CLOSE WINDOW

Gpb012.009: hU~M mdzad chen po'i rgyud
Wyliee-texts produced with BDRC’s OCR application

།། རྒྱ་གར་སྐད་དུ། མ་ཧཱ་ཧཱུཾ་ཀ་ར་ཏནྟྲ། བོད་སྐད་དུ། ཧཱུཾ་མཛད་ཆེན་པོའི་རྒྱུད། བཅོམ་ལྡན་འདས་དབང་ཆེན་བདུད་འདུལ་རོལ་པ་ལ་ཕྱག་འཚལ་ལོ།། འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། བཅོམ་ལྡན ་འདས་དབང་གི་རྒྱལ་པོ་དེས། སྲིད་པ་ཐམས་ཅད་ཡུམ་ཀུན་ཏུ་བཟང་མོ་གཟི་ལྡན་པདྨ་ཅན་གྱི་མཁར་མཁྱེན་ནས། ཡུམ་གྱི་མཁའ་བདེ་ཀློང་ཆེན་པོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན། ་ཡི་གེ་ཧཱུཾ་དམར་ལ་བཀྲ་བ། སེར་ལ་གསལ་བ་ལས། ཧཱུཾ་ཧཱུཾ་ཞེས་བརྗོད་པས། ཧཱུཾ་གྲངས་མེད་པ་འཕྲོས་ནས། དུག་གསུམ་གྱི་འཁོར་བ་ཐམས་ཅད་གཏན་ནས་སྦྱངས་སོ།། འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས ་པ་རྣམས་ཀྱི་སྐུ་ཡང་མཚོན་པར་བྱེད་དོ།། ཧཱུཾ་དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་པས་ཀྱང་དོན་མཛད་དོ།། ཧཱུཾ་དེ་དམར་བ་ནི་པདྨ་ཧེ་རུ་ཀའི་ཐུགས། ཧཱུཾ་དེ་དཀར་བ་ནི་བུདྡྷ་ཧེ་རུ་ཀའི་ཐུགས། སེར་བ་ནི་རཏྣ་ཧེ་རུ ་ཀའི་ཐུགས། མཐིང་བ་ནི་བཛྲ་ཧེ་རུ་ཀའི་ཐུགས། ལྡང་བ་ནི་ཀརྨ་ཧེ་རུ་ཀའི་ཐུགས་སོ།། རེ་རེ་ལ་སྣ་ཚོགས་སུ་འབར་བ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ།། དེ་ལས་ཐམས་ཅད་འཐོར་ཞིང་། ཐམས ་ཅད་བསྲེག། ཐམས་ཅད་དབང་དུ་སྡུད་པར་བྱེད་དོ།། དེ་ལྟར་ཐམས་ཅད་ཧཱུཾ་གིས་རྒྱས་པར་མཛད་དོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས་གླེང་གཞི་དང་ཧཱུཾ་གི་དབྱེ་བའི་ལེའུ་སྟེ་དང་པོའོ།། །། སྲས་ཀྱི་དམ་པ་ཧེ་རུ་ཀ ་དེས། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་འདི་སྐད་གསོལ་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ཆེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡི་གེ ་ཧཱུཾ་དེ་ལས་ཐམས་ཅད་བསྐྱེད་ཅིང་ཆུབ་པར་བྱེད་ན། དེ་ནི་དང་པོ་གང་ལས་བྱུང་།། དེ་ཡིས་འབྱུང་བ་ཇི་ལྟར་བསྐྱེད།། དེ་ལས་ལྷ་ནི་ཇི་ལྟར་ལགས།། བཟླས་པའི་ཐབས་ནི་ཇི་ལྟར་ལགས།། དེ་ལ་ནུས་པ་ཅི་ཙམ ་བདོག། དབང་གི་རྒྱལ་པོས་བཀའ་སྩོལ་ཅིག། ཅེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་བཀའ་སྩལ་པ། ལས་ཐམས་ཅད་ཀྱི་དེད་དཔོན། སྲས་ཀྱི་དམ་པ་ཧེ་རུ་ཀ། ཧཱུཾ་ལས་ཐམས་ཅད་འབྱུང་བ ་སྟེ།། དང་པོ་ཆོས་ཉིད་དབྱིངས་ནས་ཤར།། ཐམས་ཅད་སྲོག་གི་ས་བོན་ཡིན།། དེ་ཡིས་ཇི་ལྟར་འདོད་པར་འགྲུབ།། འབྱུང་བ་བསྐྱེད་པའི་རིམ་པ་ནི།། ཧཱུཾ་ལས་ཨེ་འཕྲོས་ནམ་མཁའོ།། ཧཱུཾ་ལས་ཡཾ་གྱི་གཙར་དུ ་འཕྲོས།། རླུང་གི་དཀྱིལ་འཁོར་དེ་བཞིན་ཆགས།། ཧཱུཾ་ལས་ཡི་གེ་ར་འཕྲོས་པས།། ཆགས་པའི་རྒྱ་མཚོ་ཆེན་པོའོ།། ཧཱུཾ་ལས་ཡི་གེ་སུ་སེར་འཕྲོས།། གསེར་གྱི་ས་གཞི་སེར་པོ་ཆགས།། ཧཱུཾ་ལས་ཀེང ་འཕྲོས་རི་རབ་བོ།། བང་རིམ་རིམ་པར་ལྡན་པའོ།། ཧཱུཾ་ལས་རཾ་འཕྲོས་མེ་འབར་བའོ།། འབྱུང་བ་རིམ་བཞིན་དེ་ལྟར་བསྐྱེད།། གཞལ་ཡས་ཟླ་གམ་ཁ་སྤྲོད་ལ།། དབུས་སུ་སྒོ་གཉིས་ལྡན་པའོ།། ཟླུམ་པོ་དག་ལ་འཁོར ་ལོ་རྩིབས་བརྒྱད་དང་། གྲུ་ཆད་གྲུ་ཞི་སྒོ་དང་སྒོ་ཁྱུད་བཅས།། དེ་ལྟར་གསལ་བར་བྱའོ།། དེ་ནི་སྒོའི་རིམ་པ་རྩ་བའི་དཀྱིལ་འཁོར་རོ།། དབུས་ནི་ཟླུམ་པོ་ཟླ་གམ་བཅད།། མཐའ་མ་པདྨ་འདབ་མ་བཞི།། གྲུ་ཆད་སྒོ ་དང་བཅས་པ་ནི།། པདྨའི་ལས་ཀྱི་དཀྱིལ་འཁོར་ཡིན།། དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ།། སེམས་ཅན་ཆེན་པོ་གཟུགས་བཞི་སྟེ།། ཟུར་བཞི་དག་ལ་ལུས་བསྐྱོན་ལ།། རྐང་པ་ནང་བརྡོལ་མཚམས་བཞི ་དགོད།། ལག་པ་བར་གྱི་མཚམས་ལ་དགོད།། དེ་ནི་བསད་པ་འབའ་ཞིག་སྟེ།། མ་ཏྲཾ་ཞལ་གྱི་དཀྱིལ་འཁོར་ཡིན།། གྲུ་བཞི་ལྷམ་པའི་དཀྱིལ་འཁོར་ལ།། དབུས་ནི་ཐིག་བཏབ་ལེ་ཚེ་དགུ། དེ་ཡི་ཕྱི་རིམ་ཟླ་གམ ་དགུ།། དེ་ཡི་ཕྱི་རིམ་རིན་ཆེན་འབར་བ་དགུ།། དེ་ཡི་ཕྱི་རིམ་གྲུ་ཆད་ལ།། གྲུ་བཞི་སྒོ་ནི་ཉིས་བརྩེགས་བཅས།། ཁྱམས་དང་སྒོ་ཁྱུད་ལྡན་པ་ནི།། ཁྱད་པར་དབང་གི་དཀྱིལ་འཁོར་རོ།། དེ་ནས་ཡང་ནི་བཤད་བྱ ་བ།། དཀྱིལ་འཁོར་གྲུ་བཞི་ལྷམ་པ་ལ།། དབུས་ནི་ཟླུམ་དང་ཟླ་གམ་སྒོ་གཅིག་པ།། ཟླ་གམ་ཕྱིར་བལྟས་ནང་བལྟས་བརྒྱད།། དེ་ལ་རིན་ཆེན་རྒྱན་དང་ལྡན།། གྲུ་བཞི་སྒོ་དང་སྒོ་ཁྱུད་བཅས།། མཐའ་མ་མེ་རི་འབར་བ ་ནི།། དེ་ནི་གྲུབ་པ་ཚེ་ཡི་ཡིན།། དེ་ལྟར་རིམ་པར་བསྒྲུབ་པའོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། པདྨའི་སྲས་ཀྱི་དམ་པ་ཧེ་རུ་དེས།། དབང་གི་རྒྱལ་པོ་ལ་འདི ་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་དབང་མཆོག་ཆེ།། ཡི་གེའི་དོན་ལ་བདག་ཉན་འཚལ།། གནས་པ་ཇི་ལྟར་གནས་པ་ལགས།། བཟླས་པའི་ཐབས་ནི་ཇི་ལྟར་བགྱི།། ཞེས་གསོལ་ཏོ།། དེ་ནས་ཡང་བཀའ་སྩལ ་པ། ཉོན་ཅིག་སྲས་ཀྱི་དབང་གི་ཧེ་རུ་ཀ། ཡི་གེ་སྲོག་གི་འཁོར་ལོ་སྟེ།། འཁོར་ལོ་ལྔ་ཡི་རྟེན་དུ་གནས།། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་སྟེ།། དབུས་ནི་ཟླུམ་པོ་ཕོ་བྲང་ལ།། དར་དཀར་ཡོལ་དུ་ཕུབ་པའོ།། འདབ་མ ་སུམ་ཅུ་རྩ་གཉིས་སོ།། ལྟེ་བ་ཕོ་བྲང་ཐིག་ལེ་ལ།། ཡི་གེ་ཨོཾ་དཀར་འབར་བ་ལ།། མཐའ་ལ་ཧུ་ལུའི་ཡིག་འབྲུས་བསྐོར་བའོ།། ཨཱ~ཾ་ནི་དཀར་དམར་འཚེར་བ་ལ།། ཡི་གེ་མཐའ་བསྐོར་འཛག་འཛག་འདྲ།། ཧཱུཾ་དར་ཆེན ་བདེ་བ་ཆེན་པོའི་ཕོ་བྲང་ནས།། དར་དཀར་ཡོལ་བྲེས་འོད་ལྡན་ལ།། རྡུལ་གྱི་གསེར་ཆེན་ལུ་གུ་རྒྱུད།། སེམས་ཀྱི་ཡི་གེ་ཨཽ་དཀར་ལ།། མཐའ་མ་ཧུ་ལུའི་ཡིག་འབྲུས་བསྐོར།། གསེར་གྱི་བ་ཐག་གཟེངས་པ ་ལྟར།། འཕྲོ་འདུའི་དགོངས་པ་རྒྱུན་མི་གཅད།། ཕར་འཕྲོས་པས་ནི་སངས་རྒྱས་ཐུགས་དམ་བསྐུལ།། སླར་འདུས་པས་ནི་དངོས་གྲུབ་འབེབས།། ཨཱིཾ་ཧུ་ལུ་ཧུ་ལུ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱི་ཛཿ། དེ་ཡང ་དབང་གི་བཀའ་ཡི་བཟླས་པ་ཡིན།། མགྲིན་པ་ལོངས་སྤྱོད་འཁོར་ལོ་འདབ་བཅུ་དྲུག། ལྟེ་བ་གེ་སར་པདྨ་འབུར་དུ་དོད།། མཐའ་མ་འདབ་མ་བཅུ་དྲུག་མཚོན། ལྟེ་བ་ཨཱཾ་དམར་འོད་འབར་ལ།། མཐའ་མ་ཧུ་ལུའི་ཡིག ་འབྲུས་བསྐོར་བའོ།། ཕོ་བྲང་པདྨ་འབུར་གྱི་ལྟེ་བ་ལ།། ཡི་གེ་ཨཱཾ་དམར་འོད་དུ་ལྡན།། མཐའ་མ་ཡིག་འབྲུས་བསྐོར་བ་ནི།། མགལ་མེ་ཀླད་ལ་བསྐོར་བ་བཞིན།། འཕྲོ་འདུའི་དགོངས་པ་རྒྱུན་མི་གཅད།། ཕར་སྤྲོས ་པས་ནི་རྒྱལ་བའི་ཐུགས་དམ་བསྐུལ།། སླར་འདུས་པས་ནི་སྒྲུབ་པ་པོ་ལ་དངོས་གྲུབ་འབེབས།། འདི་ཡང་གསུམ་གྱི་བཟླས་པ་ཡིན།། ཨཱིཾ་ཧུ་ལུ་ཧུ་ལུ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱིཿཛཿ། ཙིཏྟ་རིན་ཆེན་གཞལ་ཡས ་ལ།། དབུས་ནི་དཔལ་བེའུ་རྡོ་རྗེ་བསྐྱེད།། ཡི་གེ་ཧཱུཾ་དམར་འོད་ལྡན་པའོ།། མཐའ་མ་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད།། དེ་ལ་ཧུ་ལུས་བསྐོར་བའོ།། ཧཱུཾ་ཙིཏྟ་རིན་ཆེན་གཞལ་ཡས་ཁང་།། ཆོས་ཀྱི་འཁོར་ལོ་འདབ་མ ་བརྒྱད།། ཐུགས་ཀྱི་དཔལ་བེའུ་ལྟེ་བ་ལ།། སྟོན་པའི་ཡི་གེ་ཧཱུཾ་དམར་དེ།། མཐའ་ལ་རིན་ཆེན་གསེར་གྱི་སྐུད་པ་ལ།། ཧུ་ལུའི་ཡིག་ཕྲེང་བཅུ་གསུམ་བརྒྱུས།། ཕར་འཕྲོས་པས་ནི་རྒྱལ་བའི་ཐུགས་དམ་བསྐུལ།། སླར ་འདུས་པ་ནི་དངོས་གྲུབ་འབེབས།། འཕྲོ་འདུའི་དགོངས་པ་རྒྱུད་མི་གཅད།། འདི་ཡང་དབང་གི་ཐུགས་ཀྱི་བཟླས་པ་ཡིན།། སངས་རྒྱས་དགོངས་པ་འདི་ཡིས་བསྒྲུབ།། ཨོཾ་ཧུ་ལུ་ཧུ་ལུ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱིཿཛཿ། ལྟེ ་བ་སྤྲུལ་པའི་གཞལ་ཡས་ན།། འདབ་མ་དྲུག་ཅུ་རྩ་བཞི་ལ། ཚིག་ཁ་ཤས་ཆད།། མཐའ་ལ་ཧུ་ལུས་བསྐོར་བའོ།། སྭཱ་ལྟེ་བ་སྤྲུལ་པའི་གཞལ་ཡས་ན།། སྟོང་པའི་ཡི་གེ་སྭཱ་སེར་པོ།། དོན་གྱི་ཡི་གེ་ཧུ་ལུས་བསྐོར།། ལྕགས་ཀྱི་ཚ ་ཚ་བརྡབས་པ་བཞིན།། འཕྲོ་འདུས་དགོངས་པ་རྒྱུན་མི་གཅད།། ཕར་སྤྲོས་པས་ནི་ཐུགས་དམ་བསྐུལ།། སླར་འདུས་པས་ནི་དངོས་གྲུབ་འབེབས།། འདི་ཡང་དབང་གི་རིན་ཆེན་འབེབས་པ་ཡིན།། སྭཱ་ཧུ་ལུ་ཧུ་ལུ་ཕཊ། ་ཨེ་ཨཱ་ར་ལི་ཧཱུཾ་ཧྲཱིཿཛཿ། གསང་བ་མེ་རླུང་ལས་ཀྱི་འཁོར་ལོ་ལ།། གྲུ་གསུམ་གཞུ་ཡི་གནས་ཆེན་ན།། སྟོན་པའི་ཡི་གེ་ཧ་ལྗང་གུ།། མཐའ་མ་ཧུ་ལུའི་འབྲུ་ཡིས་བསྐོར།། རིན་ཆེན་རྩར་གྱི་ཕྲེང་བ་བཞིན།། གཅིག་ལ ་གཅིག་འཕྲོ་འོད་ནི་འཛག་འཛག་འདྲ།། ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ།། སླར་འདུས་པས་ནི་དངོས་གྲུབ་འབེབས།། འདི་ཡང་དབང་གིས་ལས་ཀྱི་བཟླས་པ་ཡིན།། ཨཱ~ཾ་ཧུ་ལུ་ཧུ་ལུ་ཕཊ། ཨེ་ཨཱ་ར་ལི་ཧཱུཾ་ཧྲཱིཿཛཿ། ་ཧཱུཾ་དང་པོ་གསུང་གི་སྒྲ་བསྒྲགས་པས།། དུས་གསུམ་རྒྱལ་བའི་ཐུགས་དམ་བསྐུལ།། བར་དུ་གསུང་གི་སྒྲ་བསྒྲགས་པས།། སྒྲུབ་པ་པོ་ལ་དངོས་གྲུབ་འབེབས།། མཐའ་མར་དབང་གི་སྒྲ་བསྒྲགས་པས།། ངན་སོང ་འཁོར་བ་གཏན་ནས་སྒྲོལ།། བདུད་དང་སྲིན་པོ་ཀླུ་རྣམས་ཟིལ་གྱིས་མནན།། དབང་གི་མཛད་པ་དེ་ལྟར་མཛད།། དེ་ལྟར་སྤྱོད་པ་འདི་ལྟར་སྤྱོད།། སྔགས་ཀྱི་བྱིན་རླབས་འདི་ལྟར་འབྱུང་།། དེ་ཕྱིར་ཏུ ་ལུ་བསྙེན་པའི་མཆོག། ཅེས་གསུངས་སོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། བཟླས་བརྗོད་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སྲས་ཀྱི་ཧེ་རུ་དེས།། དབང་གི་རྒྱལ་ལ་འདི་སྐད་གསོལ།། དབང་གི་རྒྱལ་པོ ་ཧེ་རུ་ཀ། སྟོན་པ་མཆོག་ལ་བདག་ཉན་འཚལ།། སྒོས་སུ་བསྒྲུབ་ན་ཇི་ལྟར་བགྱི།། སྤྱི་ཡི་བསྒྲུབ་པ་ཇི་ལྟར་སྤྱད།། བསད་གསོའི་ལས་ནི་དུ་ཡི་བསྟན།། ལས་ཀྱི་མཐའ་འདི་གང་ལ་གསུང་།། ཞེས་གསོལ་ཏོ།། དེ་ནས ་དབང་གི་རྒྱལ་པོས་བཀའ་སྩལ་པ།། ཉོན་ཅིག་སངས་རྒྱས་མང་པོ་འདུས་པའི་སྲས།། སྤྱི་རུ་བསྒྲུབ་པ་བསྟན་པ་ནི།། རྩ་བའི་དཀྱིལ་འཁོར་དེ་དག་ལ།། དེ་ལ་ངེས་པར་བསྒྲུབ་པར་བྱོས།། བྲིས་པའི་སྐུ་གཟུགས་དག ་ལ་བརྟེན་བཅས་ནས།། དེ་ལ་ཕྱག་བཅས་བསྒྲུབ་པར་བྱ།། དམ་ཚིག་མ་ནོར་གཞུང་དུ་བསྲུང་།། མཆོད་པ་དུས་གསུམ་དག་ཏུ་མཆོད།། སྔགས་དང་སྙིང་པོ་ལྷ་རྣམས་ཀུན།། ཡིད་ལ་མ་ནོར་དྲན་པར་བྱ།། འདོད ་ཆགས་ཅན་གྱི་བུད་མེད་ལ།། དེ་ལ་སྨད་པར་བྱ་བ་མིན།། ཁྲག་ཆགས་ཤིང་ཡང་གཅད་མི་བྱ།། དམར་པོའི་རིགས་ལ་སྨད་མི་བྱ།། པདྨའི་ཕྱག་རྒྱ་བཅའ་བར་བྱ།། གསུང་གིས་སྒྲ་སྙན་གདོན་པར་བྱ།། དབྱིངས་དང ་བཏུང་བ་དེ་བཞིན་བྱ།། གསུང་གི་ཡན་ལག་སྟོབས་སུ་འགྱུར།། རྟག་ཏུ་ཡི་དམ་འབའ་ཞིག་བསྒྲུབ།། དེ་ཡི་ནུས་པའི་མཐུ་དག་གིས།། བདུད་སྡེ་འཁོར་བཅས་ཟིལ་གྱིས་གནོན།། བྱང་ཆུབ་འབྲས་བུ་ཐོབ་པར ་འགྱུར།། དེ་ཡི་ཡོན་ཏན་དཔག་ལས་འདས།། དེ་ཕྱིར་སྤྱི་རུ་བསྒྲུབ་པའོ།། སྒོས་སུ་བསྒྲུབ་པར་བསྟན་པ་ནི།། རྟ་ཡི་རྒྱལ་པོ་གཅིག་ཏུ་བསྒྲུབ།། དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ།། ལྷ་ནི་ཞལ་གཅིག་ཕྱག་གཉིས་རྒྱན ་གཅིག་པ།། དབུ་ཡི་གཙུག་ཏུ་རྟ་མགོ་གཅིག། དམར་པོ་རལ་པ་འཁྱིལ་བའོ།། གཡས་ན་སྟ་རེ་གཡོན་པ་སྦྲུལ་ཞགས་བསྣམས།། གླང་ཆེན་ཀོ་རློན་ཞིང་གི་གཡང་གཞི་གྱོན།། སྟག་ལྤགས་སྨད་དཀྲིས་འོག་སླ་འདོམས ་བསྡུས།། མི་བཟད་མཆེ་གཙིགས་སྟག་གི་ཁྲི།། དམར་པོ་ཧཱུཾ་ལ་སྔགས་འདི་བརྗོད།། དེ་ཡིས་རྟ་མཆོག་མགྲིན་དུ་བསྐྱེད།། ཨོཾ་ཡོད་པ་ཨེ་ཡིན། པདྨ་ཤྲཱི་རཱ་ག་ཧ་ཡ་ཧྲི་ད་ར་དྷི་པ་ཨེ་ཡིན་ཧཱུཾ་ཕཊ། ཡིག་འབྲུ་བཅུ་གཉིས་པའོ།། སྟོང ་པའི་ངང་ལས་ཡི་གེ་ཧཱུཾ།། དེ་ལས་སྔགས་བརྗོད་རྟ་མགྲིན་བསྐྱེད།། སྤྱན་དྲང་བསྐྱེད་པ་དེ་ལ་བསྟིམ།། གཉིས་མེད་དེ་ལ་ཕྱག་འཚལ་མཆོད་པའོ།། སྨན་དང་རཀྟ་གཏོར་མས་མཆོད།། བསད་དང་གསོ་བའི་ལས་འདི ་བཅོལ།། སྲིད་པའི་མ་མོ་བཏུལ་བའི་ལས་ལ་རྦད།། ཅེས་གསུངས་སོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། སྤྱི་དང་ཡི་དམ་བྱ་ཞིང་བསྲུང་བ་དང་ནུས་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་སྟོན་པས་བཀའ་སྩལ ་ཏེ།། དབང་གི་པདྨ་ཧེ་རུ་ཀའི་ཐུགས་ཀ་ནས། དཔལ་བེ་ཧཱུཾ་གི་ལྟེ་བ་ལ།། ཛ་ཞེས་བརྗོད་པས་དཔལ་གྱི་ཐུགས་ཀ་ནས།། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་བརྒྱད་པར་མ་ཆད་འཐོན་ཏོ།། ཀུ་ཀུ་ཀུ་ཀུ་ཀུ་ཀུ་ཀུ་ཀུ་རཱ ་ཙ་ཞེས་བརྗོད་པས། ཁྱིའི་རྒྱལ་པོ་བརྒྱད་དུ་འགྱུར་རོ།། རཀྵ་ཁ་ལོང་ཀ་དེ་བྱང་དགོས། ཡཀྐ་ཁ་ལོང་ཀ། ཏྲཀྐ་ཁ་ལོང་ཀ་ཁ་ཡ་ཁ་ལོང་ཀ། དུ་མ་བ་ཁ་ལོང་ཀ། མ་ཏོ་ཁ་ལོང་ཀ། ཛ་ལེ་ཛ་ལོ་ཀ། མུ་ཀ་ཁ་ལོང་ཁ་ཀ། སྙིང ་པོ་དེ་ཡིས་བསྐུལ་བས་ཇི་ལྟ་བ་བཞིན་དུ་ལས་བྱེད་དོ།། དུར་ཁྲོད་གླིང་ངམ་ནགས་ཚལ་གནས།། དེ་རུ་དཀྱིལ་འཁོར་བརྩིག་པར་བྱ།། གྲུ་གསུམ་འབར་བའི་དཀྱིལ་འཁོར་ལ།། མཐའ་མ་ཁྱི་བརྒྱད་བསྐོར་བར ་བྱ།། དབུས་སུ་དབང་གི་རྒྱལ་པོ་བསྐྱེད།། ཟླ་གམ་གསུམ་ལ་དམ་རྫས་སོ།། བྱ་ལུག་མི་དང་རྟའི་ཤ་ཁྲག་ལ་གཏོར་མ་བྱ། ལིང་ག་མཚན་དང་ལྡན་པར་བྱ།། དཔྲལ་བར་རུས་ལ་སྙིང་གར་མིང་།། སྤྱི་བོར་སོད་ལ ་འདོམས་སུ་མཱ་ར་ཡ།། གཡས་སུ་ཧཱུཾ་ལ་གཡོན་དུ་ཕཊ།། དེ་དང་ལྡན་པར་བསྒྲུབ་པར་བྱ།། ཚོན་སྣ་ལྔ་ཡིས་བྱད་དུ་གཞུག། དེ་ནས་དམ་རྫས་ཚོགས་པ་དང་།། ཏིང་འཛིན་རྣམ་གསུམ་རིམ་གྱིས་བསྒོམ།། ཧཱུཾ་མ་ནོར་མ ་བཅོས་ཆོས་ཀྱི་དབྱིངས།། སྙིང་རྗེ་ཆེན་པོ་ཡོངས་ལ་བརྡལ།། རིག་པ་ཡེ་ཤེས་ཧཱུཾ་དུ་ཤར།། ཧཱུཾ་ལས་ཡི་གེ་རིམ་གྱིས་ཆད།། ཨེ་ཡཾ་ར་སུཾ་ཀེང་རཾ་བྷྲཱུཾ།། ཨེ་ནི་ནམ་མཁའ་ཁྱབ་གདལ་དང་།། ཡཾ་ལས་རླུང་གི་དཀྱིལ་འཁོར ་ཏེ།། དེ་ལས་སྤྲིས་རྟེན་ཆུའི་དཀྱིལ་འཁོར།། དེ་སྟེང་ས་གཞི་བརྟན་མཁྲེགས་སྲ།། ཀེང་རཾ་བྷྲཱུཾ་ལས་རི་རབ་གཞལ་ཡས་ཁང་།། ཧཱུཾ་དང་ཀུ་ཡི་འཕྲོ་འདུ་ལས།། དཔལ་ཆེན་པདྨ་ཧེ་རུ་ཀ། ཀུ་ལས་དཔལ་གྱི་ཁྱི་བརྒྱད ་བསྐྱེད།། ཧཱུཾ་དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་དཔལ་གྱི་ཁྱི།། དཔལ་ཆེན་ཐུགས་ལས་སྐྱེས་པའི་ཕོ་ཉ་མོ།། འཁོར་བའི་ཉོན་མོངས་བདུད་སྡེ་གདུལ་བའི་ཕྱིར།། དཔལ་གྱི་ཕོ་ཉ་བརྟན་པར ་བཞུགས།། ཏིཥྛ་བཛྲ། སྲིད་གསུམ་འདྲེན་མཛད་ཐར་ལམ་འདྲེན་པའི་གཙོ།། དབང་གི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ།། ཁམས་གསུམ་སྒྲོལ་བར་མཛད་ཅིང་ཤ་དང་ཁྲག་ལ་དགྱེས།། དཔལ་གྱི་ཕོ་ཉ་འཇིག་རྟེན་སྐྱོང ་མཛད་མ།། བདུད་འདུལ་ཕོ་ཉའི་ཚོགས་ལ་ཕྱག་འཚལ་ལོ།། རང་བྱུང་གདོད་ནས་དག་པ་ཡི།། རྩ་བ་བརྒྱད་ལ་ཡན་ལག་སྟོང་།། ར་ས་ཡཱ་ན་ལ་སོགས་རྫས།། དབང་གི་རྒྱལ་པོའི་སྐུ་ལ་འབུལ།། བདུད་རྩི་འཁྱིལ་པ ་ར་ས་ཡཱ་ན་འདི།། དཔལ་གྱི་ཕོ་ཉའི་ཚོགས་ལ་འབུལ།། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་དབུལ་ལོ།། ཨོཾ་ཀཱ་ཡ་སིདྷ་ཨཽ། ཝཱ་ཀ་སིདྡྷི་ཨཱཿ། ཙིཏྟ་སིདྡྷི་ཧཱུཾ། ཨཱིཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལི་ཏ་ཁཱ་ཧི། མ་ཧཱ་རཀྟ ་རཾ་ཁཱ་ཧི། ཞེས་དབུལ། དཔལ་གྱི་སྨན་སྔར་དམ་བཅས་ལྟར།། མ་རུངས་ལོག་པ་གདུལ་བ་དང་།། མཐུ་དང་དབང་གི་དངོས་གྲུབ་སྩོལ།། ཞེས་བྱའོ།། ཨཽ་ཛ་ཛ་རཀྐཱ་ཡཀྠ་ཛ་ཡ་དུ་ནི་ཧཾ། དེ་ནི་དྲང་ཞིང་དབང་དུ ་བྱའོ།། འདི་ནི་རྦད་པའི་སྙིང་པོའོ།། རཀྵ་ཁ་ལ་ཛ་དུར་ལིང་སྲོག་ལ་ཡཾ་ཁུག་རིལ་དབུགས་ལོང་རྦ་ན་རྦད་ཡ་ཞུང་ཏྲི་ཡཾ་ཡཾ། ཞེས་པ་དང་རྦད་པར་བྱའོ།། ཧཱུཾ་དཔལ་གྱི་ཕོ་ཉ་ཆེན་མོ་སྟེ།། དཔལ ་ཆེན་ཐུགས་ལས་སྐྱེས་པའི་ཕོ་ཉ་མོ།། ཡེ་ཤེས་ཐུགས་ཀྱི་ཁྱི་བརྒྱད་ཡིན།། ཞབས་ནི་རླུང་གི་འཁོར་ལོ་ཡིན།། སྙན་ནི་སྒྲ་རྣམས་ཀུན་ལ་གསལ།། ཤངས་ནི་དུག་གསུམ་དྲི་མ་སྣོམས།། ཞལ་ནི་བདུད་བཞི་རྔུབ་པར ་བྱེད།། མིག་ནི་ཉི་ཟླ་འོད་དུ་འབར།། མཇུག་མ་ལྕགས་ཀྱུས་ཉམས་པ་འཛིན།། ཁ་ནས་མི་ཡི་སྐྱུགས་པ་སྐྱུགས།། རྒྱུག་པའི་སྟོབས་ནི་སྦྱང་མོ་འདྲ།། ཁྱེད་ནི་བསྒྲུབ་པ་ལས་ཀྱི་བྱ་ར་མཛད།། ཕྱོགས་བཞི་མཚམས ་བཞིར་རྒྱུག་པའི་ཚེ།། ཕྱོགས་སྐྱོང་བདུད་རྣམས་རྡུལ་དུ་རློག། བཅོལ་བའི་ལས་ཀུན་བསྒྲུབ་པར་གྱིས།། དབང་གི་ཞིང་ཁམས་ཆེན་པོ་སྐྱོང་།། ཞེས་བསྐུལ་ཞིང་ལས་བྱའོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། དཔལ་གྱི་ཁྱི ་བརྒྱད་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས།། མི་ཡི་ལུས་ལ་ཁྱིའི་ཆ་བྱད་ཅན། ཁྱི་དང་ཆས་པ། རྟ་དབུ་ལ་མིའི་ལུས་ལ་རྟ་མགོ་ཅན་རྟ་དང་ཆས་པ། གཤོག་པ་ལས་མིའི ་ལུས་ལ་བྱའི་མགོ་ཅན་བྱ་དང་ཆས་པ། ཞབས་ལས་མིའི་ལུས་ལ་ཕག་གི་མགོ་ཅན་བྱུང་ངོ་།། དེ་བཞིས་མ་དད་གདུག་པ་འདུལ་བར་བྱེད།། དེ་ཡི་སྒྲུབ་པ་བསྟན་པ་ནི།། རྦད་ཅིང་ལས་ཀུན་བྱེད་པའོ།། གཅན་གཟན ་གདུག་ཅན་ཝ་འཕར་སྦྱང་ཀི་ཁྱི་རྣམས་མིན།། ཁྲ་དང་གཡག་དང་། སྟག་དང་། དོམ་གྱི་སྙིང་དེ་ལ་གཏོར་མ་བྱ་བ་ཡིན། སྔགས་ནི་དྲག་པོ་འདི་སྐད་གསུངས།། ཨོཾ་དྷི་ག་རུ་རྦད་ཡ། ཀུ་ཀུ་རཀྟ་ཙ་ཏུ་ར་ཡཾ། ཀ་ཏེ་རཀ་ཏོ ་ཙ་ལེ་རྦད། དུ་ར་རྦ་ཤ་ཡཾ། དེ་བཟླས་རྦད་པར་བྱའོ།། དེ་ཡི་ལས་ཀྱི་ནུས་པ་དཔག་ལས་འདས།། དེ་ནས་བརྟུལ་ཞུགས་སྤྱད་པར་བྱ།། དེ་ནས་བྲོ་ཡང་དྲག་པོར་བརྡུང་།། དེ་ནས་ཕོ་ཉ་དྲག་པོ་དགྱེ།། ཧཱུཾ་མཛད་ཆེན ་པོའི་རྒྱུད་ལས། བརྟུལ་ཞུགས་བཞི་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་དབང་གི་ཞབས་ལས། དབང་མོ་ཉི་ཤུ་རྩ་བརྒྱད་གསེར་གྱི་སེངྒེ་ཉི་ཤུ་རྩ་བརྒྱད་དུ་སྤྲུལ་ནས། འགྲོ་བའི་ལས་བྱེད་པར་སྤྲུལ ་ལོ།། དེ་རྣམས་རྦད་ཅིང་བྷྱོ་བཟློག་བྱའོ།། རྩང་ཉི་ཤུ་རྩ་བརྒྱད་མདེའུ་ཐུང་ཉི་ཤུ་རྩ་བརྒྱད་ལ་བཙུགས་ལ། དེ་ལ་ཤ་ཁྲག་བསྐུ་དང་དག་ལ། དེ་ནས་ཉུང་དང་ཚེ་དང་བཅས་པའོ།། དེ་ལྟར་བྱས་ལ་བདུད་རྩི་གཏོར་མ ་རཀྟས་མཆོད།། དེ་ནས་དྲག་པོའི་སྔགས་རྣམས་བཟླས།། ཨཽ་སིང་ང་ལ་ཛ་བ་དྲག་ཤམ་མ་རི་ལ་བྷྱོ། མ་རི་རཀྟ་ཀ་ལཾ་སེང་ང་སྦྲེང་བྷྱོ། ཨེ་ཀ་ཙཀྐ་ལཾ་རྦད་བྷྱོ། འདི་ནི་ལས་ཀྱི་བསྐུལ་བ་ལ། ས་མ་རཀྵ་ཀ་ལཾ་ཏྲི་ལེ་ཏྲི་ལེ ་ར་ར་ར་ར་བྲེང་ཤར་ཐུན་ལིང་བྷྱོ། ཧཱུཾ་མ་གཡེལ་མ་གཡེལ་དབང་མོའི་ཚོགས།། མཁའ་ལ་འགྲོ་བའི་མཁའ་འགྲོ་མ།། དབང་གིས་དབང་བསྐུར་དབང་ཕྱུག་མ།། དཔལ་ལ་བརྩེ་ཕྱིར་གཤེགས་སུ་གསོལ།། སྲིད་པ ་གསུམ་ལ་དབང་ཡང་བྱེད།། ཚེ་དང་དབུགས་ལ་དབང་བསྒྱུར་མ།། རྦད་པའི་ལས་ལ་དཀའ་སླ་མེད།། ཏྲཀ་རཀྟ་དྲག་པོ་སྲོག་ལ་སྐུར།། བྷྱོ་ནི་ཕྲིན་ལས་བསྒྱུར་བཟློག་བྱེད།། བྷྱོ་མཁའ་འགྲོ་དབྱིངས ་ནས་བསྐུལ་ལོ་དྲག་པོའི་ལས་མཛོད་ཅིག། མཁའ་འགྲོ་རཀྵ་སི་ལ་སོགས་ཏེ་ཉི་ཤུ་བརྒྱད།། སྐུ་མདོག་ཅིར་ཡང་བྱེད་མ་ངེས།། ཐོད་པ་རྡོ་རྗེ་དབྱུག་པ་འཛིན།། བྷྱོ་བཟློག་བསྐུར་བའི་ལས་མཛོད་ཅིག། ཕོ་ཉ་སྲིན་མོ ་སྲོག་ལེན་ལས་ལ་བྷྱོ།། མི་སྲིན་གཡག་གི་མགོ་ཅན་བྷྱོ།། ཚངས་པ་སྦྲུལ་གྱི་མགོ་ཅན་བྷྱོ།། ཁྲོ་མོ་གཟིག་གི་མགོ་ཅན་བྷྱོ།། ཁྱབ་འཇུག་ཟེར་མོ་མགོ་ཅན་བྷྱོ།། གཞོན་ནུ་ཕ་ཝང་མགོ་ཅན་བྷྱོ།། དབང་མོ་དྲེད་ཀྱི་མགོ ་ཅན་བྷྱོ།། སྨུག་ནག་སྟག་གདོང་ལྕགས་ཀྱུ་མ་བྷྱོ།། དམར་མོ་དོམ་གྱི་མགོ་ཅན་བྷྱོ།། ཞི་བ་སྡིག་པའི་མགོ་ཅན་བྷྱོ།། བདུད་རྩི་ཆུ་སྲིན་མགོ་ཅན་བྷྱོ།། ལྗང་ནག་ཁྲ་ཡི་མགོ་ཅན་བྷྱོ།། བེ་ཅོན་ཝ་ཡི་མགོ་ཅན་བྷྱོ།། ཟ ་བྱེད་སྟག་གི་མགོ་ཅན་བྷྱོ།། སེར་ནག་ར་གདོང་ཞགས་པ་མ་བྷྱོ།། རྒན་བྱེད་བྱ་རྒོད་མགོ་ཅན་བྷྱོ།། གཅིག་པུ་ཁྱུང་གི་མགོ་ཅན་བྷྱོ།། ཁྲག་འཐུང་རྟ་ཡི་མགོ་ཅན་བྷྱོ།། ཡིད་འཕྲོག་ཁྱི་ཡི་མགོ་ཅན་བྷྱོ།། གྲུབ་མོ་པུ་ཤུད ་མགོ་ཅན་བྷྱོ།། རླུང་མོ་ཤ་བའི་མགོ་ཅན་བྷྱོ།། དམར་ནག་སེང་གདོང་ལྕགས་སྒྲོག་བྷྱོ།། གསོད་བྱེད་སྦྱང་ཀིའི་མགོ་ཅན་བྷྱོ།། མེ་མོ་སྦྱིན་གྱི་མགོ་ཅན་བྷྱོ།། སྣ་ཆེན་གླང་གི་མགོ་ཅན་བྷྱོ།། འབར་མ་ཁྭ་ཡི་མགོ་ཅན ་བྷྱོ།། གྲུབ་མོ་སྡིག་པའི་མགོ་ཅན་བྷྱོ།། ལྗང་ནག་ཕག་གདོང་མགོ་ཅན་བྷྱོ།། བསྐུལ་ལོ་ཕྲིན་ལས་གྲུབ་པར་མཛོད།། ཅེས་གསུངས་སོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། དབང་ཕྱུག་མ་བསྒྲུབ་པའི་ལེའུ་སྟེ་བདུན ་པའོ།། །། དེ་ནས་དབང་ཆེན་སྤྱན་གཡས་གཡོན་ནས། རྩ་དང་དྲངས་མ་ལ་དབང་བྱེད་མ། རྩ་ཁྲོ་བོའི་མ་མོ་བཅུ་གསུམ་གྱི་རྦད་པའོ།། ལས་ཀྱི་བདུད་མོ་རྩ་ཁྲོ་མ་ཆ་གཉིས་སོ།། འདི་ནི་ཡེ་ཤེས་ཀྱི་མཁའ་འགྲོ ་མ་ལས་ལ་རྦད་པར་བྱའོ།། ཨོཾ་ཁྲི་མུན་ལན་ལེན་ཤག་ཏེ་ཤུག་ཏི་ལ་རྦད་ན་ཡཾ། ཞུང་ཏ་རྩ་ལ་ཡ་ཡ། འབྱུང་པོའི་རི་ལི་ཡ། འབྱུང་པོ་ནི་རྩའོ།། སྲི་ནི་བགེགས་སོ།། དེས་འདོད་ཅིང་འདུལ་བ་ཡིན། དབང་གི་རྒྱལ་པོ་ཡེ ་ཤེས་ཀྱི་མཁའ་འགྲོ་མ་རྦད། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལས་ཀྱི་མཁའ་འགྲོ་རྩ་ཁྲོ་མ་རྦད། དེ་ལྟར་བྱས་པས་ལས་རྣམས་བྱེད། རྩ་དང་ཐིག་ལེ་གནས་པ་སྟེ། མི་རིགས་རྣམ་པ་བཞི་ལ་རྩ་རིགས་རྣམ་པ་བཞི་ཡོད་དེ།། ་རྒྱལ་རིགས་རྩ་ནི་མགོ་ཡང་མཐོ། རྗེ་རིགས་འཕར་ལ་སྡོད་པ་ཡིན།། དམངས་རིགས་འཇམ་ལ་ཕྲ་བ་ཡིན།། གདོལ་པ་གཏུམ་པ་ཉུང་བ་ཡིན།། རྩ་ལ་རིགས་ནི་རྣམ་བཞི་ཡིན།། བྱང་ཆུབ་སེམས་དཔའི་རིགས་ཀྱི་རྩ ་ནི་དལ་ལ་འཇམ།། ཁྲོ་གཏུམ་སྲིན་པོའི་རྩ་ནི་དྲག་ལ་མྱུར། བྲམ་ཟེ་ནག་མོའི་རྩ་ནི་ཚ་ལ་ཕྲ།། བློན་པོ་གདུག་པའི་རྩ་ནི་སྦོམ་ལ་རིང་།། བུད་མེད་བྱིས་བུའི་རྩ་ནི་རྩུབ་ལ་འཕར།། དེ་ལྟར་སྤྱད་ལ་བརྡ་བའོ།། རྩ་ནི ་ཆེན་པོ་གསུམ་ཡོད་དེ།། དབུས་ཀྱི་རྩ་ཆེན་དང་ནི་གཡས་གཡོན་ནོ།། དེ་ལས་གྱེས་པའི་རྩ་ཆེན་བཞི།། བདུད་སྒོ་ལྷག་རྩ་ནག་པོ་དང་།། རྩ་ཆེན་མཁལ་མ་རྩ་ཆེན་དང་།། པུས་དང་གྲི་གུག་རིམ ་པའོ།། དེ་ལས་ཆང་ཕྲ་རྩ་གྱེས་ཏེ།། དེ་ལ་ཕྱིའི་སྒོ་བཞི་དང་། ནང་གི་སྒོ་བཞི་དང་། གསང་བ་དང་། ཚངས་པ་གཉིས་ཏེ་བཅུ་པའོ།། དེ་ལ་རིམ་པར་བྱ་ཞིང་བརྡ། ཞེས་གསུངས་སོ།། ཧཱུཾ་མཛད་ཆེན་པོའི་རྒྱུད ་ལས། སྤྱན་ནས་མཁའ་འགྲོ་རྩ་ཁྲོ་མ་དང་རྩའི་དམིགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་མ་དད་པའི་དགྲ་བགེགས་ནི་བསྒྲལ་ཅིང་ཚར་གཅད། སྒྲིབ་པ་སྦྱང་བའི་ཕྱིར། ཐུགས་རྗེ་ཆེན་པོ་དྲག་ཤུལ ་གྱིས་གདུལ་བ་མཛད། བདུད་སྡེ་དཔུང་གིས་བཏུལ། རྒྱལ་ཆེན་ཐབས་ཀྱིས་བཏུལ། ཀླུ་ཆེན་རྫུ་འཕྲུལ་གྱིས་བཏུལ། ཐེ་བྲང་ལིངས་སུ་བཏབ་བོ།། གདུལ་ཐབས་བཞི་མཛད་དོ།། དེ་ནས་ཐུགས་རྗེ་ཤུགས་ཀྱིས ་བསྒྲལ་བའི་བྲོ་བརྡུངས་ཏེ། གཟི་ལྡན་འབར་བའི་དཀྱིལ་འཁོར་ནས།། དབང་གི་སྐུ་གཅིག་བཞུགས་པ་ལ།། དགྱེས་པ་མདངས་ཀྱི་མཆོད་པ་འབུལ།། ཕྱི་མཆོད་རྡོ་རྗེའི་ཚིག་དྲུག་པོ།། གླུ་ཡང་དྲུག་ལ་བྲོ་ཡང ་དྲུག། གླུ་དྲུག་གསང་བའི་དབྱངས་དང་སྦྱར།། གླུ་དྲུག་དབྱངས་སུ་བླངས་པ་ནི།། གྲུབ་པའི་གླུས་ནི་ཐུགས་རྗེ་བསྐུལ།། ཚངས་པའི་གླུས་ནི་ཞིང་ཁམས་སྦྱོང་།། གདུང་བའི་གླུས་ནི་མ་སྲིང་མཉེས།། ལས་ཀྱི་གླུས་ནི་ཕོ ་ཉ་འགྱེད།། སྒྱུ་མའི་གླུས་ནི་དགོངས་རྒྱུད་གསལ།། འབར་བའི་གླུས་ནི་བདུད་བཞི་འདུལ།། ཧཱུཾ་གི་གླུས་ནི་འཕྲོ་འདུ་འཁྲུགས།། གླུ་དྲུག་རྫོགས་པའི་བལྟ་བར་གཞག། བྲོ་དྲུག་རྫོགས་པའི་སྤྱོད་ལམ་བཞི།། གར་གྱི་བྲོ ་བརྡུངས་བྱིན་རླབས་ཆེ།། དབང་གི་བྲོ་བརྡུངས་དུག་གསུམ་འཇོམས།། པདྨའི་བྲོ་བརྡུངས་ཆགས་པ་མེད།། ཁྲོ་བོའི་བྲོ་བརྡུངས་དྲེགས་པ་འཇོམས།། རྟ་བྲོ་འཁོར་གསུམ་སྲིན་པོ་འཇོམས།། འདི་ནི་གསང་ཚིག་ངེས ་པའི་བྲོ།། ཐུགས་མཆོག་གསང་བའི་སྙིང་པོ་ཡིན།། རྒྱལ་བ་ཀུན་དང་མཉམ་སྦྱོར་བས།། དགོངས་རྒྱུད་གསལ་བ་བཞིན་དུ་བསྒོམ།། རྟ་བྲོ་འཁོར་གཅིག་དང་པོ་ལ།། ཁྲོ་བའི་སྤྲིན་གྱིས་དབང་བསྡུས་ནས།། དུས ་གསུམ་རྒྱལ་བས་རོལ་པ་མཛད།། རྟ་བྲོ་འཁོར་གཉིས་བར་མ་ལ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། རིགས་ཀྱི་ཡུམ་དང་རོལ་པ་མཛད།། རྟ་བྲོ་འཁོར་གསུམ་ཟ་མ་ལ།། མ་སྲིན་རྒྱ་མཚོ་འཁོར་བསྡུས་ནས།། ཕྲ ་མེན་ཀུན་དང་རོལ་པ་མཛད།། འདི་ནི་སྐུ་གསུང་ཐུགས་ཀྱི་བྲོ།། པདྨ་གསང་བའི་དམ་བསྐངས་ནས།། གདུལ་བྱའི་བྲོ་བཞི་བྱུང་བ་ནི།། ནུབ་ཀྱི་ཕྱོགས་སུ་བྲོ་གཅིག་བྱུང་།། ཀླུ་འབྲུག་འདུལ་བའི་བྲོ་བོ་ཆེ།། ཁ་ཡང ་ནུབ་ཏུ་བལྟ་བྱ་སྟེ།། གྲུ་མོ་གདེངས་ནས་རྐང་པས་བརྡུངས།། ཁ་ནས་སྔགས་ཚིག་འདི་ཡང་བཟླས།། རཱ་ག་ནཱ་ག་རྔུབས་ཡ་རྔུབ་ཡ།། ཀླུ་རྣམས་ཀུན་ཀྱང་ཞབས་ཀྱིས་བཙིར།། གདུལ་བྱའི་བྲོ་གཅིག་བྱང་དུ ་བྱུང་།། གནོད་སྦྱིན་འདུལ་བའི་བྲོ་བོ་ཆེ།། ལག་པ་གཡས་གཡོན་མགོ་ལ་ཁྱེར།། བྱང་གི་ཕྱོགས་སུ་ཁ་བལྟས་ཏེ།། ཨ་ར་ཀུ་རུ་པ་ར་དུམ་ཡང་ལིང་ཡཾ་སྟེ། གནོད་སྦྱིན་བསྒྲལ་བའི་སྟེང་དུ ་བརྡུངས།། གདུལ་བྱའི་བྲོ་གཅིག་ཤར་དུ་བྱུང་།། དྲི་ཟའི་རྒྱལ་པོ་འདུལ་བའི་བྲོ།། ལག་པ་གར་ཐབས་བསྐྱོད་བྱས་ཏེ།། ལྷ་ཚོགས་མང་པོ་དབང་དུ་སྡུད།། ཨ་རག་སམས་དུ་དུ་བཟླས།། གདུལ་བྱའི་བྲོ་གཅིག་ལྷོ་རུ ་བརྡུངས།། གྲུལ་བུམ་འདུལ་བའི་བྲོ་བོ་ཆེ།། ཡ་མ་ཙ་བ་ཤ་ལིང་བཟློག་ཅིང་།། གྲུལ་བུམ་སྟེང་དུ་བྲོ་ཡང་བརྡུངས།། ལ་ལ་རླུང་ལྷ་འདུལ་བའི་བྲོ།། ལ་ལ་བགེགས་ཆེན་འཇོམས་པའི་བྲོ།། རྟ་ཡི་བྲོ་ནི་ཤར་ནས ་བརྡུངས།། རྡོ་རྗེའི་བྲོ་ནི་ལྷོ་ནས་བརྡུངས།། ཕུང་པོའི་བྲོ་ནི་ནུབ་ནས་བརྡུངས།། སྤྲུལ་པའི་བྲོ་ནི་བྱང་ནས་བརྡུངས།། ལ་ལས་ཟ་བྱེད་ཆེན་པོ་འདུལ།། ལ་ལས་གཡོ་འགུལ་མེད་པར་བྱེད།། ལ་ལས་རྩལ་གྱིས་དབང ་དུ་སྡུད།། ལ་ལས་དུག་གསུམ་བཙོན་ར་སྦྱོང་།། ལ་ལས་ཕུར་པས་དབྱིངས་སུ་འདེབས།། ལ་ལས་སྦྱོར་བའི་ངན་སྔགས་གཅོད།། ལ་ལས་ང་རྒྱལ་གཤོགས་པར་བྱེད།། ལ་ལས་ཐམས་ཅད་བསྟན་པར་བྱེད།། ཀུན་ཏུ ་བཟང་མོའི་མཁའ་དབྱིངས་ལ།། ཚོམ་བུ་བརྒྱད་ཀྱི་བྲོ་བྱུང་བ།། ཁྲོ་བོ་ཀུན་གཞི་མཉམ་པར་སྦྱོར།། ཤེས་རབ་ཕ་རོལ་ཕྱིན་པའི་བྲོ།། འདི་ནི་དཔལ་གྱི་ཐུགས་དམ་ཡིན།། འདི་ནི་མ་སྲིད་དངོས་གྲུབ་ཡིན།། འདི་ཡང ་ཕོ་ཉའི་ལོངས་སྤྱོད་ཡིན།། ཞེས་བརྡུང་ངོ་།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། བྲོའི་ལེའུ་སྟེ་དགུ་པའོ།། །། འདུས་པའི་སྲས་ཆེན་ཧེ་རུ་དེས།། དབང་གི་རྒྱལ་ལ་འདི་སྐད་གསོལ།། གང་དེ་བསྒྲལ་བའི་ཕུང ་པོའམ།། སེམས་ཅན་ཚེ་ཡི་དུས་བྱས་ནས།། དམྱལ་བའི་གནས་སུ་ལྟུང་བ་ལ།། བྲང་བའི་ཐབས་ནི་ཇི་ལྟར་ལགས།། སེམས་ཉིད་དོན་དེ་ཇི་ལྟར་ལགས།། དབང་ཆེན་ཁྱོད་ལས་བདག་ཉན་འཚལ།། ཞེས་གསོལ ་པས། དབང་གི་རྒྱལ་པོས་བཀའ་སྩལ་པ།། སེམས་ཅན་འདུས་བྱས་འཁྱམས་པ་ལ།། ཡང་དག་རང་གནས་མ་བསྟན་ན།། མ་རྟོགས་རྩོལ་བསྒྲུབ་བྱས་ཀྱང་ཐར་ས་མེད།། ལས་ཀྱི་ཧེ་རུ་ཀ་ཉོན་ཅིག། རང་གི་སེམས ་ཉིད་གདོད་ནས་མ་དག་ན།། འཕྲལ་དུ་ཕྱོགས་ཙམ་བསྒོམ་པས་དག་མི་འགྱུར།། ཐབས་ཀྱི་རྩ་བ་སྙིང་རྗེ་མ་ཤར་ན།། འཕྲལ་གྱི་ཆོས་ཀྱིས་ཡོངས་ལ་ཁྱབ་མི་འགྱུར།། རྒྱུད་ཉིད་དག་པའི་དོན་ཉིད་མ་ཤེས་ན།། འཕྲལ ་གྱི་དམིགས་པས་རང་རིག་གསལ་མི་འགྱུར།། རང་རིག་རྩ་ཡིས་ཡོངས་ལ་མ་གདལ་ན།། འཕྲལ་དུ་འཕྲོ་འདུས་ཉོན་མོངས་དག་མི་འགྱུར།། ཡེ་ནས་བཙལ་མེད་དཀྱིལ་འཁོར་མ་རྟོགས་ན།། འཕྲལ་དུ་ཡུད་ཙམ་རྒྱལ ་བཔབའི་སྐུ་མི་རྫོགས།། ཡིད་ཀྱི་མཆོད་པས་སྟོང་གསུམ་མ་ཁྱབ་ན།། བཤམས་ཙམ་ཕུལ་བས་རྒྱལ་བ་མཉེས་མི་འགྱུར།། དོན་གྱི་བསྙེན་པ་ཁོང་ནས་མ་ཤར་ན།། འཕྲལ་དུ་མཚན་མར་བརྗོད་པས་གྲུབ་པ་མེད།། སེམས ་ཀྱི་དབང་ཕྱུག་འདོད་དགུར་མ་ཤེས་ན།། འཕྲལ་ཐབས་ཡེ་ཤེས་ལྔ་ཡི་དབང་མི་ཆགས།། རྣམ་སྨིན་ལས་ཀྱིས་བརྟས་པའི་སྲིན་པོ་དང་།། ཉོན་མོངས་འདམ་དུ་འཁོར་བ་རཱ་ཏྲ་ཡང་།། རྟོགས་དང་ལྡན ་པའི་ལྟ་བས་མ་བཏུལ་ན།། མཚན་མར་བསྒོམ་པའི་རྟོགས་པས་གནས་མི་འབྱོངས།། ཡེ་ཤེས་རང་གནས་དོན་འདི་མ་ཤེས་ན།། འབད་རྩོལ་བྱས་པས་གནས་མཆོག་ཡང་མི་རྙེད།། དབང་གིས་རྒྱལ་པོས་དེ་སྐད་ཅེས ་གསུངས་སོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས།། རང་གི་གནས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། ལས་ཀྱི་ཧེ་རུ་ལ་སོགས་པ་འཁོར་རྣམས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་བསྟོད་དོ།། དབང་གི་རྒྱལ་པོས ་བཀའ་སྩལ་པ། རྒུད་འདི་ཟུངས་ཤིག་ཆོངས་ཤིག། ཀློག་ཅིག། ཅེས་གསུང་ནས་འཁོར་རྣམས་རང་རང་ས་ལ་འཁོད་དོ།། ཧཱུཾ་མཛད་ཆེན་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཟུང་ཞིང་གཏད་པའི་ལེའུ་སྟེ་བཅུ་གཅིག ་པའོ།། །། ཧཱུཾ་མཛད་ཆེན་པོའི་རྒྱུད་རྫོགས་སོ།། སློབ་དཔོན་རྡོ་རྗེ་གྲོ་ཡོད་དང་། ལོ་ཙཱ་བ་རྡོ་རྗེ་ཞང་འདྲུང་གིས་བསྐུར་རོ།། བར་འདི་ནམ་མཔའ་མཛད་ཀྱི་ཆུད་འཇིག་རྟེན་ལས་འདས་པའི་མད་འདུད།། བླ་གསང་ཆེན་པའི་མད།། དཔལ ་