| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྲོ་ཏ་དེ་ཝ་ཏནྟྲ་མ་ཧཱ་ནཱ་མ། བོད་སྐད་དུ། ཁྲོ་བོ་ལྷ་རྒྱུད་ཆེན་མོ་ཞེས་བྱ་བ། བཅོམ་ལྡན་དཔལ་ཁྲག་འཐུང་རྔམ་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི ་དུས་གཅིག་ན། ཧེ་རུ་ཀའི་གནས་བཅུ་ན་བཞུགས་ཤིང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་ན་སྤྱོད་པ་ནི། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བར་གཤེགས་པ་རྣམས། ་གདུལ་བྱ་གདུག་པ་ཅན་ལ་སྐུ་ཁྲོ་བོར་བསྟན་པ་ནི། བཅོམ་ལྡན་འདས་དཔལ་ཀུན་བཟང་ཧེ་རུ་ཀ་ནི་འབར་བ་ཆེན་པོའི་ཞལ་དགུ་ལ། དབུས་ཀྱི་ཞལ་མཐིང་ནག་ཏུ་གནས་པ། གཡས་སྨུག་ནག། གཡས་ཀྱི་ཐ་མ་སེར ་ནག་གཡོན་དང་པོ་དམར་ནག་གཡོན་ཐ་མ་ལྡང་ནག་དབུས་མ་དེའི་ཞལ་སྟེང་མ་དམར་པོར་གནས། དེའི་གཡས་དཀར་པོ། གཡོན་མཐིང་ག་དེའི་སྟེང་གི་ཞལ་དཀར་པོར་གནས་སོ།། ཕྱག་བཅོ་བརྒྱད་པའི་གཡས ་དང་པོ་རྡོ་རྗེ་རྩེ་དགུ་པ། གཉིས་པ་ན་རྩེ་ལྔ་པ། གསུམ་པ་ན་འཁོར་ལོ། བཞི་པ་ན་ཁོར་ཡུག་ལྔ་པ་ན་རིན་པོ་ཆེ་འབར་བ། དྲུག་པ་རལ་གྲི་བདུན་པ་ན་སྟ་རེ་རིན་པོ་ཆེའི་དབྱུག་པ། བརྒྱད་པ་ན་དབང་ཕྱུག་ཆེན་པོའི ་ལིངྒ། དགུ་པ་ན་དབང་ཕྱུག་ཆེན་པོའི་སྙིང་བསྣམས་པའོ།། གཡོན་དང་པོ་ན་དུང་ཆེན་བདུད་རྩིས་བཀང་བ། གཉིས་པ་ན་དྲིལ་བུ། གསུམ་པ་ན་པདྨ། བཞི་པ་ན་དགྲ་སྟ། ལྔ་པ་ན་རལ་གྲི། དྲུག་པ་ན་གཤོལ། བདུན ་པ་ན་ཁ་ཊྭཱཾ་ག། བརྒྱད་པ་ན་ཨུ་མ་དེ་བཱིའི་ལིངྒ། དགུ་པ་ན་རྒྱུ་མའི་འཕྲེང་བའི་ཞགས་པ། ཞབས་རྣམ་པ་བརྒྱད་ཀྱིས་དྲེགས་པའི་གདན་ལ་བཞུགས་སོ།། གནས་ན་བཞུགས་པ་ནི། དཀར་མོ་དང་། རྐུན་མོ་དང་། ་རྨོངས་མོ་དང་། ཐལ་བྱེད་མའོ།། ཉེ་བའི་གནས་ན་བཞུགས་པ་ནི། སྤོས་མོ་དང་། གཏུམ་མོ་དང་། སྨེ་ཤ་ཅན་དང་། མ་ཚོགས་མའོ།། གཞན་ཡང་ཡུལ་ན་བཞུགས་པ་ནི། སེང་གདོང་དང་། སྟག་གདོང་དང་། སྤྱང ་གདོང་དང་། ཝ་གདོང་མའོ།། ཉེ་བའི་ཡུལ་ན་བཞུགས་པ་ནི། བྱ་རྒོད་གདོང་དང་། ཀང་ཀའི་གདོང་དང་། བྱ་རོག་གདོང་མ་དང་། འུག་གདོང་མའོ།། ཞིང་དང་ཉེ་བའི་ཞིང་ན་བཞུགས་པ་ནི། རྟའི་གདོང་དང་། ཕག ་གདོང་དང་། སྤྲེའུ་གདོང་དང་། སྦྲང་གདོང་མའོ།། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ན་བཞུགས་པ་ནི། མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་དང་། ་དམར་མོ་དང་། བདུད་རྩི་མོ་དང་། ཞིབ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་མོ་དང་། ར་རོ་ཁྲག་འཐུང་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང ་མོ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་དང་། ཚནྡོ་དང་། ཉེ་བའི་ཚནྡོ་དག་ན་ནི། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་རྣ་སྔོ ་ནག་ཆེན་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་རྣམས་བཞུགས་སོ།། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་མངའ་བདག་བུདྡྷ་ཧེ་རུ་ཀ་དང་། བུདྡྷ་ཀྲོ་དྷི་ཤྭ་རཱི་དང་། རྡོ་རྗེའི་རིགས་ཐམས་ཅད ་ཀྱི་བདག་པོར་གྱུར་པ་བཛྲ་ཧེ་རུ་ཀ་དང་། བཛྲ་ཀྲོ་དྷཱི་ཤྭ་རཱི་དང་། རིན་ཆེན་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པར་རཏྣ་ཧེ་རུ་ཀ་དང་། རཏྣ་ཀྲོ་དྷི་ཤྭ་རཱི་དང་། པདྨའི་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་པདྨ་ཧེ ་རུ་ཀ་དང་། པདྨ་ཀྲོ་དྷི་ཤྭ་རཱི་དང་། ཀརྨའི་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་ཀརྨ་ཧེ་རུ་ཀ་དང་། ཀརྨ་ཀྲོ་དྷི་ཤྭ་རཱི་དང་། དེ་དག་ཀྱང་རཱུ་ཏྲ་དང་། ལྷ་ཆེན་དང་། གཤིན་རྗེ་དང་། ཀླུ་དང་། གནོད་སྦྱིན་འདུལ་བར ་བཞུགས་སོ།། དེ་ནས་རྡོ་རྗེ་སྙིང་པོ་རང་གི་གདན་ལས་བཞེངས་ནས། བཅོམ་ལྡན་འདས་ཀུན་བཟང་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། གཞི་ལ་འཁོར་འདས་དབྱེར་མེད་པའི།། གནས་ལུགས་རང་བཞིན་ཁྲོ་བོ ་དང་།། སེམས་ཅན་ཉོན་མོངས་ཀུན་ལྡན་པའི།། མ་དག་པ་ཡི་སྣང་བ་ལ།། རང་རྒྱུད་ཕུང་པོའི་ཁྲོ་བོ་ནི།། ཀུན་ལ་ཇི་ལྟར་གནས་པ་ཡོད།། རྣལ་འབྱོར་ལམ་པའི་ཏིང་འཛིན་ལ།། ཉམས་ཀྱི་སྣང་བ་ཤར་བ ་ནི།། གདུལ་བྱ་སྤྲུལ་པའི་ངོ་བོ་གང་།། ཇི་ལྟར་སྤྲུལ་པ་གྱུར་པ་ལགས།། བདེ་བར་གཤེགས་པའི་སྐུ་གསུང་ཐུགས།། མི་ཟད་རྒྱན་གྱི་འཁོར་ལོ་ལ།། ཡང་དག་པ་ཡི་སྣང་བ་གང་།། སྐལ་ངན་སེམས་ཅན་གདུལ་དཀའ ་བ།། ཇི་ལྟར་འདུལ་བའི་དོན་དུ་གསུངས།། ཞེས་གསོལ་བ་འདེབས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་སོ།། གནས་ལུགས་རང་བཞིན་ཁྲོ་བོ་ནི།། ཀ་དག་ལྷུན་གྲུབ་གཞི་ཡི་དོན།། ངོ་བོའི་གཞི ་དང་བཏགས་པའི་གཞི།། རང་བཞིན་ཁྲོ་བོར་དེ་བཤད་དོ།། རང་རྒྱུད་ཕུང་པོའི་ཁྲོ་བོ་ནི།། རྩ་དང་སྔགས་དང་ཐིག་ལེ་རླུང་།། གྲོལ་ལམ་དང་ནི་ཟབས་ལམ་སྟེ།། འཁྲུལ་པའི་སྣང་བར་གནས་པ་ཡིན།། གདུལ་བྱ ་སྤྲུལ་པའི་ཁྲོ་བོ་ནི།། ཉོན་མོངས་རགས་པའི་རཱ་དྲ་ལ།། ཞལ་ཕྱག་རྣམ་པར་སྣང་བ་ནི།། གདུལ་བྱའི་སྣང་བ་བསམ་ཡས་སྣང་།། མཐར་ཕྱིན་འབྲས་བུའི་ཁྲོ་བོ་ནི།། སྐུ་ལྔ་ལྷུན་གྲུབ་སྐུ་གསུང་ཐུགས།། རིག་འཛིན། ་བགྲོད་པར་བྱ་བ་དང་།། མི་ཟད་རྒྱན་གྱི་འཁོར་ལོར་སྣང་།། ཞེས་གསུངས་སོ།། ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས། གླེང་གཞི་དང་གླེང་སློང་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་ཀུན་བཟང་ཧེ་རུ་ཀ་ལ་རྡོ་རྗེ ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བདག་མེད་གཉིས་རྟོགས་སྒྲིབ་པ་གཉིས་སྤངས་པ།། ཐུགས་རྗེའི་སྤྲུལ་པས་འགྲོ་བ་མ་ལུས་སྒྲོལ།། ཡུལ་མེད་མ་སྐྱེས་བྱམས་པའི་ཆོས་དབྱིངས་ལས།། འཛིན་པ་མི་རྟོག་སྙིང ་ས་ཞེན་ཆགས་ཁྲོ།། གཉིས་མེད་དགའ་ལས་ཕྲིན་ལས་སྙིང་རྗེ་སྙོམས།། དཔལ་ཆེན་ཁྲག་འཐུང་ཁྱོད་ལ་ཕྱག་འཚལ་ལོ།། རྟོག་འཇོམས་སྤྱོད་པ་མཐུན་པས་འགྲོ་འདུལ་ཞིང་།། བརྡའ་ཅན་ཡང་དག་ལེན་པས་དོན ་གོ་ལ།། ལྷ་རྒུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲལ།། ད་ལྟ་འདིར་གནས་དམན་ལ་བཤད་པ་དང་།། མ་འོངས་རྗེས་འཇུག་རྣལ་འབྱོར་ཀུན་དོན་དུ།། བཀའ་དོན་གཏན་ཚིགས་རིག་པས་བརྗོད ་པར་འོས། ཁྱོད་ཀྱིས་ལུང་བསྟན་མ་འོངས་རྒྱུད་རྟོགས་བྱེད།། སྐབས་འདིས་ལྷ་རྒྱུད་བཤད་པའི་དུས་ལ་བབ།། གོ་རིམ་བཞིན་དུ་དཔའ་བོས་གསུང་དུ་གསོལ།། བདག་ཅག་མ་འོངས་དོན་དུ་ངེས་པར་གཟུང་།། ཞེས ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གཞིའི་གནས་ལུགས་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་དག་གསུངས་སོ།། ཡེ་ནས་རང་སེམས་སངས་རྒྱས་པས།། འཁོར་བར་སྣང་བ་འཁྲུལ་པའི ་ཆོས།། དེ་ཉིད་སངས་ན་སངས་རྒྱས་ཉིད།། ཀ་དག་ཆེན་པོར་བཤད་པ་ཡིན།། བདེ་གཤེགས་ཡེ་ཤེས་སྒྱུ་མའི་སྐུ།། འཁོར་བ་ལོག་རྟོག་སྒྱུ་མའི་སྐུ།། ཡེ་ཤེས་བག་ཆགས་ཐ་དད་པ།། སྒྱུ་མའི་ངང་དུ་རང་བཞིན ་མཉམ།། ཆོས་རྣམས་དབྱིངས་སུ་ཀ་དག་པ།། སངས་རྒྱས་རྣམས་ཀྱིས་རབ་ཏུ་གསུངས།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། སངས་རྒྱས་ཉིད་ལས་མ་གཏོགས་པའི།། ཆོས་ཉིད་གུད་ན་ཡོད་མ་ཡིན།། དེ་ཕྱིར ་ཕྱག་རྒྱ་ཀ་དག་པའོ།། འཁོར་འདས་བཅིངས་གྲོལ་མ་གྲུབ་ཕྱིར།། ངོ་བོ་ལྷུན་གྱིས་གྲུབ་པར་གནས།། ཆོས་ཉིད་འདུས་བྱས་འཁོར་བར་སྣང་།། འདུས་བྱས་སྟོང་པས་ཆོས་ཉིད་གྲུབ།། འཁོར་འདས་བཟང་ངན་འཛིན ་འགྱུར་ཡང་།། རིག་པ་བྱང་ཆུབ་སེམས་ལ་འདུས།། དེ་ཉིད་ཆོས་ཅན་ལྷུན་གྱིས་གྲུབ།། རང་གི་ངང་གིས་དེར་གནས་སོ།། རྡོ་རྗེའི་སྐུ་ལ་ཐེར་ཟུག་བྲལ།། རྟག་ཆད་ཀུན་མིན་ལྷུན་གྱིས་གྲུབ།། རྟག་ཆད་བློ་ཡི་ངན་རྟོག ་སྟེ།། ཆོས་ཉིད་གཤིས་ལ་དེ་མ་གྲུབ།། ཆོས་རྣམས་རྩ་བ་བྱང་ཆུབ་སེམས།། མཆོག་ཏུ་ལྷུན་གྲུབ་རྣམ་པར་དག། ངང་ཁྲོ་ཤུགས་ཀྱིས་ཁྲོ་བ་ཡིན།། དེ་ཉིད་ཁྲོ་བོའི་དཀྱིལ་འཁོར་གནས།། ཞེས་གསུངས་སོ།། ཁྲོ་བོ་ལྷ ་རྒྱུད་ཆེན་པོ་ལས།། གཞིའི་ཆོས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་རིགས་ལྔར་སྣང་བའི་སངས་རྒྱས་རྣམས་ནི་འཆད་པའི ་སྐྱེས་བུ་མཛད་པའི་ཕྱིར། སེམས་ཅན་མ་ལུས་པའི་ལུས་སངས་རྒྱས་པར་སྟོན་པ་འདི་གསུངས་སོ།། ཀུན་གཞི་ཀུན་ཚང་རྩ་བའི་རྒྱུད།། དེ་རྟོགས་ལུས་ནི་བཤད་པའི་རྒྱུད།། རྩ་བཤད་རྒྱུད་ལ་ལྷ་གནས་སོ།། རོ་རྐྱང ་ཀུན་འདར་སྲོག་ཤིང་གསུམ།། ཉི་མ་ཟླ་བ་རཱ་ཧུ་ལ།། དཀྱིལ་འཁོར་བཞི་ལྡན་དཀྱིལ་འཁོར་ནི།། ལུས་ལ་ཡེ་ནས་གནས་པའོ།། གནས་ལུགས་ཤེས་ནས་བསྒོམ་པ་ནི།། བདེ་ཆེན་ལོངས་སྤྱོད་ཆོས་སྤྲུལ ་བཞི།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ།། སྤྱི་བོར་བུདྡྷ་ཧེ་རུ་ཀ། ཉི་ཤུ་རྩ་བརྒྱད་དབང་མོས་བསྐོར།། གཏི་མུག་མི་རྟོག་དང་ན་གནས།། མགྲིན་པར་ལོངས་སྤྱོད་པདྨ་ལ།། པྲ་མོ་ཧཱ་དང་སྨ་ཤ་ནི། སྲྀ་ལ་མུ་ཁ ་བྱ་རོག་གདོང་།། འདོད་ཆགས་བདེ་བའི་ངང་ཚུལ་ཅན།། སྙིང་ག་ཆོས་ལ་རྡོ་རྗེ་ཉིད།། གོ་རཱི་མ་དང་པུཀྐ་སཱི།། སིང་ཧ་མ་དང་གྲེ་ཌྷ་མ།། ཞེ་སྡང་གསལ་བའི་ངོ་བོ་ཉིད།། ལྟེ་བ་སྤྲུལ་པ་རིན་ཆེན་ལ།། ་རཱི་མ་དང་ཙཎྜ་ལཱི།། བྱཱ་གྷྲི་མ་དང་ཀང་ཀཱ་མ།། ང་རྒྱལ་ཞེས་པ་རྣོ་བ་ཉིད།། གསང་བར་མེ་རླུང་ལས་ཀྱི་རིགས།། བེ་ཏཱ་ལཱི་དང་གྷསྨ་རཱི།། ཤྲ་ནཱ་མ་དང་ཨུ་ལཱུ་ཀ། ཕྲག་དོག་ལྟ་ངན་འཇོམས་པ་ཉིད།། དཀྱིལ་འཁོར ་དཀྱིལ་འཁོར་ལས་བྱུང་བས།། རང་གནས་རུ་ཏཱ་འདུལ་བ་ནི།། གསང་གནས་དམར་ནག་ཡི་གེ་ཀྵ།། སྲིན་པོ་རུ་ཏྲར་རང་གནས་པ།། རྟོགས་ན་ཀུན་བཟང་ཧེ་རུ་ཀ། གནས་ལུགས་རྟོགས་པ་མཆོག་གྱུར་པའི།། ཐུགས ་དམ་དཀྱིལ་འཁོར་དཀྱིལ་འཁོར་མཆོག། ཁམས་ཀྱི་བདུད་རྩི་རྣམ་པ་ལྔ།། ཡེ་ཤེས་ཁྲག་འཐུང་ཡབ་དང་ཡུམ།། མཉེས་བྱེད་གཏུམ་མོའི་བདེ་བར་གནས།། ཁམས་དགུ་འདུས་པའི་དྲངས་མ་དེ།། སྙིང་པོ་ཐིག་ལེ ་མཉམ་སྦྱར་ནས།། བདེ་བའི་ཡེ་ཤེས་རོལ་མོ་ཡིས།། ཡེ་ཤེས་དགྱེས་ལ་མཆོད་པ་འབུལ།། ཟག་པ་མེད་པའི་བསོད་ནམས་ཀྱིས།། ཡེ་ཤེས་སྒྱུ་མར་རང་སྣང་བ།། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག། རླུང ་བཅུ་སྙིང་པོ་དེ་ཁོ་ན།། སྣང་བའི་ཐིག་ལེའི་དཀྱིལ་འཁོར་དབྱིངས།། ས་ཆུ་མེ་རླུང་ནམ་མཁའ་ལྔ།། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ།། ནམ་མཁའ་ལྟ་བུར་ཁྱབ་པའི་རླུང་།། ས་ལྟར་བརྟན་ཞིང་ཆུ་ལྟར ་འགྲོགས།། མེ་དང་མཉམ་པ་རླུང་ལྟར་ཡང་།། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ།། ཁྲག་འཐུང་ལྔ་ཡི་ངོ་བོ་ཉིད།། སྙིང་པོ་རླུང་དུ་ངང་གིས་ཤར།། རྒྱུ་བ་རབ་རྒྱུ་ཤིན་ཏུ་རྒྱུ།། མངོན་རྒྱུ་ཡང་དག་རྒྱུ་བ་ཡིན།། བྱང་ཆུབ ་སེམས་མ་རྡོ་རྗེའི་ཚོགས།། དབང་པོ་ཡུལ་དུས་རིག་པ་རྣམས།། དབང་པོ་ཐུབ་པ་སྦྲུལ་འདུལ་བ།། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ།། སྲོག་ནི་ནང་ན་གནས་པ་ལ།། རྩོལ་བ་ཕྱིར་ལ་ལྡང་བ་ཉིད།། བདག་ཉིད ་ཆེན་པོ་ལྷག་པ་ཡིས།། ཐུགས་ཀྱི་ཡེ་ཤེས་ལྔ་བལྟ་ཞིང་།། ཧཱུཾ་ལས་བསྐྱེད་པའི་ཧེ་རུ་ཀ། ཧ་ལས་ཤར་བའི་མཁའ་འགྲོ་མ།། ཧེ་ལས་བྱུང་བའི་ཕྲ་མེན་མ།། ཕཊ་ལས་བསྐྱེད་པའི་སྒོ་མ་བཞི།། བྷྱོ་ལས་གནས་པའི་དབང ་ཕྱུག་མ།། རང་གནས་དཀྱིལ་འཁོར་ལྷུན་གྱིས་གྲུབ།། རང་གནས་དཀྱིལ་འཁོར་གནས་པ་ནི།། བདག་ཉིད་སྔོན་གྱི་སངས་རྒྱས་ཉིད།། བདག་གི་སྲས་སུ་སངས་རྒྱས་བྱ།། རིགས་རྣམས་མི་ནུབ་ལྷུན་གྲུབ་ཕྱིར།། བདེ ་གཤེགས་སྲས་སུ་བདག་བྱས་སོ།། དེ་བསྐྱེད་འཁྲུལ་སྣང་རང་ལོག་འགྱུར།། ཞེས་གསུངས་སོ།། ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས།། ཕུང་པོ་རང་རྒྱུད་ཁྲོ་བོའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ ་ཁྲག་འཐུང་གི་ཚོགས་རྣམས་འདུལ་བ་ལ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རཱུ་དྲའི་ཚོགས་རྣམས་ལ་རང་ཤར་བར་སྣང་བ་འདི་གསུངས་སོ།། ལུང་གསུམ་མན་ངག་གསུམ་དང་སྤྱི་དོན་གསུམ།། ལུང ་གི་མན་ངག་སྤྱི་སྤྱོད་གདེང་དུ་བྱ།། སྤྱི་ཁོག་བཅུ་བཞིས་སྟོད་ཀྱི་ཁོག་ཕུབ་ལ།། བཞི་བཅོམ་དྲུག་ལྡན་རྩིས་འགོས་ས་བཅད་དོ།། ཁྲོ་བོའི་རྟོག་པ་མཚན་མའི་གཉེར་གྱིས་བཤད།། འདི་ནི་ཁྲག་འཐུང་རྔམ ་བརྗིད་རྒྱལ་པོའི་ལུང་།། དེ་ལ་ཐོག་མར་ལུང་གསུམ་ནི།། ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ།། ལྷག་མཐོང་མ་རྨོངས་མཁའ་ལ་གཟའ་སྐར་བཀྲམ།། དོན་བཅས་པ་དང་བཏུ་ཞིང་མཚམས་པར་བཤད།། ཏིང ་འཛིན་ཤེས་རབ་དཀའ་ལུང་གསུམ་དུ་ཤེས།། དེ་ལ་མན་ངག་རྣམ་གསུམ་ནི།། བདག་ཏུ་མི་རྟོག་སྤྲུལ་པ་མཛོད།། ཡུལ་དུ་མ་གྲུབ་གཞན་མེད་མཛོད་དུ་གཤེགས།། ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ ་གཅིག། ཉན་ཐོས་རང་རྒྱལ་སེམས་ཙམ་སྤོང་མན་ངག། དེ་ལ་སྤྱི་དོན་གསུམ་པོ་ནི།། མེད་རྒྱུ་བཏགས་ཆགས་བསྒྲུབས་འགྲུབ་བརྟས་པར་སྣང་།། སྤྱོད་མཐུན་ཁྲོ་དྲག་གདུག་པ་དཔའ་བོས་འདུལ།། རྟོག་འཇོམས་སླད ་ས་དང་ལེན་དངོས་གྲུབ་རྒྱུ།། འདི་ནི་ཁྲོ་བོའི་སྤྱི་ཡི་དོན་དུ་བཤད།། དེ་ལ་སྤྱི་ཁོག་རྣམ་པ་བཅུ་བཞི་ནི།། གང་ཁྲོ་གང་ལ་ཅི་ཕྱིར་གང་གིས་ཁྲོ།། གང་ཁྲོ་རྣམ་པ་བཞིར་ནི་ཤེས་བྱ་སྟེ།། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས ་དང་བཅོས།། རྟོགས་པས་ཐུགས་རྗེ་རང་བཞིན་འདུལ་བའི་དབང་།། གང་ལ་སྙིང་རྗེས་ཁྲོས་ཏེ་ཡུལ་དང་གནས།། ལས་དང་འབྲས་བུ་སེམས་ཅན་གྲུབ་པའོ།། ལས་བཞི་འབྲས་བུ་སྐུ་གསུང་ཐུགས།། ཅི་ཕྱིར་རྒྱུ་དང ་འབྲས་བུ་གཉིས་ལས་ནི།། དུག་གསུམ་མི་སྤོང་ཤ་རུས་ཁྲག་ལ་རོལ།། གང་གིས་རྒྱུ་ནི་ཧཱུཾ་དང་ཧ་ཧེ་ཕཊ།། གནས་ནི་སྟེང་འོག་མཁའ་སྟེ་ཡེ་ཤེས་སྐུ།། སྐྱེད་ཐབས་ཆོ་འཕྲུལ་གསུམ་པོས་ཁྲོ་བོའི་སྐུ།། འབྲས་བུ་དཔལ ་ཆེན་ཕྲ་མེན་འཁོར་གྱིས་བསྐོར།། ཕྲིན་ལས་དྲག་པོས་འགྲོ་བ་ཅིས་འདུལ་མཛད།། དེ་ལ་བདུད་བཞི་བཅོམ་པ་ནི།། ཚམ་རྔམས་དྲག་པོས་ལྷ་ཆེན་འདར་བསྒྱེལ་བརྫིས།། བརྟུལ་ཞུགས་རོལ་པས་རྡོས་བཅས་ཕུང་པོ ་བཤིག། དུག་གསུམ་མི་སྤོང་ཤ་རུས་ཁྲག་ལ་ཟ།། རྣམ་ཤེས་འཆི་མེད་རྒྱལ་བའི་སྲས་སུ་སྟོབ།། དེ་ལས་ས་བཅད་རྩིས་འགོ་དྲུག་པོ་ནི།། དབང་དང་རབ་ཏུ་ལྡན་པ་དང་།། དཔལ་དང་གཟུགས་དང་གྲགས་པ ་དང་།། ཡེ་ཤེས་དང་ནི་ནན་ཏན་དང་།། དྲུག་དང་ཡང་དག་ལྡན་ཕྱིར་རོ།། དེ་ལ་དབང་དང་ལྡན་པ་ནི།། ཆགས་སྡང་ང་རྒྱལ་གཏི་མུག་ཕྲག་དོག་ནི།། མཉེས་སྟོབ་ཡུམ་དང་འཇིགས་ཚུལ་སྐུ་ཡི་སྤྲུལ།། དྲན་མེད་ཐོད་པ ་ཁམ་ཕོར་གཡང་གཞི་དང་།། ཁ་ཊྭཱཾ་རྒྱལ་མཚན་ཆེ་དང་ལྷ་ཆེན་དྲེགས་པ་གནོན།། དེ་ལ་ཁྲོ་བོའི་དཔལ་དྲུག་ནི།། བྱམས་པས་ཁྱབ་པས་ཐུགས་དམ་དམིགས་ཀྱིས་སྒྲོལ།། ཐུགས་རྗེས་འགྲོ་བ་ཐམས་ཅད་བུ་ལྟར ་དགོངས།། སྨོན་ལམ་དབང་གིས་འཁོར་བ་ཇི་སྲིད་བཞུགས།། གཞན་དོན་མཛད་པས་བདག་དོན་ལྷུན་གྱིས་གྲུབ།། ཡོངས་སུ་རྫོགས་པས་བདེ་བ་ཆེན་པོའི་དཔལ།། ཁྲོ་རྒྱལ་ཁྲག་འཐུང་དཔལ་ཆེན་རྣམ་དྲུག ་ཡིན།། དེ་ལ་བདེ་ཆེན་ཡོངས་རྫོགས་པའི།། དཔལ་ནི་བསམ་མི་ཁྱབ་བཞི་སྟེ།། སྐུ་གསུམ་ས་གསུམ་སེམས་དཔས་རྟོགས་དཀའ་བ།། མཁའ་ཁྱབ་སྤྲིན་བརྡལ་ཆར་འབབ་ཆུ་བོའི་རྒྱུན།། ཏིང་འཛིན ་བསམ་ཡས་བྱང་ཆུབ་ཐོགས་པ་མེད།། བསམ་ཡས་བསམ་ཁྱབ་མཁའ་ལ་གཟའ་སྐར་གསལ།། ཀླུ་མཐུ་འདུལ་ཕྱིར་ཀླུ་ལྔས་སྐུ་བརྒྱན་པ།། རྔ་ཆེན་གསུང་སྒྲ་བྱམས་དང་ཕོ་ཉའི་ཚོགས།། དུག་ལྔ་རྡོས་བཅས་འདུལ ་བྱེད་རྒྱན་བྱས་པ།། ཁྲག་སྦྲུལ་གཡང་གཞི་ཁ་ཊྭཱཾ་དྲེགས་པ་གནོན།། དེ་ལ་ཁྲོ་གཟུགས་རྣམ་བཞི་ནི། གཉིས་བྱུང་།། མི་ཟུང་བྱིས་པའི་གཟུགས་འདྲ་ལ།། ཨ་ཀོན་ལ་ནི་ཡན་ལག་བཏགས།། དྲང་སྲོང་ཁྲོས་པའི་ཆ་བྱད ་ལ།། ཤིན་ཏུ་སྐེམ་ཞིང་འཁྲང་བག་བྲི།། གནོད་སྦྱིན་སྙིལ་བག་མི་ཐུང་གཟུགས་དང་ནི།། འདུལ་དབང་ཡི་དྭགས་སྲིན་པོ་དྲང་སྲོང་འདྲ།། དེ་ལ་གྲགས་པ་ཞེས་པ་ནི།། སངས་རྒྱས་བྱང་ཆུབ་བསྟོད་ལ་དེ་སྲས ་གོངས།། གཏི་མུག་གཟེངས་བསྟོད་ང་རྒྱལ་གནོན་པར་གྲགས།། དེ་ལ་ཡེ་ཤེས་བྱ་བ་ནི།། རྣམ་དག་དབྱིངས་མཁྱེན་འཁོར་བའི་སྐོན་དང་བྲལ།། འགྲོ་བའི་རྒྱུད་མཁྱེན་མྱ་ངན་མཐའ་ལས་འདས།། གཉིས་སུ་མེད་པ ་མཁྱེན་པ་དབུ་མའི་ངང་།། མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན།། དེ་ལ་ནན་ཏན་བཤད་པ་ནི།། ནན་ཏན་སྙིང་པོ་ཟག་བཅས་ཟག་མེད་འདུ།། ནན་ཏན་ཕྲིན་ལས་འགྲོ་བའི་གནས་ན་སྟོན།། བསམ་ཡས ་འགྲོ་བ་ནན་ཏན་ཆུད་མི་གཟོན།། ནན་ཏན་མཆོག་གི་མཆོག་ཏུ་ཤེས་པར་བྱའོ།། ད་ནི་ཁྲོ་བོའི་རྟོག་པ་བཤད།། དེ་ཡང་མི་ཟད་རྒྱན་གྱི་ལུང་།། ཆེ་མཆོག་ཡོན་ཏན་ལུང་དང་ནི།། ཡན་ལག་རྟགས་ཀྱི་ལུང་གིས ་བཤད།། དེ་ལ་མི་འདའ་རྒྱན་ལུང་ནི།། གླང་ཆེན་འདུལ་སྟོབས་ཐེག་པའི་རྒྱན་ཞེས་པ།། བདུད་འཇོམས་སྨན་རྫས་གྲུབ་པ་བལྟ་བའི་ལུང་།། སྟག་ནི་དཔའ་རྟུལ་ཟ་བྱེད་རྒྱན་ཞེས་པ།། ཡེ་ཤེས་ཐུགས་རྗེ་ཕྲིན་ལས ་རྒྱན་དུ་བསྟན།། སྦྲུལ་ནི་དཔའ་བརྗིད་མཉེན་ལྕུག་རྒྱན་ཞེས་པ།། འཇིགས་ཚུལ་གདུག་གནོན་འཁྲིལ་བའི་ཡུམ་ཞེས་བྱ།། ཐོད་ཕྲེང་དབང་ཆས་སྒྲོལ་བའི་རྒྱན་ཞེས་པ།། སྐུ་གསུམ་ཐེག་གསུམ་དུས་གསུམ་དབང་ཆས ་སྒྲོལ།། གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན་ཞེས་པ།། བྱང་ཆུབ་སེམས་ཚུལ་དམ་ཁྲིམས་གོས་ཞེས་བྱ།། རཀྟ་ཐུགས་རྗེ་ཆགས་པའི་རྒྱན་ཞེས་པ།། མི་རྟོག་དབྱིངས་ནས་ཐུགས་རྗེ་པདྨའི་སྤྱན།། གཟི་ཆེན་དོན་དམ ་བཅུད་ཀྱི་རྒྱན་ཞེས་པ།། བཅུད་ཀྱི་ཐིག་ལེ་དོན་དམ་ཀུན་ཏུ་འོད།། ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན་ཞེས་པ།། ཡི་གེ་འཁོར་ལོས་མཚན་མ་ཐལ་བར་རློག། མེ་འབར་འཕྲོ་འདུ་སྲེག་ཀློང་དཀྱིལ་ཞེས་པ།། ཡེ ་ཤེས་ཐུགས་རྗེའི་དབྱིངས་འདུ་ཕྲིན་ལས་ཏེ།། ཟད་པར་བྱེད་པའི་མཐའ་འདས་དཀྱིལ་ཞེས་བྱ།། མེ་སྒྲ་སྒྲ་ཆེན་ཐ་དད་སྒྲ་ཞེས་པ།། ཆོས་སྐུས་ཁྱབ་དང་ཏིང་འཛིན་སྣ་ཚོགས་འཕྲོ།། རལ་པ་འཛིངས་ཤིང་ཁམ་ནག ་འཕྱོ་བ་ནི།། ཡེ་ནས་ཆོས་ཉིད་དབང་དྲག་སྤྲུལ་པ་འཕྲོ།། སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན་ཞེས་པ།། འདུལ་དབང་ཡོན་ཏན་མཐའ་མེད་དགོངས་པའི་གཏིང་།། མི་དཔོགས་དེ་ལ་ཡན་ལག་རྟགས ་ཀྱི་ལུང་།། སྤྱི་དང་བྱེ་བྲག་སྣང་བ་ཡང་།། སྤྱིར་ན་དཔལ་ཆེན་ཧེ་རུ་ཀའི།། སྐུ་མདོག་ཕྱག་མཚན་མ་ངེས་ཏེ།། གང་ལྟར་བསྒྲུབས་ཀྱང་འགྲུབ་པར་འགྱུར།། མཚན་ཉིད་མེད་པའི་ཕྱག་རྒྱ་དང་།། དེ་ལྟས་དངོས་འབྱུང ་ཕྱག་རྒྱ་རྣམས།། ངེས་པ་མེད་པར་དཔའ་བོས་བཤད།། མཁས་པས་ཅི་དགར་བསྒོམས་ན་འགྲུབ།། བྱེ་བྲག་ཡན་ལག་རྟགས་ལུང་ནི།། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་།། མཛད་པ་ལས་ཀྱི་ཕྱག་རྒྱའོ།། གྲུབ་པ་རྟགས ་ཀྱི་ཕྱག་རྒྱ་ནི།། དབུ་གསུམ་དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ།། ལྟ་སྤྱོད་རྣམ་པ་གསུམ་གྱིས་གྲུབ་པའི་རྟགས།། སྤྱན་དགུ་ས་གསུམ་སྐུ་གསུམ་ཡེ་ཤེས་སོ།། བགྲོད་མེད་ཐོབ་མེད་དམིགས་པའི་ཡུལ་ལས ་འདས།། རྟག་ཆད་སྤྱན་གཉིས་མཐའ་སྤངས་དབུ་མའི་ངང་།། ཤངས་གསུམ་སྲོག་ལ་མངའ་མཛད་ཏིང་འཛིན་གསུམ།། དེ་བཞིན་ཉིད་རྒྱུ་ཀུན་ཏུ་སྣང་ཞེས་བྱ།། སྒྲ་ཆེན་ཐ་དང་སྒྲ་སྟེ་ཆོས་སྐུ་ཏིང་འཛིན་སྙན།། ཞལ ་གསུམ་རྣམ་ཐར་སྒོ་གསུམ་ལྷུན་གྱིས་གྲུབ།། ལྗགས་གསུམ་ཐེག་གསུམ་མཐར་ཕྱིན་ཤེས་པའི་རྟགས།། མཆེ་བཞི་ཕྲིན་ལས་མཐར་ཕྱིན་བཞི་ཡི་ཚུལ།། ཡེ་ཤེས་དྲུག་ནི་མཐར་ཕྱིན་ཕྱག་དྲུག་སྟེ།། ཕ་རོལ་ཕྱིན་དྲུག ་མཐར་ཕྱིན་ཕྱག་མཚན་དྲུག། ཞབས་བཞིས་ལམ་བཞི་བགྲོད་པ་མེད་པར་ཐོབ།། དེ་ལ་མཛད་པ་རྟགས་ཀྱི་ཕྱག་རྒྱ་ནི།། སྤྱི་དང་ཕྱག་མཚན་རྟགས་ཀྱི་ལུང་།། སྤྱན་དགུས་ས་དགུ་འདུལ་བའི་བྱེ་བྲག་གཟིགས།། སྤྱན ་གསུམ་སྲིད་གསུམ་འགྲོ་རྒྱུན་སོ་སོར་མཁྱེན།། ཤངས་གསུམ་ནས་བྱུང་སྤྲུལ་པས་སྟོང་གསུམ་འགེངས།། སྙན་དྲུག་འགྲོ་དྲུག་གནས་ནས་ཅི་གསོལ་གསན།། དབུ་གསུམ་སྲིད་གསུམ་མགོན་མཛད་སྐུ ་གསུང་ཐུགས།། ཞལ་གསུམ་དབྱིངས་སུ་དུག་གསུམ་ཟད་པར་རྔུབ།། ལྗགས་གསུམ་ཐེག་གསུམ་སྟོན་པའི་གདངས་དང་སྒྲོགས།། ཁམས་གསུམ་ཉུག་བྱེད་རྡོ་རྗེ་སྲིན་པོའི་ལྕེ།། མཆེ་བཞི་སྐྱེ་བཞི་རྩད་ནས་གཅོད་པར ་བྱེད།། ཕྱག་དྲུག་རྒྱུད་དྲུག་འཁོར་བ་གཏིང་ནས་འདོན།། ཕྱག་མཚན་ཕ་རོལ་ཕྱིན་དྲུག་འགྲོ་དོན་མཛད།། ཞབས་བཞི་ཕྲིན་ལས་རྣམ་བཞིས་བགྲོད་མེད་སྒྲོལ།། དེ་ལ་ཕྱག་མཚན་ཡན་ལག་རྟགས་ལུང་ནི།། རྡོ་རྗེ་ཡེ ་ཤེས་ཕ་རོལ་ཕྱིན་པ་ནི།། རང་བཞིན་མི་འགྱུར་ལས་ནི་འཕགས་ཤིང་འཇོམས།། ཆོས་སྐུ་མི་འགྱུར་རྟོག་དང་བག་ཆགས་བསྲེག། ཡེ་ཤེས་ཡིན་ཕྱིར་དེ་ལ་དེ་སྐད་བྱ།། བྷནྡྷ་བཟོད་པའི་ཕ་རོལ་ཕྱིན་པ་ནི།། ཆོས ་དབྱིངས་སྤྲོས་མེད་ཡེ་ཤེས་བཞི་དང་ལྡན།། ཡེ་ཤེས་དབྱིངས་རྟོགས་ཞེན་ཆགས་ཐུགས་རྗེ་སྐྱེ།། མཐའ་གཉིས་སྐྱོན་གྱིས་མི་སྦགས་བཟོད་པའི་མཆོག། ཁ་ཊྭཱཾ་སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི།། དུག་གསུམ་སྒྲོལ་བྱེད ་དྲེགས་པ་ལྔ་བདུད་གནོན།། སྟོབས་གསུམ་སྲིད་གསུམ་ཡོངས་འདུལ་རྒྱལ་བའི་རྟགས།། ཀུན་ལ་མངའ་མཛད་འཁོར་རྣམས་དབང་དུ་སྡུད།། ཞིང་ཆེན་སྨོན་ལམ་ཕ་རོལ་ཕྱིན་པ་ནི།། འབོད་པ ་གཡབ་མོས་འཁོར་རྣམས་དབང་སྡུད་ཅིང་།། སྦྱིན་པའི་བཟའ་བས་མཁའ་འགྲོ་ཚིམས་པར་བྱེད།། བརྡེག་པའི་དབྱུག་པས་རྡོས་བཅས་ཕུང་པོ་བཤིག། རྟོགས་པའི་ཆོས་ཉིད་དྲན་མེད་ཤེས་ལྔས་བཟུང་།། ཇི་ལྟར་སྨོན ་བཞིན་གྲུབ་པས་དེ་སྐད་བྱ།། ཟོང་གཤོལ་ཐབས་ཀྱི་ཕ་རོལ་ཕྱིན་པ་ནི།། ཉོན་མོངས་ཐུགས་རྗེས་ཟ་བ་བཟློག་མཛད་ཅིང་།། ཡེ་ཤེས་ཆོས་དབྱིངས་མཐའ་དང་བྲལ་བ་རྟོགས།། ཐབས་ཀྱི་སྐུ་གསུམ་ལྷུན་གྲུབ་སྤྲུལ་པ ་འཕྲོ།། རྔ་ནི་ཤེས་རབ་ཕ་རོལ་ཕྱིན་བསྟན་པ།། ཡུལ་མེད་རྣམ་དག་ཆོས་ཀྱི་རྔ་ལོགས་ལ།། འཛིན་པ་བདག་མེད་རིག་པའི་དབྱིག་གུས་བདུངས།། གསུང་རབ་རྔ་སྒྲས་འགྲོ་བ་ཤེས་རབ་བསྐྱེད།། འཁོར་ལོ་བསམ ་གཏན་ལྷག་པ་གསུམ་གྱི་མཚན།། ཚུལ་ཁྲིམས་ཏིང་འཛིན་ཡེ་ཤེས་གསུམ་དང་ལྡན།། བདག་མེད་སེམས་ལས་རིན་ཆེན་དགོས་འདོད་སྐོང་།། མི་ཟད་པར་ལྡན་སྦྱིན་པའི་ཕ་རོལ་ཕྱིན།། པདྨ་འདམ་སྐྱེས་མ ་ཆགས་ཐུགས་རྗེས་སྤྱོད།། ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ངང་དུ་བསྟན།། རལ་གྲི་ཡེ་ཤེས་ཐུགས་རྗེས་མཐའ་གཉིས་གཅོད།། རྩེ་གཅིག་ཏིང་འཛིན་གཉིས་ལ་བརྩོན་འགྲུས་མཛད།། དགྲ་སྟ་ཞགས་པ་ལ་སོགས་ཕྱག ་མཚན་རྣམས།། རང་གཉེར་ལས་ཀྱི་བརྡའ་ཙམ་ཆོས་སྐུ་རྟོགས།། ཆེ་མཆོག་ཡོན་ཏན་སྤྱིར་དྲིལ་ལུང་བཤད་ན།། ཡོན་ཏན་དག་གི་བརྗིད་བཞི་ལ།། ཕྲིན་ལས་རྔམ་ནི་སུམ་ཅུ་དྲུག། དེ་ལ་སྐུ་ཡི་རྔམ་བཞི་ནི།། ནམ ་མཁའི་རི་མོ་ཕྱག་རྒྱ་རྔམ།། ཅིར་ཡང་འགྱུར་བའི་བཞུགས་སྟབས་རྔམ།། ཟིལ་གྱིས་གནོན་པའི་གདན་ཡང་རྔམ།། ཆམ་རྔམས་ཆེན་པོའི་སྟོབས་ལྡན་རྔམ།། དེ་ཡང་ཀུན་རྫོབ་རང་བཞིན་མེད།། ནམ་མཁའི་སྤྲིན་ནི ་དངས་པའི་ཚུལ།། ལྷ་འཕགས་ཚངས་པ་སྨོན་ལམ་དང་།། ཅིར་ཡང་འགྱུར་བའི་བཞུགས་སྟབས་ཚུལ།། སྲིད་པའི་འཁོར་ལོ་ཟིལ་གནོན་པ།། དྲི་མེད་པདྨ་ཉི་ཟླ་ཡོན་ཏན་རྟགས།། གདན་ཁྲིའི་ཚུལ་རྣམས་སྟོབས་ཆེན ་བཅུའི།། དེ་ལ་གསུང་གི་རྔམ་བཞི་ལ།། ཧོམ་ལྔར་འབྲེལ་འབྱུང་ཞལ་ཡང་རྔམ།། ཟླ་གམ་ཅིར་སྟོན་ལྗགས་ཀྱང་རྔམ།། སྐྱེ་ཤི་རྩད་གཅོད་མཆེ་བ་རྔམ། འབྲུག་ལྟར་སྒྲོགས་པའི་གསུང་དབྱངས་རྔམ།། དེ་ཞལ་ཡེ་ཤེས ་ཕྱག་རྒྱ་ལས།། རོ་མཆོག་རྣམ་ལྔ་བསྲེག་ཁང་དུ།། ཚིམ་ཞིང་འབྲེལ་རོ་ལྔ་ཡི་ཚུལ།། གསུང་དབང་ཚུལ་གྱིས་འདུས་བྱས་དང་།། རང་བཞིན་མ་འདྲེས་སྟོན་པའི་ཚུལ།། མཆེ་བ་ཡེ་ཤེས་འཕྲོ་འདུས་ནི།། དུག་བཞི་རྣམ ་ཤེས་བཞི་གཅོད་ཚུལ།། འབྲུག་སྒྲོགས་ཡན་ལག་དྲུག་ཅུའི་དབྱངས།། བསྙད་པས་མདོ་སྡེ་གོ་བར་གྲགས།། ཟིལ་གྱིས་གནོན་པའི་ཚུལ་རྣམ་བརྒྱད།། ཐུགས་ཀྱི་རྔམ་ནི་རྣམ་བཞི་ལ།། ཏིང་འཛིན་ནམ་མཁའི་སྐར ་ཚོགས་རྔམ།། ཕྲིན་ལས་རྒྱ་མཚོའི་རྦ་རླབས་རྔམ།། ཡོན་ཏན་མི་ཟད་རྩི་ཤིང་རྔམ།། མཛད་པའི་རོལ་མོ་གར་ཟབས་རྔམ།། རྒྱན་བཞི་རང་བཞིན་རྒྱན་དུ་དབྱེ།། ལྷག་མཐོང་དག་གི་རང་བཞིན ་ལས།། ལྷག་མཐོང་མ་གཡོས་སྣང་བའི་ཚུལ།། ཞི་གནས་དག་གི་རང་བཞིན་ལས།། ཞི་གནས་རྒྱན་གྱི་ཁྱད་འབྱུང་ཚུལ།། ཞི་གནས་རང་བཞིན་བཟོད་པ་ལས།། ལྷག་མཐོང་ཕན་པ་འདོགས་པའི་ཚུལ།། ཞི་གནས ་རང་བཞིན་མི་ཟད་ལས།། ལྷག་མཐོང་ཅིར་འབྱུང་དགའ་བསྐྱེད་ཚུལ།། དེ་ལ་མཐུ་ཡི་རྔམ་བཞི་ནི།། རུ་ཏྲ་བཅོམ་པའི་གནས་ཀྱང་རྔམ།། ལྷ་ཆེན་གནོན་པའི་གདན་ཡང་རྔམ།། ཁམས་གསུམ་བསྒྲལ་བའི་ཞིང་རྔམ ་ཞིང་།། རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔམ།། དེ་ཡང་གནས་ནི་ཁྱད་པར་ཅན།། བཀྲ་ཤིས་ཅིས་ཀྱང་མི་ཚུགས་ཚུལ།། གདན་ཁྱད་ཐམས་ཅད་ཟིལ་གནོན་ཚུལ།། ཞིང་ཁྱད་ཁམས་གསུམ་ཡོངས་བསྒྲལ ་ཚུལ།། སྤྱོད་ཁྱད་སྲིད་རྟོག་དུས་གཅིག་འཇོམས།། དེ་ལྟར་རྔམ་ཚུལ་སུམ་ཅུ་གཉིས།། དེ་ལ་སྐུ་ཡི་བརྗིད་བཞི་ལ།། སྐུ་ཆེ་ཡན་ལག་རགས་པས་བརྗིད།། གྲངས་མང་རྐྱེན་དང་འཚམས་པས་བརྗིད།། བཀུར་འོས་གཙོ ་བོར་མཐོང་བས་བརྗིད།། ཁྱད་ཞུགས་ཡིད་དང་འཐད་པས་བརྗིད། ཆོས་སྐུ་མཉམ་བྱུང་སྒོ་ནས་ཆེ།། ཐུགས་རྗེ་མཉམ་བྱུང་སྒོ་སྦྲུལ་རགས།། འདུ་བྱེད་མཉམ་བྱུང་སྒོ་སྦྲུལ་མང་། སྨོན་ལམ་སྒོ་རིགས་མཐུན་རྐྱེན ་འཚམས།། སྤྱོད་ལམ་སྒོ་ནས་བཀུར་བར་འོས།། རིགས་བཙུན་པ་ཡི་གཙོ་བོར་མཐོང་།། རང་བཞིན་གྲུབ་སྒོ་ནས་ཁྱད་ཞུགས།། ཕྲིན་ལས་སྒོ་ནས་ཡིད་དང་འཐད།། དེ་ཡང་གསུང་གི་བརྗིད་བཞི་ལ།། གདངས་ཆེ ་སྟོང་གསུམ་གང་བས་བརྗིད། ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད།། བདག་ལ་ཉི་ཚེར་སྟོན་པས་བརྗིད། ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད།། ཆོས་སྐུས་ཁྱབ་སྒོ་ནས་གདངས་ཆེ།། ཐ་དད་སྒྲ་སྒྲོགས་སྟོང་གསུམ ་འགེངས།། དབྱངས་ཀྱི་སྒོ་ནས་གོ་བར་མྱུར།། ཉེ་བར་གྱུར་པས་ཐེ་ཚོམ་གཅོད།། བྱམས་པའི་སྒོ་ནས་བདག་ལ་གཟིགས།། ཐུགས་རྗེའི་སྒོ་ནས་ཉི་ཚེར་སྟོན།། ཤེས་པའི་བྱེ་བྲག་སྒོ་ཁྱད་ཞུགས།། ཚིག་གི་ཡོན་ཏན་སྒོ ་ཀུན་འདུལ།། དེ་ཡང་ཐུགས་ཀྱི་བརྗིད་བཞི་ལ།། ཡངས་ལ་རེ་དོགས་མེད་པས་བརྗིད།། གསལ་བ་མཐའ་གཉིས་སྤངས་པས་བརྗིད།། ཐུགས་རྗེ་ཐུགས་དམ་མཐར་ཕྱིན་བརྗིད།། མ་རྨོངས་ཐབས་ཀྱིས་འདུལ་བས ་བརྗིད།། གཉིས་སུ་མེད་པའི་སྒོ་ནས་ཡངས།། སྤང་བླང་མེད་སྒོས་རེ་དོགས་མེད།། ལྷག་མཐོང་སྒོ་ནས་དབུ་མར་གསལ།། ཞི་གནས་མི་འགྱུར་མཐའ་རྣམས་སྤངས།། མཛད་རྒྱུན་མི་འཆད་ཐུགས་རྗེ་ཆེ།། ཐུགས་དམ ་མཐར་ཕྱིན་ཇི་སྲིད་བཞུགས།། ཤེས་རབ་སྒོ་ནས་མ་རྨོངས་ཤིང་།། ཏིང་འཛིན་སྒོ་ནས་ཐབས་ཀྱིས་འདུལ།། དེ་ཡང་ཡོན་ཏན་བརྗིད་བཞི་ལ།། མེད་ལ་ཟད་མི་ཤེས་པས་བརྗིད།། གཅིག་ལས་འདོད་དགུར་འབྱུང ་བས་བརྗིད།། གནོད་སྦྱོར་ཕན་པར་མཛད་པས་བརྗིད།། ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད།། བདག་ཏུ་མི་འཛིན་སྒོ་ནས་མེད།། མེད་པའི་སྒོ་ནས་ཟད་མི་ཤེས།། ཡེ་ཤེས་དག་གི་སྒོ་ནས ་གཅིག། སེམས་ཀྱི་བསམ་སྒོ་འདོད་དགུར་སྟོན།། སེམས་ཅན་སྒོ་ནས་གནོད་པར་སྦྱོར།། གྲུབ་རྒྱུའི་སྒོ་ནས་ཕན་པར་མཛད།། ཤེས་བྱའི་སྒོ་ནས་ཐབས་ལ་མཁས།། སྤྱོད་པའི་སྒོ་ནས་སྐྱོན་མ་གོས།། དེ་ལ་ཕྲིན་ལས ་བརྗིད་བཞི་ལ།། མི་དངངས་ཉམས་བག་ཆེ་བས་བརྗིད།། འཁོར་བ་ཡུན་རིང་མི་བསྙེལ་བརྗིད།། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད།། དགོངས་པའི་དོན་རྣམས་བསྒྲུབས་པས་བརྗིད།། སྒྱུ་མར་སྟོན་སྒོ་ནས་མི ་དངངས།། རང་བཞིན་སྒོ་ནས་ཉམས་བག་རོལ།། དོན་མཛད་འཁོར་བར་ཡུན་རིང་བཞུགས།། བྱ་མེད་སྒོ་ནས་མི་བསྙེལ་ལ།། མཐུ་ཡི་སྒོ་ནས་མགོན་སྐྱབས་ཆེ།། དམ་བཅས་འགྲོ་དོན་མྱུར་དུ་མཛད།། རྩེ་གཅིག ་མཐའ་གཉིས་དོན་ལ་དགོངས།། ནན་ཏན་སྒོ་ནས་བྱ་བ་འགྲུབ།། དེ་དག་བརྗིད་ནི་ཉི་ཤུ་སྒོ། བཞི་བཅུ་དང་ནི་སྤྱིར་དྲུག་ཅུ།། རྒྱལ་རྟགས་ནང་ནས་ཕྱི་རོལ་ལ།། དེ་ལ་རིན་ཆེན་སྣ་བདུན་ནི།། འཁོར་ལོ་དབང་བཅུ་སྐྱེ ་བཞི་བསྒྱུར།། བཙུན་མོ་ཡུམ་བཞིས་རྒྱལ་མཉེས་འབུལ།། དམག་དཔོན་ཚུལ་དགུས་དཔུང་ཡང་འཇོམས།། ཁྱིམ་བདག་ཚད་མེད་ཆབ་སྲིད་འཛིན།། གླང་པོ་སྟོབས་བཅུས་བདག་གཞན་དོན།། རྟ་མཆོག་རྐང་བཞིས ་བགྲོད་པར་སླེབ།། ཡིད་བཞིན་རྣམ་བཞིས་རེ་འདོད་སྐོང་།། དེ་ལ་འཁོར་ལོའི་དབང་བཅུ་ནི།། སྐྱེ་བཞི་སྐུར་སྟོན་སྐྱེ་ཤི་སྐྱོལ་མཛད་པ།། ལྷ་མི་སྡིག་སྦྲུལ་སྐྱེ་བ་བཞི་རུ་བསྟན།། སྦྲུལ་ཡང་འདུག་ཡོ་བྱད་སྲིད་པའི་འདོད ་ཡོན་ལྔ་དང་ནི།། རྟོག་པ་གཞོམ་ཕྱིར་སྨན་ལྔ་དང་ལེན་རོལ།། ཇི་ལྟར་འདོད་བཞིན་ཚུལ་དགུའི་གཟུགས་སྟོན་པ།། གར་དབང་ཐབས་ཀྱི་ཚུལ་དགུས་རོལ་པ་མཛད།། རྫུ་འཕྲུལ་བ་སྤུའི་དབྱིངས་ནས་ཕྲ་མེན ་འཕྲོ།། ལུས་ནི་ཅིར་བརྫུ་སེམས་ནི་ཆོ་འཕྲུལ་སྟོན།། གད་རྒྱངས་གདངས་ངར་སྣ་ཚོགས་ཕྱོགས་བཅུར་སྒྲོགས།། མཆེ་བས་ཟིལ་གནོན་ཐ་དད་ཆོས་རྣམས་སྟོན།། ཤེས་རབ་ཐབས་ལྡན་སྤྱན་གཉིས་དབུ་མའི ་ངདང་།། དབྱིངས་ལས་མི་གཡོ་ཅི་ཡང་ས་ལེར་མཁྱེན།། སེམས་ཀྱི་བྱེ་བྲག་ཏིང་འཛིན་ས་ཡ་འཕྲོ།། བསམ་གྱིས་མི་ཁྱབ་བཞི་ལ་རོལ་པར་མཛད།། རྡོ་རྗེའི་སྡེར་མོ་པགས་པ་སྤུ་ཕྲེང་རྒྱན།། འཁོར་བ་ཇི་སྲིད་བཞུགས ་པའི་ཚེ་ལ་དབང་།། ལྟ་བ་རྣམ་བཞིའི་སྤྱན་ཟུར་གྱིས་བསྐུལ་བས།། ཕྲ་མེན་བཞི་འཕྲོ་ཕྱོགས་བཞིར་ལས་བཞི་མཛད།། སྨོན་ལམ་དབང་གི་དྲག་པོའི་སྐུར་སྟོན་ཞིང་།། དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ ་མེད།། དེ་ལ་བཙུན་མོ་རིན་ཆེན་ཡུམ་བཞི་ནི།། མ་ཆགས་རྡོ་རྗེའི་གཟུགས་ཀྱི་ཡུམ་གྱིས་འཁྱུད།། ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར།། ཐོགས་མེད་ཤུགས་འཆང་དོན་གྲུབ་ཡུམ་གྱིས་བསྐྱོད།། ལྷག་མཐོང་ཡེ ་ཤེས་ཡུམ་གྱིས་གཉིས་མེད་འབེབས།། འབྱུང་བ་བཞི་པོ་རྡོ་རྗེའི་ལྷ་མོ་དེས།། བདེ་བ་ཆེན་པོའི་སྐུ་ལ་མཉེས་པ་འབུལ།། དེ་ལ་དམག་དཔོན་རིན་ཆེན་ཚུལ་དགུ་ནི།། ནང་དང་ཕྱི་ཡི་ཚུལ་གཉིས ་ནི།། སྒེག་པས་འགྲོ་བ་ཤེས་རབ་བསྐྱེད་པའི་ཚུལ།། ཉམ་ང་མེད་པས་མཛད་སྤྱོད་དཔའ་བོའི་ཚུལ།། གདུག་རྩུབ་རྔམས་པས་བརྒྱན་པས་འཇིགས་པའི་ཚུལ།། ལོག་པར་ལྟ་བ་ཞེ་གཅོད་གཤེ་བའི་ཚུལ།། རྨད་དུ་བྱུང ་བའི་ཆོས་སྒྲོགས་བཞད་པའི་ཚུལ།། ཤིན་ཏུ་གདུལ་དཀའ་ཁྲོ་བོའི་སྙིང་རྗེའི་ཚུལ།། སྨོན་ལམ་དབང་གིས་མི་བཤོལ་རྔམས་པའི་ཚུལ།། ཉོན་མོངས་གྲུབ་པའི་རྒྱུར་མཛད་ངོ་མཚར་ཚུལ།། ཁྲོ་དྲག་དབྱིངས་ནས་མི་གཡོ ་ཞི་བའི་ཚུལ།། དེ་ལ་ཕྱི་ཚུལ་གར་དགུ་ནི།། སྒེག་པ་དཔའ་བ་འཇིགས་པའི་སྐུ།། རྒོད་དང་གཤེ་དང་རྔམས་པ་གསུམ།། ངོ་མཚར་སྙིང་རྗེ་ཞི་བའི་ཐུགས།། དབང་ཕྱུག་འདོད་ཆགས་ཉམས་ཅན་བཅོམ་པས་སྒེག། ལྷ ་མིན་བ་སུ་ཀ་ར་བསད་པས་དཔའ་བོར་མཛད།། ཁྱབ་འཇུག་སེངྒེ་ཕག་གདོང་སྦྲུལ་བཏུལ་འཇིགས།། གཞོན་ནུ་སྨིན་དྲུག་རྟ་སྐད་དྲག་པོར་དགོད་པས་བཏུལ།། ཚོགས་བདག་གླང་སྣ་གཤེ་བའི་གདུལ་བྱ་བཏུལ།། སྒྲ ་གཅན་རཱ་ཧུས་ཉི་ཟླ་ཁར་ནི་མིད་པས་རྔམས།། ཀླུ་ཆེན་པེ་ཤྭ་རཱ་ཙས་འགྲེ་ལྡོག་ས་གཡོས་ངོ་ཡང་མཚར།། བརྒྱ་བྱིན་རང་གི་འཁོར་རྣམས་སྐྱོང་མཛད་སྙིང་རྗེའི་ཚུལ།། མེ་ལྷས་འཇིག་རྟེན་བསྲེག་མཛད་སྟོང་པས ་ཞི།། ཁྱིམ་བདག་རིན་པོ་ཆེ་ཡི་ཚད་མེད་རྣམ་བཞི་ནི།། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང་།། གསོད་ཆེན་སྙིང་རྗེའི་མཚན་ཉིད་དེ།། བསྒྲལ་ཞིང་བསྟབ་པས་དགའ་བའི་མཆོག། ཡལ་བར་མི་འདོར་བཏང་སྙོམས ་སོ།། གླང་པོ་རིན་ཆེན་སྟོབས་བཅུ་ནི།། ཐུགས་རྗེའི་སྟོབས་ནི་དྲེགས་ཆེན་སྦྱི་ནས་གནོན།། ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག། མི་འབྱེད་སྤྱོད་པའི་སྟོབས་ནི་གླང་པོའི་རྫས་ལ་རོལ།། གྲུབ་པའི ་སྟོབས་ནི་བདུད་རྩིའི་དངོས་གྲུབ་རྒྱུ།། མ་སྤངས་སྟོབས་ནི་རྡོས་བཅས་སྐུ་ལ་བརྒྱན།། མ་གཡོས་སྟོབས་ནི་དོན་མཐུན་གྲོལ་བའི་བརྒྱན།། སྨོན་ལམ་སྟོབས་ནི་བསྐལ་པར་གཡོ་སྒྲོལ་མཛད།། སྤྲུལ་པའི་སྟོབས་ནི་མགོ ་བརྙན་ཕྲ་མེན་འཕྲོ།། ཕྲག་དོག་འཁོར་བར་ལོག་པར་གཅིག་མི་གཏོང་།། འདོད་ཆགས་ཕྲག་དོག་ཡུལ་ཆགས་སྤྱན་དམར་ཟློག། རྟ་མཆོག་རིན་ཆེན་རྫུ་འཕྲུལ་རྐང་བཞི་ནི།། ཆོས་ཉིད་རྫུ་འཕྲུལ་མེད་བཞིན་ཅིར་སྣང ་བ།། མཁའ་ལ་འཇའ་ཚོན་བཞིན་དུ་རྣམ་པར་བཀྲ།། ཡེ་ཤེས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་རྟོགས་པ།། མཁའ་ལ་ཉི་ཤར་འདྲ་སྟེ་གསལ་ལ་སྟོང་།། ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ་བྱེ་བྲག་ནི། མཁའ་དང་མཉམ ་པའི་སྤྲིན་ཕུང་བཞིན་དུ་གད་ལ།། སྤྲུལ་པའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ནི།། རོ་གཅིག་ཆར་འབབ་སྣོད་ཀྱི་བྱེ་བྲག་ཕྱེ།། དེ་ལ་ནོར་བུ་རིན་ཆེན་རང་བཞིན་ནི།། འགྲོ་རྣམས་ཇི་ལྟར་འདུལ་བཞིན་རེ་འདོད་སྐོང་།། མི ་ཟད་བདག་མེད་གཏེར་ཆེན་ནམ་མཁའི་མཛོད།། སྲིད་གསུམ་མུན་ནག་སེལ་བའི་ཡེ་ཤེས་སྒྲོན།། དུས་གསུམ་རྒྱུན་མི་འཆད་པ་རིན་ཆེན་འཕྲེང་།། ཞེས་གསུངས་སོ།། ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས།། ཁྲོ ་བོཔོའི་རྟགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་རྣམས་གདུལ་བྱ་ལ་སྣང་བ་བསྒྲུབ་ཅིང་མཆོད་པའི་ཐབས་འདི་གསུངས་སོ།། བསྙེན་པ་རིགས་ལྔ་ཁྲག་འཐུང་སྔགས།། ཉེ ་བསྙེན་ཡུམ་གྱི་སྔགས་ཡིན་ལ།། སྒྲུབ་པ་ལྷ་མོ་ཉི་ཤུའི་སྔགས།། སྒྲུབ་ཆེན་དབང་མོ་ཉེར་བརྒྱད་ཡིན།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙེཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱ་ཧཱུཾ་ཧཱུ~ཾ་ཕཊ། སྤྱིར་བསྒྲུབ་ན་ནི་དྲིལ་བའམ། སྤོས་སུ་སོ་སོར་བཟླས་པ་སྟེ།། རེ་རེ་ལ་ནི་འབུམ་འབུམ་དང་།། བྱེ་བ་ས་ལ་སོགས་པར་བཟླ།། ཨོཾ་སརྦ་ཏཿ ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བིད་མ་ཧཱུཾ་ཕཊ། ཨོཾ་ཧྲི་ཤྲུ་ཏ་ས་མ་ཏཱ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། ཨོཾ་སརྦ་ཨ ་མོ་གྷ་མ་ཧཱ་ཀྲོ་དྷ་ཤྭ་རཱི་བི་ཤྲ་ཧཱུཾ་ཕཊ།། ཉེ་བསྙེན་འབུམ་དང་བྱེ་བ་སོགས།། སྤྱིའམ་སྒོས་སུ་གང་བཟླས་པ།། ཁྲོ་མོ་ཡུམ་གྱི་དངོས་གྲུབ་རྣམས།། སྒྲུབ་པ་པོ་ལ་སྟེར་བར་འགྱུར།། ཨོཾ་བཛྲ་གོ་རི་ཧཱ། བཛྲ་ཙཽ་རི་ཧཱ། བཛྲ་པྲ ་མོ་ཧེ་ཧཱ། བཛྲ་བེ་ཏཱ་ལཱི་ཧཱ། བཛྲ་ཙཎྜ་ལཱི་ཧ། བཛྲ་པུཀྐ་སི་ཧཱ། བཛྲ་གྷསྨ་རི་ཧཱ། བཛྲ་སྨ་ཤ་ནི་ཧཱ། བཛྲ་སིདྷ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲྀ་མུ་ཁཱི་ཧེ། བཛྲ་སྲྀ་ལ་མུ་ཁཱི་ཧེ། བཛྲ་ཤྲ་ན་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མུ་ཁཱི་ཧི། བཛྲ་ཀངྐ་མུ་ཁཱི་ཧེ། ་བཛྲ་ཀ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧེ། བཛྲ་ཨཱཪྻ་ཏེ་ཛ་ཏང་ཛ། བཛྲ་ཨ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོ། གནས་དང་ཡུལ་གྱི་མ་མོ་དང་། སྒོ་བཞི་ལྷ་མོ་ཉི་ཤུ་ལ། གནས་ཡུལ་དུར་ཁྲོད་ཚནྟ ་ཞིང་།། ཀུན་ནས་དངོས་གྲུབ་སྟེར་བས་བསྒྲུབ། མ་ནུ་རཀྵ་སཱི་བྷྱོ། བྲཧྨ་ཎཱི་བྷྱོ། རོའུ་ཏཱི་བྷྱོ། བིཥྚ་བཻ་བྷྱོ། ཀོའུ་མཱ་རཱི་བྷྱོ། ཨིནྡྲ་ཎཱི་བྷྱོ། པིངྒ་ལཱི་བྷྱོ། ཨ་མྲྀ་ཧཾ་བྷྱོ། སོའུ་མྱ་བྷྱོ། དཎྜ་དཾ་བྷྱོ། རཀྵ་སཱི་བྷྱོ། བྷཀྵ་སཱི་བྷྱོ། ར་ཏི ་བཛྲ་བྷོ། རུ་དྷི་ར་མནྟ་བྷྱོ། ཨེ་ཀ་ཙ་ར་ཎཱི་བྷོ། མ་ནོ་ཧཱ་རཾ་བྷོ། སིདྡྷི་ཀ་བྷོ། བཱ་ཡ་བཱི་བྷྱོ། མ་ཧཱ་མ་ར་ཎ་བྷྲྀ། ཨག་ན་ཡེ་བྷོ། བ་ར་ཧཱི་བྷོ། ཙ་མུདྦྷི་བྷོ། སྲ་ཏ་ན་བྷྲྀ། བ་རུ་ཎཱི་བྷོ། མ་ཧཱ་ཀ་ལི་བྷོ། ཙ་ཀ་ལི་བྷྱོ། ཀུམ་བྷ་ཀཿ ་བྷྱོབྷོ། ལཾ་བོ་ད་ར་བྷྱོ། ཞི་དང་རྒྱས་དང་དབང་དང་དྲག། ལས་རྣམས་མ་ལུས་ཀུན་བྱེད་པས།། སྒྲུབ་པ་ཆེན་པོ་བྱ་བ་ནི།། ལས་རྣམས་མ་ལུས་བྱེད་པ་ཡིན།། དེ་ནས་ཁྲག་འཐུང་ལྷ་རྣམས་ལ།། འཛབ་བསྟོད་བྱ་བ་འདི ་གསུངས་སོ།། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ།། ཤེས་རབ་ནམ་མཁའི་བསྐལ་པས་རྒས་རྒུད་སྟོངས།། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པའི།། གཏི་མུག་རྡོ་རྗེ་བུདྡྷ ་རུ་ཀ། ཡེ་ཤེས་རྡོ་རྗེས་ཉོན་མོངས་འཁོར་བ་འཇོམས།། ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ།། ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ། རིན་ཆེན་དབྱིག་ལྟར་རེ་བ ་ཀུན་སྐོང་ཞིང་།། བདག་མེད་ཞི་གནས་ཆུ་ཡི་བསྐལ་པས་འཁྲུ།། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ།། ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀ། འཁོར་བའི་འདམ་དུ་པད་ལྟར་སྐུ་འཁྲུངས་ཀྱང་།། ལྷག་མཐོང་མེ་ཆེན ་བསྐལ་པས་ཐམས་ཅད་བསྲེག། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ།། འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང་།། ཤེས་རབ་ཐོགས་མེད་བསྐལ་པའི་རླུང ་གིས་བསྐྱོད།། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ།། ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ། སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག། ཕྱག་རྒྱ་གཟུགས་ཀྱི ་མཆོད་པས་མཉེས་མཛད་མ།། ཆོས་དབྱིངས་ནམ་མཁའི་རང་བཞིན་ཁྲོ་བོའི་རྒྱལ།། ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག། རྟོགས་པ་རེག་བྱའི་མཆོད ་པས་མཉེས་མཛད་མ།། སྲ་བརྟན་རྡོ་རྗེ་དབང་བསྒྱུར་ཁྲོ་མོའི་རྒྱལ།། གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམ་པར་དག། གསུང་རབ་སྒྲ་ཡི་མཆོད་པས་མཉེས ་མཛད་མ།། ལྷག་མཐོང་ཡེ་ཤེས་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག། ཏིང་འཛིན་རོ་མཆོག་མཆོད་པས་མཉེས་མཛད ་ཅིང་།། བདག་མེད་ཞི་གནས་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང་།། བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག། ཚུལ་ཁྲིམས་དྲི་ཡིས་མཆོད་པས་མཉེས་མཛད ་མ།། ཐོགས་མེད་ལས་ལ་དབང་བསྒྱུར་ཁྲོ་མོའི་རྒྱལ།། ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས།། འགུགས་བྱེད་ཡེ་ཤེས་ལྔ་ཡི་དབྱིག་པ་ཅན།། དྲན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས།། སྲིད ་གསུམ་འཇོམས་མཛད་དབྱིག་ཐོག་གོ་རི་མ།། སྐུ་ཡི་ཡོན་ཏན་ཚོགས་སྡུད་རྐུན་མོའི་ཚོགས།། མཐུ་འཕྲོག་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ།། བདེན་གཉིས་བལྟ་བས་ཁྲོ་ཚུལ་འགྲོ་ལ་གཟིགས།། དམ་ཚིག ་དབྱིངས་མཆོག་སྐུལ་བྱེད་ཙོ་རཱི་མ།། གསུང་གིས་ཐམས་ཅད་ཟིལ་གནོན་རྨོངས་མོའི་ཚོགས།། དབང་མཛད་མཐའ་གཉིས་མི་གཏོང་ཆུ་སྲིན་ཅན།། མི་གནས་རྒྱལ་མཚན་འཛིན་ཅིང་མྱོས་པར་བལྟ།། སྟོང་གསུམ ་དབང་མཛད་རྒྱལ་བྱེད་པྲ་མོ་ཧཱ།། ཐལ་བར་བྱེད་པས་ཐལ་བྱེད་མ་ཡི་ཚོགས།། ཀུན་གྱིས་ལས་སྒྲུབ་རྡོ་རྗེ་རྩེ་དགུ་འཛིན།། ས་དགུའི་རྟོག་འཇོམས་ཤི་བ་སློང་བར་གཟིགས།། འཇིག་རྟེན་ཐལ་བྱེད ་རྡེརྗེའུ་ཐོགས་བེ་ཏ་ལཱི།། འབྱེད་མེད་ཤེས་རབ་མི་རྟོག་སྤོས་མོའི་ཚོགས།། འཁོར་བའི་རྒྱུད་འཛིན་འཆིང་ཞིང་དབང་འདྲེན་ལས།། ཁྲོ་གར་གཟིགས་ཚུལ་རྒྱུན་གྱི་ཐུགས་རྗེས་སྒྲོལ།། བདེ་ཆེན་དབྱིངས་སུ་འདྲེན་མཛད ་པུཀྐ་སཱི།། ཞེ་སྡང་ཚུལ་གྱིས་སྒྲོལ་མཛད་གཏུམ་མོའི་ཚོགས།། མྱོས་བྱེད་དབྱིངས་དང་ཡེ་ཤེས་གཉིས་མེད་ལས།། ཐུགས་རྗེས་དཀྲུག་ཅིང་རོ་ཟའི་ཚུལ་དུ་གཟིགས།། ཕྱོགས་བཅུར་དཀྲུགས་ནས་གསོལ་མཛོད་གྷསྨ ་རཱི།། ཆགས་པའི་ཚུལ་གྱིས་དོན་མཛད་སྨེ་ཤ་ཅན།། མ་ནིང་རྒྱུད་འཕེལ་གཟུང་འཛིན་བྲལ་བའི་རྟགས།། མཐའ་གཉིས་མ་སྤངས་རྣམ་པར་གཡེངས་ཚུལ་གཟིགས།། འབར་མེ་སྟོང་གསུམ་སྟོབ་བྱེད་ཙཎྜ་ལཱི།། ཐམས ་ཅད་འབྱུང་བའི་ཡུམ་གྱུར་མ་ཚོགས་མ།། ཀུན་གྱི་ལས་མཛད་ཆོས་སྐུའི་སྙིང་པོ་འཛིན།། ཀུན་ལ་རོལ་པས་འཇིགས་ཚུལ་ཀུན་དང་ལྡན།། ཐུགས་རྗེས་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནི།། འཇོམས་བྱེད་རྩལ་མཆོག་རྡོ ་རྗེ་ཐུགས་ཀྱི་ཡུམ།། གཉེན་པོའི་སྟོབས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན།། ཤེས་རབ་ཐབས་ལྡན་སྐུ་གསུམ་བདག་གཞན་དོན།། སྡུག་བསྔལ་ཞེ་སྡང་གསོད་བྱེད་སིདྷ་མ།། དཔའ་བརྟུལ་ཟ་བྱེད་ཡེ་ཤེས་ཐུགས་རྗེའི ་ལས།། བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་མཛད།། ཐུགས་རྗེ་རྩེ་གཅིག་ཡེ་ཤེས་སོ་སོར་གཟིགས།། ང་རྒྱལ་འཆི་བདག་འཇིགས་བྱེད་བྱཱ་གྷྲ་མ།། འཇོམས་བྱེད་དམ་ཚིག་རྣམ་དག་གསུང་གི ་ཡུམ།། ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད།། དོན་གྱི་ཆོས་སྐུ་ཏིང་འཛིན་ལྗགས་ལ་བསྟར།། འདོད་ཆགས་དུར་ཁྲོད་བགེགས་འཇོམས་སྲིག་ལ།། མི་འབྱེད་སྤྱོད་པས་ལས་མཆོག་རིགས་ཀྱི་ཡུམ།། ་གཡེངས་པའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་བསྲུང་།། ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས།། ཕྲག་དོག་ཀུན་ལས་མཛད་པར་ཤྭ་ན་མ།། ཡིད་ཀྱིས་ཡེ་ཤེས་སོ་སོར་ཀུན་ལ་རྟོགས།། རྣམ་ཤེས་གསང་མཛད ་དགོངས་འབྲེལ་ཚུལ་ཁྲིམས་བསྲུང་།། འཁོར་བའི་རྒྱུད་འཛིན་རྒྱུན་གཅོད་སྤུ་གྲི་འཛིན།། མགྱོགས་མས་སྙོགས་བྱེད་ཁྲག་འཐུང་གྲྀ་ཌྷ་མ།། རྣམ་ཤེས་མཉམ་ཉིད་ཡིད་འཕྲོག་མཚན་མ་འཇོམས།། བསད་པའི་གོད ་རྣམས་སྦྱིན་པའི་ཕ་རོལ་ཕྱིན།། མཐའ་འདས་ཆོས་སྐུས་གཟུང་འཛིན་སྤང་ཚུལ་འཛིན།། འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀངྐ་མ།། བསླད་པས་མི་འགྱུར་བཀྲུས་པས་མི་འདག་པས།། མི་འགྱུར་གཉེན་པོས་མི་ཤིགས ་བཟོད་པའི་མཆོག། ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོགས།། ཡོན་ཏན་ཡིད་བཞིན་བདག་ཉིད་ཀཱ་ཀ་མ།། དབྱིངས་ལས་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས།། གཉིས་ལ་མི་གནས་ཤེས་རབ་ཕ་རོལ ་ཕྱིན།། དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས།། མཐའ་གཉིས་སྤང་བའི་རྔམ་ཚུལ་ཨུ་ལཱུ་ཀ། བཅུ་དྲུག་ཞག་གིས་ཟླ་བའི་དཀྱིལ་འཁོར་རྫོགས།། དཔལ་ཆེན་བཅུ་དྲུག་ས་ལ་ལྷུན་གྱིས ་གྲུབ།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ།། ཐོག་མཐའ་མེད་ཅིང་ཡོན་ཏན་བཟླས་པ་མེད།། སྦྱིན་པས་རིག་པའི་ཀླུང་དུ་མཚོ་དྲངས་ལྟར།། འཁོར་བའི་འཇིང་ནས་ཐུགས་རྗེས་ལྕགས་ཀྱུས ་འདྲེན།། དཔའ་བར་འགྲོ་བའི་ཏིང་འཛིན་འགྲོ་དོན་མཛད།། ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ།། དོན་དང་མཐུན་པས་ཀུན་ཀྱང་དགའ་བར་མཛད།། བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན ་ཅིང་།། རིན་ཆེན་ཕྱག་རྒྱས་སེམས་ཅན་དགོས་འདོད་སྐོང་།། ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ།། གཞན་གྱི་དོན་དུ་སྤྱད་པས་བདག་གི་དོན།། ཤེས་རབ་སྒྲོན་མས་དུག་ལྔའི་མུན་པ་སེལ།། དོན་གཉིས ་མི་འདའ་ལྷུན་གྲུབ་དགའ་བའི་མཆོག། ཀུན་མཁྱེན་མ་རིག་ནུབ་མཛད་ཉི་ཟླའི་སྤྱན།། སྙན་པར་སྨྲ་བས་ཀུན་ཀྱང་བཀའ་བཞིན་བྱེད།། བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད།། ཕན་པས་རྣམ ་ཤེས་ཐལ་བའི་གཟུགས་ཀྱང་འཚོ།། ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་བུ་མ།། རྔམ་པའི་ཚུལ་གྱིས་སྲིན་མོའི་ཚུལ་འཛིན་ཅིང་།། ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ།། སྲིད་པའི་སེམས་ཅན་སྙིང་ཁྲག་ཁྲག ་མཚོ་གསོལ།། དབང་དྲག་ལས་མཛད་མ་ནུ་རཀྵ་སཱི།། སྡུག་བསྔལ་མྱ་ངན་འདས་རྟོགས་ཚངས་པའི་གཟུགས།། ཚད་མེད་བཞི་རྫོགས་དཔལ་གྱི་དབུ་བཞིར་ལྡན།། ཞལ་བཞིས་སྦྲང་འདོན་གླིང་བཞིར་བཀྲ་ཤིས ་ལྡན།། གཏི་མུག་ཡིད་བཞིན་རིན་ཆེན་བྲཧྨ་ཎཱི།། ཐམས་ཅད་མཉམ་ཉིད་རྟོགས་པའི་རིགས་མཆོག་མ།། མ་རིག་དུག་གསུམ་འཇོམས་མཛད་དཔལ་རྩེ་བསྣམས།། བུད་མེད་ཆགས་ཚུལ་དབང་མཛད་དཀའ་ཟློག ་མ།། ཆགས་པའི་སྐྱོན་བྲལ་ལྷ་ཆེན་རོ་ཏྲི་མ།། ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ།། འབྲེལ་བའི་ཐུགས་རྗེས་འཇིག་རྟེན་གསུམ་ལ་རྟོགས།། ཕྲིན་ལས་རྒྱ་མཚོས་སྒྲོལ་བའི་བཞད་ཆེན་མ།། འཁོར་བའི་རྒྱུན ་གཅོད་དྲག་པོ་བཻཥྚ་བེ།། འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན།། རྟག་པར་གཞོན་ཚུལ་འཁོར་བ་ཇི་སྲིད་བཞུགས།། ཉོན་མོངས་ཐ་བ་འབིགས་པའི་མདུང་ཟུང་འཕེན། གཞོན་ཚུལ་ཆགས་པས་དབང་མཛད་ཀོའུ ་མཱ་རཱི།། རྡོ་རྗེའི་ལས་མཛད་ཀུན་གྱི་བླ་ན་མེད།། ལྷ་ཡི་རྒྱལ་སྲིད་ཚོགས་ལ་དབང་བསྐུར་ཞིང་།། མཆོད་སྦྱིན་ཕྱག་རྒྱས་མི་དམིགས་སྐུ་མདོག་དཀར།། གསོད་བྱེད་རྡོ་རྗེ་ལྕེ་འབེབས་ཨིནྡྲ་ཎཱི།། བྱམས་པའི་ཐུགས་རྗེས ་དབང་མཛད་སྐུ་མདོག་དཀར།། བྷནྟ་བཅུད་ཡངས་སྣོད་ཀྱི་ཁྲག་མཚོ་ལ།། རྔམ་པའི་ཞལ་དུ་དུག་གསུམ་ཟ་བྱེད་མ།། སྡུག་བསྔལ་དབྱིངས་སུ་སྐོང་མཛད་པིང་ག་ལམ།། སེམས་ཅན་ཐམས་ཅད་འདུལ་ཐབས་མཆོག ་ཏུ་མཁྱེན།། མུན་སེལ་སྒྲོན་འབར་བདུད་རྩིས་ནད་གསོ་མཛད།། འདམ་སྐྱེས་པད་ལྟར་འཁོར་བ་སྐུ་འཁྲུངས་ཀྱང་།། ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲྀ་ཏ།། ཞི་བའི་ལས་ནི་གསོད་པའི་མཆོག་ཏུ ་མཁྱེན། གཙད་མས་ཀྱང་འདྲག། ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ།། གདུང་བའི་ནད་སེལ་འཇིག་རྟེན་སྒྲོལ་མཛད་ཅིང་།། གདན་མཆོག་ཐམས་ཅད་སྟོབ་བྱེད་སོའུ་མྱ་ཡ།། དབྱིག་པས་འཚོག་པར་འདྲ་བར་གཞལ་མེད ་མཁྱེན།། ཐབས་ཀྱིས་མ་རྨོངས་ལྗང་གུ་ཕྲིན་ལས་མདོག། ནན་དབང་དྲག་ཤུལ་ཅན་གྱི་དབྱུག་ཏོ་བསྣམས།། དྲེགས་བྱེད་སྤྱི་ནས་འཇོམས་མཛད་དཎྜ་དཾ།། ལོག་པར་ལྟ་བ་འཇིགས་བྱེད་སྤྱན་གྱི་མཆོག། སྐྱེ་བ་འཕྲོག ་བྱེད་སྐྱེ་དགུའི་ཁྲག་མཚོ་གསོལ།། ལས་མཛད་ཆགས་ཚུལ་གསེར་གྱི་སྐེད་ཆིངས་ཅན།། དྲག་མོ་རྔམ་ཚུལ་གློག་འགྱུ་རཀྵ་སཱི།། ཕྲེང་བ་རྒྱན་གྱི་ནང་ན་མཆོག་ཏུ་མཛེས།། སྙིང་རྗེ་རྒྱུན་སྐུད་པ་སུའི་ཞགས་པ ་ཡིས།། ཆགས་མེད་ཞིང་དུ་ཁམས་གསུམ་འདྲེན་མཛད་མ།། རྒྱུན་གྱི་ཐུགས་རྗེས་སྒྲོལ་མཛད་བྷཀྵ་སི།། འཚོག་པའི་དབྱིག་པས་ཚད་མ་མཆོག་ཏུ་མཁྱེན།། དུམ་པས་ཀྱང་།། གཏུན་བུས་གདུག་པ་མ་ལུས་འཇོམས ་མཛད་ཅིང་།། ཡོན་ཏན་མི་ཟད་ནོར་གྱི་གཏེར་འཛིན་མ།། སྟོང་གསུམ་ནོར་གྱིས་རྒྱས་མཛད་ར་ཏི་མ།། ར་རོ་འདྲ་བའི་དཔའ་བོ་གཞན་མེད་མཁྱེན།། ཆོས་རྣམས་གཉིས་མེད་དོན་རྟོགས་རྟག་ཏུ་མྱོས།། ཉོན་མོངས་ཐ ་བ་རློག་པའི་གཤོལ་བསྣམས་ཤིང་།། དགེ་བའི་ལོ་ཐོག་བསྐྱེད་མཛད་རུ་དྷི་རེ་མཧཱ།། བརྟན་པས་གཞན་རྣམས་ཕམ་བྱེད་དཔའ་བའི་མཆོག། མ་ལུས་གསོད་བྱེད་ལས་ལ་འཇུག་བྱེད་ཅིང་།། བསྙེལ་པ་མི་མངའ་འགྲོ ་དོན་གཅིག་ཏུ་སྤྱོད།། གསོད་བྱེད་འདྲལ་མཛད་ཨེ་ཀ་ཙ་རི་ཎི།། བུད་མེད་ཚུལ་ཆགས་འགྲོ་བ་དབང་དུ་སྡུད།། ཐམས་ཅད་མ་ལུས་འགུགས་བྱེད་དགའ་བའི་ལས།། འདོད་ལྷའི་མདའ་འཕེན་སྲིད་གསུམ་ཡིད་འཕྲོག ་ཅིང་།། ཐུགས་རྗེས་ཞེན་པའི་མ་ནོ་ཧ་ར་མ།། ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཞིང་།། གདོད་ནས་དབང་དུ་བསྒྱུར་བའི་རྦོད་གཏོང་ཅན།། མི་ཟད་གཏེར་ལྡན་ནོར་གྱི་བུམ་པ་འཛིན།། སྡུག་བསྔལ་རེ ་སྐོང་མཐར་ཟུག་སིདྡྷི་ཀྐ།། རེག་བྱའི་སེམས་མ་རླུང་གི་ཁམས་ཏེ་མཆོག། སྲིད་གསུམ་དབུགས་ཀྱི་སྲོག་འབྱིན་ཚེ་འཕེལ་མ།། བདེ་གཤེགས་ལས་རྒྱུད་སེམས་ཅན་སྒྲོལ་མཛད་ཅིང་།། ཁམས་གསུམ་གནས་ནས ་བསྐྱོད་མཛད་ལཱ་ཡ་བི།། སྙིགས་མ་ལྔ་ལྡན་ལྔ་བརྒྱའི་ཐ་མ་ལ།། སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ།། བསད་པ་ཉི་ཚེའི་ལས་ཀྱིས་འདུལ་བར་མཁྱེན།། སྡུག་བསྔལ་དབྱིངས་སུ་སྒྲོལ་མཛད་མཱ་ར ་ཎ།། གཟི་བརྗིད་ཅན་ནི་མེ་ཡི་ཁམས་ཀྱི་མཆོག། འབར་བའི་མཆོག་གིས་གདུག་པ་མ་ལུས་བསྲེག། ཟ་བྱེད་བསྐལ་པ་དུས་མཐའི་ཚུལ་སྟོན་པ།། ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨག་ན་ཡེ།། མཆེ་བ་དག་པས་སྐྱེ་ཤི ་རྩད་གཅོད་ཞུགས།། ཉོན་མོངས་ཟ་བ་རློག་བྱེད་ཕག་གི་དབུ།། ལོག་པའི་ཕྱོགས་རྣམས་སྲིད་གསུམ་སྟོབས་ཀྱི་སྔོར།། སྐྱེ་བཞི་རྩད་གཅོད་ཟ་བྱེད་ཝ་ར་ཧཱི།། འཆི་བདག་ཐམས་ཅད་གནས་ནས་མ ་འཕོས་ཐོས་ཀྱང་འས་མཁྱེན།། ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད།། དམ་ཚིག་བསྲུང་བའི་འཆི་བདག་བཟློག་མཛད་ཅིང་།། ལུང་གི་དུར་ཁྲོད་དབང་མཛད་ཙ་མུརྟྟི།། འཇིགས་ལས་ལྷག་པའི་བགེགས ་ནི་གཞན་མེད་མཁྱེན།། སྟོང་ཕྲག་བརྒྱད་ཅུའི་བགེགས་ལ་མངའ་མཛད་ཅིང་།། སྣ་ཆེན་གླང་སྣ་བདུད་རྩི་གི་ཧཾ་འཐོར།། སྡུག་བསྔལ་ནད་གསོ་མཛད་པའི་སུ་ཏ་ན།། ཆུ་ལས་ལྷག་པའི་རོ་ནི་གཞན་མེད་མཁྱེན།། ནོར ་གྱི་ཚོགས་རྣམས་མ་ལུས་འཕྲོག་མཛད་ཅིང་།། གདུག་པ་འདུལ་ཕྱིར་དུག་སྡོང་སྦྲུལ་ཞགས་བསྣམས།། ཞི་གནས་ཏིང་འཛིན་དབང་སྡུད་བ་རུ་ཎཱི།། འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་ནག། སྲིད་གསུམ ་འཇོམས་མཛད་ཏྲི་ཤཱུལ་གདེངས་པ་བསྣམས།། ཐུགས་རྗེས་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་བསྣམས།། འཁོར་བར་ཐུགས་རྗེ་ཤར་བའི་ཀཱ་ལི་མ།། ཆགས་པའི་སྐྱོན་གྱི་དོན་མཛད་ར་མགོ་མ།། བྱམས་པའི ་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང་།། གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པ།། ཡོན་ཏན་ཚོགས་ཀྱིས་རེ་སྐོང་ཙ་ཀ་ལཱི།། སྟོན་པའི་བཀའ་དང་རང་གི་དམ་བཅས་གཉིས།། མི་འདའ་མ་གྲུབ་བར་དུ་བརྟན་པར ་བཞུགས།། དམ་ཚིག་སྒྲོག་གིས་སེམས་ཅན་སྒྲོལ་མཛད་ཅིང་།། མ་རིག་ནུབ་མཛད་ཀུམ་བྷ་ཀཪྵ་མོ།། སྐུ་གསུང་ཡོན་ཏན་ཕྲིན་ལས་མཐའ་ཡས་པས།། སྟོང་པའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལ་འབེབས།། སོ་སོའི ་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་ཤིང་།། བག་ཆགས་བྱང་མཛད་ལམ་པ་དོ་ར་མ།། ཞེས་གསུངས་སོ།། ཁྲོ་བོ་ལྷ་རྒྱུད་ཆེན་པོ་ལས། ཁྲོ་བོའི་ལྷ་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་རིགས ་ལྔའི་ཁྲག་འཐུང་གི་ཚོགས་ཀྱིས་མཐར་ཕྱིན་པའི་འབྲས་བུའི་ཁྲོ་བོ་འདི་གསུངས་སོ།། སྤྱིར་ན་ཐེག་པ་བསམ་ཡས་པ།། རང་རང་འབྲས་བུ་སྐུ་གསུམ་ཡིན།། དེ་ཡང་མི་འདྲ་བསམ་ཡས་རྣམས།། སྐུ་གསུམ་སོ་སོའི ་ཁྱད་པར་ཡིན།། ཉན་ཐོས་རྣམས་ལ་སྣང་བ་ཡང་།། ཞི་བ་མྱང་འདས་ཆོས་ཀྱི་སྐུ།། ཤཱཀ་ཐུབ་ལོངས་སྤྱོད་ཆོས་དབང་ཕྱུག། ཉན་ཐོས་སྦྲུལ་སྐུ་བྱམས་པ་ཉིད།། རང་རྒྱལ་རྣམས་ལ་སྣང་བ་ཡང་།། ཆོས་སྐུ་ཞི་བ་མྱ་ངན ་འདས།། ཆོས་ཀྱི་དབང་ཕྱུག་ལོངས་སྐུ་ཡིན།། རྫུ་འཕྲུལ་ཡ་ཟུང་དོན་བྱེད་སྤྲུལ།། བྱང་ཆུབ་སེམས་དཔའི་ཐེག་པ་ནི།། དོན་དམ་ཀུན་འོད་ཆོས་ཀྱི་སྐུ།། ཡེ་ཤེས་ལོངས་སྤྱོད་སྣང་མཛད་སྐུ།། ཤཱཀྱ་ཐུབ་པ་སྤྲུལ་པའི ་སྐུ།། བྱ་བ་རྒྱུད་ཀྱི་འབྲས་བུ་ནི།། དག་པ་ཆོས་ཉིད་མངོན་བྱང་སྐུ།། རིགས་གསུམ་ལོངས་སྤྱོད་རྫོགས་པའི་སྐུ།། ཞིང་ཁམས་ཐ་དད་དོན་བྱེད་སྦྲུལ།། སྤྱོད་པའི་རྒྱུད་ལ་སྣང་བ་ཡང་།། འོད་གསལ་མངོན་བྱས་རྡོར ་འཆང་ཆོས།། རིགས་བཞི་རྡོ་རྗེ་འཛིན་ལོངས་སྤྱོད།། ཞིང་ཁམས་ཐ་དད་དོན་མཛད་དོ།། རྣལ་འབྱོར་རྒྱུད་ལ་སྣང་བ་ཡང་།། ཆོས་སྐུ་དབྱིངས་དག་སྟུག་པོ་བཀོད།། རྣམ་སྣང་རྡོར་དབྱིངས་ཡུམ་བཅས ་སྐུ།། སྦྲུལ་སྐུས་ཞིང་ཁམས་ཀུན་དོན་བྱེད།། རྣལ་འབྱོར་ཆེན་པོ་ནང་པ་ནི།། རང་བྱུང་འོད་གསལ་ཆོས་ཀྱི་སྐུ།། རྒྱལ་དྲུག་ཡུམ་དང་འདུ་འབྲལ་མེད།། ཐུན་མོང་དྲུག་ཁྱད་ཁྲོ་ཕྱིར་སྤྲུལ།། རྫོགས་པ་རྗེས་སུ་རྣལ་འབྱོར ་ནི།། དབྱིངས་ཤེས་འདུ་འབྲལ་མེད་སྲས་བདེ།། ཀུན་བཟང་ཡུམ་དང་འདུ་འབྲལ་མེད།། ཐུབ་ཁྱད་འཕྲོ་སྦྲུལ་ཡི་གེ་འཁོར།། རྫོགས་ཆེན་ཐེག་པའི་ཡང་རྩེ་ནི།། ཡེ་ཇི་བཞིན་སྨྲ་བསམ་འདས་ཆོས།། ཐུན་མོང་ལྷུན ་གྲུབ་ལོངས་སྤྱོད་རྫོགས།། ཅིར་ཡང་སྣང་བ་དེ་ཁོ་ན།། སྐུ་གསུམ་ཁྱད་ཆེ་སེམས་བསྐྱེད་ཚུལ།། ལམ་སྟེགས་གོལ་ས་ཕྱི་ནང་ཕྱེ།། འདིར་ནི་སྐུ་ཡི་རྣམ་གྲངས་མཚོན།། འབྲས་བུ་ཉེར་ལྔ་ཀུན་ངོ་རུ།། དབྱེར་མེད་སངས ་རྒྱས་སྤྱི་གཟུགས་ཅན།། སྐུ་ལྔའང་ཀུན་བཟང་དབྱེར་མེད་པས།། རྒྱལ་བ་དྲུག་པ་ཞེས་བྱའོ།། རིགས་ལྔ་ཀུན་བཟང་དབྱེར་མེད་པས།། རིགས་དྲུག་པ་ཞེས་བྱ་བ་ཡིན།། ལ་བཟླ་ལྷུན་གྲུབ་ཀུན་ངོ་བོ།། གནས་ལུགས ་ཉིད་དུ་ལ་བཟླ་ན།། མདོར་ན་གཉིས་པར་བརྗོད་དོ་ཅོག། ཐུག་པས་ཟུག་ཕྱིར་མཐའ་ཡིན་ཏེ།། ཡང་དག་རྒྱལ་བས་ཐུག་མཐའ་མེད།། ཐ་སྙད་ཙམ་དུ་གྲོལ་ཞེས་བརྗོད།། དེ་ཕྱིར་གཞི་དོན་སྐྱེ་མེད་པའོ།། རང་གནས ་ཞེན་བྲལ་མངོན་བྱས་ལ།། མི་བརྗོད་འདི་ལྟར་གནས་སྨྲ་དཀའ།། བདག་ཕྱིར་གཞན་ཡང་སྤང་བ་མེད།། མིང་ལས་བཟློག་པའི་དོན་ལ་མེད།། ཐབས་ཀྱི་རང་བཞིན་ལུས་གྲོལ་ན།། རྩ་རྣམས་སྦྲུལ་སྐུས་བུམ་དབང ་རྫོགས།། སྔགས་ཀྱི་ཡི་གེ་ལོངས་སྤྱོད་གསང་།། ཁམས་ཀྱི་བདུད་རྩིས་ཤེས་རབ་ཆོས།། སྐུ་གསུམ་མི་ཟད་རྒྱན་འཁོར་ལོ།། སྐུ་ཡི་མི་ཟད་རྒྱན་གྱི་འཁོར།། སྐུ་ཡི་གསང་བ་བསམ་མི་ཁྱབ།། ཐམས་ཅད་པ་ཡི་སྐུར ་བརྗོད་པ།། ངེས་མེད་ཀུན་ཁྱབ་ཆོས་ཀྱི་སྐུ།། དངོས་གཉིས་བདེ་གཤེགས་ལོངས་སྤྱོད་སྐུ།། ཅིར་ཡང་སྤྲུལ་པས་སྤྲུལ་པའི་སྐུ།། ཡུལ་མེད་རང་གསལ་མངོན་བྱང་སྐུ།། སོ་སོ་དབྱེར་མེད་རྡོ་རྗེའི་སྐུ།། གསུང་གི་མི་ཟད ་རྒྱན་འཁོར་ནི།། གསུང་གི་གསང་བ་བསམ་མི་ཁྱབ།། ཐམས་ཅད་པ་ཡི་གསུང་ཡིན་ཏེ།། སྐྱེ་མེད་དོན་དང་དགོངས་པ་བརྡའ།། ཚངས་པའི་གསུང་དང་རིག་བྱིན་རླབས།། འཇིག་མེད་དབྱེར་མེད་རྡོ་རྗེའི ་གསུང་།། ཐུགས་ཀྱི་མི་ཟད་རྒྱན་འཁོར་ནི།། ཐུགས་ཀྱི་གསང་བ་བསམ་མི་ཁྱབ།། ཐམས་ཅད་པ་ཡི་ཐུགས་ཡིན་ཏེ།། བདེ་ཆེན་ཐུགས་དང་རྣམ་མི་རྟོག། འགྲོ་བ་སྒྲོལ་དང་རྣམ་མཁྱེན་མཆོག། དབྱེར་མེད་རྡོ ་རྗེའི་ཐུགས་ཡིན་ནོ།། སྐུ་ཡི་ཁྱད་པར་ལས་བྱུང་བ།། ཡོན་ཏན་ཕྲིན་ལས་སྣང་བ་ནི།། སྐུ་དང་གསུང་དང་ཐུགས་དང་གསུམ།། མི་ཟད་རྒྱན་གྱི་འཁོར་ལོར་གནས།། ཞེས་གསུངས་སོ།། ཁྲོ་བོའི་ལྷ་རྒྱུད་ཆེན་པོ་ལས།། ་མཐར་ཕྱིན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་པ་མཛད་དོ།། ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི།། ཁྲོ་བོ་རིགས་ལྔ ་ཧེ་རུ་ཀ། དཔའ་བོ་སྒེག་པ་འཇིགས་སུ་རུང་།། རྒོད་དང་གཤེ་དང་རྔམས་པ་དང་།། སྙིང་རྗེ་བ་དང་ངོ་མཚར་ཞི།། ཉམས་ནི་སེམས་ལ་ནང་དུ་འཆར།། གར་ནི་ལུས་ལ་ཕྱི་རུ་འཆར།། སྔགས་ནི་ངག་ཏུ་ནུས་པ ་འཆར།། མཐོང་སྣང་ཡུལ་གྱི་སྣང་བར་འཆར།། བག་ཆགས་རྨི་ལམ་འཆར་བ་ཡིས།། སྒྲུབ་པ་པོ་རྣམས་གྲོལ་བར་བྱེད།། སྟོན་པ་ཀུན་བཟང་ཁྱོད་ལ་བསྟོད།། ཅེས་གསུངས་སོ།། དེ་ནས་སྟོན་པས་གསུངས་པ། ཁྲོ་བོ ་ཆེན་པོའི་རྒྱུད་མཆོག་འདིས།། ལམ་གྱི་རྣལ་འབྱོར་གྲོལ་བྱེད་པས།། གང་ཟག་ཆོས་ཀྱི་སྤྱན་ལྡན་ལ།། རྡོ་རྗེ་སྙིང་པོ་ཁྱོད་ཀྱིས་གཏོད།། ཅེས་གསུངས་པ་ལ་རྗེས་སུ་ཡི་རང་ངོ་།། ཁྲོ་བོ་ལྷ་རྒྱུད་ལས་མཉེས་པ་དང་རྒྱུད ་གཏད་པའི་ལེའུ་སྟེ་བདུན་པའོ།། །། ཁྲོ་བོ་ལྷ་རྒྱུད་རྫོགས་སོ།། རྒྱ་གར་གྱི་མཁན་པོ་པྲ་ས་ཏྭ་ལས། བོད་ཀྱི་ལོ་ཙཱ་བ་པདྨ་རུ་ཙེས་བསྒྱུར་བའོ།། ་