| Wylie | e-texts produced with BDRC’s OCR application |
པའོ།། །། ཧཱུཾ་མཛད་ཆེན་པོའི་རྒྱུད་རྫོགས་སོ།། སློབ་དཔོན་རྡོ་རྗེ་གྲོ་ཡོད་དང་། ལོ་ཙཱ་བ་རྡོ་རྗེ་ཞང་འདྲུང་གིས་བསྐུར་རོ།། བར་འདི་ནམ་མཔའ་མཛད་ཀྱི་ཆུད་འཇིག་རྟེན་ལས་འདས་པའི་མད་འདུད།། བླ་གསང་ཆེན་པའི་མད།། དཔལ ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་གསང་ཆེན་པོ་ཡུམ་རྣམ་པར་དག་པའི་མཁའ་ཀློང་ན། ཡེ་ཤེས་ཀྱི་རླུང་ནག་ནི ་འཚུབས། བསྐལ་པའི་མེ་ལྕེ་ནི་འབར།། ཁྲག་གི་རྒྱ་མཚོ་རྦ་ཀློང་ནི་འཁྲུག། མཱཾ་ས་ཤ་ཆེན་གྱི་ས་གཞི་ནི་བརྡལ།། ཀེང་རུས་གསར་རྙིང་གི་རི་རབ་ནི་བརྩེགས། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཀུན་ཏུ་འཕྲོ་བའི་གནས་ན ་བརྗོད་ཀྱི་མི་ལངས་པའི་ཡང་མི་ལགས་པ། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཞེ་སྡང་རྡོ་རྗེ་དང་། དེ་བཞིན་གཤེགས་པ་གཏི་མུག་རྡོ་རྗེ ་དང་།། དེ་བཞིན་གཤེགས་པ་ང་རྒྱལ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་འདོད་ཆགས་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཕྲག་དོག་རྡོ་རྗེ་ལ་སོགས་ཏེ། རྡོ་རྗེའི་འཁོར་ཚོགས་ཐམས་ཅད་དང་། དབང་ཕྱུག་མ་ཆེན་མོ ་ཀེའུ་རཱི་མ་དང་། དབང་ཕྱུག་མ་ཆེན་མོ་ཙོའུ་རི་མ་དང་།། དབང་ཕྱུག་མོ་ཆེན་མོ་པྲ་མོ་ཧཱ་དང་། དབང་ཕྱུག་མ་ཆེན་མོ་བཻ་ཏཱ་ལི་དང་། དབང་ཕྱུག་ཆེན་མོ་པུཀྐ་སཱི་དང་། དབང་ཕྱུག་ཆེན་མོ་སྨ་ཤ་ནཱི་དང་། དབང་ཕྱུག་ཆེན ་མོ་གྷསྨ་རཱི་དང་། དབང་ཕྱུག་ཆེན་མོ་ཙཎྜ་ལི་ལ་སོགས་ཏེ། དབང་ཕྱུག་ཆེན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཕྲ་མེན་མའི་འཁོར་ཚོགས་རྣམས་ལ། སེངྒེ་དང་། སྟག་དང་། ཝ་དང་། སྤྱང་ཀི་དང་། ཀང་ཀ ་དང་། བྱ་རོག་དང་། འུག་པ་དང་། རྔ་མོ་དང་། བོང་བུ་དང་། ཁྱི་དང་། ཕག་ལ་སོགས་ཏེ་ཁྲོས་པའི་གཟུགས་ཅན་མང་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ་སྲིན་པོ་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ་སྲིན ་མོ་བསམ་གྱིས་མི་ཁྱབ་པ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་དང་། ཕྲ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཕྲ་མོ་ལ་མོས་པའི་བྱང་ཆུབ ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་ཡུམ་རྣམ་པར་དག་པའི་མཁའ་ཀློང་དུ་ཁྱབ་ནས་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སེམས་ཅན་གྱི་དོན་ལ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས ་འཁོར་དེ་དག་ཏུ་སྐུ་ལ་འཇུག་པར་མཛད་དོ།། འཁོར་དེ་དག་ཐམས་ཅད་ཀྱང་སྐུ་ལས་འཐོན་ནས། སེམས་ཅན་གྱི་དོན་ལ་གནས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་ལ་སོགས་སྦྱར་བ་འདི།། ཀུན ་གྱིས་ཐམས་ཅད་གསལ་བའི་ཆོས་བསྟན་ཏེ།། སྣ་ཚོགས་ངོ་བོ་སངས་རྒྱས་ཁྱབ།། གྲུ་བཞི་ཀུན་ཏུ་དཀྱིལ་འཁོར་ལྡན།། འོད་ཟེར་རྣམ་ལྔས་ཀུན་ཏུ་འཁྲིགས།། རྒྱན་རྣམས་ཐམས་ཅད་རྒྱས་གྱུར་ཏོ།། དེ་ནས་འོད་ཟེར ་རྗོད་པ་ལས།། ཕྱག་ན་རྡོ་རྗེ་ལ་སོགས་པ།། འཁོར་རྣམས་འབུམ་ཕྲག་བསམ་ཡས་དང་།། རིགས་རྣམས་ལྔ་པོ་འཁོར་བཅས་དང་།། ཐམས་ཅད་འདུས་པའི་འཁོར་ཚོགས་ལ།། འདི་སྐད་ཅེས་ནི་བཀའ་སྩལ ་ཏོ།། ཨེ་མའོ་རྒྱལ་བ་ཐམས་ཅད་ཀྱི།། རྫོགས་པའི་སེམས་ནི་རང་བྱུང་བ།། བདེ་གཤེགས་ཀུན་གྱི་ཟླ་གསང་ཉིད།། མ་རྟོགས་པ་ལ་གནས་མེད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས།། ་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། དེ་བཞིན་གཤེགས་པ་སོ་སོའི་དམ་ཚིག་གིས་མཆོད་དོ།། ལུས་ངག་གི་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ།། འདུས་པ་ཟླ་བ་ལས་བྱུང་བ།། བདེ་གཤེགས་ཀུན་གྱི་ཟླ་བ ་ཉིད།། མི་འགྱུར་སྙིང་པོ་དམ་པ་ཉིད།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤོབས་ནི་སྤོབས ་ན་སངས་རྒྱས་ཐམས་ཅད་ཀྱང་། ཐེ་ཚོམ་སྐྱེ་བར་བྱེད་ཡིན་ན། མོས་པ་ཕྲ་མོ་རྣམས་ལྟ་ཅི་སྨོས། སངས་རྒྱས་ཐམས་ཅད་ངོ་མཚར་དུ་གྱུར་ནས་བདག་ཅག་གི་སོམ་ཉི་གཅོད་པ། ཟླ་གསང་ཆེན་པོ་ལ་འདི་སྐད་ཅེས ་གསོལ་ཏོ།། སངས་རྒྱས་ཀྱི་ཁྱད་པར་ཡང་། སངས་རྒྱས་ཉིད་ཀྱི་འཁོར་དུ་སངས་རྒྱས་ཉིད་འགྱུར་བས། སྲོག་གི་སྙིང་པོ་དབུལ་དུ་གསོལ། དམ་ཚིག་བསྐུལ་དུ་གསོལ། བརྗོད་པ་མཛད་དུ་གསོལ།། དེ་སྐད་ཅེས ་གསོལ་བ་དང་། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ཉིད་ཀྱིས་སྲོག་གི་སྙིང་པོ་ཕུལ་བས། བཛྲ་ཤྲཱི་ཧེ་རུ་ཀ་ཛ་སྟྭཾ། ཙཎྜ་གུ་ཧྱ་ཛ་སྟྭཾ། ཤྲཱི་ཧེ་རུ་ཀ་ཛ་སྟྭཾ། གནས་དེ་ཕྱུང་མ་ཐག་ཏུ། དབུ་དགུ་ཕྱག་བཅོ་བརྒྱད་པ་གཅིག་ཏུ ་གྱུར་ཏོ།། དེ་ནས་སྐུ་ཅི་ཡང་མ་ངེས་པ་གཅིག་ཏུ་གྱུར་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་རིགས་སོ་སོས་བསྐུལ་བ་མཛད་དོ།། ཧཱུཾ་ཧཱུཾ་ཧཱུ~ཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། འདི་ལྟ་སྟེ། ཛ་དུ་པྲ་ཏི་ནི་ཛ། ཧ་ཧ་ཧ་ཧ ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿདེ་ནས་སོ་སོས་བསྐུལ་བ་དང་། དེ་སྐད་ཅེས་ནི་བརྗོད་པ་དང་། སོ་སོར་འདར་ཞིང་བརྒྱལ་བར་གྱུར་ནས། ཕྱག་ན་རྡོ་རྗེའང ་འདི་སྐད་བརྗོད་དོ།། ཨེ་མའོ་བཅོམ་ལྡན་ཟླ་གསང་མཆོག། བདག་བྱིན་གྱིས་བརླབ་ཏུ་གསོལ།། དེ་སྐད་ཅེས་ནི་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས་རྣམ་དག་མཁའ་ཀློང་ནས་བཞེངས ་ནས། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱིན་གྱིས་འདི་སྐད་ཅེས་བརླབས་སོ།། ཤྲཱི་ཧེ་རུ་བཛྲ་ཙཀྲ། ཀ་ཡ་ཝ་ཀ་ཙིཏྟ་རཾ། དེ་སྐད་ཅེས་ནི་བརྗོད་པ་དང་། ལས་ཀྱི་དབང་དང་ལྡན་གྱུར་ནས།། ཨེ་མའོ་མི་གསུང་གསུང་མཆོག ་རྒྱལ་པོའི་ཐུགས།། དེ་ཡི་དབང་དང་ལྡན་གྱུར་ནས།། ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་།། བྱིན་རླབས་མཐུ་ཆེན་གཟི་འཕེལ་འགྱུར།། དེ་སྐད་ཅེས་བཀའ་སྩལ་ནས། འབྱོར་པའི་ཏིང་འཛིན་རྒྱས་པར་མཛད་དོ།། བཅོམ ་ལྡན་འདས་ཟླ་གསང་ཆེན་པོ་ལས། བྱིན་གྱིས་བརླབས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་ཕྲ་མོ་ལ་མོས་པ་རྣམས་ཀྱིས་གསོལ་པ། བདུད་དང ་མུ་སྟེགས་རྣམས་ཀྱིས་ནི།། རྒྱལ་བའི་བཀའ་ལ་མོས་པ་རྣམས་བཟློག་ཅིང་། བསྟན་པ་ལ་གནས་པ་རྣམས་དཀྲུག་པར་བྱེད་ཅིང་། སློབ་དཔོན་ལ་སྨོད་པ་འདི་དག་བརླག་པར་ནི་ཇི་ལྟར་བགྱི། ཐབས་ནི་གང་གིས ་བསྒྲུབ།། དཀྱིལ་འཁོར་ནི་ཇི་ལྟར་བྲི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཟླ་གསང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྲ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག། ལས་ལས་གྲུབ ་པའི་འགྲོ་དྲུག་རྣམས།། སྙིང་པོ་འདི་དག་བརྗོད་བྱ་སྟེ།། ཨ་ནརྀ་སུ་ཏྲི་པྲེ་དུ། ཛ་ཛ་ཛ་ཛ་ཛ་ཛ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བཾ་བཾ་བཾ་བཾ་བཾ་བཾ། ཧོ་ཧོ་ཧོ་ཧོ་ཧོ་ཧོ། བཛྲ་ཀི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། མིའི་མགོ་ལ་རྒྱལ་བའི ་དཀྱིལ་འཁོར་རྒྱས་པར་འགོད། ཧཱུཾ་ཧ་ཧེ་ཧཱུཾ་བྷྱོ། གྲུ་གསུམ་ཟླ་གམ་གསུམ་པ་ལ།། འབར་བའི་བར་ཁྱམས་གཉིས་དང་ལྡན།། གྲུ་བཞི་སྒོ་ཁྱུད་ལྡན་པར་མཛེས།། དཀྱིལ་འཁོར་དེ་ཡི་ལྷོ་སྒོ་རུ།། གཤིན་རྗེ་གཤེད་ཉིད ་ལོག་འདྲེན་སྟེང་།། ཞལ་གསུམ་ཕྱག་དྲུག་རྣམ་པར་ལྡན།། སྤུག་ནག་འཇིགས་པའི་ཁ་དོག་ལ།། གཡས་ན་ལྕགས་ཀྱུ་དགྲ་སྟ་མེ་དཔལ་ཐོགས།། གཡོན་ན་ཁྲག་འཚོའུ་ཞགས་པ་ཕུར་པ་བསྣམས།། ལས་ཀྱི་རྦོད ་གཏོང་ཆེན་པོ་སྟེ།། བདུད་དང་མུ་སྟེགས་གཞོམ་པའི་ཕྱིར།། ཟོད་གཏོང་ཆེན་པོའི་དུས་ལ་བབ། གང་ལ་ཅིས་འདུལ་ཁྱོད་ཉིད་ཡིན།། བྱ་རྒོད་གཟུགས་ཅན་ཀང་ཀ་དང་།། ཝ་དང་སྦྲང་ཀི་སྟག་གཟིག་འཕྲོ།། སྡེར ་ཆགས་བྱི་ལ་འུག་པ་དང་།། མཆེ་གཤོག་སྡེར་མོ་ཅན་ལ་སོགས།། ཕོ་ཉ་རྣམས་ཀྱི་ཐུགས་དམ་ནི།། རབ་ཏུ་བསྐུལ་བའི་དུས་ལ་བབ།། མིའི་ལག་པའི་སོར་བརྒྱད་པའི་ཚད་ཆེན་ལ།། ཁྲོ་བོ་བཅུ་དག་བསྒོམ་པར ་བྱ།། ཕྲ་མོའི་ཏིང་འཛིན་གསལ་ནས་ཀྱང་།། རྒྱན་གྱི་སྙིང་པོ་འདི་ལྟ་སྟེ།། མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭཾ། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིཉྫན་བཾ་ཧཱུཾ་ཕཊ། ནརྀ་བཛྲ། བྱེ་བའམ་ཡང་ན་དེ་དག ་བརྗོད།། དེ་སྐད་ཅེས་ནི་བཀའ་སྩལ་ཏོ།། ཟླ་གསང་གི་དཀྱིལ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། བདག་ཉིད་ལོག་འདྲེན་ཆེན་པོར་གྱུར།། ལིངྒ་བཤམས་པ་འདི་དག་ནི།། ཛཿཧཱུཾ་བཾ་ཧོཿས་བསྒོམས་ནས་ཀྱང་།། ནརྀ ་ཞེས་བྱ་བའི་སྙིང་པོ་འདི།། ཨོཾ་དང་ཧཱུཾ་གི་བར་དུ་གཞུག། མཆན་ཁུང་གཡས་པ་འདི་དག་ནས།། སྔགས་རྣམས་འདི་དག་གཞུག་པར་བྱ།། ནརྀ་ཛ། ནརྀ་ན་ཛ། ནརྀ་མུ་ཛ་ཛ། མུ་འུ་ར་ཛ་ཛ། མིང་དང་གཟུགས་ལ་ནི་ཡ་ཛ་ཛ། ་ནརྀ་ཨཱ་བེ་ཤ་ཡ། སོར་མོ་རྒྱབ་ཏུ་བསྣོལ་ནས་ནི།། མཐེ་བོང་གཉིས་ནི་ནང་དུ་དགུག། དེ་ནས་ཕྱོགས་བཅུར་བཏེགས་ནས་ཀྱང་།། མིང་དང་གཟུགས་ལ་སླར་ལ་ཟློག། དེས་ནི་དབབ་པའི་ལས་བྱའོ།། ཕྱག་ན་རྡོ་རྗེ་དང ་ཕེབས་པར་འགྱུར།། ལག་པ་གཉིས་ནི་རྒྱབ་སྦྱར་ལ།། མཐེའུ་ཆུང་གཉིས་ནི་སྦྱར་ལ་འཁྱུད།། མཛུབ་མོ་གཉིས་ནི་ལྕགས་ཀྱུར་བཅས།། འདི་ནི་དགུག་པའི་རྒྱ་ཆེན་ཡིན།། ཨཾ་ཀུ་ཤ་ཛ། ནརྀ་ཛ། སྔགས་འདི་ལེགས་སྦྱར་དངོས ་སུ་མི་འདུག་ཅིང་ཟུར་ཆག་ཀྱང་མ་ངེས་པས་མ་བྱི་སོར་ཞག་བགྱིས་པ་དཔྱོད་ལྡན་རྣམས་ཀྱིས་དགོངས་དཔྱད་འཚལ། པུ་ག་དུ་ལ་ཤཾ་བ་རི་ཛ་གུ་གུ་དུ་ལ། སུ་མ་ཏི་གུ་གུ་དུ་ལ། ནརྀ་ཛ། ནརྀ་ཛ། ནརྀ་ཛ། པྲ་ཏི་ནརྀ་ཛ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷ་ཏ་ཡ། སརྦ ་དུཥྛན་ཕཊ། ཀི་ལི་ཀཱི་ལ་ཡ། ཀི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ། བཛྲ་ཀི་ལ་ཡ། བཛྲ་དྷ་ར། ཨཱ་ཛྙཱ་པ་ཡ་ཏི། ཀ་ཡ་ཝཱ་ཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཚིནྡ་ཚིནྣ། ཧ་ན་ཧ་ན། དིཔྟ་ཙཀྲ་ཧཱུཾ་ཕཊ། འདི་དག་བཟླས ་མ་ཐག་ཏུ་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཕྱག་ན་རྡོ་རྗེའང་འཇིག་པར་འགྱུར།། དེ་ཡི་སྦྱོར་བ་འདི་དག་བྱ།། དུར་ཁྲོད་རས་སམ་ཤིང་ཤུན་ནམ།། སོལ་བཤང་ཅིག་ལས་བྱས་པ་ཡི།། དགྲ་བགེགས ་གང་གི་ལིངྒ་བཤམས།། ཚེར་མའི་ཤིང་དང་གདུག་པར་བཅས།། ཚ་བའི་མེ་དང་སྐེ་ཚེ་དང་།། མཱཾ་ས་ཤ་ཆེན་ལ་སོགས་ཏེ།། སྔགས་པའི་རྫས་ཆེན་འདི་དག་རྣམས།། གཞལ་ཡས་སོ་སོའི་ཕྱི་རོལ་ནས།། གོམ་པ་བཅུ ་གསུམ་བཅལ་བར་དུ།། འཁོར་ལོ་རྩིབས་བཞི་གྲུ་ཆད་བཅས།། དེ་ནས་བཅུ་གསུམ་བཅལ་བར་དུ།། གྲུ་གསུམ་ཨེ་དཀྱིལ་སྣམ་བུ་གཉིས།། དེ་ནས་བཅུ་གསུམ་བཅལ་བར་དུ།། ཕྱི་ཁྱམས་ལྕགས་རི་ཆེན་པོར ་བཞག། སྦྱིན་སྲེག་ཆ་གསུམ་ལྡན་པར་དུ།། བྱས་ན་དངོས་གྲུབ་ཆེན་པོ་ཐོབ།། ཕྱག་ན་རྡོ་རྗེའང་ཁྲག་ཏུ་སྐྱུགས།། ལིངྒ་མཚན་གསུམ་མཆོད་པར་འབུལ།། སྦྱིན་སྲེག་ཟ་མ་འདི་ཉིད་ལ།། ལོག་འདྲེན་རྒྱལ་པོ་འདི་ལ ་དབུལ།། ཨོཾ་ན་མཿས་མན་ཏ།། སྙིང་ཁ་རག་ནཾ། ནརྀ་ཁ་རག་རྦད། ཛ་ལ་རཾ་ཤིག་ཤིག་ཛ་ལ་རཾ། ནརྀ་པྲ་ཏ་ཛ་ལ་རཾ། ཨོཾ་ཨཱཿཧཱུཾ་སཱ་ཧ། རཾ་རཾ་རཾ། ཁ་རཾ། དེ་ནས་ལིངྒ་འདི་དག་ནི།། གནས་མདུན་དག་ཏུ་ལན་བདུན ་གདབ།། མ་ཡི་མགོ་ལ་གང་བར་གདབ།། ཡབ་ཡུམ་ཉི་ཤུ་ཚང་བ་དང་།། སྤྲུལ་པ་ཟ་གསོད་ཉི་ཤུར་བཅས།། སྒོ་བ་བཞི་དང་ཞེ་བཞིར་བཅས།། ལྡན་པའི་སྔགས་ཀྱིས་བརྡུང་བར་བྱ།། ཆོ་ག་དེ་དག་ལྡན ་གྱུར་ན།། ཕྱག་ན་རྡོ་རྗེའང་བསེག་པར་འགྱུར།། དགྲ་ཡི་སྒོ་ཁར་བྱས་གྱུར་ན།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས།། སྐབས་སམ་ཡང་ན་འཆི་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ཟླ་གསང་གིས་འདི་སྐད་ཅེས་བཀའ ་སྩལ་པ། ཕྲ་མོའི་བྱང་ཆུབ་སེམས་དཔའ་རྣམས།། མཛད་པ་ལེགས་སོ།། དཀྱིལ་འཁོར་ནི་ལེགས་པའོ།། བཟླས་པ་བརྗོད་པ་ནི་ལེགས་པའོ།། ཕྲིན་ལས་ནི་ལེགས་པའོ།། དེ་ལྟར་ལེགས་པར་བསྒྲུབ་ནས་ནི།། ལས ་རྣམས་ཐམས་ཅད་འགྲུབ་པའོ།། ཟླ་གསང་དབུས་ཀྱི་དཀྱིལ་འཁོར་ཆེན་པོ་ལས། བདུད་དང་མུ་སྟེགས་འདུལ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལུས་དང་ངག་སེམས ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། རྡོ་རྗེ་སློབ་དཔོན་སྨོད་པ་དང་།། གང་དག་སྡང་ཞིང་གདུག་སེམས་ལྡན།། འབྱུང་པོ་མ་རུངས་གནོད་པ་ཅན།། འདི་དག་རབ་ཏུ་བསྒྲལ་བར ་བྱའོ།། སངས་རྒྱས་ཀུན་གྱི་ཁྲོ་བོར་བསྒོམ།། དགྲ་རྣམས་གསད་པར་བྱ་བ་ནི།། རྡོ་རྗེ་རྩེ་ལྔ་ཁ་བཞི་པ།། ལག་པ་གཡས་པས་གཟུང་བར་བྱ།། གཡོན་པ་ལྕགས་ཀྱུ་འདེབས་པའི་ཚུལ།། ཁྲོ་བོ་ཁྲོས་པ་རྔམས་པའི ་གཟུགས།། འཇིགས་ཤིང་མི་སྡུག་གཏུམ་བག་ཅན།། འབར་བའི་མཚོན་ཆ་སྣ་ཚོགས་འཛིན།། བརྩམས་པའི་ལས་ནི་གསོད་པར་བྱེད།། དགྲ་བགེགས་རྣམས་ནི་གསོད་པ་དང་།། ཕྱག་ན་རྡོ་རྗེའང་གསོད ་པར་བསྒོམ།། ཉི་མ་བཅུ་གཅིག་ཚུན་ཆད་ཀྱིས།། བྱས་ན་རྒྱལ་བས་དངོས་གྲུབ་སྟེར་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ངག་གི་དབང་ཕྱུག་ཆེན་པོས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ཡ་ནརྀ་ན་ཛ།། ་བྱེ་བ་འབུམ་དུ་བཟླས་བྱས་ན།། མཐུ་ཆེན་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་ལོག་འདྲེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ས་མ་ཡ། ས་མ་ཡ། ས་མ་ཡ། ཀཱ་ལ་རུ་པ། ཀཱ་ལ་རུ་པ། ཀཱ་ལ་རུ་པ། ཀྵི་སྔགས་འདི ་ཡང་མ་གྱི་མོར་བཞག་ནི་ཛ་ཛ་ལི་ནཱི་ཛ་མ་ལེ། ས་མ་ཡེ་སྟཱཾ། རཀྵཱ་ན། རཀྵཱ་ན། ཁ་ལ་མུ་རག་ཁ་ལ་མུ་རག་མུ་ནརི་ཁྲག་མུ་ནི་ཁྲག། མུ་ནྡི་ཁྲག། པ་རཀྵི་ན། པ་རཀྵི་ན། པ་རཀྵི་ན། རང་གི་སྲོག་གི་དམ་ཚིག་ཕུལ་ན། གཞན ་ལྷ་ཅི་སྨོས། སྲོག་གི་དམ་ཚིག་སྙིང་པོ་ཕུལ་ལོ།། ནརྀ་མར་ཞག་ཛ། ཏྲིང་ནརི་ཛ། ཏྲི་ཙི་ནརི་ཛ། ཏྲི་ཙི་ནྡི་ཛ། ཏྲིང་ནརི་ཛ། ཏྲིང་ཙིནྡི་ཛ། ཏྲིང་ནི་ཛ། ཁ་ལ་རཀྵ། པྲ་ཏི་ཛ་ནཱི། ཛཱ་ལ་རཀྐ། པྲ་ཏྲི་ཛ་ནི་ནི་ཛ། ཁ་ལ་མུ་ཛི། དེ་སྐད ་གསུངས་མ་ཐག་ཏུ་ནི།། ནམ་མཁའི་དབུས་ཀྱང་རབ་ཏུ་འདུག། སངས་རྒྱས་རྡོ་རྗེ་ཅན་ཀུན་ཡང་།། ཁྲག་ཏུ་སྐྱུགས་ཤིང་བརྒྱལ་བར་འགྱུར།། དགྲ་བགེགས་རྨོངས་པར་བྱེད་པའི་ཏིང་ངེ་འཛིན་ནོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་དགྲ་རྣམས་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་བཀའ་སྩལ་ཏོ།། དང་པོར་མ་སྐྱེས་ཆོས་ཉིད་དབྱིངས།། བྱང་ཆུབ་སེམས་ནི་ཀུན་ཏུ་འཕྲོ།། ཡིག་འབྲུ་འཕྲོ་ཞིང་ཀུན་ཏུ ་གསལ།། ཡི་གེའམ་ཕྱག་མཚན་ཕྱག་རྒྱར་གྱུར།། ཞལ་གསུམ་ཕྱག་དྲུག་རབ་ཏུ་འབར། དེས་ནི་དགྲ་བགེགས་དབང་དུ་སྡུད།། ཕོ་ཉ་རྣམ་པར་བསྐུལ་བ་ནི།། རྡོ་རྗེ་ཅན་སོགས་རྒྱབ་ནས་ཕུལ།། ལྕགས་ཀྱུ་ཅན་སོགས ་མདུན་ནས་འདྲེན།། ཟ་བའི་ཕོ་ཉ་ཚོགས་ཆེན་རྣམས།། དྲག་པོ་གཏུམ་པོ་ཁྲོ་བོ་དང་།། སྟག་དང་བྱ་རོག་ཝ་རྣམས་ཚོགས།། ཁྱིའམ་བྱ་རོག་སེངྒེར་བསྒོམ།། དེ་དག་དྲངས་ཤིང་རབ་ཏུ་བརྡུང་།། དེ་ལྟར་བསྒོམས་ན ་སངས་རྒྱས་ཀྱང་།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས།། འཆི་བར་འགྱུར་བར་གདོན་མི་ཟ།། ཟླ་གསང་ཆེན་པོ་ལས། དགྲ་ཉེ་བར་འཆི་བར་བྱེད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང ་ཆེན་པོ་ལ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་གསོལ་ཏོ།། དགྲ་བགེགས་འདུལ་བ་ཇི་ལྟར་བགྱི། ཐབས་ནི་གང་ལགས། སྐུལ་བའི་སྙིང་པོ་ནི་ཇི་སྐད་བརྗོད། དེ་སྐད་ཅེས་གསོལ་པ་དང་། བཅོམ ་ལྡན་འདས་ཟླ་གསང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ།། བསྒྲུབ་པར་བྱ་བའི་གནས་མཆོག་ན།། རབ་ཏུ་ཤིས་པར་བཙལ་བ་སྟེ།། འཁོར་ལོ་པདྨ་འདབ་བརྒྱད་དེ།། ཡིད་དུ་འོང་དང་དབེན་པའི་མཆོག། ངེས་པར་ས ་གཞི་རྙེད་གྱུར་ནས།། ས་བཟུང་བསྐྲད་དང་བསླང་བར་བྱ།། དེ་ནས་བུད་མེད་སྒྱུ་མ་རྒྱལ།། ཤེས་རབ་མཚན་ལྡན་གཟུང་བར་བྱ།། ཁང་བུ་ངོས་འཇམ་བསྟར་བར་བྱ།། མཎྜལ་འཟས་པའི་ངོས་ཡིན་ནམ་རྒྱས་པའི་འདི་དག ་ལ།། དབུས་སུ་མ་ཏྲང་བཞི་བསྣོལ་ལ།། སྙིང་གར་གྲུ་གསུམ་སོ་སོར་བྲི།། རྩེ་ཟུར་ནང་པའི་ཕྱོགས་སུ་བསྟན།། ལག་པ་བརྒྱད་ནི་ཟུར་བཞིར་དགྲམ།། རྐང་པ་བརྒྱད་ནི་གྲུ་བཞིར་བསྣོལ།། སོ་སོའི་བྲང་གི་དབུས་དག ་ཏུ།། ནརྀ་ཞེས་བྱ་བ་གཞག་པར་བྱ།། དེ་ཡི་དབུས་ཀྱི་དཀྱིལ་དག་ཏུ།། ཐིག་གིས་ས་བཅད་ཡུལ་ཡང་བཅད།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། འབར་བའི་བར་ཁྱམས་ཉིད་ཀྱིས་མཛེས།། ཀུན་ཏུ་གྲུ་བཞི་སྒོ ་ཁྱུད་ལྡན།། ལྷ་རྣམས་རིམ་པར་རྒྱས་པར་བསྐྱེད།། སྤྱན་དྲང་བཞུགས་སུ་གསོལ་ནས་སུ།། མཆོད་ཅིང་བསྐུལ་དང་བསྟོད་པ་བརྗོད།། ཀ་པ་ལི་དང་ཀ་བུ་ཆུང་།། ཡན་ལག་རིང་ཟུང་དབང་པོར་བཅས།། དངོས་གྲུབ ་འབྱུང་བའི་རྟེན་དུ་བྱ།། དགྲ་བོ་མ་ལུས་དགུག་པར་བྱ།། བདག་ནི་ཁྲོ་བོ་འཇིགས་སུ་རུང་།། འཇིགས་པ་དག་ཀྱང་འཇིགས་པར་བྱེད།། སྦྲུལ་གྱི་སྐེ་རགས་ཐོད་པའི་ཕྲེང་བས་བརྒྱན།། མེ་དཔུང་ཐོད་དབྱུག་འབར་བ ་རལ་གྲི་ཐོགས།། དབུ་གསུམ་སྨུག་ནག་འཇིགས་ཤིང་འཚེར་བའི་ཞལ།། མཆེ་གཙིགས་རྣམ་པར་བརྒྱན་ཅིང་རྔམ་པའི་ཚུལ།། གློ་སྙིང་ནང་ཁྲོལ་ཟ་ཞིང་ཁྲོ་ཞིང་གཏུམ།། དེ་ལྟར་འཁོར་ཚོགས་མ་ལུས་ཀུན།། ཐམས ་@ཅད་གཏུམ་ཞིང་དྲག་པོའི་ཚུལ།། ཁྲོ་ཆེན་ཚུལ་འཆང་འབར་བ་རྣམས།། ཕྱག་ན་རལ་གྲི་འབར་བ་བསྣམས།། དེ་ནས་གདུག་པའི་སྔགས་ཆེན་དག། ཚིག་གི་བརྗོད་པ་འདི་སྐད་བསྐུལ།། ཨོཾ་གྷ་གྷ་གྷཱ་ཏ ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཧཱུཾ་ཚིན་དྷ་ཚིན་དྷ། ཧ་ན་ཧ་ན་དཱིཔྟ་ཙཀྲ་བཛྲ་ཀཱི་ལ་ཡ། དཱིཔྟ་ཙཀྲ་བཛྲ་ཛ་ལ ་ཀཱི་ལ་ཡ། ཤག་ཤག་ཚལ་ཚལ། ཙིཏྟ་ཚལ་ཚལ། ཙིཏྟ་ཁ་ཁ་ཛ་ལ་ཁ་ཁ། ཙིཏྟ་ཛ་ལ་ཁ་ཁ། ནརྀ་ཏྲི་ཛ་ལ་ཁ་ཁ་ཁ་ན་མཿས་མན་ཏ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་ས་ཏྭ་ད་མ་ཀ་ཨ་སི་མུ་ས་ལ། ་པ་རི་ཤུ་པ་ཤ་ཧ་སཱ་ཡ་ཕཊ། འདི་ནི་གསུངས་མ་ཐག་ཏུ་ཡང་།། གྲགས་པ་མཐུ་ཆེན་སངས་རྒྱས་ཀུན།། འཇིགས་ཤིང་འདར་ནས་ཁྲག་ཏུ་སྐྱུགས།། སངས་རྒྱས་རྡོ་རྗེ་སེམས་སྤ་བཀོང་།། དགྲ་རྣམས་ལ་ནི་གདོན་མི ་ཟ།། ཐོད་པ་མ་གས་མ་ཆག་པ།། གཟུགས་མཛེས་ཡིད་དུ་འོང་བ་ལ།། གཤིན་རྗེའི་གཤེད་པོའི་ཚུལ་དུ་བྱས།། གསང་སྔགས་རྗེས་སུ་དྲན་པར་བྱ།། དབྱིངས་ཕྱུག་མ་ཡང་འགུགས་པར་འགྱུར།། ན་མཿས་མན་ཏ་ཀ་ཡ ་ཝཱཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ། མ་ཧཱ་ཀྲོ་དྷ་ཡ། ཨ་སི་མུ་ས་ལ་སརྦ་བཛྲ་བན་དྷ་ནན། མ་ཧཱ་ཀ་ར་ནི་ཙིཏྟ་སྭཱ་ཧཱ། དེ་ནི་གསུངས་མ་ཐག་ཏུ་ཡང་།། ཕྱོགས་བཅུའི་སངས་རྒྱས་ཆེན་པོ་ཀུན།། བརྒྱལ་ཞིང་འཇིགས ་ཤིང་དངངས་པར་འགྱུར།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས།། དཀྱིལ་འཁོར་དང་ཕྲིན་ལས་སུ་དགོད་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཕྱག་ན་རྡོ་རྗེ་ཆེན་པོས་དམ་ཚིག་འདི་དག་གསོལ་ཏོ།། ལུས་ངག ་ཡིད་གསུམ་བསད་པ་ནི།། བདག་གི་དམ་ཚིག་རྩ་བ་བསྐྱེད།། ཤ་དང་ཁྲག་དང་རུས་པ་དང་།། དུག་གསུམ་གཞོམ་ཕྱིར་བཟའ་བར་བྱ།། མཱཾ་ས་ཤ་ཆེན་དྲི་ཆུ་དང་།། རཀྟ་ཞིང་ཆེན་ཁུ་བ་ཁྲག། རྒྱལ་བ་མཉེས་ཕྱིར ་བཟའ་བར་བྱ།། སུས་མ་རིག་པའི་ས་ཕྱོགས་སུ།། གཅེར་བུར་ཕུད་དེ་སྐྲ་བཤིགས་ལ།། གཤང་གཅིས་གཤེར་བར་བྱས་པའི་གོས།། བདག་གི་ལུས་ལ་བགོས་ནས་ཀྱང་།། ཐོད་པའི་ཕྲེང་བས་ལུས་ལ་བརྒྱན།། པྲ ་ཚིལ་ལ་སོགས་གཟུགས་བརྙན་ནམ།། ཡང་ན་རི་མོ་འབུར་དུ་བྱ།། མདོག་ནི་སྨུག་ནག་འཚིར་བར་བྱ།། དེ་ནས་ལས་ཀྱི་ལྷར་བསྒོམས་ལ།། ཨ་དང་མ་ཡི་སྦྱོར་བ་ལས།། ཡི་གེ་ཧཱུཾ་དུ་གསལ་འཚེར་བསྒོམས།། ཧཱུཾ་ལས ་རྡོ་རྗེ་རྩེ་ལྔར་ལྡན།། དེ་ནས་ཕྱག་རྒྱ་དབུ་གསུམ་པ།། རྡོ་རྗེ་ཕྱག་རྒྱ་འཇིགས་པའི་གཟུགས་དང་ལྡན།། གཡས་ཀྱི་གསུམ་ན་འཛིན་པ་ནི།། ཁ་ཊྭཱཾ་སྟ་རེ་རྡོར་དབྱུག་གཡས།། གཡོན་གྱི་གསུམ་ན་འཛིན་པ་ནི།། བྷརྠ ་ལྕགས་ཀྱུ་ཞགས་པ་གཡོན།། ཁ་ཊྭཱཾ་གིས་ནི་རྡོར་དབྱུག་སྦྱོར།། ལྕགས་ཀྱི་སྟ་རེས་མིད་པ་གཅོད།། བྷནྡྷ་ས་སྙོད་ཅིང་ལྕགས་ཀྱུས་དྲངས།། ཞགས་པས་བསྡམས་ཤིང་ཞལ་ཏུ་རྔུབས།། འདི་ཡང་དམ་ཚིག་མཆོག་ལགས ་སོ།། གསང་བའི་དམ་ཚིག་ཆེན་པོ་ནི།། ཐེག་པ་ཉན་པོ་སྤོང་བ་དང་།། རྡོ་རྗེ་སློབ་དཔོན་སྨོད་པ་དང་།། དམ་ཚིག་རྣམ་པར་འདྲལ་བྱེད་དང་།། རྒྱལ་བའི་བཀའ་ལས་འདའ་འགྱུར་ན།། དབེན་པ་ཆེན ་པོའི་ས་ཕྱོགས་སུ།། དགུག་ཅིང་གསད་པའི་ལས་ཆེན་ནི།། རི་རྩེ་ཉམས་ནི་དགའ་བ་དང་།། ནགས་ཚལ་ཡིད་དུ་འོང་བ་དང་།། ཡིད་འོང་ནགས་ཚལ་དམ་པ་དེར།། དགུག་ཅིང་ལིངྒ་ལ་ནི་དབབ།། དེ་ལ་གསང ་སྔགས་བརྗོད་པར་བྱ། ས་མ་ཡ་ཛཿས་མ་ཡ་ཛཿས་མ་ཡ་ཛཿཉི་ཤུ་རྩ་གཅིག་བར་དུ་བཟླས།། ལུས་ངག་ཡིད་གསུམ་དྲན་པར་བྱས་སོ།། ཨོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། འདི་ཞེས་བྱ་བ་མཱ་ར་ཎ། ་འདི་ཞེས་བྱ་བའམ། ས་མ་ཡའམ། གྲངས་མིད་བརྗོད་པར་བྱ། དེ་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྗེས་སུ་གདམས་པ་ནི། སྐུ་དང་གསུང་དང་ཐུགས་ཉིད་ཀྱི།། རྡོ་རྗེ་ཆེ་བའི་དམ་ཚིག་ལ།། འདི་དག་རབ་ཏུ་གནས ་པར་བྱ།། བསྲུང་བྱ་བསྲུང་བའི་རྒྱལ་པོ་ནི།། སྒོ་གསུམ་དག་གི་མ་ཉམས་པར།། བསྡམ་པར་བྱ་བའི་དམ་ཚིག་གོ། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དམ་ཚིག་བཀོད་པའི་ལེའུ་སྟེ་ལྔ་པའོ།། །། དེ ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཤིན་རྗེའི་གཤེད་ཀྱིས། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ་སེམས་ནི་རྗེས་སུ་དྲན་པ་དང་།། སྲིན་མོ་མ་རུངས་གཏུམ་མོ ་དང་།། བདུད་དང་མུ་སྟེགས་མ་རུངས་པར།། སྦྱོར་བ་ཆེན་པོ་ཇི་ལྟར་བྱ།། དེ་སྐད་ཅེས་གསོལ་པ་དང་།། བཅོམ་ལྡན་འདས་ཟླ་གསང་ཆེན་པོའི་དཀྱིལ་ནས། ངོ་མཚར་ཆེན་པོའི་ཁྲོ་བོ་བྱུང་།། ཁྲོ་བོའི་སྔགས་ནི་བརྗོད ་བྱས་པས།། འདི་དག་རབ་ཏུ་བསྐུལ་བའི་ཕྱིར།། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཏ་རུ་ལ། བི་རུ་ལ། སརྦ་བི་ཥ་གྷཱ་ཏ་ཀ་སརྦ་བི་ཥ་གྷཱ་ཏ་ཀ་ཛ་ལ་བི་སྥུ་ལིངྒ་ཌྷཱཌྜྷྱ་ཧཱ་ས་ཀེ་ཤ་རི་ས་ཊ། ཨཱ་ཊ་པ་ཊཾ་ཀཱ་ར་བཛྲ་ཁུར་ནིརྨྨ་ཏ་ན་ཙ་ལི་ཏ་བ་སུ་དྷ ་ཏ་ལ་ནི་ཤཱ་ས་མཱ་རུ་ཏོ་དཀྵི་པྟ་དྷ་ར་ཎཱི་དྷ་ར་བཱི་ཥ་ཎ་ཨརྡྷ་ཌྷ་ཧཱ་ས། ཨ་པ་རི་མི་ཏ། པ་ལ་པ་རཱ་ཀྲ་མ་ཨཱཪྻ་ག་ཎ་བྷཾ་ཏ་བྷ་ཏ་ག་ཎཱ་དྷྱཱ་ཥི་ཏ། བུདྡྷ་བུདྡྷ། ཧ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པ་ར་མན་ཧྱཾ་ཚིནྣ་ཚིནྣ། སིདྡྷི་མེ་དི་ཤ་ཨཱ་བེ ་ཤ་ཡ་ཨཱ་བེ་ཤ་ཡ། སརྦ་ཛ་ར་བི་ཤཱ་ཙནྡརྦ་གྲ་ཧེ་ཥཱ་པྲ་ཏི་ཏ་ཏོ་བྷ་ཝ་བཛྲ་དཥྚཾ། ཀིཉྩི་རཱ་ཡ་སེ། ཨི་དཾ་དུཥྚ་ཀྲ་ཧི་དུཥྚ་སརྦཾ་མ་བཱ། དྷཱ་ན་དྷུ་ན། མ་ཐ་མ་ཐ། མ་ཊ་མ་ཊ། པཱ་ཊ་ཡ་པཱ་ཊ་ཡ། བནྡྷ་བནྡྷ། བུདྡྷ་དྷརྨ་སཾ་གྷ། ཨ་ནུ ་ཛྙཱཛྙ་ཏཾ་ཀརྨ་ཀུ་རུ་ཤཱི་གྷྲཾ། ཧ་ཡ་གྲཱི་བ་ཡ་ཕཊ། བཛྲ་ཡ་ཕཊ། བཛྲ་ག་ཏཱ་ཡ་ཕཊ། བཛྲ་ནེ་ཏཱ་ཡ་ཕཊ། བཛྲ་དཾ་ཥྚི་ཡ་ཕཊ། བཛྲ་ཁུ་ར་ཡ་ཕཊ། བཛྲ་ཁུ་ར་ནིརྨྨ་ཏ་ནཱ་ཡ་ཕཊ། པ་ར་མནྟ་བི་ནཱ་ཤ་ནཱ་ཡ་ཕཊ། ཏྲཻ་ལོ་ཀྱ་བྷ་ཡཾ་ཀ་རཱ ་ཡ་ཕཊ། སརྦ་ཀརྨི་ཥཱ་པྲ་ཏི་ཧ་ཏྲ་ཡ་ཕཊ། བཛྲ་ཀུ་ལ་སཾ་ཏྲཱ་ས་ནཱ་ཡ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་གསུངས་མ་ཐག་ཏུ་ཡང་།། ཆོས་ཀྱི་རྡོ་རྗེ་མཆོག་སྐྱེས་ནས།། འཇིགས་ཤིང་རབ་ཏུ་བརྒྱལ་བར་གྱུར།། ཡེ ་ནས་རྒྱལ་བ་རྣམ་ས་དྲན། མཐའ་དབྱིངས་ཐུབ་ཀྱི་སངས་གང་བ། རྔ་རྣམ་བབད་པཔའང་། ཟ་བའ་རྒྱལ་བ་བརྟུལ་བ་ས། དྲུག་རྣམས་ཐམས་ཅད་མེད་པར་འགྱུར། དེ་ནས་བརྩམ་ཅན་འདས ་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྱུར་ཏེ་རྡོ་རྗེ་དཔལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་བའོ།། སྔགས་སོར ་བཞག། ན་མཿས་མནྟ་ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ནཱི་ལ་བཛྲ་དཎྜ། ཏུ་རུ་ཏུ་རུ། ཧུ་ལུ་ཧུ་ཡུ། ཧཱ་ཧ། གུ་ལུ་གུ་ལུ། གུ་ལཱ་བ་ཡ་གུ་ལཱ་བ་ཡ། ཀྲ་མ་ཀྲ་མ་བྷ་ག་ཝཱ་ནཱ་ཡུ་བེ་ག་ན་བྷུ་ཏཱ་ན་ཤཱི་གྷྲཾ། ད་ཧ་ད་ཧ། ་ད་ར་ད་ར། ཧ་ན་ཧ་ན། པ་ཙ་པ་ཙ། མ་ཐ་མ་ཐ། པཱ་ཏ་ཡ་པཱ་ཏ་ཡ། མ་ཊ་མ་ཊ། མཱ་ཊ་པ་ལ་སརྦ་ཀརྨ་ཎི། ཚིནྣ་ཚིནྟ། བྷཀྵ་ཡ་བྷཀྵ་ཡ། མེ་ད་མ་ཧུ་རུ་དྷི་ར་མ་སྱ་མེ་ད་མ་ཛཱ་ཛ་རུ་དྷི་ར་བྲི་ཡ། ཨེ་ཧྱེ་ཧི་བྷ་ག་ཝཱན་སརྦ ་བིགྷ་ནཱ་ནི། སརྦ་བིདཱ་ནི། སརྦ་མནྠ་ཎི། སརྦ་མཱ་ལ་ཀརྨཱ་ཎི། སརྦ་གྲ་ཧཱ་ན་ཧ་ན་ཧ་ན། བྷཉྫ་བྷཉྫ། མནྡ་མརྠ། ཨི་དམྦེ་ཀཪྻཾ་སཱ་དྷ་ཡ་ཧཱུཾ། ནཱི་ལཱ་ཡ་ནཱི་ལ་བཛྲ་དཎྜ་ཡ་ཏུ་རུ་ཏུ་རུ། བིགྷྣཱན་བི་ནཱ་ཡ་ཀཱ་ན་ནཱ་ཤ་ཡ། ཧུ་རུ་ཧུ་རུ། ་དཱིདྭིཔྟ་ཙཀྲཱ་ཡ། སརྦ་ཤ་ཏྲུཾ་ཎཱཾ། ཧྲྀ་ད་ཡཱ་ནི་པཱི་ཌ་ཡ། ཚིནྡ་ཚིནྡ་བིདྱཱ་ནཾ་ཚི་ད་ཀ་ཧཱུཾ། བིདྱཱ་ནཾ་ཤིཥྛ་ཀཾ་སྨ་ར་ས་མ་ཡཾ་བཛྲ་དྷ་ར་པ་ཙ་ནཾ། མཪྻཱ་ཎི་ནི་ཀྲྀནྟ་ཧཱཾ། ཧ་ན་ཧ་ན། ད་ཧ་ད་ཧ། ཏུ་རུ་ཧུ་རུ། ཏུ་རུ་ཏུ་རུ། ཀུ་རུ་ཀུ་རུ། ཕཊ ་ཕཊ་ཧཱུཾ་ཧཱུཾ་ཀྲྀ་ཏནྟ་ཡ། བི་ཥི་རཾ་ཥི་བེ་དྲ་བ་ཎ་ཀ་རཱ་ཡ་ཧ་ན་ཧ་ན་དཎྜེ་ན་སྭཱ་ཧཱ། འདི་ནི་གསུངས་མ་ཐག་ཏུ་ཡང་།། གདུག་པའི་མཆོག་ལས་བྱུང་བ་ཀུན།། འཇིགས་ཤིང་རབ་ཏུ་སྐྲག་གྱུར་ནས།། རྡོ་རྗེ་སེམས་དཔའ་རྗེས ་སུ་དྲན།། ཁྲོ་བོ་རྒྱལ་པོ་དྲག་པོ་ནི།། བརྒྱ་ནི་རྩ་བརྒྱད་བཟླས་པ་དང་།། ཆོ་གའི་ཚུལ་བཞིན་བསྐུལ་བ་ཡིས།། སངས་རྒྱས་ཀུན་ཀྱང་གསོད་པར་འགྱུར།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ།། ་ཀུན་ཏུ་སྤྲིན་གྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། རྡོ་རྗེ་སྟོབས་པོ་ཆེ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕུང་ངོ་།། ན་མཿས་མཿ། ཀ་ཡ་ལ་ཀ་ཙཿབཛྲ་ཎྜ། རྨཱཙྪ་ཙྪཿ ་ཕཊ་ཕཊ་ཕཊ། ཨོཾ་ཨུ་གྲ་ཤཱ་ཡ་པཱ་ཎི་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཛྱོ་ཏི་ནིརྞི་ད། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨོཾ་ཨོཾ། ཕཊ་ཕཊ་ཕཊ། ཨོཾ་ཧཱ་བ་ལ་སྭཱ་ཧཱ། འདི་ནི་གསུངས་མ་ཐག་ཏུ་ཡང་།། སྟོབས་ཆེན་མ་ལུས་ཀུན་དགུག་ནས།། རྡོ་རྗེ ་གསུམ་ནི་རབ་ཏུ་དྲན།། ལས་རྣམས་མ་ལུས་འགྲུབ་པར་འགྱུར།། ཆར་ཆུ་དུས་སུ་འབབ་པར་འགྱུར།། རྡོ་རྗེ་གསུམ་ལས་འདི་ཕྱུང་བས།། བགེགས་རྣམས་མ་ལུས་འགུགས་པར་འགྱུར།། ན་མཿས་མནྟ། ཀཱ་ཡ་ཝཱ་ཀ ་ཙིཏྟ་བཛྲ་ཎཾ་ཧཱུཾ་ཛ། བདག་ཉིད་སངས་རྒྱས་ཆེན་པོ་ཀུན།། མ་ལུས་པར་ནི་དྲན་ནས་འཇིག། ལིངྒ་རྐང་པ་གཡས་ཀྱིས་མནན།། སྐུ་གསུང་རྡོ་རྗེ་ཆེན་པོ་ཡིས།། མི་གཡོ་འཇིགས་པའི་ཐོ་བས་བརྡུངས།། ཨཱ~ཾ་ན་མཿས་མནྟ ་ཀ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀཱ་ན། ཧ་ན་ཧ་ན་ཕཊ། བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱ་ན་པཾ་ཧཱུཾ་ཕཊ།། ན་མོ་སོར་བཞག་སྭ། ཨ་པྲ་ཧ་ཏེ་བྱ། ཛ་ལ་ཡ། ཏྲ་ཐ་ཡ། ཨ་པ་ར་ན། ཚིག་འདི་བརྗོད་མ་ཐག་ཏུ ་ཡང་།། ལྷ་རྣམས་བརྒྱལ་ཞིང་བསྲེག་པར་འགྱུར།། མཐུ་ཆེན་ལྷ་རྣམས་བསྲེགས་ནས་ཀྱང་།། ཐམས་ཅད་མ་ལུས་འཇོམས་པར་བྱེད།། རྡོ་རྗེ་སྦྱོར་བ་ཆེན་པོ་ཡིས།། སྙིང་གི་དཀྱིལ་དུ་རྡོ་རྗེ་ལྕགས་ཀྱུ་བསམ།། ཐམས ་ཅད་མ་ལུས་དགུག་པར་བྱ།། དེ་ནས་ཕུར་བུས་ངེས་པར་གདབ།། ལྕགས་ཀྱི་ཕུར་པ་སོར་བརྒྱད་ཀྱི།། སྙིང་གི་དཀྱིལ་འཁོར་དུ་བརྒྱབ་བྱས་ནས།། ཡན་ལག་རྣམས་ཀྱང་བཅིང་བར་བྱ།། དེ་ནི་སྦྱོར་བ་ཆེན་པོ ་ཡིན།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དགྲ་བགེགས་ཀྱི་སྦྱོར་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། འདི་སྐད་ཅེས ་གསོལ་ཏོ།། ལྷ་ཆེན་པོ་དང་། ཕྱོགས་སྐྱོང་དང་། ཚངས་པ་དང་། གཟའ་དང་། རྒྱུ་སྐར་དང་། འབྱུང་པོ་དང་། རོ་ལངས་དང་། རྦོད་གཏོང་ཕྲ་མོ་དང་། དྲེགས་པ་ཅན་མུ་སྟེགས་ཀྱི་རྦོད་གཏོང་དང་། མཐུ་རྩལ་དྲེགས ་པ་ཅན་ཀླུ་དང་། གནོད་སྦྱིན་དང་། གང་དག་གཟའ་ཆེན་པོ་ཁྲོས་པའི་གཟུགས་ཅན་མང་པོ་དང་། རྡོ་རྗེ་སློབ་དཔོན་སྨོད་པ་དང་། ཐེག་པ་ཆེན་པོ་སྨོད་པ་དང་། གང་དག་བཀྲ་མི་ཤེས་པར་བགྱིད་པ་འདི་དག་ཐམས ་ཅད། བཅོམ་ལྡན་འདས་ཇི་ལྟར་བཟློག་པར་བགྱི། གཟིར་མནན་གྱི་ལས་ནི་ཇི་ལྟར་བགྱི། དགུག་ནི་ཇི་ལྟར་དགུག། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བདག་ཉིད་གཏུམ་བག ་འཇིགས་པའི་གཟུགས།། ཁྲོས་པའི་སྤྲིན་ཆེན་འཇིགས་པར་གཏིབས།། རཀྟའི་ཆུ་ཡིས་གཤེར་བའི་གོས།། བགོས་ནས་དབེན་ས་ཆེན་པོ་རུ།། ལྷ་ཆེན་ལིངྒ་རྐང་པས་མནན།། ཁྲོ་བོའི་རྒྱལ་པོའི་སྟངས་སྟབས ་བཅས།། ལྕགས་ཀྱུ་དཀར་དམར་ལག་ན་ཐོགས།། ངེས་པར་བཀུག་ཅིང་བརྡུང་བ་དག། དེ་ནས་མཚོན་ཆས་གཅད་པར་བྱ།། གང་ཡིན་པ་ཡི་གཟུགས་བྲིས་ལ།། དགུག་ཅིང་དེ་ལ་དབབ་པར་བྱ།། སོ་སོའི་སྔགས ་དང་མིང་དག་བྲིས།། དེ་ནས་ཐལ་བས་གཤེར་བ་བྱས་ལ་བརྡུངས།། བཤང་གཅི་རུལ་པའི་དྲི་མནམས་པ།། དེའི་གོས་ལ་བྱུགས་ནས་ནི།། བདག་ཉིད་དུ་ནི་བགོ་བར་བྱ།། ཁྲོ་ཞིང་འཁྲུགས་པའི་གཟུགས་ཅན ་དུ།། བདག་ཉིད་རབ་ཏུ་བསྒོམ་པར་བྱ།། ཁྲོ་བོའི་སྔགས་ནི་ཀུན་བཟླས་ནས།། མ་རུངས་པ་ནི་ཚིག་བསམས་ནས།། མནན་ནམ་གཟིར་བའི་སྔགས་བྱས་ནས།། མྱུར་དུ་སྐོམ་སྟེ་འཆི་བར་འགྱུར།། བརྒྱ་ནི་རྩ་བརྒྱད ་སྔགས་བཟླས་ན།། སངས་རྒྱས་ཀུན་ཡང་འཇིགས་པར་འགྱུར།། སྐྲ་བཤིག་གོས་ནི་གཤེར་བར་བྱ།། འཇིགས་པའི་ཚུལ་འཆང་ཁྲོས་པའི་གཟུགས།། ཁྲོ་རྒྱལ་འཇིགས་ཚུལ་མང་པོ་སྦྲུལ།། མ་མོ་རྔམས་པ་མང་པོའང ་སྦྲུལ།། ཤ་ཟན་ཚོགས་བཅས་མང་པོ་སྦྲུལ།། དེ་ནས་རྐང་པས་ལིངྒ་མནན།། ལམ་པོ་དུར་ཁྲོད་ཁང་སྟོང་དང་།། བཞི་མདོ་གླིང་གཅིག་ཤིང་དྲུང་དང་།། སྲིན་པོ་ཁྲོས་པའི་གནས་དག་ཏུ།། དྲག་པོའི་ལས ་ཆེན་བཤད་པར་བྱ།། མི་ཡི་རུས་པའི་ཕུར་བུ་དག། སོར་བརྒྱད་དང་ནི་བཅུ་གཉིས་ལ།། སྔགས་ནི་འདི་དག་བཟླས་བྱ་སྟེ།། ཧ་ཡ་གྲཱི་བ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཁྲོ་བོའི་སྔགས་ཀྱང་ཀུན་བཟླས ་ལ།། དགྲ་བོའི་སྒོའམ་གྲོང་དུ་བྱ།། རྒྱལ་བ་ཡི་ནི་སྐུ་གསུང་ཐུགས།། མ་ལུས་པ་ནི་སྦྱིན་པའི་མཆོག། ཉོན་མོངས་རྣམ་པར་རབ་སྤངས་པའི།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱི།། སྐབས་སམ་ཡང་ན་འཆི་བར་འགྱུར།། ཡང ་ན་སྨྱོའམ་འབོག་པར་འགྱུར།། ཁྲག་ཏུ་སྐྱུག་ཅིང་འབྲོས་པར་འགྱུར།། ཡང་ན་སྨྲ་ཅོལ་འབོད་ཅིང་ནི།། དེ་ནས་ངེས་པར་ལྐུགས་ནས་འཆི།། ཡང་ན་ཐོད་པ་ལེགས་པ་དག། སློབ་དཔོན་ཡོན་ཏན་ལྡན་པས་བཙལ།། ཧེ ་རུ་ཀ་དང་དབང་ཕྱུག་ཆེ།། ཕྲ་མེན་ཁྲོ་བོ་ཁྲོ་མོར་བཅས།། སངས་རྒྱས་ཀུན་གྱི་སྔགས་ཆེན་དག། རབ་ཏུ་ཐོད་པའི་ནང་དུ་བྲི།། མ་རུངས་པ་ཡི་སྒོར་བཞག་ན།། དགྲ་རྣམས་ངེས་པར་བསྐྲད་པར་འགྱུར།། ཡང་ན་ཏ ་ལའི་ལོ་མའམ།། ཤིང་ཤུན་གྲོ་གའམ་རས་ཀྱང་རུང་།། དྲག་པོའི་སྔགས་ནི་ཀུན་བྲིས་ནས།། ཁྱིམ་མམ་གནས་སུ་སྦས་གྱུར་ན།། ཤིའམ་སྐབས་སམ་བསྐྲད་པར་འགྱུར།། རྡོ་རྗེའི་གསུང་ལས་འདི་ཕྱུང ་ངོངོ།། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷ་ཏ་ཡ། སརྦ་དུཥྚཱཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ན་མཿས་ས་མནྟ། བུདྡྷ་ནཱཾ། སརྦ་པཱ ་པཾ་ཕཊ། མ་ཧཱ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཙིཏྟ་ཁོ་ལ་བཛྲ་ཀཱི་ལ་ཡ་ཕཊ།། གསང་སྔགས་འདི་དག་བརྗོད་མ་ཐག། རྫུ་འཕྲུལ་ཆེན་པོའི་སངས་རྒྱས་ཀུན།། འཇིགས་ཤིང་བརྒྱལ་ནས་ཁྲག་ཏུ་སྐྱུགས།། མིང་རུས་སེང ་ལྡེང་ལྕགས་ལས་བྱས།། སོར་བརྒྱད་པ་ཡི་ཚད་དེ་ལ།། གསང་སྔགས་འདི་དག་བརྗོད་ནས་ནི།། དགྲ་ཡི་ལིངྒ་ལ་བཏབ་ན།། སངས་རྒྱས་དག་ཀྱང་འཇིག་པར་འགྱུར།། དགྲ་རྣམས་ལ་ནི་གདོན་མི་ཟ།། བདག་ཉིད ་ལྷ་ཡི་སྐུར་བསྒོམས་ནས།། རྡོ་རྗེ་ཕུར་བུ་ཆེན་པོ་དག། དེ་དག་ལག་པ་གཡོན་དུ་ཐོགས།། སྤྱི་ནས་བརྒྱབ་ཅིང་རྐང་པར་བསྟིམ།། སྤྲུལ་པའི་ཕུར་བུ་ཁྲོས་པས་གདབ།། མྱུར་དུ་བཏབ་ན་འཆི་བར་འགྱུར།། གནས ་བདུན་དག་ཏུ་གདབ་པར་བྱ།། ཨོཾ་ན་མཿས་མནྟ་ནཱཾ། བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཙྪིནྡ་ཙྪིནྡྲ་ཧ་ན་ཧ་ན། ཏིཔྟ་ཙཀྲ་ཧཱུཾ་ཕཊ། ཕུར་བུ་རྡོ་རྗེས་བཏབ་ནས་ནི།། དེ་ནས་མོད་ལ་སངས་རྒྱས་ཀྱང་།། འཇིགས་ཤིང་འདར ་ནས་འགྱེལ་བར་འགྱུར།། དགྲ་བགེགས་རྣམས་ལ་གདོན་མི་ཟ།། ངེས་པར་འདོད་ཆགས་རྡོ་རྗེའི་ཚུལ།། ཕུར་བུའི་ལས་རྣམས་འདི་བྱས་པས།། ཚངས་པ་ལྷ་ཆེན་ལ་སོགས་རྣམས།། ཚིག་ནས་རྨོངས་པར་རབ་ཏུ ་འགྱུར།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དྲེགས་པ་ཆེན་པོ་ཐམས་ཅད་གསད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་སོ།། བུ་མོ་ཨུཏྤལ་འཚེར་བའི་མཆོག། ལོ་གྲངས་བཅུ་གཉིས་ལོན་པ་ལ།། དཀྱིལ་འཁོར་རྒྱས་པར་བྱིན ་གྱིས་བརླབས།། ཉམས་དགའ་དབེན་པའི་ས་ཕྱོགས་སུ།། བསྒྲུབ་པ་བརྩམ་པ་རབ་ཏུ་ཤིས།། དེ་ནས་དཀྱིལ་འཁོར་གྲུ་བཞི་ལ།། དེ་ནས་ལས་རྣམས་བརྩམ་པར་བྱ།། བདུད་རྩི་རྣམ་ལྔས་སྐྱང་ནུལ་བྱ།། དེ་ནས་སྲད ་བུའི་སྦྱོར་བ་དག། ཉིད་ཀྱིས་ས་བཅད་སྙོམས་པར་བྱ།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། ཀུན་ཏུ་གྲུ་བཞི་མུ་ཁྱུད་ལྡན།། དབུས་སུ་དབུ་དགུ་འཇིགས་པར ་བསྟན།། བྷནྡྷ་ཁ་སྦྱོར་ཡབ་ཡུམ་ལས།། དངོས་གྲུབ་འབྱུང་བའི་རྟེན་དུ་བཞག། ཆོས་ཀྱི་འཁོར་ལོའི་ཤར་ཕྱོགས་སུ།། ཞེ་སྡང་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས།། ཆོས་ཀྱི་འཁོར་ལོའི་ལྷོ་ཕྱོགས་སུ།། ང་རྒྱལ ་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས།། ཆོས་ཀྱི་འཁོར་ལོའི་ནུབ་ཕྱོགས་སུ།། འདོད་ཆགས་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས། ཆོས་ཀྱི་འཁོར་ལོའི་བྱང་ཕྱོགས་སུ།། ཕྲག་དོག་འཇོམས་བྱེད་ཧེ་རུ་ཀ་ཡབ ་ཡུམ་བཞུགས།། འབར་བའི་བར་ཁྱམས་དང་པོ་ལ།། དབང་ཕྱུག་ཆེན་མོ་བརྒྱད་རྣམས་བཞུགས། འབར་བའི་བར་ཁྱམས་གཉིས་པ་ལ།། ཕྲ་མན་ཁྲོ་ཚོགས་སྤྲུལ་པར་བཅས།། སྒོ་བཞིར་སྒོ་བ་བཞི་རྣམས ་བཞུགས།། ཕྱི་ཁྱམས་ལྕགས་རི་ཆེན་པོ་ལ།། དབང་ཕྱུག་རྒྱ་མཚོ་འཁོར་ཚོགས་དགོད།། དེ་ནས་ལས་ཀྱི་སྐལ་བདེ་རུ།། གཤིན་རྗེ་འདུག་པའི་ཕྱོགས་ཆེན་དུ།། དཀྱིལ་འཁོར་གྲུ་གསུམ་བརྩེགས་མ་ལ།། ཐོད་པ ་མདའ་གཞུ་མེ་རིས་བསྐོར།། ཆོས་ནི་བཟང་པོ་རྒྱས་པ་ལ།། བཤང་གཅིའི་དམ་ཚིག་ཤ་ཆེན་བཟའ།། དེ་ནས་ལས་ཀྱི་སྐལ་བདེ་རུ།། སྔགས་མཁན་གྱིས་ནི་མི་གཟུགས་བྲི། ཐོ་བ་ཆེན་པོ་གནམ་འཕྱར་ནས།། དེ་ཡིས ་མགོ་ལ་བརྡུང་བར་བྱ།། ཁྲོས་པས་འཇིགས་ཤིང་གཏུམ་པོར་བྱ།། སྔགས་རྣམས་འདི་དག་བཟླས་ཤིང་བརྡུངས།། ཨོཾ་ཧྲིཿཥྚྲྀ་བི་ཀྲྀ་ཏཱ་ན་ན། སརྦ་ཤ་ཧཱུཾ་ནན། ནཱ་ཤཱ་ཡ། སྟམ་བྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧ། ཁྲག་དང་སྐེ ་ཚེ་ལན་ཚྭ་རྣམས།། ཁྲོ་བོ་གཏུམ་པོས་མེ་སྦར་ལ།། ཚེར་མའི་མེ་ལ་ཁྲོས་པས་བསྲེགས།། མིང་ངམ་རུས་སམ་མཚན་མ་སྟེ།། དུམ་བུར་བཅད་ཅིང་མེ་ལ་བསྲེག། ནམ་ཕྱེད་དམ་ནི་ཉི་མའི་གུང་།། སྟོང་རྩ་བརྒྱད་ནི་ཚུལ ་བཞིན་དབུལ།། བདག་ཀྱང་ཁྲོ་ཞིང་ཚིག་པ་ཡིས།། བསྲེགས་ཤིང་མེ་ལྷས་གཟུགས་ཕུང་བཅོམ།། དེ་ལྟར་མ་བྱས་རྨོངས་བྱས་ན།། དེ་ནི་འཇིག་རྟེན་ཚེ་ཟད་འགྱུར།། དུར་ཁྲོད་སོལ་བ་ཆོ་ག་བཞིན་དུ་བྱ།། མིང་དང ་གཟུགས་ནི་རབ་ཏུ་བྲི།། རྡོ་རྗེ་ཐོ་བས་བཏགས་ནས་ཀྱང་།། མིང་དང་གཟུགས་ལ་དབབ་ཅིང་བརྡུང་།། རྡོ་རྗེ་འབར་བའི་ཧཱུཾ་རིང་ལས།། རྡོ་རྗེའི་མེ་སྟག་ཕྱོགས་བཅུར་འཕྲོས།། རྡོ་རྗེའི་མེ་སྟག་རེ་རེ ་ལས།། ཡེ་ཤེས་སྤྲུལ་པ་བསམ་མི་ཁྱབ།། ཡེ་ཤེས་སྤྲུལ་པའི་ཐུགས་རྗེ་ལས།། རྡོ་རྗེ་ལྕགས་ཀྱུ་ཕྱོགས་བཅུར་འདེབས།། བཀུག་ཅིང་མིང་དང་གཟུགས་ལ་དབབ།། འཇིགས་ཚུལ་མང་པོས་སྙིང་ནས་དྲངས།། ལག ་པས་སྟ་རེ་ཆེན་པོ་བརྡེག། དགྲ་ཡི་མིང་ས་བཅས་པར་བསྒོམས།། དེ་ལྟར་བསམས་ཤིང་བཅད་གྱུར་ན།། སངས་རྒྱས་བཙུན་མོའང་འཆི་བར་འགྱུར།། རླུང་ལ་སོགས་པའི་ཕྱག་རྒྱ་ཅན།། དགྲ་རྣམས་རབ་ཏུ་འཕྱར ་བར་བསམས།། ཞག་ནི་བཅུ་གཅིག་ཚུན་ཆད་ཀྱིས།། དགྲ་རྣམས་མ་ལུས་འཆི་བར་འགྱུར།། ལས་ཀྱི་རྡོ་རྗེའི་སྙིང་པོ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཁྲོ་རྒྱལ་གཏུམ་ཞིང་འཇིགས་པའི་གཟུགས།། གཟུགས་ནི་རྡོ་རྗེ་མི ་འགྱུར་ཏེ།། ཐུགས་ནི་རྡོ་རྗེ་སྲ་མཁྲེགས་བདག། གསུང་ནི་ཆགས་མེད་རྡོ་རྗེའི་གསུང་།། ཨོཾ་ཨཱཿཧཱུཾ་ཛོ་ཧཱུཾ་ཛོ་ཧཱུཾ། ཛོ་འུ་རི་ཛོའུ་རི། དེ་ནས་རྒྱལ་པོ་འཇིགས་པའི་གཟུགས།། བརྟུལ་ཞུགས་ལྡན་པར་བདག་བྱས ་ལ།། དགྲ་བགེགས་གདུག་པ་ཐམས་ཅད་གཞིག། བདུད་དམ་དགྲ་ཡི་གཟུགས་བྱས་ལ།། མི་རོ་བོར་བའི་དུར་ཁྲོད་དུ།། གཅེར་བུར་ཕྱུང་སྟེ་སྐྲ་བཤིག་ལ།། ཕན་དཔྱད་དགོས་ཚུན་འདི་ན་དགྲ་བགེགས་གནོད་བྱེད ་པ།། བདག་ཉིད་ཁྲོ་ཚོགས་རྔམ་པར་བྱས།། གཡས་ཀྱི་ཁ་ཊྭཱཾ་གིས་བསྒྱེལ་ལ།། གཡོན་གྱི་ལྕགས་ཀྱུས་རིལ་མིང་བྱ།། ཡང་ན་དགྲ་ཡི་མིང་བྱང་ནི།། དུར་ཁྲོད་སོལ་བ་དག་ལ་བྱ།། དེ་ལ་སྔགས་རྣམས་བཟླས་པ ་ནི།། སྟོང་ནི་རྩ་བརྒྱད་དག་ཏུ་བཟླས།། ཧོམ་ཁུང་གྲུ་གསུམ་མཐིང་ནག་ཏུ།། ཚེར་མའི་མེ་ལ་ཁྲོ་ཞིང་དབུལ།། རྡོ་རྗེ་སེམས་དཔའང་འཆི་བར་འགྱུར།། སྐེ་ཚེ་ལན་ཚྭ་འབྲུ་མར་དང་།། དགྲ་ཡི་གཟུགས་བརྙན་ལེགས་སུ ་བྱ།། ཆུ་འགྲམ་གཉིས་སུ་བསྐུལ་ལ་བཏབ།། ཡུངས་ཀར་གྱི་ནི་འབྲུ་ཙམ་དག། དུག་དང་རྩུབ་པའི་མེ་ལ་བསྲེག། མེ་ལྕེ་དམར་ནག་ཕྱོགས་བཅུར་འཕྲོ།། དེ་ཡི་འདུ་འཕྲོས་བག་ཆགས་བསྲེགས།། འབར་ཞིང་མཆེད ་པ་དུར་ཁྲོད་མེ།། ཉོན་མོངས་བསྲེག་པའི་མེ་སྦར་བས།། ཁམས་གསུམ་ཉོན་མོངས་བསྲེག་པར་བྱེད།། ཁམས་གསུམ་དགྲ་བགེགས་ལུས་དག་བསྲེག། འདི་ལྟར་སྦྱོར་བ་ཆེར་བྱས་ན།། སངས་རྒྱས་དག་ཀྱང་བརླག ་པར་བྱེད།། དུག་གི་འབྲུའམ་སྐེ་ཚེའམ།། མར་ལས་བྱུང་བའི་རྫས་ཆེན་འདིས།། རྒྱལ་བ་ཐམས་ཅད་བསད་པ་ལ།། མཆོག་གི་སྦྱོར་བ་འདི་དག་གིས།། ཁྲག་དང་རུས་ཕྱེ་དུག་རྣམས་བསྲེས་ནས་སུ།། རང་གི་ལུས་ལ ་བྱུགས་པར་བྱ།། ལིངྒ་ལ་ནི་རྐང་པས་མནན།། དེ་ནས་སྲིན་པོ་ཕོ་མོ་རྦད།། སྲིན་པོའི་ལས་ཆེན་ཤ་ལ་དགའ།། སྲིན་པོའི་ལས་ཆེན་ཁྲག་ལ་དགའ།། སྲིན་པོའི་ལས་ཆེན་རུས་ལ་དགའ།། སྲིན་པོའི་ལས་ཆེན་དོན་སྙིང ་འབྱིན།། སྲིན་པོའི་ལས་ཆེན་ནང་ཁྲོལ་ཟ།། སྲིན་པོའི་ལས་ནི་སྲོག་རྩ་གཅོད།། སྲིན་པོའི་ལས་ནི་ངུ་ཞིང་རྒྱུག། གཡབ་མོ་འདོར་ཞིང་ཕོ་དོད་འབོད།། མི་ཡི་ཀེང་རུས་ཕུང་པོར་བརྩིག། མི་ཡི་ཐོད་པ ་ཕྲེང་བར་ཐོགས།། མི་ཡི་ཁྲག་གིས་རྒྱ་མཚོར་བསྐྱིལ།། གཟུགས་ཁམས་ལྷ་ཚོགས་ཐམས་ཅད་ཀྱང་།། ཐལ་མོ་བརྡབ་པས་རྡུལ་དུ་རློག། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་།། རབ་ཏུ་འཇིགས་ཤིང་བརྒྱལ་བར ་འགྱུར།། སྲིན་པོ་སྨུག་ནག་ཆེན་པོ་ཡང་།། ར་ལ་རུ་ལུའི་གླུ་ཡང་ལེན།། སྙན་པའི་ཚིག་དང་སྙན་པའི་གླུས།། དགའ་བའི་རོལ་མོ་སྣ་ཚོགས་བྱེད།། དཔའ་བོ་རྒོད་པོ་འཇིགས་པར་བྱེད།། མ་ལུས་པར་ནི་རྡུལ་དུ ་རློག། ཁྲག་གམ་དུག་གམ་རུས་ཆེན་ལ།། དགྲ་ཡི་གཟུགས་བརྙན་བྱས་གྱུར་ན།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་།། མྱུར་དུ་སྲིན་པོ་ཕོ་མོས་འཁྱེར།། དགྲ་རྣམས་ལ་ནི་གདོན་མི་ཟ།། ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྟ། ད་ཧ་ད་ཧ། པ་ཙ་པ་ཙ། ཀཱི་ལི་ཀི་ལ་ཡ། གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀ་ནཱན། མ་ཧཱ་ཀཱི་ལ་ཡ། ག་ཎཱ་ཡ། པ་རི ་ཙིཏྟ་ཙིཏྟ་བི་ཏ་ན་ཏ་ཀ་བཛྲ་ར་ཡ། ཀཱི་ལ་ཡ་སྭཱ་ཧཱ། བསམ་གཏན་པ་ལ་སོགས་པ་ཡང་།། དེ་ཡི་ལུས་ངག་སེམས་ཀྱང་གཅིག། སེམས་ལ་རྩེ་གཅིག་འདུད་ལ་བྱ།། ཁྲོ་བོ་རྡོ་རྗེའི་སྔགས་པ་ཆེ།། ཁ་མིག་བགྲད་ནས ་འཇིགས་པའི་ཚུལ།། ལག་ཆའི་ཐོ་བ་སྟ་རེས་བརྡུང་།། ཏིང་འཛིན་རྩེ་གཅིག་རབ་ཏུ་བསམ།། འདི་ནི་གསོད་པའི་ཁྲོ་ཚོགས་ཡིན།། ནམ་མཁའི་མཐའ་ནི་ཀུན་ཀླས་པར།། སངས་རྒྱས་ཁྲོ་བོའི་སྤྲུལ་པ་དག། སྤྲུལ་པའི ་ཚོགས་བཅས་དེ་ཀུན་གྱིས།། དགྲ་བགེགས་གནས་ནས་བཀུག་ནས་ཀྱང་།། མཚོན་ཆ་འབར་བས་གཏུབ་ཅིང་བཅད།། ཕྲ་མོའི་བྱང་ཆུབ་སེམས་དཔས་ཀྱང་།། ནམ་མཁའ་ཡོངས་སུ་གང་བར་བྱེད།། ཁྲོ་བོའི་སེམས ་ཀྱིས་ཁྲོས་ནས་ཀྱང་།། རྔམས་པའི་ཚུལ་གྱིས་གསད་པར་བྱ།། དེ་ལྟར་སྦྱོར་བ་བྱས་ནས་ཀྱང་།། ཡོན་ཏན་རྣམ་པ་སྣ་ཚོགས་འགྲུབ།། སངས་རྒྱས་རྡོ་རྗེ་འཛིན་ཀུན་ཀྱང་།། འཆི་བར་འགྱུར་བ་གདོན་མི་ཟ།། རྒྱལ་བའི ་གནོད་བྱེད་དགྲ་རྣམས་ལ།། ཁྲོས་ཤིང་རྔམ་པས་ཁུག་ནས་ནི།། སློབ་དཔོན་མཁས་པ་ཡིད་གཞུངས་ཀྱིས།། བྱས་ན་འཆི་བར་དོན་མི་ཟ།། སྲིན་པོ་སྲིན་མོ་ཁྲོ་བོའི་ཚོགས།། ཁྲོ་འཁྲུགས་གཏུམ་པ་མི་བཟད ་པས།། ཏིང་འཛིན་ཁྲོ་བོའི་ཆ་ལུགས་བྱ།། ཏིང་འཛིན་དེ་ཡི་སྦྱོར་བ་བྱས་གྱུར་ན།། སངས་རྒྱས་ཡེ་ཤེས་ཅན་ཡང་འཆི།། རྦོད་གཏོང་རྣམ་པ་འབྱུང་བ་ནི།། ཁྲ་དང་བྱ་རོག་འུག་པ་ཁྲོ་བོའི་གཟུགས།། ཁྭ་ཏ་ཝ་དང་སྦྱང ་ཀིའི་གཟུགས།། སེངྒེ་སྟག་དང་དྲེད་ཀྱི་གཟུགས།། མ་ཧེ་ཁྱུ་མཆོག་ཤ་བའི་གཟུགས།། དོམ་དང་གཟིག་དང་ཕག་གི་གཟུགས།། སྦྲུལ་དང་ནེ་ལེ་བྱི་ལའི་གཟུགས།། ཀང་ཀ་བྱ་རྒོད་བྱ་རོག་གཟུགས།། སྲེ་མོ་སྨིག་བུ་ཁྱི ་ཡི་གཟུགས།། དེ་ལྟར་བསམས་ཤིང་ཁྲོས་གྱུར་ན།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་།། ཁྲག་ཏུ་སྐྱུག་ཅིང་ངེས་པར་འཆི།། ཁྲོ་བོ་ཀུན་ཡང་བརྒྱ་ལ་འགྱུར་འཆི།། དེ་ཡི་སྔགས་ནི་བརྗོད་བྱ་བ།། ཨོཾ་ན ་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ་མོ་ཧཱ་ཡ་རཀྵ་སྟཾ་བྷ་ཡ་ནན། རྐང་པ་གཡོན་པས་ལིངྒ་མནན།། སྙིང་གར་ལྕགས་ཀྱི་ཕུར་པ་གདབ།། ཐོ་བས་བརྡུང་ཞིང་སྟ་རེས་གཅད།། སྦྲུལ་ནག ་གདེངས་པ་མང་པོས་ཀྱང་།། དེ་ལ་རབ་ཏུ་དཀྲི་ཞིང་གདུག་པར་བསམ།། ཚེ་དང་བསོད་ནམས་ཕྲོག་ནས་ཀྱང་།། བདག་གི་ཙིཏྟའི་བཀྲག་ལ་བྱོན།། ཉོན་མོངས་ལྔ་རྣམས་བསྐུར་ནས་ཀྱང་།། ཡེ་ཤེས་ལྔ་རུ་གནས་པ ་སྟེ།། བདག་དང་གཉིས་སུ་མེད་པར་བྱ།། དེ་ནས་ལས་ཀྱི་སྐལ་བདེ་རུ།། སྦྱིན་སྲེག་ཆ་རྣམས་མཆོད་པར་འབུལ།། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ།། དགྲ་བགེགས་དེ་དག་གཏད་པར་བྱ།། ཕྲིན་ལས་རྣམ་བཞིས་མནན ་ཅིང་བསད།། དེ་ནས་སེམས་ཀྱི་སྐལ་བདེ་རུ།། ཏིང་འཛིན་ཁྲོས་པའི་གཟུགས་ཅན་དང་།། གལ་ཏེ་མ་རུངས་པ་རྣམས་ཀུན།། ཟ་ཞིང་ཁྲོ་ཚུལ་རྔམ་སྟབས་བསྟན།། ཧཱུཾ་ཀ་ར་ཡ་ཏིང་འཛིན་ནི།། ཕྱག་གཉིས་རྡོ་རྗེ་ལུ་གུ ་རྒྱུད།། གཡས་གཉིས་རྡོ་རྗེ་དགྲ་སྟ་གདེངས།། གཡོན་གཉིས་རྔེའུ་ཆུང་ཕུར་བུ་འདྲིལ།། ཞལ་གསུམ་དུག་གསུམ་གཏིང་ནས་རྔུབ།། སྤྱན་དགུ་ཐེག་ཆེན་རྣམ་པར་གཟིགས།། མཆེ་གཙིགས་ཡེ་ཤེས་དུག་གསུམ ་གསོལ།། གསུང་མཆོག་རྣམ་ཐར་རྒྱ་མཚོ་སྒྲོགས།། དེ་ཡི་ཏིང་འཛིན་ཆེར་སྦྱར་ན།། སངས་རྒྱས་ཀུན་ཀྱང་ཕུང་བར་འགྱུར།། འབྱུང་པོ་རྣམས་ལ་སྨོས་ཅི་དགོས།། བཅོམ་ལྡན་ཟླ་གསང་ཆེན་པོ་ལས།། རྩ་བའི་དཀྱིལ ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ལྷ་ཡི་དམ་ཚིག་ཆེན་པོ་ནི།། ལྷ་ཡི་གནས་གསུམ ་འདི་ལྟ་སྟེ།། འདོད་ཁམས་གཟུགས་མས་གཟུགས་མེད་ཁམས། སོ་སོའི་མིང་ངམ་གཟུགས་སུ་བྲི།། ཚངས་པ་བརྒྱ་བྱིན་བིཥྞུ་དང་།། ཁྱབ་འཇུག་མ་ཧཱ་དེ་བ་དང་།། གཞོན་ནུ་ལང་ཚོ་འདུས་པ་རྣམས།། སྙིང་པོ་འདི ་ཡིས་དགུག་པར་བྱེད།། དེ་བ་ཛ་ཛ་དེ་བ་ཛ།། བདག་ཉིད་འཇིགས་པའི་གཟུགས་དང་ལྡན།། ཁྲོས་ཤིང་རྔམ་པའི་ཚུལ་གྱིས་དགུག། བཀུག་ན་སངས་རྒྱས་ཀུན་ཡང་ཁུག། ལྷ་རྣམས་ཀུན་ཀྱང་གདོན་མི་ཟ།། ལྷ་རྣམས ་ཁུགས་པར་གྱུར་པ་ན།། རྡོ་རྗེ་སྟ་རེས་ལྷག་པར་བཏགས།། བྱས་ན་ལྷ་རྣམས་ངེས་པར་འཆི།། དེ་ཡི་སྦྱོར་བ་ཆེན་པོ་ནི།། བདག་ཉིད་འཇིགས་ཚུལ་རབ་ཏུ་རྔམ།། གཤིན་རྗེ་ཁྲོས་ཤིང་གདུག་པར་བྱ།། ལག་ན་ལྕགས ་ཀྱུ་རྣོ་བསྣམས་ནས།། ལྷ་ཡི་སྙིང་ག་ནས་ནི་བཟུང་།། དབབ་ཅིང་རྡོ་རྗེ་ཆེན་པོས་བརྡུངས།། ཕྱག་ན་རྡོ་རྗེའང་འཆི་འགྱུར་ན།། ལྷ་རྣམས་ལ་ནི་གདོན་མི་ཟ།། བདག་ཉིད་ཁྲོས་པའི་གཟུགས་སུ་བྱ།། དེ་ནས་སྔགས་ཀྱི། ་ཚིག་བརྗོད་པ།། ཨོཾ་ན་མཿས་མནྟ་བཛྲ་མུ་ཏི་ནན། ག་རུ་ནན། ཚལ་ཚལ་སུམ་བྷ་ནཾ་སུམ་བྷ། དེ་ལྟར་བསྙེན་ཅིང་རབ་བསྒྲུབས་ན།། སངས་རྒྱས་སོགས་ཀྱང་བརླག་པར་བྱེད།། ལྷ་རྣམས་ལའང་སྨོས་ཅི ་དགོས།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས།། ལྷའི་ཚོགས་བསད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། གནོད་སྦྱིན ་མོ་མ་རུངས་པ།། འདི་དག་ཐམས་ཅད་དགུག་པའམ་བཅིང་བ་ཅི་ལྟར་བགྱི། བཀའ་སྩལ་པ། གནོད་སྤྲིན་ཕོ་མོའི་གཟུགས་བཅས་ལ།། ཕྱག་ན་རྡོ་རྗེ་ཁྲོ་བག་ཆེ།། གཏུམ་ཞིང་འཇིགས་པའི་གཟུགས་སུ་བསམ།། སྤྲུལ ་ནག་རབ་ཏུ་ཁྲོ་བ་ནི།། འཇིགས་པའི་སྐུར་ཡང་རབ་ཏུ་སྣང་།། བདག་གི་དཔྲལ་བའི་དབྱིངས་ཉིད་དུ།། ཡི་གེ་ཧཱུཾ་གི་ཚོགས་འདུས་ནས།། ཕྱག་ན་རྡོ་རྗེ་མང་པོ་འཕྲོས།། ནམ་མཁའི་ཁམས་ཀུན་བཀང་ནས ་ཀྱང་།། གནོད་སྦྱིན་ཕོ་མོའི་ལག་ནས་འཛིན།། སྙིང་ནས་འདྲེན་ཅིང་རྒྱབ་ནས་འཕུལ།། ཁྲོས་པའི་གཟུགས་ཅན་མང་པོས་ཀྱང་།། གནོད་སྦྱིན་ཕོ་མོ་འགུགས་པར་བྱེད།། བདག་གི་ལུས་ཀྱང་ནམ་མཁའ་ཁེབས།། དེ ་ལྟར་བྱས་ཤིང་བསམས་གྱུར་ན།། སངས་རྒྱས་མཐུ་ཡང་མྱུར་དུ་ཐུབ།། སངས་རྒྱས་རྣམ་པར་སྣང་མཛད་ཀྱང་།། ཁྲག་ཏུ་སྐྱུག་ཅིང་མཐུ་སྟོབས་སྟེར།། གནོད་སྤྲིན་རྣམས་ལྟ་སྨོས་ཅི་དགོས།། བདག་ཉིད་ཁྲོས་ཤིང ་འཁྲུགས་པ་ཡིས།། གསང་སྔགས་འདི་དག་བཟླ་བར་བྱ།། ཡཀྵ་ཛཱ་ལ་ས་མ་ཡ་ན་མཿས་མནྟ་བུདྡྷ་ནཱཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ན་མཿས་མནྟ་བུདྡྷ་ནཱཾ། དེ་སྐད་ཅེས་ནི་བརྗོད ་གྱུར་ན།། གནོད་སྦྱིན་སྲོག་ལྟ་སྨོས་ཅི་དགོས།། ཐོ་བ་རྡོ་རྗེ་ལག་ན་ཐོགས།། བཤང་གཅི་ཟས་སུ་བཟའ་བ་དང་།། སྐུ་གསུམ་རྡོ་རྗེ་སྟེར་བའི་མཆོག། སངས་རྒྱས་དྲག་པོ་མཐུ་ཆེན་ཆེ།། སངས་རྒྱས་ཀུན་ཀྱང་གནོན ་པར་བྱེད།། དེས་ནི་གསོད་པའི་ལས་མཆོག་ཡིན།། སངས་རྒྱས་ཀུན་ཀྱང་འགུགས་གྱུར་ན།། གནོད་སྦྱིན་ཕོ་མོ་སྨོས་ཅི་དགོས།། ཆོ་ག་འདི་ཡི་སྦྱོར་བ་ཡིས།། དངོས་གྲུབ་མཆོག་གསུམ་ཐོབ་པར་འགྱུར།། བཅོམ་ལྡན ་འདས་ཟླ་གསང་ཆེན་པོ་ལས། གནོད་སྦྱིན་ཕོ་མོ་དགུག་པའི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ལྷ་མ་ཡིན་དང་ནམ་མཁའ ་ལྡིང་།། ལྟོ་འཕྱེ་དྲི་ཟ་གྲུལ་བུམ་ཚོགས།། འདི་དག་ཞི་བར་བྱ་བའི་དོན།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། སྟོབས་ཆེན་ཁྲོ་བོ་ཆེན་པོའི་གཟུགས།། འདི་དག་རབ་ཏུ་དགུག་པའི་ཕྱིར།། བདག་ནི་རྟ་མགྲིན ་རྒྱལ་པོར་བསྒོམ།། དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་དུ།། ཧྲཱིཿཡི་ཚོགས་ནི་མང་པོ་འཕྲོས།། དབང་མཆོག་རྟ་ཡི་རྒྱལ་པོའི་ཚོགས།། ཕྱོགས་བཅུ་དག་ཏུ་འཕྲོས་ནས་ཀྱང་།། ལྷ་མ་ཡིན་ལ་སོགས་པའི་ཚོགས།། མ་ལུས ་པར་ནི་དགུག་པར་བྱ།། དབང་དུ་སྡུད་ཅིང་ཐལ་བར་བརླག། སྦྲུལ་ནག་འཇིགས་པའི་ཞགས་པ་ཐོགས།། ཁྲོ་བོ་འཁྲུགས་ཤིང་ནག་པོར་འབར།། མཆེ་བ་གཙིགས་ཤིང་རབ་ཏུ་རྔམ།། རྡོ་རྗེ་སེམས ་དཔའ་དབང་དུ་འགྱུར།། ལྷ་མ་ཡིན་སོགས་སྨོས་ཅི་དགོས།། རྡོ་རུས་སོལ་བའམ་སའང་རུང་།། ཏ་ལའི་ཤུན་པའམ་མཱཾ་ས་ལ།། ལྷ་མ་ཡིན་སོགས་གཟུགས་བྲིས་ཏེ།། འདི་ཡི་སྔགས་ནི་བརྗོད་བྱས་ཏེ། ཨ་ནརྀ་ཛ་ཛ། ཀྲོ ་དྷརཱ་ཛ་ལ། ཀཱི་ལ་ཡ། མཱ་ར་ཡ་ནན་ཕཊ། ཨོཾ་ཚིནྣ་ཚིནྡ་ཕཊ། དཱིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུཾ་ཕཊ། བདག་ཉིད་ཁྲོ་བོ་འཇིགས་པའི་གཟུགས།། ཞིང་ལྤགས་གཡང་གཞི་ཀོ་རློན་གོན།། ཐོད་པའི་ཕྲེང་བ་སེ་ར་ལ་ཁ།། གཡས་ན་རྡོ ་རྗེ་རྩེ་ལྔ་འཕྱར།། གཡོན་ན་ལྕགས་ཀྱི་ཕུར་བུ་བརྡེག། སངས་རྒྱས་རྡོ་རྗེ་སེམས་དཔའ་འཆི།། ལྷ་མ་ཡིན་སོགས་རྡུལ་དུ་རློག། དེ་ལྟར་བྱས་ཤིང་བསྒྲུབས་གྱུར་ན།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། བཅོམ་ལྡན ་ཟླ་གསང་ཆེན་པོ་ལས། ལྷ་མ་ཡིན་དགུག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀླུ་མ་རུངས་པ་འདི་དག་ཐམས་ཅད་ཇི ་ལྟར་དགུག་པར་བགྱི།། དགུག་པའི་ཐབས་ནི་ཇི་ལྟར་དགུག། བསད་པའི་ལས་ནི་ཇི་ལྟར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཉིད་དབང་གི་ལྷར་གྱུར་ནས།། དེ་ཡི་ཐུགས་ཀྱི་དཀྱིལ་འཁོར ་དུ།། ཡི་གེ་ཧཱུཾ་གི་ཚོགས་བསྐྱེད་ནས།། དེ་ནས་སྣ་ཡི་དབུགས་སུ་དྲི།། ཕྱོགས་བཅུར་འཕྲོས་པས་རྒྱལ་བའི་ཐུགས།། སླར་བསྡུས་གཉིས་སུ་མེད་པར་སྦྱར།། དེ་ནས་ཕྱག་ན་རྡོ་རྗེ་ཉིད།། ཁྲོས་ཤིང་འཁྲུགས་ནས་རྔམ ་པའི་ཚུལ།། ཀླུ་རྣམས་རབ་ཏུ་འགུགས་པར་བསམ།། ཁྲོ་བོའི་གཟུགས་བརྙན་ཀུན་འདུས་ནས།། སངས་རྒྱས་ཀུན་ཡང་འགུགས་འགྱུར་ན།། ཀླུ་རྣམས་ལ་ནི་གདོན་མི་ཟ།། དེ་ཡི་སྔགས་ནི་བརྗོད་བྱ་བ།། ཨོཾ་ནཱ་ག་ཛ།། ་ནཱ་ག་ས་མ་ཡ་ཛ། ན་ནི་ན་ཛ། ས་མ་ཡ་ཛ། ཁྲག་དང་ཀེ་ཚེ་ལན་ཚྭར་སྦྱར།། བ་ཡི་ལྕི་བ་སོལ་ཕྱེད་དང་།། སྐེ་ཚེ་རུས་པའི་ཕྱེ་མ་དང་།། མར་དང་སྦྱར་ལ་གཟུགས་སུ་བྱ།། མ་རུངས་ཀླུ་རྣམས་སྙིང་ག་རུ།། ལྕགས་ཀྱི ་ཕུར་པ་སོར་བརྒྱད་པས།། མ་རུངས་པ་ཡི་སྙིང་གར་གདབ།། བདག་ཉིད་ཁྲོས་ཤིང་འཁྲུགས་པ་ཡི།། ཕྱག་ན་རྡོ་རྗེའི་གཟུགས་སུ་བྱ།། དེ་ཡི་སྤྲུལ་པའི་འཁོར་ཚོགས་ནི།། བྱ་ཁྱུད་རླབས་ཆེན་མང་པོ ་དང་།། འདབ་ཆགས་རྒྱུ་ཞིང་མགོ་བརྙན་སྦྲུལ།། དེ་ལྟར་བཀུག་ཅིང་དབང་བསྡུས་ན།། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་ཁུག། ཀླུ་རྣམས་ལ་ནི་གདོན་མི་ཟ།། ཕྱག་ན་རྡོ་རྗེ་ཞལ་གསུམ་པ།། ཞབས་དྲུག་ཀླུ ་རྣམས་ཐམས་ཅད་བརྫིས།། གཡས་ཀྱི་གསུམ་ན་བསྣམས་པ་ནི།། ཁ་ཊྭཱཾ་རྩེ་གསུམ་འབར་བས་རྒོལ།། རྡོ་རྗེ་ཆེན་པོས་འཐག་ཅིང་བརྡུང་།། འཁོར་ལོ་འབར་བས་དུམ་བུར་གཅོད།། གཡོན་གྱི་ཕྱག་ན་བསྣམས་པ ་ནི།། རཀྟ་བྷན་དམར་དང་པོར་གཏོར།། བར་མ་ལྕགས་ཀྱུ་དཀར་དམར་འདྲེན།། ཟ་མ་ཞགས་པས་འཆིང་ཞིང་བསྡོམ།། མཆོག་གི་སྦྱོང་བ་འདི་བྱས་ན།། སངས་རྒྱས་ཉིད་དང་འདྲ་བ ་ཡིན།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། ཀླུའི་མཆོག་གི་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། མུ་སྟེགས་ལོག་ལྷའི་ལྷ ་བ་ལ།། ཞེན་ཅིང་འཆེལ་བའི་གང་ཟག་དང་།། དམ་ཉམས་བཀའ་ལ་སྨོད་པ་དང་།། ལོག་ལྟ་དུག་ཆེན་སྐྱོན་ཆེན་དང་།། ལོག་པར་བྱེད་པའི་མུ་སྟེགས་དང་།། རྒྱལ་བའི་བཀའ་ལ་སྨོད་འགྱུར་རྣམས།། ཇི་ལྟར་མནན ་ཞིང་བརླག་པར་བགྱི།། དེ་སྐད་ཅེས་ནི་གསོལ་པ་དང་།། ཉོན་ཅིག་ཕྲ་མོའི་སེམས་དཔའ་རྣམས།། མུ་སྟེགས་ལོག་ལྷའི་ལྷ་རྣམས་དང་།། གང་ཟག་སྐྱོན་ཅན་ལྷ་རྣམས་ལ། ཆོ་ག་གོང་མ་བཞི་སྦྱར་ན།། སངས་རྒྱས་རྡོ ་རྗེ་སེམས་དཔའ་ཡང་།། སྐམས་སམ་ཡང་ན་འཆི་བར་འགྱུར།། གལ་ཏེ་ཤི་བར་མ་གྱུར་ན།། སྤོགས་པའི་ཆོ་ག་འདི་དག་བརྩམས། དཀྱིལ་འཁོར་ས་ཕྱོགས་ལེགས་པ་རུ།། བྱིན་གྱིས་བརླབས་ཤིང་ཐིག་གདབ ་བོ།། འཁོར་ལོ་རྩིབས་བརྒྱད་འབར་བའི་ཐིག། འབར་བའི་བར་ཁྱམས་གསུམ་དུ་བྱ།། སྒོ་ཁྱམས་འབར་བ་ཆེན་པོར་བྱ།། དེ་དབུས་གྲུ་གསུམ་འབར་བ་ལ།། རྡོ་རྗེ་གཞོན་ནུ་འཁོར་བཅས་ནི།། ཡབ་ཡུམ་གཉིས་སུ ་མེད་པར་སྟོན།། ཤར་དུ་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དགོད།། ལྷོ་རུ་ང་རྒྱལ་རྡོ་རྗེ་ཡབ་ཡུམ་དགོད།། ནུབ་ཏུ་འདོད་ཆགས་རྡོ་རྗེ་ཡབ་ཡུམ་དགོད།། བྱང་དུ་ཕྲག་དོག་རྡོ་རྗེ་ཡབ་ཡུམ་དགོད།། རྩིབས་མཚན་བཞི་ནི་ཡུལ་དུ ་དགོད།། འབར་བའི་བར་ཁྱམས་དང་པོ་ལ།། ཁྲོ་རྒྱལ་ཡབ་ཡུམ་ཉི་ཤུ་དགོད།། ཟ་གསོད་ཡབ་ཡུམ་ཉི་ཤུ་ཡང་།། འབར་བའི་བར་ཁྱམས་དང་པོ་ལ།། རིམ་བཞིན་དགོད་ཅིང་ངེས་པར་བཞག། འབར་བའི་བར ་ཁྱམས་གཉིས་པ་ལ།། དབང་ཕྱུག་ཆེན་མོ་བརྒྱད་རྣམས་དགོད།། འབར་བའི་བར་ཁྱམས་གསུམ་པ་ལ།། ཕྲ་མེན་བརྒྱད་དང་སྤྲུལ་པའི་ཚོགས།། མ་ལུས་པར་ནི་དགོད་པར་བྱ།། ཕྱི་ཁྱམས་ལྕགས་རི་ནག་པོ ་ལ།། དབང་ཕྱུག་ཉི་ཤུ་བརྒྱད་རྣམས་དགོད།། སྒོ་བཞིར་ཁྲོ་ཆེན་བཞི་རྣམས་དང་།། སྒོ་མ་བཞི་རྣམས་བཅས་ཏེ་དགོད།། ཐོད་པ་སྐམ་རློན་ཕྲེང་བས་བསྐོར།། དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ།། མཆོད་ཅིང་དམ་ཚིག ་རྗེས་སུ་བསྐུལ།། བདག་ཉིད་དམ་ཚིག་རྗེས་དགོངས་ན།། ལས་ཀྱི་ལྷ་སྟེ་ཧེ་རུ་ཀ། འཇིགས་པ་དག་ཀྱང་འཇིགས་འཇིགས་འདྲ།། འཁོར་བའི་གཟུགས་ཅན་མང་པོ་འབྱུང་།། ཐམས་ཅད་རྒྱུག་ཅིང་དབང་དུ་སྡུད།། ལ ་གཅིག་ཁྲོས་པ་ཐམས་ཅད་ཀྱིས།། སངས་རྒྱས་ཀུན་ཀྱང་འགུགས་པར་བྱེད།། མུ་སྟེགས་ལོག་ལྟ་ཅན་རྣམས་དང་།། མ་ལུས་པར་ནི་གསད་པར་བྱ།། ཆོ་ག་འདི་ཡི་སྦྱོར་བ་ཡིས།། སངས་རྒྱས་ཁྲག་ཏུ་སྐྱུགས་ཤིང ་འཆི།། དེ་ཡི་སྔགས་ཀྱི་སྦྱོར་བ་ནི།། གསང་སྔགས་འདི་དག་བརྗོད་པར་བྱ།། ཨཱིཾ་ན་མཿས་མནྟ་བུདྡྷ་ནཱན། ཨཽ་ཀཱི་ལི་ནི་སྭཱ་ཧཱ། ལྕགས་སམ་སེང་ལྡེང་ཕུར་པ་ལ།། སྐུ་གསུང་ཐུགས་སུ་བྱིན་གྱིས ་བརླབས།། ཨོཾ་ཀཱ་ཡ་བཛྲ། ཨཱ་ཝཱ་ཀ་བཛྲ། ཧཱུཾ་ཙིཏྟ་བཛྲ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། གྷ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ། ཀི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ ་ཙིཥྛ་བཛྲ་ཀི་ལ་ཡ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་ནི་བཟླས་གྱུར་ན།། སངས་རྒྱས་སྐུ་ཡང་འཇིག་པར་འགྱུར།། གདུག་པ་ཅན་རྣམས་སྨོས་ཅི་དགོས།། ཆོ་ག་འདི་ཡི་སྦྱོར་བ་ཡིས།། སངས་རྒྱས་ཀུན་གྱི་དངོས་གྲུབ ་བརྙེས།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། ཆོ་ག་སྦྱོར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། སྲིན་པོ་མ་རུངས་པ ་འདི་དག་ཐམས་ཅད་ནི་ཇི་ལྟར་ཞི་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྲོ་བདག་གཏུམ་ཞིང་འཇིགས་པའི་ཚུལ།། སྲིན་པོ་མ་རུངས་གླུ་བླངས་ཤིང་།། སྲིན ་པོ་རྣམས་ནི་དགུག་པར་བྱ།། སྔགས་ཀྱི་བརྗོད་ཅིང་ཚིག་གིས་བསྐུལ།། གསང་སྔགས་འདི་དག་བརྗོད་པར་བྱ།། རཀྵ་ས་མ་ཡ་ཛ། ཕུ་ལུ་ན་ལ་ཛ། ཀྵཾ་བ་རི་ཛ། རཀྵ་ཤམ་བ་ཛ་ཛ། བདག་ཉིད་ཁྲོས་ཤིང་ལིངྒའི ་ཚུལ།། རྔམ་པའི་ཚུལ་གྱིས་དགུག་པར་བྱ།། བདག་ཉིད་ཁྲོས་ཤིང་འཇིགས་པའི་གཟུགས།། གྱད་ཀྱི་དོར་བའི་ཚུལ་དུ་བྱ།། དེས་ནི་བདག་ཉིད་ཆེན་པོའང་ཁུག། སྲིན་མོ་རྣམས་ནི་སྨོས་ཅི་དགོས།། ཁྲག་དང་རུས་པ ་ལས་བྱས་པའི།། ལིངྒ་སྐུ་གནག་ཉིད་དུ་བྱ།། སྲིན་པོ་ཕོ་མོ་དེ་ལ་དགུག། བདག་ཉིད་ཁྲོས་པའི་གཟུགས་སུ་བྱ།། ལྕགས་ཀྱི་སྟ་རེ་ལག་ཏུ་ཐོགས།། རྐང་པ་གཡོན་པས་ལིངྒ་མནན།། སྟ་རེས་མེད་པ་གཅད་པར ་བྱ།། སྙིང་ལ་ཟོས་པར་བསམས་གྱུར་ན།། སངས་རྒྱས་རྣམ་པར་སྣང་མཛད་ཀྱང་།། ཁྲག་ཏུ་སྐྱུག་ནས་འཆི་བར་འགྱུར།། སྲིན་པོ་རྣམས་ལ་གདོན་མི་ཟ།། མཆོག་གི་སྦྱོར་བ་དེ་བྱས་ན།། སངས་རྒྱས་ཀུན་གྱི་དངོས ་གྲུབ་ཐོབ།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས།། སྲིན་པོ་གདུལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ།། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་བྱོལ་སོང་རིགས་ཅན་རྣམས་རབ་ཏུ་བརླག་པར་བགྱི་འཚལ་ན།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྟ་དང་སེང་གེ་ཁྱུ་མཆོག་དང་།། སྟག་དང་སེང་གེ་གཟིག ་ཆེན་དང་།། དྲེད་དང་དོམ་དང་དྲེད་མོ་དང་།། གུང་དང་བྱི་ལ་སྲེ་མོ་དང་།། སྦྲང་ཀི་གཡི་དང་འཕར་བ་དང་།། སྡེར་ཆགས་ཆུ་འབྱིན་ཕག་རྒོད་དང་།། བསེ་དང་ཁ་སྒོ་སྲིན་བུ་དང་།། ཉ་མིད་རུས་སྦལ་ཆུ་སྲིན ་དང་།། ཅེ་སྦྲང་སྡེར་ཆགས་མང་པོ་དང་།། བ་ལང་གླང་ཆེན་པ་མེན་དང་།། ཤ་བ་ཤན་པར་སྤྲེའུ་ཆེན་དང་།། ལུག་དང་ར་དང་བོང་བུ་དང་།། རྔ་མོ་དུང་དང་མིག་ཆེན་དང་།། སྦྲུལ་དང་བྱི་ཤུ་པགས་ཤུ ་དང་།། ཁ་དང་ཆུ་ལི་རུ་མིག་དང་།། རྐང་མང་རྐང་མེད་ལྟོ་འཕྱེད་དང་།། ཁྱུང་དང་བྱ་རོག་འུག་པ་དང་།། ངང་པ་ཁྲུང་ཁྲུང་བྱ་གག་དང་།། རྨ་བྱ་རི་སྐེགས་ངུར་པ་དང་།། ནེ་ཚོ་ཁུ་བྱུག་ཤང་ཤང་ཏེའུ།། སྒྲ་འབྱིན་ཀུ་ཁུག ་ཤིང་སྟག་དང་།། ཀན་ཏི་སྒྲ་འབྱིན་དང་།། རྩ་ནི་རྩ་རྨ་རོ་འབེ་དང་།། འདི་དག་མ་ལུས་ཐམས་ཅད་ཀྱི།། མིང་དང་གཟུགས་བརྙན་བྲི་བར་བྱ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བཤང་དང་གཅི་དང་སོལ་བ ་ལ།། གང་དགུག་པ་ཡི་གཟུགས་བྱས་ནས།། བདག་ཉིད་ཁྲོ་བོའི་ཚུལ་དུ་བྱ།། དེ་ནས་སྔགས་ནི་འདི་དག་བརྗོད།། ཧྲི་ས་མ་ཡ་ཛ།། ཨཱིཾ་ཀྵི་ཏི་ཀྵི་ཏི།། ཨཱིཾ་ན་མཿས་མནྟ་བུདྡྷ་ནཱཾ།། ཨཱིཾ་གྷ་གྷ། གྷ་ཏ་ཡ་གྷ་ཏ་ཡ།། སརྦ ་དུཥྚཱན་ཕཊ།། ཀཱི་ལ་ཡ་ཀཱི་ལ་ཡ།། སརྦ་པཱ་པཾ་ཕཊ།། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ།། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི།། ཀཱ་ཡ་ཝཱ་ཀ་ཙིཏྟ།། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ།། ཨོཾ་བཛྲ་བཛྲ།། བདག་ཉིད་ཁྲོས་པའི་ཚུལ་ཆེན་ལས།། མི་རུས་སེང་ལྡེང ་ལྕགས་ལས་བྱས།། སོར་བརྒྱད་པ་ཡི་ཚད་ཆེན་ལས།། གཤིན་རྗེ་གཤེད་པོར་བདག་བསྒོམ་སྟེ།། ཕུར་བུ་འདྲིལ་ཞིང་བཏབ་བསམས་ན།། གཤིན་རྗེའི་གཤེད་ཀྱི་རྒྱ་ཆེན་ཡིན།། ཞག་ནི་གསུམ་ནི་ཚུན་ཆད ་ཀྱིས།། བརྒྱལ་ཞིང་ཁྲག་ཏུ་སྐྱུག་ནས་ཀྱང་།། འཆི་བར་འགྱུར་བ་གདོན་མི་ཟ།། དངོས་གྲུབ་འབྱོར་པ་འདི་བྱས་ན།། ཀུན་ཏུ་བཟང་པོའི་དངོས་གྲུབ་ལེན།། བདག་ཉིད་གཤིན་རྗེ་ལྟར་བྱས་ལ།། སྡང་མིག་ཁྲོ་ཞིང ་འཇིགས་པར་བལྟ།། ཕ་རོལ་དམག་ཚོགས་གཞོམ་འདོད་ན།། བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམ།། བདག་ཉིད་སྙིང་གི་དཀྱིལ་འཁོར་ནས།། ཡི་གེ་ཧཱུཾ་ཆེན་མཐིང་ནག་འཕྲོས།། ཕྱག་ན་རྡོ་རྗེ་གྲངས་མེད་པས།། ཕ ་རོལ་དམག་ཚོགས་འཇོམས་པར་བསམས།། གསང་སྔགས་འདི་དག་བརྗོད་པར་བྱ།། ཨོཾ་བཛྲ་རཱ་ཛ་ཧཱུཾ་བཛྲ་ཀི་ལ་ཡ་མཱ་ར་ཡ་ཕཊ།། ཆོ་ག་འདི་ཡི་སྦྱོར་བ་ཡིས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ།། བཅོམ་ལྡན ་འདས་ཟླ་གསང་ཆེན་པོ་ལས།། བྱོལ་སོང་གི་དམག་དཔུང་གཞོམ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ།། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཡི་དྭགས་ཀྱི་སྡུག ་བསྔལ་ནི་ཇི་ལྟར་ཞི་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བདག་ཉིད་གཤིན་རྗེའི་ཚུལ་དུ་བྱ།། དབང་དུ་བསྡུ་ཞིང་དགུག་པར་བྱ།། ཁྲག་གི་ཞིང་ཆེན་ལས་བྱས་པའི།། སྐྱེམ་ཞིང་རིད་པའི་གཟུགས ་བྲིས་ལ།། ཡི་དྭགས་རྣམ་པར་དགུག་པར་བྱ།། ས་མཱ་ཛ་ཛ།། ཨོཾ་སརྦ་དུཥྚཱན་ཕཊ།། ཡཀྵ་ཀྲོ་དྷ་དུཥྚན་ཕཊ།། འཇིགས་ཤིང་བགྲད་པའི་གཟུགས་སུ་བསམ།། དེས་ནི་རྡོ་རྗེ་སེམས་དཔའ་འང་ཁུག། ཡི་དྭགས་སྡུག ་བསྔལ་རྣམ་པ་རྣམས།། མ་ལུས་པར་ནི་ཁུགས་པར་འགྱུར།། དེ་ནས་གཟུགས་ལ་ཕབ་ནས་ཀྱང་།། ལྕགས་ཀྱི་ཕུར་བུ་སོར་བརྒྱད་པ།། སྙིང་གི་དཀྱིལ་དུ་བརྒྱབ་ནས་ཀྱང་།། རྨད་དུ་བྱུང་བའི་གཏོར་མ ་བཅས།། རྒྱལ་བའི་ཚོགས་སུ་དབུལ་བར་བྱ།། དེ་ལྟར་སྦྱོར་བ་ཆེར་བྱས་ན།། དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར།། བཅོམ་ལྡན་ཟླ་གསང་ཆེན་པོ་ལས། ཡི་དྭགས་གདུལ་བའི་ལེའུ་སྟེ་བཅུ་དྲུག ་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ།། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཚ་གྲང་སྡུག་བསྔལ་མི་བཟད་པ།། འདི་ཡི་སྦྱོར་བ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།། བདག་ཉིད་གཤིན་རྗེ་ཁྲོས་པའི་ཚུལ།། ཁྲོ་བོ་གཤིན་རྗེ་གཤེད་པོར་བསྒོམ།། གྲོང་ཞིང་ཚ་ཞིང་འདར་བའི་གཟུགས།། གྲོ་གའམ་ཤིང་ཤུན་རས་ལ་བྲི།། གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས།། ཡི་གེ་ཛ་ཞེས ་བྱུང་ནས་ཀྱང་།། དེ་ལ་ལྕགས་ཀྱུ་དཀར་པོ་འཕྲོས།། ལྕགས་ཀྱུ་དེ་དག་ཐམས་ཅད་ལ།། དབང་གི་ལྷ་མོ་བསམ་མི་ཁྱབ།། རང་རྟགས་འབར་བའི་ཕྱག་མཚན་བསྣམས།། ཐུགས་རྗེའི་ལྕགས་ཀྱུ་དེ་དག་གིས།། དམྱལ ་བའི་གནས་ནས་བཀུག་ནས་ཀྱང་།། ལིངྒ་ལ་ནི་ཕོབ་ནས་ཀྱང་།། རྡོ་རྗེའི་གླུ་ནི་བླངས་བྱས་ཏེ།། ཡེ་ཤེས་ལྷ་མོ་ཐུགས་རྗེའི་བདག། བདེ་བར་གཤེགས་པའི་ཕོ་ཉ་མོས།། ཚ་གྲང་སྡུག་བསྔལ་གནས་ནས་བཀུག། ཚ ་གྲང་སྡུག་བསྔལ་ཞི་བར་མཛོད།། དེ་ནས་བདག་ཉིད་ཞི་བའི་སྐུ།། ཆ་ལུགས་འཛུམ་པར་བྱས་ནས་ནི།། དངུལ་གྱི་ཕུར་པ་ཆེན་པོ་ཞིག། དེ་ཡི་སྙིང་གི་དཀྱིལ་དུ་གདབ།། ཨཱིཾ་ན་མཿས་མནྟ་བུདྡྷ་ནཱཾ།། བཛྲ་ཀཱི་ལ ་ཡ།། ཨོཾ་གྷ་གྷ། གྷ་ཏ་ཡ།། གྷཱ་ཏ་ཡ།། སརྦ་དུཥྚན་ཕཊ།། ཀཱི་ལ་ཡ།། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ།། ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི།། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ།། མཆོག་གི་སྦྱོར་བ་དེ་བྱས ་ན།། སངས་རྒྱས་བྱང་ཆུབ་སེམས་དཔའ་འང་ཁུགས།། ཚ་གྲང་སྡུག་བསྔལ་སྨོས་ཅི་དགོས།། དེ་ཡི་སྦྱོར་བ་བྱས་གྱུར་ན།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ།། བཅོམ་ལྡན་ཟླ་གསང་ཆེན་པོ་ལས། ཚ་གྲང་གི་སྡུག ་བསྔལ་ཞི་བར་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བགེགས་ཆེན་བཞི་པོ་འདི་དག ་དང་།། དྲེགས་པ་མཐུ་ཆེན་མ་རུངས་པ།། འདི་དག་རབ་ཏུ་ཇི་ལྟར་གཞིག། རྡོ་རྗེ་སློབ་དཔོན་སྨོད་བྱེད་དང་།། ཐེག་པ་མཆོག་ལས་ལོག་པ་ཡི།། མ་རུངས་སྒྲོ་སྐུར་འདེབས་པ་རྣམས།། འདི་དག་བརླག་པ་ཇི་ལྟར ་བགྱི།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནེའུ་ནི་ཝ་དང་རྣམ་པར་འཇིགས།། སོ་གཅིག་ལ་སོགས་རྣམ་པ་བཞི།། རྣམ་པ་སྤྲིན་གྱི་སྒྲོན་མ་དང་།། རྡོ་རྗེའི་མཆུ་དང ་བི་ན་ཀ། བཅོམ་ལྡན་འདས་ཀྱིས་གདོན་གྱི་རིམ།། གྲོག་གའམ་རས་སམ་ཤིང་ཤུན་ལ།། གཟུགས་སམ་མིང་རུས་བྲིས་ནས་ནི།། འཁོར་བ་ཅན་གྱི་གཞལ་ཡས་སུ།། ཁྲུ་གང་གྲུ་བཞིའི་ཚད་དེ་ལ།། དྲི ་ཞིམ་ཙནྡན་ལྡེ་གུས་བསྐུ།། ལྷ་རྣམས་རིམ་པར་དགོད་པར་བྱ།། ཡབ་ཡུམ་བཅུ་པོ་ཚུལ་བཞིན་གནས།། གནས་དང་ཡུལ་གྱི་ཕྱག་རྒྱ་རྣམས།། སོ་སོའི་གནས་སུ་དགོད་པར་བྱ།། སྒོ་བ་བཞི་ཡང་ཚུལ་བཞིན ་དགོད།། བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ།། བགེགས་ཆེན་འདི་དག་དགུག་པའི་ཕྱིར།། བདག་ཉིད་ཁྲོས་ཤིང་རྔམ་པའི་ཚུལ།། ཁྲོས་པའི་ཚུལ་གྱིས་བཀུག་གྱུར་ན།། བགེགས་རྣམས་འདི་དག་སྨོས་ཅི ་དགོས།། དེ་ཡི་གསང་སྔགས་བརྗོད་པར་བྱ།། མཱ་ར་ཡ་ས་མཱ་ཛ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ། ཤྲཱི་ཧེ་རུ་ཀ་ཛཿཧཱུཾ་བཾ་ཧོཿ། བདག་ཉིད་ཁྲོས་ཤིང་བསྐུལ་གྱུར་ན།། རྡོ་རྗེ་སེམས་དཔའང་ཁྲག་ཏུ་སྐྱུག། བགེགས་ཆེན་རྣམས་ནི་སྨོས ་ཅི་དགོས།། སྦྱོར་བ་ཆེན་པོ་དེ་བྱས་ན།། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ།། བཅོམ་ལྡན་ཟླ་གསང་ཆེན་པོ་ལས། གེགས་ཞི་བར་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང་།། དམངས་རིགས་གདོལ་པ་ཅན་གྱི་རིགས།། མུ་སྟེགས་རལ་པ་གཅེར་བུ་དང་།། ཀཏྱ་བུ་དང་ནོག་ཅན་དང་།། བུ་མོ་མིག་རེངས་མ་ལུས ་དང་།། ལྷ་མོ་ཀླུ་མོ་རིགས་ངན་སོགས།། བཤན་པ་གསོད་པའི་རིགས་ཅན་དང་།། མ་རུངས་གནོད་པའི་རིགས་ཅན་གང་།། འདི་དག་གསོད་པའི་སྦྱོར་བ་བྱ།། ཚད་མེད་སྙིང་རྗེ་བསྐྱེད་ནས་ཀྱང་།། བྱང་ཆུབ་སེམས ་ནི་གཟུང་བར་བྱ།། དེ་ཡི་སྦྱོར་བ་ཆེན་པོ་ནི།། བདག་ཉིད་ཁྲོས་ཤིང་འཇིགས་པའི་གཟུགས།། བ་གླང་ཁྱི་ཤ་རྟ་ཤ་དང་།། ཤ་རྣམས་གཙང་སྨེ་མེད་པར་བཟའ།། སེམས་ཅན་སྲོག་ཀྱང་གཅད་པར་བྱ།། རྣལ་འབྱོར་རིག ་པ་འཛིན་པ་དག། འབྱུང་པོ་ཁྲག་གི་དྲི་སྣོམ་ཚུལ།། མ་ཀུན་རྔམ་པའི་ཆ་ལུགས་སུ།། སྲིན་མོ་མི་སྡུག་འཇིགས་པའི་གཟུགས།། ལིངྒ་སྲིན་མོའི་ཚུལ་ལྟར་བསྒོམ།། སྦྲུལ་ནག་ཙནྡ་ཆེན་པོར་བསྒོམ།། དེ་ནས་ལས་ཀྱི ་སྟེགས་བུ་དག། ལས་ཀྱི་སྐྱེས་བུ་ཆགས་བྱེད་པས།། མེ་རིས་བསྐོར་ཏེ་བྲི་བར་བྱ།། དཀྱིལ་འཁོར་དེ་ཡི་མཎྜལ་ནི།། སུམ་བརྩེགས་བྱ་བའི་དབུས་ཟླ་གམ།། འཁོར་ལོ་རྩིབས་བརྒྱད་མཛེས་པར་བྱ།། དེ་ཡི་མཐའ ་མཐོད་པས་བསྐོར།། མེ་དཔུང་འབར་བས་དེ་མཐའ་བསྐོར།། དམར་ཆེན་རྒྱས་པས་དེ་མཐའ་བསྐོར།། བཅོམ་ལྡན་དཔལ་ཆེན་ཟླ་གམ་དབུས།། ཟླ་གམ་བརྒྱད་ལ་གནས་བརྒྱད་དག། མཐིང་ནག་ཡ་ཐ་མེ་རི ་འབར།། ད་འོག་ཐོད་པ་ཚར་གསུམ་དང་།། སྒོ་ཁྱམས་དུར་ཁྲོད་རྫས་ཀྱིས་བསྐོར།། རྣམ་བཞིའི་ལས་ཀྱི་དཀྱིལ་འཁོར་བརྩམ།། དཀྱིལ་འཁོར་བསྐལ་པ་འཇིགས་བྱེད་དུ།། ཕྱག་རྒྱ་འབར་བ་ཟ་བྱེད་ཀྱིས།། ཐར་བར ་རྩད་ནས་བསྒྲལ་བར་བྱ།། བདག་ཉིད་འཇིགས་པའི་གཟུགས་ཅན་གྱིས།། མ་རུངས་པ་རྣམས་དགུག་པར་བྱ།། ཨོཾ་ནརྀ་ཛ། བཛྲ་ཨཾ་ཀུ་ཤ་ཛ།། ནརྀ་ཛ་ནརྀ་ཛ་ནརྀ་ཛ། ས་མ་ཡ་ནརྀ་ཛ། ལིངྒ་སྨུག་ནག་འཆེར་བ ་ལ།། ནརྀ་ཞེས་བྱ་བས་དབབ་པར་བྱ།། གོང་མའི་སྔགས་དང་ཚིག་གིས་བསྐུལ།། དེ་ལྟར་བསྐུལ་ཞིང་བསྒྲུབས་གྱུར་ན།། སངས་རྒྱས་རྣམ་པར་སྣང་མཛད་ཀྱང་།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས།། སྐམས་སམ་ཡང་ན ་འཆི་བར་འགྱུར།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས།། མི་མྱུར་དུ་བསྒྲལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་གསུངས་སོ།། དཀྱིལ་འཁོར་གྲུ་བཞི་ལྡན་པ ་ལ།། དུར་ཁྲོད་གོ་མ་ཡེ་རུ་བྱ།། གྲུ་བཞིར་མཎྜལ་བཞི་བྱས་ལ།། བཞི་ལས་དེ་བཞིན་ཆག་རེ་བསྲེག། དེ་ལ་མ་ཏྲཾ་གཟུགས་སུ་བྱ།། དབུས་སུ་སྙིང་ག་མན་ཆད་བསྣོལ།། མཎྜལ་ཆེན་པོའི་འོག་ཏུ་གཞུག། འཁོར་ལོ ་འབར་བ་བཞི་ཡི་ཐིག། དཔལ་ཆེན་ལྔ་ཡི་ཕྱག་རྒྱ་བཅའ།། འབར་བའི་བར་ཁྱམས་བཞི་དག་ལ།། གནས་དང་ཡུལ་གྱི་ཕྱག་རྒྱ་དགོད།། སྒོ་བཞི་རྡོ་རྗེ་ར་བ་བཞི།། མགོ་བརྙན་ཡན་ལག་སྤྲུལ་པའི་གནས།། དེ་ནས་ཕྱི ་ཁྱམས་ཆེན་པོ་ལ།། རྡོ་རྗེ་མེ་རི་ཕྲེང་ཆེན་བཏང་།། སྐམ་དང་ར་རི་རློན་པས་བསྐོར།། མེ་དཔུང་བསྐལ་པའི་བུ་ཡུག་བྲི།། སྒོ་བཞིར་གྲུ་གུ་རྡུལ་དང་སྦྲུལ་གྱི་ཕྲེང་།། བྷནྡྷ་དཔལ་ཆེན་ལྡན་པ་ལ།། དཔལ་ཆེན་ཡིག་བྲིས ་ཁ་སྦྱར་ཡུམ།། ཀ་བ་བཅུ་ལ་སོགས་པ་ལ།། བརྒྱད་བྲི་དབུས་སུ་གནོད་པར་བྱ།། ལས་བྱེད་བརྒྱད་དམ་བཅུ་གཉིས་བྲི།། འབྱུང་པོ་གདོལ་པ་ང་རྒྱལ་ཅན།། ཆགས་སྡང་ཏི་མུག་རྒྱུ་ཡིས་བསླད།། འབྱུང་པོ་དུག་གསུམ ་བཤིག་པའི་ཕྱིར།། རྣལ་འབྱོར་སྒྲུབ་པ་ཆེན་པོ་བཤད།། རུ་དྲ་ལྔ་ཡི་ཉོན་མོངས་ཅན།། ཡེ་ཤེས་ཆེན་པོ་ལྔས་གཞོམ་ཕྱིར།། ཚོགས་བདག་དཔལ་ཆེན་ཧེ་རུ་ཀ། འཇིགས་པ་ཆེན་པོ་འཇིགས་པ་རུ།། ཁྲོ་བའི་མིག་ཅན ་སྤུ་གྲི་ཐོགས།། མ་རིག་མུན་པའི་སྒོ་ཕྱེ་ནས།། རྩ་ཡི་དབུས་ནས་བཟུང་ནས་ཀྱང་།། སྙིང་རྗེ་ཆེན་པོ་མཉམ་པ་ཡིས།། དྲེགས་པ་ཆེན་པོ་གཞོམ་པ་དང་།། འཁོར་བའི་དགྲ་བགེགས་གསད་པའི་ཕྱིར།། ཁྲོ་ཚོགས་རྔམ ་པའི་སྤྲིན་འཕྲོས་པས།། རྔམ་པ་གཏུམ་འཐུང་མགྱོགས་པའི་ཚུལ།། སེང་གེ་སྟག་དང་དོམ་དང་དྲེད།། ཕྱག་བརྙན་ཕྱག་ཆེན་ཕབ་ནས་ནི།། ཤ་དང་རུས་པ་ཁྲག་ལ་དགའ།། མ་ལུས་པར་ནི་གསང་ནས་སུ།། མགོ་ནི་ལྷོ ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བཏིང་།། དུར་ཁྲོད་དབང་ཕྱུག་པ་ཉིད་ཆེ།། ཡེ་ཤེས་སྐུ་སྟེ་སངས་རྒྱས་མཆོག། གནོན་པའི་དམག་ཚོགས་ཐུགས་རྗེ་ཅན།། ཡེ་ཤེས་རྣོན་པོ་མཚོན་ཆ ་ས།། དགྲ་བགེགས་མ་ལུས་རྒྱུན་བཅད་ནས།། དཀྱིལ་འཁོར་གྲུ་བཞི་ཐབ་བཞི་བརྩིག། ཞི་རྒྱས་དབང་དང་མངོན་སྐྲོད་བཞིན།། དབུས་སུ་འཁོར་ལོ་ཐོག་ཏུ་བརྩིག། ཤར་ལྷོ་ནུབ་བྱང་དཀར་སེར་དམར།། མཐིང ་གནག་པོ་ཐལ་མཆོག་སྦྱར།། ཤར་ཕྱོགས་ཟླུམ་པོ་པདྨ་བཞི།། མ་ཕྱོགས་ཟླ་གམ་ཟུར་བརྒྱད་རྒྱས།། ནུབ་ཕྱོགས་ཟླ་གམ་གཞུ་དབྱིབས་དབང་།། བྱང་ཕྱོགས་ཟུར་གསུམ་མངོན་སྤྱོད་དྲག། སྙིང་ག ་ཁོར་བའི་ཟབ་ཏུ་བྱ།། རིགས་ཀྱི་ཡབ་ལྔ་བརྩིགས་པར་ཝ།། མི་ཤེས་འབྲེལ་བ་ལྔ་ཡི་ཧོམ།། ཐུགས་རྗེ་ལྔ་ཡི་ཧོམ་ཁུང་དུ།། ཉོན་མོངས་ལྔ་ཡི་ཡམ་ཤིང་ལ།། ཡེ་ཤེས་ལྔ་ཡི་མེ་སྦར་ནས།། འབར་བའི་བསྲེག་རྫས ་དི་རྣམས་ཀུན།། རྒྱལ་བ་ཀུན་ལ་རབ་འབུལ་ལོ།། རྣམ་དག་ཆོས་དབྱིངས་ཧོམ་ཁུང་དུ།། མཚན་མའི་ཆོས་ཅན་ཡམ་ཤིང་ལ།། ཡེ་ཤེས་ཆོས་ཉིད་དག་པའི་མེས།། བག་ཆགས་མཚན་མ་བསྲེག་སྦྱངས་ཏེ།། བག ་གས་ངན་པའི་ཧོམ་ཁུངས་དུ།། སྤྲུལ་པ་ཆགས་པའི་ལམ་ཤིང་ལ།། བྱང་ཆུབ་བདེ་ཆེན་མེ་སྦར་ཏེ།། འཁོར་བ་འཁོར་བསྲེག་ལམ་ཤིང་བྱུང་།། ཧེ་རུ་ཞལ་གྱི་ཧོམ་ཁུང་དུ།། དུག་ལྔ་ལྔ་ཡི་ཡམ་ཤིང་ལ།། འཇོམས་པ ་ལྔ་ཡི་མེ་སྦར་ཏེ།། རྣམ་པར་རྟོག་རྫས་བསྲེག་བྱས་ཏེ།། སྣང་སྲིད་བྷ་གའི་ཧོམ་ཁུང་དུ།། དབང་ཕྱུག་ཡུམ་བཞིའི་ཡམ་ཤིང་ལ།། རྡོ་རྗེ་སྐུ་མཆོག་མེ་སྦར་ཏེ།། སྲིད་པའི་དངོས་མཚན་བསྲེག་སྦྱངས་ཐིམ།། ཕྲིན་ལས ་མ་བཞིའི་རྫས་རྣམས་ནི།། ཞི་བ་ལ་ནི་དཀར་པོའི་ཚུལ།། རྒྱས་པ་ལ་ནི་སེར་པོའི་ཚུལ།། དབང་ལ་དམར་པོ་རབ་ཏུ་ཤེས།། མངོན་སྤྱོད་ལ་ནི་ནག་པོར་བྱ།། ཞི་རྒྱས་དབང་དང་མངོན་སྤྱོད་རྣམས།། སོ་སོའི ་རྣམས་སོ་སོར་བསྒོམ།། སྒྲུབ་པའི་སྦྱོར་བ་དེ་བྱས་ན།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་།། ཞག་ནི་བཅུ་གཅིག་ཚུན་ཆད་ཀྱིས།། སྐབས་སམ་ཁྲག་ཏུ་སྐྱུག་ནས་འཆི།། མཆོག་གི་སྦྱོར་བ་འདི་བྱས་པས།། སངས ་རྒྱས་དངོས་གྲུབ་འཐོབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས།། སྦྱོར་བའི་ཏིང་ངེ་འཛིན་འདི་བཀའ་སྩལ་ཏོ།། ཨ་དང་མ་ཡི་སྦྱོར་བ་ལས།། ཡི་གེ་ཧཱུཾ་དུ་རྣམ་པར་གསལ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔར ་ཨོཾ།། དེ་ལས་ཁྲོ་བོ་འཇིགས་པའི་གཟུགས།། ལག་ན་ལྕགས་ཀྱུ་སྟ་རེ་ཐོགས།། བཀུག་ནས་སྟ་རེས་བཅད་ནས་ཀྱང་།། ལིངྒ་ཤ་ཆེན་སྦྱར་ནས་ཀྱང་།། དེ་དག་སྲེག་པའི་རྫས་སུ་བྱ།། དེ་ལྟར་སྦྱོར་བ་བྱས་གྱུར་ན།། ཟླ ་བ་ཕྱེ་ནི་ཚུན་ཆད་ཀྱིས།། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དཀྱིལ་འཁོར་གསང་བ་སྦྱོར་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་ཁྲོ་བོ་བཅུ ་མཐར་ཕྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། དཀྱིལ་འཁོར་ཆེན་པོ་འདི་ཐོན་ཏོ།། ཀུན་ཏུ་གྲུབ་བཞིར་ལྡན་པ་ལ།། ཆེ་ཆུང་ཚད་མེད་གནས་ཀྱིས་སྦྱར།། མ་ཏྲཾ་གཟུགས་ཆེན་བསྒྱེལ་བ་ནི།། དེ་ཡི་སྙིང ་གར་བང་རིམ་གསུམ།། དང་པོ་གྲུ་བཞི་དམར་པོར་བརྩིག། གཉིས་པ་གྲུ་གསུམ་མཐིང་ནག་བྱ། གསུམ་པ་ཟླ་གམ་སྨུག་ནག་བྱ།། མགོ་བོ་ཡན་ལག་དྲུག་དང་ནི།། གསང་བའི་སྒོ་ཆེན་གཉིས་བརྒྱད་ལ།། ཆག་ཕྱེད ་སྟེགས་བུ་གྲུ་བཞི་བརྒྱད།། དེ་ལ་ཡབ་ཡུམ་བརྒྱད་རྣམས་དགོད།། གྲུ་བཞི་གྲུ་གསུམ་ཟླ་གམ་ལ།། སྐུ་གསུང་ཐུགས་ཀྱི་མཚན་མ་དགོད།། དེ་ནས་བར་ཁྱམས་བར་མ་ལ།། གནས་དང་ཡུལ་གྱི་ཕྱག་རྒྱ ་དགོད།། དེ་ནས་པར་ཁྱམས་ཕྱི་མ་ལ།། ཆག་ཕྱེད་པ་ཡི་སྟེགས་ལ་བཅུའི།། ཁྲོ་བོའི་མིང་དང་གཟུགས་སུ་བྲི།། དེ་ནས་སྒོ་བ་ཆེན་པོ་བཞི།། དེ་ནས་སྟེགས་བུ་གོང་དང་འདྲ།། ཕྱི་རོལ་ལྕགས་རི་ནག་པོ ་ལ།། ཕོར་ཐོགས་བརྒྱད་དང་གཞོང་ཐོགས་བརྒྱད།། ལྷ་བདུད་བཅུ་གཉིས་དགོད་པར་བྱ།། ཤ་ཟན་མགོ་བརྙན་མང་པོའི་ཚོགས།། རྔམས་པའི་ཚོགས་ཅན་མང་པོའང་སྦྲུལ།། ཛཿཧཱུཾ་བཾ་ཧོས་དགྲ་བགེགས་ཁུག། དེ་ནས ་ལྷ་ཡི་ཕོ་ཉ་འཁོར་བཅས་མང་པོ་ཁུག། དེ་ནས་ལས་ཀྱི་གནས་སྐབས་འདིར།། དེ་ཡི་སེམས་ཡིད་མང་འཁྲུགས་པས།། ཁ་ཊྭཱཾ་འབར་བའི་ཕྱག་རྒྱ་བསྣོལ།། མ་ཧཱ་ཤྲཱི་ཧེ་རུ་ཀ། ཧ་ཧ་པྲ་པེ་ཤ་ཕཊ། དགྲ་བགེགས་མཱ་ར་ཡ ་ཕཊ། ནརྀ་མ་ར་ན་ར་བེ་ཤ་ཕཊ། ལྕགས་སམ་སེང་ལྡེང་ལས་བྱས་པའི། ཕུར་བུ་ཆེན་པོ་དེ་ཉིད་ལ།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། རིན་ཆེན་ལྔ་དང་སྐུ་གསུམ་དང་།། ཁྲོ་ཚོགས་འབར་བར་བྱིན་བརླབས ་པའི།། ཕུར་པ་སྙིང་གར་གདབ་ནས་ཀྱང་།། ཚེ་དང་གཟི་བརྗིད་འཕྲོག་པར་བྱེད།། ཨཱ~ཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ།། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ།། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ།། བཛྲ་དྷ་ར་ཨཱཛྙཱ་པ་ཡ ་ཏིཏེ།། ཀ་ཡ་ཝཱ་ཀ་ཙིཥྛ། བཛྲ་ཀི་ལ་ཡ་ཧཱུཾ། ཨོཾ་ན་མཿས་མནྟ་བུདྡྷ་ནན། ཚེནྡ་ཚིནྡ། ཧ་ན་ཧ་ན། དིཔྟ་ཙཀྲ་ཧཱུཾ་ཕཊ། ཁྲོས་ཤིང་འཁྲུག་པའི་ཚུལ་གྱིས་གདབ།། ཕྱག་རྒྱའི་ཚོགས་ཀྱིས་གནན་པར་བྱ།། དུག་དང་འདྲེས་པའི ་གཏོར་མ་སྦྱིན།། གུ་གུལ་གྱིས་བདུག་ཉུང་ཀར་གདབ།། ཤག་ཤག་ཚལ་ཚལ་མྱོས་མྱོས།། དེ་ནས་ཡུངས་ཀར་རྒྱལ་པོས་བརྡེག། ཛ་ལ་སྐྱེ་ཚེ་ད་པ་ར་བྱི་ཏ་ཧཱུཾ་ཕཊ།། དེ་ནས་བསྙེན་ཅིང་བསྒྲུབས་གྱུར་ན།། མ་དང ་མཁའ་འགྲོ་དབང་དུ་འདུ།། མཁའ་འགྲོའི་འཁོར་ཚོགས་ཐམས་ཅད་ཀྱིས།། དངོས་གྲུབ་དམ་པའང་སྟེར་བར་འགྱུར།། འབར་བའི་འཁོར་ཚོགས་མ་ལུས་ཀུན།། བྲན་གྱིས་བཀའ་བཞིན་བྱེད་པར་འགྱུར།། དེ་ལྟར ་སྦྱོར་བ་ཆེར་བྱས་ན།། ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར།། མཚན་མ་ཅན་ལྟ་སྨོས་ཅི་དགོས།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས།། ཡོངས་སུ་གྲུབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས ་བཅོམ་ལྡན་འདས་ཟླ་གསང་ཆེན་པོས།། དབང་གི་དམ་པ་འདི་བཀའ་སྩལ་ཏོ།། ཕྱི་ཡི་དབང་དང་ནང་གི་དབང་།། སྒྲུབ་པའི་དབང་དང་གསང་བའི་དབང་།། རྒྱལ་པོའི་དབང་དང་རྒྱལ་ཐེབས་དབང་།། ཉན་པའི ་དབང་དང་ཀར་མའི་དབང་།། དྲོད་འཛིན་དབང་དང་གིང་གི་དབང་།། མཆོད་པའི་དབང་དང་སྒྲོལ་བའི་དབང་།། བསྒོམ་པ་ཆེན་པོ་ལ་གནས་དབང་།། འདི་དག་རབ་ཏུ་བསྐུར་བར་བྱ།། དབང་གི་སྣོད་ཀྱང་འདི་ལྟ ་སྟེ།། དད་ལྡན་སྲི་ཞུ་ཆེ་བ་དང་།། ཅི་ལའང་ཆགས་མེད་གཏོང་བ་དང་།། ཁྱོགས་དང་རྐང་འགྲོས་གླང་ཆེན་དང་།། ནོར་དང་བུད་མེད་དབྱིག་གི་མཆོག། ཅི་ལའང་ཆགས་མེད་སྟོང་ལྡན་དང་།། འདི་ལ ་དབང་མཆོག་སྦྱིན་པར་བྱ།། ནུས་པའི་དབང་དང་ཕན་པའི་དབང་།། ཕྱག་རྒྱ་རྫས་དང་སྙིང་པོ་སྦྱིན།། ཨཱ~ཾ་སྭ་ཏི་ཧ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་འབར།། རིན་ཆེན་སྣ་བདུན་བཀྲ་ཤིས ་བརྒྱད།། གཟུངས་མ་མཚན་ལྡན་གྲགས་པ་ཅན།། སྟག་དང་སེང་གེ་དོམ་དྲེད་གདན།། ཞིང་ཆེན་གཡང་གཞི་སྦྲུལ་ནག་དང་།། གླང་ཆེན་ཀོ་རློན་མེ་དཔུང་དང་།། ཐོད་ཕྲེང་ཞག་གི་ཚོམ་བུ་དང་།། ཐལ་ཆེན་རཀྟའི་ཚོམ ་བུ་དང་།། ཡན་ལག་རིང་ཐུང་དབང་པོའི་ཕྲེང་བ་དང་།། གསང་བའི་ལྷ་མོ་བརྒྱད་རྣམས་དང་།། རྒྱལ་བའི་དཀྱིལ་འཁོར་མན་ཆད་ནས།། ཟང་ཤོལ་འབར་བ་ཆེན་པོ་དང་།། བྷནྡ་དམར་གྱིས་བཀང་བ་རྣམས།། དབང ་ནོད་ཆེན་པོ་དེ་ལ་སྦྱིན།། མཁའ་འགྲོ་འབར་བའི་དབང་མཆོག་ཀྱང་།། དབང་ནོད་རྒྱལ་པོ་དེ་ལ་སྤྲིན།། དབང་ཕྱུག་རྒྱལ་པོའི་གསང་མིང་ཡང་།། དབང་ནོད་རྒྱལ་པོ་དེ་ལ་སྦྱིན།། ཕྱོགས་བཅུར་ཡོངས་སུ་གྲགས་པ ་ཡི།། དབང་མཆོག་ཆེན་པོ་མ་ལུས་ཀྱང་།། དབང་ནོད་རྒྱལ་པོ་དེ་ལ་སྦྱིན།། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས།། དབང་གི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན ་པོ།། འཁོར་ཚོགས་བསྐལ་པའི་མེ་དཔུང་དང་བཅས་པ་དང་།། ཕྱག་ན་རྡོ་རྗེ་འཇིག་པ་དང་བཅས་པ་ལ།། ལྷ་མོ་མདངས་འཛིན་མས་བསྟོད་ཅིང་མཆོད་པ། ཀྱེ་མ་ཧོ། དམར་གྱི་གཏོར་མ་ཆེན་པོ་དང་། ཤ་ཆེན་མཱཾ་ས ་རཀྟ་དང་།། དྲི་ཆེན་ཁུ་བ་ཞུན་ཆེན་དང་།། རུས་པ་ཤ་དང་ཙནྡན་དང་།། རྒྱུ་ཞགས་དབང་པོའི་ཚོགས་མཆོག་དང་།། རང་བྱུང་གདོད་ནས་དག་པའི་རྫས།། གཉིས་མེད་དོན་ལ་སྦྱོར་བའི་ཕྱིར།། དག་པ་ཆེན་པོ་གཟི ་ལྡན་བཞེས་སུ་གསོལ།། བདུད་རྩི་ཆུ་རྒྱུན་འཆི་མེད་གཡུང་དྲུང་དབྱིབས།། དག་པས་དག་པ་ཆེན་པོར་བཞེས་སུ་གསོལ།། ཧཱུཾ་ཧ་ཧེ་ཕཊ་བྷྱོ། སྦྱོར་བའི་མཆོད་པ་ཆེན་པོ་རྣམས།། རྡོ་རྗེ་གླུ་དང་གར་གྱིས་བྱོས།། ཚིག ་དང་སྒྲ་ཡིས་བསྟན་ཅིང་མཆོད།། དག་པའི་ཆོས་ཉིད་བདུད་རྩིའི་ཆུ་རྒྱུན་འདིས།། རྒྱལ་པོ་ཡབ་ཡུམ་མཆོད་དང་བསྐངས་གྱུར་ཏེ།། དེ་ལྟར་མཆོད་ཅིང་བསྐངས་གྱུར་ན།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ།། བཅོམ ་ལྡན་འདས་ཟླ་གསང་ཆེན་པོ་ལས།། མཆོད་པའི་གླུའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་ཟླ་གསང་ཆེན་པོ་ཉིད།། མི་དམིགས་ཆོས་དབྱིངས་རྣམ་པར་དག། བྱེད་སྤྱོད་ཐམས་ཅད་དམིགས་པ་མེད།། ལས ་རྣམས་དག་པའི་དབྱིངས་སུ་གཅིག། ཆོས་སྐུ་རོ་གཅིག་འགྱུར་མེད་དང་།། གཟུང་འཛིན་མཐའ་ལས་རྣམ་པར་གྲོལ།། སྐྱེ་མེད་དབྱིངས་ཀྱི་ངང་དུ་གཅིག། ཆོས་སྐུ་ངོ་བོ་མཉམ་རྫོགས་མཆོག། བཅོམ་ལྡན་འདས་ཟླ ་གསང་ཆེན་པོ་ལས།། ཆོས་ཉིད་རྒྱ་མཚོའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐུགས་ཀྱི་བརྣག་པ་ཟླ་དཀྱིལ ་ནས།། ཟླ་གམ་དབང་ཆེན་དཀྱིལ་འཁོར་དུ།། སྒྲོ་སྐུར་རྣམ་པར་སྤང་བའི་ཕྱིར།། མུ་སྟེགས་ལོག་ལྟ་ལྟ་ལ་དགའ།། དད་མེད་དམ་ཉམས་དམ་ལས་ལོག། བྱང་ཆུབ་ཟག་པ་གཏིང་ནས་ཆད།། དེ་ཕྱིར་ཕྱག་ན་རྡོ་རྗེ ་ཁྱོད།། བདག་གི་བཀའ་གསང་དམ་པ་འདི།། ཁྱོད་ཉིད་ལ་ནི་རབ་ཏུ་གཏད། རྒྱལ་བའི་གཞུང་མཆོག་དམ་པ་འདི།། བཀའ་གསང་རྨད་ནས་བྱུང་བའི་མཆོག། ཟླ་གསང་ནག་པོ་རྒྱས་པའི་དཔལ།། ཡོན་ཏན་རྒྱས་པའི ་མཆོག་ཆེན་འདི།། ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད།། བཀའ་གསང་གཞན་ལས་ཁྱད་འཕགས་པའི།། གསང་བ་སྐུ་གསུང་ཐུགས་ལས་བྱུང་།། ཉན་ཐོས་རང་རྒྱལ་འདྲེན་པའི་མཆོག། འཁོར་བའི་སྐམས་ལིངས་བྱེད་པའི ་དཔལ།། ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད།། ཅེས་གསུངས་སོ།། ཡོངས་སུ་གཏད་པའི་ལེའི་སྟེ་ཉེར་ལྔ་པའོ།། །། བཅོམ་ལྡན་འདས་ཟླ་གསང་ཆེན་པོའི་མདོ་རྫོགས་སོ།། རྫོགས་སོ།། ་