| Wylie | e-texts produced with BDRC’s OCR application |
@།། བོད་སྐད་དུ། རྡོ་རྗེ་ངུར་མོའི་ཏནྟ་ཞེས་བྱ་བའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ ་སེམས་དཔའ་འོག་མིན་གྱི་གནས། སྟུག་པོ་བཀོད་པའི་ཞིང་ཁམས་ན།། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་ཏེ།། རིགས་ལྔའི་སངས་རྒྱས་དང་། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། བྱང་ཆུབ་སེམས ་དཔའ་ཐམས་ཅད་དང་། དགའ་ལྡན་གྱི་ལྷ་ལ་སོགས་པའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་འཁོར་ཕུན་སུམ་ཚོགས་པ་དང་ཐབས་གཅིག་ཏུ་བཞུགས་པ་ལས། སྡུད་པ་པོ་ཕྱག་ན་རྡོ་རྗེས། མཆོད་པ་རྒྱ་ཆེ ་པབ་དཔག་ཏུ་མེད་པས། བཅོམ་ལྡན་འདས་ལ་མཆོད་ནས་ལན་བརྒྱ་སྟོང་དུ་མར་ཕྱག་འཚལ་ནས་འདི་སྐད་ཅེས་ཞུས་སོ།། སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་ཐམས་ཅད་མཁྱེན་པ། འཇིག་རྟེན་དུ་དཀོན་མཆོག་གསུམ ་གྱི་དབུ་འཕང་བསྟོད་པ་དང་། ལས་རྣམ་བཞིའི་བྱིན་རླབས་བརྟན་པར་མཛད་པ་དང་། དགྲ་བགེགས་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་དྲག་པོའི་ཕྲིན་ལས་བཀའ་སྩལ་དུ་གསོལ་ཞེས་གསང་བའི་བདག་པོ་ལག ་ན་རྡོ་རྗེས་ཞུས་པ་དང་། དཔལ་རྡོ་རྗེ་སེམས་དཔའ་གདན་སེངྒེའི་སྟེང་ན། སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཐལ་ལེ་གསལ་ཞིང་། མཚན་དང་དཔེ་བྱད་ཐམས་ཅད་དུ་ལྡན་པ། ཐམས་ཅད་དུ་བསམ་གྱིས་མི ་ཁྱབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྣ་ཚོགས་པར་སྣང་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་ནས། གདུལ་དཀའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར ་དགོངས་ནས། ཉིད་ཀྱི་གསང་བའི་ཕྲིན་ལས་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལས་ཕྱུང་ནས། གདུལ་དཀའ་བའི་སེམས་ཅན་ཐམས་ཅད་ལ། ཐུགས་བརྩེ་བར་དགོངས་པས་བཀའ་སྩལ་ཏོ།། བདག ་དང་གཞན་གྱི་དབང་དུ་རྒྱུད་འདི་གསུངས་སོ།། ཐོག་མར་བརྟག་པའི་ས་དཔྱད་དེ།། ཟླ་གམ་ཡོད་པའི་གནས་སུ་ནི།། ས་གཞི་བྱིན་དུ་ནག་པོ་ལ།། དང་པོར་ས་བསླང་བ་དང་། སྦྱང་བ་དང་བརྟན་དུ་བྱིན་རླབས་དྲག ་པོར་བྱ། ཧོམ་ཁུང་དབྱིབས་ནི་གྲུ་གསུམ་དུ་བརྐོ། ངོས་ནི་རིང་པོ་ཆ་དྲུག་ཏུ་བྱ་བ་དང་། ཐུག་ལ་ཆག་གང་བར་བྱ་སྟེ།། ཐུར་དུ་ཁྲུ་གང་བརྐོ་བར་བྱ། དེའི་དབུས་སུ་མེ་ཐབ་བཅའ། ཁ་ཁྱེར་ཟུར་གསུམ་པ་ཞིག་བྱས་ལ།། ་ཁ་རན་རིམ་པ་གསུམ་པོ་ཡང་། ཞེང་ཚད་སོར་གསུམ་པར་བྱས་ཏེ།། དེ་ལ་རྡོ་རྗེའི་ར་བས་བསྐོར།། དེ་ཡི་ཕྱི་རིམ་མཛུབ་གང་ལ།། བང་རིམ་གསུམ་དུ་གཅད་པར་བྱ།། སྟེགས་བུ་ཁྲུ་ལྔ་གྲུ་བཞི་ལ།། འཕང་དུ་ཆག ་གང་ཡན་ཆད་བྱ།། དེ་ནས་ཞལ་ནི་ནག་པོར་བགྱི།། ངོས་ནི་དམར་པོར་བྱུག་པར་བྱ།། སྒོ་ནི་བྱང་གི་ཕྱོགས་སུ་བསྟན།། ཁ་རན་གསུམ་གྱི་དང་པོ་ལ། ཚིག་ཆད་སོང་། དེ་ཡི་ཕྱི་རིམ་བང་རིམ་ལ།། ཐོད་པ་མདའ་གཞུ་སྤེལ ་མར་བཏང་།། དེ་ཡི་ཕྱི་རིམ་བང་རིམ་ལ།། འབར་བའི་མེ་ལྕེ་འཁྲིགས་པ་བྲིས་པ་ལ།། དེ་ཡི་ཕྱི་རིམ་བང་རིམ་ངོས་གསུམ་དུ།། སྒོ་གསུམ་དག་ནི་དོད་པར་བྱ།། དེ་ཡི་ཕྱི་རིམ་པར་ཁྱམས་གཉིས།། སྒོ་བཞི་དག་དང ་ལྡན་པར་བྱ།། ཚོན་རྩི་དམར་པོ་མེ་འོད་བཏང་།། རྩེ་མོ་ཐམས་ཅད་ལྷོར་བསྟན་ནོ།། ཐབ་ཀྱི་ཞབས་སུ་རྡོ་རྗེ་དགོད།། རྡོ་རྗེའི་ཚད་དུ་སོར་བརྒྱད་པ།། སྦོམ་དུ་ཚད་ནི་སོར་གསུམ་པ།། སངས་རྒྱས་སྤྱན་ནི་ཟླུམ་ལེབ ་ལ།། འབྱིས་འབྱིལ་ཡང་འཕར་དུ་བསྐོར།། དཀྱིལ་འཁོར་དག་གི་དབུས་སུ་བཞག། དེ་ནས་དཀྱིལ་འཁོར་དབུས་སུ་བཀྲམ།། ཤར་ལྷོའི་མཚམས་སུ་ཡི་གེ་རཾ།། ནུབ་བྱང་མཚམས་སུ་ཡི་གེ་ཡཾ།། ཁ་ཁྱེར་ནང་དུ་མེ ་འོད་བྲི།། དེ་ན་ལྷ་རྣམས་དགོད་པར་བྱ།། ཁ་ཁྱེར་དང་པོ་མཐོན་པོ་ལ།། བཛྲ་མཱ་ལེ་ལ་སོགས་དགོད།། དེ་ཡི་ཕྱི་རིམ་བང་རིམ་ལ།། ཀོ་རི་ལ་སོགས་མ་བརྒྱད་དང་།། སེང་ཧ་ལ་སོགས་ཕྲ་མེན་དགོད།། དེ་ཡི་ཕྱི་རིམ ་བང་རིམ་ལ།། ཁྲོ་བོ་ཆེན་པོ་བཅུ་དག་དགོད།། དེ་ཡི་ཕྱི་རིམ་སྒོ་བཞི་ལ།། ལྕགས་ཀྱུ་མ་དང་ཞགས་པ་དང་།། ལྕགས་སྒྲོག་དྲིལ་བུ་བཞི་དག་དགོད།། དེ་ཡི་ཕྱི་རིམ་སྣམ་བུ་ལ།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད།། དེ ་ཡི་ཕྱི་རིམ་སྣམ་བུ་ལ།། ཕོ་ཉ་དྲུག་ཅུ་རྩ་བཞི་དགོད།། དེ་སྐད་གསུངས་པས། འཁོར་རྣམས་ཡིད་རབ་ཏུ་རང་ངོ་།། རྡོ་རྗེ་ངུར་མོའི་ཏནྟ་ལས། གླེང་གཞི་དང་ཁྱད་པར་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །། དེ ་ནས་ཚེར་མ་ནག་པོའམ། སེ་སྐྱེར་ལ་སོགས་པ་ཡི་ནི།། ཚེར་མ་ཅན་གྱི་ཤིང་ཉིད་ལ།། ཆག་དྲུག་པ་ཡི་ཚད་དུ་བྱ།། མགོ་མཇུག་མ་ནོར་བར་བྱས་ལ།། དྲི་ཆུ་གཙང་མས་བསང་གཏོར་བྱ།། ཁྲོ་བོ་བཅུ་ཡི ་སྔགས་བཟླས་ཤིང་།། ཁྲོ་བོའི་ཤིང་རྩེ་བརྫང་བར་བྱ།། བགེགས་ཀྱི་དབང་དུ་མི་གཏང་བར།། མཚམས་བཅད་དྲག་ཏུ་བསྐྲད་པར་བྱ།། གདོན་བགེགས་བསྐྲད་པའི་བསྔགས་ལ། སྔགས་འདི་རྣམས་དཔེ་དག་སོ་རྙེད་ན་བསྔར།། ་དྷིག་ཨ་དྷི་སྭཱ་ཧཱ། ཧཱུཾ་ཧྲཱིཿལན་གསུམ་བཟླའོ།། ཁྲོ་བོའི་རྩེ་ཤིང་འདི་བརྫངས་པ་དང་། སྔགས་འདིས་སྦྱང་ཞིང་ཤེས་པར་བྱའོ།། ཨོཾ་སརྦ་དྷི་ག་ནི་ཡཾ་ཡཾ། ཨོཾ་བཛྲ་ལི་ལི། ཨོཾ་བུདྡྷ་ཛ་ལ་བུདྡྷ་ཛྭ་ལ། མ་ཧཱ་རཾ་རཾ་ཧེ་མ་བརྦེ་རཾ། ་དྲེད་ན་མ་བེ་ལཾ། མ་ཧཱ་བེ་རཾ། ཡཾ་ཛ་ལ་རཾ། ཨོཾ་བཛྲ་ག་ར་ཤིང་། རཾ་རཾ་ཨག་ནི་ཏི་རཾ། ཡཾ་ཛ་ཞེས་བཟླས། ཐབ་ཏུ་མེ་གཞུག་པའི་སྙིང་པོའོ།། ཨཱིཾ་བྱཾ་བྱཾ་ཧཱུཾ་ཧཱུཾ་ཞེས་བཟླས། ཡང་ན་ཨཽ་བྲུཾ་བྲུཾ་ཏ། མེ་སྦར་བའི་སྙིང་པོའོ།། ཨཽ ་ལ་ཏེ་ཤི། ད་བེ་ཏ་པ་ཙ་ཧཱུཾ། བུམ་བུ་སྭ་མ་ས་སས་ཧཱུཾ། ཛུ་སྭ། ཨོཾ་དྷི་པྲི་ཁ་ནན། ཧཱུཾ་སརྦ་ནན་ཤང་ཡ་སྟཾ་བ་ལ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཡང་ན་རྣམ་པ་གཅིག་ལ། ཨཽ་ཏཾ་སུཾ་ཧ་ཧྲི་ཧ། ཧཱུཾ་ཧི་ཕཊ། ཡང་ན། ཨོཾ་རཾ་རཾ་ཧཱུཾ། ཡཾ་ཡཾ་རཾ། ་ཞེས་བརྒྱ་རྩ་བཟླས་སོ།། ཕོ་ཉ་དཔལ་དང་བཅས་པ་ཡང་།། ཁ་ཅིག་དེ་ཡི་ཚིག་བཤད་རུང་།། རྣོག་པོ་སྣང་ཡང་གྱེན་དུ་བསྟན།། དཀྱིལ་འཁོར་དེ་ཡི་དབུས་ཉིད་དུ།། ལས་ཀྱི་ཚད་འཛིན་སྔགས་ཀྱང་བཟླས།། ཞེས ་གསུངས་སོ།། རྡོ་རྗེ་ངུར་མོའི་ཏནྟྲ་ལས། ཁྱད་པར་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དཀྱིལ་འཁོར་དེ་ཡི་ཆ་རྐྱེན་ལ།། གདུགས་འཕན་ཟུང་གཅིག་འཁོར་དུ་དགོད།། དཀར་པོའི་ཅོད་པན་རྩི་རང ་གདང་།། ལྕགས་ཟག་ལ་སོགས་མདའ་རྒྱན་དང་། ལྷ་བཤོས་དག་ནི་གཏོར་མར་བཅས།། གཞན་ཡང་མ་ལུས་ཚོགས་པར་བསགས།། དར་རམ་རས་སམ་ཤིང་ཡང་རྒྱུད།། ཞལ་ཁེབས་ནག་པོ་གཅིག་གིས ་དགབ།། ལྕགས་ཐག་ནག་པོས་དཀྱིལ་འཁོར་བསྐོར།། ཟུར་གསུམ་དག་ཏུ་ཕུར་པ་དགོད།། མདའ་དང་དར་སྣ་བཅས་པར་གཟུག། རལ་གྲི་གསུམ་དང་ལྷ་བཤོས་གསུམ།། ཕུར་པ་ཉི་ཤུ་རྩ་གཅིག་དང་།། རྩ་ཆེན ་དྲུག་ཅུ་རྩ་གཉིས་ནི།། དཀྱིལ་འཁོར་དག་ཏུ་དགོད་པར་བྱ།། དེ་ནས་སྔགས་མཁན་ཆས་གོས་ནི།། སྔགས་ཀྱི་ཆས་གོས་རྣམ་པ་ལྔ།། སྔགས་བེར་སྔགས་ཐོད་སྟོད་གཡོགས་སྨད་དཀྲིས་དང་།། སྔགས་ཀྱི་ཕུ་དུང་ལ ་སོགས་པ།། དར་རམ་རས་སམ་རེ་བའམ།། ནན་ཏན་གྱིས་ནི་དཀྲི་བར་བྱ།། གཡབ་དར་སྔོན་དམར་ཁ་ཚོན་དོ།། མེ་འདྲེན་མདའ་དང་བཅས་པར་བྱ།། དེ་ནས་འབྱུང་པོའི་གཟུགས་སམ་དགྲ་བོའི་གཟུགས།། གྲོག ་གའམ་རས་སམ་ཤིང་ཤུན་ལ།། གཟབས་ལ་ལེགས་པར་བྲི་བར་བྱ།། ཡང་ན་རྗེས་ཀྱི་ས་དག་ལས།། བནྡྷའི་ཤིང་རྩི་དག་དང་ནི།། རི་བོང་དག་གི་རིལ་མ་བསྲེ།། དེ་ལ་གཟུགས་སུ་བྱས་ནས་ནི།། དེ་ཡི་སྙིང་གར ་མིང་རུས་བྱ།། སྙིང་པོ་དང་ནི་བཅས་པར་བྲིའོ།། དེ་ལ་སྦྲུལ་ནག་ཞགས་པས་བཅིངས།། ཡན་ལག་ལྔ་ནི་བཅིངས་བཞིན་དུ། ཁྲོ་བོའི་སྐུ་ལ་བརྗོད་དེ་བཞག། དེ་ནས་མཆོད་རྫས་བརྩམ་པ་ནི།། མཆོད ་པ་རྣམ་ལྔ་ཚུལ་བཞིན་བརྩམ།། མར་ཁུ་དང་ནི་སྦྲང་རྩི་དང་།། འབྲས་ཆེན་འབྲས་ཀྱི་ཐུག་པ་དང་།། ཤུག་གུ་རྟིང་དཀར་དང་ནི་ལ་དུ་བ།། མེ་ཏོག་དང་ནི་ཏིལ་མར་དང་། འབྲུ་ཐུག་དང་ནི་ལག་སམ་དང་།། འོལ་ཀོན ་དང་ནི་ཡབ་ཟེའུ་རྣམས་སུ་བཅས།། རིན་ཆེན་ལྔ་དང་སྤོས་ལྔ་སྨན་ལྔ་དང་།། སྙིང་པོ་ལྔ་དང་འབྲས་ཀྱི་ལག་པན་དང་།། གཞན་ཡང་སྨན་གྱི་སྟོང་པ་སོགས།། ཐམས་ཅད་མ་ལུས་ཚོགས་པར་བྱ།། དེ་ནས་ཁྲོ་བོའི ་མཆོད་རྫས་བརྩམ་པ་ནི།། མར་ཁུ་དང་ནི་ཐུབ་པ་ནག་པོ་དང་།། ཡམ་ཤིང་ནག་པོ་ཚེར་ཐེའུ་དང་།། དུག་གསུམ་གྱི་ནི་མཆོད་རྫས་དང་།། རིལ་བུ་གཅིག་ལ་བདུན་གསུམ་ཚོགས་པ་དང་།། ཀུ་ཤ་སྐེ་ཚེ་ལྡོང་རོས ་དང་།། ཏིལ་མར་ཆེ་དང་ར་སྙིང་དང་།། ཤ་ཁུ་དང་ནི་ལྕགས་ཕྱེ་རྡོ་ཕྱེ་དང་།། སྲན་ཆེན་དང་ནི་གུ་གུལ་དཀར་ནག་དང་།། དེ་ལ་སོགས་པའི་མཆོད་རྫས་ཚོགས་པའོ།། ཞེས་གསུངས་ཏེ། རྡོ་རྗེ་ངུར་མོའི་ཏནྟ ་ལས།། ཁྱད་པར་དཀྱིལ་འཁོར་གྱི་ཆ་རྐྱེན་དང་།། མཆོད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གསད་པའི་ལས་བརྩམས་པ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་དྲེག་དང་།། ར་དུག་སྦྲང་དུག་བཙན་དུག་དང་།། ཤ་དུག ་དག་དང་འོ་དུག་དང་།། དུག་གི་རིགས་སུ་གཏོགས་པ་ཐམས་ཅད་དོ།། དུག་གི་ཟས་སུ་སྣོད་དང་བཅས་པར་བརྩམས།། དེ་ནས་གསད་པར་བྱ་བའི་ཕུར་པ་ནི།། ལྕགས་སམ་ནག་པོའི་ཤིང་རྣམས་སམ།། གདུག་པའི ་དུག་ཤིང་ཚེར་མ་ཅན།། མགོ་གཞུག་མ་ནོར་པར་བཞོགས་ཏེ།། ཟུར་གསུམ་རྒྱ་མདུད་བཅས་པར་བྱ།། དུག་གི་གཏོར་མ་ནག་པོ་དང་།། རྡོ་རྗེ་ཐོ་བ་རལ་གྲི་དང་།། བརྡུང་བཞི་ཧ་རུ་ནི་གཡང་གཞི་དང་།། ཧསྟ་གཡས ་པ་དག་དང་ནི།། བུད་མེད་ལྷམ་མམ་བརྡུང་གོས་ནག་པོའམ།། དེ་ལ་སོགས་ཏེ་ཕྱག་ཆ་ཚང་བར་བསོག། དེ་ནས་མཆོད་པ་རྣམ་ལྔ་དང་།། ཡོ་བྱད་ཆ་རྐྱེན་མ་ལུས་པ།། ཀུན་ཀ་སོགས་ལ་བྱིན་གྱིས་བརླབས།། བྱིན ་གྱིས་བརླབས་པའི་དྲི་ཆུས་བསང་བར་བྱ།། དེ་དག་ཀུན་གྱི་བྱང་ཕྱོགས་གཡོན་དུ་བཞག། དེ་ནས་མཚམས་ཀྱི་ཆོ་ག་དྲག་ཏུ་བྱ།། དེ་ནས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་དང་།། ཁྲོ་བོ་བཅུ་ཡིས་མཚམས་བཅད་དོ།། དེ ་ནས་འོད་ཆེན་ཤར་བ་དང་།། དྲག་པོའི་ལས་སུ་ཁྱད་པར་བསྟན།། ཁྲོ་བོ་རྣམས་ཀྱིས་བྱིན་ཡང་བསྐྱེད།། སེམས་བཙན་པོར་གཟུད་དོ།། རྡོ་རྗེའི་བསྒོ་བ་ཕ་མས་བུ་འཚོ་ལྟ་བུ།། སྐུ་གསུང་ཐུགས་ཀྱི་རང་བཞིན་ལས ་འགལ་བར་བྱ་བ་མ་ཡིན་ནོ།། ཚད་མེད་པ་བཞིའི་གཞི་བཟུང་མོད། དེ་ལྟར་མ་བགྱིས་ན་ལས་ཀྱི་སྲིན་པོར་སྐྱེ་བའི་ཉེན་ཡོད། དཔལ་ཆེན་པོའི་ཚུལ་དུ་གནས་སོ།། རྡོ་རྗེ་ངུར་མོའི་ཏནྟ་ལས། གསད་པར་བྱ་བའི་ལས ་ཀྱི་ཁྱད་པར་གྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་མེ་བླང་བ་ནི། དུར་ཁྲོད་ཀྱི་མེ་གདོལ་པའི་མེའམ། ཡུགས་ས་མོའི་ཁྱིམ་ནས་མེའི་ས་བོན་བླང་། དེ་ནས་མེའི་བསྙེན་པ་བགྱི་བར་བྱ།། བསྙེན་པའི ་དོན་ནི་འཛབ་ཏུ་བཟླས། དེ་ནས་ཆོ་ག་ཕུན་སུམ་ཚོགས་པས་དྲང་བར་བྱ། ད་ནི་དྲག་པོའི་ཕྲིན་ལས་བགྱི་སྟེ། འགུགས་འདྲེན་དྲག་ཏུ་བགྱི། དགྲ་བགེགས་ལ་སོགས་པ་བཀུག་ནས། དུག་སྣ་ཚོགས་ཀྱིས་མེ་བསད་དེ། ་འདི་སྐད་དོ།། ཤིང་གི་གཉེན་པོ་མེ་ཡིན་ཏེ།། མེ་ཡིས་ཤིང་བསྲེག་སྙིང་རེ་ཚིམ།། མེ་ཡི་གཉེན་པོ་ཆུ་ཡིན་ཏེ།། ཆུ་ཡིས་མེ་བསད་སྙིང་རེ་ཚིམ།། ཆུ་ཡི་སྙིང་པོ་དུག་ཡིན་ཏེ།། དུག་གིས་ཆུ་བསད་སྙིང་རེ་ཚིམ།། དུག་གི ་སྙིང་པོ་སྨན་ཡིན་ཏེ།། སྨན་གྱིས་དུག་བསད་སྙིང་རེ་ཚིམ།། སྨན་ནི་ལྷ་ཡི་སྤྲུལ་པ་ཡིན།། སྨན་གྱིས་གང་ཞིག་གསོ་བར་བྱེད།། ཅེས་བརྗོད་དེ་སྨན་སྦྱར་སླར་བླུག་སྟེ་མེ་གསོའོ།། མེ་གསོ་བའི་ཡས་ལྷགས་ལ། ཤུག་ལོ ་མཆན་ཁུང་གང་དང་། མར་དཀར་སྲུངས་ཤིག་སླར་མེ་གསོའོ།། ཨོཾ་རཾ་རཾ་བ་ཡ་ཧཱུཾ། རཾ་ཀ་ལ་ཡ་ཧཱུཾ་ཛ་ལ་ཛ་རཾ་ཧཱུཾ། མ་མ་ནི་རཾ་རཾ་ཡཱ། ཕཊ་ཕཊ་ཧཱུཾ་ཧེ་རཾ་ཏྲཾ་རཾ། དེ་ནས་ཐུགས་དམ་འདི་སྐད་བསྐུལ། མེ་ལྷ་རྒྱལ་པོ་ཆེན་པོ ་སྟེ།། སྦྱིན་ཆེན་གཤིབས་པའི་ཁྲི་ལ་བཞུགས།། རྡོ་རྗེ་འབར་བ་ཕྱག་ན་བསྣམས།། མེ་ཡི་རལ་པས་བར་སྣང་ཁེབས།། ཤངས་ནས་དུ་བའི་སྤྲིན་དུ་འཁྲིགས།། ལྗགས་ནས་མེ་ཡི་རྦ་ཀློང་འཁྱིལ།། ཤར་གྱི་ཕྱོགས་ནས ་མེ་དྲོངས་ཤིག། ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི།། མེ་ཡི་རྒྱལ་པོ་ཆེན་པོ་སྟེ།། ཆུ་གླང་སྔོན་པོའི་ཁྲི་ལ་བཞུགས།། སྐུ་མདོག་སྔོ་ནག་རལ་པ་ཅན། དྲིལ་ཆེན་འབར་བ་ཕྱག་ན་བསྣམས།། མེ་ཡི་རལ་པས་བར་སྣང ་ཁེབས།། ཤངས་ནས་དུ་བའི་སྤྲིན་དུ་འཁྲིགས།། ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ།། ལྷོ་ཡི་ཕྱོགས་ནས་མེ་དྲོངས་ཤིག། ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི།། པདྨ་རིགས་ཀྱི་མེ་ལྷ་སྟེ།། སྐུ་མདོག་དམར་ལ་རལ་པ ་ཅན།། ཤིང་རྟ་བལྟབས་པའི་ཁྲི་ལ་བཞུགས།། ཕྱག་ན་པདྨ་དཀར་པོ་བསྣམས།། མེ་ཡི་རལ་པས་བར་སྣང་ཁེབས།། ཤངས་ནས་དུ་བའི་སྤྲིན་དུ་འཁྲིགས།། ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ།། ནུབ་ཀྱི་ཕྱོགས་ནས་མེ ་དྲོངས་ཤིག། བྱང་གི་ཕྱོགས་ནས་བསྐུལ་བ་ནི།། མེ་ལྷའི་རྒྱལ་པོ་ཆེན་པོ་སྟེ།། སྐུ་མདོག་ལྡང་སེར་རལ་པ་ཅན།། ཀླུ་ལུག་གྲོ་མོའི་ཁྲི་ལ་བཞུགས།། རྡོ་རྗེ་རྒྱ་གྲམ་ཕྱག་ན་བསྣམས།། མེ་ཡི་རལ་པས་བར་སྣང ་ཁེབས།། ཤངས་ནས་དུ་བའི་སྤྲིན་དུ་འཁྲིགས།། ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ།། བྱང་གི་ཕྱོགས་ནས་མེ་དྲོངས་ཤིག། དུང་སྤུད་མ་དང་དུང་མཆུ་མ།། དུང་གི་མི་མོ་ཆེན་མོ་དང་།། དུང་གི་སྦུད་མཆུ་ཆེན་མོ ་ནི།། གཡས་ན་དུང་གི་སྐུད་པ་ཐོགས།། གཡོན་ན་ཁྱུང་གི་ཁྲ་ཐོགས་ཤིང་།། གཤོག་པ་གཡོབས་ལ་མེ་བུས་ཤིག། མཆེད་ལྔའི་ཚིག་བསྐུལ་བ་ནི།། ཨགྣེ་དམར་སེར་མེ་ཡི་ལྷ།། མེ་དཔུང་འབར་བའི་དཀྱིལ་འཁོར ་ནས།། སྦྱིན་ཆེན་ཁམ་པའི་ཁྲི་ལ་བཞུགས།། མེ་ཡི་རལ་པས་བར་སྣང་ཁེབས།། སྤྱན་ནས་མེ་སྟག་ཕྱོགས་བཞིར་འཕྲོས།། ཞལ་ནས་མེ་ཡི་རྦ་ཀློང་འཁྱིལ།། ལྗགས་ནས་མེ་ཡི་དཀྱིལ་འཁོར ་འདྲིལ།། ཕྱག་ན་མེ་ཡི་བགྲང་ཕྲེང་འཛིན།། རྒྱལ་ཆེན་རིགས་བཞི་ཕྱོགས་བཞི་བསྲུངས།། བྲམ་ཟེ་ཕོ་མོ་ལྔ་བརྒྱ་ཡང་།། འཁོར་ན་གནས་པའི་འཁོར་ལགས་ཀྱི།། ཁ་འབར་མས་ནི་མེ་བུས་ལ།། བྲམ་ཟེ་རྒྱལ་པོས ་འགལ་སྐུལ་ཅིག། མེ་ཡི་ས་བོན་མ་བཅུག་ཀྱང་།། འབྱུང་བ་ཆེན་པོ་མེ་ཡི་རྒྱུ།། སོ་སོའི་རྒྱུ་ལས་མེ་དྲོངས་ལ།། རྒྱ་མཚོའི་གཏིང་ནས་མེ་དྲོངས་ལ།། འཁོར་བའི་རྒྱ་མཚོ་སྐམ་པ་དང་།། ཉོན་མོངས་བུད་ཤིང་བསྲེགས ་པ་དང་།། སྡང་བའི་དགྲ་དང་གནོད་པའི་བགེགས།། དེ་ཡི་བག་ཆགས་བསྲེག་དགོས་ཀྱིས།། བུས་ཤིག་བུས་ཤིག་མེ་བུས་ཤིག། སྐུལ་ཅིག་སྐུལ་ཅིག་འགལ་སྐུལ་ཅིག། མ་མ་མ་མོའི་ཚོགས་འབར་བ།། ཆུ་ཀླུང་སྐེམ ་པར་བྱེད་པ་སྟེ།། རྒྱ་མཚོའི་གཏིང་དུ་མེ་བུས་པས།། རི་རབ་རྩེ་ལ་ལྗོན་ཤིང་ཆགས།། རྒྱ་མཚོའི་གཏིང་དུ་རྡོ་བཅག་པས།། རྡོ་རྗེ་ཁྲོ་བོར་གྱུར་ནས་སུ། ཞེ་སྡང་བྱེད་པ་བརྡུལ་དུ་རློགས།། སྲིད་གསུམ་བསྲེག་པའི་མེ ་སྦསྤསྦར་བས།། ཁྲོ་བོ་འབར་བའི་ཐུགས་དམ་བསྐང་།། དབང་ཕྱུག་མ་དང་བྲན་མོའི་ཚོགས།། ཁྱེད་རྣམས་འདུས་ལ་ལས་རྣམས་གྱིས།། དྲག་པོའི་ལས་ལ་ཁྱད་པར་བསྐུལ་བའི་ལེའུ་སྟེ་ཐ་མའོ།། །། དེ་ནས་དཔལ ་