CLOSE WINDOW

Gpb011.005: ting nge 'dzin mchog gi rgyud
Wyliee-texts produced with BDRC’s OCR application

སེམས་ཀྱི་འབྲས་བུ་མཆོག་རྫོགས་སོ།། རྡོ་རྗེ་ཡང་དབང་གཏེར་གྱི་མན་ངག་གོ།། ཏིང་ངེ་འཛིན་མཆོག་གི་རྒྱུད།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལ་ཕྱག ་འཚལ་ལོ།། འདི་སྐད་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ། ཆོས་ཉིད་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཆོས་ཉིད་མཉམ ་པའི་ངང་ལ་བསྡུས་ནས་བཞུགས་སོ།། དེ་ལྟར་བསྡུས་ཙ་ན་ཡང་ཇི་ལྟ་བུའི་ངོ་བོར་ཡང་མ་གྲུབ་བོ།། མ་གྲུབ་ཙ་ན་ཁྱབ་པའི་སྙིང་རྗེ་ཆེན་པོ་ཕྱོགས་དང་རིས་མེད་པར་སེམས་ཅན་ཐམས་ཅད་ལ་སྐྱེས་སོ།། སྙིང་རྗེ་ཆེན ་པོ་སྐྱེས་ཙ་ན། སྙིང་རྗེ་ཆེན་པོའི་བདག་ཉིད་དུ་སངས་རྒྱས་པའི་རྟགས་ཆོས་ཀྱི་སྐུ་ཟླ་བའི་དཀྱིལ་འཁོར་ལྟར་དཀར་ལ་ལྡེམ་པར་གྱུར་ཏོ།། དེ་ལྟར་ཟླ་བའི་དཀྱིལ་འཁོར་ལྟར་སྣང་བ་ཡང་། དོན་ཅི་ཡང་མེད་པ་ལས་ནི ་རྡུལ་ཙམ་ཡང་མ་གཡོས་སོ།། ཅི་ཡང་མེད་པའི་རྟོགས་པ་རྟོགས་པའི་ཡེ་ཤེས་ཤར་རོ།། དེ་ནས་དེ་ཉིད་ཀྱི་ངང་ལས་རྡོ་རྗེ་སེམས་དཔའ་ཧཱུཾ་ཞེས་བྱ་བའི་སྒྲ་བསྒྲགས་པས། རང་བྱུང་ཡེ་ཤེས་ཤར་བས་ཡི་གེའི་རང ་བཞིན་དུ་སངས་རྒྱས་སོ།། དེ་བཞིན་ཉིད་དུ་ཅི་ཡང་མ་གྲུབ་པས། ཆོས་སྟོང་པ་ཟབ་མར་འཆད་པས་མཚན་ཉིད་སྡེ་གསུམ་རྫོགས་པ་ཆེན་པོར་ལ་བཟླས་ཏེ་འཕགས་སོ།། དེ་ལས་མ་གཡོས་པའི་སྙིང་རྗེ་ཆེན་པོས། ཀྲི ་ཡོག་བྱམས་པས་ཕན་འདོགས་པ་ཁྱབ་པའི་སྙིང་རྗེ་ལ་ལ་བཟླ་བ་སྟེ།། རྫོགས་པ་ཆེན་པོ་ཡེ་ཤེས་ཀྱི་ཉི་མ་ཤར་རོ།། དེ་ནས་ཡི་གེ་འབྲུར་བསྟན་པས་དོན་ཀུན་ཚང་བར་ལ་བཟླ་སྟེ། ཧཱུཾ་དུ་སྣང་བ་ཙམ་ཞིག་མ་གཡོས་པ ་ལ་བཞག་གོ། མ་གཡོས་ཙ་ན་ཡིག་འབྲུས་དོན་མ་བྱས་པ་འགའ་ཡང་མེད་དོ།། ཡིག་འབྲུས་དོན་བྱས་པ་ལས་མ་གཡོས་པར་ཐུགས་ཕྱག་མཚན་གྱིས་རིག་པའི་གོ་གསལ་ལོ།། དེས་ཀྱང་དོན་ཆོས་ཉིད་སྟོང་པ་ལས་མ ་ཉམས་སོ།། ཧཱུཾ་ཚིག་ཏུ་གླེངས་པ་ཙམ་གྱིས་ཡི་གེའི་འབྲུ་ཚོགས་ཀྱི་ལས་ཀྱི་བྱ་བ་རེ་བྱས་ཏེ། འབྱུང་བ་ཁོད་བསྙམས་ནས། རང་རང་གི་ལས་ཀྱི་བྱ་བའི་དོན་རེར་སངས་རྒྱས་པ་འདི་ལྟ་སྟེ། རླུང་གཡོ་བྱེད་མ་གཡོས་པར ་འདེགས་པ་ཆེན་པོར་སངས་རྒྱས། ནམ་མཁའ་མི་འགྱུར་ཁྱབ་གདལ་ཆེན་པོར་སངས་རྒྱས། ཆུ་སྡུད་པ་ཀློང་དཀྱིལ་དུ་སངས་རྒྱས། ས་བསྐྱོད་པ་མ་བསླད་པར་སངས་རྒྱས། མེ་དྲོད་སྙོམ་དོན་འབྱུང་དུ ་སངས་རྒྱས། དེ་ཡང་དོན་དེ་བཞིན་ཉིད་ལ་ཚིག་ཏུ་འཕེན་པས་ཡི་གེ་ཡིན་པ་འདི་ལྟ་སྟེ། ཨེ་ཡཾ་མཾ་ལཾ་རཾ། དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་མ་གཡོས་པར་འགྱུར་བ་མེད་པས། དེ་ལ་རིན་པོ་ཆེ་རི་རབ་བྱ་བར ་མིང་དུ་བཏགས་ཏེ་ཧཱུཾ་ཧཱུཾ། དེ་ནས་ཆོས་ཉིད་དེ་བཞིན་ཉིད་དུ་རྒྱས་བཏབ་པས་དེས་ཐམས་ཅད་ཡོངས་སུ་བསྐྱེད་པས་རང་ལ་ཁྱབ་པར་ཡོད་པ་ལ་གཞལ་ཡས་ཁང་ཞེས་ཚིག་ཏུ་བཏགས་ཏེ། བྷྲཱུཾ་བི་ཤྲ་བི་ཤུདྡྷེ། དེ་ལ་ཏིང ་དེངེ་འཛིན་གྱི་ཚོགས་མང་པོ་འདུས་པ་ལ། རྒྱན་གྱིས་བརྒྱན་པ་ཞེས་མིང་དུ་བཏགས་ཏེ། ཅི་ཡང་མེད་པ་ལས་ཆུ་སྲིན་ཏཱ་ར་ན་དང་། མུ་ཏིག་གི་ཤར་བུ་དང་། རིན་པོ་ཆེའི་ཆུན་འཕྱང་དང་། རྒྱན་དང་ཤར་བུ་དང་། ་གསེར་དང་རིན་པོ་ཆེའི་དྲ་བ་དང་། གསེར་གྱི་དྲིལ་བུ་ལ་སོགས་པ། རྒྱན་གྱི་ཏིང་ངེ་འཛིན་མང་པོའི་མང་པོ། ཉུང་ངུའི་ཉུང་ངུ། ཆེན་པོའི་ཆེན་པོ། ཆུང་ངུའི་ཆུང་ངུ། གང་ལའང་མ་གཡོས་མི་སྣང་བར་ཡོངས་སུ་ཁྱབ ་ཅིང་གསལ་བར་གྱུར་ཏོ།། གསལ་ཞིང་ཐམས་ཅད་སྣང་བ་ཅིར་ཡང་མ་གྲུབ་བོ།། མི་སྣང་བའི་དབྱིངས་ལས་མ་གཡོས་པའི་ཡེ་ཤེས་ཕྱི་ནང་དུ་བྱུང་ནས། གང་ཡང་ཕྱི་ནང་མེད་པར་མ་གྲུབ་པའི་ཕྱི་ནང་དུ་བསྟན ་ཏོ།། གཞལ་ཡས་དེ་ལ་དབུས་མེད་པའི་དབུས་སུ་རྒྱན་མེད་པའི་རྒྱན་ཉི་ཟླ་མེད་པའི་ཉི་ཟླ་སྐར་ཁུང་ལ་མ་བརྒྱན་པའི་མཐོངས་ཁུང་དུ་མི་གསལ་བར་ཀུན་མཐོང་བར་བསྟན་ཏོ།། གཞལ་ཡས་ཅིར་ཡང་མ་གྲུབ ་པའོ།། ནང་མེད་པའི་ཕྱིས་བསྐོར་བ། དཀྱིལ་མེད་པའི་དབུས་སུ། མི་འཁོར་བའི་འཁོར་ལོས། དེ་དག་ཐམས་ཅད་ལ་འཁོར་ཏེ། རྩིས་མ་བགྲངས་པའི་གྲངས་བཞི་ཡོད་པ། ཟླུམ་པོ་ཟུར་གསུམ་ཅན་དུ་བསྟན ་ཏོ།། ཆོས་ཉིད་སྟོང་པ་ལ་གཅིག་ཀྱང་མ་གཡོས་ཤིང་མ་བསྟན་པར། ཀུན་གྱིས་མཐོང་ཞིང་རྟོགས་པར་བྱས་སོ།། འཁོར་ལོ་དེའི་སྟེང་མིན་པའི་ཁྲི། གཟུགས་མེད་པའི་སེང་གེ་གླང་པོ་རྟ་དང་རྨ་བྱ་ནམ་མཁའ་ལྡིང་ལ ་སོགས་པ། ཚིག་མེད་པའི་མིང་དུ་བཏགས་ནས། དོན་མེད་པའི་རང་རྒྱུད་དུ་ཤར་རོ།། རིན་པོ་ཆེ་ཁྲི་རིག་པས་བརྒྱན་པ་ལ་མིང་དུ་བཏགས་པ། དགོས་འདོད་མི་སྐོང་བའི་སྐོང་བ། ཡོད་པའི་མེད་པ་དང་། མ་ཆགས ་པའི་ཆགས་པ་ཆེན་པོའི་པདྨར་བཞུགས་པ་མེད་པའི་བཞུགས་པའི་གདན་ཉི་ཟླ་པདྨ་མེད་པའི་ཡོད་པ། མ་གཡོས་པའི་གཡོས་པ་ཆེན་པོར་བསྟན་ཏོ།། མི་བཞུགས་པའི་བཞུགས་གནས་གློ་བུར་དང་བར་ཁྱམས་གྲུ ་བཞི་སྒོ་ཁྱུད་ལ་སོགས་པ་གདན་པདྨ་དང་ཉི་ཟླ་སྲ་སྟི་མེད་པའི་རྡོ་རྗེའི་བྲག་ལ་སོགས་པའི་མི་བཞུགས་པའི་གདན། མ་བཀོད་པའི་བཀོད་པ། མི་སྣང་ཞིང་རབ་ཏུ་གསལ་བར་སྣང་ངོ་།། དེ་ཙམ་ན་ཆོས་ཉིད་མ་གཡོས ་པའི་ཀློང་ལས་རྡུལ་ཙམ་ཡང་མ་གཡོས་ལ། མ་ཁྱབ་པ་དང་མ་སྐྱེས་པ་མེད་པའོ།། དེ་ནི་ཀུན་ཏུ་བཟང་པོ་རང་བཞིན་དུ་ཅི་ཡང་མ་གྲུབ་པར་སངས་རྒྱས་ཏེ་རྒྱུ་གདོད་མ་ནས་དག་གོ། དེ་ནས་གཞལ་ཡས ་ཁང་ཅི་ལ་ཡང་མི་བསྒོམ་ཞིང་། གང་དུ་ཡང་མ་ཁྱབ་པ་མེད་པར་རྡོ་རྗེ་སེམས་དཔའ་རྟོགས་སོ།། སྟོབས་དངོས་པོ་ཆོས་ཉིད་མ་གྲུབ་པར་འགྲུབ་བོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། གཞལ་ཡས ་ཁང་གི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡིད་ཀུན་ཏུ་བཟང་པོས། མ་གཡོས་པའི་ཡི་གེ་ཨ་ལས། ཡི་གེ་བཞི་བཅུ་རྩ་གཉིས་སུ་བྱུང་སྟེ། མིང་དུ་མ་བཏགས་པའི་ལྷ་གྲངས་དང་། ཚིག་ཏུ་མ་བྱུང་བའི་ཡི ་གེ་འབྲུ་སུམ་ཅུ་རྩ་གཉིས་ཀྱིས་མ་འཕྲོས་པར་མ་ཁྱབ་པ་མེད་པ་འདི་ལྟར་སྟེ། ཐ་ཋ་ཏ་ཊ་ད་ཌ་དྷ་ཌྷ་ན་ཎ། ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། པ་ཕ་བ་བྷ། འ་ཡ་ར་ལ། ང་ཉ་མ་ཨོ། ཤ་ཥ་ས་ཧ། ཨཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱ། ་ཡོངས་སུ་ཁྱབ་བོ།། མ་གཡོས་སོ།། ཀུན་ཏུ་གཏོར་རོ།། མ་འཕྲོས་སོ།། ཐམས་ཅད་ཡིག་འབྲུར་སངས་རྒྱས་ཏེ། ཚིག་དང་ཡི་གེར་མ་གྲུབ་བོ།། ཕྱག་རྒྱའི་དཀྱིལ་འཁོར་རྡོ་རྗེ་ལ་སོགས་པར་བཏགས་པས་བཤད། ་བསྟན་པས་བཀྲོལ། སྣང་བས་དོན་བྱས། མེད་པས་སྐྱོན་གྲོལ། འཕྲོས་པས་རྟོག་པ་གསལ། ཅི་ཡང་མི་སྣང་བས་རྒྱས་བཏབ་བོ།། དེ་ནས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས་སྟོན་པས་མ་གསུངས་པའི་སྒྲ་རང་བྱུང་བ ་ནི་འདི་ལྟར་སྟེ། ཧཱུཾ་བཛྲ་དྷྲྀཀ་ཨཽ་ཛི་ན་ཛག། སཱ་རཏྣ་དྷྲྀཀ་ཨཱཾ་ཨཱ་རོ་ལིཀ། ཧཱ་པྲཛྙཱ་དྷྲྀཀ་ལཱཾ་དྭེ་ཥ་ར་ཏི། མཱཾ་དྷཱ་ཏཱི་ཤྭ་རཱི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵི་ཧི་རཱ་ཛ་ཡ། ཏྲཾ་ཨཱ་གརྦྷ་ཡ། ཧཱི་ཧ་ཧཱུཾ་པདྨ་པཱ་ད་མ། ་ཛི་ཀུ་རུ་པཱ་ཎ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟཱཾ། ཏཱཾ་མཱ་ལེ་ས་མ་ཡ་ཧོཿ། ཧཱི་གཱི་ཏི་རཱ་གོ&ཧཾ། ཨཾ་ནིརྟི་རཱ་ག་ཡཱ་མི། མེ་དྷ་ར་ཎེ་སྭཱ་ཧཱ། བྷཱི་ནིསྨ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་ས་རཱ་ཛཱ་ཡ་སྭཱ་ཧཱ། མཱཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཛཿདྷཱ་པེ་པྲ་པེ་ཤ། ཧཱུཾ་པུཥྤེ་ཨཱ ་བེ་ཤ། བཾ་དཱི་བཾ་སུ་གི་རཱི། ཧོ་གྷནྡྷེ་ཙིཏྟ། ཧཱུཾ་ཡ་མཱནྟ་ཀྲྀ་ཏ་ཕཊ། ཧཱུཾ་པྲ་ཛྙཱནྟ་ཀྲྀ་ཏ་ཕཊ། ཧཱུཾ་པདྨནྟ་ཀྲྀ་ཏ་ཕཊ། ཧཱུཾ་བིགྷྣཱཾ་ཏ་ཀྲྀཏ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲི་ཙིཏྟ་ཨཱ~ཾ། ཨ་ཨ་ཨ། བཛྲཱི་བྷ་དྲ་ས་མནྟ་ཨོཾ། ཨོཾ་མུ་ནི་ཀྲྀ་སྟྭཾ་ཧཱ། ཨོཾ་མུ་ནེ་ཧཱུཾ་སྭཱ་ཧཱ། ཨོཾ་མུ ་ནེ་སྲྀ་སྭཱ་ཧཱ། ཨོཾ་མུ་ནེ་པྲཾ་སྭ་ཧཱ། ཨོཾ་མུ་ནི་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྒྲས་སྐུ་ཕྱག་རྒྱའི་དཀྱིལ་འཁོར་དུ་གསལ་ལོ།། སྣང་ལ་རང་བཞིན་མེད་པའི་ཡེ་ཤེས་ཆེན་པོར་སངས་རྒྱས་སོ།། མ་ཁྱབ་ཅིང་མ་འདུས ་པ་མེད་པའི་བསྒོམ་པ་ཆེན་པོའོ།། གསུང་ཡིག་འབྲུ་དང་། སྐུ་ཕྱག་རྒྱ་དང་། བཟླས་པའི་སྙིང་པོ་ལ་སོགས་པ། སོ་སོར་བསྟན་པ་གཅིག་གི་བདག་ཉིད་དེ། ཡི་གེ་མེད་པའི་ཨ་མིང་མེད་པའི་ཀུན་ཏུ་བཟང་པོ་ཚིག་མེད ་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ལས་ཀྱང་མ་གཡོས་པའི་མང་པོ་བསམ་གྱིས་མི་ཁྱབ་པ་བསྒོམ་པ་དང་། ཡི་གེ་མེད་པའི་ཀྵ་མིང་མེད་པའི་ཀུན་ཏུ་བཟང་མོ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ལས ་ཀྱང་མ་གཡོས་པའི་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཐ་མིང་མེད་པའི་རྡོ་རྗེ་སེམས་དཔའ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ལས་ཀྱང་མ་གཡོས་པར་མང་པོ་བསམ་གྱིས་མི་ཁྱབ ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཐ་མིང་མེད་པའི་ནམ་མཁའི་དབྱིངས་ཕྱུག་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ལས་ཀྱང་མ་གཡོས་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཏ ་མིང་མེད་པའི་རྣམ་པར་སྣང་མཛད་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཊ་མིང་མེད་པའི་སངས་རྒྱས་སྤྱན་ཚིག་མེད་པའི་སྐུ་ཕྱག ་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ད་མིང་མེད་པའི་རིན་ཆེན་འབྱུང་ལྡན་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས ་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཌ་མིང་མེད་པའི་མ་མཱ་ཀཱི་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་དྷ་མིང་མེད་པའི་སྣང ་པབ་མཐའ་ཡས་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཌྷ་མིང་མེད་པའི་གོས་དཀར་མོ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང ་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ན་མིང་མེད་པའི་དོན་ཡོད་གྲུབ་པ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ ་དང་། ཡི་གེ་མེད་པའི་ཎ་མིང་མེད་པའི་དམ་ཚིག་སྒྲོལ་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཀ་མིང་མེད་པའི་སའི་སྙིང་པོ་ཚིག ་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཁ་མིང་མེད་པའི་ནམ་མཁའི་སྙིང་པོ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར ་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ག་མིང་མེད་པའི་སྤྱན་རས་གཟིགས་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ ་མེད་པའི་གྷ་མིང་མེད་པའི་ཕྱག་ན་རྡོ་རྗེ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཙ་མིང་མེད་པའི་ལྷ་མོ་ལ་སྐྱེ་མ་ཚིག་མེད་པའི་སྐུ ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཚེ་མིང་མེད་པའི་ལྷ་མོ་མཱ་ལེ་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང ་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཛ་མིང་མེད་པའི་ལྷ་མོ་གིརྟི་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི ་ཛྷཛཱ་མིང་མེད་པའི་ལྷ་མོ་ནི་རྟ་མ་ཚིག་མིང་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་པ་མིང་མེད་པའི་ཀུན་ཏུ་བཟང་པོ་ཚིག་མེད་པའི་སྐུ་ཕྱག ་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཕ་མིང་མེད་པའི་སྒྲིབ་པ་རྣམ་པར་སེལ་བ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་བ་མིང་མེད་པའི་བྱམས་པ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་བྷ་མིང་མེད་པའི ་འཇམ་དཔལ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་འམིང་མེད་པའི་ལྷ་མོ་དྷཱུ་པེ་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཡ་མིང་མེད་པའི་ལྷ་མོ་པུཥྤེ་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི ་གིགེ་མེད་པའི་ར་མིང་མེད་པའི་ལྷ་མོ་ཨཱ་ལོ་ཀེ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ལ་མིང་མེད་པའི་ལྷ་མོ་གནྡྷེ་མ་ཚིག་མེད་པའི་སྐུ ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ང་མིང་མེད་པའི་གཤིན་རྗེ་གཤེད་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཉ་མིང་མེད་པའི་ཁྲོ་བོ་དཔལ་ལྡན་གཞན་གྱིས་མི་ཐུབ་པ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ་ཡི་གེ་མེད་པའི་མ་མིང་མེད་པའི་ཁྲོ་བོ་རྟ་མགྲིན་ཚིག་མེད་པའི་སྒྲ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་རྣ་མ་ཚན་ནམ་དཅས་མིང་མེད་པའི་ཁྲོ་བོ་བདུད ་རྩི་འཁྱིལ་པ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཤ་མིང་མེད་པའི་ཡུམ་རོ་ལངས་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཥ་མིང་མེད་པའི་ཡུམ་མི་ཕམ་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར ་བསྒོམ་པ་དང་། ཡི་གེ་མེད་པའི་ས་མིང་མེད་པའི་ཁྲོ་གཉེར་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཧ་མིང་མེད་པའི་ཁྲོ་མོ་རལ ་གཅིག་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཨ་མིང་མེད་པའི་ལྷའི་ཐུབ་པ་དབང་པོས་བརྒྱ་བྱིན་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན ་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཨཱ་མིང་མེད་པའི་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཨི་མིང་མེད་པའི་མིའི་ཐུབ་པ་ཤཱཀྱ་ཐུབ་པ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ ་མེད་པའི་ཨཱི་མིང་མེད་པའི་བྱོལ་སོང་ཐུབ་པ་སེངྒེ་རབ་བརྟན་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཨུ་མིང་མེད་པའི་ཡི་དྭགས ་ཀྱི་ཐུབ་པ་ཁ་འབར་མ་ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ཡི་གེ་མེད་པའི་ཨཱུ་མིང་མེད་པའི་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཚིག་མེད་པའི ་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པའོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡིད ་བྱེད་པ་པོ་ཀུན་ཏུ་བཟང་པོས་བསྒོམས་པའི་ཉེས་པ་བཤད་དེ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ། སྟོང་པ་བྱང་ཆད་པ་རང་རྒྱུད་དུ་བསྒོམས་ན། མེད་པ་ཕྱོགས་གཅིག་པའི་འཐིབས་ཆད་དོ།། ཇི་ལ་ཡང་མི ་སེམས་པ་རང་རྒྱུད་དུ་བསྒོམས་ན། མ་རིག་པའི་བླ་ཐབས་སུ་འགྱུར་རོ།། ཇི་ལ་ཡང་མི་རྟོག་པ་རང་རྒྱུད་དུ་བསྒོམས་ན། མཐའ་ཆད་པར་ལྷུང་ངོ་།། ཇི་ལ་ཡང་མི་གནས་པར་རང་རྒྱུད་དུ་བསྒོམས་ན། ཡེ་ཤེས་ཀྱི་ལམ ་དང་འབྲལ་ལོ།། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་སྙིང་རྗེ་རང་རྒྱུད་དུ་བསྒོམས་ན། མཉམ་པའི་དོན་མི་རྟོགས། ཟླ་བའི་དཀྱིལ་འཁོར་རང་རྒྱུད་དུ་བསྒོམས་ན། སྐེ་ཤིའི་རྒྱུན་ཡོད་དོ།། རྒྱུའི་ཏིང་ངེ་འཛིན་ལ་ཡིག་འབྲུ ་རང་རྒྱུད་དུ་བསྒོམས་ན། འཁོར་བ་དང་ནམ་ཡང་མི་འབྲལ་ལོ།། ཧཱུཾ་རང་རྒྱུད་དུ་བསྒོམས་ན། གཟུགས་ཕུང་གི་རྡོས་པ་མི་ཤིགས་ཏེ། ཙནྡན་གྱི་སྡོང་པོར་སྐྱེའོ།། ཨ་རང་རྒྱུད་དུ་བསྒོམས་ན། དངོས་པོའི་འཛིན་ཆགས ་ལ་ཞེན་པས་གཙུག་ལག་གི་འདུས་བྱས་རྫས་ཀྱི་མཆོད་རྟེན་དུ་སྐྱེའོ།། འབྱུང་བ་ལྔ་རང་རྒྱུད་དུ་བསྒོམས་ན། འཇིག་ཚོགས་ཀྱི་དགྲ་ལྡང་ངོ་།། ནམ་མཁའ་རང་རྒུད་དུ་བསྒོམས་ན། སྟོང་པའི་མཐའ་མི ་ལེགས་མ་ཡིན་ནས། ལེན་ནོ།། རླུང་རང་རྒྱུད་དུ་བསྒོམས་ན། ལས་ཀྱིས་རྙིང་དུ་ཁྲིན་ལྷུང་ངོ་།། ཆུ་རང་རྒྱུད་དུ་བསྒོམས་ན། ཉོན་མོངས་པའི་རླན་དང་མི་བྲལ་ལོ།། ས་རང་རྒྱུད་དུ་བསྒོམས་ན། འཁོར་བ་ལས་འདས་པའི་དུས ་མེད་དོ།། མེ་རང་རྒྱུད་དུ་བསྒོམས་ན། ཉོན་མོངས་པ་ལས་འགྲོ་ས་མེད་དོ།། རི་རབ་རང་རྒྱུད་དུ་བསྒོམས་ན། མུ་སྟེགས་རྟག་པའི་མུར་ལྷུང་ངོ་།། གཞལ་ཡས་ཁང་རང་རྒྱུད་དུ་བསྒོམས་ན། ཉོན་མོངས་པའི་གཏན ་གཞི་བསྐྱེད་དོ།། ཆུ་སྲིན་གྱི་ཏཱར་ན་རང་རྒྱུད་དུ་བསྒོམས་ན། འཛིན་ཆགས་དང་འབྲལ་མི་ཤེས་སོ།། མུ་ཏིག་གི་ཤར་བུ་རང་རྒྱུད་དུ་བསྒོམས་ན། དབང་པོའི་སྒོ་འགག་གོ། རིན་པོ་ཆེའི་ཆུན་འཕྱང་རང་རྒྱུད་དུ་བསྒོམས ་འདོད་པས་ཡིད་གདུངས་པར་འགྱུར་རོ།། རྒྱན་རང་རྒྱུད་དུ་བསྒོམས་ན། ངར་ཤེས་པ་རྟ་ཡི་གཡང་དུ་ལྷུང་ངོ་།། ཤར་བུ་རང་རྒྱུད་དུ་བསྒོམས་ན། མཚན་མའི་རྟོག་པ་སྐྱེའོ།། གསེར་དང་རིན་པོ་ཆེའི་དྲ་བ་རང་རྒྱུད ་དུ་བསྒོམས་ན། བདུད་ཀྱི་རྒྱས་ཟིན་ཏོ།། གསེར་གྱི་དྲིལ་བུ་རང་རྒྱུད་དུ་བསྒོམས་ན། ཆོས་སྐྱེ་བ་མེད་པའི་སྒྲ་མི་ཟོས་སོ།། ཕྱི་ནང་དངོས་པོར་རང་རྒྱུད་དུ་བསྒོམས་ན། ཆོས་ཉིད་མཉམ་པའི་ས་མི་ཆོད་དོ།། ཉི་ཟླའི ་མཐོངས་ཀུན་རང་རྒྱུད་དུ་བསྒོམས་ན། འཛམ་བུ་གླིང་བཞིའི་མཐའ་འཁོར་རོ།། འཁོར་ལོ་རང་རྒྱུད་དུ་བསྒོམས་ན། ཤིང་རྟའི་འཁོར་ལོ་འདྲའོ།། གློ་བུར་དང་བར་ཁྱམས་རང་རྒྱུད་དུ་བསྒོམས་ན། འཁོར་བའི་རྙིས ་འཛིན་ཏོ།། གདན་ཁྲི་རང་རྒྱུད་དུ་བསྒོམས་ན། བྱོལ་སོང་སྤྱོད་བཀོལ་གྱི་སྡིག་སྨིན་ནོ།། རིན་པོ་ཆེའི་ཁྲི་རང་རྒྱུད་དུ་བསྒོམས་ན། འཛིན་ཆགས་ཀྱི་སྒོ་མི་ཁེགས་སོ།། པདྨའི་གདན་རང་རྒྱུད་དུ་བསྒོམས་ན། རྣམ་པར ་ཤེས་པ་སྡུག་བསྔལ་གྱི་རྗེས་སུ་འབྲང་ངོ་།། ཉི་ཟླའི་གདན་རང་རྒྱུད་དུ་བསྒོམས་ན། དབྱིངས་ཡེ་ཤེས་ཀྱི་དོན་མི་འཆར་རོ།། རྡོ་རྗེའི་བྲག་རྒྱུད་དུ་བསྒོམས་ན། སེམས་ཅན་གྱི་སྡུག་བསྔལ་གྱི་རང་བཞིན་གྱི་གཏན་གཞི ་མི་ཤིགས་སོ།། ཏཱ་ལའི་སྐྱེ་ཤིང་རང་རྒྱུད་དུ་བསྒོམས་ན། འདོད་པ་ལ་ཆོག་ཤེས་པའི་དུས་མེད་དོ།། འོད་ཟེར་རང་རྒྱུད་དུ་བསྒོམས་ན། སེམས་ཅན་གྱི་རྟོག་པ་སྐྱེའོ།། འཕྲོ་འདུ་རང་རྒྱུད་དུ་བསྒོམས་ན། བདུད་ཀྱི་བར ་ཆད་དུ་འགྱུར་རོ།། སྤྲུལ་པ་རང་རྒྱུད་དུ་བསྒོམས་ན། བགེགས་ཀྱི་ཆོ་འཕྲུལ་འབྱུང་ངོ་།། ཁ་དོག་རྣམ་ལྔ་རང་རྒྱུད་དུ་བསྒོམས་ན། ཆོས་ཉིད་དུ་ལ་མི་ཟློས་སོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་གྱི་རྒྱུད་ལས། ཏིང་འཛིན ་རྣམ་གསུམ་དང་། གཞན་ཡས་ཁང་གི་སྐྱོན་བཙལ་བའི་ལེའུ་སྟེ་གསུམ་པའོ།། །། ད་ནི་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས་སྐུ་ཕྱག་རྒྱའི་ཉེས་པ་བཤད་དོ།། བྷུདྡྷ་བཞི་བཅུ་རྩ་གཉིས་ཡབ་ཀྱི་སྐུ་རང་རྒྱུད་དུ་བསྒོམས ་ན། འདོད་པའི་རྒྱུ་སྐྱེད་དོ།། ཡུམ་གྱི་སྐུ་རང་རྒྱུད་དུ་བསྒོམས་ན། ཆགས་པའི་གཞི་སོག་གོ། སེམས་དཔའ་བརྒྱད་རང་རྒྱུད་དུ་བསྒོམས་ན། མཚན་ཉིད་ཀྱི་ཕྱོགས་དང་ཕ་རོལ་ཕྱིན་པའི་ས་ལས་མི ་འདས་སོ།། སེམས་མ་རང་རྒྱུད་དུ་བསྒོམས་ན། འདོད་ཆགས་ཀྱི་ཆགས་ཡུལ་ལས་མི་འདས་སོ།། ཁྲོ་བོ་བཞི་རང་རྒྱུད་དུ་བསྒོམས་ན། ང་རྒྱལ་ཁེངས་པའི་རྒྱུར་གྱུར་ཏོ།། ཡུམ་བཞི་རང་རྒྱུད་དུ་བསྒོམས་ན། གདུག་རྩུབ ་ཀྱིས་གཞི་སོག་གོ། ཐུབ་པ་དྲུག་རང་རྒྱུད་དུ་བསྒོམས་ན། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐག་རིང་ངོ་།། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་རང་རྒྱུད་དུ་བསྒོམས་ན། རང་བྱུང་གི་ཡེ་ཤེས་མི་འབྱུང་ངོ་།། ཆོས་བྱ་བ ་མོ་ཀུན་ཏུ་བཟང་མོ་རང་རྒྱུད་དུ་བསྒོམས་ན། སྐྱེ་བ་མེད་པའི་དོན་མི་འཆར་རོ།། རིགས་ལྔའི་སངས་རྒྱས་རང་རྒྱུད་དུ་བསྒོམས་ན། མ་ཧཱ་དེ་བའི་འཁོར་དུ་སྐྱེའོ།། ཡུམ་ལྔ་རང་རྒྱུད་དུ་བསྒོམས་ན། ཨུ་མ་དེ་བའི་སྦྱོར ་སྐུལ་བྱེད་དོ།། ཕྱག་མཚན་རང་རྒྱུད་དུ་བསྒོམས་ན། མཚན་མོའི་རྫས་སུ་ལྷུང་ངོ་།། རྡོ་རྗེ་རང་རྒྱུད་དུ་བསྒོམས་ན། མེ་ལོང་ལྟ་བུའི་ཡེ་ཤེས་ལས་འཁྱལ། འཁོར་ལོ་རང་རྒྱུད་དུ་བསྒོམས་ན། སྟོང་པ་ཉིད་ཀྱི་ཡེ་ཤེས ་ལས་འཁྱལ། རིན་པོ་ཆེ་རང་རྒྱུད་དུ་བསྒོམས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་འཁྱལ། པདྨ་རང་རྒྱུད་དུ་བསྒོམས་ན། སོ་སོར་རྟོག་པའི་ཡེ་ཤེས་ལས་འཁྱལ། རལ་གྲི་རང་རྒྱུད་དུ་བསྒོམས་ན། བྱ་བ་ནན་ཏན་གྱི་ཡེ ་ཤེས་ལས་འཁྱལ། ཡུམ་རྣམས་ཀྱི་ཕྱག་མཚན་དྲིལ་བུ་རང་རྒྱུད་དུ་བསྒོམས་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་འཁྱལ། དབུ་གསུམ་རང་རྒྱུད་དུ་བསྒོམས་ན། བྱོལ་སོང་མགོ་གསུམ་པར་སྐྱེ། ལག ་དྲུག་རང་རྒྱུད་དུ་བསྒོམས་ན། ཀླུ་ཕྲུག་ལག་མང་དུ་སྐྱེ། ལག་གཉིས་རང་རྒྱུད་དུ་བསྒོམས་ན། གཏི་མུག་བྱ་ལག་ཏུ་སྐྱེ། ཞབས་གཉིས་རང་རྒྱུད་དུ་བསྒོམས་ན། འཛིན་པའི་གདོས་དང་མི་འབྲལ། སྐུ་མདོག་མཐིང་ཀ ་རང་རྒྱུད་དུ་བསྒོམས་ན། མ་རིག་པའི་མུན་པའི་ཀློང་དུ་སྐྱེ། དཀར་པོ་རང་རྒྱུད་དུ་བསྒོམས་ན། ཉོན་མོངས་པའི་དྲི་མ་འགོ། སེར་པོ་རང་རྒྱུད་དུ་བསྒོམས་ན། ཡོན་ཏན་གྱི་ཚོགས་དང་བྲལ།། དམར་པོ་རང་རྒྱུད་དུ ་བསྒོམས་ན། ཆགས་པའི་སྐྱོན་གྱིས་གོས་སོ།། ལྗང་གུ་རང་རྒྱུད་དུ་བསྒོམས་ན། ཕྲིན་ལས་ཀྱི་དོན་མི་རྟོགས་སོ།། སེམས་དཔའ་དང་སྒོ་བ་ཡན་ཆད་ཀྱི་སྐུ་མདོག་ཀྱང་དེ་བཞིན་ཤེས་པར་བྱའོ།། ཕྱག་མཚན་ལ་མི ་མཐུན་པའི་དོན་འདིར་བཤད་པ་ནི། སེམས་དཔའ་དང་སེམས་མའི་ཕྱག་མཚན་རིན་པོ་ཆེ་གྲུ་གསུམ་རང་རྒྱུད་དུ་བསྒོམས་ན། འཛིན་ཆགས་ཀྱི་སྐྱོན་ཆགས་སོ།། རལ་གྲི་རང་རྒྱུད་དུ་བསྒོམས་ན། ཕུང་པོའི་ནད་འབྱུང ་ངོངོ།། པདྨ་རང་རྒྱུད་དུ་བསྒོམས་ན།། ཆགས་པའི་གཞི་ཡིན་ནོ།། རྡོ་རྗེ་རང་རྒྱུད་དུ་བསྒོམས་ན། ངོ་བོ་གཤིན་རྗེར་འགྱུར་རོ།། ཁུ་ཚུར་རང་རྒྱུད་དུ་བསྒོམས་ན། རྟོག་པའི་སྐྱོན་འབྱུང་ངོ་།། རིན་པོ་ཆེའི་ཕྲེང་བ་རང་རྒྱུད ་དུ་བསྒོམས་ན། འབྲས་བུའི་སྒོ་ལམ་འགག་གོ། པི་ཝང་རང་རྒྱུད་དུ་བསྒོམས་ན། ཤེས་པ་བསླུ་བྲིད་ཀྱི་གཡང་སར་ལྷུང་ངོ་།། གར་རང་རྒྱུད་དུ་བསྒོམས་ན། མི་ནག་གི་ཆབ་བརྒལ་དུ་འགྱུར་རོ།། ཀླུ ་ཤིང་རང་རྒྱུད་དུ་བསྒོམས་ན། བྱོལ་སོང་གི་གླིང་དུ་སྐྱེའོ།། གཎྜཱི་རང་རྒྱུད་དུ་བསྒོམས་ན། དངོས་པོའི་རྫས་སྣོད་དུ་འགྱུར་རོ།། པོ་ཏི་རང་རྒྱུད་དུ་བསྒོམས་ན། ཆོས་ཉིད་ཀྱི་དོན་འགག་གོ། རིན་པོ་ཆེའི་སྙེ་མ་རང་རྒྱུད ་དུ་བསྒོམས་ན། མི་དམིགས་པའི་ཤེས་རབ་མི་སྐྱེའོ།། ཨུཏྤལ་ལ་རང་རྒྱུད་དུ་བསྒོམས་ན། མཁྱེན་པའི་གསལ་མི་ཕྱེད་དོ།། སྤོས་མེ་རང་རྒྱུད་དུ་བསྒོམས་ན། འབྱུང་པོའི་ཚོགས་སུ་སྐྱེའོ།། མེ་ཏོག་རང་རྒྱུད་དུ་བསྒོམས ་ན། ལྷའི་བུའི་བདུད་ཀྱིས་བསླུའོ།། མར་མེ་རང་རྒྱུད་དུ་བསྒོམས་ན། རྒྱུན་གྱི་ཏིང་ངེ་འཛིན་ཆད་དོ།། དྲི་ཆབ་རང་རྒྱུད་དུ་བསྒོམས་ན། སྤང་ལེན་གྱི་སྐྱོན་འབྱུང་ངོ་།། སྒོ་བའི་ཕྱག་མཚན་དབྱུག་ཏོ་རང་རྒྱུད་དུ་བསྒོམས ་ན། ཤེས་པའི་སྒོ་འགག་གོ། གཏུན་ཤིང་རང་རྒྱུད་དུ་བསྒོམས་ན། ཕུང་པོའི་རང་སྙིགས་བྱེད་དོ།། རལ་གྲི་རང་རྒྱུད་དུ་བསྒོམས་ན། ནགས་ཚལ་ལོ་མར་འགྱུར་རོ།། དྲིལ་བུ་རང་རྒྱུད་དུ་བསྒོམས་ན། ཡེངས་པའི་རྒྱུད ་ཡོད་དོ།། སྡིགས་མཛུབ་རང་རྒྱུད་དུ་བསྒོམས་ན། ལས་ཀྱི་སྒྲིབ་པ་ཆེའོ།། དགྲ་སྟ་རང་རྒྱུད་དུ་བསྒོམས་ན། མཚོན་གྱི་བསྐལ་པ་འབྱུང་ངོ་།། བེ་ཅོན་རང་རྒུད་དུ་བསྒོམས་ན། གནོད་སྦྱིན་གྱི་གླིང་དུ་སྐྱེའོ།། པདྨ་རང ་རྒྱུད་དུ་བསྒོམས་ན། ཀླུའི་གླིང་དུ་སྐྱེའོ།། རྡོ་རྗེ་རྒྱ་གྲམ་རང་རྒྱུད་དུ་བསྒོམས་ན། ལྷ་ཆེན་མཚོན་ཆར་སྐྱེའོ།། རྡོ་རྗེ་གདེངས་པ་རང་རྒྱུད་དུ་བསྒོམས་ན། ཕྲག་དོག་གི་གཉེན་པོ་མི་ཤིགས། གོ་མཚོན་རང་རྒྱུད་དུ ་བསྒོམས་ན། ང་རྒྱལ་གྱི་སྒོ་མི་ཤིགས།། གསེག་པར་རང་རྒྱུད་དུ་བསྒོམས་ན། འདོད་ཆགས་ཀྱི་སྒོ་མི་བཤིགས། པོ་ཏི་རང་རྒྱུད་དུ་བསྒོམས་ན། གཏི་མུག་གི་སྒོ་མི་ཤིགས། རིན་པོ་ཆེའི་བུམ་པ་རང་རྒྱུད་དུ་བསྒོམས ་ན། སེར་སྣའི་སྒོ་མི་ཤིགས། མེ་ཆུ་རང་རྒྱུད་དུ་བསྒོམས་ན། ཞེ་སྡང་གི་སྒོ་མི་ཤིགས། མཉམ་པར་བཞག་པའི་ཕྱག་རྒྱ་རང་རྒྱུད་དུ་བསྒོམས་ན། དངོས་པོ་ལྡེར་སོའི་སྐྱོན། པདྨའི་ཕྱག་རྒྱ་རང་རྒྱུད་དུ་བསྒོམས་ན། སྟོར ་ཁུང་གི་སྐྱོན་ནོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་གྱི་མཆོག་གི་རྒྱུད་ལས། སྐུ་ཕྱག་རྒྱའི་སྐྱོན་བསལ་བའི་ལེའུ་སྟེ་བཞི་པའོ།། །། ད་ནི་ཀུན་ཏུ་བཟང་པོས་རྒྱན་དང་ཆ་ལུགས་ཀྱི་ཉེས་པ་བཤད་དེ། རིགས་ལྔ་ཡབ ་ཡུམ་གྱི་སྐུའི་རྒྱན་ལ། དབུ་རྒྱན་རང་རྒྱུད་དུ་བསྒོམས་ན། མྱ་ངན་འདས་པའི་དོན་མི་རྟོགས། སྙན་ཆ་རང་རྒྱུད་དུ་བསྒོམས་ན། མཚན་མའི་སྒེག་ཆོས་སུ་འགྱུར། མགུར་ཆུ་རང་རྒྱུད་དུ་བསྒོམས་ན། གཟུང་འཛིན་གྱི ་སྒྲིབ་པ་ཆེ། དཔུང་རྒྱན་རང་རྒྱུད་དུ་བསྒོམས་ན། འཛིན་རྟོག་གི་ཤས་མི་སྤང་། ཕྱག་གདུབ་རང་རྒྱུད་དུ་བསྒོམས་ན། མཚན་མའི་ལས་ལ་འཕྲོས་སོ།། ཞབས་གདུབ་རང་རྒྱུད་དུ་བསྒོམས་ན། ཟུག་གཟེར་གྱི་ལྕགས ་སྒྲོག་གིས་སྡོམ། དོ་ཤལ་རང་རྒྱུད་དུ་བསྒོམས་ན། འཁོར་བའི་ཞགས་པས་འཛིན།། དར་དཔྱངས་རང་རྒྱུད་དུ་བསྒོམས་ན། འཁོར་བའི་གཞི་འདིངས། སེམས་དཔའི་སྐྱིལ་མོ་ཀྲུང་རང་རྒྱུད་དུ་བསྒོམས ་ན། རྟག་པ་ཐེར་ཟུག་པའི་སྐྱོན་ཡོད། མཉམ་པའི་སྐྱིལ་མོ་ཀྲུང་རང་རྒྱུད་དུ་བསྒོམས་ན། བསམ་གཏན་རྐྱང་པའི་གོལ་ས་ཆེ། རྡོ་རྗེའི་སྐྱིལ་མོ་ཀྲུང་རང་རྒྱུད་དུ་འཛིན་ན། ལས་ཀྱི་ཉོན་མོངས་པ་འབྱུང་། སྤྱན་ལ་སོགས ་པའི་དབང་པོ་རང་རྒྱུད་དུ་བསྒོམས་ན། བྱུང་ཚོར་གྱི་རྗེས་སུ་འབྲེང་། སེམས་དཔའི་རྒྱན་རང་རྒྱུད་དུ་བསྒོམས་ན། ཆོས་ཀྱི་སྐུ་མི་རྟོགས། སེམས་མའི་རྒྱན་རང་རྒྱུད་དུ་བསྒོམས་ན། འདོད་ཆགས་ཆོས་ཉིད་དུ་མི ་འབྱོངས། ཁྲོ་བོ་ཁྲོ་མོའི་རྒྱན་རྟགས་རང་རྒྱུད་དུ་བསྒོམས་ན། ཕྲག་དོག་གི་རླུང་འཚུབས། སྦྲུལ་རང་རྒྱུད་དུ་བསྒོམས་ན། ཞེ་སྡང་གི་མེ་འབར། ཀོ་རློན་རང་རྒྱུད་དུ་བསྒོམས་ན། གཏི་མུག་གི་གཏིབས་ཆད། ཟོད་ཕྲེང ་རང་རྒྱུད་དུ་བསྒོམས་ན། འཁོར་བའི་གནས་ནས་མི་གཡོས་སོ།། ཐུབ་པའི་རྒྱན་ལ། དབུ་ཟླུམ་རང་རྒྱུད་དུ་བསྒོམས་ན། ཉན་ཐོས་འགོག་པ་ལས་མི་ཐར་རོ།། ཞབས་རྗེན་རང་རྒྱུད་དུ་བསྒོམས་ན། འདོད་པའི་ཡོན ་ཏན་མི་འཆར་རོ།། ཆོས་གོས་རང་རྒྱུད་དུ་བསྒོམས་ན། སྡུག་བསྔལ་གྱི་སྒོ་འབྱུང་ངོ་།། འཕྲག་ཕྱུང་རང་རྒྱུད་དུ་བསྒོམས་ན། ཚུལ་ཁྲིམས་ཀྱི་རྩ་བ་དཀའོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། རྒྱན་དང ་ཆ་ལུགས་ཀྱི་སྐྱོན་བསལ་བའི་ལེའུ་སྟེ་ལྔ་པའོ།། །། ད་ནི་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས། ཅི་ཡང་མ་གཡོས་པ་ལ་ནི་མང་པོ་བསམ་གྱིས་མི་ཁྱབ་པ། མང་པོ་བསམ་གྱིས་མི་ཁྱབ་ཙམ་ནི་གཅིག་གི་ངང་ལས ་ཀྱང་མ་གཡོས་ཏེ། སྲིད་པའི་ས་བོན་ངན་པ་དང་། སྦས་པ་ལས་མངོན་པར་འཆེལ་པ་དང་རྣམ་པར་རྟོག་པའི་གཉེན་པོ། མི་རྟོག་པའི་ཡེ་ཤེས་ཤར་ནས། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊ། ཅེས་ཚིག་ཏུ ་མ་བརྗོད་པའི་སྒྲས། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཀློང་དུ་རྒྱས་བཏབ་པར་སངས་རྒྱས་སོ།། སངས་རྒྱས་པའི་ངང་དེ་ལས་རྣམ་པར་རྟོག་པ་ལ་ཞེན་པ་མུན་པ་ལ་སྒྲོན་མེ་འདེགས་པའམ། བར ་སྣང་ལ་ཉི་མ་ཤར་བ་བཞིན་མི་གནས་པའི་ཡེ་ཤེས་ཆེན་པོར་བསྒྲལ་ནས། ཛྙཱ་ན་ཙཀྲ་ཛ་ལ་མཎྜལ་ཧཱུཾ། ཞེས་བརྗོད་པས་མང་པོ་འདུས་པའི་དུར་ཁྲོད་ལ། འཁོར་བ་དག་པའི་ཞིང་ངོ་།། འདོད་ཆགས་ཟབ་པའི་ཁྲག་གི ་རྒྱ་མཚོ་དང་། རྡོ་རྗེའི་རླུང་ནག་འཚུབས་མ་དང་། ཞེ་སྡང་ཀེང་རུས་ཀྱི་རི་རབ་སོགས་ཁ་གྱེན་དུ་འཁྱིལ་བའི་སྟེང་དུ། དུར་ཁྲོད་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། མིང་དང་མཁན་དུ་མ་བཏགས་པ། ཚད ་དཔག་ཏུ་མེད་པ་དག་གིས་རང་བྱུང་གི་ཡེ་ཤེས་ཤར་བའི་ཕྱིར་སྐམ་རློན་གཅལ་བའི་བརྩིགས་པ་ལ། གནམ་ལྕགས་ཀྱི་ཐོག་གིས་ཐལ་ཕྱུང་ནས། ཡེ་ཤེས་ཚངས་པའི་གདུང་ཀུན་ཏུ་འབྱམས་ཀླས་པ། གྲངས་མེད་པ ་གཞིས་གཡོགས་ཤིང་། ཞིང་གི་ཀ་ཕྱ་མ་དང་། དྲལ་དྲལ་དང་། བླ་རེ་དང་འཕན་གདུགས་ལ་སོགས་པས་བརྒྱན་པ་མེད་པའི་རྒྱན། མ་མཐོང་ཞིང་མི་དམིགས་པར་རིག་པ་ལ་བཀྲ་ཞིང་གསལ་བར་གྱུར ་ཏོ།། དེ་ལས་གཞལ་ཡས་ཁང་དེའི་ནང་མེད་པའི་ནང་དུ། འོད་མེད་པའི་འབར་བ་ཆེན་པོ། རྩིབས་མེད་པའི་འཁོར་ལོ་རྩིབས་བཞི་པས་བརྒྱན་ཅིང་། བར་ཁྱམས་དང་སྣམ་བུ་ལ་སོགས་པས་མཛེས་ཏེ། སྒོ་བཞི ་དང་། ཐོད་ཕྲེང་ལ་སོགས་པའི་མིང་དུ་མེད་ཅིང་བདག་ཉིད་རིག་པ་ཤར་བས་སངས་རྒྱས་སོ།། དེ་ལ་གཟུགས་མེད་པའི་སེམས་ཅན་ཁྱུ་མཆོག་མ་ཧེ་གཟིག་དང་སྟག་དོམ་ལ་སོགས་པ་དང་། དེ་ཝ་ལྷ་ཆེན་བསྣོལ་བའི ་གདན་དང་། ཞིང་རྐྱང་པ་དང་། ཙི་བེར་ནེན་ཏེག་དང་། རས་སྟན་འབར་མ་དང་། ཝ་ཡི་ཅང་ཙེ་ལ་སོགས་པ་མ་བཀོད་པའི་རྒྱན་དང་། མཛེས་པ་ཆེན་པོའི་ལྷུན་ལ་གཅིག་ཀྱང་མ་གྲུབ་པར་ཡོན་ཏན་གྱི་ཚོགས་བསམ ་ཡས་པ་སྣང་ངོ་།། དེ་ལྟར་སྣང་ཙམ་ན་ཆོས་ཉིད་སྐྱེ་བ་མེད་པའི་ཀློང་ལས་གང་ཡང་གཡོས་པ་མེད་དོ།། དེ་ལྟར་གཡོས་པ་མེད་ཙམ་ན། ང་རུ་རྟོག་པ་དང་། བདག་ཏུ་འཛིན་པ་དང་། སྲིད་པའི་ས་བོན་གྱིས་དེད་པ ་དང་། ལོག་པའི་ཕྱོགས་ལ་ཡིད་འཐད་པ། གདུག་རྩུབ་དང་། དུག་ལྔ་རང་ཐད་དུ་ཕྱིན་ཅི་ལོག་ཏུ་ཁྲིད་པ་རྣམས། བྱས་པའི་ངོ་བོ་ཅི་ཡང་མེད་པར། རས་བལ་རླུང་གིས་དེད་པའམ། སོག་ཕུང་ལ་མེ་མཆེད་པ་བཞིན།། ་འཛིན་རྟོག་གི་བློ་བཤིགས་ནས། སྣང་བ་ཆེན་པོ་རང་བྱུང་གི་མེ་སྦར་ཏེ། དགྱེས་པ་ཆེན་པོའི་ལྷུན་ལ་ནུབ་པའི་དུས་མེད་པའི་སྒྲ་ཧ་ཧ་དང་ཕཊ་ཕཊ་ཀྱི་སྒྲ་ཕྱོགས་བཅུར་ཡོངས་སུ་སུས་ཀྱང་མ་བསྒྲགས་པར་རང་གྲགས ་སོ།། དེ་ཡང་སེམས་ཅན་གྱི་སྤྱི་མཐུན་གྱི་ལས་ལས་མ་བྱུང་སྟེ། མཉམ་པ་ཆེན་པོའི་ཀློང་གི་ཡེ་ཤེས་ལ། རང་བྱུང་གི་ཡེ་ཤེས་མངོན་དུ་བྱུང་བའི་རོལ་པ་ཡིན་པར་ཟད་དེ། དེ་ནི་རྣམ་སྨིན་སུན་ཕྱུང་ནས། འཁོར་བ་རུ ་བཟློག་པའི་དཔའ་བརྟུལ་ལོ།། དེ་ཙ་ན་རྟོགས་པ་དོན་དང་ལྡན་པ་རྣམས་ནི། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་གཅིག་ཏུ་སངས་རྒྱས་དང་སེམས་ཅན་མེད་པར་གསང་བ་དགྱེས་པའི་རོ་གཅིག་ཏུ་བསྟར་རོ།། དེ་དག་ཕྱིན་ཅི། ་ལོག་ཏུ་འཛིན་པ་དངོས་པོ་ལ་འཆེལ་པ་རྣམས་ནི། སུས་ཀྱང་མ་བྱས་པར། ཤིན་ཏུ་མི་ཟད་པའི་མཚོན་ཆ་དང་། དྲག་པོའི་སྔགས་ཟོར་དང་། ཚོད་སོད་དང་། གཏོགས་ཤིག་པའི་སྒྲར་ཐོས་པ་དང་། མི་བཟད་པའི་ནད ་ཀྱིས་ཅུང་ཟད་ཅིག་གཟིར་ནས། གཅིག་ལ་གཅིག་ཉམ་ཐག་པར་མཐོང་ནས། གདུང་བའི་སྨྲེ་སྔགས་ཀྱིས་འབོད་དེ། བདག་ཅག་འབངས་སུ་བཞེས་པ་འདི་ལྟ་བུའི་ཆོ་འཕྲུལ་མ་སྟོན། དཔལ་ཆེན་པོ་ལགས་གང་ཙམ ་ན་བཞུགས་ཞེས་འབོད་དོ།། བརྒྱལ་བ་དང་། ཡང་ཤི་དང་། ཡང་སོས་ཅུང་ཟད་བྱེད་དོ།། སྔོན་གྱི་བག་ཆགས་དྲག་པོའི་འགྱོད་པ་ཡང་རྗེས་སུ་དྲན་ནོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། དྲག་འདུལ ་ཟླ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཆོས་ཉིད་མཉམ་པ་འདུས་མ་བྱས་པ་ལས་མ་གཡོས་པར། ཧཱ་ཧ་ཧེ་ཕཊ། བྷུ་རུ་ལུ་ཁའི་ཞེས་མ་བརྗོད་པའི་སྒྲས། ཡི་གེ་མེད་པའི་ཧཱ་ལྔ། ཚིག་མེད་པའི་སྐུ ་ཕྱག་རྒྱའི་དཀྱིལ་འཁོར་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བྱུང་བ་དང་། ཡི་གེ་མེད་པའི་ཧཱུཾ་ལྔ། མིང་མེད་པའི་ཧེ་རུ་ཀ་ལྔ། ཚིག་མེད་པའི་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གཅིག་ཀྱང་མ་གྲུབ་པར ་མང་པོ་བསམ་གྱིས་མི་ཁྱབ་པར་བྱུང་བ་དང་། ཡི་གེ་མེད་པའི་ཧཱུཾ་ལྔ། མིང་མེད་པའི་ཀྲོ་དྷི་ཤྭ་རཱི་ལྔ། ཚིག་མེད་པའི་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་དང་། ་ཡི་གེ་མེད་པའི་ཧ་བརྒྱད། མིང་མེད་པའི་ཀེའུ་རི་མ་བརྒྱད། ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་སྒོམ་པ་དང་། ཡི་གེ་མེད་པའི་ཧེ་བརྒྱད། མིང་མེད་པའི་ཕྲ་མེན ་མ་བརྒྱད། ཚིག་མེད་པའི་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་སྒོམ་པ་དང་། ཡི་གེ་མེད་པའི་ཕཊ་བཞི། མིང་མེད་པའི་སྒོ་མ་བཞི། ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ ་གཅིག་ཀྱང་མ་གྲུབ་པར་མང་པོ་བསམ་གྱིས་མི་ཁྱབ་པར་སྒོམ་པ་དང་། ཡི་གེ་མེད་པའི་བྷྱོ་ཉི་ཤུ་རྩ་བརྒྱད། མིང་མེད་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། ཚིག་མེད་པའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཀྱང་མ་གྲུབ་པར་མང ་པོ་བསམ་གྱིས་མི་ཁྱབ་པར་སྒོམ་པ་དང་། དྲག་ཤུལ་གྱིས་གཞན་སྦ་བཀོང་ཞིང་གདུལ་ཞིང་ཚར་གཅོད་པའི་བཟླས་པའི་སྔགས་སུས་ཀྱང་མ་བརྗོད་པ་འདི་དག་ཀྱང་གྲགས་སོ།། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤཱི། ་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་བཛྲ་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚཱན་ཧཱུཾ་ཕཊ། ཨོཾ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ད་མ་ཧཱུཾ་ཕཊ། ཨོཾ་ཧྲཱི་ཤྲུ་ཏ་ས་མ་ཏཱ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུཾ་ཕཊ། ཨོཾ་བཛྲ་གོ་རཱི་ཧ། བཛྲ་ཙཽ ་རཱི་ཧ། བཛྲ་པྲ་མོ་ཧེ་ཧ། བཛྲ་བེ་ཏཱ་ལཱི་ཧ། བཛྲ་པུཀྐ་སི་ཧ། བཛྲ་གྷསྨ་རཱི་ཧ། བཛྲ་སྨ་ཤ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། ཨོཾ་བཛྲ་སིདྷ་མུ་ཁཱི་ཧེ། བཛྲ་བྷ་གྷྲི་མུ་ཁཱི་ཧེ། བཛྲ་སྲྀ་གཱ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མ་ཁཱི་ཧེ། ་བཛྲ་ཀངྐ་མུ་ཁཱི་ཧེ། བཛྲ་ཀ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧེ། ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེང་ཛ། བཛྲ་ཨ་མུ་ཁེ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷ་སྨི་པ་ལ་ཡ་བ་ཏུ་ཧོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། སྔགས་དང་སྙིང་པོ་དེ་རྣམས་ཀྱིས། ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཤིན་ཏུ་བཀྲ་ཞིང་མི་སྣང་བར་གསལ་ལོ།། དེ་ཙམ་ན་ཆོས་ཉིད་མཉམ་པ་ལས་མ་གཡོས་ཤིང ་འཇིག་རྟེན་གྱི་ཁམས་ལྷའི་དཀྱིལ་འཁོར་གྱིས་མ་ཁེངས་པ་མེད་པ་ལ། དོན་མི་བྱེད་པ་མེད་ཅིང་། དོན་བྱ་བའི་རྒྱུ་ཡང་མེད་དོ།། དོན་བྱས་པའི་མཐུ་མ་རྟོགས་པ། སྨྲེ་སྔགས་འདོན་པ་རྣམས། ཆོས་ཉིད་ལ་རོ་ཉམས་སུ ་མྱང་དུ་བཅུག་ནས། བདེ་བ་ཆེན་པོའི་རྒྱན་དུ་བྱས། སྣང་སྲིད་ཆོས་ཀྱི་དབྱིངས་སུ་འདུས་པས། གཞལ་ཡས་ཁང་ལ་མ་བརྒྱན་དགུས་བརྒྱན་ནོ།། བརྡལ་བ་ཆེན་པོའི་ཡེ་ཤེས་ཤར་ནས། མ་བྱུང་དགུ་བྱུང་། མ་བཀག ་པའི་རོལ་པ་བྱུང་བས་མ་སྦྲུལ་དགུ་སྤྲུལ་ལོ།། བདག་ཉིད་ཆེན་པོར་སངས་རྒྱས་པས་གཅིག་ཀྱང་མཐར་མ་གྲུབ་བོ།། རོལ་པའི་ཆོ་འཕྲུལ་ཡིན་པས། སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཀྱང ་གསལ་ལོ།། ཡེ་ཤེས་ལ་ཡེ་ཤེས་གདུལ་མི་དགོས་པའི་ཚུལ་གྱིས་བཏུལ། རོལ་མི་དགོས་པའི་ཚུལ་གྱིས་སྤྱོད་ནས། སྣང་སྲིད་ཡེ་རྒྱ་ཆེན་པོས་བཏབ་བོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། གསུང ་ཡིག་འབྲུའི་ཆོ་འཕྲུལ་གྱིས། བདུད་བཏུལ་བའི་ལེའུ་སྟེ་བདུན་པའོ།། །། ད་ནི་ཡེ་ཤེས་རྒྱལ་པོའི་གཞལ་ཡས་ཁང་གི་རྟོགས་པ་བཤད་དེ། ཡི་གེ་ཧཱུཾ་འབར་རང་རྒྱུད་དུ་བསྒོམས་ན་གདུག་རྩུབ་ཀྱི་ཚོགས་སུ ་སྐྱེའོ།། དྲག་པོའི་སྔགས་ཟེར་རང་རྒྱུད་དུ་གོ་ན། བདུད་ཀྱི་སྤྱོད་པ་འབྱུང་ངོ་།། རྡོ་རྗེའི་རླུང་ནག་རང་རྒྱུད་དུ་གོ་ན། འཕོ་འཕྱུགས་ཀྱི་གནས་འཁྱིམ་མོ།། ཁྲག་གི་རྒྱ་མཚོ་རང་རྒྱུད་དུ་གོ་ན། དམྱལ་བའི་མཚོར ་སྐྱེའོ།། ཀེང་རུས་རི་ང་བ་རང་རྒྱུད་དུ་གོ་ན། སྲིན་པོའི་མཁར་བརྩིག་གོ། འབར་བའི་མེ་དཔུང་རང་རྒྱུད་དུ་གོ་ན། ལྔ་ཕུང་གི་ཡན་ལག་ཚིག་གོ། དུར་ཁྲོད་ཀྱི་གཞན་ཡས་རང་རྒྱུད་དུ་གོ་ན། སྲིན་པོ་འབར་བར ་སྐྱེའོ།། བནྡྷ་སྐམ་རློན་གྱི་བརྩིགས་པ་རང་རྒུད་དུ་གོ་ན། དབང་པོའི་སྒོ་ལྔའི་ཚོགས་འཆད་དོ།། གནམ་ལྕགས་ཀྱི་ཐོག་གཟེར་རང་རྒྱུད་དུ་གོ་ན། འཛིན་ཆགས་ཀྱི་བློ་རྟོག་མི་འཆད་དོ།། ཞིང་ཆེན་གྱི་ཀ་གདུང་རང་རྒྱུད ་དུ་གོ་ན། འཁོར་བའི་དཔྱིས་མི་ཕྱིན་ནོ།། མཆོག་ཆེན་གྱི་དྲལ་ཕྱམ་རང་རྒྱུད་དུ་གོ་ན། ངན་སོང་གི་གནས་མི་སྟོངས་སོ།། སྲད་གསལ་གྱི་ཞིང་གི་གཡང་གཞི་རང་རྒྱུད་དུ་གོ་ན། སེམས་ཅན་གྱི་གནས་མི་སྟོངས ་སོ།། ཚངས་པའི་གདུང་བཞི་རང་རྒྱུད་དུ་གོ་ན། འཕགས་པའི་གོ་འཕང་ནུབ་བོ།། འབར་བའི་འཁོར་ལོ་རང་རྒྱུད་དུ་གོ་ན། དམྱལ་བའི་འཁྲུལ་འཁོར་གྱི་གཞི་འདིངས་སོ།། ནང་དཀྱིལ་འཁོར་གྱི་བར་ཁྱམས་དང་། སྒོ ་བཞི་རང་རྒྱུད་དུ་གོ་ན། རྟག་པའི་སྐྱོན་དང་མི་འབྲལ་ལོ།། ཞིང་རྐྱང་པའི་གདན་རང་རྒྱུད་དུ་གོ་ན། ཡི་དྭགས་འདྲེ་རིགས་སུ་སྐྱེའོ།། རས་སྟན་དར་སྟན་རང་རྒྱུད་དུ་གོ་ན། འཇིག་རྟེན་པའི་རྟོག་པ་དང་མི་འབྲལ ་ལོ།། རྒྱུ་མཆོག་རང་རྒྱུད་དུ་གོ་ན། གཏི་མུག་གི་བློ་འཁྱིམ་མོ།། མ་ཧེ་རང་རྒྱུད་དུ་གོ་ན། ང་རྒྱལ་གྱི་བྲག་འཚེར་རོ།། གཟིག་རང་རྒྱུད་དུ་གོ་ན། འདོད་ཆགས་ཀྱི་མཚོ་བསྐྱིལ་ལོ།། སྟག་རང་རྒྱུད་དུ་གོ་ན། ་ཕྲག་དོག་གི་རླུང་ལྡང་ངོ་།། དོམ་རང་རྒྱུད་དུ་གོ་ན། ཞེ་སྡང་གི་མེ་འབར་རོ།། རཱ་ཏྲ་བསྣོལ་མ་རང་རྒྱུད་དུ་གོ་ན། གདུག་པའི་སྔགས་ཟེར་གྱིས་འཆིའོ།། འཁོར་བ་བསྒྲལ་བ་རང་རྒྱུད་དུ་གོ་ན། ཐེམ་སྐས་ཀྱི་སྒོ་འགག ་གོ། འོད་ཟེར་གྱི་འཕྲོ་འདུ་རང་རྒུད་དུ་གོ་ན། བདུད་ཀྱི་ཆོ་འཕྲུལ་འབྱུང་ངོ་།། སྒྲའི་ཆེམ་རྒྱང་རང་རྒྱུད་དུ་གོ་ན། སྲིད་པའི་བསྐལ་པ་གཡོ་བའི་སྒྲིབ་པ་འབྱུང་ངོ་།། ཆགས་པའི་གཞི་མེད་ཅིང་མ་ཆགས་པའི་གླེང་བརྗོད ་སྤོང་ངོ་།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། གཞལ་ཡས་ཁང་གི་རྟོག་པ་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །། ད་ནི་ཡེ་ཤེས་རྒྱལ་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་ཕྱག་རྒྱའི་རྟོག་པ་བཤད་དེ། ་ཁྲོ་བོའི་དཀྱིལ་འཁོར་གྱི་སྐུ་ཞལ་གསུམ་ཕྱག་དྲུག་པ་རང་རྒྱུད་དུ་བསྒོམས་ན། ལས་ཀྱི་སྲིན་པོར་སྐྱེའོ།། གསུང་ང་རོའི་ཡི་གེ་འབྲུ་བརྒྱད་རང་རྒྱུད་དུ་བསྒོམས་ན། གསང་སྔགས་ཀྱི་སྒོ་འཚལ་ལོ།། ཐུགས་ཡེ་ཤེས ་སེམས་དཔའ་རང་རྒྱུད་དུ་བསྒོམས་ན། རྣམ་པར་རྟོག་པའི་སྡོང་སྐོགས་སུ་འབྱུང་ངོ་།། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་སྤྱན་རང་རྒྱུད་དུ་བསྒོམས་ན། རྣམ་པར་ཐར་པའི་སྒོ་འགག་གོ། སྙན་རང་རྒྱུད་དུ་བསྒོམས་ན། སྤང ་ལེན་གྱི་སྒྲ་འབྱུང་ངོ་།། ཤངས་རང་རྒྱུད་དུ་བསྒོམས་ན། རྒྱུ་འབྲས་སོ་སོའི་དྲིར་འཁྱམས་སོ།། ཞལ་རང་རྒྱུད་དུ་བསྒོམས་ན། སེམས་ཅན་གྱི་ལྷུང་སར་འགྱུར་རོ།། མཆེ་བ་རང་རྒྱུད་དུ་བསྒོམས་ན། ཟ་བྱེད་ཀྱི་བདུད ་ཕོཔོར་འགྱུར་རོ།། ཕྱག་རང་རྒྱུད་དུ་བསྒོམས་ན། དངོས་པོ་ཐེར་ཟུག་གིས་གང་ངོ་།། ཞབས་བཞི་རང་རྒྱུད་དུ་བསྒོམས་ན། ཕྱིན་ཅི་ལོག་བཞིའི་གནས་འཁྱམས་སོ།། ཁྲོ་བོ་དང་ཁྲོ་མོའི་ཕྱག་མཚན་ལ། རྡོ་རྗེ་འབར་བ ་བརྩེ་དགུ་རང་རྒྱུད་དུ་བསྒོམས་ན། ཁམས་གསུམ་ས་དགུར་ལྟུང་ངོ་།། ཁ་ཊྭཱཾ་རང་རྒྱུད་དུ་བསྒོམས་ན། བདུད་ཀྱི་ལག་ཆར་འབར་རོ།། རྡེའུ་ཆུང་རང་རྒྱུད་དུ་བསྒོམས་ན། སྒྱུ་མའི་རྫས་སུ་འགྱུར་རོ།། དྲིལ་བུ་རང་རྒྱུད ་དུ་བསྒོམས་ན། མི་རྟག་པའི་རྫས་སུ་འགྱུར་རོ།། དུང་དམར་རང་རྒྱུད་དུ་བསྒོམས་ན། འབྱུང་པོ་ཁྲག་འཐུང་དུ་སྐྱེའོ།། རྒྱུ་ཞགས་རང་རྒྱུད་དུ་བསྒོམས་ན། སྡིག་པའི་རྒྱུན་མི་འཆད་དོ།། འཁོར་ལོ་རང་རྒྱུད་དུ་བསྒོམས ་ན། སྲིད་པའི་འཁོར་ལོར་འཁྱམས་སོ།། རིན་པོ་ཆེ་རང་རྒྱུད་དུ་བསྒོམས་ན། ཡོན་ཏན་གྱི་ཚོགས་དང་འབྲལ་ལོ།། པདྨ་རང་རྒྱུད་དུ་བསྒོམས་ན། འཛིན་ཆགས་ཀྱི་སྒྲོན་འབྱུང་ངོ་།། རྡོ་རྗེ་རྒྱ་གྲམ་རང་ཆུད་དུ་བསྒོམས ་ན། ལས་ཀྱི་དབང་བཙན་དུ་སྐྱེའོ།། སྟོང་གི་འཇིག་རྟེན་ཁོར་ཡུག་རང་རྒྱུད་དུ་བསྒོམས་ན། རྟག་པའི་བྲག་བརྩིག་གོ། རལ་གྲི་རང་རྒྱུད་དུ་བསྒོམས་ན། མཚོན་གྱི་བསྐལ་པ་འབྱུང་ངོ་།། དགྲ་སྟ་རང་རྒྱུད་དུ་བསྒོམས ་ན། སྲོག་གི་བདུད་དུ་འབབ་བོ།། གཤོལ་རང་རྒྱུད་དུ་བསྒོམས་ན། ལྕེ་ལ་མེ་འབར་བར་འགྱུར་རོ།། ཞིང་དབྱུག་རང་རྒྱུད་དུ་བསྒོམས་ན། འཁོར་བའི་གཡང་སར་ལྷུང་ངོ་།། མདའ་གཞུ་རང་རྒྱུད་དུ ་བསྒོམས་ན། བདེ་བ་ཆེན་པོའི་ཐུགས་དམ་མི་སྐྱེའོ།། ཆུ་སྲིན་རྒྱལ་མཚན་རང་རྒྱུད་དུ་བསྒོམས་ན། རྒྱལ་བའི་ཡེ་ཤེས་མི་ཐོབ། བྱིས་པ་ཟ་བ་རང་རྒྱུད་དུ་བསྒོམས་ན། ས་བདག་བྱིས་ཅན་དུ་སྐྱེའོ།། རྒྱུ་མ་འདྲེན་པ་རང ་རྒྱུད་དུ་བསྒོམས་ན། ས་བདག་ནག་པོ་རྒྱུ་འདྲེན་དུ་སྐྱེའོ།། ཁྲག་འཐུང་བ་རང་རྒྱུད་དུ་བསྒོམས་ན། འབྱུང་མོ་ཁྲག་འཐུང་མོར་སྐྱེའོ།། སྙིང་ཟ་བ་རང་རྒྱུད་དུ་བསྒོམས་ན། གནོད་སྦྱིན་མ་རུ་ཙེར་སྐྱེའོ།། མགོ་ལུས་འབྲེལ ་བ་རང་རྒྱུད་དུ་བསྒོམས་ན། དུར་ཁྲོད་ཀྱི་འདྲེ་མོར་སྐྱེའོ།། ཞིང་སྟོད་སྨད་བསྣོལ་ནས་དཀྲུགས་ཤིང་ཟ་བ་རང་རྒྱུད་དུ་བསྒོམས་ན། ནེའུ་ལེ་ཤ་ཟན་དུ་སྐྱེ།། ཞིང་གི་ནང་ཁྲོལ་འདྲེན་པ་རང་རྒྱུད་དུ་བསྒོམས་ན། ནག་པོ ་རྒྱུ་ཟན་མར་སྐྱེ། ཞིང་ཕྲག་པ་ལ་བཀལ་བ་རང་རྒྱུད་དུ་བསྒོམས་ན། མུ་སྟེགས་རོ་ཀུན་ཏུ་སྐྱེ། ཞིང་འདྲད་པ་རང་རྒྱུད་དུ་བསྒོམས་ན། དྲེགས་པ་ཤ་ཟན་དུ་སྐྱེ། གྲེ་ཐོགས་པ་རང་རྒྱུད་དུ་བསྒོམས་ན། ལུས་ཀྱི་འཇིགས ་པ་ཆེ། ཏི་ར་སྤྲི་ནས་འཇོམས་པ་རང་རྒྱུད་དུ་བསྒོམས་ན། རྣམ་སྨིན་འཆལ་བར་སྐྱེ། ལྕགས་ཀྱུ་རང་རྒྱུད་དུ་བསྒོམས་ན། ཕུང་པོ་ལྔ་པོ་འཛིན་པའི་རྒྱ་ལས་མི་ཐར། ཞགས་པ་རང་རྒྱུད་དུ་བསྒོམས་ན། མགོ་ལུས་དམ ་པར་འཆིང་། ལྕགས་སྒྲོག་རང་རྒྱུད་དུ་བསྒོམས་ན། ལྔ་ཕུང་ཡན་ལག་བསྡམ། དྲིལ་བུ་རང་རྒྱུད་དུ་བསྒོམས་ན། ཚེ་སྲོག་གཞན་དུ་སྤོར། དབང་ཕྱུག་མའི་ཕྱག་མཚན་རང་རྒྱུད་དུ་བསྒོམས་ན། སྲིན་པོ་རུ་ཏྲའི་ཚོགས ་བསྐྱེད་དོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། སྐུ་ཕྱག་རྒྱའི་རྟོག་པ་བཤད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡེ་ཤེས་རྒྱལ་པོ་དེས་དབུ་དང་རྒྱན་ཆས་ཀྱི་རྟོག་པ་བཤད་དེ། དབུ་སྐྲ་རལ་པ་ཁམ ་ནག་གྱེན་དུ་འཁྱིལ་བ་རང་རྒྱུད་དུ་བསྒོམས་ན། མྱ་ངན་གྱི་ཟུག་རྔུ་སྐྱེའོ།། ཐོད་སྐམ་གྱི་དབུ་རྒྱན་རང་རྒྱུད་དུ་བསྒོམས་ན། སྡུག་བསྔལ་གྱི་གཞི་སོག་གོ། སེང་གེའི་མགོ་ཅན་རང་རྒྱུད་དུ་བསྒོམས་ན། ལྔ་ཕུང་ཟིལ་གྱིས ་གནོན་པའི་བྱོལ་སོང་སེང་གེར་སྐྱེའོ།། སྟག་མགོ་རང་རྒྱུད་དུ་བསྒོམས་ན། ཡུལ་རོང་གི་སྟག་ཏུ་སྐྱེའོ།། ཝ་མགོ་རང་རྒྱུད་དུ་བསྒོམས་ན། ཡུལ་གྱི་མཚལ་ཁུང་གི་ཝ་མོར་སྐྱེའོ།། སྤྱང་ཀིའི་མགོ་ཅན་རང་རྒྱུད་དུ་བསྒོམས ་ན། ནགས་ཀྱི་སྤྱང་ཀིར་སྐྱེའོ།། བྱ་རྒོད་མགོ་ཅན་རང་རྒྱུད་དུ་བསྒོམས་ན། རྒྱུ་མ་སྐྱེགས་ཀྱིས་འགོང་ངོ་།། ཀང་ཀའི་མགོ་རང་རྒྱུད་དུ་བསྒོམས་ན། དུར་ཁྲོད་བྱ་རུ་སྐྱེའོ།། བྱ་རོག་མགོ་རང་རྒྱུད་དུ་བསྒོམས་ན། བཀྲེས ་སྐོམ་གྱི་གནས་སུ་འཁྱམས་སོ།། འུག་མགོ་རང་རྒྱུད་དུ་བསྒོམས་ན། ཤེས་པ་ཉིན་མཚན་དུ་འཁྲུལ་ལོ།། རྟ་མགོ་རང་རྒྱུད་དུ་བསྒོམས་ན། མིའམ་ཅིའི་གླིང་དུ་སྐྱེའོ།། ཕག་མགོ་རང་རྒྱུད་དུ་བསྒོམས་ན། སྲི་ཅན ་དུ་སྤྲུགས་སོ།། དྲེད་མགོ་རང་རྒྱུད་དུ་བསྒོམས་ན། ཚ་བའི་དྲེད་མོར་སྐྱེའོ།། སྦྲང་མགོ་རང་རྒྱུད་དུ་བསྒོམས་ན། ག་ལགས་ཅ། དབང་ཕྱུག་མའི་མགོ་རང་རྒྱུད་དུ་བསྒོམས་ན། བྱོལ་སོང་སོ་སོ་རང་རང་གི ་གཟུགས་སུ་སྐྱེའོ།། ཁྲོ་བོ་ཁྲོ་མོའི་སྐུའི་རྒྱན་ཆ་རང་རྒྱུད་དུ་བསྒོམས་ན། སྡུག་བསྔལ་གྱི་དབང་བཙན་དུ་སྐྱེའོ།། སྟག་གི་ཤམ་ཐབས་རང་རྒྱུད་དུ་བསྒོམས་ན། ཕྲག་དོག་གི་རླུང་འཚུབས། སྦྲུལ་ནག་གི་ཆུན་པོ་རང་རྒྱུད ་དུ་བསྒོམས་ན། ཞེ་སྡང་གི་མེ་འབར། གླང་ཆེན་གྱི་ཀོ་རློན་རང་རྒྱུད་དུ་བསྒོམས་ན། གཏི་མུག་གི་ཤིང་སྲུང་། ཞིང་ཆེན་གྱི་གཡང་གཞི་རང་རྒྱུད་དུ་བསྒོམས་ན། དུར་ཁྲོད་ཀྱི་བདག་པོར་སྐྱེ། ཞག་གི་ཚོམ་བུ་རང་རྒྱུད་དུ ་བསྒོམས་ན། ལོག་འདྲེན་གྱི་ཁ་ཟས་སུ་འགྱུར།། ཁྲག་གི་ཐིག་ལེ་རང་རྒུད་དུ་བསྒོམས་ན། མ་མོའི་རྔན་ཟས་སུ་འགྱུར། ཐལ་ཆེན་གྱི་མཚན་མ་རང་རྒུད་དུ་བསྒོམས་ན། སྲིན་པོ་ཐལ་བ་ཡོད་པར་སྐྱེ། བསྐལ་པའི་མེ ་ང་རྒྱུད་དུ་བསྒོམས་ན། འབྲས་བུ་མེས་ཚིག། བྷཾ་ཀུ་ཊི་གཉེར་མ་རང་རྒྱུད་དུ་བསྒོམས་ན། གནས་ཀྱི་དྲེགས་པར་འགྲོ། རྡོ་རྗེའི་གཤོག་པ་རང་རྒྱུད་དུ་བསྒོམས་ན། ལྟུང་བའི་གཡང་ས་ཆེ། ཐོད་ཕྲེང་རང་རྒྱུད་དུ ་བསྒོམས་ན། སྐུ་གསུམ་གྱི་སྒོ་འགགས། ཐོད་སྐམ་རང་རྒྱུད་དུ་བསྒོམས་ན། ཆོས་སྐུ་དངོས་པོར་གོལ། ཐོད་པ་ར་རི་རང་རྒྱུད་དུ་བསྒོམས་ན། ལོངས་སྤྱོད་རྫོགས་པའི་སྐུ་དངོས་པོར་གོལ། ཐོད་པ་རློན་པ་རང་རྒྱུད་དུ ་བསྒོམས་ན། སྤྲུལ་པའི་སྐུ་རང་རྒྱུད་དུ་གོལ། སྐུ་མདོག་རང་རྒྱུད་དུ་བསྒོམས་ན། ཁ་དོག་ལྔའི་སྒྲིབ་པ་ཆེ། མཐིང་ནག་རང་རྒྱུད་དུ་བསྒོམས་ན། ཞེ་སྡང་རང་ག་མ། སྨུག་ནག་རང་རྒྱུད་དུ་བསྒོམས་ན། གཏི་མུག ་རང་ག་མ། སེར་ནག་རང་རྒྱུད་དུ་བསྒོམས་ན། ང་རྒྱལ་རང་ག་མ། དམར་ནག་རང་རྒྱུད་དུ་བསྒོམས་ན། འདོད་ཆགས་རང་ག་མ།། ལྗང་ནག་རང་རྒྱུད་དུ་བསྒོམས་ན། ཕྲག་དོག་རང་ག་མ། སྔོན་མོ་རང་རྒྱུད་དུ ་བསྒོམས་ན། ནམ་མཁལ་མཐའ་ལ་ཆགས་མི་བསླད། སེར་མོ་རང་རྒྱུད་དུ་བསྒོམས་ན། དངོས་པོ་གསེར་སྡོང་དུ་འགྱུར། དམར་མོ་རང་རྒྱུད་དུ་བསྒོམས་ན། ཉི་མའི་དམར་ཐག་ཆད། ནག་མོ་རང་རྒྱུད་དུ་བསྒོམས་ན། ་གླིང་བར་གྱི་མུན་པར་འཁྱམས།། དམར་སེར་རང་རྒྱུད་དུ་བསྒོམས་ན། ཉི་མའི་འོད་ཟེར་དུ་འཕྲོས། ལྗང་གུ་རང་རྒྱུད་དུ་བསྒོམས་ན། ལོ་འདབ་ཀྱི་རྫས་ལ་ཆགས། སེར་སྐྱ་རང་རྒྱུད་དུ་བསྒོམས་ན། ནམ་ཟླའི་ཚོད་ལ ་ལྷུལྟུང་། གྲོ་མོ་རང་རྒྱུད་དུ་བསྒོམས་ན། ལས་དང་སྡིག་པར་གོལ། སྣར་མོ་རང་རྒྱུད་དུ་བསྒོམས་ན། ཕུང་པོ་ཤའི་རྡོས་ཆེའོ།། དབང་ཕྱུག་མའི་སྐུ་མདོག་རང་རྒྱུད་དུ་བསྒོམས་ན། སོ་སོ་རང་རང་གི་ཁ་དོག་དངོས་པོ ་རྡོས་པ་ཅན་དུ་སྐྱེའོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། ཁྲོ་བོའི་རྒྱན་ཆས་ཀྱི་རྟོགས་པ་བཤད་པའི་ལེའུ་སྟེ་བཅུ་པའོ།། །། ད་ནི་ཡེ་ཤེས་རྒྱལ་པོ་དེས་ཏ་ན་ག་ཎའི་རྟོག་པ་བཤད་དེ། སྦྱོར་བ་རང ་རྒྱུད་དུ་བསྒོམས་ན། མངལ་གྱི་སྲིན་པར་སྐྱེའོ།། སྒྲོལ་བ་རང་རྒྱུད་དུ་བསྒོམས་ན། ལས་ཀྱི་སྲིན་བུར་སྐྱེའོ།། ཡུམ་རང་རྒྱུརྒུད་དུ་བསྒོམས་ན། ཆོས་ཉིད་ཀྱི་རོ་མི་མྱོང་། པདྨ་རང་རྒྱུད་དུ་བསྒོམས་ན། བྷ་ག ་འདུས་པ་དང་འགལ་ལོ།། གསང་བའི་རྡོ་རྗེ་རང་རྒྱུད་དུ་བསྒོམས་ན། རིགས་པ་དབྱེས་རིང་དུ་སྐྱེའོ།། འཇམ་དཔལ་རང་རྒྱུད་དུ་བསྒོམས་ན། ཚ་བའི་ནད་མི་འཆད་དོ།། ཙིཏྟ་ལེན་པ་རང་རྒྱུད་དུ་བསྒོམས་ན། སྲོག་གི ་ལན་ཆགས་འོང་ངོ་།། ཕུང་པོ་རང་རྒྱུད་དུ་བསྒོམས་ན། ངན་སོང་གསུམ་གྱི་གཞི་སོག་གོ། བྱང་ཆུབ་སེམས་དཀར་དམར་རྣམ་གཉིས་རང་རྒྱུད་དུ་བསྒོམས་ན། སེམས་ཅན་གྱི་གཟུགས་སུ་སྨིན་ནོ།། རྒྱུད་ཀྱི་རྒྱལ་པོ ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། ཏ་ན་ག་ཎའི་རྟོག་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་སྐད་ཅེས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས། ཅི་ཡང་མ་གསུངས་པར་བཀའ་སྩལ་པས། རྡོ་རྗེ་སེམས་དཔའ་ལ ་སོགས་པ་རིགས་ལྔ་ཡབ་ཡུམ་དང་། ཞི་ཁྲོའི་ལྷ་བརྒྱ་རྩ་བརྒྱད་ཀྱི་འཁོར་གྱིས། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ཀྱི་དོན་རྟོགས་སོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། འབྲས་བུ་ངེས་པར ་བཀོད་པ་རྫོགས་སོ།། སྠི།། ཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཤེས་པའི་དུས་གཅིག་ན།། ་