| Wylie | e-texts produced with BDRC’s OCR application |
ཚིག་པ་གསོ་བ་དང་།། ལས་ཀྱི་ཕམ་ལྷུང་བསལ་བ་དང་།། མེ་ལྷ་གཤེགས་སུ་གསོལ་བའི་ལེའུ་སྟེ་ཐ་མའོ།། །། དེ་ནས་ཁྲོ་བོའི་ལས་བྱ་བའི་ཕྱིར། ཁྲོ་བོ་ཀི་ལི་ཀི་ལིའི་ཕྱག་རྒྱས་མེ་སྦྱང་བ ་ནི།། ལག་པ་གཡོན་པ་ཁ་ཕར་བསྟན་པ་དང་། གཡས་པ་ཁ་ཚུར་བསྟན་པ་གཉིས། གཅིག་ཏུ་སྦྱར་ལ་སོར་མོ་བསྐྱོད་ལ་སྔགས་འདི་བཟླས་སོ།། ཨོཾ་ཀི་ལི་ཀི་ལི་བི་ལི་ཏེའུ་དྲི་བ་ཀྲི་ཏ་མ་ཧཱ་བཛྲ་ཀྲི་ཏ་ཡོ་ནི་ཀྲོ་དྷ་ན་ཧཱུཾ། ་དེས་ནི་དམ་ཚིག་གཙང་མར་བྱིན་བརླབ་བོ།། དེ་ནས་འབར་བའི་དཀྱིལ་འཁོར་རིམ་པར་འབར་བའི་སྲེག་ཁང་དུ་སྤྱན་དྲང་བ་ནི། ལྷ་ཀུན་གྱི་ཚིག་བཤད་འདིས་བསྐུལ་ཞིང་། སྔགས་དང་སྦྱར་ཏེ་སྤྱན་དྲངས་སོ།། དེ ་ནས་ཕྱག་རྒྱ་བཅས་ལ་འདི་སྐད་དོ།། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས།། འབར་བའི་ཁང་དུ་བཞུགས་ནས་ཀྱང་།། སྲེག་བླུགས་ཞལ་ཟས་བཞེས་སུ་གསོལ།། ཨེ་ཧྱེ་ཧི ་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ།། ས་མ་ཡ་སྟཾ། ཛཿཧཱུཾ་བཾ་ཧོཿ། བཛྲ་ཨགྣ་ཡེ་བཛྲ་ཨཾ་ཀུ་ཤ། ཨཱ་གཙྪ་ཨཱ་གཙྪ་ཞེས་སྤྱན་དྲང་ངོ་།། དེ་ནས་བྱོན་པ་དང་མེ་ཏོག་ཅིག་ཐབ་ཏུ་བོར་ཏེ། པདྨ་ས་མ་ཡ་སྟཾ་ཞེས་གདན་དུ ་བཏིངས་ལ། བཅོམ་ལྡན་འདས་ལྷའི་ཆེད་དུ་སྦྱིན་སྲེག་སྩལ་ན། མེ་འབར་བའི་ནང་དུ་བཞུགས་སུ་གསོལ་ཞེས་བརྗོད། དེ་ནས་སྲེག་རྫས་ཀྱིས་མཆོད་པ་ནི། སོ་སོའི་སྔགས་བརྗོད་ཅིང་བདུན་གསུམ་ཉི་ཤུ་རྩ་གཅིག ་ཏུ་འབུལ་ལོ།། དེ་ནས་བསྟོད་པ་བྱ། དེ་ནི་དྲག་པོ་བྱ་བའི་ལས་བྱས་སོ།། དེ་ནས་སླར་གཤེགས་སུ་གསོལ། དེ་ནས་ཡང་མེ་སྦྱང་། དེ་ནས་ལྷ་ཕྱི་མ་རྣམས་སྤྱན་དྲངས་ཏེ། གོ་རིམ་གོང་མ་ལྟར་བྱའོ།། དྲག་པོ་ལས་ཀྱི ་གོ་རིམ་ལས། མེ་སྦྱང་བ་དང་། སྤྱན་དྲངས་པ་དང་། གདན་དབུལ་ཞིང་བརྟན་པར་བཞུགས་སུ་གསོལ་བ་དང་། མཆོད་པ་འབུལ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་བསྟོད་པ་བྱ་བ་འདི་སྐད་དོ།། ཧཱུཾ་ཁྱོད་ནི་མགོན ་པོ་རྡོ་རྗེ་འཛིན།། ཁྱོད་ནི་གླང་པོའི་རྣ་བ་ཅན།། ཁྱོད་ནི་བཟང་པོའི་རྒྱན་དང་ལྡན།། ཁྱོད་ནི་རྣམ་པར་གནོན་པ་ཡིན།། ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད།། ཁྱོད་ནི་བདེ་བ་སྦྱིན་པ་སྟེ།། ཁྱོད་ནི་གཟུགས་ནི་མཛེས ་པའི་རྒྱན།། ཁྱོད་ནི་མེ་ལྷ་རལ་པ་ཅན།། ཁྱོད་ནི་གཟུགས་ནི་མཛེས་པ་ཡིན།། དེ་ནས་དྲག་པོ་སྦྱོར་བའི་ལས་དང་སླར་གཤེགས་སུ་གསོལ།། དེ་ནས་ཡང་མེ་སྦྱང་། ཕྱི་མ་སྤྱན་དྲངས་གདན་དབུལ་བ་དང་། བཞུགས ་སུ་གསོལ་བ་དང་།། སྲེག་རྫས་མཆོད་པ་རེ་རེ་དང་། རྩ་བའི་སྔགས་རེ་རེ་དང་སྦྱར་ཞིང་། བདུན་གསུམ་ཉི་ཤུར་དབུལ་ལོ།། རྡོ་རྗེ་སེམས་དཔའ་ཐུགས་རྗེས་འགྲོ་དོན་དུ།། འཇིགས་བྱེད་འབར་བའི་རོལ་པའི་སྐུར ་སྟོན་པ།། ཡེ་ཤེས་བསྐལ་པ་མེ་ཆེན་འབར་བའི་འོད།། སྲིད་གསུམ་མ་རིག་མུན་གསལ་གཏིང་ནས་འཇོམས།། གཞན་གྱིས་མི་ཐུབ་སྐུ་གསུང་ཐུགས་དང་ལྡན།། ཁྲོ་རྒྱལ་ཐུགས་རྗེས་རོལ་ལ་ཕྱག་འཚལ་ལོ།། ཧཱུཾ་མི ་གཡོ་མགོན་པོ་རི་རབ་འཛིན།། རྣམ་རྟོག་པ་ཡི་རླུང་གིས་བསྐྱོད།། རྟོག་པའི་དྲ་བས་དཀྲིས་པའི་བདུད་རྣམས་འཇོམས།། སྲིད་གསུམ་བླ་མེད་གནས་སུ་སྒྲོལ་མཛད་པ།། དྲན་པས་རེ་བ་སྐོང་མཛད ་པ།། ཡེ་ཤེས་འབར་བའི་དབྱིངས་ལ་ཕྱག་འཚལ་ལོ།། ཧཱུཾ་ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧཱུཾ་སྒྲ་ཅན།། ཐུགས་རྗེ་ཆེན་པོ་ཉོན་མོངས་ཀུན་གྱི་དགྲ། མཆེ་བ་ཟིལ་གནོན་འཇིགས་བྱེད་རྒྱན་གྱིས་བཞུགས།། ཡན་ལག་དྲུག ་ལྡན་འཇིགས་བྱེད་གཤིན་རྗེའི་གཤེད།། ཡེ་ཤེས་སྤྱན་གྱིས་མ་རིག་མུན་སེལ་བ།། གཞོན་ནུའི་ཚུལ་འཆང་ཉིད་ལ་ཕྱག་འཚལ་ལོ།། ཧཱུཾ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསམ་མི་ཁྱབ།། མ་རིག་མུན་པ་སེལ་བའི ་ཐུས་བརླབས་པ།། དད་པའི་ཚུལ་གྱིས་ཆོ་འཕྲུལ་སྟོན།། ཡེ་ཤེས་དབྱུག་པས་དུག་གསུམ་རྡུལ་དུ་རློག། ཐར་པའི་གནས་སུ་སྒྲོལ་བར་མཛད་པ་ཡི།། རྡོ་རྗེ་དབྱུག་ཏོ་བསྣམས་ལ་ཕྱག་འཚལ་ལོ།། ཧཱུཾ་ཡེ་ཤེས་ཧ་ཡ་གྲི ་བ་རྟ་མཆོག་དཔལ།། སྐུ་མདོག་ཆགས་མེད་ནུབ་ཀའི་དམར་ཐག་འདྲ།། འབར་འཕྲོ་དབུ་སྐྲ་རལ་པ་གྱེན་དུ་བརྫེས།། མ་རིག་ཚངས་པ་ཁ་སྦུབས་བསྣོལ་བའི་ལྷ།། པདྨ་རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ།། ་ཆགས་པའི་ཐབས་ལ་དབང་བསྒྱུར་བ།། པདྨ་འདམ་གྱིས་མི་གོས་དག་པ་བཞིན།། འདོད་ཆགས་ཀུན་ལ་དབང་བསྒྱུར་འབར་བའི་སྐུ།། མཐོང་ཐོས་དྲན་པས་རེ་བ་ཀུན་སྐོང་ཞིང་།། ཡེ་ཤེས་ནམ་མཁའ་ལྟ་བུར་དབང ་བསྐུར་བ།། ཁྲོ་རྒྱལ་འདོད་པའི་དཔལ་ལ་ཕྱག་འཚལ་ལོ།། ཧཱུཾ་ཐབས་ཀྱིས་མ་རྨོངས་ཕྲིན་ལས་མཛད་པའི་རྟགས།། སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར། ཆག་ཅད་མེང་།། ཧཱུཾ་སྐུ་གསུང་ཐུགས་ཀྱི་བྱིན ་རླབས་ཐུགས་རྗེས་རོལ།། སྲིད་པ་གསུམ་གྱི་སྐྱེ་གནས་རྡུལ་དུ་རློག། གཡོན་པས་ཞགས་པ་སྡིགས་མཛུབ་མེ་ལྟར་འབར།། ངན་སོང་གནས་ནས་འགྲོ་དྲུག་འདྲེན་ཅིང་སྒྲོལ།། ཡེ་ཤེས་མི་གཡོ་རྡོ་རྗེ་དྲག། འོད་ཕུང ་བརྗིད་པས་དོན་མཛད་འབར་བའི་སྐུ།། ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ།། ཧཱུཾ་མ་ཆགས་པདྨ་འཁོར་ལོ་འབར་བའི་སྐུ།། ལོག་འདྲེན་བགེགས་ཀྱི་བདུད་དཔུང་འཇོམས་མཛད་པ།། ལོག་རྟོགས་འདམ་སྐྱེས་བླ ་མེད་གནས་སྟོབས་པ།། ཁྲོ་རྒྱལ་པདྨ་འཁྱིལ་ལ་ཕྱག་འཚལ་ལོ།། ཧཱུཾ་མཛད་གསང་བའི་མཛོད་འཛིན་པ།། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས།། ལྷ་དང་ལྷ་མིན་དབང་པོ་ཉེ་དབང་བཅས།། ང་རྒྱལ་མཐུ་བསྙེམས ་དྲེགས་པས་ཁེངས་པ་ཡི།། སྲིད་གསུམ་གཙོ་བོ་དཔུང་དང་བཅས་པའི་ཚོགས།། བཛྲ་ཧཱུཾ་གིས་བདུད་དཔུང་འཇོམས་མཛད་ཅིང་།། ཐར་པའི་གནས་སུ་སྒྲོལ་བར་མཛད་པ་ཡི།། ཧཱུཾ་མཛད་འབར་བའི་དབྱིངས་ལ་ཕྱག ་འཚལ་ལོ།། གོང་མ་བཞིན་དུ་ལྷ་རེ་རེ་ལ་བསྟོད་པའི་རྗེས་ལ་དྲག་པོའི་སྦྱིན་སྲེག་བྱའོ།། ལས་ཀྱི་རིམ་པ་ལས། བསྟོད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དྲག་པོའི་སྦྱོར་བའི་ལས་བྱ་བ་ནི། འདི་སྐད་བརྗོད ་དོ།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བའི་གཏུམ་ཆེན་འབར་བ་ལ།། ཁྲོ་བོའི་ཡིད་ཀྱིས་མཆོད་སྦྱིན་བྱ།། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག། བདུད་རྩི་ལྔའམ་ཟག་རྫས ་ལ།། མཚན་མའི་མིང་དུ་བཅས་པར་བྱ།། བཀུག་ནས་རྡོ་རྗེ་ཕུར་པས་བཏབ།། རྡུལ་དུ་བྱས་ལ་ཚོགས་སུ་བསྟབ།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ཞེ་སྡང་རྡོ་རྗེ་འཁོར་བཅས་ཀུན།། འཇིག་རྟེན་ཁམས་ནི་རབ ་འབྱམས་ཀུན།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། སྐད་ཅིག་ཡུད་ལ་བརླག་མཛད་དེ།། བརླག་པར་མ་གྱུར་གང་ཡང་མེད།། དར་ཕུ་ཙར་བུ་ནར་ཕུ་ཨ་བྷི་ཙ་ར་མཱ་ར་ཎ་ཧཱུཾ་ཕཊ། ཞེས་བསྐུལ་ལོ།། ཨེ་ཡི་ཚོགས་ཀྱི ་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་འབྲེལ་བསྡམས་ནས།། བཅིང་བསྒྱུར་བསྐྱོད་ནས་ཕྱོགས་བཅུར་གཡོས།། མྱོས་ནས་བསད་དེ་ཚིག་པར་འགྱུར།། ཞེས་བརྗོད་དོ།། ལས་ཀྱི་ལེའུ་ལས། དྲག་པོར་སྦྱོར་བའི་ལེའུ་སྟེ ་གསུམ་པའོ།། །། དེ་ནས་ལྷ་ཚོགས་རེ་རེ་རྫོགས་པ་དང་། དྲག་པོའི་ལས་བྱ་བར་གསུངས་སོ།། དེ་ལ་དང་པོར་དྲང་བ་ནི། གོང་དུ་མཆོད་པའི་ཁྲོ་བོ་རྣམས། ཚིགས་སུ་བཅད་པས་རེ་རེ་ནས་བསྐུལ་ཏེ་འདི་སྐད ་