CLOSE WINDOW

Gpb014.001: sgyu 'phrul thal ba'i rgyud chen po zhes bya ba
Wyliee-texts produced with BDRC’s OCR application

སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དཔལ་ལྡན་ཐུགས་ཀྱི་དཀྱིལ་འཁོར་མཆོག། ཐབས་ཆེན་ཐིག་ལེ་བདེ་བའི་དོན།། སྐུ ་འཕྲུལ་དྲ་བ་མངོན་རྫོགས་པའི།། མ་ལུས་འདུས་པའི་འཁོར་ལོའི་ཚོགས།། ལྷ་མོས་བཞད་དང་རོལ་པ་ཡིས།། གཉིས་མེད་བདེ་བས་ཚིམ་པ་ཡི།། ལྷན་ཅིག་སྐྱེས་པའི་ངོ་བོར ་གསལ།། མ་ལུས་བདེ་ཆེན་རང་བཞིན་དུ།། སྣང་ཞེས་ཐིག་ལེའི་ངོ་བོར་ལྡོག། ཐུན་མོང་ཐུན་མོང་མ་ཡིན་པའི།། བརྟགས་པར་རང་གི་རྟོག་ཙམ་ཉིད།། ཐབས་ཆེན་གསང་བའི་ཡེ་ཤེས ་གསལ།། ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས།། གསང་བའི་འཁོར་ལ་དབང་བསྐུར་བས།། ནམ་མཁའ་གང་བའི་སྐྱེ་བོ་རྣམས།། མ་ལུས་ཐིག་ལེར་གསལ་འགྱུར་ཞིང་།། རོལ་པའི ་གསང་བའི་ཉམས་ལྡན་པའི།། ཐབས་དང་བཅས་པའི་བདག་ཉིད་ཀྱིས།། ཐབས་དང་མཛད་པའི་དགོངས་པ་དག། དུས་བཞིར་མཉམ་པའི་ཚུལ་དུ་བཞུགས།། དེ་ནས ་གསང་བདག་སྤྲུལ་པའི་སྐུས།། འདོད་ལྔ་ཆགས་དང་ཐབས་སྦྱོར་བས།། ཐབས་ཀྱིས་གསང་བའི་དོན་སྟོན་པ།། མ་ལུས་དགོངས་པའི་དོན་ཐོབ་པས།། ཐོག་མཐའ་མེད་པའི་ཐབས་ལ ་གནས།། འཁོར་ལས་ཐབས་ཀྱིས་ཕ་རོལ་ཕྱིན།། འཁོར་བ་ཐབས་ཀྱིས་བདེར་སོན་པ།། ཐལ་བས་བརྒྱན་པའི་འཇིག་རྟེན་དུ།། འདོད་པ་ལྔ་ལ་མ་ཆགས་པར།། གདུལ་དཀའ་མ་ལུས ་ཀུན་འདུལ་ཏེ།། གསང་བའི་དོན་ལ་སྨིན་མཛད་པ།། དེ་ནི་ཐལ་བའི་དབྱངས་ཞེས་བྱ།། དུས་མཐར་སྙིགས་མའི་འགྲོ་བ་རྣམས།། གང་དང་བྲལ་བས་མ་སྨིན་པ།། གང་དག་དེ་དང་ལྡན ་བཞིན་དུ།། འགྲོ་འོང་མེད་པའི་ཐབས་ཆེན་པོས།། འཁོར་བ་གཉིས་མེད་དོན་སྦྱོར་བ།། འདི་ནི་ཐབས་ཆེན་རོལ་པའི་རྒྱུད།། ཞུས་དང་དེ་ལ་དགོངས་པའི་ཕྱིར།། འདི་ནི་གསང་ཆེན་ཐལ་བའི་རྒྱུད།། དེ་ཚེ་གསང ་བདག་མཉམ་འདུས་པས།། འཁོར་གྱི་རིག་སྔགས་རྒྱལ་པོ་ཡིས།། འཁོར་ལོའི་བདག་པོ་གཙོ་བོ་ལ།། འདོད་དང་མཉེས་དང་ཚོགས་ཀྱི་མཆོག། དགྱེས་པ་ཆེན་པོའི་རོལ་པས་མཆོད།། གསང་བའི་དོན་གཟིགས་ཟབ ་འི་དབྱངས།། འདོད་ཆགས་རོལ་པའི་སྟོབས་ཀྱིས་ཞུས།། ཨེ་མ་ཧོ་གར་མཁན་འཁོར་ལོ་བདེ།། རྟག་ཏུ་བདེ་བས་བདེ་བའི་མཆོག། བདེ་སྟོང་རྟོག་པ་གཉིས་མིན་ཞིང་།། གསང་བ་གསང་ཆེན་གསང་བའི ་མཆོག། འདུས་པའི་འཁོར་ལོ་སྦྱོང་མཛད་པ།། མཐའ་དབུས་ལ་སྩོགས་དུས་མེད་པས།། ལྷན་ཅིག་སྐྱེས་པའི་ངོ་བོར་གནས།། ཐབས་ཆེན་སྒྱུ་འཕྲུལ་དྲ་བའི་རྒྱུད།། ཐུན་མོང་ཐུན་མོང་མ་ཡིན་པའི།། གླེང་གཞི་མཆོག ་ནི་ཇི་ལྟར་ལགས།། རོལ་པའི་གསང་བ་ལས་བྱུང་བའི།། སེམས་ཀྱི་ཁྱད་པར་ཅི་ལྟ་བུ།། གསང་བའི་ཐབས་མཆོག་ལས་བྱུང་བའི།། ལྷ་དང་རྟོགས་པའི་ཁྱད་པར་ཅི།། སྒྱུ་འཕྲུལ་དྲ་བའི་སྐུ་གསུང་ཐུགས།། རང ་བཞིན་ཐབས་ལས་རང་སྣང་བའི།། དཀྱིལ་འཁོར་མཆོག་ནི་ཇི་ལྟར་ལགས།། ཕྱི་ནང་གཟུགས་བརྙན་བྱང་ཆུབ་སེམས།། རིག་པའི་ཐིག་ལེ་མངོན་སྣང་བ།། ཁྱད་པར་རིམ་པ་ཇི་ལྟར་ལགས།། གསང་བ་གསང་ཆེན ་མཐར་ཐུག་པའི།། རིམ་པ་གང་ལགས་ཁྱེད་ཀྱིས་གསུངས།། འདུལ་བའི་སྐྱེ་བོ་སྣོད་ལྡན་ལ།། གསང་བའི་དམ་ཚིག་ཇི་ལྟར་སྦྱིན།། ཐབས་ཆེན་རོལ་པའི་དབང་མཆོག་གང་།། རིག་པ་མཆོག་ལ་གནས ་སྦྱོར་བའི།། རིག་པའི་བརྟུལ་ཞུགས་ཇི་ལྟར་ལགས།། འཇུག་པའི་ཁྱད་པར་ཇི་ལྟར་བདེ།། ཐབས་བྲལ་ལོག་པའི་གང་ཟག་རྣམས།། ངེས་པའི་ཐབས་ཀྱིས་ཇི་ལྟར་དགྲོལ།། སྔགས་དང་སྙིང་པོ་ཇི་ལྟ་བུ།། འདོད་པ ་ཅན་ལ་རོལ་སྤྱད་པས།། འགྲོ་བ་ཆགས་ཅན་ཇི་ལྟར་དགྲོལ།། ཞེ་སྡང་ཅན་གྱི་གང་ཟག་ལ།། རིག་པའི་བག་ཆགས་ཇི་ལྟར་བསྡུ།། ལས་ཀྱི་ཁྱད་པར་ཇི་ལྟར་ལགས།། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས།། ཚད་དང ་དགྲོལ་བའི་ཚད་ནི་གང་།། ཐབས་དང་བྲལ་བའི་རྣལ་འབྱོར་པས།། གསང་བ་སྤྱད་པས་ཇི་ལྟར་འགྱུར།། ཐབས་མཁས་རོལ་པའི་རྣལ་འབྱོར་པ།། སྤྱད་པས་ལྷུན་གྱིས་ཇི་ལྟར་གྲུབ།། འདས་དང་མ་འོངས་རྣལ་འབྱོར ་ཡིད་ཆེས་བསྟན་པ་གང་ལ་སྣང་།། ཐབས་ལྡན་ཐེག་པའི་ཆེ་བ་གང་།། འདུལ་བའི་གང་ཟག་རྒྱལ་སྲས་ལ།། ཐབས་ཀྱི་ཐེག་པ་ཇི་ལྟར་སྦྱིན།། འདི་དག་ཐབས་ཆེན་གསང་བའི་དོན།། མ་ལུས་བསྡུས་པར་ཞུས་པ ་ནི།། དུས་གསུམ་ཐེ་ཚོམ་སེལ་བ་སྟེ།། རྒྱུད་ཀྱི་ཕྱི་མོ་ཟབ་མོ་མཆོག། འདོད་ཆགས་བརྟུལ་ཞུགས་མཆོག་ཆེན་པོ།། འདུས་པ་ཀུན་གྱི་རྗེས་སུ་གསུངས།། དེ་ནས་རྒྱལ་པོ་རྡོ་རྗེ་འཆང་།། ལྷ་མོའི་ཚོགས་དང་གཉིས་མེད ་ཅིང་།། རོལ་པའི་གར་དགུ་རྩེ་དང་བཅས།། མ་ལུས་བདེ་བས་ཚིམ་མཛད་ནས།། འཁོར་ལོ་རོལ་པའི་ཚོགས་དང་བཅས།། ཐབས་ཀྱིས་རོལ་པའི་བདེ་ཆེན་གྱིས།། ལུས་ཀྱི་དཀྱིལ་འཁོར་དབབ་མཛད་ཅིང་།། བཞིན ་འགྱུར་ངག་ཆད་རེ་དོགས་མེད།། རྣལ་འབྱོར་ཕོ་མོ་རྡུལ་སྙེད་བཅས།། རྩེ་གཅིག་བདེ་བ་འབར་བར་བྱེད།། བདེ་ཆེན་ཐིག་ལེའི་ཚུལ་ཉིད་ཀྱིས།། རྡོ་རྗེའི་ཚིག་ཏུ་འདི་གསུངས་པ།། འདི་ཞེས་ཉེ་བར་མཚོན་པ་ནི།། ཨེ ་སོགས་རྣམ་བཞིའི་དབྱིབས་ཅན་གནས།། སྐད་ཅེས་གསལ་བྱེད་ལས་མིང་ཅན།། བཾ་དབྱིབས་ཐིག་ལེར་བཅས་སྟོན་པའོ།། མ་ད་མ་ནུས་སྡོམ་བྱེད་ཡིད།། ལས་ཅན་རྣམ་ཤེས་དེ་དག་ལ།། ཐབས་ཆེན་ཚིག་བྲལ ་ཉམས་ལྡན་པས།། གསལ་བར་གོ་བས་བཤད་པར་འདོད་པ་སྒྲ་དོན་དམ་ངེས་པའི་རྒྱུད།། ཡཱ་ན་ཐེག་ཆེན་འདི་ཡིན་ནོ།། དུས་ནི་བསམ་གྱིས་མི་ཁྱབ་དུས།། ནཱ་མ་དེ་མིང་ཞེས་བྱའོ།། གཞན་ཡང་ཁྱད་པར་བཤད་བྱ ་པ།། ཐབས་དང་ཤེས་རབ་མཉམ་པ་ཡི།། སྣ་ཚོགས་བདེ་བའི་ཐིག་ལེ་ཡིས།། དེ་བཞིན་ཉིད་དུ་གཤེགས་པ་ཡང་།། སྣ་ཚོགས་ཞེན་ལས་གྲོལ་བར་བཤད།། བྱེ་བྲག་བརྒྱད་ཅུ་བཅུ་གསུམ་པ།། མ་ལུས་བདེ་ཆེན་ངོ་བོ ་ཡི།། བཅུད་འདུས་ཐིག་ལེ་ཆེན་པོ་ཉིད།། སྣང་དང་སྟོང་པ་ལ་སོགས་པ།། བརྗོད་བྱ་མ་ལུས་རྫོགས་པར་སྣང་།། རྟོག་ཚོགས་སངས་རྒྱས་བཞི་བཅུ་ལྔ།། སྣང་བས་ཕྱེ་ཕྱིར་གཉིས་སུ་མེད།། ཤེས་རབ་བྷ་ག་གསང་བའི ་གནས།། དེ་དཀྱིལ་པདྨའི་རིམ་གསུམ་པོ།། གཉིས་གསུམ་བརྒྱད་ཀྱི་ཁྱད་པར་ཅན།། མཐའ་མ་གནས་དང་ཡོན་ཏན་གྱིས།། མངོན་པར་མཐོ་བས་འོག་མིན་ཏེ།། ལས་དང་བཅུད་ཀྱིས་མཐའ་བྲལ ་བ།། ཡེ་ཤེས་བཞི་ལ་དཔག་མི་རིགས།། དགོས་པ་འབྱུང་ལྡན་རིན་པོ་ཆེ།། ཡེ་ཤེས་ལྔ་ཡི་འཁོར་ལོ་བསྐོར།། སངས་རྒྱས་ངོ་བོ་སྣང་བཅུད་ཀྱི།། སྤྱི་བོར་ཤིན་ཏུ་འཁྱིལ་བར་གནས།། ཉུང་དཀར་སོར་གྱིས་སྤགས་པ ་ནི།། ས་ཡ་བཅུ་གསུམ་བདེ་བས་བརྒྱན།། སྣ་ཚོགས་རོ་དང་ལྡན་པ་ཡི།། འདོད་ཡོན་ཁྱད་པར་ཅན་གྱིས་མཛེས།། བདེ་བ་ཆེན་པོས་ཀུན་ཁྱབ་པའི།། གང་ཡང་བདེ་བྱེད་ཕྱི་ནང་བྲལ།། འབྲས་བུའི་ཆོས་རྣམས་རྫོགས ་པར་ལྡན།། བྱང་ཆུབ་མཆོག་ཏུ་ཉི་ཟླ་འབར།། དེ་ཉིད་བཞུགས་གནས་ཡིན་པར་བཤད།། བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར།། དྭངས་སྙིགས་མེད་པར་ཀུན་ཏུ་གསལ།། སྒྲ་དབྱངས་གསུང་གི་གནས་བཞི་ཡི།། དབྱེ་བས ་གསུམ་གསུམ་ངོས་གཉིས་དང་།། བཞི་བཅུ་གཉིས་སུ་གྱུར་པ་ཡིན།། ས་ཡ་བཅུ་གསུམ་ལས་རྫོགས་པར།། སྐྱེ་འགག་མེད་པའི་ངོ་བོས་ཡང་།། རྟེན་ཅན་ཇི་བཞིན་རྟེན་དེ་བཞིན།། ཉི་ཟླ་ཐབས་དང་ཤེས་རབ་ཀྱི།། རོ། ་གཉིས་མཉམ་པ་དུས་གསུམ་བཞུགས།། དྭངས་མའི་ཐིག་ལེ་ཆེན་པོ་ཡི།། བདེ་བའི་དངོས་པོར་ཡེ་ཤེས་སྣང་།། ཐབས་དང་ཤེས་རབ་མི་ཕྱེད་པའི།། ཐིག་ལེ་གསང་བའི་རོ་ལྡན་པའི།། མཚན་ཉིད་ཀུན་བཅོམ་བདེ ་ཆེན་པོ།། རང་གི་ངོ་བོ་མ་གྲུབ་པས།། རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར།། བཅོམ་ལྡན་དེ་བཞིན་གཤེགས་ཤེས་བྱ།། གཟུགས་སྩོགས་ལྷག་པའི་ཐིག་ལེ་ནི།། ལས་དང་ཡོན་ཏན་སྔོན་ལྡན་ཕྱིར།། རིག་པའི་རྒྱལ་པོ ་ཉིད་དུ་བརྗོད།། བཅུད་ལྔ་འདུས་པའི་ཐིག་ལེ་ནི།། རྒྱུ་དང་གནས་ཀྱི་ཁ་དོག་ལྡན།། རོ་དང་ལས་ཀྱང་དེ་བཞིན་ཏེ།། རང་གི་མཚན་ཉིད་ཀུན་ཏུ་སྣང་།། གང་ཕྱིར་འབྱུང་སོགས་རང་བཞིན་ཉིད།། ཆེན་པོའི་བདག་ཉིད ་ལྟར་སྣང་བ།། མཁའ་སྩོགས་སྙིང་ལ་གང་གནས་པ།། ཉམས་དང་སྦྱོར་བའི་ཁྱད་པར་གྱིས།། ཟབ་མོ་དག་གི་སྟོབས་ལས་སྣང་།། ཁྱད་པར་རིམ་བཞིན་ཤེས་པར་བྱ།། མཁའ་སོགས་ནང་གི་འབྱུང་ལ་སྣང་།། ཡེ་ཤེས ་འབྱུང་ལྔ་ལས་དག་གིས།། བསྐྱེད་ཕྱིར་དབྱིངས་སུ་བརྗོད་པ་སྟེ།། བཙུན་མོའི་དངོས་པོར་དེ་འདོད་དོ།། འབྱུང་ལྔ་སྦྱོར་བའི་ཐབས་མཁས་པས།། ཐིག་ལེ་སྣོད་ཀྱི་ཁྱད་པར་གྱིས།། ཏིལ་གང་ལྟ་བུ་མཁའ ་གང་བ།། དཀྱིལ་འཁོར་ཚོགས་ཆེན་བརྗོད་མི་ལང་།། གང་ཕྱིར་ཐིག་ལེས་བྱིན་བརླབས་པའི།། རིག་པའི་ཚུལ་བཞི་བསམ་མི་ཁྱབ།། རིག་པའི་རྣམ་ཤེས་བདེ་ཆེན་ཉིད།། རང་གི་ཉམས་ཀྱིས་གནས་པའོ།། གསང ་བའི་ཐབས་ལྡན་ཡུལ་བཞི་དག། གང་སྦྱོར་བདེ་སྐྱེད་བཙུན་མོ་སྟེ།། བདེ་བ་ཆེན་པོར་རྒྱས་བཏབ་པས།། ལྷ་མོ་ཉིད་དུ་བསྟན་པ་ཡིན།། དམིགས་སོགས་རང་གི་ཐིག་ལེ་ནི།། ཐབས་ཆེན་ཐིག་ལེར་མཉམ་སྦྱོར ་བས།། ལས་དང་ངོ་བོ་འབྲས་བུའི་ཕྱིར།། སེམས་དཔའ་ཆེན་པོ་ཉིད་དུ་བརྗོད།། ཉེས་ཟད་བྱེད་ཕྱིར་རྡོ་རྗེ་སྟེ།། མ་ལུས་མི་ཕྱེད་བདེ་ཆེན་ལས།། རང་གི་གནས་ཀྱིས་ཕྱེ་བའོ།། གཟུགས་སོགས་ནང ་ཕྱིར་རབ་སྤངས་ཏེ།། རང་གི་རྩ་བཅུད་བཅས་པ་ལྟར།། ཟག་མེད་ཐབས་ཀྱི་རང་བཞིན་གྱིས།། བདེ་བ་བསྐྱེད་ཕྱིར་བཙུན་མོའོ།། དུས་ནི་རླུང་གི་གོ་ཕྱེ་སྟེ།། བྱམས་པ་ལ་སོགས་ཡེ་ཤེས་བཞི།། དེ་བདེ་རིམ་པས་སྐྱེ་བ ་ཡང་།། ཏིང་འཛིན་དབང་དུ་ངེས་པར་གསུངས།། ཐབས་དང་ཤེས་རབ་མི་ཕྱེད་པ།། གསང་བར་མཉམ་སྦྱོར་ཐབས་ཀྱི་ཕྱིར།། གསང་ཡུལ་དབང་པོའི་རྣམ་ཤེས་རེག། ལུས་ཀྱི་ཆོས་བཞི་འདུས་སྤྱད་པས།། མ་ལུས ་འཇོམས་ཕྱིར་ཁྲོ་བོ་སྟེ།། མཚན་ཉིད་ལས་ཀྱིས་ཕྱེ་བ་ཡིན།། གསང་གསུམ་ཐབས་ཀྱི་སྤྱོད་པ་ཉིད།། རྟག་སོགས་མཚན་མ་ལས་བསྐྱེད་ཕྱིར།། བཙུན་མོ་ཞེས་སུ་བསྟན་པ་སྟེ།། ལས་ཀྱི་སྐབས་ཀྱིས་མི་གནས ་པའོ།། གསང་ཆེན་ཐབས་ཀྱི་རོལ་པའི་རྒྱུ།། མ་ལུས་ཐིག་ལེར་རང་འཆར་བ།། སྐལ་ལྡན་ཐམས་ཅད་སྤྱོད་ཡུལ་ཏེ།། རིགས་ཆད་དམན་པའི་ཡུལ་མ་ཡིན།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། གསང་བའི་གླེང ་གཞི་བཤད་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་རོལ་པ་ཡི།། སེམས་ལྔའི་ཁྱད་པར་སྣང་བ་ནི།། ཐལ་བའི་རྒྱུད་འདིར་བཤད་པར་བྱ།། ཐབས་ཀྱི་རོལ་པར་གང ་བསྐུར་བས།། ཤེས་རབ་ཆགས་པར་གྱུར་པ་ཉིད།། དེ་བཞིན་ཤེས་རབ་ཐབས་བསྐུལ་བས།། རོལ་པའི་བདེ་བས་ཞེན་པ་སེལ།། གཉིས་མེད་རོལ་པའི་སེམས་ལྔ་ཡིས།། རྡོ་རྗེ་འཆང་བ་ཉིད་དུ་འགྱུར།། གཞན་ཡང ་རྒྱས་པར་བཤད་པར་བྱ།། ཐབས་དང་ཤེས་རབ་དབྱེར་མེད་པའི།། ཐིག་ལེ་མི་ཕྱེད་རང་བཞིན་གྱི།། རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གསལ།། སྐྱེ་མཆེད་ཁམས་སོགས་ངོ་བོ ་ཉིད།། སེམས་དཔའ་སེམས་མའི་རང་བཞིན་ནོ།། ས་ཆུ་སྤྱན་དང་མཱ་མ་ཀཱི།། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། གསང་ཡུལ་དབང་པོ་རྣམ་ཤེས་རེག། མ་ལུས་འཇོམས་པས་ཁྲོ ་བོཔོ་སྟེ།། རྟག་སོགས་མཚན་ཉིད་ལས་སྐྱེས་པ།། ཡུམ་སྟེ་ལས་ཀྱི་མི་གནས་བཤད།། ཡིད་ཆོས་བཟང་པོ་བཟང་མོ་མཁའ།། ཆགས་སོགས་ཡང་དག་ཉོན་མོངས་དྲུག། འདུལ་ཕྱིར་སྤྲུལ་པ་ཞེས་གསུངས་སོ།། ཐབས ་ཆེན་སྣང་བ་རབ་བསྐུལ་བས།། ཤེས་རབ་ཐབས་ལ་གང་བསྐུལ་བ།། ཕྱོགས་བཅུ་དུས་བཞི་མ་ལུས་པའི།། སྣང་གྲག་གནས་པའི་ཆོས་རྣམས་ཀུན།། དྲ་བ་ཤེས་རབ་ཟབ་མོའི་དབྱིངས།། གང་ལ་གང་གིས་མི་མཚོན ་ཞིང་།། མི་ཤེས་བྱིས་པའི་ཡུལ་ལས་འདས།། ཐབས་ལ་མི་གནས་དེ་བཞིན་ཉིད།། ཁྱད་པར་ཐབས་ཆེན་སྒྱུ་འཕྲུལ་འདིས།། སྐལ་མེད་མ་སྦྱངས་སྐྱེ་བོ་དང་།། བྱིས་པའི་ལོག་ཞེན་དགེ་སློང་དང་།། མཚན་མའི་རྣལ ་འབྱོར་ཡུལ་མ་ཡིན།། ཐབས་དང་ཤེས་རབ་རོལ་པ་ནི།། དགའ་དང་བགད་དང་ཆགས་པ་དག། བལྟ་དང་འཁྱུད་དང་འཛིན་དང་མཉེ།། འབྲད་དང་སྟེང་དང་ཞལ་སྦྱོར་དང་།། བརྩེ་དང་གཞི་བ་དང་རྩང ་དང་འཆའ།། ཆགས་པའི་གར་ཐབས་སྣ་ཚོགས་ཀྱིས།། ཐ་མལ་སྣང་བ་བདེ་བར་ཐིམ།། ཛཿབཾ་ཧཱུཾ་ཧོཿའི་ཕྱག་རྒྱ་ཡིས།། བཟུང་དང་འཁྱུད་དང་བསྡམས་བསྐྱོད་པས།། གསང་བའི་འབྱུང་ལྔ་ལ་བརྟེན་པས།། རིམ་པ་ལྔ ་ལྡན་སེམས་ཀྱི་རོ།། རིམ་པར་འབྱུང་སྟེ་གཞན་དུ་མིན།། བདེ་བའི་ཐིག་ལེ་ལས་བྱུང་བའི།། སྐད་ཅིག་ཞེན་པ་ལས་འདས་པ།། བདེ་བའི་རོ་ནི་གང་སྐྱེ་ཞིང་།། རྩ་དང་ཐིག་ལེར་བཅས་པ་དང་།། ཐིག་ལེའི་བདེ་བ ་ཉམས་སུ་འཆར།། གང་ཚེ་ཞེན་བྲལ་བདེས་གང་བས།། ཡུལ་སེམས་བདེ་བ་འགགས་པ་ཡིས།། ལྷན་ཅིག་སྐྱེས་པ་ཀུན་ལྡང་བ།། འགགས་ཤིང་ལྡང་བར་བཤད་པ་ཡིན།། རྟེན་ལས་འབྱུང་ལ་མ་བརྟེན་པ།། བདེ་དང ་མི་རྟོག་གཉིས་མེད་པ།། གང་དང་གང་དུ་རྟག་གནས་པ།། གནས་པས་དེ་ནི་གནས་པ་སྟེ།། དུས་ཡུན་ཚད་ལས་མ་ངེས་ཤིང་།། རང་གི་རླུང་དང་འཚོ་བ་དང་།། སྦྱོར་བ་ཐབས་ཀྱི་ཡན་ལག་གིས།། རྣལ་འབྱོར་ཕོ་མོ ་རྣམ་པར་མཛེས།། ཐབས་ཆེན་ཐབས་ལས་བྱུང་བ་ཡི།། རིག་པའི་ཉམས་ལ་དམིགས་པ་ནི།། གང་དུ་ཞེན་པ་ཀུན་བྲལ་བའི།། བདེ་ཆེན་རང་བཞིན་བསམ་མི་ཁྱབ།། འདི་ནི་ཡུལ་དང་དབང་པོ་དང་།། རྣམ་ཤེས ་དམིགས་པའི་ཡུལ་ལས་འདས།། ཐབས་དང་ཤེས་རབ་འདྲེས་པ་ལས།། རང་རིག་བདེ་བར་རང་གསལ་བས།། མ་ལུས་ཐབས་ཆེན་རྒྱལ་པོ་ཉིད།། རླུང་སེམས་རྟེན་གྱི་ཐིག་ལེ་ལ།། ཕྱི་ནང་དྭངས་སྙིགས་རྒྱུ་བ ་དག། འགྲོ་འོད་མེད་པར་གསལ་བ་ན།། རེ་དོགས་འགྲོ་འོང་ལས་གྲོལ་བ།། མཐར་ཕྱིན་ཡེ་ཤེས་སེམས་ཉིད་ནི།། བདེ་ཆེན་མི་དམིགས་བསམ་ཡུལ་འདས།། བདེ་བའི་ཐིག་ལེ་བཅུ་དྲུག་པ།། ཉི་ཟླ་འདྲེས་པའི ་གར་ཐབས་ལས།། ཕྱི་ནང་ཡུལ་སེམས་བཅས་པ་དག། མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་།། ཐིག་ལེ་ཟུང་འཇུག་བདེ་བ་ལས།། གསང་བའི་ཉམས་ནི་འབྱུང་བར་འགྱུར།། རྟེན་འབྲེལ་བདེ་བའི་ཟུང་འཇུག ་ལས།། མཁའ་ལྟར་རང་བྱུང་ཡེ་ཤེས་སྐྱེས།། བདེ་ཆེན་ཐིག་ལེ་རྒྱུ་རྐྱེན་འདས།། རང་བྱུང་ཡེ་ཤེས་གནས་མེད་ལས།། སྒྱུ་མའི་ཆོ་འཕྲུལ་རང་བཞིན་འཆར།། སྒྱུ་འཕྲུལ་དྲ་བ་བདེ་ཆེན་པོ།། རང་བྱུང་རང་རིག་ཡུལ་ལས ་འདས།། སྐྱེ་འགག་གནས་དམིགས་ལས་འདས་ཤིང་།། འགྲོ་འོང་བྱ་བྱེད་ལས་འདས་པས།། རང་བྱུང་ཡེ་ཤེས་དེ་བཞིན་ཉིད།། སེམས་ཀྱི་མཚན་ཉིད་གཞི་རྩ་འདས།། མཚོན་པའི་ཡུལ་ལ་མི་གནས་པའོ།། སྒྲ ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། སེམས་ལྔ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་གཉིས་མེད་པ།། ཐིག་ལེ་ཉི་ཟླ་འདྲེས་པ་ལས།། འབྱུང་བའི་ལྟ་བ ་བཤད་པར་བྱ།། རྡོ་རྗེ་དབང་གི་སྟོབས་ལྡན་ཞིང་།། སྔར་བྱས་ཐབས་ཀྱི་བཅུད་ལྡན་པའི།། ཐབས་ལྡན་རྣལ་འབྱོར་ངེས་པ་ཡིས།། ཙཀྲ་བཞི་དང་ཀ་བ་གསུམ།། ཐབས་ལྡན་མེ་རླུང་སྦྱོར་བ་ནི།། མན ་ངག་སྟོབས་ཀྱིས་ཤེས་པར་བྱ།། ཐབས་ལྡན་ཐིག་ལེ་འབྱོར་པ་ཡིས།། ཡེ་ཤེས་ནམ་མཁའ་ལྟ་བུར་མཐོང་།། བསྐྱེད་པ་རླུང་གི་ཕྱག་རྒྱ་ཡིས།། ཕྱི་ནང་དྲངས་སྙིགས་འདྲེས་པའི་རླུང་།། བཟུང་དང་མི་བཟུང་སྦྱོར་བ ་ཡིས།། གསང་བའི་ཐབས་ཀྱི་རོལ་པ་ལས།། མ་སྐྱེས་མཉམ་པའི་ངོ་བོར་མཐོང་།། སྟེང་འོག་ཐབས་ལ་བརྟེན་པ་ཡི།། ཞུ་བས་གནས་ཐིམ་བདེ་བའི་རོས།། མ་ལུས་རྒྱས་བཏབ་མཉམ་སྦྱོར་བ།། བདེ་ཆེན་ཐིག་ལེ ་སྟོབས་ལ་གྱུར།། གང་དེ་ཐབས་ལས་བྱུང་བ་ནི།། ཉི་ཟླ་གནས་བཅུད་རང་འབར་བས།། གནས་བཅུད་ཐིག་ལེ་མི་དམིགས་པས།། སྤྱི་དང་རང་གི་མཚན་ཉིད་གསལ།། གང་དུ་ཐབས་ཆེན་ལས་བྱུང་བའི།། སྟེང་འོག། ་རླུང་གི་སྦྱོར་བ་ནི།། ཐབས་ལམ་བདེ་བའི་གཉེར་དག་གིས།། བརྟགས་པ་རང་གིས་རྟོག་པ་བཟློག། དངོས་པོ་རྣམས་ཀྱི་ངོ་བོ་ལ།། བཟློག་བྱ་ངེས་ཀྱང་མི་དམིགས་སོ།། ཕུང་སོགས་རྟོག་པའི་འཇིག་རྟེན་ཀུན།། ལོག ་རྟོག་སྒྱུ་མ་སྣང་ཙམ་ལས།། ཉི་ཟླ་བདེན་གཉིས་ལ་ཉིད་ཀྱིས།། མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་།། ཕུང་སོགས་ལྷ་ཡི་དཀྱིལ་འཁོར་དུ།། རང་སྣང་རང་གི་མངོན་སུམ་གསལ།། ཕྱི་ནང་ཉམས་ལ་བརྟེན་པ ་ཡི།། ཀུན་རྫོབ་ཐབས་ལ་མཉམ་སྦྱོར་བས།། རང་བྱུང་ཐིག་ལེ་རྟོགས་བྱེད་ཅིང་།། སྐྱེ་མེད་བདེ་ཆེན་ཀླུང་དུ་འཇུག། མ་སྐྱེས་བདེ་བའི་ཐིག་ལེ་ཉིད།། མ་སྐྱེས་པ་དང་བདེ་ཆེན་དང་།། གཉིས་མེད་འདྲེས་པའི་ཐིག ་ལེ་ཉིད།། ཡི་གེ་གསུམ་གྱི་བརྡས་མཚོན་ནས།། བྱིན་རླབས་ཐབས་ཀྱི་སྦྱོར་བ་ཡང་།། བདེ་ཆེན་རང་རིག་མངོན་སུམ་གསལ།། ཐབས་དང་ཤེས་རབ་ཐིག་ལེ་ནི།། མ་འདྲེས་གཅིག་དང་དུ་མ་བྲལ།། ཐབས་ཀྱི་བདེ ་ཆེན་གསལ་གྱུར་ཅིང་།། བདེ་ཆེན་གསལ་ཞིང་མི་རྟོག་པས།། ཟུག་ཀྱང་།། སེང་འཁྲུག་བྱིན་རླབས་མི་གཡོ་བས།། མ་ལུས་དམ་པས་བྱིན་རློབས་མཐོང་།། ཐབས་ལ་གོམས་པའི་མན་ངག་གིས།། དངོས་པོ་བདེ་བར ་ཉམས་མྱོང་བས།། རང་རིག་ཕྱི་དང་ནང་མེད་ནང་།། མི་དམིགས་བརྗོད་མེད་གང་བསྒོམ་པ།། འདུ་ཤེས་ཀླུང་དུ་ཞུགས་གྱུར་ན།། བརྗོད་པ་མེད་པ་དེ་ཉིད་མཐོང་།། ཉི་མ་ཟླ་བ་རྐྱེན་ཕྲད་ལས།། དྲོད་དང་རླན ་ལ་ཐོགས་མེད་ཅིང་།། རྣལ་འབྱོར་ཐབས་ཀྱི་རིམ་བསྐུལ་ན།། བདེ་ཆེན་ཡེ་ཤེས་ཐོགས་པ་མེད།། གནས་བཞི་བཅུད་ལྡན་རང་བཞིན་ལ།། རྐྱེན་དང་དམིགས་པ་ལ་བརྟེན་པས།། སེམས་ལྔས་ཐིག་ལེ་སྔོན་སྦྱངས ་ཏེ།། ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེ།། རྩ་དང་རྣམ་ཤེས་རྒྱུ་བ་ལས།། ཐབས་ཀྱི་གསལ་བྱེད་དེ་གོམས་ནས།། འབྱུང་ལྔ་བཅུད་ལྔ་ཕུང་པོར་བཅས།། མི་ཟད་རྒྱན་གྱི་འཁོར་ལོར་མཐོང་།། ཙིཏྟ་སྙིང་པོ་ཁ་སྦྱོར ་དབུས།། ཆོས་ཉིད་ཡེ་ཤེས་གཡས་གཡོན་ལ།། དབུ་མ་དབྱེར་མེད་ཐབས་བཟུང་བས།། སེམས་ལྔས་ཐིག་ལེ་མངོན་སྦྱངས་ཏེ།། ཕུང་པོ་འབྱུང་བ་རྣམ་ཤེས་བཅུད།། གྲངས་ལས་འདས་པའི་ཡེ་ཤེས ་ཀྱང་།། མཉམ་པ་ལྔ་རུ་གསལ་བར་མཐོང་།། རང་བྱུང་མི་ཤིགས་ཐིག་ལེ་ནི།། དྲངས་མ་ཡེ་ཤེས་ལྔ་ལྡན་ལ།། སྒྲོན་མའི་ཐབས་ཀྱིས་གང་བསྐུལ་བ།། དངས་མ་བདེ་བའི་རྟགས་འབྱུང་ཞིང་།། མ་བསླད་ཡེ་ཤེས ་འཆར་བར་འགྱུར།། ཕྱི་རོལ་རྒྱུ་བ་རླུང་བཅད་ཅིང་།། དྲངས་མ་རིམ་པར་ཞུགས་པ་ན།། རྩ་བཞིར་སྙིང་པོ་ཐིམ་པ་ལས།། དངོས་པོ་ཕྱི་ནང་ཡུལ་འགགས་པས།། བདེ་ཆེན་སྒྱུ་མ་ལས་བྱུང་ཞིང་།། མ་སྐྱེས་ཡེ་ཤེས ་གསལ་བར་མཐོང་།། དྲངས་མའི་ཉམས་ཀྱི་རྟགས་འབྱུང་བ།། འཛག་དང་འདར་དང་འཕར་བ་དང་།། རྒྱུག་དང་གླུ་དང་སྒྲ་སྒྲོག་དང་།། འབར་དང་བདེ་བ་འབྱུང་བ་དང་།། ཐར་དང་འཆིང་མེད་མངོན་ཤེས་དང་།། སྐྱེ ་མཆེད་ནམ་མཁའི་རང་བཞིན་གསལ།། ཐབས་དང་ཤེས་རབ་མངོན་སྦྱར་བའི།། ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས།། ཐིག་ལེ་འཁོར་ལོ་བསྐུར་བའི་ཚེ།། ཐབས་ལྡན་གཉིས་མེད་བསལ་བར་འགྱུར།། ཐབས ་ཆེན་ཐབས་ལ་གནས་པ་ཡིས།། པདྨ་རྡོ་རྗེ་སྦྱོར་བ་ཡི།། གསང་བའི་ཐིག་ལེ་ཟུང་འཇུག་པས།། དྲངས་ཏེ་མ་ལུས་གང་བ་ཡིས།། ཕུང་པོ་རྣམ་ཤེས་ལྔ་རུ་གསལ།། ཐིག་ལེ་ཐབས་ཀྱིས་ཟིན་པ་ལ།། ལྷན་ཅིག་སྐྱེས་པར ་རང་སྣང་བས།། རྟོག་པའི་བྱེ་བྲག་རང་འགགས་ཤིང་།། ལས་དང་སྐྱོན་བྲལ་པདྨ་ཅན།། བདེ་བའི་ཐིག་ལེ་མ་སྐྱེས་པས།། མ་རིག་གཉིས་འཛིན་ལ་སོགས་པའི།། ཕྱི་ནང་བདེ་བ་ཆེན་པོ་གསལ།། བདེ་ཆེན་སྒྱུ་མར ་རང་སྣང་བས།། ཕྱི་ནང་བདག་གཞན་ལོག་པའི་སེམས།། བདེ་ཆེན་རང་བྱུང་ཐིག་ལེར་གནས།། རང་བྱུང་རྟེན་གྱི་ཐིག་ལེ་ལ།། མན་ངག་ཐབས་ཀྱི་བདེ་རྒྱས་པས།། དམན་པའི་མཚན་མ་རིང་སྤངས་ནས།། རང་བྱུང ་ཡེ་ཤེས་མངོན་དུ་གསལ།། འདི་ནི་འཇིགས་བྲལ་ཚད་མ་སྟེ།། ངོ་བོ་ཉིད་ཀྱི་བདེན་མཐོང་ཞིང་།། རང་བྱུང་ཡེ་ཤེས་མངོན་སུམ་པས།། དམན་པའི་ཚད་མ་རྣམ་པར་འཇིག། འཁོར་བ་མུན་པའི་ཕུང་པོ་ལ།། ཐབས ་ཆེན་སྣང་བས་གསལ་བྱས་ནས།། རང་བྱུང་བདེ་བ་ཐོག་མཐའ་མེད།། ད་ལྟ་ཉིད་དུ་གསལ་བར་བྱེད།། ཐིག་ལེ་ཟུང་འཇུག་བདེ་བ་ནི།། སེམས་མཐའ་ལྡོག་པས་གོ་ཕྱེ་ནས།། དཀྱིལ་འཁོར་དྲུག་གི་ཡུལ་རྣམས ་སུ།། སྤྲུལ་པའི་ཐིག་ལེ་རང་ཤར་བའི།། སྣང་བའི་མཛད་པ་བསམ་མི་ཁྱབ།། ཆགས་སོགས་ཉོན་མོངས་ལ་རྟོག་རིལ།། གདུལ་ཕྱིར་སྤྲུལ་པ་ཞེས་སུ་བཤད།། སྒྲ་དབྱངས་གསུང་གི་བསྟན་པ་རྣམས།། ངེས་པར ་གྲགས་པ་ཁོ་ན་ཉིད།། ཕུང་སོགས་རྟོག་པའི་འཇིག་རྟེན་ཀུན།། ལོག་རྟོག་སྒྱུ་མ་སྣང་ཙམ་ལས།། ཉི་ཟླ་བདེན་གཉིས་ལ་ཉིད་ཀྱིས།། མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་།། ཕུང་སོགས་ལྷ་ཡི་དཀྱིལ་འཁོར་དུ།། རང ་སྣང་རང་རིག་མངོན་སུམ་གསལ།། དུས་གསུམ་དུའང་མི་འགྱུར་ཕྱིར།། ཐེག་འདིར་ཟབས་དང་སྙིང་རྗེར་བཤད།། གང་ཕྱིར་འཇིག་རྟེན་མཐའ་ཡས་པར།། མོས་པ་བསམ་ཡས་ཕྱིར་གསུངས ་པ།། བསྟན་པ་མཐའ་ཡས་བསྟན་པ་ནི།། འགྲོ་བའི་བསམ་པ་ཇི་བཞིན་ནོ།། གང་ཕྱིར་ཐེག་ཆེན་གསང་བའི་དོན།། ཐལ་བའི་རྒྱུད་ཆེན་བསྟན་པ་འདི།། འགྲོ་བ་ཆགས་ཆེན་འདུལ་བའི་ཕྱིར།། དུག་གིས་དུག་ནད ་བསལ་བ་ལྟར།། སྒྱུ་འཕྲུལ་ཆེན་པོ་འདི་དག་ཡིན།། སྐྱེས་བུ་ཐབས་ཀྱིས་བདེར་འཇུག་པ།། གང་གིས་འདི་དག་བདེར་སེལ་བ།། མ་རྨོངས་ཐབས་ལ་མཁས་པ་ཡིས།། པདྨ་ལ་ནི་འདམ་བཞིན་ནོ།། སྒྱུ་འཕྲུལ་ཐལ ་བའི་རྒྱུད་ཆེན་པོ་ལས། ཐབས་ཆེན་ལྟ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་གཉིས་མེད་པའི།། བདེ་ཆེན་སྐུ་གསུང་ཐུགས་དཀྱིལ་འཁོར།། འདི་དག་ལེགས ་པར་བཤད་པར་བྱ།། འགྲོ་དྲུག་མ་བཅོས་རང་བྱུང་སྐུ།། ལུས་གནས་རྩ་དང་འཁོར་ལོར་བཅས།། མ་ལུས་ཀུན་ལ་ཁྱབ་གནས་པ།། རང་བྱུང་བདེ་བའི་འཁོར་ལོའི་སྐུ།། རང་བྱུང་རྩ་ཡི་འཁོར་ལོ་ན།། སོ་སོའི་ཡི་གེ ་གང་གནས་པ།། གསུང་གི་དཀྱིལ་འཁོར་ཀུན་དང་འབྲེལ།། རང་བྱུང་གསུང་གི་འཁོར་ལོར་བཤད།། གང་དུ་བཅུད་ཀྱི་ཐིག་ལེ་ཡིས།། བདེ་བ་ཆེན་པོའི་རོ་ལྡན་པས།། མ་སྐྱེས་ལྷུན་གྲུབ་རང་གསལ་བ།། ཁྱབ ་པ་ཐུགས་ཀྱི་འཁོར་ལོར་བཤད།། ཐབས་དང་ཤེས་རབ་འབྲེལ་བ་ཡི།། གསང་དབང་པདྨར་ལྡན་གྱུར་པ།། ཐབས་བཞི་ཉི་ཟླ་འཛག་འབར་བས།། ས་ཡང་བཅུ་གསུམ་བདེ་གང་བ།། རང་སྣང་སྐུ་ཡི་དཀྱིལ་འཁོར ་ཉིད།། སྟེང་འོག་ཐབས་ཀྱི་སྦྱོར་བ་ལས།། སྤྲུལ་པའི་ཐིག་ལེ་ཡང་འདུག་ཡི་གེ་འོད་ཐིམ་པས།། སྒྲ་དང་བཅས་པའི་བདེ་བ་ནི།། རང་སྣང་གསུང་གི་དཀྱིལ་འཁོར་ཉིད།། སྟེང་འོག་དངས་སྙིགས་ཕྱེ་བ་ལས།། གཡས་གཡོན ་གཉིས་མེད་གསང་བའི་ལམ།། དགུག་དང་བཀུག་པའི་ཐབས་ཉིད་ནི།། བྱེད་པ་སྡོམ་པའི་ཐབས་ཀྱིས་མཚོན།། རང་བྱུང་ཡེ་ཤེས་ལྔ་ཡི་རོ།། ཁྱབ་པའི་ཚུལ་གྱིས་སྣང་བར་བྱེད།། ཉི་ཟླ་གསང་སྦྱོར་ཐིག་ལེ ་ལས།། གནས་དང་བསྟིམས་ནས་དབྱེར་མེད་པས།། མ་ལུས་བདེ་ཆེན་ལྷན་ཅིག་སྐྱེས།། རང་རིག་མ་བཅོས་མངོན་སུམ་གསལ།། གནས་དང་འབྱུང་བ་མ་ལུས་པ།། རང་རིག་ཡེ་ཤེས་གཟུགས་སུ་སྐྱེ།། དེ་ཉིད་བདེ། ་བར་རང་གསལ་བ།། རང་སྣང་ཐུགས་ཀྱི་དཀྱིལ་འཁོར་ཡིན།། རང་བྱུང་ཐིག་ལེ་ཉམས་སྐྱེས་པ།། དབབ་དང་རྟེན་གྱི་ཕྱག་རྒྱ་ལས།། བཟུང་བའི་རླུང་ལ་འགྲོ་འོད་མེད།། བཟློག་པ་ཐུགས་ཀྱི་ས་བོན་ཅན།། འདི ་ནི་ཐབས་ལྡན་གང་ཟག་ལ།། འཁོར་བའི་བག་ཆགས་མ་ལུས་པ།། པདྨ་རྡོ་རྗེའི་མན་ངག་གིས།། ཉི་འོད་མུན་པ་བཞིན་དུ་སེལ།། བསྐྱོད་པ་ཐབས་བཞིས་འོད་ཟེར་གྱིས།། ཐིག་ལེ་ཨ་ལ་ཅུང་ཟད་ཕོག། རང་བྱུང་། ་གསལ་བའི་ལམ་དུ་འདྲི་ལ།། ཧ་ཡི་པདྨར་འབྱུང་བ་ལ།། ཐུགས་ཀྱི་ས་བོན་ཟབས་བཅས་པས།། རང་རང་འཁོར་ལོར་ཐིམ་པ་ནི།། ཆུ་ལ་ཆུ་ལྟར་གནས་པར་བྱེད།། ལན་ཚྭ་ཆུ་ལ་ཐིམ་པ་ལྟར།། མ་ལུས ་བདེ་ཆེན་སྙིང་པོར་ཐིམ།། མ་ལུས་རང་རིག་བདེ་ཆེན་ཏེ།། ཐ་དད་གཉིས་པའི་ཆོས་མེད་དེ།། སེམས་མེད་བདེ་ཆེན་སྙིང་པོར་གསལ།། སྐྱེ་མེད་སྟོང་པའི་ཐིག་ལེར་ཐིམ།། འགྲོ་བ་མ་ལུས་ཐམས་ཅད་དག། གནས ་པའི་སྟོབས་ནི་ཟད་པ་ན།། འདུས་པ་ལྔ་ཡི་རིམ་པ་ཡིས།། བག་ཆགས་སྙིང་པོར་རང་ཟད་ནས།། འོད་གསལ་སྟོང་པར་སྣང་བས་ན།། རེ་དོགས་མེད་པ་ནམ་མཁའ་བཞིན།། བར་མར་སྒྱུ་མའི་ལུས་ཐོབ་ནས།། མ ་འོངས་ལོངས་སྤྱོད་རྫོགས་པར་བཤད།། ཉི་ཟླ་འདྲེས་ཤིང་ཟུང་འཇུག་པས།། སྤྲུལ་པ་གཟུགས་ཀྱི་སྐུར་འགྱུར་རོ།། གནས་པ་ཐབས་ཀྱིས་གསལ་བྱས་པས།། རང་བྱུང་སྐུ་གསུམ་ལྷུན་གྱིས་གྲུབ།། གསང་སྔགས་རྡོ ་རྗེའི་ཐབས་ཆེན་གྱིས།། འཁོར་བའི་རྒྱུ་འབྲས་ཟག་པ་རྣམས།། གསེར་འགྱུར་འོད་དང་བདུད་རྩི་ལྟར།། བདེ་བ་ཆེན་པོར་བྱིན་གྱིས་བརླབ།། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཉིད།། ཐབས་དང་ཤེས་རབ་ལས་བྱུང ་ནས།། ཉི་ཟླ་ཡི་གེའི་སྟོབས་དག་གིས།། བརྗོད་བྲལ་རང་གི་མཚན་ཉིད་མཐོང་།། ཨ་ལས་བྱུང་བའི་གསང་ཐིག་ལེ།། རང་སྣང་འཁོར་ལོར་གནས་བརྒྱུད་པ།། ཆུ་ལས་བྱུང་བའི་ཐིག་ལེ་ལྟར།། ཨ་ལས་བྱུང་ཞིང་ཨ ་ལ་ཐིམ།། རོལ་པ་སྒྱུ་འཕྲུལ་དྲ་བ་ལས།། མ་བརྗོད་གསུང་ཉིད་རང་སྣང་བས།། མ་ལུས་བརྗོད་བྲལ་བདེ་བའི་གསུང་།། སྐལ་ལྡན་རྣམས་ལ་རང་བཞིན་སྣང་།། ནམ་མཁའ་རིན་ཆེན་ཕོག་པ་ལྟར།། ཐིག་ལེ་བདེ་བས ་རྒྱས་བཏབ་ནས།། ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས།། བདེ་ཆེན་ཟག་མེད་རྒྱས་པར་འགྱུར།། རང་སྣང་སྐུ་ཡི་འཁོར་ལོ་ལ།། རང་བཞིན་གསུང་གི་དཀྱིལ་འཁོར་ཉིད།། གཡས་དང་གཡོན་གྱིས་དབྱེ་བ ་ཡིས།། སྡེ་ཚན་བརྒྱད་དང་བྱེད་པ་དང་།། ཁྱབ་འཇུག་གསུམ་ཡང་དེ་བཞིན་ཏེ།། རིམ་པར་བཀོད་པས་རང་སྣང་བས།། འཇིག་རྟེན་འདས་དང་མ་འདས་པའི།། ཇི་སྙེད་བསྒྱུར་བའི་ལས་རྣམས་འབྱུང་།། རྒྱལ་བ་བཞི ་བཅུ་རྩ་ལྔ་ཡི།། ངོ་བོ་ཉིད་དུ་ངེས་པས་ན།། ཁུ་བ་རྩ་ཡི་གཟུགས་དག་གིས།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔར།། མ་བཙལ་ལྷུན་གྱིས་གྲུབ་པའོ།། རྟེན་གྱི་དཀྱིལ་འཁོར་གང་བརྟེན་པ།། སྐུ་དང་གསུང་ཐུགས་ཡོན ་ཏན་ནི།། རྒྱུ་དང་ལམ་དང་འབྲས་བུ་དང་།། ལུས་ཅན་ཁྱབ་པའི་རང་བཞིན་ཏེ།། ཆུ་ཡི་འཁོར་ལོ་དབྱིབས་ཀྱི་ཚུལ།། གང་ལ་ཐབས་ཀྱི་རྐྱེན་གྱུར་ཅིང་།། བདེ་བ་བསྐྱོད་དང་སྨིན་པ་ལས།། དབྱིབས་དང་ཚུལ་ནི་དབང ་དྲག་ཡིན།། གྱེན་དུ་འདྲེན་དང་ཐུར་དུ་བསྐུལ།། འཁོར་ལོ་བཞི་ལ་རྒྱས་འདེབས་ཡིན།། གསང་བའི་ལམ་ནས་ཐབས་བསྐུལ་བ།། བརྒྱུད་པའི་ལམ་ནི་སྐུ་གསུང་ཐུགས།། སུམ་ཅུ་རྩ་གཉིས་ཁྱབ་པའི་རྩ།། འབྱུང ་བའི་ཐིག་ལེ་གནས་པའི་ས།། ཡི་གེ་སོ་སོ་མདངས་དང་ལྡན།། ངོ་བོ་ཉིད་དེ་མ་བཅོས་པ།། བཞི་གཉིས་འདབ་མའི་སྙིང་པོ་ལ།། ཆོས་ཉིད་ཡེ་ཤེས་ཡོན་ཏན་རྩ།། རང་རྒྱུད་བཞི་ལ་ཡན་ལག ་བརྒྱད།། འོད་བཞི་དྲངས་སྙིགས་ས་བོན་དྲུག། སྙིང་པོ་རང་བཞིན་སྐུ་གསུང་ཐུགས།། གཉིས་མེད་འབྲེལ་བའི་རང་བཞིན་གནས།། བརྒྱད་གཉིས་ལྡན་པའི་གེ་སར་ལ།། ཨཱཾ་གནས་འདབ་མ་ཨཱ་ལི་ཅན།། གསུང་གི ་འཁོར་ལོ་རྟེན་དང་ཡུལ།། པདྨ་ཁ་ཕྱེ་ལྟ་བུ་ལ།། འདུས་པའི་སྙིང་པོ་སྦྱོར་བའི་ཚུལ།། ལུས་ཅན་སྒྲ་རྣམས་གསལ་བར་འབྱུང་།། སྤྲུལ་པ་དྲུག་ཅུ་བཞི་གནས་པ།། སུམ་ཅུ་རྩ་གཉིས་རང་བཞིན་ནི།། ཐིག་ལེ་འཕྲོ་འདུ ་གནས་དང་ལྡན།། རྡོ་རྗེའི་པདྨའི་རྩེ་དང་འབྲེལ།། ཟིན་དང་མ་ཟིན་ཁྱད་པར་ལས།། བདེ་བ་ཟག་པ་ཡོད་མེད་འབྱུང་།། སྟེང་འོག་ཐབས་ཀྱི་རང་བཞིན་ལ།། འཕེལ་དང་སྡུད་པར་ཤེས་པར་བྱ།། ལུས་ཅན་ཀུན་ལ་ཕོ ་བྲང་སྟེ།། ཐིག་ལེ་འཁྱིལ་བ་ལྷ་ཉིད་དོ།། རོ་ལྔས་ཀུན་ལ་རྒྱས་བཏབ་པས།། སྐུ་གསུང་ཐུགས་སུ་སྨིན་པར་བྱེད།། སྒྱུ་འཕྲུལ་རོལ་པ་ཐབས་ཀྱི་རྒྱུད།། ལྷག་པའི་ཐལ་རྒྱུད་ཆེན་པོ་འདི།། དབང་དང་སྐལ་མེད་སྐེ་བོ ་ལ།། འཆད་ཅིང་སྟོན་པ་ལྟུང་བར་འགྱུར།། ཡབ་ཡུམ་གསང་བའི་ཐིག་ལེ་ལ།། རང་བྱུང་ཐབས་ཀྱི་སྙིང་པོས་བརྟགས།། དེ་ནི་ཀུན་གྱི་སྙིང་པོ་སྟེ།། གོམས་པས་ཐམས་ཅད་གྲུབ་པར་འགྱུར།། གསང་བ་ཐབས་ཆེན ་མངོན་སྣང་བ།། བདག་ཉིད་སྟོབས་ལྡན་ནུས་གོམས་པས།། ཕྱི་ནང་སྤྱོད་ཡུལ་བཅས་པ་དག། བདེ་ཆེན་ངོ་བོ་ཉིད་དུ་ནུབ།། རང་རྒྱུད་དག་པའི་སྐྱེ་བོ་ལ།། དབང་བསྐུར་མན་ངག་ལས་གོམས་ན།། ལོངས་སྤྱོད་ལྡན ་པའི་ཚེ་འདི་ཡིས།། བདེ་བ་ཆེན་པོ་ལྷུན་གྲུབ་འགྱུར།། ལྷག་པའི་བྱང་ཆུབ་སེམས་བདེ་བ།། མ་ལུས་སྙིང་པོར་གསལ་ཐིམ་པས།། བྱེད་སྤྱོད་ལྡན་པའི་ཐབས་ཆེན་གྱིས།། རིགས་བདག་རྡོ་རྗེ་འཛིན་པ་འགྲུབ།། བདེ ་བས་བདེ་བ་གང་གོམས་ན།། བདག་ཉིད་ཆེན་པོ་བདེ་བ་ལ།། དངས་སྙིགས་མེད་ཅིང་འཕེལ་འགྲིབ་མེད།། རྒྱ་མཚོའི་ཆུ་ལྷར་རོ་གཅིག་པས།། བདེ་བ་ཆེན་པོ་གཅིག་ཏུ་གནས།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ ་ལས།། རང་བྱུང་སྐུ་གསུང་ཐུགས་ཀྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་རོལ་པ་ལས།། བདེ་བ་ཆེན་པོ་རང་སྣང་བའི།། སྒྲུབ་པའི་ཆོ་ག་བཤད་པར་བྱ།། དམན་དང ་བདེ་བ་མེད་པ་ལ།། མཚན་མའི་སྤྲོས་པ་ཞེན་པ་ཡིས།། བདེ་ཆེན་ཉམས་ལ་མི་གནས་པས།། ཐུན་མོང་དམན་པ་འབྱུང་འགྱུར་གྱི།། མཆོག་ལ་རེག་ཟད་རེག་པ་མེད།། འདི་ནི་ཟབ་མོ་གསང་བ་སྟེ།། གསང་བ་ལས ་ཀྱང་འབྱུང་འགྱུར་ཞིང་།། མཆོག་གི་སྙིང་པོ་སྦས་པའི་དོན།། གསང་བའི་གཏེར་ནི་རབ་འབྱིན་པ།། འགྲོ་བ་ཆགས་པ་ཅན་དོན་དུ།། དུག་གིས་དུག་ནད་སེལ་བ་ལྟར།། ཐབས་མཆོག་དབང་ལས་བྱུང་བ་ཡི།། དངོས ་གྲུབ་བཟང་པོ་མཆོག་འབྱུང་བའོ།། གང་དུ་ཡོ་བྱད་མཆོག་གྱུར་པ།། རྩ་བ་གཉིས་ལས་ལྔར་གྱུར་པ།། མཆོག་ཏུ་གྱུར་པ་ཀུན་འགྲུབ་ཅིང་།། གལ་ཏེ་ཉམས་ན་འཇིག་པར་འགྱུར།། རང་བྱུང་བདེ ་བའི་ཐིག་ལེ་ནི།། གསང་བ་བཅུད་ལས་འབྱུང་བ་སྟེ།། ཟག་པ་མེད་པའི་ཐིག་ལེ་ལ།། རེ་དོགས་མཚན་མའི་ཡུལ་ལས་འདས།། ཁ་དོག་གནས་དབྱིབས་འཛིན་མེད་པས།། བདེ་ཆེན་ཆོས་དབྱིངས་རྟོག་དཔྱོད ་བྲལ།། ཐབས་དང་ཤེས་རབ་ཡོངས་རྫོགས་པའི།། ཕྱི་ནང་སྣོད་བཅུད་མ་ལུས་པ།། དངོས་དང་དངོས་མེད་དབྱེར་མེད་པར།། རྟོག་པ་ཐབས་ཀྱིས་དབང་བསྒྱུར་བ།། དབྱེར་མེད་བདེ་བ་ལྷུན་གྱིས་གྲུབ།། རྟེན་དང ་བརྟེན་པ་དབྱེར་མེད་པའི།། བདེ་བའི་ཐིག་ལེ་དེ་བཞིན་ཉིད།། འདུ་འཕྲོ་འབྱུང་བཞི་དེ་བཞིན་ཉིད།། བདེ་ཆེན་སེམས་ཀྱི་རྩ་བར་བཤད།། རང་བྱུང་བདེ་བ་ཆེན་པོ་ནི།། རྟོགས་ལས་གོམས་པ་གསལ་བ་ལས།། བདེ ་ཆེན་བསམ་ཡས་འབྲས་བུ་འབྱུང་།། ངོ་བོ་མིན་ལ་རང་སྣང་བ།། ལུས་དང་རྩ་དང་བཅུད་རྣམས་ལ།། ཐིག་ལེ་བྱེ་བྲག་བསམ་ཡས་འཕྲོ།། བདེ་བས་འཇིག་བྲལ་ཉམས་པ་མེད།། རང་བྱུང་རོལ་པའི་བདེ་བ་ཡང་།། སྐུ ་མ་བདེ་བའི་མཆོག་ཏུ་གསུངས།། ཐབས་དང་ཤེས་རབ་གཉིས་མེད་པའི།། རོལ་པ་སྔགས་ཏེ་ཕྱག་རྒྱའི་གར།། ཐབས་དང་ལྡན་པས་བརྟེན་གོམས་པས།། དངོས་གྲུབ་ཇི་ལྟར་འདོད་པ་འབྱུང་།། ཐབས་དང་ཤེས་པ ་བྱིན་རླབས་པས།། ཕྱག་རྒྱ་ཆེན་པོར་བསྟན་པ་ཡིས།། བྷ་གའི་རྒྱན་དང་ནམ་མཁའི་ཁམས།། རྡོ་རྗེ་ཐིག་ལེ་མཉམ་སྦྱར་བས།། གསང་བའི་མཁའ་ལྔ་འབྱུང་བར་འགྱུར།། དེ་ལས་ཡེ་ཤེས་སྐྱེ་བར་འགྱུར།། སྲ་བ་དང ་ནི་གཤེར་དང་དྲོད།། གོ་འབྱེད་བསྐྱོད་པའི་རང་བཞིན་ལ།། ཉི་མ་ཟླ་བ་འཛག་པ་ལས།། ལྷན་ཅིག་སྐྱེས་པའི་བདེ་བ་འབྱུང་།། བཅུད་དང་བདེ་ལ་གོམས་འགྱུར་ཞིང་།། གར་ཐབས་རླུང་ལ་དབང་བསྐུར་བས།། རྩ་བ ་ཡན་ལག་ནད་འཚོ་ཞིང་།། བདེ་ཆེན་བདུད་རྩིས་རིང་དུ་འཚོ།། ལུས་དང་རྩ་དང་སེམས་ཀྱི་སྣོད།། གསང་བ་ལོངས་སྤྱོད་ལྔ་ཡིས་ཚིམས།། མུན་པ་ལ་ནི་སྣང་བ་བཞིན།། དངོས་པོ་བདེ་བ་ཆེན་པོར་འགྱུར།། ཐོག་མ ་མེད་པར་ལས་བསགས་པས།། རྟོག་པའི་བག་ཆགས་སེལ་བ་ཡིས།། ཐམས་ཅད་སྐྱེ་མཆེད་དབྱིངས་སུ་གསལ།། གང་དུ་ཐབས་ཀྱིས་ཟིན་པས་ན།། གཟུགས་དང་ཉི་ཟླའི་ཐིག་ལེར་བཅས།། ཐབས་དང་བསྐྱོད་པའི ་རང་བཞིན་གྱིས།། རྟེན་ནི་གནས་སུ་དགུག་པ་དང་།། དེ་བཏང་བ་ནི་སྐབས་ཀྱིས་ཏེ།། དགང་དང་དགང་བས་བཅིང་བྱ་ཞིང་།། རྟེན་དང་ཐིག་ལེར་རིག་པར་བཅས།། ཐབས་ཀྱིས་ལེག་པར་དགྲོལ་བར་བྱ།། ལུས ་བཅུད་ཉམས་དང་ཐིག་ལེར་བཅས།། ཐབས་ཀྱི་ཆོ་གས་གསོ་བྱས་ན།། ལས་དང་ཉོན་མོངས་སྡུག་བསྔལ་བ།། བསད་པས་འཕམ་རྟེན་རྒྱལ་བར་འགྱུར།། དངོས་གྲུབ་ཀུན་འབྱུང་སྙིང་པོའི་ཐབས།། རང་བྱུང་རྒྱལ་པོ ་གསལ་བྱའི་ཕྱིར།། ཐབས་ཆེན་གསང་བའི་མན་ངག་གིས།། གསེར་འགྱུར་སྨན་དང་མུན་སེལ་བཞིན།། བཅུད་ཀྱི་བདག་ཉིད་རྒྱས་པ་ཡིས།། གཉིས་མེད་གསལ་བར་ལྡན་པ་ནི།། བཟང་དང་བདུད ་རྩིར་ལྡན་པ་དེས།། བདེ་ཆེན་ངོ་བོ་མི་འགྱུར་བ།། དཔལ་ལྡན་སྐྱོབ་པའི་ཕྱག་རྒྱ་ཡིས།། མ་ལུས་ཐེབས་པར་གནས་པ་ཡིན།། གང་ནུས་མེད་དང་དཀའ་ཐུབ་དང་།། དབང་དང་མི་ལྡན་སྒྲོ་སྐུར་དང་།། ཐབས་བྲལ ་རིག་པ་ཐབས་ཆེན་རྫོགས།། བདག་གཞན་གཉིས་ཀ་དམྱལ་བར་ལྟུང་།། དེ་ལས་གཞན་ཡང་བཤད་བྱ་བ།། རང་བྱུང་འཁོར་ལོ་བཅུད་དང་བཅས།། དངས་མ་ཐིག་ལེ་ལྔ་འབར་བ།། ལུས་ཅན་ཀུན་ལ་རང་གནས ་ཀྱང་།། ཐབས་དང་བྲལ་བས་མཐོང་བ་མེད།། རང་བྱུང་རྟེན་ཅན་དཀྱིལ་འཁོར་དྲུག། གསང་བའི་ཐབས་ཀྱིས་གནས་པ་ཡིན།། བཅུད་འདུས་ཐིག་ལེ་ཆེན་པོ་ནི།། བདེ་ཆེན་ཀུན་གྱི་སྙིང་པོ་སྟེ།། ཐབས་ཀྱི་ཉམས་སུ ་ངས་པ་ལས།། འབྲས་བུ་ཡིད་བཞིན་ནོར་བུ་བཞིན།། འདི་ཉིད་སྒྱུ་འཕྲུལ་དྲ་བ་སྟེ།། དཀྱིལ་འཁོར་ཀུན་གྱི་ངོ་བོ་ཡིན།། གནས་པ་སྒྲོལ་མ་རླུང་གིས་བསྐྱོད།། འབར་བ་དེ་སྟེང་རྐྱེན་གྱིས་ཏེ།། ཆུ་ཁམས་འཁོར་ལོ ་རིམ་ཞུ་བས།། མི་ཚུགས་ཡེ་ཤེས་ནམ་མཁའི་གཟུགས།། ཐབས་དང་བཅས་པས་རྟེན་ཐིག་ལེ།། སྒྲོལ་མ་རླུང་ལ་གོམས་པ་ཡིས།། གསང་བའི་ལས་ལ་ཐོགས་པ་མེད།། ལུས་ལ་སྡུག་བསྔལ་མི་འབྱུང་ཞིང་།། ཕྱི་ནང ་ལུས་བཅུད་བདུད་རྩི་ཡིས།། རིམ་པ་ཡེ་ཤེས་ངོམས་པ་མེད།། བདེ་ཆེན་ལོངས་སྤྱོད་ཕོངས་པ་མེད།། རྩ་བ་ཡན་ལག་སྦྱོར་ཟད་པས།། འཁོར་བ་ངན་སོང་འཇིགས་པ་མེད།། ལུས་དེ་བདེ་དང་རྡོ་རྗེའི་སྐུ།། ཡེ་ཤེས ་ལོངས་སྤྱོད་རྫོགས་པར་འགྱུར།། དྲག་ད་ལ་འཇམ་པའི་མཚན་ཉིད་ནི།། སྙིགས་མ་ཟད་པའི་ཐབས་ཡིན་ཏེ།། ཕྱི་ནང་རྒྱུ་བའི་ཁྱད་པར་གྱིས།། འཕོ་བ་བཅུ་དྲུག་ཤེས་པར་བྱ།། སྙིགས་མ་དྭངས་མར་མ་ཞུགས ་ན།། ནད་དང་སྡུག་བསྔལ་གདུང་བ་དང་།། བདེ་ཆེན་ཉིད་ལ་བར་ཆད་འབྱུང་།། སྙིགས་མ་དྲངས་མ་ལ་འཇུག་པ།། རྟགས་ནི་སྣ་ཚོགས་འབྱུང་བར་འགྱུར།། བརྟན་ན་བར་ཆད་མེད་པར་སྐྱེ།། གསལ་ན་དངོས་པོ་བདེ། ་བར་ཐིམ།། གནས་ནི་རྣམ་པ་བཞིར་བཤད་དེ།། སྐྱོན་དང་བདེ་བ་འབྱུང་བའི་རྩ།། མངོན་ཤེས་ཆོས་ཉིད་སྟོང་པའི་རྩ།། ཕྱི་ནང་གོང་འོག་རིམ་པར་འགྱུར།། བདུད་རྩིའི་བཅུད་ནི་རིམ་ཞུགས་པས།། ལོག་པའི་ཉམས ་དང་བདེ་བ་ཁྱབ།། མངོན་ཤེས་ལྔ་སོགས་འབྱུང་འགྱུར་ཞིང་།། བདེ་བ་སྐྱེད་བྱེད་ནམ་མཁའ་བཞིན།། སྒྱུ་འཕྲུལ་ཐབས་ཀྱི་རང་བཞིན་གྱིས།། དྲ་བ་མ་སྐྱེས་ཤེས་རབ་གསལ།། དབྱེར་མེད་དོན་ལ་གོམས་པ ་ཡིས།། ལྷུན་གྲུབ་དཀྱིལ་འཁོར་གསལ་བར་འགྱུར།། པདྨ་འདུས་པའི་སྙིང་པོ་ལ།། རྡོ་རྗེ་ཐིག་ལེ་ཤོར་བ་མེད།། གསང་བ་ཐབས་ཀྱི་བདེ་གནས་ལ།། འཆི་བའི་བག་ཆགས་ནུབ་པར་འགྱུར།། ཐིག་ལེ་འགྲོ་འོད་མེད ་པ་ལ།། བདེ་བ་འཕེལ་འགྲིབ་མི་འབྱུང་བས།། ཐམས་ཅད་བདེ་ཆེན་དཀྱིལ་འཁོར་མཆོག། ནམ་མཁའི་མཐའ་བཞིན་ཁྱབ་པར་གསལ།། གང་དུ་འཕེལ་བ་གསལ་བྱེད་པ།། མ་ཐོབ་པ་དང་རྒྱུན་བཅས ་པ།། མི་འཕེལ་བ་དང་ཆགས་པ་དང་།། ལམ་ལོག་པ་ནི་རྣམ་པར་སྤངས།། གང་ཡང་ཐམས་ཅད་འདུས་པ་ན།། རིག་པའི་སྙིང་པོ་བདེ་བ་རྟེན།། ཇི་ལྟར་ལན་ཚྭ་ཆུར་འཇུག་ལྟར།། ཐབས་དང་མན་ངག་ལྡན་པ ་ཡིས།། དངོས་པོ་བདེ་ཆེན་སྙིང་པོར་ཐིམ།། བསྐལ་པ་བྱེ་བ་གྲངས་མེད་དུ།། སྡུག་བསྔལ་བ་དང་བར་ཆད་དག། སྣ་ཚོགས་མང་པོ་གང་བྱུང་བ།། ཡེངས་དང་བྲལ་བས་ཆུ་བཞིན་ནོ།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ ་ལས། རང་སྣང་ལ་ཐབས་ཀྱིས་སྒྲུབ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། རང་སྣང་བྱང་ཆུབ་སེམས་ཉིད་ནི།། སྣ་ཚོགས་གཟུགས་བརྙན་ཁྱད་པར་དག། དེ་ནས་རིམ་པར་བཤད ་པར་བྱ།། ཐབས་དང་ཤེས་རབ་ལས་བྱུང་བའི།། རྟེན་དང་བརྟེན་པ་ལས་བྱུང་བ།། རང་བྱུང་བྱང་ཆུབ་སེམས་ཉིད་ནི།། ཐིག་ལེ་བདེ་ཆེན་ངོ་བོ་ཉིད།། མ་ལུས་འདུས་པའི་རང་བཞིན་ནོ།། ཁམས་ལྔ་བཅུ་གཉིས་འདུས ་པ་ཡི།། གསང་བ་འདུས་པའི་རང་བཞིན་ཏེ།། ལུས་ཅན་ཀུན་ལ་རང་བཞིན་གནས།། རང་བཞིན་ཐིག་ལེ་ཆེན་པོ་ནི།། སྣོད་བཅུད་བདེ་བའི་མཚན་ཉིད་ཀྱིས།། མ་བྱས་བདེ་བས་ཀུན་ཁྱབ་པས།། གང་ལ་གང་བརྟེན ་མཚན་ཉིད་དོ།། འབྱུང་ལྔ་དྭངས་མའི་བཅུད་ལས་བྱུང་།། བདེ་ཆེན་བཅུད་ཀྱི་ངོ་བོར་དག། བདེ་ཆེན་ཐིག་ལེའི་ངོ་བོར་གནས།། རྟོགས་པས་ཐབས་ཆེན་ཕ་རོལ་ཕྱིན།། མ་ལུས་ཕྱག་རྒྱ་ཆེན་པོའི་དབྱིངས།། གསང ་བའི་ཐིག་ལེ་ཆེན་པོ་ཉིད།། རྩ་དང་ཐིག་ལེའི་ཚུལ་དག་གིས།། ཐམས་ཅད་ཁྱབ་པའི་ཚུལ་གྱིས་གནས།། གཉིས་སུ་མེད་པ་བདེ་བའི་རྒྱུ།། ཉི་ཟླ་ཁུ་བར་གནས་པ་ཡི།། སེམས་ལྔ་སྐྱེད་པ་འབྲེལ་བ་ཡི།། བདེ་བའི་རོ། ་དང་བཅས་པ་ཡི།། མི་ཤིགས་ཐིག་ལེ་བདེ་ཆེན་པོ།། དངས་མ་ཡེ་ཤེས་ལྔ་ཡི་རོ།། ཁྱབ་ཀྱང་ཐབས་ལ་རག་ལུས་པས།། རང་བཞིན་མངོན་སུམ་སྣང་མི་ནུས།། ཐིག་ལེ་སྣོད་བཅུད་རང་བཞིན་ནི།། ཐབས་ཀྱིས་ཁྱབ ་དང་མ་ཁྱབ་ལས།། ཕྱི་ནང་སྣོད་བཅུད་མ་ལུས་པ།། དག་དང་མ་དག་ཁྱད་པར་སྣང་།། འབྱུང་ལྔ་བཅུད་ལྔ་ཡེ་ཤེས་ལྔ།། མ་ལུས་གཉིས་མེད་འདུས་པ་ཡི།། བྱེ་བྲག་ཐབས་ཀྱི་ཁྱད་པར་ལས།། རྟེན་པའི་ཉམས་ནི ་གསལ་བར་འབྱུང་།། གསང་བའི་ཐིག་ལེ་སྐུ་མཆོག་དེས།། རྒྱལ་བ་དུས་གསུམ་བཞུགས་པའི་གནས།། ལས་དང་ངོ་བོའི་ཚད་མེད་པའི།། གཉིས་དྲུག་བརྒྱད་གཉིས་སོར་ཉུང་སྤང་།། བཅུ་དྲུག་བཅུ་གཉིས་ཉི་ཤར ་གསལ།། དེ་ཉིད་འདྲེས་ཤུགས་སྟོན་པ་ཉིད།། ནང་ཞུགས་ལས་ཀྱིས་སྣང་བར་བྱེད།། ཐབས་དང་ཤེས་རབ་གཉིས་མེད་པའི།། འཁྱུད་པ་གང་གི་ཕྱག་རྒྱ་ལས།། བདེ་བའི་འབྲུ་ཚོགས་གསལ་འབྱུང་བ།། བསྐྱོད་པ ་རླུང་གི་ཕྱག་རྒྱ་ཡིས།། ཉི་ཟླའི་ཐབས་ཀྱིས་ཟིན་པ་ལས།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ།། སྐྱེས་བུའི་ལུས་ལ་ཐབས་ཀྱི་རྩ།། པདྨ་འདུས་པའི་སྙིང་པོ་ཅན།། གཉིས་མེད་ཐིག་ལེ་བཅུད་འདུས་པ།། མ ་འདྲེས་འབྲེལ་པའི་སྟོབས་ལས་བྱུང་།། བྲག་གདུང་ལྟ་བུར་གནས་པ་ལས།། གོམས་པའི་རྟོགས་པས་ཡེ་ཤེས་སྐྱེ།། འབྱུང་ལུས་བདེ་བའི་བཅུད་གྱུར་ཅིང་།། བདེ་བ་ལུང་སེལ་ཐིག་ལེར་ཐིམ།། མ་ལུས་དབྱེར་མེད་མི ་གཡོ་བ།། རང་བྱུང་ཐིག་ལེ་རྟེན་དང་བྲལ།། གསང་བའི་ཐིག་ལེ་འགྲོ་འོད་མེད།། བདེ་ཆེན་ནམ་མཁའ་རྒྱུ་འབྲས་འདས།། གསང་བའི་ཐིག་ལེ་དམ་ཉམས་ན།། འཁོར་བ་ཟག་ཅིང་སྡུག་བསྔལ་བས།། གསང་བའི ་ལམ་ཉིད་བར་ཆད་གནས།། ཆོ་གའི་ལམ་གྱིས་སྐྱོང་མི་འགྱུར།། གསང་བའི་ཆོ་ག་ལས་བྱུང་བ།། ཐིག་ལེ་དབབ་དང་བཟུང་བ་དང་།། བཟློག་དང་སྦྱངས་སོགས་ཐབས་ལས་བྱུང་།། ཁམས་གཉིས་འདུས་པའི་སྟོབས ་ལས་སྐྱེས།། ལྔ་བཞི་བྱེ་བྲག་ཆས་བསྐུལ་བས།། གནས་ནས་ལྡང་ཞིང་བདེ་གཡོ་བ།། རང་གི་ལམ་འཇུག་རྟོག་འགགས་ཤིང་།། རང་གི་འཕོ་བས་ས་གནས་ཆེ།། ཕྱི་མའི་བདེ་བ་སྐྱེ་བར་འདོད།། གོམས་པའི་རླུང ་མཐུས་སླར་བསྐྱོད་སེམས།། མཐར་ཕྱིན་ཐབས་ཀྱི་བྱང་ཆུབ་སེམས།། ས་གསུམ་བདེ་བར་རང་གསལ་བས།། ཁམས་གསུམ་ལས་ཀྱིས་ཐོབ་པའི་ཕྱིར།། ཐབས་ལ་ཡོན་ཏན་ཀུན་རྫོགས་པས།། ཡི་གེའི་ས་དང་བླ ་མའང་རྫོགས།། ཐབས་ཀྱི་ཟླ་བ་ཤར་བའི་ཚེ།། གཉིས་མེད་གསུམ་ལ་བདེར་གོམས་པས།། ཐིག་ལེ་བསྣོལ་དང་བརྐྱངས་པ་དང་།། འདྲེས་པ་ལ་ནི་ཐབས་གོམས་པས།། མི་ཟད་འཁོར་ལོར་རང་སྣང་བས།། རྒྱུ ་འབྲས་གདོད་ནས་ལྷུན་གྲུབ་པ།། ཆུ་རླབས་ལྟ་བུར་ཤུགས་ཀྱིས་འགྲུབ།། ཐ་དད་མེད་པའི་རང་བཞིན་ནི།། ཐབས་ཀྱི་མཆོག་ཏུ་འདི་བཤད་དོ།། རྟེན་དང་བརྟེན་པའི་སྦྱོར་བ་ལས།། རང་བྱུང་གཟུགས་བརྙན་གསལ ་བར་སྐྱེ།། སྣང་སྲིད་ཕྱི་ནང་སྣོད་བཅུད་ཀུན།། བདེ་ཆེན་གཟུགས་བརྙན་གསལ་བར་འབྱུང་།། འཁོར་དང་མྱ་ངན་འདས་པ་རྣམས།། དག་དང་མ་དག་ཁྱད་པར་རྣམས།། ཐབས་ཀྱིས་ཟིན་དང་མ་ཟིན་པའི།། ཐམས ་ཅད་བདེ་ཆེན་གཟུགས་བརྙན་ཡིན།། གང་དུ་ཐབས་ལས་གྱུར་པ་ཡི།། ཡབ་ཡུམ་གཟུགས་བརྙན་ཐབས་ཆེན་པོ།། ལྷ་མོ་བརྒྱད་དང་ཕྱག་རྒྱ་བཞི།། མ་ལུས་བདེ་བའི་གཟུགས་བརྙན་སྣང་།། བདེ་བ་ཆེན་པོའི་རང ་བཞིན་ནི།། དངོས་པོ་མ་ཡིན་དངོས་མེད་མིན།། དབུ་མ་ཙམ་དུ་མི་དམིགས་པས།། བདེ་ཆེན་ཕྱག་རྒྱ་ཆེན་པོར་བཤད།། ཐབས་དང་ཤེས་རབ་འཁོར་ལོ་ཡི།། མ་ལུས་སྐུ་གསུང་ཐུགས་ཀྱི་ངང་།། སྣང་གྲགས་བདེ་བའི ་རང་བཞིན་དང་།། ལུས་དང་རྩ་དང་བདེ་བར་བཅས།། རྣལ་འབྱོར་གཅིག་ལ་སྣང་བ་ཡི།། ཁྱད་པར་ཆོས་སུ་བཤད་པ་ཡིན།། ཐབས་ཀྱིས་གཟུང་དང་གཉིས་འཁྱུད་དང་།། བསྡམ་དང་འཁྱུད་པའི་རང་བཞིན་ནི།། ་སྒོ་འབྱེད་བདེ་བར་འཇུག་པ་ནི།། སྒོ་བཞི་ཕྱག་རྒྱར་ཤེས་པར་བྱ།། ཉི་ཟླ་ཧཱུཾ་ཕཊ། ཡབ་ཡུམ་ཐབས།། ཐིག་ལེ་བསྐྱོད་འདྲེས་བདེ་བར་ཚིམས།། སྣོད་བཅུད་ཐིག་ལེ་རླུང་གིས་བསྡུས།། ཐིག་ལེ་མུ་ཏིག ་བརྒྱུས་པ་ལྟར།། ཐབས་ཀྱི་རླུང་གིས་ཤེས་པར་བྱ།། སྔགས་ཀྱི་བདག་པོ་ཕྱིར་མི་ལྡོག། ཉི་ཟླ་གསལ་བའི་གར་དང་ལྡན།། བསྐྱོད་པ་ཐབས་ཀྱི་བདེར་གནས་ཤིང་།། དབབ་བསྐྱོད་གཟུང་དང་དུས་གསུམ་དུ།། དབྱེ་བ ་མེད་པར་རང་བཞིན་གནས།། ལུས་དང་རྩ་དང་སྣང་བ་ཡང་།། ནམ་མཁའི་རིམ་པ་རྒྱས་བཏབ་པས།། མཐར་ཐུག་མེད་པར་རྒྱས་ཆེན་སྣང་།། པདྨ་ཐབས་ཕྱེ་ཐབས་ཀྱིས་བཞུ།། གསང་བའི་ཐིག་ལེ་རང་བྱུང ་བ།། དགའ་བཞི་བཅུ་དྲུག་ལས་བྱུང་ནས།། མེ་ཏོག་ཀུནྡ་རཱ་གའི་མདོག། དཀྱིལ་འཁོར་བསམ་ཡས་ལ་རོལ་པས།། མཐའ་གཉིས་མེད་པའི་ཡེ་ཤེས་ལ།། མ་བྲལ་དུས་གསུམ་མཉམ་པར་ཞུགས།། བདེ་བ་ཆེན ་པོ་ཐུགས་སུ་བརྗོད།། གང་དུ་གཉིས་ལས་བཞི་བྱུང་བས།། བཞི་ལས་བརྒྱད་ནི་བཅུ་དྲུག་སྟེ།། མྱོང་བ་སུམ་ཅུ་རྩ་དྲུག་ལས།། ཇི་སྙེད་བདེ་བའི་ངོ་བོ་ནི།། ཉམས་ནི་མི་ཕྱེད་ནམ་མཁའ་ལྟར།། གཟུགས་ཅན་ཡེ་ཤེས་ལྔ ་རུ་བརྗོད།། ཕྱག་རྒྱ་ཆེན་པོ་ཚོགས་པ་ལས།། ཐབས་ཀྱི་ལྷན་ཅིག་སྐྱེས་པ་གསལ།། རྟག་ཏུ་གསལ་བ་གོམས་པས་ནི།། ཐམས་ཅད་བདེ་བ་ཆེན་པོ་སྟེ།། ཐབས་དང་ཏིང་འཛིན་ཡོ་བྱད་ཀྱིས།། བར་ཆད་མེད་པར ་གོམས་པ་ཡིས།། འབྲས་བུ་ཉི་མའི་སྙིང་པོ་བཞིན།། རྒྱུ་ནས་འབྲས་བུ་མཐར་ཕྱིན་ཐུན་མོང་ལས།། ཐབས་དང་ཤེས་རབ་མཉམ་ཐོབ་ནས།། རྩེ་ནས་ཐིག་ལེ་རིམ་བཟློག་པའི།། ཕྱི་ནང་ཞེན་པ་རྒྱུ་འབྲས་ཆོས།། བཅུ ་དྲུག་མཐར་ཕྱིན་དབྱེ་བ་མེད།། གང་གིས་བསྐལ་པ་གྲངས་མེད་པར།། དཀའ་ཐུབ་སྡུག་བསྔལ་སྤྱད་པ་ཡིས།། འབྲས་བུ་གཉིས་མེད་མི་ཐོབ་པ།། དགའ་བདེས་ཚེ་འདིར་འགྲུབ་པར་འགྱུར།། སྐལ་ལྡན་དབང་ཕྱུག ་རྒྱལ་པོ་ཡིས།། གསང་བའི་རྒྱུ་འབྲས་རིམ་བཟློག་པས།། འཁོར་བ་པདྨའི་འདམ་བཞིན་དུ།། སྡུག་བསྔལ་མེད་པར་ཕ་རོལ་ཕྱིན།། གསང་ཆེན་མི་ལྡོག་རིགས་སུ་ངེས།། བྱང་ཆུབ་སེམས་ལ་རབ་སྦྱོར་བས།། བདེ ་ཆེན་ཐིག་ལེ་མི་གཡོ་བ།། གསང་ཆེན་འབྲས་བུ་རྫོགས་པའི་ས།། མཐར་ཕྱིན་ཡོན་ཏན་ལྷུན་རྫོགས་པའོ།། རྒྱུད་ཀྱི་རྒྱལ་པོ་ཐལ་རྒྱུད་ཆེན་པོ་ལས། བྱང་ཆུབ་སེམས་ཀྱི་གཟུགས་ཅན་སྣང་བའི་ལེའུ་སྟེ་དྲུག ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། རྡོ་རྗེ་མི་ཕྱེད་སྒྲུབ་པའི་དོན།། དེ་ནི་བདེ་ཆེན་ཡོད་མིན་ཏེ།། གསང་བའི་དོན་ནི་བཤད་པར་བྱ།། རྒྱལ་བའི་བྱིན་རླབས་མཆོག་གྱུར་པ།། སངས་རྒྱས་ཀུན་གྱི་བདེ ་ཆེན་ལས།། ཐབས་ཀྱིས་ཆགས་པ་གདུལ་བྱའི་ཕྱིར།། གསང་སྔགས་ཡིད་བཞིན་ནོར་བུ་བཤད།། གསང་སྔགས་ཐིག་ལེའི་བདེ་བ་ནི།། ཡབ་ཡུམ་གཉིས་མེད་རོལ་པ་ནི།། ཐམས་ཅད་ཐབས་ལ་བཅུ་དྲུག་བརྒྱ།། བཅུ ་གཉིས་བཞི་བཞིར་རོལ་པའི་ཆོས།། རཀྟ་བྱང་ཆུབ་དུས་གཅིག་འབར།། ལྷུན་གྲུབ་དཀྱིལ་འཁོར་རང་ལས་འཆར།། རྒྱལ་བའི་སེམས་དཔའ་མི་རྟོག་སྟེ།། ཐབས་ཆེན་ཐུན་མོང་མ་ཡིན་པས།། དམན ་པས་རྙེད་པར་ག་ལ་འགྱུར།། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས།། དེ་ནི་རྣམ་ཐར་རང་བཞིན་ཏེ།། ཐམས་ཅད་འབྱུང་བའི་རང་བཞིན་པས།། ཟབ་མོ་ཤེས་རབ་ཕ་རོལ་ཕྱིན།། བྷྲཱུཾ་ཡིག་བྷ་གར་སྣ་ཚོགས ་འདུས།། ལས་དང་ངོ་བོར་དག་པ་ཉིད།། བྱིན་རླབས་སྐྱོབ་ཕྱིར་ཡུམ་དུ་བརྗོད།། ཙིཏྟའི་ཁམས་ལྔའི་གཤི་ར་ལ།། རྡོ་རྗེ་རྒྱལ་བ་རིན་ཆེན་ཆོས།། ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས།། ངེས་པ་འཛིན་པ་གསང ་བའི་སྔགས།། དེ་ཉིད་དྲངས་མ་ཡེ་ཤེས་ལྔ།། མ་རིག་གཉིས་སོགས་བཞི་པོ་དང་།། མི་ཕྱེད་ཕྲག་དོག་རྡོ་རྗེ་སྔགས།། དབྱིབས་སུ་སྐྱོབ་པ་དགའ་མར་བརྗོད།། མིག་སོགས་རང་གི་ཐིག་ལེ་ནི།། རང་གི་རྩ་བཅུད་ཐིག ་ལེ་བཞི།། སྐུ་གསུང་ཐུགས་སུ་གནས་པ་ནི།། ཐུགས་ཀྱི་སེམས་དཔའ་བཞི་རུ་བཤད།། ཐབས་དང་ཤེས་རབ་ལ་བརྟེན་པའི།། གསང་བ་ཐབས་ཀྱིས་བདེ་བསྐྱེད་པའི།། ཆགས་པའི་བདེ་བས་བགད་པ་ནི།། ཆགས ་པའི་དམ་ཚིག་དུས་ཡིན་ནོ།། སླར་ཡང་ལན་གྱིས་འབྲེལ་པ་ནི།། གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད།། ཧ་དང་སི་ཡི་བདེ་སྒྲ་དག། བདག་གིས་ཆགས་པ་ཐོབ་པའོ།། ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད།། ཀུན་ནས ་བསྐྱོད་པ་རླུང་ཞེས་བྱའོ།། གང་དུ་ཡུལ་ལ་དབང་བྱེད་པའི།། བདེ་བ་བསྐྱེད་པའི་ནུས་པ་ནི།། བྱམས་སོགས་ཚད་མེད་རང་བཞིན་ནོ།། ངེས་པར་སྐྱོབ་པ་གསང་བའི་སྔགས།། གཉིས་འདྲེན་འཛིན་པ་ཞེས་བྱ་སྟེ།། དེ ་ཉིད་ཕྱེ་བ་ལས་བྱུང་བའོ།། མེ་ཏོག་བསྡུས་པའི་ངོ་བོ་ཉིད།། བདག་པོའི་ཞལ་དུ་ཐིམ་པར་བཤད།། ཤིན་ཏུ་བསྡམ་པའི་རིགས་ལས་བྱུང་།། གསལ་བའི་ཡེ་ཤེས་བདེ་བ་ཆེ།། ཀུན་གསལ་བརྗོད་དང་འདྲ་བའི ་སྒྲ།། གཉིས་མེད་ཐུགས་སུ་ཤེས་རབ་སྒྲ།། ལུས་ཀྱི་ཆོས་ཉིད་བདེ་བསྐྱེད་པ།། ལས་བཞི་འཇིགས་པ་ཁྲོ་བོ་སྟེ།། རང་རང་ལས་ཀྱི་ཕྱེ་བ་ཡིས།། རིག་པའི་རྒྱལ་བ་ཉིད་དུ་འདོད།། དགུག་པ་ཛཿཡིས་ལས་བྱེད ་ཅིང་།། འཁྱུད་དང་གནས་པ་ཧཱུཾ་དུ་འདོད།། བསྡམས་ཤིང་མི་མཐོང་བཾ་ཡིན་ཏེ།། བསྐྱོད་དང་འབེབས་པ་ཧོཿཡིན་ནོ།། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི།། ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དོ།། དབྱིངས་གསུམ་རྣམ་དག ་འདུས་མ་བྱས།། ཀུན་ཏུ་དེ་བཞིན་གནས་བྱེད་པའི།། རང་ཉིད་འཁོར་ལོའི་རྩ་འདོད་དང་།། ས་བོན་ཟུང་གསུམ་དེ་བདེ་བའི།། ངེས་སྐྱེས་རང་རིག་གྱུར་པ་ཡིས།། གཉིས་འབྱུང་རང་རིག་ཐུབ་པར་གསུངས།། དྲངས ་མ་ལྔ་དང་ཉི་ཟླ་ལ།། ཡེ་ཤེས་ལྔ་ཡི་རོ་གནས་པ།། གསང་བའི་ཐབས་ཀྱིས་ཉམས་མྱོང་བ།། གཉིས་སུ་མེད་པར་ཞུགས་པ་ཡིན།། ཡེ་ཤེས་ནམ་མཁའི་འཁོར་ལོ་དེ།། གསང་བའི་ཐབས་ཀྱིས་འགུགས་པ ་ཡིན།། གསང་བའི་ཡེ་ཤེས་བསྐྱོད་པའི་ཕྱིར།། རིམ་ནས་རིམ་པར་ཐིམ་པར་བྱ།། ཐབས་ཀྱིས་རང་བྱུང་བདེ་སྐྱེས་པ།། མ་སྐྱེས་རང་བྱུང་བརྗོད་དུ་མེད།། བདེ་ཆེན་རང་རིག་མི་རྟོག་པ།། ངེས་སྐྱེས་ཕྱིར ་མི་ལྡོག་པར་བསྟན།། འཁོར་ལོ་གསང་བའི་གཞལ་ཡས་ཁང་།། ལྷ་ཉིད་ཐིག་ལེ་ཆེན་པོ་སྟེ།། སྐུ་གསུང་ཐུགས་ནི་བདེ་བའི་མཆོག། ཐམས་ཅད་ཟབ་མོའི་རང་བཞིན་ནོ།། ཐབས་དང་ཤེས་རབ་དབྱེར་མེད་པ།། སྣོད ་བཅུད་རང་བཞིན་སྐུ་གསུང་ཐུགས།། གསལ་ཞིང་ཐིམ་པར་གང་མཐོང་བ།། དབྱེར་མེད་སྐུ་གསུང་ཐུགས་ཐོབ་པའོ།། ཐེག་ཆེན་གསང་སྔགས་རང་བཞིན་ནོ།། ཐམས་ཅད་བདེ་ཆེན་ཐིག་ལེའི་མཆོག། སྤང་གྲུབ་མེད ་པའི་རང་བཞིན་ཉིད།། ཤེས་ཕྱིར་སྐྱོབ་པས་སྔགས་ཞེས་བྱ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་ཐིག་ལེ་མངོན་ཕྱུང་བ།། འཁོར་ལོ་ལ་ནི་ཐིམ་མཛད་ནས།། ཡེ་ཤེས་ལྔ་ཡི་རྒྱས་བཏབ་པོ།། མི་བསྐྱོད ་བྱེད་པོ་ཡུམ་དང་བཅས།། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ལྡན།། བྱམས་པ་ས་སྙིང་དེ་བཞིན་ནོ།། གཞན་དག་རང་གི་ཕྱག་རྒྱ་སྟེ།། གཤིན་རྗེ་གཤེད་ལ་རྟག་པར་བཤད།། ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ།། ཟླ་དང་བྲལ་བ ་དཔའ་བོ་ཆེ།། རང་རང་རིགས་ཀྱི་ཆོ་ག་དག། རིག་པ་ཇི་བཞིན་མཁས་པས་བརྟགས།། ཐུན་མོང་ཐུན་མོང་མ་ཡིན་པ།། སྐྱེ་ཞིང་འབྱུང་བས་རྩ་བ་སྟེ།། གང་སྐྱེའི་རྐྱེན་ཏེ་དེ་ཡི་སྔགས།། འཇིག་རྟེན་འདས་ཏེ་འཇིག ་རྟེན་པའི།། རང་རང་མཐུ་ཅན་བྱིན་བརླབས་པ།། བརྗོད་དང་འདས་པ་དོན་བྱེད་པ། འདི་ནི་འདས་པ་དོན་གྱི་སྔགས།། རང་སྔགས་གསང་བ་གསང་ཆེན་འདི།། ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ།། དབང་དང་མན་ངག ་ལྡན་པ་ཡིས།། ཡིད་བཞིན་ནོར་བུ་བཞིན་དུ་འགྲུབ།། གནས་གསུམ་ཁྱབ་འཇུག་ཡི་གེ་ལས།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། ཁམས་གསུམ་བྱིན་རླབས་གཟི་བྱིན་བསྡུས།། རང་བཞིན་རྡོ་རྗེ་གསུམ་གནས ་པ།། རྒྱུ་གཉིས་ཚུལ་གྱིས་རང་བཞིན་གནས་པའོ།། རང་བཞིན་ཐབས་ཀྱིས་བྱིན་རླབས་པ།། གནས་གསུམ་གསང་བའི་འཕྲོ་འདུ་ཡིས།། མ་ལུས་ཁྱབ་པ་བྱིན་རླབས་པ།། རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས།། ལྟེ་བ ་རྣམ་གཉིས་ཟླ་བ་ལ།། སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད།། རྗེས་མཐུན་འོད་ཀྱི་ཡོན་ཏན་ལས།། ཡན་ལག་རྫོགས་པའི་གཟི་བྱིན་ལྡན།། རང་སེམས་དྭངས་མའི་ཐིག་ལེ་ཉིད།། མ་ལུས་འཕྲོ་འདུའི་རྩ་བ་སྟེ།། དཔལ་བེའུའི་སྙིང ་པོ་འོད་ཀྱི་མཆོག། ཡེ་ཤེས་སྙིང་པོའི་རང་བཞིན་ནོ།། དམ་པའི་ཐབས་ཆེན་ཀུན་འདུས་པས།། རྣལ་འབྱོར་གང་ཡང་རུང་བ་ཡིས།། བླ་མ་སློབ་དཔོན་མཉེས་བྱས་ཤིང་།། དམ་ཚིག་ཆོ་ག་ལྡན་པ་ཡིས།། ཇི་ལྟར ་བསྒྲུབས་ཀྱང་འགྲུབ་པར་འགྱུར།། དུས་གསུམ་རྒྱལ་བས་བྱིན་རླབས་པ།། ཐམས་ཅད་བདེ་ཆེན་འཁོར་ལོ་མཆོག། གསང་ཆེན་ཐུགས་ཀྱི་སྙིང་པོ་སྟེ།། སྒྱུ་འཕྲུལ་རོལ་པ་ཐལ་པའི་རྒྱུད།། གསང་བའི་དམ་ཚིག་ལ ་ཞུགས་ཤིང་།། སློབ་དཔོན་བསྟེན་ཅིང་དབང་ཐོབ་པ།། ཆགས་པ་ཅན་གྱི་གང་ཟག་ལ།། རྒྱུད་ཆེན་འདི་དག་བསྟན་པར་བྱ།། གསང་བ་ཐབས་ཀྱི་མེ་ལོང་སྟེ།། ཟབ་མོ་མངོན་ཕྱུང་བཤད་དུ ་གསོལ།། ཐབས་དང་ཤེས་རབ་རྣལ་འབྱོར་པའི།། བདེ་བ་མཆོག་ལ་གནས་འདོད་པས།། དེ་ཡི་སྤྱོད་ཡུལ་བསྟན་པ་ཡིན།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། གསང་བ་སྔགས་ཀྱི་ལེའུ་སྟེ་བདུན ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། གསང་བ་གསང་ཆེན་མཐར་ཐུག་པ།། དེ་དག་ཁྱད་པར་གང་ཡིན་པ།། བདག་ཉིད་ཆེན་པོས་བཤད་པར་བྱ།། སངས་རྒྱས་སྐུ་དང་གསུང་དང་ཐུགས།། གསང་བ ་གསུམ་དུ་བསྟན་པ་སྟེ།། ཉན་ཐོས་ལ་སོགས་སྐལ་དམན་པས།། ཡུལ་མིན་མ་རྟོགས་དོན་ཕྱིར་རོ།། ཐམས་ཅད་རང་བཞིན་གང་ཡིན་པ།། བདེ་ཆེན་ཐིག་ལེའི་ངོ་བོ་སྟེ།། ཐོག་མ་ཐ་མར་དྲི་མེད་པ།། རང་བྱུང་གསང ་བཔབ་ཉིད་དུ་བཤད།། གང་ཕྱིར་དམན་ལ་སྦས་པ་ཡི།། ཐབས་ཆེན་གསང་བ་ཟབ་མོ་ཡིས།། ཐབས་ཆེན་དངོས་ཉིད་གསལ་འགྱུར་བ།། གསང་ཆེན་ཐུགས་ཀྱི་རྒྱས་བཏབ་པའོ།། ཐབས་དང་ཤེས་རབ་ལྡན་པ ་ཡི།། དབྱེར་མེད་བདེ་བ་ཆེན་པོ་ནི།། གང་གིས་གང་ལ་རྒྱས་བཏབ་པ།། དེ་དང་དེ་ཡི་ངོ་བོར་འགྱུར།། མཐའ་དང་དབུས་བྲལ་རང་རིག་ཉིད།། དེ་བཞིན་བདེ་བ་ཆེན་པོ་ཉིད།། གཉིས་མེད་ཟུང་དུ་འཇུག་པ ་ནི།། མཐར་ཐུག་ཡེ་ཤེས་ཉིད་དུ་བཤད།། རང་གནས་ཐབས་ཀྱིས་གོམས་པ་ལས།། དགྱེས་པ་ཆེན་པོའི་ངོ་བོ་ནི།། གསང་བ་ཡུམ་གྱི་བདག་ཉིད་དེ།། དམན་པ་རྣམས་ཀྱི་སྤྱོད་ཡུལ་མིན།། རང་བཞིན་ཕྱག་རྒྱ་ཆེན་པོ ་ནི།། བྱེ་བྲག་དུ་མ་གཉིས་གནས་པ།། རང་བྱུང་རྟེན་གྱི་ཐིག་ལེ་ཉིད།། ལུས་ཅན་ཀུན་ལ་རབ་གནས་པ།། བདེ་བ་ཆེན་པོའི་རྒྱས་བཏབ་པའོ།། ཐབས་ཆེན་སྤྱི་ཡི་མཚན་ཉིད་ནི།། སྟེང་འོག་ཐབས་ལས་འབྱུང་བ ་ཡི།། རླུང་དང་ཐིག་ལེ་གོམས་པ་ཡིས།། རྣལ་འབྱོར་རྣམས་ལ་རྒྱས་བཏབ་པའོ།། རང་བྱུང་བདེ་ཆེན་དམ་ཚིག་ནི།། ཐབས་དང་ཤེས་རབ་ལྡན་པ་ཡི།། ཐུགས་ཀྱི་ངོ་བོ་མི་གཡོ་བ།། ཕྱག་རྒྱ་ཆེན་པོར་ཡང་དག ་བཤད།། གསུང་མཆོག་ཆོས་ཀྱི་ཕྱག་རྒྱ་ནི།། གཉིས་མེད་བཅུད་ལས་ཐིག་ལེའི་རྒྱུན།། ཕྱེད་འབྱུང་བརྟན་པ་རང་གསལ་བ།། མ་སྐྱེས་དོན་གྱི་གསུང་སྒྲོགས་པའོ།། ཐབས་དང་ཤེས་རབ་གཉིས་མེད་པའི།། རྐྱེན ་དང་ཐབས་ཀྱི་ཕྱག་རྒྱ་ཡིས།། ཡེ་ཤེས་སྐྱེས་པའི་ལམ་ཡིན་ཏེ།། བསྐྱོད་ཅིང་རྒྱས་འདེབས་དོན་དུ་འདོད།། ཐབས་ཀྱི་ཕྱག་རྒྱ་ཆེན་པོ་ནི།། མ་ལུས་ལྷ་ཡི་རང་བཞིན་ལ།། ཐབས་ཀྱི་བདེ་ཆེན་རྒྱས་བཏབ་པས།། མཐའ ་དབུས་མེད་པར་གསལ་བ་ལས།། རང་བྱུང་ཐབས་དང་བཅས་པ་ཡི།། རང་རིག་བདེ་ཆེན་འབར་བ་ཡིས།། ཐམས་ཅད་མ་ལུས་ཁྱབ་པ་ཡི།། རང་རིག་བདེ་ཆེན་ཕྱག་རྒྱར་གསལ།། འདུལ་བའི་སྐྱེ་བོ་དཔག་མེད ་ལ།། ཐབས་མཆོག་མོས་དང་འཚམས་པ་བཞིན།། བྱ་བྱེད་མེད་པར་རང་སྣང་བ།། བདེ་བ་ཆེན་པོའི་མཛད་པ་ཡིན།། བསྐུལ་བའི་ཚུལ་གྱིས་ལན་བླན་པ།། འདུས་པས་སྦྱར་བས་ཉམས་སྐྱེས་པ།། ཐུན ་མོང་མ་ཡིན་སྟེང་འོག་ཐབས།། བསྐུལ་བའི་རང་བཞིན་བསྟན་པ་ཡིན།། འགྲོ་བ་ཆགས་ཅན་གང་ཟག་ལ།། ཐབས་ཆེན་གསང་བ་འདི་བསྟན་པས།། མེ་ཏོག་ལ་ནི་ཆུ་བཞིན་དུ།། བདེ་ཆེན་འབྲས་བུ་ཐེ་ཚོམ ་མེད།། རང་བཞིན་དམན་དང་ཐེག་པ་དམན།། དབང་དང་མན་ངག་མེད་པ་ལ།། བསྐལ་པ་བྱེ་བར་ཅི་བསྟན་ཀྱང་།། དོན་མེད་ངན་འགྲོར་ལྟུང་བར་འགྱུར།། གསང་ཡུམ་ཐབས་ཀྱི་སྤྱོད་པ་ཡིས།། ཤེས་རབ་གསུམ ་ལ་ཉམས་སྦྱར་ན།། སྐལ་ལྡན་རྣལ་འབྱོར་ཕོ་མོ་རྣམས།། ཆོས་འདིས་གྲོལ་བར་ཐེ་ཚོམ་མེད།། ཐ་མལ་ཕྱག་རྒྱ་རང་འགྱུར་ཞིང་།། ལུས་ཅན་ཐབས་ཀྱིས་མངོན་སྦྱར་བས།། ཕྱི་ནང་སྣོད་བཅུད་མ་ལུས་པ།། བདེ་ཆེན ་ཕྱག་རྒྱར་ཐེ་ཚོམ་མེད།། བདེ་ཆེན་ལས་བྱུང་འབྱུང་བཟློག་རྣམས།། བདེ་ཆེན་ཐིག་ལེས་བགྲོད་པའི་ལམ།། གསང་བའི་འབྲས་བུ་མངོན་ཐོབ་ལམ།། བཅུ་དྲུག་ཆ་ལ་རང་གནས་པའོ།། ཉི་ཟླ་འབར་བའི་དྲོད་གཤེར ་ལས།། ལུས་སེམས་ཞིང་ས་ས་བོན་ལས།། དངོས་གྲུབ་ལོ་ཐོག་ཕུན་སུམ་ཚོགས།། མ་ལུས་ཀུན་གྱི་གཞིར་འགྱུར་བ།། ཐིག་ལེས་ཕྱོགས་ཆ་ཀུན་ཁྱབ་པ།། ལུས་ཅན་རྩ་ལ་རྒྱུ་བ་ཉིད།། ཐབས་ཆེན་ལྡན་པས་མངོན ་སུམ་སྟེ།། ཐབས་བྲལ་ལམ་རྒྱས་བཏབ་པ་ཡིན།། སྟེང་འོག་ལམ་ལ་གོམས་བྱས་ཤིང་།། མེ་རླུང་སེམས་ལ་གསལ་བརྟན་ན།། རྣམ་སྨིན་སྙིགས་མར་བཅས་པ་འདི།། རྡོ་རྗེའི་ལུས་འགྱུར་ཐེ་ཚོམ་མེད།། འབྱེད་དང ་སྡུད་དང་གཡོ་དང་བསྐྱོད།། འབེབས་དང་འདྲེན་དང་ཁྱབ་པ་དང་།། གནོད་དང་འབྱུང་སོགས་ལས་བྱེད་པ།། བསྐྱོད་པ་རླུང་གི་ཕྱག་རྒྱར་འདོད།། འབར་དང་སྨིན་དང་བཞུ་བ་དང་།། གསང་དང་བདེ་བ་ཟད་བྱེད ་ཅིང་།། ལུས་གནས་ལ་སོགས་ལས་བྱེད་པ།། སྦྱོར་བ་མེ་ཡི་ཕྱག་རྒྱ་བཤད།། སྔ་མའི་ལམ་ནི་གོམས་པ་ལས།། འཁོར་ལོ་འབྱུང་བའི་ཕྱག་རྒྱ་མཆོག། འཛག་དང་བསིལ་དང་འབྱུང་བ་དང་།། གང་དང་མྱང་དང ་འགགས་ལ་སོགས།། བཅུད་ཀྱི་གསོ་བའི་ཐིག་ལེའི་ཆུ།། མ་ལུས་བདེ་བ་ཆེན་པོ་སྟེ།། ཁྱབ་པ་རང་རིག་མི་རྟོག་པ།། རང་བྱུང་ཡེ་ཤེས་རྒྱུ་འབྲས་འདས།། བདེ་བ་ཆེན་པོ་ནམ་མཁའི་ཁམས།། མ་ལུས་འདུས ་པའི་ཐིག་ལེ་ནི།། དྭངས་མའི་སྙིང་པོ་བདེ་ཆེན་པོ།། གསང་བའི་ཐབས་ལ་བརྟེན་པ་ཡིན།། མ་ལུས་བདེ་བ་ཆེན་པོར་འགྱུར།། དྲངས་སྙིགས་ཕྱེ་བའི་ཐིག་ལེ་ཡིས།། ཁུ་བ་རྩི་ཡི་ཚུལ་དག་གིས།། ཁྱབ་པས་བདེ་ཆེན ་དངོས་མེད་པར།། རང་བྱུང་ནམ་མཁའ་ལྟ་བུར་བཤད།། གསང་ཡུམ་སྙིང་པོ་འདུས་མ་བྱས།། བདེ་བ་རང་རིག་དངོས་མེད་གསལ།། གཉིས་མེད་ཐིག་ལེ་འཕྲོ་འདུ་མེད།། མཉམ་པ་ཆེན་པོ་ཆོས་ཀྱི་དབྱིངས།། ཐབས ་དང་ཤེས་རབ་གཉིས་མེད་པའི།། འབྱུང་བ་གསང་བའི་ཐིག་ལེ་ནི།། མི་བསྐྱོད་རྡོ་རྗེ་རྩེ་ལྔ་པ།། ཉི་མ་ཐིག་ལེ་ཡི་གེ་དངོས།། རིན་ཆེན་པར་བུའི་ཉི་ལྔ་ལ།། ཟླ་བའི་ཐིག་ལེ་ཡི་གེ་ཉིད།། ཐིག་ལེ་ཟབས ་ཤེས་ལྔ་གཉིས་རྣམས།། ཕྲད་པའི་དུས་ལ་རང་སྣང་བའི།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་།། དབྱིངས་དང་ཡེ་ཤེས་བདག་པོ་ཉིད།། ཨོཾ་དང་མཱཾ་དུ་བདག་པོ་གནས།། རང་རང་འདབ་མའི་ཐིག་ལེ་རྣམས།། རང ་གི་གནས་ཀྱིས་བསྣོལ་མར་འགྱུར།། རབ་ཏུ་འདྲེས་པར་འགྱུར་བ་ལས།། རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ།། མྱང་ཕྱིར་ཐོབ་པ་ཞེས་སུ་གསུངས།། གང་དུ་ཐབས་ཆེན་ལས་བྱུང་བའི།། འབྲེལ་བའི་ཐབས་ཆེན་མངོན ་སྣང་བ།། ཐིག་ལེ་བཞིས་བསྡུས་གཅིག་ཏུ་འགྱུར།། རླུང་གིས་བསྡུས་པར་བཀན་པར་བརྗོད།། ཞལ་གྱི་ལམ་དག་རྒྱས་པ་ནི།། ཕྱག་རྒྱ་འབར་བ་ཞེས་བྱའི་སྒྲ།། ཟླ་བ་ཉི་མ་བསྒྲིབས་པ་ཡིས།། ཆུ་སྐྱེས་རབ་ཏུ་རྒྱས་པ ་ཡི།། དྲིལ་བུ་སྒྲ་དང་ལྡན་པའོ།། ཕྱེད་ཕྱུང་ཚུལ་གྱིས་གར་བསྐྱོད་པ།། ལྟུང་བ་མེད་ཕྱིར་བརྟན་པར་བཤད།། ཟླ་བ་ཐིག་ལེ་རྗེས་མཐུན་པར།། དྲིལ་བུ་ཕྱེད་ཀྱིས་འབྱོར་དགྱེས་པ།། མཐའ་གཉིས་བྲལ་བའི་བྱང ་ཆུབ་སེམས།། ཕྱག་རྒྱ་ཆེན་པོར་འདི་བརྗོད་དེ།། ཨེ་ལ་བཾ་གྱིས་བརྒྱན་པའོ།། ཐབས་ཆེན་ཕྱག་རྒྱ་བསམ་མི་ཁྱབ།། བཅུ་དྲུག་བདེ་ཆེན་འགྲོ་འོད་མེད།། ཐིག་ལེ་བདེ་བས་རྒྱས་བཏབ་པའོ།། གསང་བའི་ཐིག་ལེ་ཆེན ་པོ་ནི།། ཡོན་ཏན་རྫོགས་པའི་བདག་ཉིད་དེ།། མ་ལུས་བདེ་བར་རྒྱས་ཐེབས་པས།། ཐམས་ཅད་གཅིག་པའི་ཕྱག་རྒྱར་གསལ།། བདེ་ཆེན་ཐིག་ལེའི་ཕྱག་རྒྱ་འདིས།། ཇི་སྙེད་ཕྱི་ནང་དངོས་པོ་དག། ནམ་མཁའི ་དབྱིངས་དང་མཉམ་པ་དག། མ་ཐེབས་པ་ནི་ཡོད་མ་ཡིན།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས།། གསང་བ་གསུམ་བཀོད་ཅིང་རྒྱས་བཏབ་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གཞན་ཡང་བཤད་བྱ ་བ།། ཐུན་མོང་ཐུན་མོང་མ་ཡིན་པའི།། གསང་བའི་དམ་ཚིག་ཁྱད་པར་དག། དེ་ནས་རིམ་པར་བཤད་པར་བྱ།། གང་ཞིག་གང་གིས་གང་ཐོབ་པ།། ལུས་དང་ངག་སེམས་ཅི་འཚམས་པར།། བསྲུང་བྱ་མ་ལུས་འདིར ་འདུས་པ།། དེ་དག་དམ་ཚིག་མདོར་བཤད་པའོ།། འཁོར་བ་ཐབས་ཀྱིས་གཉེན་པོ་སེལ།། སངས་རྒྱས་འཁོར་ལོ་བསྟོད་བྱེད་ཅིང་།། དབང་བསྐུར་ཐབས་ཀྱིས་ཐོབ་པ་དང་།། བདུད་རྩི་སྙིང་ལ་འཇོག་པ་དང་།། དམ ་པ་གསལ་བར་སྟོན་པ་དང་།། སློབ་དཔོན་སངས་རྒྱས་མཉམ་པར་བཤད།། མི་འབྲལ་སྲོག་གིས་བསྡུས་པ་ཡི།། དང་པོ་ནས་གསུང་མཐར་ཐུག་པར།། མེ་དང་འོད་དག་གཅིག་པ་ལྟར།། རིག་པར་སྒོ་གསུམ་བཀུར ་བར་བྱ།། བླ་ན་མེད་པ་བྱང་ཆུབ་སེམས།། རིམ་པ་བཞིན་དུ་བསྐྱེད་པར་བྱ།། བླངས་བསྟན་མཐར་རྫོགས་སྙིང་པོའི་བར།། བརྟན་ཞིང་ངེས་པར་གཟུང་བར་བྱ།། གསང་བ་ཐབས་ཀྱི་རྒྱས་བཏབ་ནས།། མ་ལུས་ཕྱག ་རྒྱ་རང་གི་ལྷ།། སྒོ་གསུམ་བར་ཆད་མེད་པ་ནི།། གསུང་གི་དམ་ཚིག་གསང་བའོ།། མ་ལུས་དམ་པར་བྱིན་རློབ་པའི།། རྡོ་རྗེ་འདུས་པའི་ཆུ་བོ་འདི།། སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ཏེ།། སྤེལ་ན་དམ ་ཚིག་ཉམས་པར་འགྱུར།། ཞིང་བཅུ་ཐབས་ཀྱིས་སྒྲོལ་བ་དང་།། མ་བྱིན་པར་ནི་ལེན་པ་དང་།། རྫུན་དུ་སྨྲ་བར་བྱ་བ་དང་།། གཟུངས་མ་དག་ལ་སྦྱར་བ་དང་།། བླང་བའི་དམ་ཚིག་སྤྱད་པ་ནི།། རྣལ་འབྱོར་སྐྱེས་བུར ་ཤེས་པར་བྱ།། ཉོན་མོངས་ལྔ་དང་འདོད་ཡོན་ལྔ།། རྟེན་དང་ཤེས་པ་ལ་སོགས་པ།། རྣལ་འབྱོར་སྐྱེས་བུས་ཉམས་སུ་བླངས།། འདི་ནི་ཐུན་མོང་དམ་ཚིག་སྟེ།། རྣལ་འབྱོར་པ་ཡིས་བསྲུང་བར་བྱ།། བདུད་རྩི་ལྔ་དང་ཤ ་ལྔ་དང་།། འབྱུང་ལྔ་ལུས་ཀྱི་བདུད་རྩི་དག། འཁོར་ལོ་ཐབས་ཀྱི་ཁྱད་པར་དག། བཅུད་ནི་གསང་བར་བརྟེན་པར་བྱ།། དཀའ་ཐུབ་ཅན་དང་ཐ་མལ་དང་།། འཇིག་རྟེན་གྲགས་པས་སྤངས་པ་ཡི།། སྤྱད་པ་དང་ནི་རྟེན ་པ་དང་།། རང་ཉམས་ཐབས་དང་ལྡན་པས་སྤྱད།། རང་ལུས་བཅུད་ཀྱི་བདུད་རྩི་ཡིས།། རང་རིག་བདེ་ཆེན་མི་རྟོག་པ།། གསང་བ་ཐབས་ཆེན་ལྡན་པ་ཡིས།། བདུད་རྩིའི་བཅུད་ཀྱིས་ཡིད་ཚིམ་བྱ།། ནམ་མཁའི་བདུད ་རྩི་མྱང་བ་ལས།། ཟག་མེད་བདེ་བས་ཁྱབ་པ་ན།། ཚེ་དང་མངོན་ཤེས་རྫུ་འཕྲུལ་དང་།། དངོས་གྲུབ་མཆོག་ནི་འབྱུང་བར་འགྱུར།། བསྐྱོད་པ་རླུང་གི་ཕྱག་རྒྱ་ལས།། ཐམས་ཅད་ལྡན་པས་བསྐུལ་བསྐྱོད་པས།། སྟེང ་འོག་རང་བཞིན་དྲོད་བསྐུལ་བས།། འབྱུང་བ་དྲོད་ལྡན་འབྱུང་བ་ཡིས།། རང་བྱུང་བདེ་བའི་འཁོར་ལོ་རིམ།། ཐོགས་མེད་འབྱུང་བར་ཐེ་ཚོམ་མེད།། རང་བྱུང་འཁོར་ལོ་བཞིའི་ཡུལ་ལ། ཏིང་འཛིན་བལྟ་བས་གང ་བསྐུལ་བ།། གནས་བཞི་ཐིག་ལེ་བདེ་བའི་རོ།། གསལ་འགྲུབ་མཉམ་པ་ཆེན་པོར་མཐོང་།། དྷརྨྨ་ཙཀྲ་སྙིང་འཁོར་ལོ།། དྲངས་མ་ལྔ་དང་ས་བོན་དྲུག། རྩ་བཞི་འོད་དང་སྙིང་པོ་གསུམ།། ཐུགས་ལས་འོད་བྱུང་རིམ ་བསྐུལ་བས།། བསྲེག་བཞུ་རིམ་ཐིམ་གནས་ཐིག་ལེའི།། ནམ་མཁའི་ཡེ་ཤེས་གསལ་བར་མཐོང་།། རང་བྱུང་ཡེ་ཤེས་ཐིག་ལེའི་དབྱིངས།། རྐྱེན་བྲལ་ཐིག་ལེ་མེད་པ་སྟེ།། ཐབས་ལྡན་འཛག་པས་བདེ་བ་བསྐྱེད།། དེ ་ཉིད་བདེ་བས་ཐིག་ལེའི་དབྱིངས།། ལུས་ནི་ལྷ་སྟེ་བདེ་ཆེན་པོ།། དཀའ་ཐུབ་གདུག་སྩོགས་བྱ་བ་མིན།། འདོད་ལྔ་ཐབས་ཀྱི་བཅུད་ཆེན་གྱིས།། རྟག་ཏུ་ཐབས་ཀྱིས་མཆོད་པར་བྱ།། རྣལ་འབྱོར་སྐབས་ཀྱི་ལས་ལྡན ་ལ།། ལུས་དང་དབང་པོ་དར་བ་དང་།། འདོད་རྟེན་བརྟུལ་ཞུགས་ལྡན་པ་ཡི།། གང་ཟག་ཕོ་མོ་སྤྱོད་ཡུལ་ཡིན།། ཐུན་མོང་མིན་པའི་དམ་ཚིག་འདི།། དམན་དང་དཀའ་ཐུབ་དྲན་པ་དང་།། རྒས་དང་རྒུད་དང་བྱ་བ ་མང་།། འདོད་པ་བྲལ་མཐའི་བཏང་སྙོམས་པ།། མ་རབས་རྣམས་ཀྱི་སྤྱོད་ཡུལ་མིན།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས།། གསང་བ་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ ་བ།། སྐལ་ལྡན་རྣལ་འབྱོར་ལམ་གཞག་ཕྱིར།། རིམ་པ་ལྔ་ལས་རིམ་འབྱོར་བའི།། དབང་གི་ཁྱད་པར་བཤད་པར་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ནི།། དབང་བསྐུར་གནས་པ་རྨད་བྱུང ་བ།། དཀྱིལ་འཁོར་སློབ་དཔོན་སློབ་མ་དག། བྱིན་རླབས་ཏིང་འཛིན་ལས་ཚོགས་ཀྱིས།། སྐལ་ལྡན་རིམ་པར་དབང་བསྐུར་བས།། གོང་ནས་གོང་དུ་སྨིན་པར་བྱེད།། བརྒྱུད་པའི་རིམ་པ་དང་བྲལ་ན།། འཇུག་པའི ་རིམ་པ་ཉམས་པར་འགྱུར།། འཁོར་བའི་རྒྱ་མཚོར་ལྟུང་བར་འགྱུར།། ཕྱི་ནང་གསང་བའི་ཁྱད་པར་དག། བཅུད་ཀྱི་ཐིག་ལེ་ཉམས་པ་ཡིན།། ཇི་སྙེད་ཕ་རོལ་བཤད་པ་ཡིས།། འཛིན་བྲལ་རང་རིག་ཉིད་དུ ་མཉམ།། ཐིག་ལེ་རྩ་དང་ཐབས་ལྡན་ན།། རིགས་དང་ན་ཚོད་ལོ་གྲངས་དང་།། རབ་འབྲིང་ཐ་མ་ཁྱད་པར་དང་།། ཐིག་ལེ་སྐྱེ་བའི་ཞིང་དུ་མཉམ།། གོང་དུ་བཞི་ཡི་ཁྱད་པར་བརྟགས།། རིགས་དང་དད་པ་ལུས་ངག ་སེམས།། རིམ་པ་ཇི་བཞིན་བརྟག་པར་བྱ།། དེ་ནས་རིགས་ཀྱི་བདག་པོ་ལ།། རྩོད་པ་མེད་པར་བླང་བར་བྱ།། ཐབས་ཀྱི་ཆོ་གས་ནན་ཏན་གྱིས།། བདག་ཉིད་དབང་དུ་གྱུར་པར་བྱ།། ཕྱི་ནང་གསང་བའི་སྔགས་རྫས ་དག། སྐྱོན་མེད་དག་པར་སྦྱང་བར་བྱ།། ལུས་ངག་གསང་བའི་གནས་དག་ནི།། ཆོ་ག་ལྡན་པར་བྱིན་གྱིས་བརླབ།། གང་དུ་དགོས་པའི་ཆོས་མཐུན་ལྟར།། གཟུང་བའི་ཚུལ་དུ་བརྩམ་པར་བྱ།། བར་ཆད་མ་ལུས་ཞི། ་བའི་ཕྱིར།། བསྲུང་བའི་ཆོ་ག་བརྩམ་པར་བྱ།། ལུས་དང་རྩ་དང་ལོ་གྲངས་སོགས།། ཇི་བཞིན་མ་ཡིན་ཐབས་མཚོན་པས།། སོར་བཞི་ནམ་མཁའ་དབྱིངས་ཀྱི་བར།། ཉམས་ཀྱི་ཚད་ཀྱང་བསྟན་པ་ཡིན།། གྲུ་བཞི་ཚད ་ལྡན་དཀྱིལ་འཁོར་ལ།། ཇི་ལྟར་རྒྱུ་བའི་རང་བཞིན་དག། འདི་དག་དཀྱིལ་འཁོར་མཚོན་པ་སྟེ།། མི་འགྲུབ་མཚོན་པ་ལེགས་པར་བཤད།། ལུས་ངག་ཕུང་ཁམས་སྐྱེ་མཆེད་དག། བདེ་ཆེན་ལྷར་བཅས་སྐུ ་གསུང་ཐུགས།། བྷ་ག་དཀྱིལ་འཁོར་རྒྱན་དང་བཅས།། ཡེ་ཤེས་ལྔ་མཚོན་བདག་ཉིད་དོ།། ཆོ་ག་སྔགས་དང་ཕྱག་རྒྱ་ཡིས།། རང་ལྷར་གསལ་ནས་གནས་ལྔ་དག། གསལ་བའི་ཁྱད་པར་ཇི་བཞིན་དུ།། བདག་གམ ་གཞན་གྱིས་བྱིན་གྱིས་བརླབ།། རང་ལུས་ངག་སེམས་སྐུ་གསུང་ཐུགས།། བསྐྱེད་པའི་དཀྱིལ་འཁོར་རང་གསལ་བ།། ནམ་མཁའ་ཁྱབ་པའི་བྱིན་བསྡུས་ཏེ།། ལུས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ།། གསང་བ ་གཉིས་ཀྱི་དཀྱིལ་འཁོར་དུ།། བདེ་བའི་ཐིག་ལེ་བཅུད་སྦྱར་ཏེ།། མེ་ལྷ་གཉིས་ཀྱི་ཞལ་དུ་བསྟབ།། དགྱེས་པ་ཕུན་སུམ་ཚོགས་པར་འགྱུར།། ཤེས་རབ་ཐབས་ཀྱི་རྩ་གནས་སུ།། དྲ་བའི་ཐིག་ལེ་ཡི་གེ་ཉིད།། སྒྱུ་འཕྲུལ ་དཀྱིལ་འཁོར་གཉིས་སུ་བརླབ།། བྷ་ག་འདུས་པའི་ཉུང་འབྲུ་རུ།། ཁམས་གསུམ་འགྲོ་རྣམས་བསྡུས་བྱས་ཏེ།། རྟོག་ཚོགས་དཀྱིལ་འཁོར་མངོན་དུ་བྱ།། ཕྱོགས་བཅུ་དུས་བཞི་སྤྱན་དྲངས་ཏེ།། སངས་རྒྱས་ཐིག་ལེར ་གྱུར་པ་ཡིས།། རྩེ་ཐིམ་བཅུད་ཀྱི་ཐིག་ལེ་ཡིས།། བདེ་བ་ཆེན་པོར་བྱིན་གྱིས་བརླབ།། ཐབས་དང་ཤེས་རབ་འདུས་པ་ཡིས།། ཉི་ཟླ་རྟེན་གྱི་ཐིག་ལེ་དག། སྟེན་པ་རླུང་གི་ཟབས་བསྐུར་བས།། ཐོགས ་མེད་ལྷན་ཅིག་སྐྱེས་པར་འབྱུང་།། ས་བོན་རིམ་པར་འཕེལ་བའམ།། ཚེས་ནས་ཟླ་བ་བཅུ་དྲུག་ལྟར།། བར་ཆད་བསལ་བས་གོམས་གྱུར་ན།། བདེ་ཆེན་ནམ་མཁའ་ལྟ་བུར་འགྱུར།། རླུང་གིས་ཟིན་དང་མ་ཟིན ་ལས།། ཆགས་དང་མ་ཆགས་བདེ་བ་འབྱུང་།། དུག་ལ་ཐབས་དང་ལྡན་བྲལ་ལྟར།། འཆིང་དང་གྲོལ་བར་སྣང་བ་ཡིན།། གང་ཞིག་ཐབས་ཀྱིས་མ་ཟིན་པར།། ཆགས་པའི་བདེ་བ་གང་བསྟེན་པ།། ཐར་མེད་འཁོར ་བའི་ས་བོན་ཏེ།། བསྐལ་པ་བྱེ་བར་སྲིན་བུར་ལྟུང་།། མ་ཆགས་ཐབས་བྲལ་འཁོར་བ་སྟེ།། ཆགས་པ་ཐབས་བྲལ་འཁོར་བ་ཉིད།། ཐབས་ཆེན་ལྡན་པའི་རྣལ་འབྱོར་ལ།། ཐམས་ཅད་བདེ་བ་ཆེན་པོར་གནས།། ཐིག ་ལེ་ཆེན་པོའི་རང་བཞིན་ལ།། ཇི་ལྟར་ཡོན་ཏན་ཀུན་འདུས་པས།། ཐབས་ཟིན་རོས་ནི་ནམ་མཁའ་ལྟར།། ཐམས་ཅད་ཁྱབ་པའི་ཚུལ་དུ་སྣང་།། རང་བྱུང་བདེ་བའི་ཐིག་ལེ་ཉིད།། ཟིན་ནས་གསང་བའི་མཐར་ཕྱིན ་པས།། དང་པོ་རྟེན་ཅན་དབང་པོ་ལྔ།། བདེ་བའི་ཐིག་ལེས་རྒྱས་བཏབ་ལ།། དེ་ནས་རྟེན་མེད་ཉམས་མྱོང་གིས།། ཐབས་དང་འཛིན་པ་བསམ་ཡས་པས།། ཐམས་ཅད་བདེ་ཆེན་ངོ་བོར་གསལ།། ཇི་སྙེད་ཆོས་ཀུན་མ ་ལུས་པ།། རྒྱ་མཚོ་ལ་ནི་ཆུ་ཀླུང་ལྟར།། ཐ་དད་སྣང་བ་མ་ཡིན་ཏེ།། བདེ་ཆེན་ཐིག་ལེའི་ངོ་བོར་ཐིམ།། རང་བྱུང་ཉམས་ལ་བརྟན་ཐོས་པས།། ཕྱི་ནང་བདེ་ཆེན་རང་རིག་པས།། ཤེས་པ་འཇུག་པའི་ཡུལ་ལས ་འདས།། རིག་པའི་ཐིག་ལེ་སྐྱེ་བ་མེད།། བདེ་ཆེན་ཐིག་ལེ་ཁྱབ་པ་ལ།། རླུང་དང་ཐིག་ལེ་འགྲོ་འོད་མེད།། འཕེལ་བ་མེད་ཅིང་འགྲིབ་པ་མེད།། རྒྱུ་འབྲས་མེད་ཅིང་རིམ་པ་མེད།། ནམ་མཁའ་ལ་ནི་རང་སྣང ་བཞིན།། རྟོག་པའི་དབང་པོ་དག་པ་ལས།། དབང་ཡུལ་ལ་སོགས་གང་སྣང་བ།། བདེ་བ་ཆེན་པོའི་རང་བཞིན་གསལ།། འདིས་ནི་ནམ་མཁའི་མཐར་ཐུག་པར།། ཆོས་དབྱིངས་མཉམ་དང་མི་མཉམ་པར།། བདེ་བ ་ཆེན་པོ་ཆོས་ཀྱི་དབྱིངས།། གསང་བ་གཉིས་མེད་དག་པའོ།། སངས་རྒྱས་ཀུན་གྱི་བསྔགས་པ་ཡི།། གསང་བའི་དམ་ཚིག་ཆེན་པོ་འདི།། མུ་སྟེགས་ཅན་དང་དཀའ་ཐུབ་ཅན།། དམན་པའི་རིགས་ཅན་ཡུལ་མ ་ཡིན།། བདེ་བ་མེད་པའི་ཆགས་བྲལ་འདི།། ནམ་མཁའ་ལ་ནི་མྱུ་གུ་ལྟར།། བདེ་བ་ཆེན་པོ་ཐིག་ལེ་ཉིད།། འབྱུང་བར་ནུས་པ་མ་ཡིན་ནོ།། ཐིག་ལེ་ཐབས་ཀྱིས་མ་ཟིན་པ།། གང་གིས་ཞེན་པས་དེ་སྤྱད་པས།། ཐ་མལ ་པ་དང་མུ་སྟེགས་ཀྱི།། ལོག་པའི་ལམ་དུ་ལྟུང་འགྱུར་བས།། ཟག་པས་རྒས་དང་རྒུད་པ་དང་།། ཉམས་དང་བརྒྱལ་དང་ནད་གཟིར་དང་།། ལོག་པའི་གདུང་བས་གཟིར་བ་དང་།། རིགས་ངན་མངལ་དུ་སྐྱེ་བར ་འགྱུར།། རྟག་ཏུ་འདོད་ལ་ཞེན་པ་ནི།། དེ་བཞིན་ཞེན་པས་སེལ་བར་བྱེད།། སྤོང་དང་འགེག་པ་སྲེད་འཕེལ་ཏེ།། དབུལ་པོ་ཡོ་བྱད་བྲལ་བ་བཞིན།། བདེ་ཆེན་ཐིག་ལེའི་མན་ངག་འདི།། རིག་པ་སོ་སོར ་གནས་སུ་བསྟིམ།། བསྐྱོད་པ་ཧ་ཡིས་བསྐུལ་བ་ཡིས།། བདག་ཉིད་ཆེན་པོ་ལྔ་ཡི་རྒྱུན།། སྟེང་སྒོ་ནས་བྱུང་བདེ་བའི་བཅུད།། སོ་སོའི་བཞི་བཅུ་གཉིས་ལ་ཐིམ།། ཀུན་ནས་བདེ་བའི་ཡེ་ཤེས་ཆེ།། རྒྱལ་བ་མཉེས་པའི ་མཆོག་ཏུ་གསུངས།། བཅོ་བརྒྱད་ཕྲག་གཉིས་བུམ་པ་དང་།། དྲུག་གཉིས་གཟེར་གྱིས་སྦྱངས་ནས་ནི།། དབང་བསྐུར་བྱིན་རླབས་བདེ་ཐོབ་པ།། ཐེག་པ་ཆེན་པོར་དབུགས་ཕྱུང་བའོ།། དབུལ་བའི་ཁྱད་པར་དང ་སྦྱར་ནས།། དཀྱིལ་འཁོར་གཉིས་ལ་བརྟེན་གོམས་ནས།། ཕྲ་བའི་ཁྱད་པར་ནས་བསམ་ནས།། ནམ་མཁའི་མཐར་ཟུག་བར་དུ་བྱ།། ཕྱི་ནང་གསང་བའི་དཀྱིལ་འཁོར་དུ།། བྱ་བའི་ལས་རྣམས་མཐར་ཕྱིན ་ནས།། འཇུག་དང་ཉམས་རྙེད་བླ་མ་ཡིས།། སློབ་མའི་རིམ་པ་སྨིན་པའི་ཕྱིར།། འཇུག་པའི་ཆོ་ག་ཚུལ་བཞིན་བྱ།། དཀྱིལ་འཁོར་གང་དང་འཚམས་པ་ལ། འཇུག་པའི་ཆོ་ག་རྒྱས་བྱས་པས།། བདག་གཞན་ནུས་པ ་མཐར་ཕྱིན་པས།། བདེ་ཆེན་ལྷུན་གྱིས་གྲུབ་པར་འགྱུར།། བླ་མེད་དབང་ཕྱུག་མཉེས་བྱའི་ཕྱིར།། རིགས་སམ་ཡང་ན་འབྱོར་པ་ཡི།། སེར་སྣ་སྤངས་པའི་ཟང་ཟིང་དག། ཕོངས་པ་མེད་པའི་སེམས་ཀྱིས་དབུལ།། གང ་དུ་དད་དང་བརྩོན་འགྲུས་དང་།། བརྟུལ་ཞུགས་གསུམ་དང་ལྡན་པ་ལ།། ས་བོན་འཇུག་དང་ནུས་བྱེད་ནས།། བདེ་བའི་དབང་ནི་རིམ་བཞིན་སྦྱིན།། ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས།། སོར་བཞི་ཚད་དུ་རང ་བཞིན་གནས།། བདེ་བ་ཡེ་ཤེས་ཐུགས་དཀྱིལ་འཁོར།། ཁ་དོག་དབྱིབས་དང་ལྡན་པར་བྱ།། ཐབས་ཀྱི་རང་གནས་ཆོ་གར་ལྡན།། འཇུག་པ་པོས་ཀྱང་གསོལ་བ་གདབ།། ཐབས་དང་ཤེས་རབ་ཉི་ཟླའི་འབྲུ།། ཕྲ་མོ ་གསལ་བའི་རང་བཞིན་ལ།། རྒྱལ་བའི་དཀྱིལ་འཁོར་ལྷུན་རྫོགས་པ།། གསལ་བར་གནས་པ་བྲིས་པ་ཡིན།། ཐལ་མོ་ཞེས་བྱ་སྡེབས་པའི་སྒྲ།། དབང་པོ་ཡུལ་དུ་རབ་སྦྱོར་བས།། ཕྱག་རྒྱ་ཆེན་པོ་ནམ་མཁའི ་དབྱིངས།། བརྟུལ་ཞུགས་ཆེན་པོའི་དང་དུ་བླངས།། རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ།། ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ།། རི་རབ་གཅིག་གི་ཕྱག་རྒྱ་དགོད།། ཐབས་ཀྱི་ཆོ་ག་རབ་གནས་བྱ།། གསང་བའི་ཆོ་ག ་ལུགས་སུ་དབུལ།། དབང་བསྒྱུར་ཕྱག་རྒྱ་ལ་གནས་པས།། རང་བྱུང་ཐིག་ལེ་རྒྱ་ཚིགས་འགྲུབ།། བཅུ་དྲུག་ཚུལ་གྱིས་འགྲུབ་པ་ནི།། གསང་བའི་ཡོ་བྱད་ལྡན་པ་ཡི།། གསང་བའི་གནས་ལ་སྦྱར་བརྩོན་པས།། ཟླ་བ ་འཕེལ་བའི་རིམ་པ་བཞིན།། བདེ་བ་ཆེན་པོ་རྫོགས་པར་འགྱུར།། མ་ཉམས་ཐབས་དང་ཉམས་ལྡན་པས།། ལོ་ཟླ་ཚེས་གྲངས་རབ་འབྲིང་གིས།། དབང་བསྒྱུར་ཕྱག་རྒྱ་ལ་གནས་པས།། རང་བྱུང་ཐིག་ལེ་སྣ་ཚོགས ་འགྲུབ།། བཅུ་དྲུག་ཚུལ་གྱིས་འགྲུབ་པ་ནི།། བདག་གཞན་བྱ་བ་མཐར་ཕྱིན་པ།། བདེ་ཆེན་སྟོང་ཉིད་ཐིག་ལེ་ལ།། རོལ་པའི་ཐིག་ལེར་རང་ཤར་བ།། དགག་བསྒྲུབ་མེད་པའི་ཚུལ་གྱིས་སྣང་།། བདེ ་འདུས་ཡེ་ཤེས་ཐིག་ལེ་ལ།། མཐའ་ཡས་ཡེ་ཤེས་རང་སྣང་བ།། རང་བྱུང་ཐིག་ལེ་བདེ་ཆེན་ལས།། མ་བཙལ་ལྷུན་གྲུབ་རིག་འཛིན་མཆོག། བདེ་ཆེན་རིག་པ་ལས་བྱུང་བའི།། ཞིང་ཁམས་གཞལ་ཡས་སྐུ ་གསུང་ཐུགས།། གཅིག་དང་དུ་མ་ལས་འདས་པ།། གསང་བ་ཆེན་པོའི་མཚན་ཉིད་དོ།། དེ་ནས་གཞན་ཡང་བཤད་བྱ་བ།། ཐུན་མོང་བྱིན་རླབས་དཀྱིལ་འཁོར་དུ།། རིགས་ལྡན་བརྩོན་འགྲུས་ཅན་དག་ལ།། རྒྱལ་པོ ་ལྟ་བུ་གང་བྱིན་པ།། ཁམས་བཅུད་བདེ་བའི་ལམ་ཉིད་དུ།། དབུ་མ་བཅུད་ལྡན་མཚན་ལྡན་པ།། དྲ་བའི་རྩ་དང་དབང་པོ་དང་།། ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ།། ཧཱུཾ་གི་བདེ་བ་ཡེ་ཤེས་བཅས།། ཚོགས་བརྒྱད་རང ་བཞིན་ཡེ་ཤེས་ལྔ།། སྔགས་རྫས་དགོངས་པས་གང་བསླངས་པ།། ཀུན་ནས་ལྡན་ཞིང་སྐྱོབ་པ་ཡིས།། སྡུག་བསྔལ་ལས་གྲོལ་རིགས་སུ་ངེས།། སྤྱི་མགྲིན་སྙིང་དང་ཡན་ལག་སོགས།། རང་བྱུང་རྟེན་གྱི་ཐིག་ལེ ་ལས།། རིགས་ཀྱི་ཕྱག་རྒྱ་གསལ་ལྡན་པ།། གཉིས་མེད་ཐིམ་པའི་བྱིན་རླབས་ཀྱིས།། ནུས་པ་ལྔ་ལྡན་ཕྱག་རྒྱར་སྨིན།། ཐབས་ཀྱི་ཆོ་ག་དབང་བསྐུར་བས།། རྒྱལ་མཆོག་རྒྱས་བཏབ་ཕྱག་རྒྱའི་མཆོག། རྒྱལ་མཆོག ་ཉིད་དུ་གྲུབ་པ་ཡིན།། ཐབས་དང་ཤེས་རབ་བྱིན་རླབས་ཀྱིས།། མི་སྤྱོད་ཡབ་ཡུམ་རོལ་པ་ལས།། བདེ་བ་གསལ་ཞིང་དམིགས་པ་ལ།། ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས།། པདྨ་ཡེ་ཤེས ་བསྡུས་འཁྱིལ་བའི།། ཉུང་དཀར་ཚད་ཙམ་རྡོ་རྗེ་སེམས།། རྩེ་ནས་རྩེ་རུ་ཕྱིན་པ་ཡིས།། རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱིས།། ས་བོན་ཟུང་གསུམ་གཉིད་དང་བཅས།། གནས་ངན་ལེན་པ་གསུམ་སྦྱངས ་ཏེ།། དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ།། གསལ་བས་ས་བོན་ཚིག་པ་བཞིན།། མི་སྐྱེ་ཐབས་ཀྱིས་དབུགས་ཕྱུང་བའོ།། དེ་ནས་གཞན་ཡང་བཤད་བྱ་བ།། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད།། ཟིལ་བའི་ཐིག་ལེ་སྔོན ་ལམ་བཞིན།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག། ཕན་ཚུན་བཀོད་པའི་སྡོམ་གྱིས་བསྡམ།། བདེ་བ་གཉིས་པའི་ངོ་བོ་ཉིད།། གསུམ་པ་ཡེ་ཤེས་དཀྱིལ་འཁོར་དུ།། གསལ་བའི་བཤད་པ་གྱུར་པའི་སྒྲ།། རང་བཞིན ་འོད་གསལ་དཀྱིལ་འཁོར་རོ།། དེ་ནས་གཞན་ཡང་བཤད་བྱ་བ།། རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ།། ཕུང་སོགས་ཕྱག་རྒྱའི་ཚོགས་དང་ལྡན།། དེ་ཟླ་བསིལ་བྱེད་ཤེས་རབ་དངོས།། དུས་གཅིག་རོ་མཉམ་ཐིག་ལེ་ཆེ།། སུམ་ཅུ ་རྩ་གཉིས་མཚན་རྫོགས་ཤིང་།། ཟླ་བ་ཡེ་ཤེས་ལྔ་བཅུ་དྲུག། དཔེ་བྱད་ལ་སོགས་དཔག་ཏུ་མེད།། སེམས་ཤེས་མངོན་པར་ཤེས་དང་ལྡན།། སེམས་མཐའ་འགྲོ་ཡི་རྫུ་འཕྲུལ་ཆེ།། གནས་ནས་ལོག་པར་ཐིམ་པའི ་སྒྲས།། མཐའ་གཉིས་མ་གོས་པདྨ་ཅན།། སྤྲུལ་པའི་གནས་ནས་སྐྱེ་བ་ཡིས།། བཞི་བཅུ་རྩ་ལྔ་རྫོགས་མཐའ་ཡས།། ཀུན་དང་གཞན་ཉིད་རང་གསལ་བས།། བཅུ་གསུམ་ཡི་གེ་འཁོར་ལོ་བརྗོད།། རྒྱལ ་བ་ཀུན་གྱི་སྐུ་གསུང་ཐུགས།། དབྱེར་མེད་ཐིག་ལེ་ངོ་བོ་ཉིད།། དབང་བསྐུར་ལྔ་ཡི་ཁྱད་པར་ཏེ།། སྐལ་ལྡན་རྣམས་ལ་བསྟན་པ་ཡིན།། གོང་དུ་བསྐལ་པ་བྱེ་བ་ཡི།། ཐུན་མོང་ཐུན་མོང་མ་ཡིན་པའི།། སྡིག་པ་བྱས་པ ་གང་ཡིན་དང་།། དཀའ་ཐུབ་སྡོམ་པས་ལུས་གདུངས་ཤིང་།། སྡུག་བསྔལ་ཉེ་བར་གཟིར་བ་ཀུན།། དབང་བསྐུར་ཐབས་ཀྱིས་ཚེ་འདིར་གྲོལ།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། དབང་བསྐུར་བར་བཤད་པའི ་ལེའུ་སྟེ་བཅུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་གཉིས་མེད་པའི།། གསང་ཆེན་ལམ་ལ་ཞུགས་པ་ཡི།། ལམ་གྱི་དོན་གྱི་བརྟུལ་ཞུགས་བཤད།། དཔག་ཏུ་མེད་པའི་ལོག་རྟོག ་དང་།། མོས་པའི་སྤྱོད་པའི་ཁྱད་པར་ལྟར།། བརྟུལ་ཞུགས་མཐའ་ཡས་འདི་གསུངས་སོ།། འདི་ལྟར་ཐབས་ལྡན་བདེ་བར་གསལ།། ཐལ་བའི་དབྱངས་ལ་སོགས་པ་ཡི།། ཇི་སྙེད་གདུལ་བྱ་མ་ལུས་པ།། ཆགས་པ ་ཅན་དང་ལོག་སྲེད་ཅན།། འདུལ་བའི་དོན་དུ་བསྟན་པ་ཡིན།། རང་བཞིན་མཉམ་པའི་དོན་གཅིག་ཀྱང་།། རྐྱེན་གྱིས་ཐ་དད་སྣ་ཚོགས་པའི།། ལས་དང་སྤྱོད་པ་མཐའ་ཡས་ཀྱང་།། རང་བཞིན་ཉིད་ལ་ལྡན་བྲལ ་མེད།། རང་བཞིན་མ་བཅོས་ཆོས་ཀྱི་དབྱིངས།། ལོག་དང་མ་ལོག་མཐའ་ཡས་པ།། གཉིས་མེད་གསང་བར་གསལ་བས་ན།། སྤྱད་དང་མི་སྤྱད་མཚན་ཉིད་གཅིག། ནམ་མཁའ་རང་བཞིན་ཁྱབ་པ་ལ།། སོ་སོའི་རང ་བཞིན་མ་བཀག་པ།། རང་རིག་སེམས་ཉིད་ཅིར་ཡང་སྣང་།། ངོ་བོ་ཉིད་ལ་དབྱེར་མེད་དོ།། ངོ་བོ་མི་རྟོག་ལོག་པ་སྟེ།། བག་ཆགས་བཀྲུས་པའི་རང་བཞིན་ཉིད།། ལོག་སྤྱོད་འཇིག་རྟེན་ཞེན་པ་ཅན།། འདི་དག་ལོག ་པའི་བརྟུལ་ཞུགས་པའོ།། སྤང་ལེན་ཅན་དང་དགག་བསྒྲུབ་ཅན།། གཉེན་པོ་ཅན་དང་དཀའ་ཐུབ་ཅན།། ཁྲུས་དང་གཙང་སྒྲ་གང་སྤྱད་པ།། མཉམ་ཉིད་བདེ་ཆེན་རྟུལ་ཞུགས་སྤྱོད་པ་འདི།། ཐེག་དམན་ལོག་རྟོག ་སྤངས་པ་ཡི།། བྱང་ཆུབ་རྡོ་རྗེ་ཅན་སོགས་པའི།། བདེ་ཆེན་སྲས་དང་བཅས་པའི་དོན།། ལྟ་སྤྱོད་གོལ་ཞིང་ལོག་པ་ནི།། རྩི་སྨན་རང་གི་སྲོག་གཅོད་ལྟར།། ཐབས་བྲལ་སྤྱོད་པས་གྲོལ་འདོད་པའི།། རྣལ་འབྱོར་བདུད ་ཀྱིས་བསླུས་པར་འགྱུར།། གང་དུ་རྣལ་འབྱོར་སྐལ་ལྡན་པས།། ཐབས་བྲལ་རྣམས་ཀྱིས་གང་སྤངས་པའི།། དུག་ལྔ་འདོད་ལྔ་ལ་སོགས་པ།། སྐྱེས་བུ་ཐབས་ཀྱི་ཕ་རོལ་ཕྱིན།། མི་མཐུན་ཐབས་ཀྱིས་མཐུན་འགྱུར ་བཞིན།། ཐབས་ཆེན་གསང་བའི་རྣལ་འབྱོར་པས།། སྒོ་གསུམ་བྱ་བའི་སྤྱོད་པ་ལ།། བདེ་ཆེན་སྟོང་གསུམ་འགྱུར་མེད་པ།། རང་ལུས་རྡོ་རྗེ་ཕྱག་རྒྱ་ཆེ།། གནས་ཤིང་རྟོགས་ཏེ་གོམས་པ་ལ།། སྒོ་གསུམ་རང་བཞིན་དྲི ་མེད་དེ།། ཐམས་ཅད་རྒྱལ་བའི་མཛད་པར་སྣང་།། འགྲོ་དང་འདུག་དང་ཟ་དང་ཉལ།། གར་དང་སྟབས་གླུ་བྲོ་ལ་སོགས།། མཛེས་དང་ཆགས་དང་དྲག་ཤུལ་སྤྱོད།། ཐབས་ལྡན་སྐྱེས་བུའི་བརྟུལ་ཞུགས ་ཉིད།། དེ་ནས་གཞན་ཡང་བཤད་བྱ་བ།། རྟེན་དང་བདེ་བ་མྱང་འདོད་པས།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཐིག་ལེ་དོན་ལ་གནས་པ་ཡི།། རྐྱེན་ཟླ་སྣང་བའི་ཡེ་ཤེས་ཀྱིས།། ཐབས་ཀྱི་བདེ་བ་ཉམས་ཐོབ ་ནས།། གང་དེ་གསལ་བརྟན་བྱ་བའི་ཕྱིར།། ལུས་ནི་བཅུད་ཀྱིས་འཚོ་བར་བྱ།། རྫས་ནི་ཐབས་དང་ཏིང་འཛིན་གྱིས།། ཅི་བདེ་བར་ནི་གནས་པར་བྱ།། ཤ་ལྔ་དང་ནི་བདུད་རྩི་ལྔ།། བཅུད་དང་སྦྱར་རམ་དངོས་ཀྱང ་རུང་།། བཟའ་བཏུང་མུར་བ་ལ་སོགས་པ།། འདི་དག་རྟག་ཏུ་བསྟེན་པར་བྱ།། རྒྱལ་བ་རྣམས་ཀྱི་དམ་ཚིག་སྟེ།། མཆོད་དང་ལོངས་སྤྱོད་འབྱུང་བ་དང་།། བསྟེན་དང་མོས་པ་ཙམ་གྱིས་ཀྱང་།། སྡུག་བསྔལ་ལས་གྲོལ ་བདེ་ཆེན་ཐོབ།། དེ་ནས་གཞན་ཡང་བཤད་བྱ་བ།། འདོད་ཆགས་བྲལ་བ་བདེ་ཐོབ་ཅིང་།། བདེ་བའི་ཐིག་ལེ་རྒྱས་བྱའི་ཕྱིར།། འདོད་ཆགས་ཐབས་ཀྱི་སྤྱོད་པ་ནི།། མ་ལུས་ཐབས་ཀྱི་འདུལ་བ་དང་།། རིག་པའི ་འཁོར་ལོ་བསྐོར་བ་དང་།། སྐྱེས་པའི་ཡོ་བྱད་ལྡན་པ་ཡིས།། རིགས་བཞིན་ཆད་པ་ནུས་མཐུ་དང་།། རིམ་པ་བཞིན་དུ་བརྟག་པར་བྱ།། བཅུ་གཉིས་བཅུ་བཞི་བཅུ་དྲུག་མ།། བཅཝ་བརྒྱད་ཉི་ཤུ་གཉིས་ལྔ་སོགས།། ཡིད ་འོང་ལུས་མཛེས་ཁ་དོག་ལེགས།། དུལ་ཞིང་བློ་གྲོས་ལྡན་པ་དང་།། རོལ་པའི་ཟབས་ལ་མཁས་ཤིང་བརྩོན།། འདི་ནི་རྐྱེན་ལས་མེ་བྱུང་ལྟར།། རིག་པ་བཞིན་དུ་ནན་ཏན་བྱ།། མཛེས་ཤིང་ཆགས་པས་བལྟ་བ ་ལྟར།། བཟུང་བ་དང་ནི་འཁྱུད་པ་དང་།། སྦྱོར་བ་དང་ནི་མཉེ་བ་དང་།། འབུད་དང་དང་བའི་སྒྲ་འབྱིན་དང་།། རྟོག་དང་འབེབས་དང་རྡེབས་སྤྱོད་དང་།། འདོད་དང་འཇིབ་དང་འཆའ་བ་དང་།། རྩེ་དང་འབབ་དང ་ཞོན་པ་དང་།། བཙུགས་དང་འབྱུང་དང་འཇུག་པ་དང་།། རོལ་པ་སྣ་ཚོགས་སྤྱད་པ་ཡིས།། དབང་བསྐུར་ལམ་ལ་གོམས་འདོད་པས།། ཐ་མལ་སྤྱོད་ཡུལ་མ་ལུས་པ།། མ་ཆགས་པ་རྣམས་ཆགས་བྱེད་ཅིང་།། དེ་བཞིན ་ཡིད་ནི་རྩེ་གཅིག་འགྱུར།། དེ་ནས་ཡིད་ནི་རྨོངས་པ་དང་།། སྔ་མའི་བག་ཆགས་དོན་ལ་འཇུག། དག་པ་དང་ནི་འདུས་པ་དང་།། ཆགས་དང་འདར་དང་འདོད་པ་དང་།། ཡིད་གཅིག་པ་དང་རྨོངས་པ་དང་།། ཚིམས་པ ་འདི་ནི་ཡན་ལག་བརྒྱད།། བདེ་བ་ཆེན་པོ་འབར་བྱས་ནས།། རང་ལུས་ཐིག་ལེས་རྒྱས་བཏབ་ལ།། གསང་བའི་ཐབས་ཀྱིས་བསྟེན་བྱས་ལ།། རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས།། བར་ཆད་མེད་པར་བསྒོམ་པར ་བྱ།། ཐིག་ལེ་དབབ་དང་བཟུང་བ་དང་།། བཟློག་པ་དང་ནི་འདྲེན་པ་དང་།། ཁྱབ་པ་དང་ནི་བརྟན་པ་དང་།། རྒྱ་ཆེ་ཡུན་རིང་སྤེལ་བ་དང་།། སྦྱངས་པའི་བདེ་ཆེན་གསང་བའི་ལམ།། ཤེས་པ་དང་ནི་སྤྱད་པ ་དང་།། བདེ་ཆེན་ཐིག་ལེ་འབར་འཇུག་པས།། ཐབས་དང་ཤེས་རབ་ཚོགས་ཐམས་ཅད།། འབྱེད་པ་དང་ནི་འཇུག་པ་དང་།། འབར་དང་འཛག་དང་ཐིམ་པ་དང་།། ཁྱབ་ཅིང་རྒྱས་པར་བསྟན་པ ་ལས།། རྣམ་སྨིན་བདེ་ཆེན་ཡིད་ཀྱི་ལུས།། རྡོ་རྗེ་ཡེ་ཤེས་ལུས་ཐོབ་པས།། ཐབས་ལྡན་ལམ་ལ་བར་ཆད་མེད།། རྡོ་རྗེ་འཛིན་བདག་རིགས་ཀྱི་གཙོ།། བདག་པོའི་རིགས་ལ་ཐ་དད་མེད།། གང་དུ་དབྱེ་བ་སྣ་ཚོགས ་པ།། མོས་པ་གདུལ་བྱའི་དོན་དུ་སྣང་།། ངོ་བོ་བདེ་བ་ཆེན་པོར་སྣང་།། དེ་ནས་གཞན་ཡང་བཤད་བྱ་བ།། ཐིག་ལེ་འགྲོ་འོང་མེད་པའི་ལམ།། ལམ་གྱི་ཁྱད་པར་གང་བསྟན་པ།། དཔའ་བོ་ཟབས་ཀྱི་ལམ་རྙེད ་ནས།། བར་ཆད་ཉམས་ཀྱིས་བསལ་ནས་ཀྱང་།། མཐར་ཕྱིན་ལམ་ལ་གནས་ཀྱི་བར།། བདེ་ཆེན་འཕེལ་འགྲིབ་མེད་པར་བསྒོམ།། ཤེས་རབ་ཐབས་ཀྱི་ཉམས་ལྡན་ལ།། རང་རིག་ཐབས་ཀྱི་བདེ་ཐོབ་ནས།། གནས ་ཐབས་ཀྱི་བར་ཆོད་བྱེད།། ཐིག་ལེ་རླུང་ལ་དབང་ཐོབ་པས།། འགྲོ་འོང་འཕེལ་འགྲིབ་ཆ་དང་བྲལ།། བཅུ་དྲུག་ཆ་ཤས་འཕེལ་བ་ལྟར།། རིག་པས་མཐར་ཕྱིན་ལྷུན་གྱིས་གྲུབ།། ཐབས་དང་ཤེས་རབ་གཉིས་མེད ་པས།། དབང་གི་ཉམས་ལ་བརྟན་པ་ཡིས།། ཉི་ཟླ་འགྲོ་འོང་བརྟན་གྱུར་ན།། མ་ལུས་ལྷན་ཅིག་སྐྱེས་པར་གསལ།། རེ་རེ་གཟུང་དང་བསྒྱེལ་བ་དང་།། ཐིག་ལེའི་རྐྱང་དང་ཟུང་སྦྱོར་དུ།། འདྲེན་དང་བཟློག་པའི་ཁྱད ་པར་ནི།། བྱེད་པ་སྡོམ་པའི་ཐབས་ཀྱིས་གསལ།། ཡབ་ཡུམ་ཐབས་ཀྱི་དབྱེ་བ་དང་།། ཡང་ན་ཐབས་ཀྱིས་འདུས་པ་དང་།། བལྟ་དང་སྙན་དང་བརྩེ་བ་དང་།། རོལ་པ་ཉམས་དང་སྦྱར་བ་སྟེ།། རང་ཉམས་སློབ་དཔོན ་དག་གིས་བསྟན།། གདུལ་བྱ་ཆགས་ཅན་ལོག་སྲེད་ཅན།། མཐུན་པའི་ཐབས་ཀྱིས་འདུལ་བའི་ཕྱིར།། ཐལ་བའི་དབྱངས་སོགས་འདུས་པ་ལ།། ཐབས་ཆེན་བརྩེ་བའི་ཚུལ་གྱིས་ནི།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས ་པའི།། ཐལ་རྒྱུད་ཆེན་པོ་བཤད་པ་ཡིན།། འདི་ནི་བརྟུལ་ཞུགས་ཆེན་པོ་ཡི།། ཐབས་དང་ཤེས་རབ་ལྡན་པ་ཡིས།། རྟོགས་གོམས་ཐབས་ལ་ཉེར་གནས་ཤིང་།། རྫས་དང་ཡོ་བྱད་བཅུད་ལྡན་པས།། ཉམས་ལྡན་པར ་ཆད་མེད་པར་བརྩམ།། ལྷུན་གྱིས་གྲུབ་པ་ཉིད་དུ་འགྱུར།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། རིག་པ་བརྟུལ་ཞུགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། སྒྱུ་འཕྲུལ་དྲ། ་བ་མངོན་རྫོགས་པའི།། གསང་ཆེན་ཐབས་ལ་ངེས་འཇུག་པ།། འདི་ནི་ཡང་དག་བཤད་པར་བྱ།། སྒྱུ་འཕྲུལ་ཐབས་ཀྱི་རང་བཞིན་ཏེ།། དྲ་བ་ཤེས་རབ་ཟབ་མོའི་དབྱིངས།། གཉིས་མེད་འབྲེལ་བའི་བདེ་ཆེན ་པོ།། རྒྱུད་ཀུན་གྱི་ནི་རྒྱལ་པོ་ཉིད།། ཕྱི་ནང་སྣོད་བཅུད་མ་ལུས་པ།། བདེ་ཆེན་ཐིག་ལེར་རང་གནས་པ།། ལུང་དང་མན་ངག་ལྡན་པ་ཡིས།། དངོས་པོ་ཇི་བཞིན་རྟོགས་པར་བྱ།། དད་དང་དམ་ཚིག་ཀུན་ལྡན ་ཞིང་།། སློབ་དཔོན་མཉེས་ཤིང་དབང་ཐོབ་པས།། བརྩོན་འགྲུས་ཐབས་ལ་མཁས་པ་ཡིས།། སྒྱུ་འཕྲུལ་དྲ་བའི་ལས་ལ་འཇུག། ཐབས་ཀྱི་བདག་པོ་ཕུན་སུམ་ཚོགས།། འགྲོ་བ་རྣམས་ནི་བདེ་བའི ་ཕྱིར།། ལོངས་སྤྱོད་ཆེན་པོ་ཀུན་ལྡན་པས།། རྒྱལ་མཚན་ཆེན་པོར་བཞུགས་པ་ཡིན།། དེ་ལ་མཉེས་པ་ཀུན་བྱས་ནས།། ཐབས་ཆེན་གསང་བའི་དོན་ཐོབ་པས།། སྣ་ཚོགས་བྱ་བ་ཀུན་སྤངས་ནས།། བདེ་བ་ཆེན་པོར ་དོན་འཇུག་པ།། ལོག་ལྟ་ཅན་དང་དཀའ་ཐུབ་ཅན།། དབང་པོ་མ་ཚང་མ་སྨིན་དང་།། དབང་པོ་རྒུད་པ་ཀུན་སྤངས་ཏེ།། འདོད་པ་ལོངས་སྤྱོད་ལྔ་ལྡན་པས།། དགའ་བ་དང་ནི་སྤྲོ་བ་དང་།། དཀའ་ཐུབ་འཚོ་བ་མེད ་པས་འགྲུབ།། བསམ་པའི་ཡུལ་ནི་སྣ་ཚོགས་ཏེ།། སེམས་ཅན་བསམ་པའི་བྱེ་བྲག་གིས།། བསམ་གྱིས་མི་ཁྱབ་གང་བསྟན་པས།། དེ་ཕྱིར་ཐབས་ནི་སྣ་ཚོགས་ཡིན།། རང་བཞིན་ཐིག་ལེ་ཀུན་གྱི་བཅུད།། ཐབས་དང ་ན་གྱི་སྦྱོར་བ་ཡིས།། ཐ་མལ་བ་དང་འཇིག་རྟེན་པ།། ཐར་པའི་བདེ་བར་སྣང་བར་མཛད།། ལུས་ཅན་ཀུན་གྱི་བཅུད་ཡིན་ནོ།། བརྟེན་པ་ལུས་ཀྱི་རང་བཞིན་ལ།། རྒྱུ་བ་གཞི་སྣོད་རྩར་བཤད་དེ།། གནས་པ་ཐིག་ལེ ་བཅུད་ཉིད་དེ།། བསྐྱོད་པ་རླུང་དུ་ཤེས་པར་བྱ།། འབར་བའི་མེ་ཡིས་གསལ་བྱས་ན།། བདེ་ཆེན་བྱང་ཆུབ་སེམས་སུ་འགྱུར།། རང་རྒྱུད་པ་དང་ལོག་པ་དང་།། མི་ཤེས་པ་དག་ཀུན་སྤངས་ཏེ།། ཐབས་ཀྱི་སྦྱོར་བ ་གོམས་པ་ཡིས།། ཚེ་འདིས་སངས་རྒྱས་ཐོབ་པར་འགྱུར།། གཞན་ཡང་བསྐལ་པ་བྱེ་བར་ཡང་།། གསང་བའི་ལམ་དུ་མི་འགྲུབ་སྟེ།། ཆགས་པ་མེད་པས་དབང་མི་ཐོབ།། དབང་མེད་བདེ་བ་མི་འབྱུང་སྟེ།། བདེ་བ་མེད ་པས་སངས་རྒྱས་ཀུན།། མི་འགྲུབ་ནམ་མཁར་མྱུ་གུ་བཞིན།། བདེ་བས་འཁོར་ལོ་བཞི་དག་ལ།། བྱ་བ་གཞན་སྤངས་རྩེ་གཅིག་གནས།། འབྱུང་བ་ལུས་དང་རིག་པ་སེམས།། བརྟེན་པའི་སྣང་བའི་ཆོས་ཉིད ་རྒྱུད།། ཐོག་མ་ཐ་མ་མེད་པའི་བར།། མཐར་ཐུག་པར་ནི་ནན་ཏན་བྱ།། དམ་ཚིག་དབང་ལྡན་རྣལ་འབྱོར་པས།། ཆགས་ལམ་དབང་ཐོབ་རབ་འབྲིང་གིས།། མོས་པའི་ཚད་དང་སྦྱར་ནས་ནི།། ཇི་ལྟ་བར་ནི་ནན་ཏན ་བྱ།། གནས་པ་དང་ནི་རྒྱུ་བ་དང་།། དྭངས་སྙིགས་དབྱེ་བས་ཤེས་བྱ་སྟེ།། གནས་པའི་སྲོག་གི་རྟེན་ཅན་ནི།། མི་ཤིགས་ཐིག་ལེ་ཤེས་པའི་གནས།། གང་གནས་རབ་ཏུ་གནས་པ་སྟེ།། གཞི་ཞེས་དང་ནི་བཤད་པ ་ཡིན།། རྒྱུ་བ་དངས་མ་ནན་ཅན་དང་།། ཕྱི་རོལ་སྙིགས་མར་ཤེས་པར་བྱ།། ཕྱི་ནང་འཕྲོ་བ་བཅུ་གསུམ་ཏེ།། དུས་ཚོད་དབྱེ་བས་ཤེས་པ་ཡིན།། གནས་པ་གཅིག་དང་རྒྱུ་བ་བདུན།། ཤེས་པའི་བྱེ་བྲག་བསྟན་པ ་ཡིན།། སྙིགས་མ་ཐ་མ་རླུང་ཉིད་ནི།། བདེ་དང་སྡུག་བསྔལ་བཏང་སྙོམས་པ།། གང་དུ་ཁྱབ་དང་ཆགས་པ་དང་།། དཔའ་བོ་སེལ་བར་བྱེད་པ་སྟེ།། གྱེན་དང་ཐུར་དང་ཟད་ཀ་དང་།། མཉམ་པར་རྒྱུ་བ་ཤེས་པ་ཡིན།། ་ནང་དུ་རྒྱུ་བ་གཅིག་ཡིན་ཏེ།། ལྷག་མ་ཕྱི་རོལ་ཤེས་པར་བྱ།། ཐབས་ཀྱི་དངས་མ་ཞེས་བྱ་བ།། རླུང་གསུམ་ཐབས་ཀྱིས་ནང་བཟུང་ཅིང་།། སྟེང་འོག་རྒྱུ་བ་གཅོད་པར་བྱ།། རླུང་གིས་སྣོད་ཀྱི་སྒོ་ཕྱེ ་ནས།། ཐིག་ལེ་རླུང་དུ་འདྲེས་པ་དེས།། སྙིགས་མའི་རྩེ་མོ་ནས་བརྟན་པས།། དངས་མའི་རྩར་ཞུགས་བདེ་བ་འཕེལ།། བདེ་བ་ཆེན་པོས་ལུས་གང་ནས།། མངོན་ཤེས་རྫུ་འཕྲུལ་སྣང་བར་བྱེད།། རླུང་སེམས་བདེ ་བ་ཐིག་ལེར་ཐིམ།། ཐོག་མ་ཐ་མ་མེད་པར་ཐིམ།། བདེ་ཆེན་དེ་བཞིན་ཉིད་དུ་སྣང་།། རང་བྱུང་འཁོར་ལོ་བཞི་བརྟས་པས།། ཉི་མས་འཁྱགས་པ་བཞུ་བ་ལྟར།། ཐིག་ལེས་ལུས་ཀུན་ཁྱབ་བྱས་པས།། གསང་བའི་ཡེ ་ཤེས་མངོན་དུ་འཆར།། མེ་རླུང་ཐབས་ཀྱི་སྦྱོར་བ་ཡིས།། གཡས་གཡོན་ཐབས་ཀྱི་ཐིག་ལེ་བསྐུལ།། སྤྲུལ་པའི་འཁོར་ལོར་བཟློག་བཟུང་བས།། ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ།། ནམ་མཁའི་དཀྱིལ་འཁོར་བཞུ ་ཡིས།། བདག་ལུས་ཁྱབ་པར་བྱིན་བརླབས་པས།། ཐམས་ཅད་བདེ་བ་ཆེན་པོར་གསལ།། ཐབས་དང་ཤེས་རབ་ཚད་ལྡན་པས།། བྱིན་རླབས་ཐབས་ལ་མཁས་བྱ་སྟེ།། དབང་པོ་ལྔ་ཡི་སྦྱོར་བ་ཡིས།། ཐབས་ཀྱིས ་ཁྱད་པར་ཅི་རིགས་པར།། རང་རིག་ཉམས་ཀྱི་བདེ་ཆེན་ནི།། འཕེལ་འགྲིབ་མེད་པར་བསྒོམ་པར་བྱ།། ཆགས་པ་དང་ནི་མེད་པ་དང་།། འཛིན་པ་ལ་སོགས་སྤང་བར་བྱ།། གང་དུ་ཐབས་ཀྱིས་སྦྱངས་པ་ལས།། སྤྲུལ ་པའི་བདེ་བ་ལུས་སུ་སྨིན།། ལུས་དེ་བསམ་པས་རྩེ་གཅིག་བསྒོམ།། མ་གོམས་བདེ་བ་རྐྱེན་གྱིས་བསྐྱེད།། ཆུ་རྒྱུན་བཞིན་དུ་ཉིན་མཚན་བསྒོམ།། དུས་གསུམ་ཉིན་མཚན་ལོ་ཟླ་རུ།། སེམས་ནི་ཐིག་ལེ་བརྟན་པ ་ནི།། རྟེན་གྱི་ཐིག་ལེ་མི་འཛག་ཅིང་།། འབྱུང་འཇུག་མེད་པར་བདེ་བར་གསལ།། ཐམས་ཅད་རོ་གཅིག་ཐིམ་པར་འགྱུར།། གང་ཕྱིར་སྣང་བའི་རང་བཞིན་ནི།། ཉི་འོད་ཆུ་རླབས་ཇི་བཞིན་དུ།། མ་ལུས་བདེ་བ་ཆེན་པོ ་རུ།། ཐམས་ཅད་གསལ་བར་བརྟན་པ་དང་།། དེ་ཉིད་བདེ་བར་ཐིམ་གྱུར་ན།། བདེ་ཆེན་ཐིག་ལེ་སྤྲོས་མེད་བརྟེན།། ལོ་དང་ཟླ་གྲངས་ཀྱིས་གནས་ན།། སློབ་དཔོན་གོང་མས་ཐབས་སྦྱོར་བས།། ཡུན་རིང་རྒྱ་ཆེ་ཟག ་མེད་པས།། རྣལ་འབྱོར་བྱིན་གྱིས་རློབ་པར་འགྱུར།། བསྐལ་པ་བརྒྱ་སྟོང་ཁྲི་འབུམ་དང་།། བྱེ་བ་ཟེར་འབུམ་ལ་སོགས་པར།། འཁོར་ཡུག་སྟོང་གསུམ་བརྒྱ་སྟོང་ཕྲག། གང་གཱའི་ཀླུང་སོགས་མཐའ་ཡས ་ཤིང་།། ནམ་མཁའ་མཐར་ཟུག་བར་དུ་ནི།། བསྒོམ་དང་མ་བསྒོམས་བར་ཆད་མེད།། ལྷུན་གྱིས་གྲུབ་པར་གསལ་བར་འགྱུར།། ཐབས་དང་ཤེས་རབ་དབང་རོལ་གྱིས།། སེང་ཕྲུག་ལྟ་བུར་བྱིན་བརླབ་པས།། རང ་རིག་བདེ་ཆེན་བསམ་མི་ཁྱབ།། ནམ་མཁའི་མཐའ་མཉམ་མེ་ལོང་ལ།། བདེ་ཆེན་ཡོན་ཏན་རང་ཤར་བ།། རང་བྱུང་རང་སྣང་འབའ་ཞིག་ལས།། བྱ་དང་བྱེད་པ་ཅུང་ཟད་མེད།། རིག་པའི་མེ་ལོང་སྟོང་པ་ལ།། སྣ ་ཚོགས་ཆོས་རྣམས་ཤར་བར་ཟད།། རང་རྒྱུད་དག་པའི་རང་རིག་ལ།། ཆེ་བའི་ཡོན་ཏན་རང་སྣང་བ།། འཕེལ་འགྲིབ་རེས་འཇོག་མི་གནས་ཏེ།། ཐོག་མཐའ་མེད་པའི་སེམས་དཔའ་ཆེ།། ནམ་མཁའ ་དག་དང་མཉམ་པའི་གནས།། རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས།། ཐོག་མ་ཐ་མའི་དུས་མེད་པར།། མཉམ་གཞག་མེད་ཅིང་རྗེས་ཐོབ་མེད།། བདེ་བ་ཆེན་པོར་རྟག་ཏུ་བརྟག། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས།། ་གསང་བ་ཐབས་ལ་འཇུག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་བྲལ་ལོག་པར་འཁྱམས་པ་རྣམས།། གསང་བའི་ཐབས་ཀྱིས་གྲོལ་བྱའི་ཕྱིར།། རིམ་པ་བཞིན་དུ་བཤད ་པར་བྱ།། སངས་རྒྱས་ཀུན་གྱི་ཐབས་འཆང་ཞིང་།། ཞི་ཞིང་དུལ་བ་སྙིང་རྗེ་ལྡན།། ཟབ་མོ་ཐབས་ཀྱི་གཏེར་དང་ལྡན།། དབང་དང་མན་ངག་ལྡན་པ་དང་།། རྒྱུ་དང་འབྲས་བུ་ལ་སོགས་པ།། ཁྱད་པར་བྱེ་བྲག་མ་རྨོངས ་པ། འདི་ནི་སངས་རྒྱས་བཅོམ་ལྡན་འདས།། འགྲོ་བ་འདུལ་ཕྱིར་བཞུགས་པ་ཡིན།། དད་པ་དང་ནི་དམ་ཚིག་དང་།། ཤེས་རབ་སྙིང་རྗེ་ཕུན་སུམ་ཚོགས།། བརྩོན་འགྲུས་གཏོང་ཕོད་ཆེ་བ་ནི།། པདྨའི་རིགས་སུ་ཤེས ་པར་བྱ།། བུད་མེད་ཆགས་པ་ཆེ་བ་དང་།། དེ་བཞིན་སྐྱེས་བུ་དར་ལ་བབ།། ལང་འཚོ་བདེ་བ་ཕུན་སུམ་ཚོགས།། གསང་བ་ཐབས་ཀྱི་སྣོད་མཆོག་ཡིན།། འདོད་པ་བྲལ་དང་མ་ནིང་དང་།། མ་སྨིན་པ་དང་དཀའ་ཐུབ ་ཅན།། ལོག་པར་འཁྱལ་ཞིང་མི་འཇུག་པ།། གསང་སྔགས་ཐབས་ལས་འདས་པ་ཡིན།། གཞན་ཡང་དད་པས་སྒོར་འཇུག་ན།། རིགས་ངན་དག་དང་ཀུན་ཏུ་རྒྱུ།། ཞེ་སྡང་ཅན་དང་གཏི་མུག་ཅན།། འདོད་ཆགས ་རྒྱལ་ཕྲག་དོག་ཅན།། མཚམས་མེད་པ་དང་རྐུན་པོ་སྤྱོད།། མ་བྱིན་ལེན་དང་མི་ཚངས་སྤྱོད།། རྫུན་དུ་སྒྲ་དང་ངག་འཁྱལ་ཅན།། ཕྱིན་ཅི་ལོག་པ་སྤྱོད་པ་རྣམས།། འདོད་ཆགས་ཅན་གྱི་གསང་སྒོ་འདིར།། སྤྱད་པས ་གཉིས་མེད་འགྲུབ་པར་འགྱུར།། ཐབས་ཆེན་གསང་བའི་ངེས་སྒོ་འདིར།། ངན་སོང་ངན་པར་སྤྱོད་པ་ཡང་།། ཚེ་འདིས་འབྲས་བུ་ཐོབ་འགྱུར་ན།། གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས།། འོན་ཀྱང་དམ་ཚིག་ཉམས་པ ་དང་།། གསང་བའི་དོན་ལ་སྐུར་པ་འདེབས།། སྙིང་ནས་སློབ་དཔོན་སྤངས་པ་དག། བརྩོན་འགྲུས་ཐབས་ཀྱིས་ཅི་བསྒྲུབས་ཀྱང་།། ཚེ་འདིའི་བདེ་བ་ཡོད་མིན་ན།། ཐར་པའི་གོ་འཕང་ཇི་ལྟར་ཐོབ།། གསང་བའི ་གསང་ཆེན་རྒྱུད་འདི་ནི།། དབང་བསྐུར་ཐབས་ཀྱི་དོན་མཚོན་ནས།། རིན་ཆེན་གཏེར་དང་སྒྲོན་མ་བཞིན།། མ་ལུས་ཡེ་ཤེས་སྣང་བར་གསལ།། དབང་དང་ཐབས་ཀྱི་དོན་བྲལ་ན།། དཀའ་ཐུབ་དམན་པའི་ཚད་མ ་དང་།། མཚན་མའི་ཆོ་ག་ལ་བརྟེན་པས།། བསྐལ་པ་བྱེ་བར་འགྲུབ་མི་འགྱུར།། ཐབས་ཆེན་གསང་བ་ལ་གནས་པའི།། དབྱེར་མེད་དོན་ལ་གནས་གོམས་ན།། དཀའ་ཐུབ་གདུང་བ་བྱ་མི་དགོས།། ཁྲུས་དང་གཙང་སྦྲ ་དེ་བཞིན་མིན།། སློང་མོས་འཚོ་བ་རྣམ་པར་སྤང་།། ཐུན་མོང་ཐུན་མོང་མ་ཡིན་པའི།། གསང་བ་ཐབས་ཀྱིས་བདེར་བསྒྲུབ་ན།། ཚེ་འདིར་སངས་རྒྱས་འགྲུབ་པར་འགྱུར།། འཁོར་བའི་མ་རིག་མུན་ཁང ་ན།། བདེ་ཆེན་རྨད་བྱུང་གཏེར་གནས་པ།། དབང་དང་མན་ངག་བདུད་རྩི་ཡིས།། མངོན་དུ་འཆར་བར་མཐེ་ཚོམ་མེད།། རྒྱལ་བ་ཀུན་གྱི་ཐབས་ལྡན་པས།། སྒྱུ་འཕྲུལ་དྲ་བའི་དོན་ཆེན་པོ།། ཇི་ལྟར་དུག་གིས་དུག ་སེལ་ལྟར།། དམན་ལ་ཐབས་དེ་ཡོད་མ་ཡིན།། ཕྱི་རོལ་ཐུན་མོང་གང་ཟག་ལ།། ཉི་མས་མུན་པ་སེལ་བ་ལྟར།། དད་ལྡན་རིགས་ངེས་གང་ཟག་ལ།། ཐུན་མོང་ཐབས་ཀྱིས་འགྲུབ་པ་ཡིན།། ཇི་ལྟར་ནང་གི་བཙོན་ཁང ་ལ།། ཉི་མས་མི་སྣང་སྒྲོན་མེས་སེལ།། བསྐལ་པ་བྱེ་བར་བསགས་པ་ཡི།། སྒྲིབ་པ་ཐབས་ཀྱིས་མངོན་དུ་སེལ།། འཁོར་བའི་ལས་དང་ཉོན་མོངས་ཀུན།། ཐིག་ལེ་ཉམས་དང་ལྡན་དུས་སུ།། གང་ཡང་གནས་པ་མ་ཡིན ་ཏེ།། ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད།། བདེ་ཆེན་འགྲོ་བ་ཀུན་ཁྱབ་ཅིང་།། འགྲོ་བ་ཀུན་གྱི་སྙིང་ལ་བཞུགས།། ལུས་གནས་ལུས་ལ་མི་གནས་ཤིང་།། ངོ་བོ་ཉིད་ལ་ཐ་དད་མེད།། བདེ་བ་ཆེན་པོ་ཐིག་ལེ་ཉིད།། རྒྱུ ་དང་འབྲས་བུ་ལས་འདས་པའི།། རྟག་མིན་ཆད་མིན་ཁ་དོག་བྲལ།། མཚོན་པའི་དབྱིངས་བརྗོད་ཀུན་དང་བྲལ།། གཞི་རྩ་འདས་པའི་སྙིང་པོ་ནི།། དངོས་དང་དངོས་མེད་གཉིས་ཀ་མིན།། དེ་བཞིན་ཉིད་ཀྱི་སྙིང་པོ ་སྟེ།། རྟོག་གེ་པ་ཡི་ཡུལ་མ་ཡིན།། གསང་ཆེན་ཐབས་ལམ་བཅུད་ཀྱི་མཆོག། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་།། ཐིག་ལེ་ཐབས་ཀྱིས་བདེར་ཟིན་པས།། མ་ལུས་བདེ་ཆེན་གང་བར་འགྱུར།། མ་ལུས་བདེ་བ་ཆེན ་པོའི་དབྱིངས།། ཆོས་ཉིད་གསང་བའི་རང་བཞིན་ལ།། འཕེལ་བ་མེད་ཅིང་འགྲིབ་པ་མེད།། སྟོངས་དང་བདེ་བ་ལས་འདས་ཤིང་།། རང་རིག་བྱང་ཆུབ་སེམས་ཉིད་དེ།། རྩ་བཅུད་ཐིག་ལེ་དོན་དང་འབྲེལ།། གསང་བ ་དོན་གྱི་དབྱིངས་ལས་འབྱུང་།། རྟེན་གྱི་ཐིག་ལེ་འགྲོ་འོད་མེད།། དེས་ན་སེམས་ཀྱི་ཐིག་ལེ་ལ།། ཕྱི་ནང་སྟེང་འོག་ཆ་ཤས་མེད།། ཐིག་ལེ་བདེ་བ་ཆེན་པོ་ཉིད།། ཅི་ལ་ཡང་མ་གནས་མི་གནས་པས།། བསམ་བརྗོད ་ཤེས་པའི་ཡུལ་ལས་འདས།། སྒྱུ་འཕྲུལ་ཐབས་ཀྱི་རང་བཞིན་ཏེ།། དྲ་བ་ཤེས་རབ་ཏུ་བསྟན་པ།། གཉིས་མེད་འབྲེལ་བ་གང་མ་ཡིན།། ཐབས་ཆེན་ཐེག་པ་གང་བཤད་དོ།། བྱེ་བྲག་སུམ་ཅུ་རྩ་གཉིས་ཀྱི།། ངོ་བོ ་བསྡུས་པའི་སྙིང་པོ་བཞིན།། སྟེང་དང་འོག་གི་ཚུལ་གནས་ཤིང་།། ཐབས་དང་ཤེས་རབ་ཚུལ་དག་གིས།། སྐུ་དང་གསུང་ཐུགས་རང་གནས་པའི།། ལུས་ཅན་ཀུན་ལ་ཁྱབ་པར་གནས།། བཅུད་དང་ལྡན་པའི་སྙིང་པོ ་འདི།། རྟེན་པ་ཐབས་ཀྱི་སྦྱིན་པ་ཡིས།། གསང་བ་ལེ་ལོ་མེད་བསྒྲུབས་ན།། བདེ་བའི་ཡེ་ཤེས་འཆར་བར་འགྱུར།། མ་ལུས་གསང་བས་དོན་མཐོང་ན།། དངོས་པོར་གནས་པ་མ་ཡིན་ཏེ།། ཆུ་ཤིང་སྙིང་པོ་ལྟར་གནས ་ཤིང་།། དེ་བས་ཐིག་ལེ་རང་བཞིན་མེད།། ལུས་མེད་ཐིག་ལེ་མ་དམིགས་ཏེ།། བདེ་བ་ཆེན་པོ་རང་བཞིན་མེད།། གང་ལ་དངོས་མེད་དེ་བཞིན་ཉིད།། ཐོག་མ་ཐ་མ་མེད་པ་ཡི།། རང་བྱུང་དངོས་པོ་བྱང ་ཆུབ་སེམས།། མ་ནོར་རྟོག་པས་འཁྲུལ་པ་ཟད།། བདེ་བ་ཆེན་པོ་གསང་བའི་དོན།། རྟོགས་ནས་མངོན་དུ་གོམས་བྱེད་པའི།། རང་ལུས་གནས་པའི་མཚན་དཔེ་ལྟར།། གཞན་དུ་ཚོལ་བ་འཁོར་བར་འགྱུར།། རང ་གནས་ཐབས་ཀྱིས་མཚོན་པའི་ལུང་།། སྙིང་པོ་ཉི་མ་ཐབས་ཀྱིས་ཤེས།། གཟུང་འཛིན་བདེ་ཆེན་ངང་ལ་ནུབ།། རང་ལུས་ཐབས་ཀྱི་གཏེར་གྱུར་པས།། དབང་དང་མན་ངག་མེད་པ་ཡིས།། སྨིག་རྒྱུ་ཆུ་ལ་འཛིན་པ ་ལྟར།། རྟོག་གེ་དམན་པས་ཤེས་མི་འགྱུར།། ཐབས་ཆེན་ཐེག་པའི་དོན་འདི་དག། སློབ་དཔོན་ཐུགས་ལ་གནས་པའི་ཕྱིར།། ལུས་དང་ལོངས་སྤྱོད་རྒྱལ་སྲིད་ཀྱིས།། བསྟེན་དང་དོན་འདི་ཤེས་པར་བྱ།། ལེ་ལོ་སྤངས ་པའི་བརྩོན་འགྲུས་ཀྱིས།། གང་ལ་ཆགས་པ་མེད་བཞིན་དུ།། འདོད་པའི་ལོངས་སྤྱོད་མེད་པ་བཞིན།། བདེ་བ་ཆེན་པོ་ལྡན་བཞིན་དུ།། རིག་འཛིན་ས་ལ་གནས་བཞིན་དུ།། ས་བཅུའི་དབང་ཕྱུག་ལྷུན་གྲུབ ་ལ།། ཐབས་ཆེན་འབྲེལ་བར་དབང་བསྐུར་ན།། རྒྱ་མཚོ་དངས་པའི་གཟའ་སྐར་ལྟར།། བྱིན་རླབས་ཡོན་ཏན་རང་ལ་འཆར།། གསང་བའི་གསང་བ་ལྷག་པའི་རྒྱུད།། ཟབ་མོ་རྒྱུད་ཀྱི་ཕྱི་མ་སྟེ།། དམན་པའི་དངོས་གྲུབ ་ཆོ་ག་སྤངས།། འདི་ནི་གསང་ཆེན་སྙིང་པོའོ།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། གང་ཟག་ཐབས་ཀྱིས་གཟུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། འདོད་པ་ཅན་ལ ་ཆགས་སྤྱད་པས།། དངོས་པོ་ཞེན་པ་ལས་གྲོལ་བའི།། གྷ་ནའི་རིམ་པ་བཤད་པར་བྱ།། གང་ཞིག་གང་ལ་དགའ་བ་སྟེ།། ལོག་པའི་ཐབས་ཀྱིས་མི་འདུལ་ཏེ།། རྣལ་འབྱོར་ཐབས་ལྡན་སྐྱེས་བུ་ཡིས།། ཆ་མཐུན་ཐབས ་ཀྱིས་གདུལ་བར་བྱ།། གང་ལ་ཆགས་པའི་ཀློང་འཆང་བ།། དེ་ཉིད་ཐབས་མཁས་བློ་ལྡན་པས།། ཆགས་པ་སྦྱོར་བ་མཁས་པ་ཡིས།། བློ་ལྡན་རྣམ་པར་གྲོལ་བར་འགྱུར།། གསང་བ་སྦས་པ་ཐབས་མཁས་པས།། བློ ་ལྡན་མུན་པའི་མར་མེ་ལྟར།། གསང་བའི་ཐབས་ཆེན་སྒྱུ་འཕྲུལ་གྱིས།། མ་ལུས་བདེ་ཆེན་སྣང་བར་འགྱུར།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི།། སྒྱུ་འཕྲུལ་དྲ་བར་ཤེས་བྱ་སྟེ།། ཐབས་དང་ཤེས་རབ་རང ་བཞིན་གྱིས།། སྐྱེས་པ་བུད་མེད་ངོ་བོར་བཏགས།། འདི་ནི་བདེ་སྐྱེད་བཙུན་མོ་སྟེ།། ལྷ་མོ་དང་ནི་རིག་མ་དང་།། མི་ཡི་བུ་མོ་བློ་ལྡན་པས།། ཐ་མལ་རྟོག་པ་ཞི་བྱེད་ཅིང་།། ཐབས་ཆེན་ལམ་ལ་མཁས་པ་ཡིས།། ཡེ ་སསྣང་བ་འབྱེད་པར་འགྱུར།། བལྟས་པ་དང་ནི་བརྟགས་པ་དང་།། ཐོས་དང་རེག་དང་འགྲོགས་པ་ཡིས།། ཞེན་དང་ལོག་ཅིང་བདེ་བསྐྱེད་དེ།། དྲན་པས་སྡུག་བསྔལ་སེལ་བར་བྱེད།། དེ་བྱེད་མུ་དྲ་རིགས་བརྟགས ་པ།། པདྨ་ནཱི་ཡི་མཚན་ཉིད་ནི།། དམིགས་པས་བཤད་པ་འདི་ལྟ་སྟེ།། བཞིན་དང་སྤོ་ཡང་བཟང་བ་སྟེ།། མིག་རྩ་དམར་ཞིང་སོ་ཡང་དམར།། སེན་མོ་ཟངས་ཀྱི་མདོག་ལྟར་དམར།། སྣ་ལེགས་རྩེ་མོ ་ཟུར་ཕྱིན་ཅིང་།། མིག་མཆུ་རིང་ལ་ངང་པའི་སྒྲོས།། སྐུ་མདོག་མཐིང་ག་ལྕང་ལོ་ཅན།། ངོ་མཚར་མཛེས་ཤིང་སྤྱོད་ལམ་མཁས།། རྐང་ལག་མཐིལ་དམར་ཁ་དོག་བཟང་།། པདྨའི་དྲི་ཅན་པདྨ་དགའ།། དཀར་འཛིན་ཕྲ ་ལ་ཟླུམ་པ་སྟེ།། ཆེ་ཆུང་མེད་པར་མཉམ་པའོ།། བཪྻ་ཆུང་སྡོང་པོ་བཞིན་དུ་སྲ།། མིག་ཚིགས་ཟླུམ་ལ་མི་མངོན་ཞིང་།། ལུས་སྨད་ཛེ་ཕྲ་འདུག་པའོ།། ཧསྟི་ནཱི་ཡི་རིགས་སྨོས་པ།། བརྟགས་པས་མཚན་མ་ཤེས ་བྱ་ན།། གདོང་པ་ཆུང་ལ་ཟླུམ་པ་དང་།། རོ་སྟོད་ཆེ་ཞིང་མཉམ་པའོ།། བརླ་འཇིང་བྱིན་པ་སྦོམ་པའོ།། སྐྲ་ཡང་སྦོམ་ལ་སྐད་ཆེ་བ།། སོ་རགས་མཐོ་ལ་རིང་བ་དང་།། ཁ་ནས་བན་གླང་ངད་ལྡང་ཞིང་།། ཁ་ཟས་ཆེ་བར ་ཟ་ནུས་པ།། ང་རྒྱལ་ཅན་ལ་སྨྲ་བ་ཉུང་།། དཀར་འཛིན་རྩེ་མོ་གཡས་གཡོན་དགྱེ།། རྩེ་མོ་བརླང་ཞིང་འཇིགས་པ་མེད།། མིག་ཕྲ་གཏིང་རིང་འགྱིང་བག་ཅན།། ཤང་ཁ་ནི་ཡི་རིགས་བཤད་པ།། ལེགས་པར་བརྟགས ་ཤིང་མཉམ་བླངས་པ།། བྱད་ངོ་ཆུང་ལ་མིག་རིང་བ།། སོ་མཉམ་རྣོ་ལ་དམ་པའོ།། ནུ་མ་འབུར་ལ་རྩེ་མཉམ་པ།། ལུས་ཀྱི་ཤ་ཡང་ཆེ་ཆུང་རན།། མགྲིན་པ་རྣ་རྒྱུད་རིང་བ་སྟེ།། རྐང་ལག་སྒྲ་ཡང་རིང་བ་སྟེ།། མཚན ་ཁུང་སྦོམ་ལ་ཟླུམ་པ་སྟེ།། གོས་དང་རྒྱན་སོགས་དམར་ལ་དགའ།། ཁ་ཟས་ཤ་དང་ཉ་ལ་སྲེད།། ཤ་ཏ་ནཱི་ཡི་རིགས་སྦོམ་པ།། ལེགས་པར་མཚོན་ཅིང་བརྟག་བྱ་བ།། ལུས་ཀྱི་དབྱིབས་ཆུང་ཚང་ར་ཆུང་།། དཀར་ལ་ཤ ་སྲབ་བཞིན་འདོད་ལ།། དཀར་འཛིན་ཤྲཱི་ཕ་ལ་འདྲ།། ལུས་རན་བཞིན་ལུས་གཡས་སུ་ཡོ།། བྷ་ག་ཆུང་ལ་རུབ་པ་སྟེ།། སྣ་ཚོགས་རི་མོས་མཚན་ལ་དགའ།། ཁྲོ་ལ་འཐབ་ཅིང་བརླང་ཚིག་སྨྲ།། སྔགས་དང་རྫས ་དང་ཐབས་སྩོགས་པས།། དགོན་པ་བར་ཆད་མེད་པའི་གནས།། སྔ་དྲོ་ཕྱེད་དང་སྣར་དམན་དང་།། དགོངས་ཀའི་དུས་སུ་དགུག་པར་བྱ།། ནང་ལུས་བྷ་ག་ཕོ་བྲང་དབྱིབས།། སྤྱི་དང་ཁྱད་པར་བརྟག་པར་བྱ།། གང་དུ ་བདེ་སྐྱེད་རྟེན་གྱི་དབྱིབས།། ཡོ་བ་དང་ནི་སླ་བ་དང་།། རྩ་ངན་འཕེལ་ཁ་ཆེ་བ་དང་།། རྩུབ་གང་ཟླུམ་མཐོ་འཛག་པ་དང་།། འགྱུར་དང་མི་ལེགས་དམན་པོ་དག། དེ་བཞིན་སྤང་བར་ཤེས་པར་བྱ།། རྩ་མེད་པ་དང ་ཤེས་པ་དང་།། རྩ་ངན་པ་དང་ཡོ་བ་དང་།། ཁམ་པ་དང་ཟུང་བ་དང་།། ཕྲ་དང་ནུབ་པ་མེད་པ་ཡང་།། སྤང་བར་བྱ་བ་རབ་ཏུ་བཤད།། སྲ་བ་དང་ནི་འཕང་མཐོ་དང་།། རྩ་ལྡན་དྲོད་ཆེ་སྐ་བ་དང་།། མི་འགྱུར་བ་དང ་ཟླུམ་པ་དང་།། གཏིང་རིང་འཇམ་ཞིང་ཅུང་ཟད་དམ།། པདྨའི་སྙིང་པོ་བཞིན་དུ་ཟླུམ།། ཤིན་ཏུ་ཆུང་ལ་སྐྲ་ཉུང་བ།། བཟང་པོའི་རིགས་དང་མཚན་དུ་བཤད།། འགུགས་དང་བསྐྲད་དང་གསང་བ་དང་།། རྒྱས་པའི་རོ ་དང་སྦོམ་པ་དང་།། རང་བཞིན་བཟང་དང་ནུས་པ་ཆེ།། བཅོས་སུ་མེད་པ་བཟང་པོར་བཤད།། གོང་དུ་གཞན་གྱིས་དབང་བྱས་དང་།། དཀའ་ཐུབ་ཅན་དང་ངོ་ཚ་ཅན།། གཙང་སྨེ་ཅན་དང་རང་བཞིན ་དན།། གཡངས་པ་ཡིས་ནི་འགྲངས་པ་དང་།། གནད་དང་གཉིད་དང་སྙིངས་མིགས་ཀྱད་པ་དག། ནུས་པ་མེད་པས་སྤང་བར་བྱ།། གལ་ཏེ་བདེ་བསྐྱེད་ཆགས་འདོད་ན།། ཆགས་པའི་གླུ་དང་གར་དག་དང་།། བཟའ་བཏུང ་བལྟ་དང་ཆགས་པའི་གཏམ།། ཅི་ལེགས་པ་ཡིས་སྤྱད་པར་བྱ།། སྟེང་འོག་འཁྱུད་པ་གཉིས་ཡིན་ཏེ།། བལྟ་དང་གཞི་བ་དང་འཛིན་པ་གཉིས།། རེག་པ་དེ་བཞིན་ཤེས་པར་བྱ།། ཐབས་དང་ཤེས་རབ་ཚུལ་གྱིས་སོ།། ནུ ་མ་དེ་བཞིན་མིག་གཉིས་དང་།། སྣ་དང་འགྲམ་པ་ཆུ་སོ་དང་།། བརླ་དང་ལྟེ་བ་བྷ་ག་ལ།། དགྱེས་པ་བསྐྱེད་ཕྱིར་འོ་བྱའོ།། མཆུ་དང་ནུ་མའི་གོང་གཉིས་དང་།། མཆན་ཁུང་འབུར་གཉིས་མཁུར་ཚོས་ལ།། བུད་མེད ་གའ་བ་བསྐྱེད་པའི་ཕྱིར།། མི་དྲག་པར་ནི་སོས་གདབ་བོ།། མཆུ་གཉིས་བར་དུ་མཆུ་གཉིས་དག། བལྟ་བཞིན་ཡུན་རིང་གཞིབ་པར་བྱ།། ནུ་མ་གཉིས་དང་འབུར་གཉིས་དང་།། བརླ་དང་ནུ་མ་མཁུར་ཚོས་སྐེད་པ ་རུ།། བརྩེ་དང་ཆགས་པ་བསྐྱེད་པའི་ཕྱིར།། སེན་ཐབས་བཅས་པས་རེག་པར་བྱ།། གསང་བའི་སྟོད་ཀྱི་གནས་གསུམ་དུ།། སྐེད་པའི་གནས་གསུམ་བཅུ་གཉིས་དང་།། མཆན་ཁུང་རྩིབ་ལོགས་རྒྱུ་ཞབས་སུ།། ཐ་མལ ་ཚུལ་གྱིས་དྲུད་པར་བྱ།། སྲིན་ལག་ཐབས་ཀྱིས་བསྐྱོད་པར་བྱ།། རེག་དང་འཕྲོ་བས་ཡིད་འཕམ་པ།། དེ་ཚེ་རྟགས་ནི་འབྱུང་བར་འགྱུར།། རྩེ་གཉིས་འཕྲད་པས་བདེ་བ་ཆེ།། གང་ལ་རང་དབང་མེད་པར་ནི།། འཁོར ་བའི་སྲིད་པ་རང་ཐིམ་འགྱུར།། བྷ་ག་པདྨའི་སྙིང་པོ་ལ།། རྡོ་རྗེ་ཐབས་ཆེན་བསྐྱོད་པ་ཡིས།། གསང་བའི་ཐིག་ལེ་བཅུད་ཀྱི་འབྲུ།། རྩེ་ནས་བཟུང་བཟློག་སྦྱངས་པ་ཡིས།། དབང་པོ་ཡུལ་དང་རྣམ་ཤེས་ཀུན།། བདེ་བ ་ཆེན་པོའི་གཟུགས་སུ་སྐྱེ།། འདི་ཚེ་བར་ཆད་མེད་པ་ཡིས།། མཐར་ཐུག་གསང་བའི་ཡེ་ཤེས་འགྲུབ།། དབང་དང་མན་ངག་སྔོན་སོང་བས།། ཡོན་ཏན་བཅུ་དང་རབ་ལྡན་ཞིང་།། ཡིད་འོང་རིགས་བཞི་ཐིག་ལེ ་ནི། པདྨ་ནི་དང་ཧསྟི་ནི།། ཤང་ཀ་ནི་དང་ཙ་ཏ་ནི།། ལོ་གྲངས་བཅུ་དྲུག་ལོན་པ་ལ།། ནུབ་ཕྱོགས་འོག་མིན་བདེ་ལྡན་དུ།། མ་ཆགས་པདྨ་གདན་བཏིང་བ།། ཉི་མ་ཤར་བའི་གཞལ་ཡས་ཁང་།། ཉུང་དཀར་ཚད་ཀྱི ་བུམ་པ་ནི།། ཡོན་ཏན་ཚད་མེད་གཏེར་དང་ལྡན།། ལས་དང་ངོ་བོ་ཚད་དང་བྲལ།། བདག་ཉིད་ངོ་བོ་ཅན་ལྡན་པས།། བཅུ་དྲུག་བཞི་ཆས་བདེ་བསྐུལ་བས།། གཉིས་ཀའི་གནས་སུ་ཡབ་ཡུམ་དག། ཕྱག་རྒྱ་དགུ ་གཉིས་ཚད་མས་གདབ།། ས་ཡ་བཅུ་གསུམ་གཉིས་ཀྱི་བཅུད།། བསྐྱོད་བསྐུལ་བྲོ་གར་ཐབས་ཀྱིས་གདགས།། ཉི་ཟླ་དུས་གཅིག་འདྲེས་ཤར་བ།། དེ་ཉིད་བཞི་ལ་སླར་བསྡུས་ན།། དང་པོ་སྤྱོད་ཡུལ་ཐམས་ཅད ་ཀུན།། བཅུ་གསུམ་ཕྱག་རྒྱའི་དཀྱིལ་འཁོར་གསལ།། རྒྱུ་བ་ཡིད་དང་དྲན་རྟོག་ཆད།། ཐིག་ལེ་བདེ་ཆེན་འགྲོ་འོང་མེད། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། བྷ་ག་བཤད་པའི་ལེའུ་སྟེ་བཅུ་བཞི ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཞེ་སྡང་ཅན་གྱི་གང་ཟག་ལ།། གཉེན་པོ་ཐབས་ཀྱིས་མི་འདུལ་བ།། ཐབས་ཆེན་གསང་བ་བཤད་པར་བྱ།། ནོངས་པར་སྤྱོད་དང་ལོག་སྲེད་ཅན།། དམ་ཉམས་ལོག ་དང་འཁུ་བ་དང་།། བླ་མ་མཆོད་དང་དཀོན་མཆོག་དགྲ།། དམ་དགྲ་ངན་པའི་ངང་ཚུལ་ཅན།། ཡོངས་ལ་གནོད་དང་འདུས་པར་འོངས།། བླ་མ་གྲོགས་ཀྱི་ཡུམ་ཕྲོག་ཅིང་། ཚོགས་ཀྱི་ཡོ་བྱད་རྐུ་འཕྲོག་བྱེད།། གསང་བ ་འཇིགས་པའི་ལས་བྱེད་པ།། དམ་ཚིག་དམ་ཆོས་དམོད་པ་དང་།། ལྷ་དང་མི་དང་ངན་འགྲོར་བཅས།། ཐམས་ཅད་བསྒྲལ་བའི་ཞིང་དུ་གསུངས།། བདག་དང་གཞན་ལ་ཕན་པའི་ཕྱིར།། ཆོས་ཀུན་རོ་གཅིག་ཉིད ་གནས་ཤིང་།། མཉམ་ཉིད་རིག་པའི་རྣལ་འབྱོར་པས།། སྡུག་བསྔལ་རྒྱུ་འབྲས་གཅད་པར་བྱ།། བྱམས་དང་སྙིང་རྗེ་ལྡན་པ་ཡིས།། ཐར་པ་ཆེན་པོར་དགོད་པར་བྱ།། དྲག་ཤུལ་ཐབས་ཀྱི་སྦྱོར་བ་ཡིས།། མཉམ་ཉིད་ཞི ་ལ་དགོད་པར་བྱ།། ཐབས་དང་ལྡན་པའི་ལྕགས་ཀྱུ་ཡིས།། འཁོར་བའི་ཕུང་པོ་བཀུག་ནས་ནི།། ཐུགས་རྗེའི་ལྕིད་དང་ལྡན་པར་གནན།། ཤེས་རབ་མཚོན་ཆ་ལྡན་པ་ཡིས།། ཉོན་མོངས་འཁོར་བའི་རྒྱ་དྲལ་ཏེ།། ཆུ ་ཤིང་སྡོང་པོ་ཁ་ཕྱེ་སྟེ།། མ་རིག་མུན་པ་སྣང་བར་བྱས།། དེ་ཉིད་ཡེ་ཤེས་འོད་ཀྱིས་སྦྱང་།། འབྱུང་བ་གསུམ་གྱི་ཐབས་ཀྱིས་སྦྱངས། རཾ་ཡཾ་ཁཾ། མ་བསྐྱེད་ནམ་མཁའི་རང་བཞིན་ལ།། འབྱུང་བའི་རྐྱེན་གྱིས་མི་འཇིག ་ལྟར།། སྐྱེ་མེད་སེམས་ཀྱི་རང་བཞིན་ལ།། མཚན་མའི་རྐྱེན་གྱིས་འཇིག་པ་མེད།། གསལ་བ་ཉི་ཟླའི་གདན་སྟེང་དུ།། ཨ་ལས་ཧཱུཾ་གི་སྦྱོར་བ་ཡིས།། ཚོན་གང་འོད་ཀྱི་སེམས་དཔའ་ཆེ།། སྦྱོར་བ་རླུང་གི་ཆོ་ག ་ཡིས།། འོག་མིན་གནས་སུ་སྒྲ་ར་ཡཾ།། དབྱིངས་སུ་བསྐུལ་བས་ཐེ་ཚོམ་མེད།། གཉིས་མེད་ཐིམ་པས་འདྲེས་འགྱུར་ཏེ།། རྒྱལ་བའི་སྲས་འགྱུར་རྡོ་རྗེ་སེམས།། གཉིས་སུ་མེད་པར་དབང་བསྐུར་ཏེ།། བདག་དང་གཞན ་དོན་མཐར་ཕྱིན་ཏོ།། ཕུང་ལྔ་འདོད་པའི་ཡོ་བྱད་ལྔ།། དུར་ཁྲོད་སྣ་ཚོགས་ལས་གྲུབ་པ།། མཆོད་པའི་སྤྲིན་ནི་རབ་འབྱམས་ཀྱིས།། མ་ལུས་ཁྱབ་པར་སྤྲོ་བར་བྱ།། བདག་དང་གཞན་ལ་ཕན་པའི་ཕྱིར།། བྱམས་དང ་སྙིང་རྗེ་ལྡན་པ་ཡིས།། དཔག་མེད་ལོག་པར་འཁྱམས་པ་རྣམས།། ཐབས་ཀྱིས་མ་སྐྱེས་ས་ལ་བཀོད།། འཆི་བ་མེད་པའི་ཆོས་སྐུར་ཟིམ།། བདེ་ཆེན་ས་ལ་སྦྱོར་བར་རིགས།། བདེ་ལམ་འདི་ལས་གཞན་མེད་དོ།། ཨ ་ཡི་རང་བཞིན་ཐོག་མཐའ་མེད།། ཏ་ལ་པ་ཡི་མངོན་མཚན་པས།། རྟོག་པ་འདོད་པའི་སྤྱོད་པ་ཡིས།། མ་ལུས་མཉམ་པ་ཉིད་དུ་སྦྱོར།། ཨ་ལས་དབྱུག་བཏགས་དཀར་ལྡན་སྒྲས།། མ་ལུས་མཉམ་པ་ཉིད་དུ ་སྦྱར།། གསང་བ་དེ་ཉིད་ངེས་པ་ཡིས།། ཕྱག་རྒྱ་སྙིང་པོ་ཏིང་འཛིན་གྱིས།། སྒྱུ་འཕྲུལ་དྲ་བ་གཉིས་མེད་པའི།། གོ་འཕང་ཚེ་འདིར་འགྲུབ་པར་ངེས།། ཆགས་པས་སྡང་བ་གྲོལ་བྱེད་པ།། མུན་འགྱུར་སྨན ་དང་བདུད་རྩི་ལྟར།། དཀའ་ཐུབ་ཚེགས་དང་བྲལ་བ་ཡི།། ཐབས་དང་ཤེས་རབ་འབྲེལ་བ་ཡི།། གསང་བའི་ཐབས་ལ་ལེགས་གོམས་པས།། ཉི་ཟླ་འདྲེས་དང་རྩེ་ཟིན་པར།། ཐིག་ལེ་ཞེ་སྡང་བདེ་བར་ཐིམ།། གསང ་བ་དེ་དག་གནས་པ་ན།། ཉོན་མོངས་དྲན་རྟོག་མ་ལུས་པ།། མུན་པ་ལ་ནི་སྣང་བ་བཞིན།། གསང་བ་ཐབས་ཀྱི་སྣང་བར་འགྱུར།། འདོད་ཆགས་སྡང་བའི་གང་ཟག་གིས།། ཐལ་བའི་རྒྱུད་ལ་ལེགས་གོམས ་པས།། འདོད་ཆགས་མ་ལ་འདོད་སྤྱད་པས།། ཞིང་ཁམས་བདེ་བ་འཕེལ་བར་འགྱུར།། སངས་རྒྱས་ཀུན་དང་མཉམ་པ་ཡི།། བདེ་ཆེན་ཐིག་ལེ་ཁྱབ་པར་རོ།། ལུས་གནས་ལུས་ལས་མ་སྐྱེས་པས།། ཐམས་ཅད་ལྡན ་ག་སྐྱེས་པར་གསལ།། ཕྲ་ལས་ཤེས་རབ་ཕ་རོལ་ཕྱིན།། སྐྱེས་བུ་ཐབས་དང་ནུས་པ་ཡིས།། རིགས་ངེས་གསུམ་དང་ལྡན་པ་ལ།། ཐབས་ཀྱི་སྦྱོར་བ་དེ་བཞིན་བརྩམས།། ཆགས་པ་སྐུད་དང་རླུང་གི་ཐབས།། དང ་པོའི་ལས་ཅན་དགའ་བྱའི་ཕྱིར།། མི་ཡི་བུ་མོ་ལ་སྤྱོད་པ།། འདི་དག་ཐིག་ལེ་བཟུང་ཕྱིར་བསྟེན།། ཏིང་འཛིན་ཡེ་ཤེས་ལྷ་མོ་ལ།། བརྟེན་པས་སེམས་ཀྱི་བདེ་བ་འབྱུང་།། རྒྱུ་འབྲས་ཟག་པ་ཁུ་བ་མེད།། རྩ་དང་རླུང ་དང་ཐིག་ལེ་ལ།། བརྟེན་པ་མེད་ཅིང་འཛིན་པ་མེད།། ཡིད་དང་ཏིང་འཛིན་ཡེ་ཤེས་ཀྱི།། གང་ཡིན་ལྷ་མོ་ལ་སྦྱར་བས།། བུད་ཤིང་མེ་ལྟར་རང་ཚིག་ཅིང་།། ཟག་པ་མེད་པའི་བདེ་ཆེན་པོ།། སྣང་བ་འདི་ལས་ས་ཁམས ་དང་།། དུས་ཁམས་ཞིང་ཁམས་ནམ་མཁའི་ཁམས།། བདེ་བ་ཆེན་པོས་ཁྱབ་པར་འགྱུར།། ནམ་མཁའི་དབྱིངས་ཀྱི་མཐར་ཐུག་པར།། གསང་བའི་ས་གསུམ་མ་ལུས་པ།། ཐབས་ཀྱིས་ཟིན་དང་མ་ཟིན་ལས།། འཕེལ ་འགྲིབ་ཟག་པ་ཡོད་མིན་དང་།། འཆིང་གྲོལ་ཁྱད་པར་སྣ་ཚོགས་སྣང་།། ཐབས་དང་སྐྱེས་བུའི་ཁྱད་པར་ལས།། མ་ལུས་བདེ་མཆོག་སྒྱུ་མའི་ཕྱིར།། གང་ཡང་མི་བྱ་བ་མེད་དེ། ཐམས་ཅད་རྒྱལ་བའི་མཛད་པར ་གནས།། པདྨ་ཐབས་དང་འདུས་པ་ལས།། དབང་པོ་རྣམ་ཤེས་ཡུལ་ལས་སོགས།། ཐ་དད་གྲོལ་བས་རང་ལོག་སྟེ།། ལྷན་ཅིག་སྐྱེས་པའི་ངོ་བོར་གསལ།། ལུས་དང་སེམས་དང་ཡེ་ཤེས་ཀྱི།། བརྟེན་པ་གསུམ་ལ ་མཉམ་སྦྱོར་བས།། འདུ་ཤེས་ཀུན་ལས་རབ་གྲོལ་ཏེ།། ཐམས་ཅད་བདེ་བ་ཆེན་པོར་སྨིན།། ཤེས་རབ་པདྨའི་མེ་ལོང་ལ།། རྡོ་རྗེ་གསང་བའི་ཐབས་བལྟས་པས།། བདེ་བ་ཆེན་པོའི་གཟུགས་བརྙན་ཚོགས།། མཐའ ་དབུས་མེད་པར་རང་བཞིན་སྣང་།། བདེ་བ་ཆེན་པོའི་རང་བཞིན་ནི།། སྣང་བ་མ་ཡིན་མི་སྣང་མིན།། མཐའ་དབུས་ཞེན་པ་ལས་འདས་ནས།། ཐམས་ཅད་བདེ་ཆེན་མཉམ་པ་ཉིད།། ཤེས་རབ་གསལ་བའི་མེ་ལོང ་ལ།། སྐྱེས་བུ་ཟབས་ཀྱིས་བདེ་གནས་ཤིང་།། སྐྱེས་བུ་ཟབས་ཀྱིས་བཟླ་བ་ལ།། ཤེས་རབ་མིག་གིས་གང་བལྟས་པ།། ཞེན་བཏགས་སྣང་བའི་མུན་པ་རྣམས།། ཐབས་ཆེན་སྣང་བས་ཁྱབ་པར ་འགྱུར།། སྦྱོར་བས་སྣང་བ་ཀུན་བསྒྲལ་ཞིང་།། བསྒྲལ་བས་སྐྱེ་མེད་དབྱིངས་སུ་སྦྱོར།། གཉིས་མེད་རྟོགས་པའི་རྣལ་འབྱོར་པ།། པདྨ་ལ་ནི་འདམ་བཞིན་ནོ།། གང་དུ་ཉམས་དང་ལྡན་པ་ཡིས།། གང་དུ་བསྐུལ་ལམ་མི ་གསལ་ན།། རང་གི་ཚད་དང་ལྡན་པར་དུ།། གླུ་དང་རྩེད་མོ་གར་དག་དང་།། ཕྱི་རོལ་ཆགས་པས་འབར་བྱས་ཏེ།། བདེ་ཆེན་ཡིད་ཀྱི་ཡུལ་ལ་བལྟ།། འགྲོགས་པ་དག་དང་དམིགས་པ་དང་།། གོམས་ལས་ཡེ་ཤེས་ཕྱག ་རྒྱ་གསལ།། ལྷན་ཅིག་བདེ་ཆེན་རིམ་སྐྱེས་པས།། གཉིས་མེད་བདེ་བ་ཐབས་ཀྱི་རོ།། བཅུ་དྲུག་རྒྱུན་དང་འབབ་ཆུ་ལྟར།། གོམས་པའི་སྟོབས་ཀྱིས་མཐར་ཕྱིན་འགྱུར།། གསང་བའི་ཐབས་ལྡན་གང་ཟག་ནི།། འཁོར ་བ་ཐབས་ཀྱི་ཞིང་གནས་ཀྱང་།། རྟོགས་གོམས་ཐབས་ཀྱིས་གང་ཟིན་པ།། མི་ལྡོག་དེ་ཉིད་ཕ་རོལ་ཕྱིན།། ཐབས་ཆེན་སྒྱུ་འཕྲུལ་དྲ་བ་ལས།། ཐབས་ཆེན་གསང་བ་འདི་གསུངས་སོ།། སྐལ་ལྡན་མཆོག་གི་སྤྱོད་ཡུལ ་ཏེ།། དམན་དང་རིགས་ཆད་ཡུལ་མ་ཡིན།། སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ་ལས། ཐབས་ཆེན་པོ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། རང་བཞིན་ཐབས་ཀྱིས་མངོན་བྱས ་པའི།། ལས་ཀྱི་ཁྱད་པར་སྣང་བ་ཡི།། རིམ་པ་འདི་ནི་བཤད་པར་བྱ།། ཐམས་ཅད་རང་བྱུང་བྱང་ཆུབ་སེམས།། ཀུན་གྱི་གཞི་རྩ་སྟོང་པ་ཉིད།། མ་སྐྱེས་པ་ཉིད་སྐྱེ་བ་སྟེ།། འདི་ལ་ཕྱོགས་རིས་ཀུན་ལས་འདས།། ཀུན། ་ནས་ཆ་ཤས་སྤང་བྲལ་བའི།། མ་དམིགས་མི་དམིགས་དམིགས་སུ་མེད།། བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད།། ཕྲིན་ལས་ཀུན་གྱི་ངོ་བོར་སྣང་།། ཐམས་ཅད་ཐིག་ལེ་ཆེན་པོའི་ངང་།། ཕྱོགས་མེད་རང་བྱུང་ཐིག་ལེ ་ལ།། མི་མཐུན་དྲི་མ་རྡུལ་མེད་པ།། མ་བཅོས་ཞི་བ་ཆེན་པོར་བཤད།། དངོས་མེད་རང་རིག་བྱང་ཆུབ་སེམས།། རང་བྱུང་རང་སྣང་ངོ་བོ་ཉིད།། མཐའ་དབུས་མེད་པའི་ངང་ཚུལ་གྱིས།། ནམ་མཁའི་ཁམས་ལྟར་གནས ་པའོ།། ཐབས་ཅིག་ཏུ་ནི་གནས་པ་ན།། བྱ་དང་མི་བྱ་ལ་སོགས་པ།། གཉིས་མེད་ཐིག་ལེར་རང་གནས་པ།། རིག་པས་རང་རྒྱུད་ཉིད་དུ་འདུས།། མ་སྐྱེས་སྟོང་པའི་རང་བཞིན་ལ།། དངོས་དང་དངོས་མེད་འཇིགས ་མེད་འཇིག་པས་ན།། ཐོགས་པ་མེད་པར་ཕ་རོལ་ཕྱིན།། མ་ལུས་པར་ནི་འཇིག་པར་འགྱུར།། རང་རིག་སྟོང་པའི་གཟུགས་བརྙན་ནི།། མི་ཤེས་ཐིག་ལེའི་རང་སྣང་ནི།། དྲངས་མ་རྩ་བཞི་འོད་དང་བཅས།། རང་བཞིན ་ལས་དང་ནུས་པར་བཅས།། ཐ་དད་མེད་པས་ནང་དུ་བཤད།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། སྤྱོད་ཡུལ་བྲལ་བའི་གསང་བ་སྟེ།། བྷ་ག་བདེ་བ་ཆེན་པོ་ཉིད།། ཡི་གེ་བཞི་ལྟར་རང་གནས་པ།། ཐབས་དང་ལྡན ་པས་རྟོགས་འགྱུར་གྱི།། དམན་པས་རྟོགས་པར་ག་ལ་འགྱུར།། གང་དུ་ཡུལ་དང་ཕྲད་པའི་ཚེ།། དངས་མ་དགའ་བ་ཆགས་པ་དང་།། རྩོལ་བ་རེ་དོགས་ཆད་པའི་སེམས།། མི་མཐུན་པ་ཉིད་མཐུན ་འགྱུར་ཡང་།། ཐབས་བྲལ་རྣམས་ལ་རྒྱས་བཏབ་བོ།། ཐབས་དང་ཤེས་རབ་ལྡན་པ་ཡིས།། དགའ་བའི་རོལ་པ་སྣ་ཚོགས་པ།། རྩེ་གཅིག་པར་ནི་འགྱུར་བའི་ཚེ།། སྣ་ཚོགས་དྲན་བསམ་ཞི་བར་འགྱུར།། རོལ་དང ་འཁྱུད་དང་ཞལ་སྦྱོར་དང་།། སྟེགས་དང་འཇོ་བ་བལྟ་དང་རྩེ།། སྣ་ཚོགས་ཕྱི་ནང་སྦྱོར་བ་ཡིས།། ལུས་སེམས་ཕྱི་ནང་རྒྱས་པར་འགྱུར།། གང་དུ་ཕྱི་ནང་རོལ་པའི་ཚེ།། ཐབས་དང་ཤེས་རབ་ལྡན་པ་ལ།། ཕྱི་ནང་དྲན ་བསམ་མ་ལུས་པ།། ཞེན་པ་ལྡོག་ཅིང་དབང་དུ་འདུ།། རེ་དོགས་ཆད་པའི་དུས་ཉིད་ནི།། གང་ལ་འཇུག་པའི་ཡིད་སྤངས་པས།། རང་བྱུང་ཐིག་ལེ་བསམ་མི་ཁྱབ།། དེ་ཉིད་མ་རིག་ལ་སོགས་བཅོམ།། ཐམས་ཅད ་འདུས་པའི་སྙིང་པོ་ནི།། ཇི་སྙེད་ཕྲིན་ལས་ངོ་བོ་སྟེ།། སོ་སོར་དབྱེ་བ་མི་གནས་ཀྱང་།། རིན་ཆེན་སེམས་ལ་རང་བཞིན་རྫོགས།། གང་ཕྱིར་ཐབས་དང་སྦྱོར་བ་ཡིས།། རྫས་ལས་བཅུད་ཀྱིས་བསྒྱུར་བ་ལྟར།། སྐལ་ལྡན ་དབང་པོ་ཡང་རབ་ལ།། གང་ཕྱིར་བསྒྲུབ་པ་དེ་བཞིན་སྣང་།། གསང་ཆེན་ཐབས་ཀྱི་རོལ་པའི་རྒྱུད།། ཆགས་པས་ཆགས་པ་གྲོལ་བ་ལྟར།། གང་འདིར་ཐབས་དང་བྲལ་བ་ཡིས།། ནམ་མཁའ་ལ་ནི་མེ་ཏོག ་བཞིན།། རྒུད་དང་ངོ་བོ་ཉིད་དག་དང་།། མཐར་ཕྱིན་ཐབས་ཀྱི་རྒྱུད་དག་གིས།། མ་ལུས་ཀུན་ལ་ཁྱབ་གནས་པ།། ཕྲིན་ལས་རོལ་པ་ཐབས་ཀྱི་རྒྱུད།། རྡོ་རྗེ་པདྨ་ནུ་མ་སྤྲད།། རྐན་དང་ལྕེ་དང་ཐབས་སྦྱར་བས།། མེ ་ལོང་ལ་ནི་གཟུགས་བརྙན་བཞིན།། པདྨའི་བདེ་བ་མངོན་དུ་སྣང་།། ཐིག་ལེ་མངོན་དུ་འབྱུང་བ་ན།། ཐབས་དང་ཤེས་རབ་གཉིས་མེད་པས།། འདྲེན་པ་དང་ནི་འཛིན་པ་དང་།། རྩེ་དང་སྐེད་པ་རྩ་བ་དང་།། ལྟེ་བ་སྙིང ་མགྲིན་སྐྲ་མཚམས་སུ།། ཐིག་ལེ་འོང་བའི་ཚུལ་གྱིས་ནི།། བྱ་བའི་ཐབས་ནི་གང་ལ་ཡང་།། ཕྲིན་ལས་བཞི་ནི་ཀུན་འཆང་སྟེ།། ཐབས་དང་ལྡན་པས་རྣམ་དབྱེ་བ།། མ་ནོར་དོན་དང་ལྡན་པ་ཡིས།། བདག་དང་ལྷ་དང ་སྒྱུ་མ་དང་།། ནམ་མཁའ་ལྟ་བུར་མཐར་ཕྱིན་པས།། བདེ་ཆེན་རིག་པ་རང་གསལ་བ།། ཕྱོགས་དང་བྲལ་བར་རང་བཞིན་སྣང་།། ཤེས་རབ་མེད་པའི་རྣལ་འབྱོར་པས།། བདག་ཉིད་བདེ་བར་ལྡན་པའི་ཕྱིར།། རིག ་པའི་ལྷ་མོ་བསྟེན་པ་དང་།། བརྡའ་དང་གཞིབ་པས་བདེ་བ་བསྐྱེད།། དེ་ནས་སྟོང་ཞིང་མི་རྟོག་པས།། དབང་པོ་ཡུལ་སེམས་ལས་གོས་ཆོས།། རང་བྱུང་རང་རིག་བྱང་ཆུབ་སེམས།། དབྱེར་མེད་བདེ་བ་ཆེན་པོར ་བསྒོམ།། གང་དང་གང་དུ་ཕྲད་པ་ལས།། དེ་ནི་དེ་ཡིས་དེར་སྣང་ལྟར།། ཐབས་ཆེན་རིག་པ་མཉམ་སྦྱོར་ལས།། རང་བྱུང་བདེ་ཆེན་གསལ་བར་འབྱུང་།། དགུག་དང་བཀུག་དང་འཐབ་པ་དང་།། འདྲེན་དང་འཛིན ་དང་བསྐྱིལ་བ་དང་།། སྦྱང་དང་སྤེལ་དང་ལས་བརྩམས་པས།། བར་ཆད་མེད་པའི་བདེ་བ་འབྱུང་།། གོང་དུ་ཐབས་ཆེན་ལྡན་པ་ཡིས།། ཡིད་འོང་མཚན་ལྡན་བུ་མོ་ལ།། བལྟ་དང་སྙན་དང་འགྲོགས་ལ ་སོགས།། བདེ་ཆེན་བར་ཆད་མེད་པར་གནས།། གསང་ཆེན་ཐབས་ཀྱི་མེ་ལོང་འདི།། ཀུན་ལ་གནས་ཀྱང་མི་སྣང་སྟེ།། ལོང་བ་གཟུགས་དང་འཕྲད་པ་བཞིན།། ཇི་ལྟར་བལྟས་པས་མཐོང་བ་མེད།། ཐིག་ལེ་རིམ་ནས ་རིམ་གནས་པ།། དང་པོ་ནས་བརྩམས་མཐར་ཕྱིན་པར།། གོམས་དང་རྐྱེན་གྱིས་གོང་ནས་གོང་།། ལམ་གྱི་ཁྱད་པར་མཐར་ཕྱིན་འགྱུར།། ལས་དང་རིམ་པ་བྱིན་རླབས་དང་།། ཡེ་ཤེས་རྣལ་འབྱོར་མ་ཡི ་ཚོགས།། དངོས་དང་ཏིང་འཛིན་བདེ་ཐོབ་པ།། པདྨ་གསུམ་པས་རིམ་སྦྱོར་བས།། ཡུལ་དང་རྒྱན་དང་ཡུན་ལ་སོགས།། རིམ་པ་རང་བཞིན་འཕེལ་བ་ཡིས།། མཐར་ཐུག་ལམ་ལ་གནས་པར་འགྱུར།། སངས་རྒྱས་ལྷ ་མོ་རོལ་པ་ཡིས།། སྐལ་ལྡན་རིགས་ལ་དབང་བསྐུར་བས།། བཅུ་གསུམ་མཐར་ཕྱིན་ལྷུན་གྲུབ་པས།། རིག་པའི་མེ་ཏོག་སྟོང་པ་ལ།། བྱ་བྱེད་མེད་པའི་རང་བཞིན་གྱིས།། ཡོན་ཏན་སྣ་ཚོགས་གསལ་བར ་སྣང་།། ཕྱོགས་བཅུ་མ་ལུས་སངས་རྒྱས་སྲས།། མཐར་ཕྱིན་དབང་གི་སྦྱོར་བ་སྟེ།། མཐར་ཐུག་བདེ་བའི་ནམ་མཁའ་ལ།། ཉི་མ་བྱེ་བ་བརྡལ་བ་ལྟར།། ཡེ་ཤེས་ནམ་མཁའ་མཐའ་དབུས་མེད།། རང་བྱུང་ཡེ་ཤེས ་བདེ་ཆེན་པོ།། རང་རིག་སྟོང་པ་ཡུལ་ལས་འདས།། རྒྱུ་རྐྱེན་རིམ་པ་ཀུན་དང་ལྡན།། དཔག་བསམ་ཤིང་དང་ནོར་བུ་ལ།། ཞིང་ཁམས་ནམ་མཁའི་མཐར་ཐུག་པ།། ཉི་འོད་ཆུ་རླབས་ཆར་བཞིན་དུ།། འཕེལ་འགྲིབ ་མེད་པའི་ཚུལ་དུ་གནས།། གང་ལ་བདེ་སྟོང་དབྱེར་མེད་པ།། གཉིས་ཀ་མ་ཡིན་གཉིས་མེད་མིན།། མཐའ་དབུས་རྒྱུ་འབྲས་རེ་དོགས་སོགས།། སྤང་ཐོབ་མེད་པར་རྟག་ཏུ་གནས།། གསང་བའི་ཡང་གསང་སྙིང་པོ ་སྟེ།། གསང་བ་མངོན་ཕྱུང་ཐབས་ཀྱི་རྒྱུད།། སྒྱུ་འཕྲུལ་ཐབས་ཆེན་གསང་བའི་ལམ།། ལུས་དང་མན་ངག་ཐབས་ཀྱི་མཆོག། བསྐལ་པར་སྦྱངས་ཀྱང་མི་རྙེད་ལ།། བླ་མའི་མན་ངག་ཐབས་ཆེན་རྒྱུད།། ད་ལྟ་ཉིད་དུ ་མངོན་པར་སྣང་།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། ཕྲིན་ལས་བཤད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་ལྡན་པ་ཡི།། རྡོ་རྗེ་དང་ནི་དྲིལ་བུའི ་ཚད།། དེ་ནས་ལེགས་པར་བཤད་བྱ་བ།། ནམ་མཁའི་དབྱིངས་དང་མཉམ་པ་ཡི།། རྡོ་རྗེ་ཐབས་ཆེན་ཡེ་ཤེས་ཏེ།། དྲིལ་བུ་ཤེས་རབ་ཕ་རོལ་ཕྱིན།། ཚད་དང་བྲལ་བར་བཤད་པ་ཡིན།། ཟབས་ཆེན་བདེ་བའི་རྡོ་རྗེ ་ཡིས།། ནམ་མཁའི་དབྱིངས་དང་མཉམ་པ་ཡི།། བདེ་བ་ཡེ་ཤེས་ཚད་མེད་པ།། དཔག་མེད་ཐིག་ལེ་བདེ་བའི་མཆོག། གསང་བ་ཆེན་པོ་བདག་ཉིད་ཅན།། གང་དུ་བདེ་བས་ཁྱབ་པའི་གནས།། དངོས་མེད་ཤེས་རབ ་ཕ་རོལ་ཕྱིན།། སངས་རྒྱས་ཀུན་གྱི་རང་བཞིན་ཏེ།། ནམ་མཁའ་ལྟ་བུར་རང་བཞིན་གསལ།། ཆོས་ཉིད་དབྱིངས་དང་མཉམ་པ་ཡི།། བདེ་བ་ཆེན་པོ་ཚད་ལས་འདས།། གང་གིས་དཔག་པར་མི་ནུས ་པ།། བདེ་ཆེན་དབྱེར་མེད་བསམ་ལས་འདས།། བདག་གཞན་བྱ་བསམ་ལས་འདས་པ།། ཡུལ་དང་དབང་པོ་སེམས་ལ་སོགས།། ཇི་སྲིད་སྣང་གྲགས་ལས་འདས་པ།། དེ་སྲིད་བདེ་ཆེན་ཆོས་ཀྱི་སྐུ།། དངོས་དང ་དངོས་མེད་གཉིས་ལས་འདས།། ཐབས་དང་ཤེས་རབ་བདེ་བའི་མཆོག། སྒྱུ་འཕྲུལ་དྲ་བ་ཐབས་ཀྱི་ལམ།། གསང་མཆོག་ཐིག་ལེ་དབྱིངས་ལ་རྫོགས།། འགྲོ་འོང་དམིགས་རྟོག་ཀུན་ལ་འདས།། དབང་པོ་རྡོ་རྗེ་གསང ་བའི་བདག། ཐམས་ཅད་འདུས་པའི་རང་བཞིན་ཏེ།། མ་ལུས་གཅིག་པུ་གསལ་བ་ལ།། ཡུལ་མེད་བདེ་བར་རང་བཞིན་གསལ།། ཤེས་རབ་དྲིལ་བུ་པདྨ་སྟེ།། ཆོས་དབྱིངས་བྷ་ག་གསང་བའི་ཡུམ།། གཞན ་ཡང་ཐམས་ཅད་འདུས་པ་ནི།། བདེ་བསྐྱེད་པའི་ཞིང་དུ་བཤད།། གསང་དབང་ཚད་ནི་མཛུབ་གང་སྟེ།། བརྒྱ་ཕྲག་བྱེ་བ་འདུས་པའི་རྩ།། ཐིག་ལེ་ཕྲ་རགས་ཁྱབ་བྱེད་པ།། ལུས་ཅན་ཐབས་ལ་རང་བཞིན ་གནས།། ཡུལ་ནི་པདྨ་སོར་བཞི་སྟེ།། ཤེས་རབ་རང་བཞིན་དྲི་མེད་དེ།། བསྐལ་པ་དཔག་མེད་རྡུལ་སྙེད་ཀྱི།། བག་ཆགས་བསལ་ནས་བདེ་བ་བསྐྱེད།། རྡོ་རྗེ་ཐབས་ཀྱི་ཐིག་ལེ་ཉིད།། ཕྱོགས་བཅུ་དྲ་བའི་རང་བཞིན ་ཏེ།། ཐབས་ལ་བརྟེན་པའི་ཉམས་མྱོང་གིས།། ཐམས་ཅད་བདེ་ཆེན་རང་བཞིན་གསང་།། གསང་བའི་པདྨའི་རྩ་ཐིག་ལེ།། བྱེ་བྲག་བརྒྱ་བཅུ་ཀུན་འདུས་པ།། མ་ལུས་འདུས་པའི་རྩ་ཐིག་ལེ།། ཕྱོགས་བཅུ་ཀུན་ནས ་བྱིན་གྱིས་རློབས།། གང་ཕྱིར་ཉི་ཟླ་འགྲོ་འོང་གིས།། གསང་བའི་ཉམས་ལ་གང་གནས་པ།། ལོ་ཟླ་ཚད་དང་འགྲངས་བྲལ་བར།། མི་འགྱུར་བདེ་ཆེན་འགྲུབ་པར་འགྱུར།། ཐིག་ལེ་རོ་ཡིས་ཁྱབ་པ་ཡིས།། མཐའ ་དབུས་གཞི་རྩ་མེད་པའི་དབྱིངས།། རྒྱ་དབྱིབས་ཚད་དང་དྲལ་བ་དེ།། རང་བཞིན་རྟོགས་ནས་གོམས་པར་འགྲུབ།། ལུས་དང་རྩ་དབྱིབས་ཚད་ལྡན་པས།། ཐབས་ཀྱིས་རང་སྣང་མངོན་སུམ་པ།། ཐིག་ལེའི་རང་བཞིན ་མ་སྐྱེས་པས།། མ་ལུས་དག་རྟོགས་པདྨ་ཅན།། ཐམས་ཅད་བདེ་ཆེན་མི་རྟོག་པ།། ཐབས་ལ་ཤེས་རབ་སྦྱོར་བ་དང་།། ཤེས་རབ་ལ་ནི་ཐབས་སྦྱོར་ཞིང་།། གཉིས་མེད་འབྲེལ་པ་ལས་བྱུང་བའི།། བདེ་ཆེན་སེམས་ལ ་སྒོམ་པའོ།། རྡོ་རྗེ་ཟླ་བའི་ཐིག་ལེ་ནི།། གོང་གི་ཟབས་ལ་བརྟེན་པ་ཡིས།། རིམ་ནས་རིམ་པར་མངོན་བྱས་པ།། མ་ཆགས་ཐབས་ཀྱི་རོལ་པ་མཛད།། གཉིས་མེད་རོལ་པ་ཕྱི་རོལ་ཡུལ།། མངོན་མཁྱེན་ཟད་ཀའི ་དམིགས་ཡུལ་བྲལ།། ཤེས་རབ་ཉི་མ་ལ་བརྟེན་པས།། མ་ལུས་བདེ་ཆེན་ཐིག་ལེར་གསལ།། ལུས་གནས་ལུས་ལས་མ་སྐྱེས་པའོ།། ཐམས་ཅད་ཐབས་ཆེན་ལམ་གནས་པས།། མི་འགྲུབ་པ་དང་ཚེགས་ཆེན ་དང་།། དཀའ་ཐུབ་གདུང་བ་ལས་འདས་ཤིང་།། རེ་དོགས་བྲལ་འདོད་ཡོན་ཏན་ལྔས།། དཀའ་ཐུབ་མེད་པར་ཚེ་འདིས་འགྲུབ།། གསང་ཆེན་ཐབས་ཀྱིས་བསྒྱུར་བ་ལྟར།། སྙིགས་མར་བཅས་པའི་ལུས ་ཉིད་ནི།། སྤངས་པ་མེད་པར་བདེ་ཆེན་འགྲུབ།། ཐིག་ལེ་ཆེན་པོས་གསང་བ་ཡི།། ཕྱི་ནང་སྣོད་བཅུད་འཇིག་རྟེན་ཀུན།། མ་ལུས་བདེ་བར་རང་གསལ་བས།། རྟགས་ཞེས་ཐབས་ཀྱིས་རང་སར་གྲོལ།། བདེ་བ་ལ་ནི ་གང་བརྟེན་པས།། རང་ལུས་ཐབས་ཀྱི་རང་བཞིན་ལས།། མེ་ལོང་བཞིན་དང་འཕྲད་པ་ལྟར།། རང་ལུས་མངོན་དུ་སྣང་བར་འགྱུར།། ཐབས་དང་ཤེས་རབ་རོལ་བ་ལས།། རྩེ་ནས་རྩེ་རུ་སྦྱར་བ་ལ།། འགྲོ་འོད་མེད ་པའི་ཐིག་ལེ་ཡིས།། ལུས་སེམས་བདེ་བས་རྒྱས་བཏབ་པས།། ཐམས་ཅད་མཉམ་པའི་དབྱིངས་སུ་གནས།། ཁམས་དང་བྲལ་བའི་བདེ་བ་ནི།། ཆོས་ཀྱི་དབྱིངས་དང་མཉམ་པ་སྟེ།། ངོ་བོ་ཚད་མེད་པ་ཉིད་དེ།། རིམ་པ ་དབང་གི་སྟོབས་ལས་བྱུང་།། ཤེས་རབ་རང་བྱུང་དྲི་མེད་ལ།། བྷ་ག་ཐབས་ལ་མ་བརྟེན་པར།། དུས་གསུམ་རྒྱལ་བ་མི་འབྱུང་སྟེ།། ནམ་མཁའ་ལ་ནི་མེ་ཏོག་བཞིན།། པདྨ་མེ་ཏོག་རྒྱས་པ་ལ།། རྟག་ཏུ་མཆོད ་བསྟོད་པ་དང་།། བལྟ་དང་བསྣམ་དང་གཞི་བ་དང་བསྟེན།། རྟག་ཏུ་བདག་དང་མཉམ་སྦྱོར་བས།། བདེ་ཆེན་རང་ཉམས་རྟག་འཕེལ་ཅིང་།། ནམ་མཁའ་ལྟ་བུའི་བདེ་ཆེན་འགྲུབ།། དང་པོ་ཅུང་ཟད་བདེ་བ་སྟེ།། རྩེ ་གཅིག་རིག་པ་ལས་བྱུང་བ།། ཕྱག་རྒྱ་བཞི་ལྡན་རབ་སྦྱོར་བས།། ཐབས་ཀྱི་ཐིག་ལེ་སྨིན་པའི་ཚེ།། རེ་དོགས་འཇིགས་པའི་རྣམ་རྟོག་དག། ཐམས་ཅད་བདེ་བ་ཆེན་པོར་འབར།། དེ་བས་ཡོན་ཏན་ཀུན་ལྡན་པ།། རྣམ ་གཡེངས་འདུ་བྱེད་གཅོད་བྱེད་ཅིང་།། ཆགས་པས་ཆགས་པ་སེལ་བྱེད་པ།། མི་ཡི་བུ་མོ་བསྟེན་པར་བྱ།། ལུས་ཀྱི་ནུས་པ་བརྟན་ཐོབ་པ།། ཏིང་འཛིན་བརྟན་པ་ལས་བྱུང་བ།། རྒས་འཆི་ཟག་པ་ལས་བྱུང་བའི།། རིག ་པའི་བུ་མོ་བསྟེན་པར་བྱ།། ལོ་ཟླ་བསྐལ་པ་གྲངས་མེད་པར།། ཟག་མེད་བདེ་བ་རྒྱས་བྱ་ཞིང་།། མཐར་ཟུག་བདེ་བསྒྲུབ་བྱ་བའི་ཕྱིར།། ཡེ་ཤེས་སངས་རྒྱས་བཙུན་མོ་བསྟེན།། འདི་ལ་དགའ་དང་མི་དགའ ་མེད།། འཇིགས་དང་བག་ཚ་ཅུང་ཟད་མེད།། བྱ་བ་མེད་ཅིང་བརྟེན་པ་མེད།། ཤ་རུས་རྐང་དང་ཁྲག་མེད་ཅིང་།། ཁུ་བ་མེད་ཅིང་གཤང་གཅི་མེད།། ནམ་མཁའི་འཇའ་དང་གཟུགས་བརྙན་ལྟར།། སྣང་བ་བདེ་བ ་འཕེལ་བྱེད་ཅིང་།། རྒྱ་མཚོ་ཆུ་བོ་ཇི་བཞིན་དུ།། གནས་པས་བདེ་ཆེན་ནམ་མཁའ་ལྟར།། འབྱུང་འཇུག་རྒྱུ་རྐྱེན་ཆ་ལས་འདས།། མཐའ་དབུས་མེད་པའི་བྱང་ཆུབ་སེམས།། དུས་ཀུན་བདེ་ཆེན་དབྱེར་མེད་པས།། རང ་བྱུང་ཡེ་ཤེས་ཡུལ་བྲལ་བ།། གཉིས་མེད་མ་ཡིན་གཉིས་པ་མིན།། བཞི་བཅུ་ལྔ་སོགས་དུས་གསུམ་ཆོས།། ཀུན་མཁྱེན་ལྡན་བྲལ་གཉིས་ཀ་མིན།། ཐོག་མ་ཐ་མ་དབུས་མེད་ཅིང་།། སྤང་ལེན་ཤེས་དང་མི་ཤེས ་བྲལ།། གཉིས་མེད་རང་རིག་བྱང་ཆུབ་སེམས།། ཐམས་ཅད་མ་བཅོས་ཐིག་ལེ་སྟེ།། གསང་བ་གསང་ཆེན་དམན་ཡུལ་མིན།། ཟབས་ཆེན་ལྡན་པ་འགའ་ཡི་ཡུལ།། བཅུད་འདུས་ཡེ་ཤེས་ཐིག་ལེ ་ཆེ།། འཕྲོ་འདུ་མེད་པའི་རང་བཞིན་ལས།། ཕྱོགས་བཅུ་རྒྱལ་བའི་དཀྱིལ་འཁོར་སྣང་།། སྣང་སྟོང་བསམ་པའི་ཡུལ་བརྟགས་ལ།། ཐ་སྙད་མཚན་མ་ཅི་ཡང་རུང་།། བདེ་བ་གཉིས་སུ་མི་ཕྱེད་པའི།། ངོ་བོ་ཉིད་ཀྱི ་གསང་མཆོག་བདེ།། གཞན་གྱིས་མ་བྱས་མི་གཡོ་བའི།། རང་རིག་བདེ་ཆེན་སྒྱུ་འཕྲུལ་ལ།། ངོ་མཚར་རྨད་བྱུང་སྣང་བ་སྟེ།། ངོ་བོ་ཉིད་ཀྱི་ཡུལ་ལས་འདས།། དོན་དམ་མ་བཅོས་མ་བསླད་པའི།། དེ་བཞིན་གཤེགས ་པའི་སྤྱོད་ཡུལ་ཏེ།། དམན་དང་ཐ་མལ་དཀའ་ཐུབ་ཅན།། གང་དག་རྣལ་འབྱོར་སྤྱོད་ཡུལ་མིན།། རྡོ་རྗེ་ཉི་མ་གསང་བའི་བཅུད།། ཟླ་བ་ཐིག་ལེ་ཐབས་ཀྱིས་བཟུང་།། ཕྱོགས་ཆ་ཁྱབ་པར་གསལ་བ་ན།། རང་ལུས ་སྙིགས་མ་བདེ་བར་གསལ།། གདམས་ཏེ་དང་པོ་འོག་གི་སྣོད།། ཐིག་ལེ་འགྲོ་འོང་བཅས་པ་རྣམས།། མི་འགྲོ་རང་ལ་ཐིམ་པ་ལྟར།། རྟོག་པ་ལྷན་ཅིག་སྐྱེས་པར་གསལ།། ཆགས་སྡང་ཞེན་པ་ཕྲག་དོག་རྣམས།། དུག ་གིས་དེ་ཉིད་སེལ་བ་ལྟར།། ཐབས་ཆེན་དབང་གི་མན་ངག་གིས།། ཉི་འོད་མུན་པ་བཞིན་དུ་སེལ།། སངས་རྒྱས་རྣམས་ཀྱི་གསང་བ་ཡི།། གསང་བ་ཐབས་ལམ་སྣང་བ་སྟེ།། རྡོ་རྗེའི་ཚིག་ལམ་སྣང་བྱེད་འདི།། རྟོག་གེ། ་དམན་ལ་མི་བསྟན་ཏེ།། དབང་དང་མན་ངག་ལྡན་པ་ལ།། བྱིན་རླབས་ནན་ཏན་ཆེན་པོར་བྱ།། ཉི་ཟླ་རྒྱ་མཚོ་ཕོག་པ་སྦྱང་།། ཐིག་ལེ་འགྲོ་འོད་མེད་པར་བཅིངས།། རྒྱ་མཚོ་ནམ་མཁའི་མཐོངས་ལ་གཏད།། གླིང་བཞི ་རི་རབ་གཅིག་ཏུ་བསྡུ།། ཐབས་ལ་མཁས་པའི་རྣལ་འབྱོར་པས།། ཆགས་སྡང་ལྔ་སོགས་མི་དགེ་ཆོས།། སྤྱད་པས་མི་ལྡོག་ཕ་རོལ་ཕྱིན།། བདེ་ཆེན་ཐབས་སུ་བཤད་པ་ཡིན།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས།། ་དབང་པོ་ཡུལ་འདུས་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཇི་སྙེད་ཆོས་རྣམས་མཐའ་ཡས་པ།། ཡིད་དང་ཆོས་སུ་འདུས་པའི་དོན།། འདི་ནི་ངེས་པར་བཤད་པར་བྱ།། གང་དུ་ཕྱི ་ནང་བཅས་པ་ཡི།། གློ་ཡུལ་ཅིར་ཡང་སྣང་བ་སྟེ།། འཁོར་དང་མྱ་ངན་འདས་པ་ཉིད།། ཆོས་སུ་སྣང་བར་འདུས་པ་ཡིན།། དེ་ཡི་རྗེས་སུ་འབྲང་བ་ཡིས།། དྲན་རིག་གསལ་བར་གང་གྱུར་པ།། རང་རིག་བློ་ལ་མངོན། ་སྣང་བ།། དེ་ལ་ཡིད་ཆེས་བརྗོད་པ་ཡིན།། གང་དུ་སྣང་བ་ཐམས་ཅད་ཀུན།། སེམས་ལས་གཞན་ན་མེད་པའི་ཕྱིར།། ཉི་འོད་རྒྱ་མཚོའི་རླབས་བཞིན་དུ།། རང་ལས་བྱུང་ཞིང་ཉིད་ལ་གནས།། རྟོགས་པའི་བྱེ ་བྲག་ཐམས་ཅད་ཀུན།། གཉིས་མེད་ངང་ལ་རང་བཞིན་འདུས།། མ་ལུས་ཡིད་དང་ཆོས་འདུས་པས།། དེ་ཡང་མ་སྐྱེས་རང་བཞིན་ཉིད།། ཆོས་ཀྱི་དཀྱིལ་འཁོར་མཐའ་ཡས་པ།། རང་བྱུང་ཡེ་ཤེས་དཀྱིལ་འཁོར ་སྣང་།། རང་བྱུང་ཡེ་ཤེས་གནས་མེད་ལ།། ཕྱོགས་དང་རྒྱ་དབྱིབས་ལས་འདས་པ།། མ་རིག་མ་སྐྱེས་དེ་བཞིན་ཉིད།། སྒྱུ་འཕྲུལ་ཤེས་རབ་གསལ་བར་སྣང་།། གང་དུ་རྟོགས་དང་མ ་རྟོགས་ལས།། འཁོར་དང་མྱ་ངན་འདས་པར་སྣང་།། ཀུན་འབྱུང་ཡིད་ཀྱི་དཀྱིལ་འཁོར་ཏེ།། ཆོས་ཀྱི་ཡིད་དེར་འདུས་པ་ཡིན།། དངོས་པོ་མེད་ལས་དངོས་པོར་སྣང་།། དངོས་སྣང་དེ་བཞིན་ཡིད་ཀྱི་དབྱིངས།། ཐབས ་དང་ཤེས་རབ་དབྱེར་མེད་པ།། མ་བཅོས་རྒྱུན་གྱི་བྱང་ཆུབ་སེམས།། ཡིད་ཀྱི་འཁོར་ལོ་སྒོ་ཕྱེ་བས།། ཆོས་ཀྱི་དཀྱིལ་འཁོར་རང་བཞིན་གསལ།། མཁའ་ལ་འབྱམས་ཤིང་སྤྲིན་ཕུང་བཞིན།། མ་སྐྱེས་སེམས་ལས ་རྣམ་པར་སྣང་།། སྣ་ཚོགས་དཀྱིལ་འཁོར་ཕྱག་རྒྱ་དང་།། སྐུ་དང་གཞལ་ཡས་འདུ་འཕྲོ་ཡང་།། མ་སྐྱེས་རང་རིག་བྱང་ཆུབ་སེམས།། དབྱེ་བ་མེད་པར་རང་བཞིན་གནས།། ཇི་སྙེད་ཐ་སྙད་དམིགས་རྟོག་ཀུན།། ཆུ་ལ ་ཆུ་བུར་རྣམ་པ་ལྟར།། རང་བཞིན་མེད་ལ་གནས་པ་ཡི།། ཡིད་དང་ཆོས་སུ་ཡང་དག་འདུ།། ནང་གི་དཀྱིལ་འཁོར་ཆོས་ཀྱི་གནས།། འོད་བཞི་ཨེ་སོགས་དབྱིབས་སུ་གནས།། རྩ་བ་བཞི་ལ་ཡན་ལག་བརྒྱད།། དངས ་མ་ལྔ་དང་སྙིགས་མར་བཅས།། རྣམ་ཤེས་རྒྱུ་བའི་རྐྱེན་དུ་བཤད།། ས་བོན་དྲུག་སྟེ་འོད་བཞིར་ལྡན།། སྙིང་པོས་མཚམས་སྦྱར་འོད་དུ་འབར།། ཐིག་ལེ་གཅིག་ལ་ཐིམ་པ་ཡིས།། ཟག་པ་མེད་པའི་ཡེ་ཤེས་སྐྱེ།། ཆོས ་ཉིད་ཡོན་ཏན་ཡེ་ཤེས་རྩ།། རང་རྒྱུད་ཀུན་ལ་གནས་པ་ནི།། དམན་པ་རྣམས་ཀྱི་ཡུལ་མིན་པས།། གབ་ཅིང་སྦས་པར་ཤེས་པར་བྱ།། ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞི།། དཀྱིལ་འཁོར་ལ་སོགས་པ་གང ་གིས།། སྒོ་གསུམ་ཁྱབ་པར་ཅི་སྤྱད་པ།། ཞེན་པ་མཚན་མའི་དབང་གིས་ན།། འཁོར་བའི་མཐའ་མར་ལྟུང་བར་འགྱུར།། རང་བཞིན་ངན་དང་མ་སྦྱངས་དང་།། དཀའ་ཐུབ་ཅན་དང་དམ་མེད་དང་།། ཞེན་ཆགས་ཅན ་དང་ཕྲག་དོག་ཅན།། ལོག་སྲེད་ཅན་དང་ལེ་ལོ་ཅན།། ལོག་པའི་གང་ཟག་དབང་སོགས་པའི།། དམ་པ་མིན་པར་ཤིན་ཏུ་སྤངས།། འདི་ནི་འཁོར་བའི་གཞོལ་ཕྱོགས་ཏེ།། རང་བཞིན་ལོག་པའི་མཐུ་ལྡན ་པས།། གསང་བའི་དོན་ལ་ལོག་པ་ཡིས།། བདག་གཞན་གཉིས་ཀ་ལྟུང་བར་འགྱུར།། གསང་ཆེན་སྒྱུ་འཕྲུལ་དྲ་བ་སྟེ།། ཐབས་ཆེན་མངོན་ཕྱུང་བསྟན་པ་སྟེ།། མ་ལུས་བདེ་ཆེན་རང་སྣང་བ།། མངོན་སྣང་གཞན ་གྱི་སྤྱོད་ཡུལ་མིན།། ཐབས་དང་ཤེས་རབ་གཉིས་མེད་པ།། མཉམ་པ་དབྱེར་མེད་ཐེག་པ་འདི།། གང་ལྟར་སྤྱད་པས་ཕ་རོལ་ཕྱིན།། གསང་བའི་མཆོག་ཏུ་འདི་བཤད་དོ།། ཐབས་དང་ཤེས་རབ་ལྡན་པ་ཡིས།། འདོད ་ཆགས་ལ་བརྟེན་བདེ་བ་ཡིས།། སྤྱོད་ཡུལ་བདེ་བ་ཆེན་པོར་སྣང་།། དེ་ཉིད་རང་བྱུང་ཉིད་ཅེས་བྱ།། མ་ལུས་རོལ་པ་ཐབས་ཀྱི་རྒྱུད།། གསང་བ་འདི་ནི་བཤད་པ་ཡིས།། ཐབས་དང་ཤེས་རབ་ཐམས་ཅད་ཀུན།། ་ཆགས་པའི་བདེ་བ་བསྐྱེད་མཛད་དེ།། བལྟ་དང་བལྟ་ཞིང་འཛུམ་པ་དང་།། ལ་ལར་ཞལ་སྦྱོར་འཛིན་པ་དང་།། ལ་ལར་དམ་དུ་འཁྱུད་པར་བྱེད།། བརླ་གཉིས་དམ་པར་འཁྱུད་པ་ཡིས།། གསང་དབང ་པདྨར་བཅུག་བསྐྱོད་པས།། ཕྱི་ནང་སེམས་དང་སེམས་བྱུང་རྣམས།། རང་བྱུང་བདེ་བར་ཞེན་པ་རྣམས།། ཐིག་ལེ་རྩ་སློར་བྱུང་བ་ལ།། བྱེད་པ་སྡོམ་པ་ཐབས་མཚོན་པས།། ཕྱི་ནང་ཡུལ་སེམས་མ་ལུས་པ།། ལྷན་ཅིག ་སྐྱེས་པའི་རང་བཞིན་གསལ།། རྩ་ཡི་སྒྲ་བཞིན་མཐོང་མེད་པས།། མ་སྐྱེས་ཨ་ཡི་རང་བཞིན་ལ།། ཐབས་ཆེན་རང་གིས་མཚོན་པ་ནི།། ཐམས་ཅད་མ་ཧཱ་སུ་ཁའི་ཀློང་།། གསང་བ་ཐབས་ཀྱི་ཉམས་ལྡན་པས།། ཕྱི་ནང ་སྣོད་བཅུད་གང་ཡང་རུང་།། ཨ་ལ་དབྱུག་བཏགས་དཀར་ལྡན་ཉིད།། དེ་ཉིད་སྒྱུ་འཕྲུལ་དྲ་བར་བཤད།། ཐམས་ཅད་གཅིག་གི་རང་བཞིན་ལ།། ཐབས་དང་ཤེས་རབ་མངོན་ཕྱུང་བས།། དབང་པོ་ཡུལ་སེམས་ལྡན་པ ་བཅུ་དྲུག་ཡེ་ཤེས་གསལ་བ་སྐྱེ།། གནས་དང་གནས་པའི་དབྱིབས་ཅན་དང་།། རྟེན་དང་བརྟེན་པའི་ཐིག་ལེ་དག། མཁའ་དབྱིངས་གསང་བར་བརྟེན་པ་ལས།། རང་བྱུང་ཡེ་ཤེས་ཐོགས་པ་མེད།། གསང ་བ་ཐབས་ཀྱི་ཐིག་ལེ་ཉིད།། རང་བྱུང་ཡེ་ཤེས་ཆགས་མེད་པས།། མཁའ་ལྟར་ཀུན་ལ་ཁྱབ་གྱུར་ཀྱང་།། རང་བཞིན་དམན་པས་རྟོགས་མི་འགྱུར།། གང་ལ་གསང་བའི་ཐབས་ལྡན་པས།། མུན་པ་ལ་ནི་སྣང་བ ་ལྟར།། བཅོས་བསྒྱུར་མེད་པར་རང་སྣང་བ།། སྐྱེས་བུ་མཆོག་གི་དོན་དུ་བཤད། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། ཐབས་དང་བྲལ་བས་མི་གྲོལ་བར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས ་གཞན་ཡང་བཤད་བྱ་བ།། གང་དུ་དག་པའི་རྣལ་འབྱོར་པ།། བླ་མ་བྱིན་རླབས་ཐབས་ལྡན་པས།། གྲོལ་བའི་ཚུལ་འདི་བཤད་པར་བྱ།། ཐབས་དང་ཤེས་རབ་ལྡན་པ་ཡིས།། ཕྱོགས་ཀུན་མཉམ་པ་ཉིད་འགྱུར ་ཞིང་།། མ་ལུས་ཐབས་ཅན་སྣང་བ་སྟེ།། རང་བྱུང་གསང་བའི་མེ་ལོང་ཉིད།། དབང་པོ་ཡུལ་སེམས་མེ་ལོང་ལ།། གསང་བའི་ཐབས་ཀྱིས་མ་ཟིན་པ།། ཐམས་ཅད་ཡེ་ཤེས་རང་སྣང་བ།། ཐབས་ལྡན་རྣམས་ལ་སྣང ་བར་ཟད།། རྡོ་རྗེ་མེ་ལོང་བསྟན་པའི་མཛོད།། ཐབས་ཆེན་ལུས་ལ་རང་བཞིན་རྫོགས།། མེ་ལོང་བཞི་ལ་སྲོག་ཤིང་གསུམ།། བསྐྱོད་པ་རླུང་སེམས་སྦྱོར་བ་ཡིས།། གསལ་བ་ཡེ་ཤེས་རེ་དོགས་བྲལ།། མྱུར་དུ་འབྱུང ་བར་ཐེ་ཚོམ་མེད།། ཐབས་ལྡན་རྐྱེན་གྱིས་གསལ་གྱུར་ན།། ལས་དང་ཉོན་མོངས་གསལ་བ་དང་།། ཇི་ལྟར་མེ་ལ་ཤིང་བསྣན་ལྟར།། ལྷག་པའི་ཡེ་ཤེས་གསལ་བར་འགྱུར།། ཐབས་ལམ་གསལ་བའི་མར་མེ ་འདི།། རང་བྱུང་ལྷན་ཅིག་སྐྱེས་པ་མཐོང་།། མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས།། གོམས་པའི་སྟོབས་ལ་གནས་གྱུར་ན།། མ་ལུས་ཡེ་ཤེས་ཆེན་པོ་སྟེ།། ལྷུན་གྲུབ་ཡེ་ཤེས་ཐོགས་པ་མེད།། ཐིག་ལེ་ཤུམ་གྱི་འོད་ལྡན ་པས།། གང་གིས་བྱེད་པའི་ཐབས་ལྡན་པ།། དེ་ཡིས་དེར་འཛག་བདེ་བའི་སེམས།། སྙིང་པོར་ཐིམ་པས་ཡེ་ཤེས་སྐྱེད།། གནས་བཞི་གར་ཐབས་ཡེ་ཤེས་ལས།། སེམས་མཐའ་འགྲོ་འོང་ལ་གནས ་པས།། མ་སྐྱེས་སེམས་ལ་གནས་འགྱུར་ཞིང་།། མ་ལུས་དག་པར་བྱིན་གྱིས་རློབས།། ཕྱོགས་བཅུ་སྣོད་བཅུད་ཐིག་ལེ་ཀུན།། གསང་བ་ཐབས་ལ་མཉམ་སྦྱོར་བས།། སྤྲུལ་པའི་ཐིག་ལེ་བསམ་མི་ཁྱབ།། འཛིན་དང ་དབབ་པའི་ཐབས་ལས་བྱུང་།། གསང་གསུམ་ཐབས་ཀྱི་སྤྱོད་པ་འདི།། ཐབས་ལྡན་རྣམས་ལ་མངོན་སུམ་སྟེ།། སྐལ་མེད་མན་ངག་བྲལ་བ་ལ།། བསྐལ་པ་བྱེ་བར་སྣང་མི་འགྱུར།། བསྐལ་པ་ཞིང་གི་རྡུལ་སྙེད ་དུ།། རྒྱལ་བ་བླ་མ་མཉེས་བྱས་ཤིང་།། དབང་དང་མན་ངག་ལ་སྦྱངས་པས།། ཅི་དགར་སྤྱད་པས་བདེ་བར་འགྱུར།། འདོད་པའི་ལོངས་སྤྱོད་ལྔ་ལྡན་ཞིང་།། ན་སོ་ལང་ཚོ་དར་ལ་བབ།། ཕོ་མོ་ཆགས་པ་བརྟན་པ ་དང་།། གསང་བའི་ལས་འདིར་མྱུར་དུ་འགྲུབ།། ཐབས་དང་ཤེས་རབ་ལྡན་པ་ཡིས།། འདོད་ཆགས་རོལ་པའི་སྟོབས་ལྡན་པས།། བསྐྱོད་པ་རླུང་གི་ཐོགས་མེད་ཅིང་།། རྡོ་རྗེ་རྩ་ལ་འཇུག་པ་ཡིས།། གསང་བའི་ཐིག ་ལེ་འགྲོ་འོང་མེད།། རྒྱུ་བའི་རླུང་ལ་རང་ཆད་ནས།། སྤྱོད་ཡུལ་བདེ་བ་ཆེན་པོར་ཐིམ།། འདོད་ཆགས་ལྡན་པའི་གང་ཟག་ལ།། སྐབས་དང་རིམ་པའི་བྱེ་བྲག་གིས།། བཙུན་མོ་གསུམ་དུ་བསྟན་པ་སྟེ།། སྣང་བའི་ཞེན་པ ་ལྡོག་པར་བྱེད།། གང་ལ་སྣང་བའི་ཞེན་པ་དག། མ་ལུས་བདེ་ཆེན་རང་རིག་སྟེ།། བསམ་བརྗོད་ཞེན་པ་ཀུན་ལས་འདས།། ཐོགས་མེད་ལྡན་པའི་གང་ཟག་ལ།། ཐོགས་མེད་འོད་གསལ་བྱང་ཆུབ་སེམས།། དབང ་ཡུལ་ཐིག་ལེ་རྩར་ཕྲད་པས།། གཟུང་བ་མེད་ཅིང་གཏོང་བ་མེད།། རང་བྱུང་རིག་པ་བདེར་གནས་པས།། ཐམས་ཅད་མ་སྐྱེས་ངོ་བོ་ཉིད།། རྡོ་རྗེ་ཉི་ཟླའི་ཐིག་ལེ་ལ།། ཡེ་ཤེས་ལྔ་ཡི་རོ་ལྡན་པས།། སྤྱོད་ཡུལ་མཚན་མ ་སྙེ་པ།། ལྷན་ཅིག་སྐྱེས་པ་འཆར་བར་འགྱུར།། གང་དུ་ཐབས་དང་ལྡན་པ་ལ།། ཕྱི་ནང་སྤྱོད་ཡུལ་བཅས་པ་ཀུན།། བདེ་ཆེན་གསང་བ་མངོན་སུམ་སྟེ།། འཁྲུལ་དང་ལོག་པའི་སྤྱོད་ཡུལ་མིན།། བྷ་ག་གསུམ་ལ ་མཉམ་སྦྱར་བས།། རིག་པར་བྱེད་པ་ཆེན་པོ་སྐྱེ།། རིག་པ་རྟོག་རྟོགས་ཀྱིས་ཀྱང་གིས་ཟིལ་མནན་པས།། མཁའ་ལྟར་བདེ་བ་ཆེན་པོ་འགྲུབ།། བསམ་པའི་ལོངས་སྤྱོད་ཀུན་ལྡན་པའི།། བདེ་ཆེན་རང་རིག་སྙིང་པོ་ལ།། མ ་ལུས་བདེ་ཆེན་གསལ་བ་ལ།། སྤང་ལེན་དགག་སྒྲུབ་ཀུན་དང་བྲལ།། ཐིག་ལེ་ལས་ནི་ཉམས་བསྐྱེད་ཞིང་།། དེ་ཉིད་བདེ་ཆེན་མི་རྟོག་པ།། རང་བྱུང་ཡེ་ཤེས་ནམ་མཁའ་ཉིད།། རྟོགས་གོམས་གསལ་བས་ལྷུན་གྱིས ་གྲུབ།། ནམ་མཁའ་ལྟ་བུར་བདག་མེད་ཅིང་།། བྱ་བྱེད་མཚན་མའི་ཡུལ་ལས་འདས།། བདེ་བ་ཆེན་པོ་འཕོ་འགྱུར་མེད།། རྒྱུ་རྐྱེན་ཟག་པ་འདུ་འཕྲོ་མེད།། ཐིག་ལེ་ཆེན་པོ་ཀུན་ཁྱབ་པས།། རང་བཞིན་འཕྲོ་འདུ་ཀུན ་དང་བྲལ།། མ་སྐྱེས་རང་བཞིན་དབྱེར་མེད་ལ།། གཅིག་དང་དུ་མའི་ཆ་ཤས་མེད།། གསལ་བའི་ཡིད་ཀྱི་ཐིག་ལེ་ལ།། རང་དྲག་གསལ་བས་གནས་པའི་ཚེ།། ཕྱི་ནང་སྣོད་བཅུད་མ་ལུས་པ།། རང་བྱུང ་ཡེ་ཤེས་གསལ་བར་སྐྱེ།། རང་བྱུང་ཡེ་ཤེས་དབྱེར་མེད་པ།། ནམ་མཁའ་ལྟ་བུར་དཔག་མེད་ཅིང་།། བརྗོད་ཅིང་བསྟན་པར་མི་ནུས་པ།། བྱིན་རླབས་ཉམས་ཀྱིས་གསལ་བར་མཐོང་།། གསང་ཆེན་ཐབས་ཀྱི་ཉམས ་མྱོང་བས།། རྒྱུ་བ་ཕྱི་ནང་རང་བཞིན་འཆད།། རེ་དོགས་འདུ་ཤེས་སྟོང་པར་ཐིམ།། རྒྱུ་རྐྱེན་བྲལ་བའི་ངོ་བོར་སྨིན།། གསང་བའི་ཐབས་ཀྱིས་གང་སྦྱར་བ།། གཡོ་དང་མི་གཡོར་བཅས་པ་དག། མ་ལུས་བདེ་ཆེན་རང ་བཞིན་ཏེ།། ཐམས་ཅད་མཉམ་པ་ཉིད་དུ་གནས།། ཕྱི་ནང་སྣོད་བཅུད་མ་ལུས་པ།། གསང་བའི་སྣོད་བཅུད་ཐིག་ལེ་ཡིས།། ཐབས་དང་ཉམས་ལ་བརྟན་གོམས་ན།། བདེ་ཆེན་སྐུ་གསུང་ཐུགས་སུ་གསལ།། ཡོན་ཏན ་རྫོགས་པའི་རང་བཞིན་ལ།། བླ་མའི་སྟོབས་ཀྱིས་རང་རིག་པ།། བདེ་ཆེན་ཐིག་ལེ་མཉམ་སྦྱོར་བས།། ཟག་པ་མེད་པའི་བདེ་ཆེན་གསལ།། སྐྱོབ་པ་ཐབས་ཀྱི་བདེར་གནས་ཤིང་།། གར་ཐབས་རླུང་ལ་དབང་བསྒྱུར ་བས།། མ་ལུས་ལྷན་ཅིག་སྐྱེས་པ་སྟེ།། རྒས་དང་རྒུད་དང་དམན་པ་དང་།། མ་ནིང་ལ་སོགས་བཅད་པ་ཡིས།། ཐབས་དང་མན་ངག་ལ་གནས་པས།། ཇི་ལྟར་བསྒྲུབས་ཀྱང་ཚེ་འདིས་འགྲུབ།། རང་ལུས་ཐབས་ཀྱི ་མཆོག་ཉིད་དེ།། སོ་སོ་ངོ་བོར་རྣམ་པར་བསྟན།། གཞན་དུ་དམན་པའི་རྣལ་འབྱོར་པས།། ནམ་ཡང་འགྲུབ་པར་མི་འགྱུར་རོ།། བདེ་བ་ཆེན་པོ་གསལ་འགྱུར་ཞིང་།། དབང་བསྐུར་མན་ངག་ལ་གནས ་པས།། དཀའ་ཐུབ་གདུང་བ་སྤངས་པ་ཡིན།། བར་ཆད་མེད་པར་འགྲུབ་འགྱུར་ཏེ།། གསང་སྔགས་ཐབས་ཀྱི་རྒྱལ་པོ་འདི།། སྐུ་གསུང་ཐུགས་ལ་རྟག་གནས་ཤིང་།། འདོད་ལྔ་བདེ་ལ་གནས་པ་ཡི།། སྒྱུ་འཕྲུལ་དྲ ་བར་ཐབས་ཀྱིས་འགྲུབ།། སངས་རྒྱས་ཀུན་གྱི་རང་བཞིན་འདི།། ལུས་གནས་ཐབས་ཀྱིས་མ་རྟོགས་པ།། བསམ་པའི་སྒྱུ་འཕྲུལ་ལ་བརྟེན་ཅིང་།། ཆོ་ག་ཐབས་ཆེན་ལྡན་པས་འགྲུབ།། རྣལ་འབྱོར་ཐབས་དང་ཤེས ་རབ་ལྡན།། དབང་ལ་བརྟེན་ནས་གོམས་པ་ཡིས།། ཐམས་ཅད་བདེ་ཆེན་རྒྱས་བཏབ་པས།། བདུད་དང་ཞེན་པ་ཀུན་ལས་འདས།། ཀུན་འབྱུང་བ་ཡི་སྒྱུ་འཕྲུལ་ཆེ།། མཉམ་ལ་མཉམ་པར་མི་གནས་པའི།། མ་སྐྱེས ་བདེ་ཆེན་ཐིག་ལེ་འདི།། སྣ་ཚོགས་སྣང་ཞིང་ཉིད་ལ་རྫོགས།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། སྐལ་ལྡན་གྲོལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཆགས་པའི་ཐབས་ཆེན ་ལས་བྱུང་བ།། གསང་བའི་སྒྱུ་འཕྲུལ་དམ་པ་འདི།། སངས་རྒྱས་ཀུན་གྱི་བཤད་པ་ཡིན།། དུས་གསུམ་གདུལ་བྱའི་ཁྱད་པར་རྣམས།། འདོད་དང་འཁྲིག་པ་ལ་མོས་པས།། རྡུལ་སྙེད་སངས་རྒྱས་ཐམས་ཅད་ཀུན།། ལྷ ་མོར་སྣང་ནས་རོལ་བར་འགྱུར།། འདས་པའི་སངས་རྒྱས་རྡུལ་སྙེད་པ།། ཞིང་ཁམས་བྱེ་བ་རྡུལ་སྙེད་དུ།། ཞིང་དང་ལོངས་སྤྱོད་དགའ་བར་བཅས།། ཐབས་ཀྱིས་རོལ་པ་མཛད་པ་ཡིན།། གང་དུ་ཐབས ་དང་ཤེས་རབ་ཀྱི།། ཐིག་ལེ་དགའ་བདེར་བཅས་པ་ཡི།། ཞིང་ཁམས་ཕྱི་ནང་སྣོད་བཅུད་བཅས།། བདེ་ཆེན་ལྷན་ཅིག་སྐྱེས་པར་གསལ།། མ་ལུས་ཇི་སྙེད་སྣང་བ་ཀུན།། དྲི་མེད་ཐིག་ལེ་ལས་འབྱུང་ཞིང་།། ཐ་དད ་མེད་པའི་རང་བཞིན་གྱིས།། གསང་བའི་ཐིག་ལེར་རང་བཞིན་འཇུག། རྒྱལ་བ་རྡུལ་སྙེད་བཙུན་མོར་བཅས།། ལྷ་དང་ལྷ་མོ་འཁོར་ལོར་བཅས།། བདེ་བ་རིམ་གྱིས་གང་བ་ཡིས།། དགའ་དང་བལྟ་དང་འཁྱུད་པ ་དང་།། འོ་དང་འཁོར་དང་འབུད་འཇོ་དང་།། ཞལ་སྦྱོར་བརྩེ་དང་མཉེ་བ་དང་།། འཇིབ་དང་བྷ་ག་གར་འཛིན་སྟོན།། རོལ་པའི་གར་ནི་སྣ་ཚོགས་སྟོན།། གསུང་ནི་འཇམ་ཞིང་མཉེན་པ་ཡིས།། ཕྲ་ཞིང་དལ་བའི་གླུ ་ངས་ཏེ།། འཇམ་ཞིང་ཆགས་པའི་ཚིག་དག་གིས།། གཞན་ཡང་ཡིད་འཕམ་རྨོངས་པར་བྱེད།། བདེ་བ་ཆེན་པོ་རང་འབར་བས།། ནམ་མཁའ་མཐའ་ལྟར་མི་གནས་པའི།། རང་བྱུང་ཐིག་ལེ་མི་གཡོ་བ།། ཐ་མ་ཞེན ་པ་ཀུན་ལས་འདས།། རེ་དང་དོགས་པ་ཀུན་ཞི་བའི།། རང་བྱུང་ཡེ་ཤེས་གནས་པ་ཡི།། བདེ་ཚོགས་རྒྱུ་འབྲས་ཀུན་དང་བྲལ།། གསང་ཆེན་བདེ་བའི་ངོ་བོ་ཉིད།། གསང་ཆེན་རིག་པར་རང་གསལ་བ།། སྟོང་དང་བདེ ་བར་མི་ཕྱེད་པའི།། མཁའ་ལྟར་རྡུལ་བྲལ་མི་གནས་པ།། བདེ་བ་ཆེན་པོའི་ངོ་བོར་གནས།། རྡོ་རྗེ་ཐིག་ལེ་མི་ཕྱེད་གཟུགས།། རང་བྱུང་བདེ་བར་ཀུན་སྣང་ནས།། འཇུག་དང་མི་འཇུག་ཡུལ་ལས་འདས།། དུས་གསུམ ་འཇུག་པ་ཡོངས་ཀྱིས་མེད།། སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། བསྐལ་པ་མི་འགྱུར་ཐོག་མ་ལ།། སྐལ་ལྡན་མངོན་རྫོགས་རྒྱལ་པོ་ཡིས།། རྡུལ་སྙེད་རྡོ་རྗེ་འཛིན་པ་ལ།། འདོད་འཛིན་ཞེན་པ་གྲོལ་བའི་ཐབས།། མན ་ངག་དབང་གི་ཐབས་ཀྱིས་བསྟན།། ཐོག་མཐའ་མེད་པའི་བདེ་བ་ཆེ།། རང་བྱུང་ཐིག་ལེ་བསམ་མི་ཁྱབ།། ཆགས་བྲལ་ཆགས་ཆེན་འདུལ་བའི་ཕྱིར།། ཐབས་ཆེན་གྲོལ་བ་སྣ་ཚོགས་ཀྱིས།། འགྲོ་བ་ཐབས་ཀྱིས་གྲོལ ་མཛད་ཕྱིར།། རྡོ་རྗེ་འཆང་བའི་འཁོར་ཚོགས་ལ།། འདས་པའི་རྒྱལ་བ་ཀུན་གྱིས་བཤད།། སྒྱུ་འཕྲུལ་རོལ་པ་ཆེན་པོ་འདི།། མ་ལུས་འདུས་པའི་ཐབས་ཡིན་ཏེ།། གསང་བ་ཉམས་ལས་མངོན་སྣང་གིས།། རྟོག་གེ ་དམན་པའི་སྤྱོད་ཡུལ་མིན།། གང་དུ་ཐབས་ཀྱི་སྣང་བ་འདི།། སྔ་རབས་འདས་པའི་སངས་རྒྱས་ཀྱིས།། འདོད་ཆགས་བདེ་བར་རྒྱས་བྱེད་པ།། གསང་བའི་ཐབས་ཆེན་རྒྱུད་འདི་བཤད། དེ་དག་ཐབས་ཀྱིས་གསལ ་བར་བྱེད།། དེ་དག་གང་ལ་ཐབས་མཚོན་པ།། མི་འདུལ་ལོག་པར་འཇུག་པར་འགྱུར།། བདེ་ཆེན་རོལ་པའི་རང་བཞིན་འདི།། ཐབས་ཆེན་དབང་གི་རང་བཞིན་ལ།། ཏིང་འཛིན་རྒྱུད་པའི་ཐབས་ཀྱིས ་གསལ།། གཞན་དུ་སུས་ཀྱང་རྟོགས་མི་འགྱུར།། བསྐལ་པ་གྲངས་མེད་རྡུལ་བྲལ་དུ།། ཐེག་དམན་དཀའ་ཐུབ་རྟོག་གེ་ཡི།། བྱིས་པ་རྣམས་ཀྱིས་མི་རྟོགས་པ།། གསང་བའི་ཐབས་ཀྱིས་མངོན་དུ ་འཆར།། ཡེ་ཤེས་དག་དང་ཏིང་འཛིན་རྒྱུད།། ལས་ཀྱིས་གང་ལ་གསལ་བྱས་པ།། དངོས་པོ་ཇི་སྙེད་མ་ལུས་པ།། བདེ་བ་ཆེན་པོ་ཉིད་དུ་འགྱུར།། འདི་ལ་ཁྲུས་དང་གཙང་སྦྲ་མེད།། ཆོ་ག་སྔགས་དང་ཕྱག་རྒྱ ་མེད།། འཇིགས་དང་ངོ་ཚ་ཞེན་པ་མེད།། རང་བྱུང་བདེ་བ་ཉིད་དུ་གསལ།། སྒྱུ་འཕྲུལ་དྲ་བ་ཐབས་ཆེན་པོ།། མ་ལུས་བཅུད་འདུས་ཐིག་ལེ་ལ།། ཡེ་ཤེས་རྫོགས་པའི་རོ་ལྡན་པ།། གསང་སྔགས་ཐབས་ཀྱིས་མངོན ་སུམ་གསུངས།། ཐོག་མ་མེད་པའི་རྒྱལ་བ་རྣམས།། ཐབས་དང་ཤེས་རབ་རོལ་པ་ཡིས།། བདེ་བ་ཆེན་པོ་ལས་བྱུང་བའི།། ཞིང་ཁམས་རྒྱལ་བ་ཉིད་དུ་སྣང་།། གསང་བའི་ཡེ་ཤེས་བདེ་བའི་མཆོག། མ་ལུས་ཐིག་ལེ ་གཅིག་འདུས་པ།། ཐབས་དང་ལྡན་པའི་སྣོད་བཅུད་པས།། མ་ལུས་ལྷན་ཅིག་སྐྱེས་པར་གསལ།། མ་ལུས་རོལ་པ་བདེ་མཆོག་སྟེ།། རྒྱལ་བ་རྣལ་འབྱོར་ཆེན་པོ་རྣམས།། བདེ་བ་ཆེན་པོ་རོ་གཅིག་པ།། སངས་རྒྱས ་ཀུན་གྱི་དགོངས་པ་ཉིད།། རང་བྱུང་སྒྱུ་འཕྲུལ་དྲ་བ་ལས།། ཉི་ཟླ་ཐབས་ཀྱིས་གང་མཚོན་པ།། ཞིང་ཁམས་ལུས་སུ་བཅས་པ་དག། ཟག་མེད་བདེ་བར་སྣང་བ་དག། ཐབས་དང་ཤེས་རབ་གཉིས་མེད་པ།། གང ་ཡིན་ཐབས་ཀྱི་ས་བོན་རྣམས།། རྡུལ་སྙེད་གྲངས་ལས་འདས་པ་རྣམས།། རྡོ་རྗེ་ཡེ་ཤེས་ཧཱུཾ་ཚོགས་ཀྱིས།། འདྲེས་དང་འཛག་པའི་ཐིག་ལེ་ཅན།། ཕྱག་རྒྱ་ལྔ་དང་བཅས་པ་ཡིས།། ཐམས་ཅད་རང་རིག་གཟུགས་སུ ་སྣང་།། བཅུད་གསུམ་ལས་སྐྱེས་བདེ་བ་ལ།། རིག་པ་བཞིན་དུ་ཉམས་གསལ་བ།། ཕྱི་ནང་ཐིག་ལེར་བརྟན་འགྱུར་ན།། མི་ཤིགས་ཐིག་ལེ་འཕོ་འགྱུར་མེད།། མི་འགྱུར་འགྲོ་འོང་གནས་དམིགས་བྲལ།། རྟེན་གྱི་ཐིག ་ལེ་གནས་གསུམ་དུ།། བྱེད་པ་སྡོམ་པ་ཐབས་དང་བྲལ།། སྣོད་བཅུད་བདེ་བར་སྣང་བྱེད་པ།། མུན་སྣང་གསེར་འགྱུར་ལྟ་བུར་བཤད།། བསྐལ་པ་གྲངས་མེད་འདས་པ་ཡི།། བྱེ་བྲག་བརྒྱད་ཅུ་ལ་སོགས་པ།། ཞིང ་ཁམས་རྡུལ་སྙེད་མ་ལུས་པ།། ཐབས་མཆོག་རོལ་པའི་རྒྱུད་འདི་གསུངས།། གསང་བའི་གསང་སྙིང་དོན་འདི་གསུངས།། ཡེ་ཤེས་མངོན་སྣང་ཐབས་ཀྱི་ལུང་།། མ་ལུས་བདེ་བ་རྒྱས་བྱེད་པ།། སྐལ་ལྡན་རྣམས་ཀྱི་བློ ་ལ་སྣང་།། སངས་རྒྱས་བདེ་བ་ཆེན་པོ་འདི།། བྱང་ཆུབ་རྡོ་རྗེ་བཅས་པ་ལ།། ཐབས་ལྡན་གསང་ཆེན་འདི་གསུངས་ཏེ།། གཞན་པ་དག་ལ་མ་གཏོགས་སོ།། དཔལ་ལྡན་ཐབས་ཀྱི་རྒྱལ་པོ་འདི།། སློབ་དཔོན་དམ་པར ་མི་འཛིན་ཅིང་།། དམ་དང་མན་ངག་མེད་པ་ལ།། སངས་རྒྱས་རྣམས་ཀྱི་བདེ་ཆེན་འདི།། བསྐལ་པར་མཚོན་ཀྱང་མི་མཐོང་ངོ་།། རིག་པ་ཐབས་ཀྱི་བརྟུལ་ཞུགས་འདི།། གང་གིས་སྤངས་ཏེ་མི་སྤྱོད་དོ།། ཇི་ལྟར་ནམ ་མཁའི་མཐའ་འཚོལ་ལྟར།། བྱང་ཆུབ་འབྲས་བུ་ཅུང་ཟད་མེད།། འདས་དང་ད་ལྟར་མ་བྱོན་པའི།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། བདེ་བ་ཆེན་པོ་མངོན་ཕྱུང་བའི།། གསང་བའི་ཐིག་ལེ་ཐབས ་ཀྱི་རྒྱུད།། འགྲོ་བ་ཞེན་ཅིང་ཆགས་པ་དང་།། ཐབས་ཀྱིས་མངོན་པར་གྲོལ་བྱེད་པ།། ལྷག་པའི་ལྟ་བ་གསལ་བྱེད་ཅིང་།། སྤྱོད་པ་རྨད་བྱུང་མཐུ་ཡིས་ནི།། མ་ལུས་བྱིན་རླབས་བདེ་འབྱུང་ཞིང་།། ཡེ་ཤེས་ལྔ་ཡི་འཁོར ་ལོ་བསྐོར།། མ་ལུས་བདེ་ཆེན་སྣང་བ་ལ།། མི་མཐུན་ཐ་དད་ཡོད་མ་ཡིན།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། འདས་པའི་རྒྱལ་བ་ཐབས་ཀྱི་གྲོལ་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ ་བ།། ད་ལྟར་ཕྱོགས་བཅུ་རྡུལ་སྙེད་ཀྱི།། ཞིང་ཁམས་ཕྱི་ནང་སྣོད་བཅུད་བཅས།། སངས་རྒྱས་ཀུན་གྱི་དགོངས་པ་བཤད།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྨད་བྱུང་གསང་བ་བླ་ན་མེད།། སྒྱུ་འཕྲུལ་དྲ་བ་ཆོས་ཀྱི ་དབྱིངས།། གང་དུ་དམིགས་པ་མེད་པ་ནི།། བདེ་བ་ཆེན་པོས་ཁྱབ་པ་སྟེ།། དབང་དང་མན་ངག་ལ་བརྟེན་པའི།། དགོངས་པ་ཐབས་ཀྱི་ཁྱད་པར་གྱིས།། གསང་བའི་གསང་བ་མངོན་དུ་འཆར།། ཀུན་ཏུ་སྒྱུ་འཕྲུལ་ཟབ ་མོ་འདི།། དབྱེར་མེད་དྲ་བ་དོན་ཆེན་པོ།། ཐོག་མཐའ་མེད་པའི་དོན་ཆེན་པོ།། རང་བཞིན་ཐབས་ཀྱི་སྟོབས་ལས་སྣང་།། ཐིག་ལེ་སྣོད་བཅུད་བཅས་པ་ཡི།། མ་ལུས་ཐམས་ཅད་དཀྱིལ་འཁོར་ཉིད།། རང་ལ་གནས ་པའི་བདེ་བ་སྟེ།། སཱ་ལུའི་ཁྲོད་དང་མར་མེ་བཞིན།། ཐབས་དང་ཤེས་རབ་གཉིས་མེད་པའི།། ཕྱི་ནང་གསང་བའི་དཀྱིལ་འཁོར་ཉིད།། རྒྱལ་བ་ཀུན་གྱི་ངོ་བོར་བཤད།། རྣམ་དག་བླ་ན་མེད་པ་ཡི།། ས་དང་རྣམ་ཐར་ཇི ་སྙེད་པར།། མ་ལུས་པ་ཡི་ཐབས་ལས་བྱུང་།། དངོས་དང་དངོས་མེད་རང་བཞིན་མཆོག། སྒྱུ་འཕྲུལ་ཐལ་ཆེན་རང་བཞིན་ལས།། དྲ་བ་ཤེས་རབ་གསལ་བར་འགྱུར།། གཉིས་མེད་ཐིག་ལེ་ལས་བྱུང་བ།། གསང ་ཆེན་ཐིག་ལེ་ལས་ཀྱི་མཆོག། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། མ་ལུས་ཐིག་ལེ་བདེ་ཆེན་པོ།། ཕྱོགས་བཅུ་རྒྱལ་བའི་རང་བཞིན་ཉིད།། རང་བྱུང་ཐབས་ཀྱི་ངོ་བོར་གནས།། གཉིས་མེད་ཐབས་ལས་བྱུང་བ ་ཡི།། བྱང་ཆུབ་ཐིག་ལེ་བཅུད་ལས་བྱུང་།། ཟླ་བ་ཉི་མ་རྩེགས་པ་ལས།། དྲ་བ་བཅས་པའི་ཡེ་ཤེས་ཉིད།། རང་སྙིང་ཐིག་ལེ་བཅས་པ་ཡི།། འབབ་འཛེགས་གང་ལས་དབང་བསྒྱུར་བའི།། ཡེ་ཤེས་རང་བྱུང་ཐོགས་པ ་མེད།། གསང་བའི་ཐབས་དང་ལོག་རྟོག་ཉིད།། ཉི་ཟླ་ཕྲད་པའི་བཟུང་བཟློག་གིས།། བར་ཆད་མེད་པའི་ལམ་ལས་བྱུང་།། གསང་བའི་ས་དང་སེམས་ཉིད་རྫོགས།། ལོག་རྟོག་འགྲོ་འོང་ཐིག་ལེར་བཅས།། གསང ་བའི་གནས་ནས་གནས་སྤྱོད་པ།། རྩེ་ནས་རྩེ་རུ་ཐོགས་པ་མེད།། བཅུ་གསུམ་ས་ལ་ཐེ་ཚོམ་མེད།། ཕྱོགས་བཅུ་རྣལ་འབྱོར་ཕོ་མོ་དག། བདེ་བ་ཆེན་པོ་དབུགས་ཕྱུང་བས།། རླུང་དང་ཐིག་ལེ་སེམས་སུ་བཅས།། མ ་རྟོགས་སྐྱེས་ལ་དབང་ཐོབ་པས།། རྫོགས་པའི་ཐིག་ལེ་གང་བསྐུལ་བས།། ཉི་ཟླ་འདྲེས་པའི་གར་ལས་བྱུང་།། གསང་བའི་བྱང་ཆུབ་ཐིག་ལེ་ནི།། ཟག་པ་མེད་པའི་ཐབས་ཀྱིས་མཚོན།། ཐབས་ཀྱི་རྫུ ་འཕྲུལ་མཐར་ཕྱིན་པ།། མཐོང་བའི་དོན་ཉིད་ཡེ་ཤེས་རྫོགས།། ཕྱག་རྒྱ་མཚོན་པའི་ངོ་བོ་ལས།། བདེ་བ་ཆེན་པོར་རྒྱས་བཏང་བས།། གང་ཡང་མཚོན་པ་ལས་འདས་པས།། ལྷན་ཅིག་སྐྱེས་པའི་ངོ་བོར་གསལ།། དེ ་ལྟར་ཕྱོགས་བཅུར་མཐའ་ཡས་པ།། རང་བྱུང་ཐིག་ལེ་རང་སྣང་བདེ།། མེ་ལོང་དང་ནི་གཟུགས་བརྙན་ལྟར།། གསང་བའི་ཐབས་ལ་བརྟེན་པ་མཐོང་།། གསང་ཆེན་ཐབས་ཀྱིས་སྒྱུ་འཕྲུལ་པས།། མ་བཅོས་དྲ་བ་མཚོན ་པར་སྣང་།། རྒྱལ་བ་ཀུན་གྱི་དགོངས་པ་ནི།། མ་ལུས་གཅིག་དང་ཐ་དད་མིན།། གསང་གསུང་ཐབས་ལ་བརྟེན་པ་ཡིས།། སྐྱེ་བ་འདི་ཡིས་རྣམ་པར་གྲོལ།། དྭངས་མའི་ཐིག་ལེ་བཅུད་འདུས་པ།། ཐབས་ཀྱི་སྙིང་པོར ་གོམས་པས་ན།། རང་བྱུང་རིག་པ་བདེ་ཆེན་པོ།། འགྲོ་འོང་རེ་དོགས་མེད་པས་གསལ།། བདག་ཉིད་མ་ལུས་ཀུན་སྣང་བ།། ཞེན་པ་རང་གི་ངོ་བོར་ལྡོག། ཞེན་པ་མ་བཅོས་རང་སྣང་བས།། ཐམས་ཅད་ལྷན་ཅིག་སྐྱེས ་པར་གསལ།། པདྨ་རྡོ་རྗེ་ལ་བརྟེན་པའི།། ཐབས་ཀྱི་ལམ་ལ་བརྟེན་པ་ཡིས།། རིག་པ་ཕྱི་ནང་བཅས་པའི་སེམས།། མ་ལུས་བདེ་ཆེན་ངོ་བོར་གྲོལ།། ཐམས་ཅད་བདེ་བ་ཆེན་པོ་ལ།། ཞེན་པས་བརྟགས་པ་རང་སྣང ་བ།། དངོས་མེད་དངོས་མིན་གཉིས་ཀ་མིན།། ཐབས་དང་ཤེས་རབ་སྦྱོར་མེད་པའོ།། གང་དུ་རིག་པ་དབྱེར་མེད་ན།། བདེ་ཆེན་སྟོང་པའི་ཐིག་ལེ་ལ།། མཁའ་ལྟར་དངོས་དང་དངོས་མེད་སྤངས།། འདི་ཉིད་སྒྱུ་འཕྲུལ ་དྲ་བའོ།། སངས་རྒྱས་ཀུན་དང་དབྱེར་མེད་པའི།། ཐིག་ལེ་གསང་བའི་བདག་ཉིད་ནི།། ཐམས་ཅད་བདེ་ཆེན་དབྱེར་མེད་དེ།། ཐམས་ཅད་ཁྱབ་པའི་ཚུལ་དུ་སྣང་།། རང་བྱུང་ཐིག་ལེ་བདག་ཉིད་ནི།། ཕྱི་ནང་གསང ་བའི་རང་བཞིན་གྱིས།། ཤེས་པ་གང་ལ་གོམས་པ་ཡིས།། ད་ལྟ་ཉིད་དུ་འགྲུབ་པར་འགྱུར།། ཕྱོགས་བཅུའི་རྣལ་འབྱོར་དབང་ཕྱུག་རྣམས།། སྒྱུ་འཕྲུལ་དྲ་བ་བརྟན་གོམས་ཤིང་།། ཐབས་ཆེན་ཐིག་ལེ་གསལ་བརྟན ་ན།། མི་གཡོ་རབ་ཏུ་དང་བའི་ཡིད།། སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ།། གསང་མཆོག་ཐབས་ཀྱི་རོལ་པ་ཡི།། བདེ་ཆེན་མཉམ་པའི་ངོ་བོ་ཉིད།། སྐལ་ངན་དམན་པའི་ཡུལ་མིན་ཏེ།། རྡོ་རྗེ་འཆང་ཆེན་བཅས ་པའི་ཡུལ།། ཉི་ཟླ་གནས་པའི་ཐིག་ལེ་ཉིད།། དུས་གསུམ་རྒྱལ་བའི་བཅུད་ཡིན་ཏེ།། མན་ངག་ཐབས་དང་འབྲེལ་པ་ཡིས།། སྡུག་བསྔལ་མེད་པར་རྟོགས་ཤིང་འགྲུབ།། རང་ལུས་ཐབས་ཀྱི་རྒྱལ་པོ་ལ།། ཆགས ་བས་ལྡན་གང་ཟག་གིས།། འདོད་ལྔ་རོལ་པས་བདེར་སྤྲད་ན།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། བདེ་ཆེན་རོལ་པའི་ཐབས་མེད་ན།། ཐ་མལ་ཞེན་པའི་སྣང་བ་ལ།། ཁྱད་པར་བྱེ་བྲག་ཅི་བསྟེན་ཀྱང་།། ལྷན ་གྲུབ་རྡོ་རྗེ་འཆང་དང་བྲལ།། རྡོ་རྗེ་པདྨ་ལྡན་འགྱུར་ཞིང་།། བྱིན་རླབས་ཐབས་ཀྱིས་གང་སྤྱོད་ན།། པདྨ་ལ་ནི་འདམ་བཞིན་དུ།། འཁོར་བ་བདེ་བ་ཆེན་པོར་འགྱུར།། ཟབ་ཅིང་རྒྱ་ཆེ་མཚུངས་མེད ་པའི།། གསང་བའི་རྒྱུད་ཀྱི་ཕྱི་མ་འདི།། དུག་གིས་དུག་ནད་སེལ་བ་ལྟར།། ཐབས་ཆེན་མཆོག་ཏུ་ཤེས་པར་བྱ།། སྐལ་མེད་དམན་དང་དབང་མེད་པའི།། ལོག་པར་གྱུར་པའི་གང་ཟག་གིས།། བསྐལ་པ་བྱེ་བར་ཅི ་བསྟེན་ཀྱང་།། ལོག་པའི་ལམ་དུ་ལྟུང་བར་འགྱུར།། རང་བྱུང་བདེ་བའི་འཁོར་ལོ་ནི།། སྐུ་དང་གསུང་ཐུགས་གང་གནས་པ།། བཅུད་དང་བདེ་ཆེན་ཐབས་མཚོན་པ།། མན་ངག་ལྡན་པས་ཤེས་པར་བྱ།། རང་བྱུང་བདེ ་བ་ཆེན་པོའི་རྟེན།། འཁོར་ལོ་གདུགས་དང་སྲོག་ཤིང་གསུམ།། དྭངས་མ་ཐིག་ལེ་ཡེ་ཤེས་བཅས།། ལྔ་ལྟར་གསལ་ཞིང་གཅིག་ཏུ་ཐིམ།། བདེ་བས་བདེ་བ་གསལ་བྱེད་པ།། དཀའ་ཐུབ་འཇིག་རྟེན་ཆོས་དང ་བྲལ།། གང་ཟག་ཆགས་དང་བྲལ་བའི་ཡིག། བདེ་ཆེན་རོལ་པའི་ཐབས་འཇུག་ཅིང་།། མན་ངག་ཐབས་ཀྱིས་བདེ་སྤྱད་ན།། ཐམས་ཅད་བདེ་ཆེན་བཞིན་དུ་སྦྱོར།། སངས་རྒྱས་ཀུན་གྱི་གསུང་མཆོག་སྟེ།། ལྷན་ཅིག ་སྐྱེས་པའི་ཡེ་ཤེས་འདི།། སྒྲ་དང་ཚད་མ་ཀུན་སྤངས་ནས།། རོལ་པའི་ཐབས་ཆེན་ལྡན་པས་གསུངས།། དེ་ནས་གཞན་ཡང་བཤད་བྱ་བ།། གསང་བའི་ཐིག་ལེ་ཆེན་པོ་ནི།། མངོན་པས་མཐོང་བས་གོང་མིན་ཏེ།། ལས ་དང་ཡོན་ཏན་མཐའ་བྲལ་ཞིང་།། དྭངས་མ་ཡེ་ཤེས་འཁོར་ལོ་བསྐོར།། འདོད་པ་ལྔ་ཡིས་བརྒྱན་པར་གནས།། ཉི་ཟླ་གསང་བའི་པདྨར་ལྡན།། དགའ་ཞིང་ལྡན་པས་གང་འཇུག་ན།། ཐིག་ལེ་གོང་འོག་འབབ་པ ་ལ།། དགའ་བ་བརྒྱད་དང་མཚུངས་པར་གནས།། ཕྲ་རགས་བཅུ་དྲུག་ཤེས་པར་བྱ།། གསང་བའི་ཡེ་ཤེས་ལྔ་ལྡན་པས།། ཀུན་ཏུ་ཁྱབ་ཅིང་བར་མ་ཆད།། ཐུན་མོང་ཐུན་མོང་མ་ཡིན་པས།། སྤྲུལ་པའི་ཕྲེང་བ་རྒྱུན་མ ་བཅད།། གསང་བ་རང་བྱུང་སྙིང་པོ་ལ།། རང་བཞིན་ཐབས་ཀྱི་ཁྱད་པར་གྱིས།། བཅིངས་གྱུར་རྣམ་པར་གྲོལ་བའི་ཐབས།། མ་ལུས་འདིར་ནི་ཤེས་པར་བྱ།། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ ་ལྡན་པ་ཡི།། ལྷ་དང་ལྷ་མོར་གནས་སྤྱད་པའི།། སྐྱེས་བུ་ཐབས་ཀྱི་རང་བཞིན་ཏེ།། བུད་མེད་ཤེས་རབ་ཤེས་པར་བྱ།། གསང་བའི་ཐིག་ལེ་འོག་མིན་གནས།། ལས་དང་ཡོན་ཏན་ཆེར་ལྡན་ཞིང་།། རོ་དང་ཉམས་དང ་ཡེ་ཤེས་ཉིད།། སྙིང་པོ་ཐིག་ལེ་ཀུན་ནས་ཟླུམ།། དགའ་བཞི་ཐིག་ལེ་ཀུན་དང་བྲལ།། ཉི་ཟླ་པདྨའི་རང་བཞིན་ཀྱང་།། གནས་ཏེ་སྐུ་གསུང་ཐུགས་ཉིད་དུ།། རང་བཞིན་ཐབས་དང་འབྲེལ་བར་བཤད།། ཐ་མལ་ཞེན་པ ་ཀུན་སྡུད་ཅིང་།། བདེ་ཆེན་ཡེ་ཤེས་རྒྱ་མཚོར་འཁྱིལ།། གསང་བའི་ཐབས་དང་མཉམ་སྦྱོར་བས།། གསང་བའི་ཉི་ཟླ་པདྨོར་བཅས།། ཐོགས་པ་མེད་པར་འབྱུང་འགྱུར་ཏེ།། ས་དང་ཕ་རོལ་ཕྱིན་པ་དང་།། ལས་དང ་ཡོན་ཏན་དུས་གཅིག་རྫོགས།། གསང་མཆོག་པདྨའི་དཀྱིལ་འཁོར་དུ།། བདེ་ཆེན་རོལ་པ་འདི་གསུངས་ཏེ།། དེ་ལས་གཞན་དང་འབྲེལ་པ་ཡིས།། བསྐལ་པ་བྱེ་བར་ཤེས་མི་འགྱུར།། སྒྱུ་འཕྲུལ་ཐལ ་བའི་རྒྱུད་ཆེན་པོ་ལས། ད་ལྟར་རྣལ་འབྱོར་ཐབས་ཀྱིས་གྲོལ་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་ཆེན་གསང་བའི་ཐིག་པ་སྟེ།། གསང་བ་བརྟུལ་ཞུགས་རོལ་པ ་འདི།། ཀུན་གྱི་ཕྱི་མ་རིག་པ་མཆོག། མ་ལུས་ཀུན་ལས་མཆོག་འགྱུར་ཞིང་།། ཐབས་མཆོག་བདེ་ཆེན་ཕྱག་རྒྱ་མཆོག། མ་ལུས་ཐབས་ཀྱི་བྱིན་རླབས་ཀྱིས།། བདག་གཞན་བདེ་ཆེན་ཕྱག་རྒྱ་སེམས།། རྒྱལ་བ་ཀུན་གྱི ་སྐུ་གསུང་ཐུགས།། མ་ལུས་རོལ་པ་ཐུགས་ཉིད་འདི།། སྐལ་ངན་དམན་དང་རིགས་ཆད་དང་།། བྱིས་པ་རྒན་པོ་མ་ནིང་དང་།། དཀའ་ཐུབ་ལྷ་ངན་རྣམ་པར་སྤང་།། ཐབས་ཆེན་ཡིད་བཞིན་ནོར་བུ་འདི།། ཟབ་དང ་འཕེལ་འགྲིབ་མི་གནས་དང་།། ཐབས་ཆེན་སྐལ་ལྡན་སྤྱོད་ཡུལ་དེ།། གཞན་ལ་མི་གནས་སྤྱོད་ཡུལ་མིན།། བསྐལ་པ་བྱེ་བར་མི་འབྱང་བའི།། ལས་དང་ཉོན་མོངས་སྡུག་བསྔལ་དང་།། སྒྲིབ་པ་བག་ཆགས་ཐམས ་ཅད་ཀུན།། ཐབས་ཆེན་གསང་བས་མངོན་དུ་སེལ།། དཀའ་ཐུབ་གདུང་བས་ལུས་གཟིར་ཅིང་།། ལུས་སེམས་སྡུག་བསྔལ་དབང་བསྒྱུར་བའི།། སངས་རྒྱས་སྲས་སུ་གྱུར་པས་ཀྱང་།། ཕྱོགས་ཙམ་རེག་པར་ནུས་མ ་ཡིན།། ཀུན་གྱིས་སྤངས་པའི་ཆགས་སྡང་ལྔ།། འདོད་ལྔ་དྲན་རྟོག་ཕྲ་རགས་བཅས།། ཐབས་ཀྱིས་དེ་དག་ཟིལ་མནན་ནས།། རྣལ་འབྱོར་བདེ་བའི་ཕ་རོལ་ཕྱིན།། ཚད་མ་གཞན་དང་བྲལ་བ་ཡི།། རང་རིག་བདེ་ཆེན ་བྱང་ཆུབ་སེམས།། ངོ་བོ་རྟོག་དཔྱོད་ལས་འདས་པ།། འགྲོ་འོང་མི་ཡུལ་བསམ་ལས་འདས།། ཐམས་ཅད་བྱང་ཆུབ་སྙིང་པོ་མཆོག། གང་ཕྱིར་བདེ་བ་ཡེ་ཤེས་ནི།། ཆོ་ག་ཐབས་ལས་ཤེས་པར་འགྱུར།། ཐབས ་བྲལ་ཐབས་ལས་རྣམ་པར་འཇོག། རང་བཞིན་ཐབས་ཀྱི་ཕ་རོལ་ཕྱིན།། ཐབས་ཆེན་བདེ་བས་གང་རྟོགས་པ།། བདེ་བས་དཀའ་ཐུབ་ཟིལ་གྱིས་གནོན།། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པ།། ཐབས་ཆེན་གསང ་བའི་ཐིག་ལེ་ནི།། རྟོགས་ཤིང་གོམས་པར་གྲོལ་འགྱུར་ཏེ།། གཞན་གྱིས་ནམ་ཡང་འགྲུབ་མ་ཡིན།། རང་བཞིན་རྟོགས་གོམས་བྱིན་རླབས་ཀྱིས།། དཔེར་ན་ཉི་འོད་རིན་ཆེན་བཞིན།། ལས་དང་བསོད་ནམས་རྐྱེན་དག ་ལས།། ཆུ་དང་མེ་ལོང་གཟུགས་བརྙན་ལྟར།། དངོས་པོ་ཇི་ལྟར་གསལ་བ་ལྟར།། ཐབས་དང་མན་ངག་སྟོབས་ཀྱིས་འགྲུབ།། སྒྱུ་འཕྲུལ་ཆེན་པོ་ཐིག་ལེ་ཉིད།། ཐབས་དང་ཤེས་རབ་གསལ་འགྱུར་བས།། བདེ་བ ་གསལ་ལ་མི་རྟོག་པ།། ཐམས་ཅད་མཁྱེན་པའི་སྟོབས་སུ་སྣང་།། རང་ཉིད་ཕྱག་རྒྱ་སྟོབས་ཆེན་གྱིས།། མི་མཐུན་གཉེན་པོ་བྲལ་བ་ལས།། ཐབས་ཆེན་གསང་བ་མཐར་ཕྱིན་པས།། མན་ངག་ལྡན་པས་འགྲུབ་འགྱུར ་ཏེ།། རང་རིག་ཡོན་ཏན་མངོན་སྣང་བཞིན།། བྱེ་བྲག་བརྒྱད་ཅུ་ལ་སོགས་པ།། བསྟན་པའི་ཁྱད་པར་ཅི་སྙེད་པ།། འདུལ་བའི་དབང་གིས་སྣང་བ་སྟེ།། གསང་བ་འདིས་ནི་རྟོགས་པར་འགྱུར།། གང་མེད ་དེ་ཉིད་མི་འབྱུང་ཕྱིར།། དཔེར་ན་ལུས་དང་ཡན་ལག་བཞིན།། དུས་གསུམ་སངས་རྒྱས་བསྟན་པར་བཅས།། རང་བྱུང་བསྟན་པ་རྒྱ་མཚོར་འདུས།། བསྐལ་པ་བྱེ་བ་བསམ་ཡས་པར།། ཐབས་དང་དཀའ་བས་གང ་བཙལ་བས།། ཟབ་མོའི་ཐབས་རྒྱུད་མི་མཐོང་སྟེ།། ཟབ་མོ་རྒྱལ་བའི་དགོངས་པར་བཤད།། ཕྱི་ནང་གསང་བ་ལ་སོགས་པ།། ཐབས་ཆེན་བསྟན་པ་གང་གསུངས་པ།། ཐམས་ཅད་ཡན་ལག་སྣང་བ་སྟེ།། ཀུན་གྱི་སྙིང ་པོ་འདི་གསུངས་པའོ།། ཞིང་ཁམས་ཕྱི་ནང་བསམ་ཡས་པར།། གླེང་གཞི་གླེང་བསླང་རྟོག་པ་དང་།། ཆོ་གའི་དཀྱིལ་འཁོར་གྲངས་མེད་པར།། ཐམས་ཅད་འདིར་གནས་པ་ཉིད་དོ།། འདས་དང་མ་བྱོན་ད་ལྟར ་བའོ།། སངས་རྒྱས་རྣལ་འབྱོར་ཐམས་ཅད་ཀྱི།། ལམ་མཆོག་གསང་བ་འདི་ཡིན་ཏེ།། འབྱུང་གནས་འབྱུང་ཉིད་དེ་ཕྱིར་རོ།། ཁྱད་པར་ཐབས་ཆེན་སྒྱུ་འཕྲུལ་འདི།། གསང་བའི་གསང་མཆོག་དམ་པ་འདི།། གཞན་དང ་དབང་པོ་དམན་པ་དང་།། མ་དག་པ་ལ་མ་གནང་ངོ་།། རྣལ་འབྱོར་གསང་བར་ཞུགས་རྣམས་ཀྱིས།། གསང་ཆེན་རོལ་པའི་ཐལ་རྒྱུད་ལས།། དབང་དང་མན་ངག་སྟོབས་ཀྱིས་བརྟག། ཚེ་འདི་ཉིད་ལ་འགྲུབ་པར ་འགྱུར།། དཀའ་ཐུབ་གདུང་བ་ཀུན་བྲལ་ཞིང་།། ལོངས་སྤྱོད་ལྔ་ལྡན་ཆོ་ག་ཡིས།། འདུས་པ་མེད་པའི་སྤྱོད་པ་ཡིས།། འཇིགས་པ་མེད་པར་རྣམ་པར་གྲོལ།། ནམ་མཁའ་ལྟ་བུར་གང་རྟོགས་པས།། རྒྱལ་པོའི་སྤྱོད་པ ་ལ་བརྟེན་ན།། བར་ཆད་མེད་པར་གསལ་གོམས་པས།། ཡིད་བཞིན་ནོར་བུ་ལྟ་བུར་འགྱུར།། གཞན་ཡང་གསང་ཆེན་ཐིག་ལེ་ནི།། གསང་བའི་ཡིད་འཕྲོག་ཐབས་ཀྱི་རྒྱུད།། མ་ལུས་ཐབས་ཀྱིས་རོལ་སྤྱད་ན།། སྐད ་ཅིག་ཙམ་གྱིས་གྲོལ་བར་འགྱུར།། མ་ལུས་འཆིང་བ་ཡུལ་གྱི་དུག། རྒྱལ་བའི་དགོངས་པས་དབང་བསྒྱུར་ནས།། ཕྱི་ནང་ཡུལ་སེམས་སྣོད་བཅུད་བཅས།། ཐབས་ཆེན་བདེ་བར་མངོན་དུ་གསལ།། བྱེ་བ་བརྒྱ་ཕྲག་མང ་པོའི་ཚོགས།། ལྷ་རྣམས་དང་ནི་ཀླུ་རྣམས་དང་།། འགྲོ་བ་སྐལ་ལྡན་ཐམས་ཅད་ཀྱིས།། འདོད་པའི་ཡོན་ཏན་ལྔ་རྣམས་ལ།། ཅི་འདོད་པར་ནི་སྤྱོད་བཞིན་དུ།། དག་པ་དང་ནི་བདེ་བ་དང་།། ཡིད་བདེ་བ་དང་སེམས ་བདེ་བས།། མ་ལུས་གསང་བ་ཉིད་དུ་བལྟ།། རྣལ་འབྱོར་ཕོ་མོར་འབྲེལ་བ་ཡིས།། མ་ལུས་ཚོགས་ལ་ལོངས་སྤྱོད་ཅིང་།། བལྟ་དང་བགད་དང་འཁྱུད་པ་དང་།། དབང་པོ་ཐུག་དང་ཞལ་ལ་སོགས།། ཕྲད་དང་སྤྱད་པ ་ལ་སོགས་པས།། དགའ་ཞིང་ཉམས་དང་ཐིག་ལེ་བཞི།། ལུས་སེམས་དགའ་བར་གྲོལ་བར་འགྱུར།། བྱིན་རླབས་ཐབས་ཀྱི་ཉམས་ལྡན་པས།། ཉམས་དང་རེ་དོགས་མེད་པ་ཡིས།། གླུ་དང་གར་དང་རོལ ་པའི་ཐབས།། སྣ་ཚོགས་ཐབས་ནི་སྟོན་པར་མཛད།། མ་དག་པ་དང་མི་འཚམས་ཤིང་།། དག་པ་ལ་འཚམས་རེ་དོགས་མེད།། ཐབས་སྤྱོད་བྱེ་བྲག་མཐའ་ཡས་པ།། མ་བཅོས་ཐབས་ཀྱི་སྤྱོད་པར ་གནས།། གསང་ཆེན་རྣལ་འབྱོར་སྤྱོད་པ་འདི།། དགའ་དང་སྦྱངས་པའི་རང་བཞིན་ལས།། གཞན་དང་བྱིས་པ་ཐ་མལ་དང་།། སྒྲོ་སྐུར་ཡ་གར་གནས་ལ་སོགས།། བྱིན་ན་བར་ཆད་འབྱུང་འགྱུར་ཏེ།། དམྱལ་བ་ཡི། ་དྭགས་བྱོལ་སོང་སོགས།། བསྐལ་པ་རྡུལ་སྙེད་གནས་འགྱུར་ཏེ།། བདེ་བས་ཕོངས་པ་ཉིད་དུ་འགྱུར།། བསྐལ་པ་ཞིང་གི་རྡུལ་སྙེད་དུ།། སྦྱངས་དང་བསགས་པ་གང་ཡིན་པ།། སྐལ་ལྡན་འགའ་ཡི་སྤྱོད་ཡུལ ་ཏེ།། བསྒྲུབ་བྱའི་འབྲས་བུ་སྙིང་པོ་ཉིད།། གསང་བ་ཆེན་པོ་ཐལ་བའི་རྒྱུད།། མ་ལུས་དག་པའི་འཇིག་རྟེན་དུ།། སྐད་ཅིག་བྱིན་རླབས་སྣང་མཛད་པ།། གསང་ཆེན་རྨད་བྱུང་ཐེག་པར་བཤད།། སྒྱུ་འཕྲུལ་ཐལ་བའི་རྒྱུད ་ཆེན་པོ་ལས། གསང་བ་ཐེག་ཆེན་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། རྟོག་པ་ཀུན་ལས་རབ་འདས་པ།། བརྟག་པ་ཀུན་གྱི་ངོ་བོ་ཉིད།། སྒྱུ་འཕྲུལ་དྲ་བས་མངོན་སྣང ་བ།། སངས་རྒྱས་ཀུན་གྱི་རང་བཞིན་ནི།། དག་དང་མ་དག་ཁྱད་པར་གྱིས།། ཕྱི་ནང་ཡུལ་སེམས་དབང་པོར་བཅས།། མ་བཅོས་རང་རིག་དབྱིངས་སུ་འདུས།། འཁོར་དང་མྱ་ངན་འདས་པ་ཡང་།། གཞི་རྩ་མེད ་དབྱིངས་སྐད་ཅིག་མ།། མི་གནས་ཚུལ་གྱིས་གནས་འགྱུར་ཏེ།། དེ་ལ་གནས་པ་གང་ཡང་མེད།། འབྱུང་བ་ལྔ་དང་ཕུང་པོ་ལྔ།། ཁམས་དང་སྐྱེ་མཆེད་ལ་སོགས་པ།། ཐབས་དང་ཤེས་རབ་ལྡན་གྱུར་པའི།། གཉིས་སུ ་མེད་པར་རང་བཞིན་གནས།། རྒྱལ་བའི་དཀྱིལ་འཁོར་རྡུལ་སྙེད་པ།། ཞིང་དང་ལོངས་སྤྱོད་མཛད་པ་དང་།། མ་ལུས་གཉིས་མེད་སྣང་བ་སྟེ།། དབྱེར་མེད་རིག་པ་རང་སྣང་ངོ་།། ཕྱི་དང་ནང་དང་ཡུལ་སེམས ་དང་།། ཇི་སྙེད་སྤྱོད་ཡུལ་འགྱུར་བ་ཀུན།། ནམ་མཁའ་ལ་ནི་གཟའ་སྐར་ལྟར།། ཆོས་ཀྱི་དབྱིངས་ལས་དོན་འབྱུང་སྟེ།། བྱ་བྱེད་མེད་པར་ངང་གིས་སྣང་།། ཕྱི་ནང་གསང་བར་བཅས་པ་ཡི།། ཀུན་གཞི་ཐབས་ཀྱིས ་གསལ་བྱས་པས།། མ་ལུས་རང་སྣང་འཇིག་རྟེན་པས།། སྤང་དང་སྤང་བར་བྱ་བ་མེད།། དབང་པོ་ཡུལ་དུས་རྣམ་ཤེས་ཚོགས།། མ་ལུས་གཉིས་མེད་རང་སྣང་བ།། སྐྱེས་བུ་ཐབས་ཀྱི་སྤྱོད་ཡུལ་ཏེ།། སྐལ་ལྡན་དག ་གིས་ཤེས་པར་བྱ།། ཐུགས་ཀྱི་བདེ་བ་ཆོས་ཀྱི་དབྱིངས།། རང་རིག་བསམ་པའི་ཡུལ་ལས་འདས།། དེ་ཉིད་ཇི་ལྟར་གསལ་བ་ལྟར།། ཐབས་ཀྱི་རྫུ་འཕྲུལ་སྣ་ཚོགས་འཛིན།། གང་དག་གང་ལ་དབང་བ་ནི།། འདི་ནི ་དབང་པོ་མཆོག་ཏུ་གསུངས།། བརྟེན་པའི་ཤེས་རབ་བཅས་པ་ཡི།། དམིགས་པར་བྱ་བའི་ཡུལ་ཉིད་དོ།། ཇི་སྙེད་ཆོས་རྣམས་བསམ་ཡས་པ།། ཐུན་མོང་ཐུན་མོང་མ་ཡིན་པའི།། རྟེན་གྱི་བྱ་བ་ཐམས་ཅད ་ཀྱང་།། དབང་པོ་ཡུལ་དུ་འདུས་པར་བཤད།། ཇི་སྙེད་ཆོས་རྣམས་རྡུལ་སྙེད་པ།། འཇིག་རྟེན་འཇིག་རྟེན་འདས་པ་ཡིས།། ནང་དང་ཕྱི་རུ་བསྟན་པ་ཀུན།། རང་རིག་ཡེ་ཤེས་མཆོག་ཏུ་གསུངས།། ཐབས ་མཁས་བྱེ་བྲག་ཅིར་བསྟན་པ།། ཐབས་ཀྱི་ཁྱད་པར་སྣང་བ་ཡིན།། ཨེ་མ་གར་མཁན་འཁོར་ལོ་བདེ།། མ་སྐྱེས་སྟོང་པའི་རང་བཞིན་ལས།། སྒྱུ་འཕྲུལ་དྲ་བ་བདེ་བའི་མཆོག། གསང་དབང་པདྨར་འབྲེལ་བ་ན།། བདེ ་བ་མཆོག་ཏུ་འབྱུང་འགྱུར་ཏེ།། སྐད་ཅིག་ཙམ་གྱི་བདེ་བ་ཡིས།། བག་ཆགས་ཐམས་ཅད་ཟིལ་གྱིས་གནོན།། རང་བྱུང་ལས་ཀྱི་སྒྱུ་འཕྲུལ་ལས།། གསང་བའི་ཐབས་དང་ལྡན་པ་ཡིས།། བདེ་ཆེན་གསང་བར་གྱུར་པ ་ན།། སྤྱོད་ཡུལ་པདྨ་ལྟ་བུར་འགྱུར།། རྡོ་རྗེ་དབང་ཡུལ་འདུས་པ་ལས།། ཕྱི་ནང་ཡུལ་སེམས་བཅས་པའི་ཆོས།། ཉི་ཟླ་ཐབས་ཀྱི་འགྲོ་འོང་ལ།། མ་ལུས་འདིར་ནི་འདུས་པ་ཉིད།། གསང་བ་ཐབས་ཀྱིས་སྒྱུ་འཕྲུལ ་ལས།། ཇི་སྙེད་ཆོས་ཀུན་རང་བཞིན་འཆར།། ཐམས་ཅད་ཐིག་ལེ་བདེ་ཆེན་ལ།། ཡུལ་དབང་ཕྱི་ནང་སྤྲོ་བསྡུ་མེད།། རང་བྱུང་ཐབས་ཀྱི་སྒྱུ་འཕྲུལ་ནི།། དཀྱིལ་འཁོར་ཀུན་གྱི་ཐབས་བཅུད་དེ།། ཐབས་དང་ཤེས་རབ ་འབྲེལ་པ་ལས།། འབྲས་བུ་རང་བཞིན་གསལ་བར་འཆར།། ཐབས་ལ་སྟོང་པས་རྒྱས་བཏབ་ཅིང་།། སྟོང་པ་ལ་ནི་བདེ་བས་བཏབ།། རོ་གཅིག་བདེ་བ་ཆེན་པོ་རྒྱས།། ཕྱི་ནང་ཡུལ་སེམས་ཀུན་ཏུ་བཏབ།། མ་ལུས ་བདེ་ཆེན་ཐིག་ལེ་སྟེ།། དངོས་པོ་ནམ་ཡང་ཡོད་མ་ཡིན།། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར།། གཉིས་མེད་བདེ་བ་རོལ་པའི་མཆོག། གསང་བ་དབང་གི་ཆོ་ག་ལས།། བདེ་ཆེན་ལམ་ལ་བར་ཆད་མེད།། དབང ་པོ་མཆོག་གི་ཡུལ་དུ་གྱུར།། དེ་བས་གཞན་གྱི་སྤྱོད་ཡུལ་མིན།། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི།། རང་རིག་བདེ་ཆེན་གཉིས་མེད་འདི།། མན་ངག་ཐབས་ཀྱིས་མཚོན་པ་ལས།། ཚིག་དང་ཡི་གེའི་སྤྱོད་ཡུལ ་མིན།། མ་ལུས་གསང་བའི་རང་བཞིན་ལ།། གསང་བ་ཐབས་ཀྱིས་གང་མཚོན་ན།། བག་ཆགས་བསལ་བའི་ཡེ་ཤེས་ཀྱིས།། ཐམས་ཅད་མཉམ་པ་ཉིད་དུ་གསལ།། ཐབས་ཆེན་རོལ་པ་མངོན་བསྟན་པའི།། གསང་བ ་ཀུན་འདུས་ཐབས་ཀྱི་རྒྱུད།། སྐལ་ངན་དམན་ལ་སྦས་པ་སྟེ།། ཐབས་ཆེན་ལྡན་པས་ཤེས་པར་བྱ།། སྐྱེ་མེད་སྒྱུ་འཕྲུལ་དྲ་བ་ལས།། ཐབས་ཆེན་རོལ་པའི་ཆོ་འཕྲུལ་གྱིས།། འགྲོ་བ་ཆགས་པ་ཅན་དོན་དུ།། སྣ་ཚོགས ་འགྲོ་བ་འདུལ་བར་མཛད།། སྣ་ཚོགས་བཅུད་ལྡན་ཐིག་ལེ་ཡིས།། འཁོར་ལོ་ཡུལ་དང་དབང་པོ་ཆོས།། ཐབས་ཆེན་ལས་བྱུང་བདེ་བ་ཡིས།། རིག་པའི་འཁོར་ལོ་ཁེངས་པ་ཡིས།། ཕྱི་ནང་ཡུལ་སེམས་ཆོས་རྣམས ་ཀུན།། ངོ་བོར་བདེ་ཆེན་མྱ་ངན་འདས།། ཐབས་དང་ཤེས་རབ་འབྲེལ་པ་ཡི།། དབང་པོ་ཡུལ་སེམས་ལྡན་པ་ལ།། ལུས་དང་སེམས་ལས་བྱུང་བ་ཀུན།། རྒྱ་མཚོའི་རླབས་དང་ཚྭ་ཆུ་ལྟར།། རང་བཞིན་བདེ་བ་ཆེན ་པོར་ཐིམ།། བརྟགས་པའི་བྱེ་བྲག་སྣ་ཚོགས་པ།། ངོ་བོ་ཉིད་ནི་ཅིར་སྣང་ཡང་།། རང་བཞིན་ངང་ལ་དབྱེར་མེད་དེ།། ཐམས་ཅད་མ་བཅོས་ངང་དུ་ཞི།། མ་བྱས་རང་བྱུང་རང་སྣང་བས།། ཡུལ་དང་དབང ་པོར་བཅས་པ་ཀུན།། ངོ་བོ་གཅིག་ཏུ་གསལ་བར་གནས།། མ་ལུས་ཡེ་ཤེས་བརྡའ་ལས་འདས།། མ་ལུས་ཡེ་ཤེས་རང་སྣང་ཞིང་།། སྒྱུ་འཕྲུལ་ཐབས་ཀྱི་མེ་ལོང་ལ།། དྲ་བ་གཟུགས་བརྙན་རང་བཞིན་འཆར།། སྐུ ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། རྡོ་རྗེ་དྲིལ་བུ་ཚད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། གང་དག་དོན་ལ་འགལ་བྱེད་ཅིང་།། ཐམས་ཅད་ལོག་པའི་དབང་སོང ་བའི།། སྤྱོད་པ་དེ་ཡི་འབྲས་བུ་བཤད།། རང་བཞིན་དབྱེར་མེད་དོན་གཅིག་ལས།། ལོག་པའི་རྟོག་ལ་ཞེན་དབང་གིས།། དབྱེར་མེད་མཉམ་པའི་རང་བཞིན་ལས།། བདག་གཞན་བདེ་སྡུག་སྣ་ཚོགས་སྣང་།། ལོག ་རྟོག་རྒྱུ་འབྲས་ཞེན་བརྟགས་པ།། དངོས་མེད་ལོག་རྟོག་བརྟགས་དབང་གིས།། བག་ཆགས་ཞེན་གོམས་དབང་གིས་ན།། འཁོར་བའི་རང་བཞིན་བརྟགས་པར་གྱུར།། ཐམས་ཅད་གསང་བའི་རང་བཞིན་ལས།། རིག ་པའི་ཁྱད་པར་ཅིར་སྣང་བ།། རང་རིག་ཡེ་ཤེས་དེ་བཞིན་ཉིད།། དངོས་མེད་དངོས་སྣང་དེ་བཞིན་ཉིད།། མ་མཐོང་ཐ་དད་དབང་དང་ལྡན།། རང་བཞིན་དོན་ལས་སྤངས་དོན་ཅི།། དགག་བསྒྲུབ་དོན་ལ་ངེས་བརྩོན ་ནས།། གཉེན་པོའི་ཐབས་ཀྱིས་གང་སྦྱངས་པ།། རང་རིག་རང་ལ་བཅིངས་པ་ཡིན།། དཀའ་ཐུབ་སྡོམ་པས་གཟིར་བ་ཡིས།། ལས་དང་བྱ་བ་ལ་བརྟེན་པས།། གཉིས་ཀ་རྣལ་འབྱོར་ལ་བརྟེན་པས།། འབྲས་བུ་ཐོབ། ་པར་འདོད་པ་ཡིན།། གསང་བ་ཐབས་ཀྱི་རྣལ་འབྱོར་པས།། གང་ལ་བརྟེན་ནས་རྟོགས་གོམས་པས།། དཀའ་ཐུབ་རྩོལ་བ་ཀུན་སྤངས་ནས།། ཚེ་གཅིག་འབྲས་བུ་རང་ལས་འབྱུང་།། སློབ་དཔོན་ཐབས་ལ་མཁས་པ ་དང་།། ཆོ་གའི་རིམ་པ་དང་ལྡན་པས།། གང་ལྟར་བརྩམ་པ་དེ་བཞིན་དུ།། ངེས་པར་འབྱུང་བར་ཐེ་ཚོམ་མེད།། ལོག་པའི་དབང་དུ་ཞུགས་པ་དང་།། གང་དུ་སྦྱངས་མིན་རང་བཞིན་ངན།། ལེ་ལོ་གཡེངས་པས་བསླུས ་པ་དང་།། འཁོར་བ་ན་ནི་ཡུན་རིང་གནས།། བྱང་ཆུབ་སེམས་ནི་མ་སྐྱེས་ཤིང་།། དད་དང་དམ་ཚིག་རིང་སྤངས་ཤིང་།། བླ་མ་དག་ལ་རྒྱབ་ཀྱིས་ཕྱོགས།། དབང་དང་མན་ངག་མི་ལྡན་པར།། གསང་སྔགས་རང་བཟོས ་འཇལ་བར་བྱེད།། ལོག་པའི་སྤྱོད་པའི་དབང་སོང་བ།། འདི་ལྟ་བུ་ཡི་སྡིག་ཅན་ནི།། རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར།། བླ་མ་མཉེས་པར་མ་བྱས་ཤིང་།། ཞེ་སྡང་ལ་སོགས་ཉོན་མོངས་ལྡན།། བག་ཆགས་ངན་པས ་རང་བཞིན་བཅིངས།། ལོག་རྟོག་ཞེན་པོའི་མཐུར་ལྡན་པས།། གང་ལྟར་བགྲོད་པས་ལོག་པའི་ལམ།། ལོག་པ་ལ་ནི་གཞོལ་བར་འགྱུར།། གསང་བའི་དོན་མཆོག་འདི་དག་ནི།། དམ་པ་རྣམས་ཀྱི་ཡུལ་ཡིན ་ཏེ།། དམན་པ་རྟོག་གེ་ལ་སོགས་པའི།། ཡུལ་དུ་ནམ་ཡང་འགྱུར་མ་ཡིན།། གང་དུ་འཆིང་བའི་ལས་རྣམས་ཀྱང་།། ཐབས་དང་ལྡན་པས་གྲོལ་བར་འགྱུར།། གང་དུ་ཐབས་དང་མི་ལྡན་པས།། ཐམས ་ཅད་འཆིང་བའི་མདུད་པར་འགྱུར།། དེ་བཞིན་གཤེགས་པའི་གསང་ཆེན་འདི།། ཐབས་དང་མན་ངག་མི་ལྡན་པར།། དྲེགས་དང་ང་རྒྱལ་དབང་སོང་བས།། ཐམས་ཅད་འཁོར་བའི་རྒྱ་མཚོར་ལྟུང་།། གང་དུ་ཐབས ་དང་མི་ལྡན་པས།། འདོད་ལྔ་ཆགས་པས་རོལ་སྤྱོད་ན།། ཐར་པའི་བདེ་བ་སྤངས་ནས་ནི།། འཁོར་བ་ལས་ནི་ཐར་མི་འགྱུར།། གང་དུ་དངོས་པོའི་རང་བཞིན་ལ།། བདེ་སྡུག་ཞེན་པར་མི་གནས་ཀྱང་།། ལས་དང་ཉོན ་མོངས་ཞེན་པ་ལ།། ཐམས་ཅད་ལོག་པའི་སྟོབས་སུ་སྣང་།། གང་དུ་གང་མེད་དེ་བཞིན་ཉིད།། དེ་ལ་དེ་སྣང་ངོ་བོ་ཉིད།། གང་ལ་དེ་ཡི་རང་བཞིན་ནི།། གང་མ་ཡིན་ཏེ་དེ་བཞིན་ཉིད།། འགྲོ་འོང་གནས་པ་ལས་གྲོལ ་བའི།། མཚན་ཉིད་ཞེན་པ་ལས་འདས་པ།། ངོ་བོ་ལོག་པའི་རྐྱེན་གྱིས་བསྒྱུར།། ཐ་མར་ལོག་པའི་གྲོང་ཁྱེར་བརྒྱུད།། དངོས་འཛིན་ལོག་པའི་དུག་ནད་ཀྱིས།། དངོས་བྲལ་དངོས་པོར་རང་བཏགས་པ།། མཐོང་བ ་ལོག་པའི་སྟོབས་ལྡན་པས།། འཁོར་བའི་གྲོང་ཁྱེར་ཐར་པ་མེད།། ཆགས་དང་ཆགས་བྲལ་ལྟུང་བའི་གནས།། ཞན་དང་སྤང་དང་འགེག་དང་སྦྱང་།། བསྒྱུར་སོགས་མཚན་མའི་དབང་སོང་བས།། ནམ་མཁའ་ལ་ནི ་འཕྱོས་པ་བཞིན།། སྡུག་བསྔལ་རྒྱ་མཚོར་ལྟུང་བར་འགྱུར།། ཐེག་པ་མཆོག་ལ་མི་ཆགས་ཤིང་།། འདོད་ལྔ་ཆགས་པ་སྤངས་པ་དང་།། བུ་མོ་མཚན་ལྡན་སྤངས་པ་ནི།། ཐབས་བྲལ་འཁོར་བའི་རྩ་བ་ཡིན།། ཐབས ་དང་བྲལ་བ་རང་བཞིན་གནས།། ཚངས་པ་བདེ་བའི་སྐར་ཁུང་ནས།། ཐིག་ལེ་འབར་ནས་རྒྱུ་བ་ནི།། ཐབས་ཀྱི་བསམ་པའི་ལམ་གང་བཅད།། འབར་བ་བརྒྱད་པོ་ཐིམ་པར་བྱ།། ཤར་བ་རྡོ་རྗེ་ཧཱུཾ་གི་བདག། རྩ་བ་ལོ ་མས་གང་བསྡུས་པ།། ཡིད་ནི་སྨིན་མཚམས་གྱེན་ལ་གཏད།། གསང་བའི་གཏེར་ལ་ལོངས་སྤྱོད་བྱ།། གསང་བའི་ཡིད་ནི་འཕོ་འགྱུར་ན།། བྱ་བ་ལ་སོགས་རང་དོར་ནས།། རྣམ་ཤེས་ས་ལ་ཐིམ་འགྱུར་ཏེ།། ས་ཡང་ཆུ ་ལ་ཐིམ་པར་འགྱུར།། ཆུ་ནི་མེ་ལ་ཐིམ་གྱུར་པས།། དེ་ཉིད་རླུང་ལ་ཐིམ་པར་འགྱུར།། རླུང་ནི་སྙིང་པོའི་ཐིག་ལེར་ཏེ།། དེ་ལས་མེ་ལོང་གཟུགས་བཞིན་དུ།། མ་སྐྱེས་སྟོང་པའི་གྲོང་དུ་འཕོ།། སྐྱེ་བ་མེད་ཅིང་འགག་པ ་མེད།། རྒྱུ་བ་མེད་ཅིང་ཟག་པ་མེད།། ཤ་ཁྲག་གཤང་གཅི་ཁུ་བ་མེད།། ནམ་མཁའ་ལྟ་བུར་གནས་པ་ཉིད།། གསང་བའི་དཀྱིལ་འཁོར་གནས་ཆེན་ལ།། རྒྱལ་བ་ཀུན་གྱི་གཞལ་ཡས་ཁང་།། ཏིལ་འབྲུ་ལྟ་བུའི་ཕོ་བྲང ་སྟེ།། རྩ་གསུམ་འདུས་པའི་རྩེ་མོ་སྟེ།། བམ་དབྱིབས་གཉིས་མེད་ཕྲད་པ་ལས།། ཉི་ཟླ་ཕྲད་པའི་ཐིག་ལེ་ལས།། རིམ་པར་སྐྱེ་བའི་ཡེ་ཤེས་རོ།། གནས་ནས་གནས་སུ་འཕོ་བ་ཡིན།། བཅུ་དྲུག་སྐྱེ་བར་ཐེ་ཚོམ ་མེད།། ཐིག་ལེ་ཟུང་འཇུག་བདེ་བ་ནི།། སངས་རྒྱས་ཀུན་གྱི་རང་བཞིན་ཕྱིར།། བག་ཆགས་མཐའ་ཡས་ཀུན་སེལ་ཏེ།། འབྲས་བུ་ལྷུན་གྲུབ་རང་ལ་འཆར།། རང་བྱུང་ཐིག་ལེ་རྟེན་དང་བཅས།། ལུས ་ཅན་ཀུན་ལ་ཁྱབ་པ་སྟེ།། ཟག་པ་ཡོད་མེད་ཀུན་དང་བྲལ།། ཐིག་ལེ་ཆེན་པོ་གཡོ་བ་མེད།། ཐབས་དང་ཤེས་རབ་ཐམས་ཅད་ནི།། སྦྱོར་བའམ་རང་གི་སྟོབས་ལས་བྱུང་།། ཉི་མ་ཟླ་བ་རྒྱས་པ་ནི།། རང་གི་སྟོབས་ཀྱིས ་བཟུང་བ་ནི།། གནས་དང་གནས་མིན་ཁྱབ་པའི་བར།། གསལ་བརྟན་ངེས་ལས་ཡེ་ཤེས་སྐྱེ།། གསང་བའི་ཐབས་ཀྱིས་ངེས་སྐྱེ་ན།། མུན་པ་ལ་ནི་མར་མེ་ལྟར།། བཅུ་དྲུག་རིམ་པར་འཕེལ་བར་འགྱུར།། རང་གི ་ཉམས་ལས་ཤེས་པར་བྱ།། ཕྱི་ནང་བདེ་བའི་ཐིག་ལེ་ལ།། མ་ལུས་ཆོས་ཀུན་རང་གནས་པས།། རྣལ་འབྱོར་རིག་པའི་ཐབས་ཚུལ་གྱིས།། གཞན་དུ་མ་ཡེངས་ཚུལ་གྱིས་བལྟ།། སངས་རྒྱས་ཀུན་གྱི་བདེ་བ་ནི།། འགྲོ ་འོང་འཕེལ་འགྲིབ་མེད་པ་ནི།། དུས་གསུམ་བྲལ་བའི་ཐིག་ལེ་སྟེ།། ནམ་མཁའ་ལྟ་བུར་འགྱུར་འཇིག་མེད།། ལུས་སེམས་ཡིད་བྱེད་མེད་པ་ཡི།། བདེ་བ་རང་རིག་བསམ་མི་ཁྱབ།། རྒྱུ་རྐྱེན་ཟག་པའི་ཡུལ་ལས ་འདས།། ཐིག་ལེ་འགྲོ་འོང་རྒྱུན་དང་བྲལ།། ང་རྒྱལ་ཕྲག་དོག་ལྡན་པ་དང་།། ཡོ་བྱད་ཡོད་དང་མེད་པས་ཀྱང་།། ཐབས་འདིས་གྲོལ་འགྱུར་ཐེ་ཚོམ་མེད།། གསང་བའི་ཐབས་ལ་གང་གནས་པ།། རིགས་དང་ན་ཚོད ་གང་ཡང་རུང་།། ཕྱི་ནང་ཡུལ་སེམས་ཆོས་ཐམས་ཅད།། བདེ་བ་ཆེན་པོའི་ངོ་བོར་ལྡོག། དབང་དང་མན་ངག་བྱིན་རླབས་ཀྱིས།། སྒྲ་དང་བྲལ་བའི་བསྟན་པ་ཉིད།། སྙིང་གི་དཀྱིལ་ནས་བྱུང་འགྱུར་ཏེ།། བདེ་ཆེན་ཐིག ་ལེ་འཕེལ་འགྲིབ་མེད།། རང་རིག་སེམས་ཀྱི་བདེ་བ་ལ།། རྒྱུ་འབྲས་དང་ནི་ཟག་པ་དང་།། འབྱུང་འཇུག་ཡེངས་དང་མ་ཡེངས་མེད།། བདེ་ཆེན་ཁྱབ་པ་རང་བཞིན་གནས།། གསང་བ་ཡིད་གཉིས་མེད་པ ་ཡིས།། ཐབས་ཀྱི་བྱེ་བྲག་བསྐུལ་གྱུར་ན།། ཡེ་ཤེས་ནམ་མཁའ་མཐའ་ཐུག་མེད།། ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར།། གསང་ཆེན་རོལ་པའི་སྤྱོད་པ་ལས།། ཐ་མལ་པ་དང་དམན་པ་མེད།། དཀའ་ཐུབ་གཙང་སྦྲ ་ཞུམ་པ་མེད།། ལྷ་དང་སྔགས་དང་ཕྱག་རྒྱ་མེད།། དཀྱིལ་འཁོར་སྦྱིན་བསྲེག་འཕྲོ་འདུ་མེད།། དེ་བས་སྒྱུ་འཕྲུལ་ཐབས་ཆེན་པོ།། སངས་རྒྱས་ཀུན་གྱི་གཉིས་མེད་བདེ་ཆེན་དབྱེར་མེད་པ།། ཐབས་དང་ཤེས་རབ་མི ་ཕྱེད་པ།། འདི་ནི་སངས་རྒྱས་རང་བཞིན་ཉིད།། ཉི་ཟླ་ཐབས་དང་ཤེས་རབ་ཀྱི།། རོ་གཉིས་འདུས་པའི་སྟོབས་ལས་སྐྱེས།། དེ་ལ་མི་རྟོག་རྟོགས་པའི་བདག། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག། དྲངས་མའི་བདེ་བ ་ལ་བརྟེན་ནས།། རྟེན་མེད་བདེ་བ་ངེས་པར་སྐྱེ།། མ་སྐྱེས་ནམ་མཁའ་ལྟ་བུ་ནི།། རྟོགས་དང་གོམས་པའི་སྟོབས་ཀྱིས་འགྲུབ།། མ་སྐྱེས་བདེ་ཆེན་མ་རྟོགས་པར།། མཚོན་པའི་ཐབས་ལ་བདེར་གནས་ན།། དངོས་པོ ་ཞེན་པའི་འདུ་ཤེས་ཀྱིས།། ངན་འགྲོའི་རྒྱ་མཚོར་ལྟུང་བར་འགྱུར།། བུད་མེད་རིགས་ལ་གང་བརྟགས་པ།། ལམ་དང་ནུས་པའི་ཁྱད་པར་གྱིས།། འཆིང་གྲོལ་ཁྱད་པར་དེ་བཞིན་ཏེ།། ཟག་པ་ཡོད་མེད ་དོན་གྱིས་བརྟགས།། གསང་བའི་བུད་མེད་བསྟེན་པར་བྱ།། ལུས་ཅན་ཡིད་ཅན་ཡེ་ཤེས་ཅན།། གང་དུ་ཐབས་དང་གོམས་པ་དང་།། མཐར་ཕྱིན་ལྷུན་གྱིས་གྲུབ་པར་སྦྱོར།། ཚོགས་བསགས་ལས་རྒྱུད་དག་པ ་དང་།། ཐབས་ལམ་མཆོག་ལ་རྔོན་སྦྱངས་དང་།། དམ་པ་མཆོག་གི་སྤྱོད་ཡུལ་ཏེ།། གཞན་དང་བསྐལ་པ་བྱེ་བས་མིན།། གང་དང་བྲལ་བའི་བྱ་བ་ཐམས་ཅད་ནི།། སྲིད་པའི་རྒྱ་མཚོར་སྡུག་བསྔལ་ཞེན་པ་ནི།། ཐ་མ ་དམན་དང་ལོག་པའི་དབང་སོང་བས།། སྒྱུ་འཕྲུལ་དྲ་བའི་ཐབས་དང་བྲལ་བ་ཡིན།། འཁོར་བའི་དུག་འཇོམས་ཐབས་མཆོག་རྣམས་སྤངས་ནས།། ཞེན་ཆགས་མཚན་མ་དཀའ་ཐུབ་ལམ་སྤྱོད་པ།། ལོང་བ་བདེ་བོར ་གཡང་ས་སྩོགས་པ་ལྟར།། སྒོ་གསུམ་ཟབས་ཆེན་བྲལ་བ་ལྟུང་བའི་རྒྱུ།། གང་དུ་དབང་དང་དམ་ཚིག་བརྟུལ་ཞུགས་ཅན།། གསང་བའི་སྤྱོད་པ་དགའ་ཞིང་རིགས་མ་བསྟེན།། ལུས་དང་སེམས་ཀྱི་འཁོར་ལོ་བདེ་བའི ་ཁུ་བས་འགེངས།། འཇིག་རྟེན་ཟིལ་གནོན་འཁོར་བའི་མུན་པ་སེལ།། ཡེ་ཤེས་སྒྲོན་མེས་བདེ་ཆེན་གསལ་བར་བྱེད།། ཐབས་ཆེན་ལྡན་པས་པདྨ་ལ་བཞུགས་ནས།། ལུས་ཉིད་བདེ་བས་སེམས་ཀྱི་དོན་བསྟན ་ནས།། རང་རིག་བྱང་ཆུབ་སེམས་ནི་བདེ་ཆེན་འཁོར་ལོ་ཅན།། སྡུག་བསྔལ་མཚན་མ་མེད་པར་མྱུར་དུ་འབྱུང་།། བསྐལ་པ་བརྒྱ་ཕྲག་དུ་མར་རབ་བརྟན་པའི།། མུན་ནག་འཇིགས་སུ་རུང་བའི་ཁང་པ་དག། ཐབས་ལ ་མཁས་པའི་སྦྱོར་བས་བརྩམས་པ་ཡིས།། ཐེ་ཚོམ་མེད་པར་མྱུར་དུ་སེལ་བར་བྱེད།། ཐོག་མ་མེད་པའི་བག་ཆགས་ཐུན་མོང་དག། ཐབས་དང་ཐེག་པ་གཞན་གྱིས་གསལ་དཀའ་བ།། དབང་དང་མན་ངག་ཐབས་ཀྱི ་མར་མེ་ཡིས།། སྐལ་ལྡན་སྙིང་གི་མུན་པ་མྱུར་དུ་སེལ།། རང་སེམས་བདེ་ཆེན་རྟེན་བྱེད་སེམས་ཀྱི་རིན་པོ་ཆེ།། འདོད་ལྔ་ལོངས་སྤྱོད་དགའ་དང་བདེ་བས་གུས་བརྟེན་ན།། འབྲས་བུ་ལྷུན་གྲུབ་ཡ་མཚན་རྨད་བྱུང ་བ།། གཞན་ལ་རག་མ་ལུས་པར་རང་ལས་འབྱུང་བར་འགྱུར།། ཐབས་ཆེན་ཐབས་ལས་བྱུང་བའི་སྐུ་གསུང་ཐུགས།། བདེ་ཆེན་ཟག་མེད་ནམ་མཁའ་ལྟ་བུ་ཉིད།། སློབ་དཔོན་མཐུ་ལས་འདོད་པ་འགྲུབ་འགྱུར ་གྱིས།། དམན་དང་ལོག་པའི་ཐབས་ཀྱིས་འགྲུབ་པ་མེད།། གསང་ཆེན་རོལ་པའི་ཐབས་ལ་མཁས་པ་ནི།། དུས་གསུམ་རྒྱལ་བས་བྱིན་གྱིས་རླབས་པ་སྟེ།། དམན་པ་མཚན་མའི་རྣལ་འབྱོར་དཔག་མེད་དུ་མ་ཡིས།། དེ ་ཡིས་བ་སྤུའི་བུ་གར་ཆར་མི་ནུས།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། ཐམས་ཅད་ཡིད་དང་ཆོས་སུ་འདུས་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། གང་དུ་ཐབས་ནི་མེད་པ ་ཡི།། བརྟགས་པའི་སྒྱུ་འཕྲུལ་དུ་མ་ལས།། བསྡུས་པའི་ཐབས་ནི་བཤད་པར་བྱ།། རྟོག་པའི་བྱེ་བྲག་ཐམས་ཅད་ནི།། བཞི་བཅུ་རྩ་གཉིས་འདུས་པ་སྟེ།། སྐུ་གསུང་ཐུགས་སུ་བསྡུས་པ་ཉིད།། རང་རིག ་ཆོས་ཀྱི་དབྱིངས་སུ་ཐིམ།། ཕྱོགས་བཅུའི་རྒྱལ་བ་རྡུལ་སྙེད་པ།། བཞི་བཅུ་རྩ་གཉིས་ངོ་བོ་སྟེ།། དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག། དེ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས།། ཕྱག་རྒྱ་དང་ནི་སྔགས་དག་དང་།། བཟླས་པ ་དང་ནི་མཆོད་པ་དང་།། དཀྱིལ་འཁོར་སྦྱིན་བསྲེག་ལ་སོགས་པ།། དང་པོའི་ལས་ཅན་ལ་བཤད་དེ།། རྒྱུད་ཀྱི་ཕྱི་མོ་འདིར་མི་འདོད།། སྤྲོས་པ་ཅན་ལ་བཤད་པ་ཡིན།། གསང་བ་ལས་ཀྱང་གསང་གྱུར་པ།། རང་ལུས ་དཀྱིལ་འཁོར་ཕྱག་རྒྱ་དང་།། ལྷ་ཡི་དཀྱིལ་འཁོར་གྲངས་མེད་དང་།། མཆོད་དང་བཟླས་པ་སྦྱིན་བསྲེག་དག། ཐབས་ཀྱི་ཆོ་ག་མཁས་པ་ཡིས།། རང་གི་ལུས་ལ་བསྐྱེད་པར་བྱ།། རང་ལུས་བདེ་བ་ཆེན་པོའི ་དབྱིངས།། མཁས་པས་ཐབས་ལ་གནས་པ་ཡིས།། ཁྲུས་དང་དཀའ་ཐུབ་མི་བྱ་སྟེ།། ལོངས་སྤྱོད་ཀུན་གྱིས་ཚིམ་པར་བྱ།། བདུད་རྩི་ལྔ་དང་བཅུད་དག་དང་།། མི་མོ་མཚན་ལྡན་བཅུ་དྲུག་མ།། མཚན་ལྡན་ལུས་རྒྱས ་ཡིད་འོང་བ།། འདོད་པའི་ཡོན་ཏན་ལྔར་ལྡན་པས།། བདག་གི་ལུས་སེམས་མཆོད་པར་བྱ།། གཙང་སྨེའི་རྟོག་པ་མི་བྱ་ཞིང་།། བསླང་མོའི་བྱ་བ་སྦྱང་གནས་མིན།། ལུས་སེམས་བདེ་བས་བརྒྱན་བྱས་ནས།། བདེ་བས ་བདེ་བ་མྱུར་དུ་འགྲུབ།། ཙིཏྟའི་དཀྱིལ་འཁོར་རིན་པོ་ཆེ།། བྱེ་ཕྲག་ཐིག་ལེ་མང་པོ་རྣམས།། ཀུན་ལས་འདུས་པར་གྱུར་པ་ནི།། དངས་སྙིགས་ཐིག་ལེར་འདུས་པས་ན།། བཅུད་ཀྱི་ཐིག་ལེར་གསལ་བ་ལ།། རོ་ལྔའི ་ཁྱད་པར་ཀུན་རྫོགས་པས།། མ་ལུས་འདུས་པའི་ངོ་བོར་གནས།། ཚངས་པ་བདེ་བ་ཆེན་པོ་ཡིས།། སེམས་ཀྱི་བུམ་པ་རྒྱས་པ་ཡིས།། ལུས་ཀྱི་བདེ་བ་རྒྱས་བྱས་ནས།། རང་ལ་དགོངས་པ་ལྷུན་གྱིས་གྲུབ།། འདུལ ་བར་བྱ་བས་ཀུན་ཀྱང་སྤྱད།། གསང་སྤྱོད་བདེ་བའི་ཐིག་ལེ་ལ།། ཡོན་ཏན་མ་ལུས་ལྷུན་རྫོགས་ཤིང་།། ཞེན་པ་མ་ལུས་རང་ལོག་ནས།། ལྷན་ཅིག་སྐྱེས་པའི་ངོ་བོ་གསལ།། བདེ་བ་རང་གི་གསལ་བ་ལ།། མཚན ་མ་ཐམས་ཅད་ཀུན་ཞི་ནས།། སྒྱུ་འཕྲུལ་དྲ་བར་གནས་པ་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་དོ།། རང་ལུས་ཐབས་ཀྱི་བདེར་གནས་པ།། རིམ་པ་དབང་གིས་བྱིན་བརླབས་པའི།། ཐབས་ཀྱི་ཡེ་ཤེས་མངོན་ཐོབ ་པ།། བཅུ་གསུམ་ས་རྫོགས་ཡོན་ཏན་ཐོབ།། རང་བྱུང་ཡེ་ཤེས་དཀྱིལ་འཁོར་ལ།། རྒྱུ་དང་འབྲས་བུ་ཀུན་རྫོགས་པས།། སྐུ་དང་གསུང་ཐུགས་ཡོན་ཏན་ལས།། མ་ལུས་བདག་ཉིད་ལས་བྱུང་བ།། དཔག་བསམ་ཤིང ་དང་རིན་ཆེན་བཞིན།། དང་པོར་མཚོན་པའི་དབང་ཐོབ་པས།། ཞེན་མེད་བདེ་བ་ཆེན་པོ་སྐྱེ།། རིག་པ་མ་སྐྱེས་བདེ་བའི་སེམས།། ཐབས་ལ་མཁས་པར་འབྱུང་བར་འགྱུར།། ཞེན་ཅིང་འཛིན་པ་གྲོལ་བར ་འགྱུར།། བདེ་བ་ཆེན་པོར་རབ་གནས་པ།། ཐབས་དང་ལྡན་པའི་རིམ་ནས་རིམ།། བདེ་བ་ཆེན་པོར་མཐར་ཟུག་མེད།། ཇི་ལྟར་ཚེས་ནས་བཅུ་དྲུག་ལྟར།། རང་གི་ཡོན་ཏན་རྫོགས་པར་འགྱུར།། ཏིང ་འཛིན་ཉམས་ཀྱི་དྲོད་ལྡན་ལ།། རིག་པའི་ལྷ་མོ་རོལ་དབང་གིས།། དང་པོ་ནས་ནི་ས་བརྒྱད་པར།། ས་ཡི་རིམ་པ་འཕེལ་བར་འགྱུར།། དེ་ནས་ཕྱོགས་བཅུ་དག་པའི་ཞིང་།། རིན་ཆེན་མཛེས་པའི་གཞལ་ཡས་སུ།། ས ་བཅུའི་དབང་ཕྱུག་རྩལ་རྫོགས་ལ།། ཕྱོགས་བཅུའི་རྒྱལ་བ་ཀུན་འདུས་ལ།། ཡེ་ཤེས་ལྷ་མོར་རོལ་དབང་གིས།། ཞེན་པ་ཐ་མ་རང་དག་ནས།། ནམ་མཁའ་མཐའ་དབུས་མེད་པ་ལ།། ཉི་མ་རྡུལ་མེད་ཤར་བ ་ལྟར།། སེམས་དང་སེམས་ལས་བྱུང་བ་ཀུན།། ཐོག་མ་ཐ་མ་མེད་པ་ཡི།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཤར།། རིག་པ་རྡོ་རྗེ་འཛིན་པ་ནི།། དང་པོ་རྣམ་པར་སྨིན་པ་སྟེ།། དེ་ནས་ཏིང་འཛིན་ཡིད་ཀྱི་ལུས།། དེ་ནས་སྤྲུལ ་པའི་ལུས་སུ་སྟེ།། ཐ་མ་ཡེ་ཤེས་ལུས་མཐར་ཕྱིན།། དང་པོ་ལྷ་ཡི་དབང་པོ་སྟེ།། གཉིས་པ་རིགས་བཞི་སེམས་དཔའི་ཚུལ།། གསུམ་པ་རྒྱལ་བ་ལྔར་གནས་པ།། མཐར་ཐུག་ཀུན་བཟང་རྡོ་རྗེ་འཆང་།། ཡེ་ཤེས་རིགས ་དང་དཀྱིལ་འཁོར་དང་།། སངས་རྒྱས་དཀྱིལ་འཁོར་ཀུན་འདུས་ཤིང་།། ཆོ་གའི་མཚན་མ་ཕྱག་རྒྱ་སོགས།། མ་ལུས་རྟོག་པ་འདུས་པ་སྟེ།། རྟོགས་པའི་རྒྱལ་པོ་བླ་ན་མེད།། ཐབས་མཆོག་མ་ལུས་འདིར་འདུས ་པ།། དམན་པའི་གྲོང་ཁྱེར་བཅོམ་པ་ཡིས།། རང་བྱུང་ཡེ་ཤེས་འཕེལ་བར་འགྱུར།། ཇི་སྙེད་ཐེག་པའི་བྱེ་བྲག་དང་།། སྔགས་དང་ཕྱག་རྒྱ་དཀྱིལ་འཁོར་དང་།། སྦྱིན་བསྲེག་འཁོར་ལོ་ལྷ་དང་བཅས།། ཇི་སྙེད་རྣམ་པར ་མ་བཤད་པ།། འདི་ཉིད་མཚོན་པའི་ཐབས་ཡིན་ཏེ།། གཞན་ནི་དགོངས་པ་ཡོད་མ་ཡིན།། དེ་བས་ཐབས་མཆོག་འདི་ཉིད་ནི།། རྟོག་པ་བསྡུས་པར་བཤད་པ་ཡིན།། ཕྱོགས་བཅུ་མཐའ་ཡས་མ་ལུས་པའི།། རྡུལ་སྙེད ་སངས་རྒྱས་ཐམས་ཅད་ཀྱང་།། ཐབས་ཆེན་སྒྱུ་འཕྲུལ་དྲ་བ་སྟེ།། འབྲས་བུ་ཀུན་ཀྱང་འདིར་བསྡུས་པའོ།། གང་ཕྱིར་དངོས་པོ་འདིར་མཐོང་བས།། བལྟ་བ་ཐམས་ཅད་འདིར་འདུས་པའོ།། རྣལ་འབྱོར་ཐབས་ཆེན ་རྟོགས་པ་ལ།། གཙང་སྨེ་བླང་དོར་མི་གནས་པས།། དཔའ་བོ་སེང་གེ་བཞིན་དུ་སྤྱད།། སྤྱོད་པ་ཆོ་ག་མདོར་བསྡུས་པའོ།། དཀྱིལ་འཁོར་དཔག་མེད་མཐའ་ཡས་པ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ།། བདེ་བ ་ཆེན་པོའི་དཀྱིལ་འཁོར་འདིར།། དཀྱིལ་འཁོར་མ་ལུས་འདུས་པའོ།། བདེན་གཉིས་དབྱེར་མེད་བྱང་ཆུབ་སེམས།། མཁའ་ལྟར་གནས་པའི་དོན་རྟོགས་ནས།། དབང་མཆོག་ཉིད་དུ་འདི་གསུངས་ཏེ།། དབང་གི་ཆོ་ག ་འདིར་འདུས་པའོ།། སྒོ་གསུམ་མཉམ་པར་རྟོགས་པ་ལས།། ཐམས་ཅད་བདེ་བ་ཆེན་པོ་ཉིད།། མ་ལུས་སྐྱོན་བྲལ་དམ་པ་ལ།། བསྲུང་བྱ་མ་ལུས་འདིར་འདུས་པའོ།། དངོས་གྲུབ་ཀུན་གྱི་སྙིང་པོ་མཆོག། བདེ་ཆེན ་མཆོག་ལས་གཞན་མེད་དེ།། སྐུ་གསུང་ཐུགས་སོགས་དངོས་གྲུབ་མཆོག། གྲུབ་པ་ཀུན་གྱི་སྙིང་པོ་མཆོག། ཞི་བ་རྒྱས་པ་དབང་དྲག་དང་།། ལས་ཀྱི་བྱེ་བྲག་མཐའ་ཡས་པ།། བྱང་སེམས་བདེ་བ་ལ ་གནས་པས།། མ་ལུས་འདིར་ནི་འགྲུབ་པར་འགྱུར།། གསང་བའི་ལམ་མཆོག་སེམས་ལྔ་སྟེ།། ཐབས་མཆོག་སྟེང་འོད་ལས་བྱུང་བ།། གཡོ་ལྡང་འཇུག་གནས་མཐར་ཕྱིན་པས།། མི་ལྡོག་ཐབས་ཀྱི་ཕ་རོལ ་ཕྱིན།། མདོར་ན་བསྡུས་དང་ལམ་དག་དང་།། བསྒྲུབ་དང་ལས་ཚོགས་མཐའ་ཡས་པའི།། རྟོགས་པ་མཐའ་ལས་བསྡུས་པ་སྟེ།། ཟབ་མོ་ཕྱི་མ་མཆོག་གི་ཡུལ།། སྔ་མ་དག་ཏུ་མ་གསུངས་པ།། དབང་དང་དམ་ཚིག ་དམན་པ་དང་།། མཚན་མ་དག་ལ་མོས་དགའ་བའི།། བློ་དང་རིག་པའི་སྤྱོད་ཡུལ་མིན།། གསང་བ་ཟབ་མོའི་ཐུགས་ཀྱི་རྒྱུད།། རོལ་པ་སྤྱོད་ཅིང་དགའ་བདེར་གནས།། རིགས་ཆད་དཀའ་ཐུབ་ལྡན་པ་སྤངས།། དགའ ་བདེ་ལྡན་པས་གང་སྤྱད་པ།། མ་ལུས་ཡིད་བཞིན་ནོར་བུ་བཞིན།། གསང་སྔགས་བྱིན་རླབས་ཐབས་ཀྱིས་འགྲུབ།། བྱ་བ་མ་ལུས་མདོར་བསྡུས་པ།། བྱ་བ་མེད་པར་ཡང་དག་འགྲུབ།། གསང་བ་ཐལ་རྒྱུད་ཆེན་པོ ་འདི།། ཡོན་ཏན་ཆེ་བ་ཀུན་གྱི་གནས།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། རྟོག་པ་བསྡུས་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། གསང་བ་ཆེན་པོ་རབ་ངེས་པ།། སྙིང་པོ་ལས ་ཀྱང་སྙིང་པོ་མཆོག། སྒྱུ་འཕྲུལ་ཟལ་རྒྱུད་ཆེན་པོ་འདི།། ཕྱོགས་བཞི་དུས་བཞི་མ་ལུས་པའི།། ནམ་མཁའི་མཐར་ཟུག་རྒྱལ་བ་རྣམས།། གསང་བ་གང་ལ་ཞུགས་པ་ན།། འགྲོ་བ་ཆགས་པ་ཅན་དོན་དུ།། འདུལ་བའི ་གང་ཟག་ལ་དགོངས་ནས།། ཐལ་ཆེན་བདེ་བ་གསང་བའི་མཆོག། འགྲོ་བ་སྙིགས་མ་ལ་དགོངས་ནས།། གསང་བ་འདི་ནི་བསྟན་པར་མཛད།། བྱང་ཆུབ་སེམས་དཔའ་ལྷ་མོའི་ཚོགས།། བདེ་བ་ཆེན་པོ་ཉམས་ལྡན ་པས།། དགྱེས་པའི་བརྩེ་བའི་རོལ་པ་ཡིས།། ཐབས་ཆེན་ལམ་ལ་གནས་པར་མཛད།། མཁའ་འགྲོ་མ་མོ་ཕྲ་མེན་མ།། རྒྱལ་པོ་འཁོར་དུ་འདུས་པ་རྣམས།། ཀུན་ཀྱང་ཐིག་ལེ་ཡིད་གཡོས་ནས།། བལྟ་དང་ཆགས་པས ་འཁྱུད་བྱས་དང་།། བརྩེ་དང་གཞི་བ་དང་ཞལ་སྦྱོར་དང་།། དཀར་འཛིན་འགྱིང་བའི་ཚུལ་གྱིས་སྟོན།། སེམས་དཔའ་ལུས་འདར་མིག་དངས་ནས།། ཆགས་པའི་གར་ནི་སྣ་ཚོགས་བྱེད།། དགའ་བའི་ཚུལ་གྱིས་ཚིག། ་བཤད་བརྗོད།། ཀྱེ་ཀྱེ་རྒྱལ་བ་ཐམས་ཅད་གཟིགས།། རྒྱལ་བ་ཐམས་ཅད་དགོངས་པ་ཡི།། ཐིག་ལེ་ཆེན་པོ་ཐབས་ཀྱི་མཆོག། འགྲོ་བ་ལམ་མཆོག་བདེར་སྟོན་པ།། སྒྱུ་འཕྲུལ་དྲ་བ་ལམ་གྱི་ཕུགས།། ཐབས་དང་ཤེས ་རབ་དབྱེར་མེད་པའི།། བདེ་ཆེན་རིག་པ་བསམ་མི་ཁྱབ།། དངོས་ཉིད་བདེ་གསལ་ཐོག་མཐའ་མེད།། ཉོན་མོངས་ཀུན་ལས་རབ་གྲོལ་བའི།། འཁོར་བ་བདེར་གནས་ཐབས་ཀྱི་མཆོག། འདོད་ཆགས་ཆེན་པོ་བདེ་བ ་ཆེ།། འདོད་ཆགས་ཆགས་བྲལ་ཆགས་པ་འཇོམས།། ཐ་མལ་མཚན་མ་རྣམས་འཇིག་ཅིང་།། དགའ་ཞིང་བདེ་བར་ལྡན་པ་ཡིས།། གདུང་ཞིང་དཀའ་ཐུབ་སྡུག་བསྔལ་མེད།། ཐུན་མོང་ཞེན་པ་ལོག་པ ་དེས།། གང་ལྟར་བསམ་པ་འགྲུབ་པར་འགྱུར།། རིག་པ་བརྒྱུད་པར་གྲགས་པ་འདི།། ཐབས་ལྡན་རིག་པ་འཛིན་པ་ཅན།། ས་མཐར་པ་ཏྲ་རུ་ཏྲ་ལུས།། འདོད་ལྔ་ཐབས་ཀྱིས་དོན་རྟོགས་ནས།། ཆགས་ཅན་ཟབས ་ཀྱིས་གྲོལ་མཛད་ཕྱིར།། སྙིང་གི་དཀྱིལ་འཁོར་སྒོ་ཕྱེས་ནས།། མཆོག་དགའ་བདེ་བ་ལྷན་ཅིག་སྐྱེས།། འཁོར་བ་པདྨའི་སྡོང་པོ་ལྟར།། མ་སྤངས་ཐབས་སུ་སྦྱར་བས་ན།། ཐལ་བས་ཁེངས་པའི་འཇིག་རྟེན་དུ།། ཐལ ་བའི་དབང་པོར་ལུང་བསྟན་ཐོབ།། སྒྱུ་འཕྲུལ་ཐབས་ཀྱི་གསང་རྒྱུད་འདི།། དབང་ཕྱུག་རྒྱལ་པོའི་གཏེར་འཛིན་ཅིང་།། དགོངས་དང་དབང་ཕྱུག་དམ་ཚིག་ལྡན།། ཆགས་ཐུང་ཐུགས་བརྩེ་འགྲོ་བ་སྐྱོབ།། གཟི་བརྗིད་ཆེ ་ལ་ནོགས་ཐུབ་པ།། འདི་ལ་གསང་བ་བསྟན་པ་གཏད།། འགྲོ་བ་སྐལ་ལྡན་དད་པ་ཅན།། ལུས་དང་སྲོག་ལ་མི་བལྟ་ཞིང་།། བརྟུལ་ཞུགས་ཤེས་རབ་བསྟན་པར་ལྡན།། སློབ་དཔོན་བཟུང་དང་གྲོགས་དག་ལ།། སྲོག ་དང་མིག་ལྟར་བལྟ་བྱ་ཞིང་།། ལུས་དང་འཚོ་བ་ལོངས་སྤྱོད་དང་།། བུ་དང་ཆུང་མ་རྟ་ལ་སོགས།། བདག་གི་ལུས་ཀྱང་དབུལ་བར་བྱ།། སངས་རྒྱས་ཀུན་གྱི་རང་བཞིན་དུ།། བླ་མ་དུས་གསུམ་བལྟ་བྱ་སྟེ།། འགལ་དང ་ཉམས་པར་འགྱུར་བའི་ལས།། རྡུལ་ཆ་ཙམ་ཡང་མི་བྱའོ།། དབང་ཕྱུག་རྒྱལ་པོས་གཉེར་གཏད་པའི།། གསང་བ་ཐུགས་ཀྱི་རྒྱུད་ཆེན་འདི།། རྒྱལ་སྲས་རིགས་ངེས་བདེར་སྤྱོད་ཅིང་།། འཁོར་བའི་ཐ་བ་ཀུན་སྤངས ་ཤིང་།། བདེ་བ་ཆེན་པོ་འཕེལ་བྱེད་པ།། འཛིན་པ་འཛིན་པར་བྱེད་པ་ལ།། གསང་བ་དམ་པར་ངེས་པར་གཏད།། ཡིད་བཞིན་ནོར་བུ་འཆང་བ་ལྟར།། བསམ་པ་ཡོངས་སུ་རྫོགས་བྱེད་པ།། གསང་བའི་སྙིང་པོ་ངེས་པ ་འདི།། རིག་འཛིན་རྒྱལ་སྲས་ཀུན་ལ་གཏད།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། སྒྱུ་འཕྲུལ་ཆེན་པོ་བསྟན་པར་གཟུང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་རྫོགས་སོ།། རྒྱ་གར་གྱི་མཁན་པོ ་བི་མ་མཻ་ཏྲ་དང་། དྷ་ན་ཀུམཱ་རས་འཕན་ཡུལ་དུ་བསྐུར་ཅིང་གཏན་ལ་ཕབ་པའོ།། @#།། རྒྱ་གར་སྐད་དུ། གུ་ཧྱ་གརྦྷ་ཏ་ཏྲ་བི་ནི་ཤྩ་ཡ་མ་ཧཱ་ཀྲོ་དྷ་བ་ལ་ཡོ་གི་ཤྭ་ར་སིདྡྷ་མཱ་ཡཱ་ཛྭ་ལ་ཏནྟ། བོད་སྐད་དུ། གསང་བའི་སྙིང ་