྐུལ།། ལྷ་དང་ཀླུ་དང་བཙན་ལ་སོགས།། མ་མོ་མཁའ ་འགྲོ་ལས་མཁན་རྣམས།། ཡུལ་འདིར་གནས་པའི་ལྷ་འདྲེ་ཀུན།། མ་མོ་སྡེ་གདོན་ལྷ་འདྲེ་རྣམས།། དཀོན་མཆོག་དྲི་མེད་མཆོད་རྟེན་དང་།། གཙུག་ལག་ཁང་གི་སྲུང་མ་རྣམས།། ལས་ངན་ཉམས་པ ་འདི་གཏད་ཀྱི།། བསྐལ་པའི་མཐར་ཡང་མ་བཏང་ཞིག། རུས་མིང་བཅུག་ལ་ཚུལ་བཞིན་གླན།། མདོག་ནི་མི་འདྲ་སོ་སོར་བྱ།། དཀར་བ་ལ་སྩོགས་བྱ་བ་ཡིན།། གཏད་པ་རྒྱུན་ཀྱི་ཏིང་འཛིན་ཡིན།། ཚེ་ལུང་གནས ་པའི་བྱང་ཆུབ་སེམས།། ཞུ་དང་གནས་པ་ཉིད་བརྟགས་ལ།། བྱང་ཆུབ་སེམས་ཆུ་ཡུམ་གྱི་མཁའ།། བདེ་བར་གཤེགས་པའི་སྐུ་བསྐྱེད་ལ།། ཕྱི་ནང་གསང་བའི་དབང་ཡང་བསྐུར།། ལུང་བརྟགས་ལ་སོགས་བྱས་ནས ་ནི།། འཇིག་རྟེན་ཁམས་སུ་རབ་སྤྲོས་བཏོན།། སེམས་ཅན་དོན་ལ་བསྐུལ་ལ་གཏང་།། རྡོ་རྗེའི་ཚིག་གིས་བསྐུལ་བ་འདིའོ།། ཧཱུཾ་རྒྱལ་བའི་སྲས་པོ་གཉིས་མེད་གཙོ།། བདེ་ཆེན་བྱང་ཆུབ་སེམས་ལས་བྱུང་།། འཇིག་རྟེན ་ཁམས་ནི་ཐམས་ཅད་ན།། ཉོན་མོངས་ལྔས་གཟིར་སེམས་ཅན་གྱི།། དོན་རྣམས་མ་ལུས་ཁྱོད་ཀྱིས་གྱིས།། ལས་ལ་འབྲས་བུ་ཡོད་ཅེས་བྱ།། གནས་ལུང་རྒྱུན་གྱི་ཏིང་འཛིན་ཡིན།། བདེ་གཤེགས་ཏིང་འཛིན་མཐའ ་ཡས་པ།། ཏིང་འཛིན་རིམ་པ་དཀྱིལ་འཁོར་མཆོག། ལས་སུ་རུང་བའི་རྣལ་འབྱོར་པས།། དེ་ཡི་བརྩམ་པ་ཡིད་བཞིན་འགྲུབ།། གང་ལ་བསམས་ཀྱང་འགྲུབ་པར་འགྱུར།། མི་བྱ་བ་ནི་གང་ཡང་མེད།། ཏིང་འཛིན་ལས ་སུ་རུང་བའི་མི།། མི་ཞེས་བྱ་བ་བདེ་གཤེགས་ཡིན།། བཅོམ་ལྡན་འདས་ཞེས་གུད་ན་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀི ་ལ་ཡ་བཅུ་གཉིས་ཀྱི་མདོ་ལས།། ཏིང་ངེ་འཛིན་རིམ་པར་ཕྱེ་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ ་དཔའ་བོ་བརྗིད་པའི་སྐུ།། ལས་ཀྱི་བདག་པོ་ཁྱོད་ལ་འདུད།། རྣལ་འབྱོར་བསྟན་ལ་འཚེ་གྱུར་དང་།། སངས་རྒྱས་བསྟན་པ་བཤིག་བྱེད་དང་།། རྣལ་འབྱོར་ཡོངས་ཀྱི་དགྲར་གྱུར་ལ།། ཕུར་པས་བསྒྲལ་བར་གསུངས ་ལགས་ན།། དུག་ལ་སོགས་པའི་ཐུན་རྣམས་ཀྱིས།། བསྒྲལ་བ་ལ་སོགས་ཇི་ལྟར་བགྱི།། བདེ་བར་གཤེགས་པས་ལུང་བསྟན་གསོལ།། ཞེས་གླེངས་པ་དང་།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི ་ལ་ཡས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དུ་ག་ལ་སྩོགས་པས་བསྒྲལ་བ་རྣམས།། ངེས་པ་ཁོ་ནར་ངས་བཤད་ཀྱིས།། རྩེ་གཅིག་སེམས་ཀྱིས་ང་ལ་ཉོན།། དང་པོ་འཁོར་ལོས་བསྒྲལ་བ ་བསྟན།། དང་པོ་ཕྱི་ཡི་འཁོར་ལོ་བཅའ།། རྩིབས་ནི་བཞི་བཅུ་རྩ་བརྒུད་ལ།། མིང་བྱང་གཉིས་དང་ལྡན་པར་བྲི།། དེ་ལས་འཁོར་ལོ་བཞི་རུ་བཅའ།། སྔགས་རྣམས་བསྡུས་ཏེ་གསལ་བར་དགོད།། དང་པོ་དགུག་པའི ་འཁོར་ལོ་ལ།། དགུག་པའི་འཁོར་ལོ་དབང་བྱེད་དབྱིབས།། ཡི་གེ་བཅུ་གཅིག་རྣམ་པར་ལྡན།། གཡས་ནས་བསྐོར་ནས་ལངས་པ་བརྟག། བཅའ་བའི་རྒྱུ་རྣམས་བསྟན་པ་ནི།། ཉི་ཤུ་རཀྟ་ནིམ་པའི ་ལོ།། སྔགས་དང་འཁོར་ལོའི་རྒྱུ་རུ་གསུངས།། འོད་ཟེར་སྤྲོས་ནས་དེ་བཀུག་བསྟིམ།། རླུང་གི་ལྕགས་ཀྱུས་ཁྲོ་བོར་སྦྱོར།། སྔགས་ཀྱི་འོད་ཟེར་ཕྲ་མེན་སྦྱོར།། གང་ལས་ངེས་པར་དགུག་པ་ཡིན།། དེ་ནི་དགུག་པའི ་འཁོར་ལོ་ཡིན།། དེ་འོག་བསད་པའི་འཁོར་ལོ་ནི།། མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་ལ།། གཡོན་ནས་བསྐོར་བ་བཅུ་བདུན་བཞག། གཏི་མུག་ཞེ་སྡང་ཡ་གསུམ་ཡང་།། ལྷག་མ་ཐབས་དང་ཤེས་རབ་བོ།། དེ་ཡི ་རྒྱུ་རྣམས་བསྟན་པ་ནི།། སྦྱང་ཚེར་ལྡོང་རོས་རེ་ལྷག་པ།། ཀྱི་ལྕེ་ནག་པོ་མེ་རེག་ཁྲག། སྨྱོ་བྱེད་ཆུ་ཡིས་སྦྱར་བྱས་ལ།། དེ་ནི་སྔགས་དང་འཁོར་ལོའི་རྒྱུ།། དེ་ལས་འོད་འཕྲོས་གཟི་བྱིན་བསྐྱེད།། ཤིན་ཏུ་འབར་ཞིང་ཁྲོས ་པ་ཡིས།། ལམ་ནས་གཞུག་སྟེ་བསྒྲལ་བར་བྱའོ།། དེ་གཉིས་གཅིག་བསྡོམས་འཁོར་ལོ་ནི།། གསང་བའི་འཁོར་ལོའི་རྩིབས་མཚན་ལ།། ཧཱུཾ་ཕཊ་བཞག་པ་བརྒྱད་པོ་དགོད།། རྒྱུ་ནི་དང་པོ་དེ་ཉིད་དོ།། དགུག་དང ་བསད་ལ་ཤིས་པའོ།། མ་གྲུབ་སྤོགས་ཐབས་བསྟན་པ་ནི།། དགུག་པའི་འཁོར་ལོ་འདབ་བརྒྱད་ལ།། ཡི་གེ་མགོ་ནང་བཅུག་ནས་བསྐོར།། རྒྱུ་ནི་དགུག་པའི་འཁོར་ལོས་བྱའོ།། འོད་ཟེར་བཟློག་ལ་རྣམ་པར ་བསླང་།། དེ་ཡིས་འགྲུབ་པར་རྒྱལ་བས་གསུངས།། འདི་ཡིས་མི་འགྲུབ་མི་སྲིད་དོ།། མ་གྲུབ་སྤོགས་པའི་ཆོ་གའོ།། བ་དམར་འོ་མས་འཁོར་ལོ་བཀྲུའོ།། བདེ་གཤེགས་གཤེགས་གསོལ་མཆོད་འབུལ་ག ་དབ།། འཁོར་ལོ་བཞི་པོ་ཐོད་པར་སྦ།། ཡི་གེ་ཐུགས་བསྡུས་བདག་ལ་བསྟིམ།། འཁོར་ལོ་གཞལ་ཡས་གདན་སྟེང་གསལ།། གསལ་བ་གསུམ་ལ་དམིགས་པར་བྱ།། ཕྱི་མོ་གནས་སུ་ཡང་དག་དགོད།། གྲུབ་ནས་གསོ ་བའི་ཆོ་གའོ།། སྐྲོད་པའི་འཁོར་ལོ་ཡང་གསུངས་པ།། ལྟེ་བར་ས་ཡི་དཀྱིལ་འཁོར་ལ།། གྲོང་ཁྱེར་ལ་སོགས་གཟུགས་བྲིས་ཏེ།། དེ་ཡི་ཕྱི་རོལ་འཁོར་ལོ་བྲིས།། འཁོར་ལོ་ལ་ཡང་ཡིག་འབྲུ་དགོད།། གྲུ་ཆད་བཞི་ལ ་ཡཾ་བཀོད་ལ།། ཡཾ་ལས་རླུང་གི་དཀྱིལ་འཁོར་ཏེ།། མཐའ་མ་བཞི་རུ་ཛྙཱ་བརྩེགས་བཞི།། རླུང་གི་དཀྱིལ་འཁོར་སྐྱོད་བྱེད་ཡིན།། བསྙེན་པ་ལ་ཡང་གྲངས་ལས་འདས།། སྒྲུབ་པ་ཁྲི་ཕྲག་གཅིག་ཏུའོ།། ལས་དུས་སྟོང་རྩ ་གཅིག་ཏུ་བྱ།། དང་པོ་རླུང་སྒྲ་གཉིས་པར་ལྡེག། དེ་ལྟའི་མཚན་མ་བྱུང་བ་དང་།། དུར་ཁྲོད་རས་ལ་རྔ་མོ་བྲི།། ལྟེ་བའི་སྟེང་དུ་འཁོར་ལོ་བྲི།། རྐང་ལག་བཞི་ལ་ཡཾ་ཡང་དགོད།། ཁྲོ་བོ་བཅུ་ཡི་སྔགས་ཀྱིས ་བསྐོར།། གྲོང་ཁྱེར་གྲོང་རྡལ་གང་ཡང་རུང་།། སྒོ་ཡི་ཐེམ་འོག་བཅུག་ལ་བཞག། དེས་ནི་གནས་ནས་བསྐྱོད་པར་ངེས།། གནས་ནས་བསྐྱོད་པར་གྱུར་པ་དང་།། ཐེམ་འོག་འཁོར་ལོ་ཕྱུང་ནས་སུ།། བོང་བུའི་བདུད་རྩི ་དང་སྦྱར་བའི།། བདུད་རྩིས་ཆུ་ཡིས་རབ་བཀྲུས་ལ།། བ་དམར་འོ་མ་དང་སྦྱར་ཏེ།། རིལ་བུ་བྱས་ལ་སྣོད་དུ་སྦ།། དེ་ནི་གནས་སྤྱོད་འཁོར་ལོའོ།། དུག་གིས་སྒྲོལ་བ་ཡང་གསུངས་ཏེ།། སྦྱར་དུག་ལ ་སོགས་དུག་ཆེན་བརྒྱད།། ཐོད་པ་གླིང་དྲུག་ནང་དུ་བླུག། སྨྱོ་བའི་རྫས་ཀྱིས་རབ་སྦྱར་ལ།། དེ་ལ་དུག་ཆེན་བྱིན་བརླབ་བྱ།། འོད་ཟེར་ལྕགས་ཀྱུར་འཕྲོས་པ་ཡིས།། འཇིག་རྟེན་ཁམས་ན་གནས་པ་ཡི།། དུག་ཆེན ་བརྒྱད་པོ་དེ་བཀུག་ལ།། སྦྱར་བའི་དུག་ཆེན་དེ་ལ་བསྟིམ།། ཧ་ལ་ཧ་ལ་ཆེན་པོར་བརྟགས།། སེམས་ཅན་གང་གིས་མཐོང་བ་རྣམས།། ལུས་ངག་ཡིད་གསུམ་གྲོལ་བར་བསམ།། དེ་ལས་འོད་དང་དུ་བ་དང་།། མེ་ལྕེ ་རབ་ཏུ་འབར་མཐོང་ན།། དྲི་མ་དྲུག་ལས་བྱས་པའི་གཟུགས།། འཁོར་ལོའི་དབུས་སུ་བཞག་ནས་ནི།། ཙ་ར་ནག་པོའི་དཀྱིལ་འཁོར་དུ།། མེ་རེག་མ་ཡིས་ཡོངས་བཟུང་སྟེ།། དེ་ལ་བཀུག་ཅིང་བསྟིམས་བྱས ་པས།། ཁུགས་པའི་ཁ་སྤྲས་ཐེབས་པ་དང་།། དེ་ཡི་ཁ་རུ་བླུད་པར་བྱ།། ཐུན་བཞིའི་བར་དུ་སྤེལ་ཞིང་བླུད།། སྒྲུབ་པ་ཉ་གསུམ་དག་ལ་གཟུག། ལས་དུས་བཅོ་བརྒྱད་བཅུ་དགུ་དང་།། ཉི་ཤུའི་བར་དུ་འབད་དེ་བྱ།། དེ ་ཡིས་འཆི་བར་གདོན་མི་ཟའོ།། ལས་དེ་དུག་ཐུན་ཞེས་བྱའོ།། དེ་ནས་མདའ་ཡི་ཐུན་གསུངས་པ།། ཁྲུ་གང་གྲུ་བཞིའི་དཀྱིལ་ཉིད་དུ།། གྲུ་གསུམ་ལ་སོགས་སོར་ཉི་ཤུ།། འཕང་དང་ཞིང་དུ་སོར་གསུམ་བྱ།། བདུད་རྩི ་ལྔ་ཡིས་འཐས་པར་བྱུག། དུར་ཁྲོད་སོལ་བས་ནག་པོར་བསྐུ།། ལོག་གསུམ་ཐོད་པ་ཆེན་པོ་གསུམ།། ཟུར་དུ་རྡོ་རྗེ་རྩེ་གསུམ་པ།། ཁ་ཁྱེར་ཐོད་ཕྲན་ཁ་ནང་བལྟས།། ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་བྲི།། དེ་ལ་དགོད ་པར་བྱ་བའི་རྫས།། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། སྨྱུག་མ་སོར་ནི་བཅུ་དྲུག་ལ།། འུག་པའི་སྒྲོ་ནི་བསྐྱོན་ནས་སུ།། སྐྱེར་བའི་མདེའུ་སོར་གསུམ་གཞུག། གཤིན་རྗེའི་གཤེད་དུ་བསྐྱེད་ལ་གཞག། ཤར་ཕྱོགས ་འཁོར་ལོའི་རྩིབས་སྟེང་དུ།། ཁྲ་ཡིས་བསྐྱོན་པའི་མདའ་དེ་བཞིན།། རྣམ་པར་རྒྱལ་ལ་བསྐྱེད་ལ་བཞག། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། སྲིན་བྱས་བསྒོན་པའི་མདའ་དེ་བཞིན།། བདུད་རྩི་འཁྱིལ་པར ་བསྐྱེད་ལ་བཞག། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། བྱ་རོག་སྒྲོ་བསྐྱོན་མདའ་དེ་བཞིན།། རྟ་མགྲིན་རྒྱལ་པོ་བསྐྱེད་ལ་བཞག། ཞིང་ལྤགས་སྒྲོ་བསྐྱོན་མདའ་དུག་བྱ།། སོ་སོའི་གནས་སུ་སྐུ་བསྐྱེད་གཟུག། དེ ་ལས་བྱུང་བའི་སྲས་ཕུར་བུ།། དུག་ཤིང་གདུག་པའི་ཤིང་དག་ལ།། ཕུར་པ་ཕྲ་མོ་ཚོན་གང་བཅུ།། སྲས་སུ་བྱིན་བརླབས་རྩིབས་མཚན་ལའོ།། བྷནྡྷ་གླིང་བཞིའི་ནང་དུ་ནི།། མ་མོ་མཁའ་འགྲོའི་གཏོར་མ་བྱ།། ཟངས ་ཕུར་ལ་སོགས་འགུགས་པའི་རྫས།། རྣལ་འབྱོར་མདུན་དུ་གཟུག་པར་བྱ།། ཐོད་པ་ལེའུ་ཚེ་བདུན་ནང་དུ།། ཉུང་དཀར་ཉུང་ནག་བྲག་ནག་མཚོ།། ཁྲག་དང་དུག་ནི་སྣ་ཚོགས་དང་།། རྡེའུ་ནག་པོ་སྐེ་ཚེ་དགྲམ།། མཐིང ་ནག་ཡོལ་བ་ཞིང་ཆེན་གུར།། བྷནྡ་གླིང་དྲུག་ནང་དུ་ནི།། གཟས་པའི་གཟུགས་བྱས་གྲུ་གསུམ་ནང་།། དེ་ལྟར་ལེགས་པར་ཚོགས་པ་དང་།། རང་གི་དཀྱིལ་འཁོར་རྫོགས་པར་བལྟ།། ཉུང་དཀར་ཉུང ་ནག་ལ་སོགས་པ།། མ་མོ་མཁའ་འགྲོའི་སྔགས་བཟླས་གདབ།། ཟངས་ཕུར་ལ་སོགས་བདུན་པོ་ཡིས།། དགུག་པ་དག་ཀྱང་ཚུལ་བཞིན་བྱ།། ཕུར་པ་ལ་སོགས་འཛབ་རྣམས་ཀུན།། གཞུང་གི་ལས་རྣམས་ཇི་བཞིན ་ནོ།། ཁུགས་པའི་རྨིས་ལྷས་བྱུང་བ་དང་།། ཐུན་རྣམས་སྒྲོལ་བའི་སྔགས་དང་བཅས།། ཐུན་གྱི་ནང་དུ་བླུག་པར་བྱ།། ཕུར་པ་སོ་སོའི་བསད་པའི་སྔགས།། མང་དུ་བཟླས་ལ་རྨུགས་ནང་བླུག། རྡོ་རྗེའི་སྤྲུགས་པ་རབ ་བླངས་ལ།། མ་མོ་མཁའ་འགྲོ་ཀུན་བཀུག་སྟེ།། གཏོར་མ་རྒྱས་པར་བྱིན་ནས་ནི།། གསོད་པའི་ལས་ལ་རབ་བསྐུལ་བྱ།། དུར་ཁྲོད་གནས་སུ་རབ་བརྟགས་ལ།། ཐོད་པའི་ནང་དུ་མདའ་ཡིས་བརྡེག། སྐྱེར་བའི་གཞུ་ནི ་གྲུ་གང་ལ།། མི་ཡི་ལོ་མས་གཞུ་རྒྱུད་བྱ།། གནས་དག་ཏུ་ནི་རྒྱབ་ནས་ནི།། ཐུན་རྣམས་ཀྱང་ནི་རེ་མོས་བརྡེག། ལྷག་པར་གསོད་པའི་ལས་ལ་མྱུར།། ཕུར་པ་ཟོར་གྱི་ཐུན་ཞེས་བྱ།། ཁྲག་གི་ཐུན་ཡང་གསུངས་པ ་ནི།། བྷནྡ་མཚན་དང་ལྡན་པ་རུ།། དམེ་ཁྲག་རྣམས་ནི་རབ་སྦྱར་ཏེ།། མ་མོ་མཁའ་འགྲོའི་དཀྱིལ་འཁོར་རྣམས།། བདག་ཉིད་དཀྱིལ་འཁོར་གསལ་བལྟས་ལ།། བསྙེན་སྒྲུབ་གྲངས་ནི་ཚང་བ་དང་།། ལས་ལ་བསྐུལ ་པའི་ཚིག་རྣམས་བརྗོད།། སེང་ལྡེང་འཁར་བ་ལག་ཐོགས་ལ།། དེ་ལ་སྔགས་ཀྱི་དབང་ཡང་བསྐུར།། དུར་ཁྲོད་མཆད་ཁར་སོང་ནས་ནི།། ཏིལ་ཆེན་པོ་ཡི་དུད་པས་བཏང་།། རང་གིས་མ་ཉེས་དཔང་ཡང་གཟུག། དུར ་དུ་གཏོར་ན་མཐའ་རབས་ཆད།། གྲོང་དུ་གཏོར་ན་མི་ནད་འབྱུང་།། ཕྱུགས་ལ་གཏོར་ན་རླག་པར་འགྱུར།། མ་མོ་ཐུན་གྱི་སྙིང་པོ་འདིའོ།། ཨཽ་ཏྲིག་ནན། རོ་རུ་པ་ཏི་ཏ་ནན། ཏྲིག་ནན། རཀྵོ་ཡཀྵོ་ཏྲིག་ནན།། ས་མ་ཡ ་སྙིང་རྩ་ལ་བྷྱོ། བདག་ཉིད་ཆེན་མོའི་ཐུན་སྔགས་སོ།། ཨཽ་སུ་ཏྲི་པ་ཡ་པ་ར་ཙིཏྟ་ཡོ་གཱི་ཤྭ་ར་ས་མ་ཡ་ཙིཏྟ་ཨོཾ་ཕཊ། མི་རི་ཀུན་དྷ་རི། རྒྱལ་མོ་བཞི་ཡི་ཐུན་སྔགས་སོ།། ཛ་ཡ་དུ་མན་ཏི་ཤྭ་རི་ནི། ཨ་ཕུ་ཏི། ཛ་ཛ ་ཛ། ཐུམས་རྦད། ཁྲག་ཏི་སྨ་ར་ཕཊ་རྦད། ཝ་མོ་བཞི་ཡི་ཐུན་སྔགས་སོ།། དེ་ལ་ལས་འདི་བསམ་ཡས་ཏེ།། མཁས་པས་བརྟག་སྟེ་ཤེས་པར་བྱ།། དེ་ནས་ཡང་རྡོ་རྗེ་ཁ་ཊྭཱཾ་གའི་ལས་ཀྱང་གསུངས་པ།། རྡོ་རྗེ་དྲག་པོའི ་དཀྱིལ་འཁོར་ལ།། ཁྲོ་བོ་རྣམས་ཀྱང་རྒྱབ་བསྣོལ་བརྟག། ཁྲོ་བོ་རྟག་པའི་སྙིང་པོས་སྨྲས།། བསད་པའི་ལས་ཀྱང་དེ་ཉིད་བསད།། དང་པོ་རྟག་པ་སྤྱན་དྲངས་ལ།། དེ་ཉིད་ལ་ཡང་མཆོད་པ་འབུལ།། གཟུ་དང་དཔང ་དུ་དེ་གསོལ་ལ།། དེ་ལ་ལས་རྣམས་བརྩམ་པར་བྱ།། ཁ་དང་སྙིང་ག་མཚན་པར་དུ།། རྡོ་རྗེ་མེ་ཡིས་དེ་བསྲེག་བརྟག། ཀླད་དང་རྐང་པའི་མཐིལ་དག་ནས།། པདྨའི་ལྕགས་ཀྱུས་དྲང་བར་བྱ།། ཟླ་བ་ཉི་མའི་གའུ ་ནི།། རླུང་གི་ལྕགས་ཀྱུས་ཁ་ཕྱེ་ལ།། དེ་ལ་ཟ་བྱེད་བལྟ་རུ་གཞུག། ཁ་ཊྭཱཾ་རྣམས་ཀྱི་གཞལ་ཡས་བསྟིམ།། པདྨ་རྣམས་ཀྱིས་དེ་མི་གསད།། དུས་ཚིགས་ལོན་པའི་གནས་ཉིད་དུ།། མཁས་པས་བརྟག་ལ ་ཤེས་པར་བྱ།། འདི་འདྲའི་ལས་འདི་དམ་ཚིག་ཟབ།། མི་རེག་པ་ཡི་དཀྱིལ་འཁོར་དུ།། ལས་ཀྱི་བྱེ་བྲག་ཤེས་པས་བསད།། སངས་རྒྱས་ཉིད་ཀྱང་འཆི་གྱུར་ན།། རྣལ་འབྱོར་ཉམས་པ་སྨོས་ཅི་དགོས།། རྩ་བ་རབ ་ལོག་ཐུན་ཞེས་བྱ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས། ཐུན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག ་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་དོན་ཡོད་བདག། ལས་ཀྱི་མཐུས་ནི་ཇི་ལྟར་བརྟུལ།། ཕྲིན་ལས ་རྣམ་བཞིའི་བྱེ་བྲག་ཅི།། དོན་ཡོད་དཔའ་བོས་བཤད་དུ་གསོལ།། ཞེས་གླེངས་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ལས་ཀྱི་བྱེ་བྲག་བྱ ་བ་ལ།། ཀུན་ཏུ་སྣ་ཚོགས་དཀྱིལ་འཁོར་དུ།། གནས་པའི་རྣལ་འབྱོར་དམ་པ་ཡིས།། ཇི་ལྟར་ལས་རྣམས་ཐམས་ཅད་ཀུན།། བརྩམས་པ་བཞིན་དུ་འགྲུབ་པར་འགྱུར།། འཇིག་རྟེན་ཁམས་ནི་རབ་འབྱམས ་ན།། རྨུགས་པར་བྱེད་པའི་འགྲོ་གང་ལ།། སྣ་ཚོགས་ལས་ཀྱིས་ཞི་བར་བྱ།། བཀྲ་ཤིས་དབེན་པའི་གནས་དག་ཏུ།། བཀྲ་ཤིས་མཚན་ལྡན་ཡུམ་མཆོག་བཟུང་།། རྣམ་སྣང་མཛད་ཀྱི་རྣལ་འབྱོར་རོ།། མི་བསྐྱོད་དཀྱིལ ་འཁོར་བདག་གནས་ལ།། དཀར་ལ་ཟླུམ་པའི་དཀྱིལ་འཁོར་བྲི།། རྡོ་རྗེའི་འོད་ཟེར་འཕྲོ་བས་བརྒྱན།། རྒྱན་རྣམས་མཛེས་པའི་དཀྱིལ་འཁོར་དབུས།། རིན་ཆེན་དངུལ་ལ་སོགས་པ་ཡི།། ཁ་དོག་དཀར་ལས་བྱས ་པའི་བུམ།། མཆུ་འཕྱང་ལྷོ་ཆེ་ཁ་རྒྱན་མཛེས།། སྨན་གྱི་བྱེ་བྲག་མང་པོས་དགང་།། དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། དེ་ཡིས་ལས་རྣམས་ཐམས་ཅད་བྱ།། གཏི་མུག་འཇོམས་པའི་དཀྱིལ་འཁོར་རོ།། ཞེ་སྡང ་འཇོམས་པའི་དཀྱིལ་འཁོར་དུ།། རྣལ་འབྱོར་དམ་པ་དེ་ཞུགས་ནས།། རིན་ཆེན་ཁ་དོག་དཀར་པོའམ།། དཀར་ལ་མངར་བ་ཡོད་པའི་ཤིང་།། དེ་ལས་བྱས་པའི་ཕུར་བུ་དྲུག། རྩེ་མོ་ཟླུམ་ལ་མཛེས་པས་བརྒྱན།། དེ་ལ ་དབང་བསྐུར་མཆོད་པ་འབུལ།། ཞི་བའི་ལྷ་ཚོགས་སྤྱན་ཡང་དྲང་།། བྱམས་དང་སྙིང་རྗེའི་སེམས་ལ་གནས།། ཏིང་འཛིན་ལས་སུ་རུང་བའི་མིས།། ལས་རྣམས་ཐམས་ཅད་བརྩམ་པར་བྱ།། ཟླུམ་པོ་གྲུ་གང་ཁྲུ ་ཕྱེད་ཐུར།། ཁ་ཁྱེར་སོར་བཞི་ཞེང་དང་དཔངས།། རྡོ་རྗེའི་ཕྲེང་བའི་འཁོར་ལོས་བསྐོར།། ཁ་དོག་དཀར་པོ་འོད་དང་བཅས།། རྡོ་རྗེས་དབུས་སུ་བརྒྱན་པར་བྱ།། ཡམ་ཤིང་རློན་པ་འདབ་བཅས་རྩེ།། སྦོམ་དུ་ཆག་གང ་མཆུ་རུ་མཛུབ།། འོ་མ་སྦྲང་རྩི་ཙནྡན་དཀར།། ཨ་ག་རུ་དང་དྲི་ཞིམ་ཆུས།། སྤངས་པ་ཞི་བའི་ལས་སུ་དབུལ།། བུད་ཤིང་དཀར་པོ་བྱང་ཆུབ་ཤིང་།། བསྲེག་རྫས་གཡས་ལ་མཆོད་རྫས་གཡོན།། རྫས ་མས་དཀར་པོ་མར་སྣ་དྲང་།། བྱང་དུ་ཁ་བལྟས་ཏིང་འཛིན་བྱའོ།། བམ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། ཞི་བའི་ལྷ་ཚོགས་སྤྱན་ཡང་དྲང་།། སྙིང་རྗེ་བྱམས་པས་མཆོད་པ་བྱ།། ལས་མཁན་ཕྱོགས་སྐྱོང་ལ་ཡང ་སྦྱིན།། དཀར་ལ་མངར་བའི་རྫས་རྣམས་ཀྱིས།། ཞི་བའི་ཚུལ་དུ་སྦྱིན་བསྲེག་བྱ།། དངུལ་ཕྱེ་འབྲས་ཆན་དཀར་པོ་ལ།། གཏོར་མ་བྱས་ཏེ་ཕྲིན་ལས་བཅོས།། བམ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། གཏི་མུག་ལས་ཀྱིས ་འཆེལ་པ་རྣམས།། བུམ་པས་ཞི་བྱས་མཐའ་སྦྱིན་བསྲེག། ཞི་བར་གྱུར་པའི་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཕོངས་པར་གྱུར་པའི་འགྲོ་གང་ལ།། རིན་ཆེན་དཀྱིལ་འཁོར་གསལ་བལྟས ་ལ།། ཙནྡན་ནགས་ཚལ་དྲི་ཞིམ་ཚལ།། མེ་ཏོག་མཛེས་པའི་གླིང་ཡང་ཡོད།། སྐྱེད་མོས་ཚལ་དང་ཉམས་དགའ་རུ།། རིན་ཆེན་ཏིང་འཛིན་བདག་གནས་ལ།། ལྕུག་ཕྲན་མ་ཡི་ཡུམ་མཆོག་བཟུང་།། སེར་བའི་དཀྱིལ ་འཁོར་དཀྱིལ་དུ་ནི།། གསེར་ལས་བྱས་པའི་བུམ་པ་རུ།། ཞལ་ཟས་ལ་སོགས་བླུགས་ནས་ནི།། དཀྱིལ་འཁོར་དབུས་སུ་གཞག་པར་བྱ།། དེ་ཡིས་རྒྱས་པའི་ལས་རྣམས་བྱ།། ང་རྒྱལ་འཇོམས་པའི་དཀྱིལ་འཁོར ་དུ།། རྣལ་འབྱོར་ཏིང་འཛིན་ལ་གནས་ནས།། རིན་ཆེན་ཁ་དོག་སེར་པོའམ།། སེར་པོའི་ཤིང་ལས་བྱས་པ་ཡི།། ཕུར་པའི་རྩེ་མོ་ཟུར་བཞིར་བྱ།། རྒྱས་པའི་ལྷ་ཚོགས་སྤྱན་ཡང་དྲང་།། དང་བའི་སེམས་སུ་བདག་གནས ་ལ།། གྲུ་བཞི་རྒྱ་རུ་ཁྲུ་གསུམ་བྱ།། ཁྲུ་དོ་ཐབ་ཁུང་ཕྱེད་ལོགས་ནང་།། སོར་བཞི་ཕྱིར་གྱེད་ཁ་ཁྱེར་ཏེ།། ཞེང་དང་དཔངས་སུ་སོར་བཞིའོ།། རྡོ་རྗེ་འཁོར་ལོ་པདྨས་སྤྲས།། ཁ་དོག་སེར་པོ་རྒྱས་པར་བྱུག། སྲིད་དུ་ཁྲུ་གང ་སྦོམ་དུ་ནི།། ཆག་པ་གང་དུ་ཡོད་པ་དབུལ།། ཞོ་དང་མར་དང་ལྡོང་རོས་དང་།། སེར་པོ་དྲི་ལ་མར་སྒྲོལ་ལ།། རྒྱས་པའི་ལས་ལ་རྩེ་གཅིག་དབུལ།། བུད་ཤིང་སེར་པོའི་ཤིང་ལ་བྱ།། རྣལ་འབྱོར་ཤར་དུ་ཁ་བལྟས ་ལ།། ཏིང་འཛིན་བྱེ་བྲག་བྱ་བ་ཡིན།། སེར་པོའི་འབྲུ་རྣམས་སེར་པོ་ལ།། གཏོར་མ་བྱས་ལ་ལས་མཁན་སྦྱིན།། ཁ་བའི་རོ་ཡོད་སེར་པོའི་རྫས།། རྒྱས་པའི་ཚུལ་དུ་སྦྱིན་བསྲེག་བྱ།། མ་ཡི་ཚོགས་ཀྱི་དཀྱིལ་འཁོར ་དུ།། ང་རྒྱལ་ལས་ཀྱིས་འཆེལ་བ་ཡི།། འགྲོ་བ་གང་དང་གང་དག་ལ།། བུམ་པ་རྒྱས་བྱས་མཐའ་སྦྱིན་བསྲེག། རྒྱས་པར་འགྱུར་བས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཆགས་པར་གྱུར་པའི ་འགྲོ་གང་ལ།། དབང་གི་ལས་ལ་སྦྱར་བར་གསུངས།། ཟླ་མཚན་ཅན་གྱི་ཆུ་གླིང་དུ།། སྣང་བ་མཐའ་ཡས་དཀྱིལ་འཁོར་བསྒོམ།། སྡོང་གཅིག་མ་ཡི་གཟུངས་མ་བཟུང་།། རིན་ཆེན་བུམ་པ་དམར་པོ་རུ།། ཙནྡན་དམར ་པོའི་ཆུས་བཀང་ལ།། ཨ་ཤོ་གནྡྷའི་ཁ་རྒྱན་བྱ།། དེ་ལ་ལྕགས་ཀྱུའི་འཕྲོ་འདུ་ཡིས།། དབང་གི་ལས་རྣམས་དེ་ཡིས་སོ།། འདོད་ཆགས་འཇོམས་པའི་དཀྱིལ་འཁོར་དུ།། རྣལ་འབྱོར་དམ་པ་བདག་གནས ་ལ།། ཟངས་ལ་སོགས་པའི་རིན་ཆེན་ནམ།། དམར་པོའི་ཤིང་ལས་བྱས་པ་ཡི།། ཕུར་པ་ཟླ་གམ་རྩེ་བྱས་ལྔ།། དམར་སྨུག་ལྷ་ཚོགས་སྤྱན་ཡང་དྲང་།། དགའ་དང་ཆགས་པའི་ཏིང་འཛིན་གྱིས།། ཟླ་གམ་ཁ་ལ་སོར་བཞི། ་མཆུ།། ཁ་ལ་སོར་ནི་ཉི་ཤུ་སྟེ།། ཕྱེད་ལོགས་གཏིང་དུ་བརྐོ་བར་བྱ།། སོར་གསུམ་ཕྱིར་བཀྱེད་ཁ་ཁྱེར་ཏེ།། ལྕགས་ཀྱུ་ཞགས་པས་རྣམ་པར་བརྒྱན།། ཁ་དོག་དམར་པོར་བྱུགས་པ་སྟེ།། ཡམ་ཤིང་སྲིད་དུ་སོར་ལྔ ་པ།། འདབ་ཆགས་སྦོམ་དུ་ཆག་གང་པ།། ཟླ་བ་ཉི་མ་ཆུ་སྨན་དྲི།། བདུད་རྩི་ལྔ་ལ་རབ་སྤངས་ཏེ།། དབང་གི་ལས་ལ་བསྒྲིམས་ལ་དབུལ།། བུད་ཤིང་དམར་པོའི་མེ་སྦར་ཏེ།། རྣལ་འབྱོར་ཁ་ནི་ནུབ་ཏུ་བལྟས།། དབང ་གི་ཏིང་འཛིན་བྱེ་བྲག་བྱ།། ཟངས་ཕྱེ་འབྲུ་རྣམས་དམར་པོ་ལ།། གཏོར་མ་བྱས་ཏེ་ལས་མཁན་སྦྱིན།། སྐུར་ཞིང་མངར་བའི་རྫས་རྣམས་ཀྱིས།། དབང་གི་ཚུལ་དུ་སྦྱིན་བསྲེག་བྱ།། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར ་དུ།། འདོད་ཆགས་ལས་ཀྱིས་འཆེལ་བ་རྣམས།། འགྲོ་གང་དབང་དུ་བསྡུ་བ་ལ།། བུམ་པས་དབང་བྱས་མཐར་སྦྱིན་བསྲེག། དབང་དུ་བསྡུས་ནས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཤིན་ཏུ ་གདུག་པའི་སེམས་ཅན་ལ།། དྲག་པོའི་སྤྱོད་ལས་སྦྱར་བྱས་ཏེ།། རྐང་གཅིག་དྲུང་ངམ་མ་མོའི་གནས།། མེ་རེག་མ་ཡི་གཟུངས་མ་བཟུང་།། ཁྲོས་པའི་གཟུགས་སུ་བདག་གནས་ལ།། ནག་པོ་གྲུ་གསུམ་དཀྱིལ་འཁོར ་ལ།། ངོས་རེ་སོར་ནི་ཉི་ཤུའོ།། སོར་བཅུ་གཏིང་དུ་བརྐོ་བར་བྱ།། སོར་གསུམ་ཕྱིར་བཀྱེད་ཁ་ཁྱེར་ཏེ།། ཞེང་དང་དཔངས་དང་གཉིས་ཀའོ།། ཕྱི་རོལ་སོར་གསུམ་རྡོ་རྗེ་སྟེ།། མདའ་གཞུ་མདུང་རྩེ་གསུམ ་ལ་སྩོགས།། སྤེལ་ལ་བརྒྱན་ཏེ་གྲར་མདའ་གཞུ།། བཀང་བ་བཞི་ཡིས་བརྒྱན་པར་བྱ།། རྩང་དང་ཐོད་པས་བརྒྱན་པར་བྱ།། ཚངས་པའི་ལྕགས་ཐག་གཉིས་པ་བསྐོར།། ལྕགས་སམ་ནག་པོའི་ཤིང་རྣམས་ལ།། དུག ་ཤིང་ཚེར་མ་ཅན་གྱི་ཤིང་།། རབས་ཆད་ནག་པོའི་རྐང་གི་ཕུར།། རྩེ་མོ་ཟུར་གསུམ་དཔལ་དང་ལྡན།། གསུམ་ལས་བྱུང་བའི་བྱེ་བྲག་ལ།། དབང་བསྐུར་འོད་དང་ལྡན་པར་བརྟག། མཐིང་ནག་ཁྲོས་པའི་ལྷ་ཚོགས ་རྣམས།། དྲེགས་པ་འདུལ་ཕྱིར་སྤྱན་དྲངས་ཏེ།། རབ་ཏུ་ཁྲོས་པའི་སེམས་གནས་ལ།། མཆུ་རུ་སོར་བཞི་སྦོམ་ཆག་ཕྱེད།། གདུག་པའི་ཤིང་བུ་རྩེ་མོའི་ཆ།། མི་རུས་དུར་ཁྲོད་སོལ་བ་དང་།། ཐལ་ཆེན་ལན་ཚྭ་ཚ་བའི ་རྫས།། བདུད་རྩི་ལྔ་ཡི་ཆུ་ལ་སྤངས།། མངོན་སྤྱོད་ལས་ལ་བསྒྲིམས་ལ་དབུལ།། བུད་ཤིང་ཚེར་མ་ཅན་གྱི་ཤིང་།། ལྷོ་རུ་ཁ་བལྟས་ཏིང་འཛིན་བྱ།། ལྕགས་ཕྱེ་འབྲུ་ནག་ཤ་ཁྲག་ལས།། སྦྱར་བའི་གཏོར་མ་ཤ་ཁྲག ་རྣམས།། ལས་མཁན་སྦྱིན་ལ་ལས་ལ་བསྐུལ།། ནག་པོའི་ཆུ་དུག་རྩུབ་པ་ཡི།། དྲག་པོའི་ཚུལ་དུ་སྦྱིན་བསྲེག་བྱ།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ཞེ་སྡང་ལས་ཀྱིས་འཆེལ་པ་རྣམས།། ཕུར་པས ་བསད་བྱས་མཐར་སྦྱིན་བསྲེག། བརླག་པར་འགྱུར་བས་དབྱིངས་སུ་རོལ།། ཞོ་དང་ཨུཏྤལ་ཚེར་མ་ཅན།། སྣ་དྲངས་ནས་ནི་མཆོད་པ་བརྩམས།། ལས་ཀྱི་རྗེས་མཐུན་སྨོན་ལམ་གདབ།། ཞི་བས་ལས་ཀྱི་བྱེ་བྲག ་བྱ།། རྒྱས་པས་ཚེ་དང་དབང་ཐང་འཕེལ།། དབང་གིས་དབང་དུ་བྱ་བ་དང་།། ཇི་ལྟར་འདོད་པ་དགུག་པའོ།། དྲག་པོས་བསད་དང་བསྲུང་བ་དང་།། དྲག་པོའི་སྦྱིན་སྲེག་ནམ་བྱེད་ན།། དུར་ཁྲོད་རས་ལ་མིང་རུས ་དང་།། མཐུན་བྱས་གཟུགས་ནི་བྲིས་ནས་ནི།། མེ་རེག་ཡུམ་མཆོག་དཀྱིལ་འཁོར་དུ།། ཕྱེད་ཀྱི་ཆ་ལས་བསད་ནས་ནི།། ཁྲག་གི་དུམ་བུ་གཤེར་བྱས་ལ།། བཤན་པའི་མེ་བླངས་དེ་ལ་བསྲེག། དུར་ཁྲོད་རས་ལ་སྔགས ་ལ་བདུག། བཤང་གཅི་ཁྲག་གིས་ལུས་པོ་བྱུག། གསང་སྔགས་ཡབ་ཡུམ་ཐུན་གྱིས་བཟླས།། སངས་རྒྱས་རྡོ་རྗེ་འཛིན་པ་ཡང་།། བརླག་ཅིང་འཆི་བར་གདོན་མི་ཟ།། སེམས་ཅན་རྣམས་ལྟ་སྨོས་ཅི་དགོས།། དྲག་པོས ་བསྲུང་བར་བྱ་བ་ནི།། འཁོར་ལོ་རྩིབས་བརྒྱད་ཞིང་ཤུན་བྲི།། ཡི་གེ་རྣམས་ནི་ལེགས་བཀོད་ལ།། དེ་ལ་དབང་བསྐུར་བྱིན་གྱིས་བརླབ།། བདུག་པ་ལ་སོགས་མཆོད་པར་དབུལ།། མཁའ་འགྲོར་གཏོར་མ་རྒྱས་པར ་དབུལ།། གང་འདོད་ལས་རྣམས་རབ་བཅོལ་བསྐུལ།། ཀླད་ལ་ལན་གསུམ་འཁོར་ལོ་བསྐོར།། བསྲུང་འདོད་ལག་གཡོན་དཔུང་རྩར་གདགས།། ཅིས་ཀྱང་ཚུགས་པར་མི་འགྱུར་རོ།། འཁོར་ལོ་བསྲུང་བ་ཞེས ་བྱའོ།། དུར་ཁྲོད་རས་མ་བླངས་ནས་སུ།། སོར་བཞི་དུམ་བུ་གཉིས་སུ་བྱ།། གཅིག་ལ་ཉི་མའི་འོད་དང་བཅས།། གཅིག་ལ་ཟླ་བ་མདོག་དང་བཅས།། ཡོངས་སུ་རྫོགས་པའི་ཁ་དོག་ཅན།། དེ་དབུས་ཡི་གེའི་ཕྲེང་བ ་ཅན།། ཡབ་ཡུམ་གཉིས་པོ་སོ་སོར་བྲི།། དེ་ལ་སྔགས་ཀྱི་བཟླས་པ་བྱའོ།། གུ་གུལ་ཆུས་བྱུགས་ཁ་སྤྲད་རྒྱ།། རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅིང་།། རིལ་བུ་བྱས་ཏེ་སྙིང་གར་གདགས།། སངས་རྒྱས་ཁྲོས་པས་མི་ཚུགས ་ན།། བགེགས་ལ་སོགས་པས་སྨོས་ཅི་དགོས།། ཁ་སྦྱོར་སྲུང་བ་ཞེས་བྱའོ།། ལྕེ་པོག་དཀར་ནག་གཉིས་ཀྱང་སོགས།། ཚིལ་ཆེན་དུར་ཁྲོད་རས་ལ་ཕུར།། སྔགས་བཟླས་བྱིན་བརླབ་ཉུང་ནག་གིས།། བཟླས་པ་བྱས་ལ ་མགུལ་དུ་གདགས།། སངས་རྒྱས་ཀྱིས་ཀྱང་མི་ཚུགས་ན།། ལོག་འདྲེན་བགེགས་ལྟ་སྨོས་ཅི་དགོས།། རྫས་ཀྱི་སྲུང་བ་ཞེས་བྱའོ།། ཁྲོ་བཅུའི་སྔགས་ཀྱི་ཕྲེང་བ་ནི།། དུར་ཁྲོད་སྣག་ཚས་ཤིང་ཤུན་བྲི།། དུར་ཁྲོད་སྦུ་གུས ་སྔགས་བྲིས་ལ།། ཁམ་ཕོར་ཁ་སྐྲར་ནང་དུ་གཞུག། སྔགས་ཀྱི་བཟླས་པ་འབུམ་དུ་བྱ།། དེ་ནས་ཁ་སྒོར་ཕྱེ་ནས་ནི།། ཁྲོ་བཅུར་བསྟོད་པ་བྱས་ནས་ནི།། རས་ལ་གྲིལ་ཏེ་མགུལ་དུ་གདགས།། ཁྲོས་པའི་རྒྱལ་པོས་མི ་ཚུགས་སོ།། སྔགས་ཀྱི་སྲུང་བ་ཞེས་བྱའོ།། འཁོར་ལོ་རྣམས་ནི་རིམ་བཞིན་བྲི།། ས་དབུས་ལ་སོགས་འཁོར་ལོ་ལ།། ཡི་གེའི་ཕྲེང་བའི་འོད་གསལ་བཅས།། དབུས་སུ་བདེ་གཤེགས་འཁོར་དང ་བཅས།། མཐའ་མར་ཕྲ་མེན་ལས་མཁན་སོགས།། གང་གིས་སྲུང་བའི་མིང་དང་བཅས།། སྤེལ་ལ་བྲིས་ལ་བཟླས་པ་བྱ།། སོ་སོའི་གནས་རྣམས་སུ་བཏགས་ན།། བདེ་གཤེགས་ཁྲོས་པ་གང་གིས་ཀྱང་།། དེ་ལ་ཚུགས ་པར་མི་འགྱུར་རོ།། སྔགས་ཀྱི་སྲུང་བ་ཞེས་བྱའོ།། འབྲས་བུ་གསུམ་དང་བ་ལེ་ཀ། ཨ་ག་རུ་དང་དུ་རུ་ཀ། འབའ་ཧུ་གྲིབ་མར་སྐམས་པ་རྣམས།། ཕྱེ་མར་བཏགས་ཏེ་རི་ལུ་བྱ།། བདུད་རྩི་ལྔ་ཡིས་སྦྲུས་ནས་ནི།། བྷནྠ ་གླིང་བཞིའི་ནང་དུ་གཞུག། སྔགས་ཀྱི་བཟླས་པ་ཁྲི་རུ་བྱ།། ཤིང་ཤུན་གཏུམས་ལ་མགུལ་དུ་གདགས།། མཁའ་འགྲོ་ཁྲོས་པས་ཚུགས་མི་འགྱུར།། སྨན་གྱི་སྲུང་བ་ཞེས་བྱའོ།། ཉིན་མཚན་ཐུན་བཞིའི་བར་དུ་ནི།། ཕྱག ་བཞི་ཡི་རྒྱ་ཡང་གདབ།། བདུད་རྩི་ལྔ་ཡིས་ལུས་ལ་བྱུག། སྨན་གྱི་རིལ་བུ་མགུལ་དུ་གདགས།། འཁོར་ལོ་བཞི་ནི་ལུས་ལ་གདགས།། ཁྲོས་པའི་སེམས་སུ་གནས་བྱས་ན།། སྔགས་པ་ནང་གིས་ཚུགས་མི ་འགྱུར།། སྔགས་དང་སྨན་གྱི་སྦྱོར་བས་བསྲུངས།། འཁོར་ལོར་འབར་བ་བཞིར་བྱས་ན།། དུར་ཁྲོད་རས་ལ་གསལ་བྲིས་ནས།། འཁོར་ལོ་བྱིན་བརླབ་དབང་ཡང་བསྐུར།། སྔགས་ཀྱིས་ཁྲོས་པའི་ཐབས་སུ ་བྲི།། བདུད་རྩི་ལྔ་ཡིས་ལུས་ལ་བྱུག། ཐལ་བ་ཆེན་པོས་འཐས་པར་བྱ།། ཁང་པའི་གྲཝ་བཞིར་བཏགས་ནས་ནི།། སྟོངས་སྟབས་བྱས་ནས་ཧ་ཧས་གདབ།། གུ་གུལ་གྱིས་བྲིས་འཁོར་ལོ་ནི།། སྟེང་གི་ཕྱོགས་སུ་བཏགས ་ནས་ནི།། ཁྲོས་པས་ཐལ་མོ་ལན་གསུམ་བརྡབ།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། སྲིན་པོ་འབྱུང་པོ་མ་ལུས་པས།། དེ་ལ་ཚུགས་པར་མི་འགྱུར་རོ།། རྣལ་འབྱོར་ཆེན་པོས་བསྲུང་བར་བྱ།། ཞེས་གསུངས་སོ།། རྒྱུད ་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ་ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་ཕྲིན་ལས་བཞིའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་ཡང་ཀརྨ་ཧེ་རུ་ཀས། ་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གླེངས་སོ།། ཀྱེ་ཀྱེ་བཅོམ་ལྡན་བཀའ་ཡི་བདག། ལས་ཀྱི་བྱེ་བྲག་གསུང་ལགས་ན།། བསྲུང་བར་བྱ་བའི་དམ་ཚིག་གང་།། བདེ་བར་གཤེགས་པས ་ལུང་བསྟན་གསོལ།། ཞེས་གླེངས་པ་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། བསྲུང་བར་བྱ་བའི་དམ་ཚིག་ནི།། ས་མ་ཡ་དང ་འབུམ་སྡེ་ལས།། མདོ་ཡི་དམ་ཚིག་དམ་པ་ནི།། བརྗོད་མེད་བརྗོད་བྲལ་ངོ་བོ་མེད།། འདི་ལས་གང་དུའང་མི་གཡོ་ལ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག། འདི་ནི་དམ་ཚིག་རྡོ་རྗེ་སྟེ།། འདི་གྲུབ་ཉམས་པའི་དུས ་མཐའ་མེད།། རྡོ་རྗེའི་ཚིག་གི་ལུ་གུ་རྒྱུད།། འདི་ལ་རྣལ་འབྱོར་དམ་པས་བླང་།། འདི་མེད་འབྲས་བུ་འབྱུང་མི་སྲིད།། ཡན་ལག་དམ་ཚིག་འདའ་དཀའི་ཆོས།། རྡོ་རྗེ་བླ་མ་སློབ་དཔོན་ལ།། རྣམ་པའི་བྱེ ་བྲག་གིས་ཀྱང་ནི།། མཉེས་བྱ་སྲོག་ལ་བབ་ཀྱང་བཀུར།། དམ་ཚིག་དབང་དང་ཤེས་རབ་རྒྱུད།། མན་ངག་སྟོན་པའི་སློབ་དཔོན་ལ།། ཇི་ལྟར་བལྟ་ཞིང་བཀུར་བ་ནི།། དམ་ཚིག་དབང་གི་སློབ་དཔོན་ལ།། འཇིག་རྟེན ་ཕ་བཞིན་བལྟ་ཞིང་བཀུར།། ཤེས་རབ་རྒྱུད་ཀྱི་སློབ་དཔོན་ལ།། ཇི་ལྟར་བལྟ་ཞིང་བཀུར་བ་ནི།། འཇིག་རྟེན་མ་བཞིན་བལྟ་ཞིང་བཀུར།། མན་ངག་སྟོན་པའི་སློབ་དཔོན་ལ།། བཀུར་ཞིང་བལྟ་བར་བྱ་བ་ནི།། འཇིག། ་རྟེན་མིག་འབྲས་བཞིན་དུ་བལྟ།། དེ་ཡིས་བསྒོ་བ་བཞིན་དུ་མཉན།། དེ་བཞིན་མཛེས་པ་དབུལ་བར་བྱ།། རྫས་དང་སྤྱོད་པ་སྣ་ཚོགས་པས།། མཉེས་པར་བྱ་ཞིང་དགོས་པ་དབུལ།། བླ་མའི་འཁོར་དང་རྡོ་རྗེ ་སྦྲསྤུན།། གཅིག་ལ་གཅིག་ནི་མངན་མི་བྱ།། ཁ་ན་མ་ཐོ་ཐམས་ཅད་བསྲུང་།། གཅིག་ལ་གཅིག་ནི་མིག་བཞིན་བལྟ།། འདི་ནི་སྐུ་ཡི་དམ་ཚིག་གོ། དང་པོ་ཁས་བླངས་དམ་བཅས་བཞིན།། རྒྱ་བཅས་སྔགས་འདི་རྒྱུན་མི ་གཅད།། ཏིང་འཛིན་བྱེ་བྲག་ཉམས་སུ་ལེན།། དངོས་གྲུབ་དམ་པ་འབྱུང་བའི་རྒྱུ།། འདི་ལ་རྟག་ཏུ་བདག་གནས་ན།། འདི་ནི་གསུང་གི་དམ་ཚིག་གོ། ཕྱི་ནང་ཉམས་སུ་བླངས་པ་བཞི།། བར་གསང་ཏིང་འཛིན་བྱེ་བྲག ་གནས།། གསང་འོས་ཏིང་འཛིན་བརྟན་པོར་བཟུང་།། གསང་གཉེར་གང་ཡང་མི་གཡོའོ།། འདི་ལྟ་བུ་ཡི་མན་ངག་རྣམས།། སྣོད་ངན་ཚུལ་འཆོས་སྤེལ་མི་བྱ།། གསང་བ་སྦས་པའི་ཐབས་མཆོག་རྣམས།། བློ་ཡི་གཏིང ་དུ་འཚང་མི་སྨྲ།། འདི་ནི་ཐུགས་ཀྱི་དམ་ཚིག་གོ། དམ་ཚིག་རྣམ་གསུམ་རྡོ་རྗེ་སྟེ།། འདི་དག་ཉམས་པར་གྱུར་ན་ནི།། འབྲས་བུ་མེད་ཅིང་བདུན་རྒྱུད་བརླག། ཉམས་པའི་གྲིབ་མས་གོས་པ་ལ།། དེ་ཡི་གྲིབ་མའི་སྐྱོན ་རྣམས་ནི།། བརྗོད་མེད་བརྗོད་ལས་འདས་པ་ལ།། རྩ་བའི་དམ་ཚིག་ཉམས་པ་དང་།། དམ་ཚིག་གནས་པའི་རྣལ་འབྱོར་གཉིས།། ཐང་གཅིག་ཡུད་ཙམ་སྨྲ་མི་བྱ།། སྨྲས་ན་རྩ་བ་ཉམས་པར་འགྱུར།། འདོད་ཆགས་ཞེ ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ལྔ་རྣམས་ནི།། བདེ་གཤེགས་ལྔ་ཡི་རང་བཞིན་ཏེ།། འདི་རྣམས་སྤང་བར་ཡོངས་མི་བྱ།། སྤངས་ན་འབྲས་བུ་རྙེད་པར་དཀའ།། འདི་ནི་མི་སྤང་དམ་ཚིག་གོ། ཤ་ཆེན་བཤད ་གཅི་ཁུ་བ་ཁྲག། གདོད་ནས་དག་པའི་རང་བཞིན་ཏེ།། ཟས་མཆོག་དམ་པ་བདུད་རྩིའི་དངོས།། མི་འདོར་བ་ཡི་དམ་ཚིག་གོ།། རྫུན་དང་ཚིག་རྩུབ་ཕྲ་མ་དང་།། སྦྱོར་བ་དང་ནི་བརྐུ་བ་དང་།། སྒྲོལ་བ་ཆེན་པོའི་དམ ་ག་ནི།། བདེ་གཤེགས་ལྔ་ཡི་མཛད་སྤྱོད་དེ།། སྐུད་པར་བྱ་བའི་དམ་ཚིག་གོ། ཡན་ལག་བཅོ་ལྔའི་དམ་ཚིག་ནི།། ལུས་ངག་ཡིད་གསུམ་དམ་ཚིག་སྟེ།། སྲོག་ལ་བབ་ཀྱང་མི་གཏང་སྟེ།། བཏང་ན་འབྲས་བུ་ཡོངས་མི ་རྙེད།། ཉམས་ན་མནར་མེད་དམྱལ་བར་སྐྱེ།། སྙིང་ནས་སློབ་དཔོན་རྣམ་གསུམ་སྨོད།། སངས་རྒྱས་བསྟན་པ་འཇིག་པ་དང་།། ཐེག་པ་ཆེན་པོ་སྨོད་པ་དང་།། སེམས་ཅན་ཡོངས་ལ་གནོད་བྱེད ་དང་།། རྣལ་འབྱོར་ཡོངས་ཀྱི་དགྲར་གྱུར་པ།། མྱུར་དུ་སྒྲིབ་འབྱིན་ཤུགས་ཀྱིས་སྒྲོལ།། གལ་ཏེ་འདི་འདྲ་མ་བསྒྲལ་ན།། ཐུགས་ཀྱི་དམ་ཚིག་ཉམས་པས་ན།། དེ་བས་བསྒྲལ་བའི་མཆོག་ཏུ་འབད།། དམ་ཚིག་འདི་ནི ་ཀུན་གྱི་དངོས།། སངས་རྒྱས་བསྒྲུབ་པའི་རྒྱུད་དང་གཞི།། ཀུན་གྱི་བདག་ཉིད་རིན་ཆེན་འདྲ།། སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག། གདོད་ནས་མི་གཏང་ཡོན་ཏན་འཕེལ།། དེ་ཡི་ངེས་པ་བརྗོད་མི་ལང་།། དངོས ་གྲུབ་དམ་པ་ཐོབ་པའི་གཞི།། དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས།། དེ་བས་ནན་ཏན་བསྐྱེད་དེ་བསྲུང་། གལ་ཏེ་ཉམས་པར་གྱུར་ན་ནི།། རང་བཞིན་དཀྱིལ་འཁོར་དམ་པ་ལ།། ཕྱི་ཡི་དབང་ནོས་བྱས་པས ་སོབས།། གཉིས་པ་ནང་གི་དབང་ནོས་སོབས།། གསུམ་པ་གསང་བའི་དབང་ནོས་སོབས།། བཞི་པ་ཤེས་རབ་ཡེ་ཤེས་ཀྱི།། དབང་ནོས་ཉམས་སུ་བླངས་པས་སོབས།། སློབ་དཔོན་ཡོད་ན་མཐོལ་བཤགས ་དབུལ།། དེ་ལ་དབང་ནོས་མཉེས་པར་དབུལ།། མེད་པར་གྱུར་ན་རྡོ་རྗེ་སྦྲན།། མང་པོ་བསགས་པར་མཐོལ་བཤགས་བྱ།། དེ་ནས་དབང་ནོས་མཉེས་པ་དབུལ།། ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར།། དེ་ཡིས་ཉམས ་པ་གསོ་བ་ཡི།། ཆོ་ག་དམ་པ་ཞེས་ནི་བྱ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ་ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་དམ་ཚིག་གི་རིམ་པར ་ཕྱེ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་ཁྲོ་བོ་ཀརྨ་ཧེ་རུ་ཀ་ལ་སྩོགས་པ་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་སོ་སོ་རང་རང་གི་བསམ་པ་མཐར་ཕྱིན་ཅིང་མངོན་དུ་གྱུར་ཏེ། ལུས་ངག་ཡིད ་གསུམ་གྱི་སྒོ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱག་འཚལ་ནས། གསང་བ་མཆོག་གི་བདག་པོ་ལ་མདུན་གྱིས་བལྟས་ཏེ་ཤིན་ཏུ་རྨད་དུ་བྱུང་བའི་ཚིག་འདི་སྐད་ཅེས་བསྟོད ་དོ།། ཨེ་མ་ཧོ་ངོ་མཚར་རྨད་དུ་ཆེ།། མཉམ་ཉིད་དབྱིངས་མཆོག་དམ་པ་ལ།། ཐུགས་རྗེ་ཆེན་པོས་གསང་བ་ཡིས།། མ་འདྲེས་ཀུན་ལ་ཁྱབ་བདག་དབྱིངས།། སྐུ་དང་གསུང་ཐུགས་ཡོན་ཏན་དང་།། ཕྲིན་ལས་ཕྱག་རྒྱའི ་དཀྱིལ་འཁོར་རྣམས།། བརྗོད་ཀྱིས་མི་ལང་གྲངས་ལས་འདས།། འགྲོ་བ་བསམ་ཡས་སོ་སོའི་དབང་།། དེ་ཡི་རྣམ་རྟོག་དེ་སྙེད་པར།། ཐུགས་རྗེ་འཕྲོས་པས་ངོ་མཚར་ཆེའོ།། ཨེ་མ་ཧོ་ངོ་མཚར་རྨད་དུ་བྱུང་བའི ་ཆོས།། མཚན་ཉིད་ནམ་མཁའ་འདྲ་བ་ལ།། སྒྱུ་མ་ལྟ་བུར་འཕྲུལ་པ་རྣམས།། ཀུན་རྫོབ་ཙམ་དུ་བསྟན་པར་འཚལ།། ཞེས་གླེངས་སོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ནི་དུས་བཞི ་མཉམ་པ་ཉིད་གཉིས་སུ་མེད་པ་ལ་དགོངས་ནས། སྒྲ་བསམ་ལས་འདས་ཏེ་ཅང་མི་གསུང་བར་བཞུགས་སོ།། དེ་ནས་ཁྲོ་བོ་ཀརྨ་ཧེ་རུ་ཀས་རང་གི་སྟན་ལས་ལངས་ཏེ། གཙུག་གིས་འདུད་པས་ཕྱག ་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་ལུང་བསྟན་བདག། ཞལ་ནས་གསུངས་པ་མདོ་ཡི་དོན།། བསྡུས་ནས་བདག་ཅག་རྣམས་ལ་ནི།། སྒོམ་པའི་ལུང་འདི་བསྟན་དུ་གསོལ།། ཞེས་གླེང་བ་དང་།། ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་བཛྲ་ཀཱི་ལ་ཡས་གཉིས་མེད་ཀྱི་ངང་ལས་བཞེངས་ནས།། རྫུ་འཕྲུལ་གྱི་སྤྱན་གྱིས་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་པ་མེད་པའི་ཚུལ་གྱིས་གཟིགས་ཏེ། གཟིགས ་པའི་ཞལ་འཛུམ་པ་དང་བཅས་ནས་ཀརྨ་ཧེ་རུ་ཀ་ལ་གཟིགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྒྱུད་ཀྱི་རྒྱལ་པོ་ཆོས་ཀྱི་དོན།། འདི་ཉིད་ངས་བསྡུས་བཤད་པར་བྱའོ།། ཆོས་རྣམས་སེམས་ཀྱི ་འཕྲུལ་པ་སྟེ།། སེམས་ལས་མ་གཏོགས་ཆོས་རྣམས་མེད།། འཁྲུལ་པ་བཟློག་ཕྱིར་ཆོས་བསྟན་པ།། དེ་ཡི་སྒྱུ་འཕྲུལ་འཕྲུལ་པར་སྣང་།། འཁྲུལ་པར་སྣང་བའི་ཆོས་རྣམས་ཀུན།། རང་སེམས་སྣང་བ་ཁོ་ནར ་ཟད།། སེམས་ཀྱི་རང་བཞིན་དངོས་མ་གྲུབ།། སྔ་ཕྱིར་བསྲེས་ན་རང་བཞིན་མེད།། གདོད་ནས་མ་སྐྱེས་རྣམ་པར་དག། ཡི་གེ་མེད་ཅིང་སྒྲ་དང་བྲལ།། ཐ་སྙད་རྣམས་དང་བྲལ་བ་སྟེ།། སྟོང་པ་སྟོང་པའི་ཡུལ་ལས ་འདས།། ཡུལ་ལས་འདས་ཏེ་བརྗོད་དང་བྲལ།། དེ་ཕྱིར་སེམས་ཉིད་ཆོས་རྩ་བ།། དེ་ཉིད་སྲིད་དང་གྲོལ་ལས་སྣང་།། ཧོ།། ཨེ་མ་ཧོ་སེམས་ཉིད་སྟོང་པ་སྟེ།། མ་བཅོས་སྟོང་པ་ཆེན་པོའི་དབྱིངས།། བརྗོད་དང་བྲལ ་བའི་ངོ་བོ་ལ།། གནས་དང་རྒྱན་ཞེས་གདགས་སུ་མེད།། སྟོན་པ་འཁོར་ཞེས་ག་ལ་ཡོད།། ཏིང་འཛིན་ཡིག་འབྲུ་སོ་སོར་མེད།། ཕྱག་མཚན་སྐུ་མདོག་རྟག་པ་མེད།། སྟན་དང་བཞུགས་ཐབས་བགྲང་དུ་མེད།། སྟོང་པ ་ཉིད་མེད་སྙིང་རྗེ་མེད།། ཚོགས་བསག་བྱང་ཆུབ་སེམས་བསྐྱེད་དང་།། གཟུག་བརྙན་དཀྱིལ་འཁོར་བསྐྱེད་པ་མེད།། རང་བཞིན་དཀྱིལ་འཁོར་སྤྱན་དྲང་མེད།། གཉིས་མེད་སྔགས་དང་ཕྱག་རྒྱ་མེད།། ཐུགས་རྗེས ་ཁམས་གསུམ་འདུལ་བ་མེད།། དྲག་པོས་མ་ལུས་འདུལ་མེད་ཅིང་།། དྲག་པོའི་དཀྱིལ་འཁོར་འཇོམས་པའང་མེད།། གསོད་པའི་ངན་སྔགས་སྙིང་པོ་མེད།། ཁྲོས་པའི་སྟངས་སྟབས་ག་ལ་ཡོད།། རྒྱུན་གྱི་ཏིང་འཛིན་བྱེ ་བྲག་མེད།། ཕྲིན་ལས་རྣམས་ཀྱི་བྱེ་བྲག་མེད།། དུག་ལ་སོགས་པའི་ཐུན་རྣམས་མེད།། སེམས་ཅན་སྲུང་བ་ག་ལ་ཡོད།། རྡོ་རྗེས་གཏམས་བྱས་མིང་ཡང་མེད།། ཐམས་ཅད་བྱ་བ་རྣམས་དང་བྲལ།། ལུས་ཀྱི་སྡོམ་པ ་ཀུན་ལས་འདས།། ངག་གི་སྡོམ་པ་བརྗོད་ལས་འདས།། ཡིད་ཀྱི་སྡོམ་པ་བསམ་དང་བྲལ།། ཐམས་ཅད་བརྗོད་པ་ཀུན་རྫོབ་ཡིན།། འཁྲུལ་པ་བཟློག་ཕྱིར་ཀུན་རྫོབ་བསྟན།། དོན་དམ་བདེན་པ་རིག་པར་བྱ།། སེམས ་ལས་འདས་པའི་ཆོས་ཉིད་ནི།། ཚིག་གིས་དེ་ལ་མཚོན་དུ་མེད།། ཐ་སྙད་གདག་སུ་ག་ལ་ཡོད།། ནམ་མཁའི་དཔེས་ཀྱང་མཚོན་དུ་མེད།། འདི་ཞེས་བྱ་བར་བསྟན་དུ་མེད།། ཁ་དོག་དབྱིབས་སུ་གྲུབ་པ ་མེད།། ཡེ་ནས་མ་བཅོས་རྣམ་པར་དག། རྣམ་པར་དག་ཅེས་བརྗོད་པ་ཀུན།། བསྟན་པ་རྣམས་ཀྱང་སྒྲིབ་པ་ཡིན།། མཚན་མ་མེད་པའི་བློ་ལྡན་དེ།། ཐ་སྙད་ཚིག་ལ་དད་མི་འགྱུར།། བདེན་གཉིས་བློ་དང་ལྡན་པ ་དེས།། གཉིས་མེད་བློ་དང་ལྡན་པར་ཟད།། ཅེས་གསུངས་པས། འཁོར་རྣམས་རབ་ཏུ་དང་བ་སྐྱེས་ཏེ། འདུས་པའི་འཁོར་ཚོགས་རྣམས་མ་བཅོས་པའི་དེ་ཁོ་ན་ཉིད་ལ་གནས་ཤིང་། སེམས་ཅད་མི་སྨྲ་བར་འཁོད། ་དོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཁྲོ་བོ་ཀརྨ་ཧེ་རུ་ཀའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཤིང་། དོན་བསྡུ་བར་དབང་བསྐུར་ནས། འདི་སྐད་ཅེས་བཀའ་སྩལ ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ང་ཉིད་མངོན་པར་སངས་རྒྱས་ནས།། མདོ་ཡི་དོན་ཉིད་བཤད་ཀྱི་བར།། ཚིག་ཙམ་དུ་ཡང་ངས་མ་བཤད།། ཐ་སྙད་ཚིག་ཀྱང་ངས་མ་བརྗོད།། བཤད་ཅིང་བརྗོད་པ་གང་ཡང་མེད།། ཕྱི ་ནང་ཆོས་ཀུན་ཐམས་ཅད་ཀུན།། བཤད་ཅིང་བརྗོད་པ་རྣམས་དང་བྲལ།། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ནི།། བཤད་ཅིང་བརྗོད་དང་བྲལ་བའི་དོན།། ཐུགས་སུ་ཆུད་ནས་མངོན་སངས་རྒྱས།། རྫོགས་པའི ་སངས་རྒྱས་དེ་ལས་བྱུང་།། དེ་བས་མ་འོངས་རྣལ་འབྱོར་ལ།། དོན་དུ་མདོ་ནི་མངོན་བསྡུས་ལ།། མི་ནུབ་པ་རུ་བྱ་བའི་ཕྱིར།། གསུང་མཆོག་ཆོས་ཀྱི་ཡི་གེར་ནི།། སྣང་ཞིང་མི་ནུབ་པ་རུ་གྱིས།། མ་ནོར་འཁོར་ལོའི ་ལམ་འདི་ནི།། ཕྱི་མའི་རྣལ་འབྱོར་རྣམས་ཀྱིས་སྟོན།། དེ་དག་མ་ནོར་ཁོང་དུ་ཆུད།། ཡེ་ཤེས་མཆོག་དེ་ཐོབ་པར་གྱིས།། མ་ནོར་ལམ་ལ་བགྲོད་པར་གྱིས།། སེམས་ཅན་སངས་རྒྱས་དོན་རྣམས་ཀྱིས།། བདེན་གཉིས ་སྙིང་པོ་འཆང་བར་གྱིས།། གསང་བ་ཁོང་དུ་ཆུད་པར་གྱིས།། ལམ་གྱི་བྱེ་བྲག་ཤེས་པར་གྱིས།། སྤྱོད་པའི་ཁྱད་པར་ཤེས་པར་གྱིས།། འོན་ཀྱང་དད་ཅན་རྣལ་འབྱོར་བ།། དེས་ནི་རྡོ་རྗེ་ཐེག་པ་ཡི།། གཏིང་ནི་འཛུགས ་ཤིང་མི་ནུབ་བྱེད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི།། རྒྱུད་ནི་འཛིན་པར་དེ་འགྱུར་རོ།། མི་གནས་ཡེ་ཤེས་གནས་གྱུར་ཏེ།། གསང་བའི་དོན་རྣམས་མི་འགྱུར་རོ།། གསང་བའི་དོན་རྣམས་མི་ནུབ་འགྱུར།། སྦས་པ ་གསང་བའི་ཐབས་མཆོག་རྣམས།། བྱེ་བྲག་མེད་པར་དེ་འགྱུར་རོ།། ཁྲོ་བོ་ཀརྨ་ཧེ་རུ་ཀ། ང་ཡིས་བཤད་པའི་མདོ་འདི་ནི།། རྣལ་འབྱོར་དམ་པ་རྣམས་ཀྱིས་ནི།། ཉེ་ལམ་བདེ་རྫོགས་ཡིན་པས་ན།། ཁྱོད་ཀྱིས་དེ་ལྟར ་ཤེས་པར་གྱིས།། གསང་བའི་ཉིང་ཁུ་ཡིན་པར་ནི།། ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཞེས་གསུངས་སོ།། དེ་ནས་ཁྲོ་བོ་ཀརྨ་ཧེ་རུ་ཀ་རབ་ཏུ་དག་པའི་སྐྲོད་པས། རང་གི་གསང་བའི་རྡོ་རྗེ་རང་གི་གསང་བའི་གནས ་སུ་གསོར་ཞིང་། བཙུན་མོ་ཀྲོ་དྷི་མོ་དང་གཉིས་སུ་མེད་པའི་ཚུལ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་བཅོམ་ལྡན་ཐབས་ཀྱི་བདག། སྐུ་མདོག་བལྟ་བས་མི་བཟད ་པ།། སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག། བདེ་གཤེགས་སྐུ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ་གསུང་ནི་དྲི་མ་མེད་པའི་གསུང་།། ཆོས་ཀྱི་སྒྲ་ཆེན་མཐའ་ཡས་པ།། ཕྱི་ནང་གསང་བའི་དོན་རྣམས་སྟོན།། བདེ་གཤེགས ་གསུང་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ་གསང་མཆོག་དགྱེས་པ་ཆེ།། མི་ནུབ་རྒྱལ་མཚན་ཡོངས་ཀྱི་བདག། དུས་གསུམ་བདེ་གཤེགས་ཐུགས་ཀྱི་བདག། བདེ་གཤེགས་ཐུགས་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད ་ནས། འདི་སྐད་ཅེས་གླེངས་སོ།། བཅོམ་ལྡན་རྣལ་འབྱོར་དབང་ཕྱུག་ཆེ།། འདས་པའི་བདེ་བར་གཤེགས་པ་དང་།། ད་ལྟ་མ་འོངས་པ་རྣམས་ཀྱི།། ཉེ་ལམ་ཆེན་པོ་ལྟ་བུར་ནི།། མདོ་ཡི་སྣང་བ་ལགས་པས་ན།། བདག ་གི་མི་ནུབ་པ་ཡི་ནི།། རྒྱལ་མཚན་ཆེན་པོར་སྣང་བར་བགྱི།། གསུང་མཆོག་ཆོས་ཀྱི་ཡི་གེར་ཡང་།། སྣང་བར་བདག་གིས་བགྱི་ལགས་སོ།། བཅོམ་ལྡན་གསང་བདག་ཉིད་དུ་ཡང་།། བདག་གིས་གནས་པར་བགྱི ་ལགས་སོ།། འདི་དོན་འཆད་ཅིང་སྟོན་པ་ཡི།། གང་ཟག་སྐྱེས་བུ་དམ་པ་དེ།། གཞན་ལ་ཕན་ཐོགས་གནས་པར་བགྱིའོ།། ཡིད་བཞིན་ནོར་བུའི་རྒྱལ་པོ་ལྟར།། མདོ་འདི་བདག་གིས་གནས་པར་བགྱིའོ།། ཕས་ཀྱི་རྒོལ ་བ་ལ་སོགས་པས།། འདི་ལ་ཚུགས་པར་མི་བགྱིའོ།། ཁམས་གསུམ་གནས་པའི་སེམས་ཅན་རྣམས།། སངས་རྒྱས་བསྟན་པ་དར་བར་བགྱིའོ།། གཞན་གྱི་སྡེ་ལ་སོགས་པ་ཡིས།། བར་དུ་གཅོད་པར་མི་འགྱུར ་བགྱི།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་གཉིས་སུ་མེད་པའི་ངང་ལ་བཞུགས་ནས་ཅང་མི་གསུང་བར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཡང་གསང་བ། ཀཱི་ལ་ཡ་བཅུ་གཉིས་ཀྱི་མདོ་ལས་ཀཱི་ལ་ཡའི་རྒྱུད་བཅུ་གཉིས་ཀྱི་མདོ་དོན་རྣམ་པར་བཤད་པའི་རྒྱུད་ཅེས་བྱ་བ་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི ་པའོ།། །། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསང་བ། གསུང་གསང་བ། ཐུགས་གསང་བ། ཀི་ལ་ཡ་བཅུ་གཉིས་ཀྱི་མདོ། ཀཱི་ལ་ཡ་བཅུ་གཉིས་ཀྱི་བཤད་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། ་