| Wylie | e-texts produced with BDRC’s OCR application |
རྫོགས་སོ།། །། @#།། བོད་སྐད་དུ། དབང་གི་རྒྱལ་པོ་དབང་སྐུར་རྒྱལ་པོའི་རྒྱུད། སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བསྐུར་ནས་ཤེས་པའི་དུས་གཅིག་ན། བཅོམ་ལྡན ་འདས་ཡིད་ཀུན་ཏུ་བཟང་པོ་ཆགས་པའི་དབང་དཀྱིལ་འཁོར་རིན་པོ་ཆེ་གནས་པའི་ངང་གནས་ན། ཉིད་ཀྱི་ཆེ་བའི་རྒྱན་ཆེན་པོ་ལས། འོད་ཟེར་ཕྲེང་བའི་སྒྲ་འདི་དག་ཕྱུང་ངོ་།། སྥ་ར་ཎ་ཕཊ། ཅེས་བྱ་བ་བརྗོད་པས། ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མཐའ་མེད་པའི་དབྱིངས་ནས། ཆོས་ཉིད་མ་སྐྱེས་པའི་ཀློང་ཕྱོགས་བཅུར་བརྡལ་ཏེ། མ་སྐྱེས་པ་དང་མ་འགགས་པ་དང་། རང་བཞིན་མེད་པ་འདུས་མ་བྱས་པར་བྱིན་གྱིས ་བརླབས་ཏེ། སངས་རྒྱས་ཀྱི་སྐུ་དངོས་པོར་མི་སྣང་བའི་བྱིན་རླབས་མང་པོས་དོན་གྱི་བྱ་བ་རེ་རེ་བྱས་ཏེ། བསྐུལ་བའི་ས་ལ་གཞེས་པའི་སངས་རྒྱས་རྣམས་ཀྱིས་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་དབང ་བསྐུར། སྐྱེ་བས་ཐོགས་པའི་གང་ཟག་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། ཆོས་ཀྱི་རྒྱལ་མཚན་དུ་དབང་བསྐུར།། བདེ་བ་ཆེན་པོའི་ལོངས་སྤྱོད་ལ་མངའ་རབ་ཏུ་མཛད་ནས་ཡོངས་སུ་ཁྱབ་པ་ཆེན་པོའི་ཡེ ་ཤེས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡུམ་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ་རྣམ་པར་དག་པའི་རྟགས། དཔག་ཅིང་གཞལ་བ་ལས་འདས ་པའི་གཞལ་ཡས་ཁང་། རྩེ་མོའི་དབྱིབས་བདག་ལས་མ་སྤགས་ཤིང་། གཞན་ལས་མི་མཐོང་བའི་མཐོ་བ་ཅན། རྒྱ་ཁྱོན་ཕྱོགས་བཅུར་བརྡལ་བར་ཡོངས་ལ་ཁྱབ་པ། ཕྱི་ནང་མ་གྲུབ་པའི་རིག་པ་ཕྱི་ནང་མེད་པར ་ཕྱོགས་རིས་སུ་རྒྱུན་མ་ཆད་པས་བརྡལ་བ་ཆེན་པོ།། བྱིན་རླབས་ལྷའི་རྒྱན་དང་གཞལ་ཡས་སྤྲུལ་པའི་རྒྱན་དང་། རྟོགས་པ་ཡེ་ཤེས་ཀྱི་རྒྱན་གྱིས་ཡོངས་སུ་མ་བརྒྱན་ཅིང་བརྒྱན་པར་གྱུར་ཏོ།། དེའི་ཆེ་བའི་ཡོན་ཏན ་ཀྱང་གྲངས་བགྲང་དུ་མེད་པའི་བཅུད་གཅིག་ཏུ་གྱུར་ཏོ།། དེ་ཉིད་མ་སྐྱེས་པའི་རང་བཞིན་ཡིན་པས་ཚིག་ཏུ་མ་བརྗོད་པར་གྲགས། དགོངས་པས་མ་བསྐྱེད་པར་གསལ་བས་རང་རྒྱུད་དུ་གནས་སོ།། དེ་ནས་ཉིད་ཀྱི་ཚེ ་བའི་ངང་ནས། སྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་བྱུང་སྟེ། གཉིས་སུ་མི་སྣང་བའི་ཡབ་ཡུམ་གཉིས། ཟླ་གམ་སྤྲོས་པ་མེད་པ་དབང་གི་དཀྱིལ་འཁོར་ན། མ་ཆགས་པའི་དགྱེས་པ་བཞིན་མདངས་ཀྱིས། གཟིགས་པ་མི ་མངའ་བར་གཟིགས་ཏེ། ཡབ་ཀྱིས་ཡུམ་ལ་འདི་སྐད་ཅེས་བསྐུལ་ལོ།། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ནི། རྡོ་རྗེ་གསང་བ་བྱང་ཆུབ་སེམས།། སྐུ་དང་གསུང་དང་ཐུགས་ཡོན་གྱི།། ཕྲིན་ལས་རྫོགས་པ་བླ་ན ་མེད།། འཕགས་པ་རྣམས་ཀྱི་རྟོགས་བྱ་བ།། ང་ཡི་བྱང་ཆུབ་སེམས་ལ་གནས།། སངས་རྒྱས་སྤྲུལ་པ་བསམ་ཡས་པ།། བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཏེ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། ཐམས་ཅད ་སངས་རྒྱས་པ་ཡིས་བྱས།། རིགས་ནས་རིགས་ཀྱི་ཐར་པ་སྟེ།། ཐམས་ཅད་འདི་ལ་ངེས་པར་བཀུར།། ཡི་གེ་མེད་པའི་ཚིག་འདི་ལ།། སངས་རྒྱས་དངོས་བྲལ་བྱང་ཆུབ་སེམས།། ཆོ་འཕྲུལ་འབྱུང་བའི་ཡུམ་ཉིད ་ལ།། བདེ་བར་རོལ་པས་རྒྱན་བཏགས་ནས།། སྣོད་བཅུད་མ་ལུས་དབང་བསྐུར་རོ།། ཧོ་དེ་ནས་ཡུམ་གྱིས་ཡབ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ངོ་མཚར་རབ་འབྱམས་ཀྱི།། སངས་རྒྱས་མཛད་པ་ཁྱད་པར ་ཆེ།། སངས་རྒྱས་སྐུ་ཡི་སྐུ་སྤྲུལ་པ།། སངས་རྒྱས་འདྲེན་པ་ཡ་མཚན་ཆེ།། མེད་ལས་བྱུང་བའི་ཆོ་འཕྲུལ་དང་།། རོལ་པའི་ཕྲིན་ལས་རྫོགས་མཛད་པ།། དབང་བསྐུར་བཀའ་རྟགས་བསྟན་པའི་ཕྱིར།། དགྱེས་མཛད་རྡོ ་རྗེ་གསོར་ནས་ཀྱང་།། མ་ལུས་ཡོངས་ཀྱི་རེ་བ་བསྐང་།། བྱང་ཆུབ་སེམས་ཀྱི་ཆར་ཆེན་ཕོབ།། ཧོཿཞེས་གླེང་བ་དང་། ཡབ་ཡུམ་གྱི་སྐུ་འབྲེལ་བ་མེད་པ་ཞལ་ནས་ཞལ། ཐུགས་ནས་ཐུགས། མཚན་ནས་མཚན། མ ་འབྲེལ་བར་འབྲེལ། ཆགས་པའི་ཡིད་མ་གཡོས་པ་གཡོས་པར་གྱུར་ཏེ། དགྱེས་པ་ཆེན་པོའི་ངང་ལ་བཞུགས་པས། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་མེད་པར་སངས་རྒྱས། རང་བཞིན་མེད་པར་ལྷུན་གྱིས ་རྫོགས།། བྱ་བཙལ་མེད་པར་མཐར་ཕྱིན།། བསྐྱེད་རྫོགས་མེད་པར་སྐུ་རྫོགས་ཏེ།། ཡུན་ཅུང་ཟད་ཙམ་ཡང་མ་ལོན་པར་དགྱེས་པའི་རོལ་ཐབས་རྒྱས་པར་གྱུར་ཏོ།། དེ་ནས་གཉིས་སུ་མེད་པའི་ཁྱད་པར་ལས། མ ་བསྐྱེད་པ་རང་བཞིན་རྫོགས་པའི་ཚུལ་གྱིས། རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྐུ་ཐོབ་པར་གྱུར་ཏེ། ཆེ་ཆུང་མེད་པའི་རིམ་པ། རྣམ་གྲངས་མེད་པའི་གནས། བརྗོད་དུ་མེད་པའི ་སྒྲས། རྟག་པ་ཆོས་ཉིད། ཆད་པ་ལ་སྐུ་མདོག། ཡོད་པ་ལ་མི་དམིགས་པ། མེད་པ་ལ་སྐུ་གསུང་ཐུགས། རང་རྒྱུད་དུ་ཤར་ཞིང་དཔག་པ་ལས་འདས་པར་བསྟན་ཏོ།། དེ་ནས་དེ་ལྟར་བསྟན་པའི་བྱིན་གྱིས་རླབས་ཀྱིས།། ་སེམས་དྲན་པའི་ཤེས་པ་ཐམས་ཅད་ནི། ཀུན་ཏུ་བཟང་པོ་རང་གནས་ཀྱི་རྒྱལ་པོར་དབང་ཐོབ། དབང་པོ་ཡུལ་གྱི་ཤེས་པ་ཐམས་ཅད་ནི་ཀུན་ཏུ་བཟང་མོ་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་ཁྱབ་པ་ཆེན་པོ་སྤྱི་ལ ་ཡོངས་སུ་མ་གྲུབ་པའི་མན་ངག་བརྡལ་བས། སྒོམ་པའི་དགོངས་པ་རང་རྒྱུད་དུ་ཤར། བསྐྱེད་མི་དགོས་པར་རང་ཆས་སུ་རྫོགས་ཏེ། ཤེས་རབ་ཕ་རོལ་ཕྱིན་པར་དབང་ཐོབ། དེའི་རྫས་མེད་པའི་ཡོན་ཏན་གྱིས།། ་ཆགས་སྡང་ཐམས་ཅད་ཤེས་རབ་ཏུ་དབང་ཐོབ། དུག་ལྔ་སངས་རྒྱས་ལྔར་ལྷུན་གྱིས་གྲུབ་སྟེ། ཡེ་ཤེས་ལྔའི་ངོ་བོར་དབང་ཐོབ། དུག་གསུམ་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པའི་དབང་ཐོབ། མ་སྐྱེས་མི་འགག ་པའི་ཀློང་ན་ཉལ། བསྐྱེད་པ་ཇི་བཞིན་པའི་དབྱིངས་ལ་མནལ་ཏེ། དབང་གི་རྒྱལ་པོ་བསྐུར་མི་དགོས་པར་རང་རྒྱུད་དུ་ཤར་ཏེ། ཕྱི་ནང་གི་ཆོས་ལ་སེམས་ཀྱི་དབང་མ་ཐོབ་པ་འགའ་ཙམ་ཡང་མེད་དེ། ་ཡེ་འབྱམས་ཀྱི་དབང་ལ་ཕྱོགས་མེད་དེ། སྤྱི་འབྱམས་ཀྱི་དབང་ལ་རིས་མེད། དེ་ལྟ་བུའི་ཚིག་སུས་ཟོས་ཤིང་བློ་ལ་སྣང་བ། སངས་རྒྱས་ཀྱི་རྗེ་བཙན་ཡིན་པས། དབང་མི་དགོས་པའི་ཚུལ་ནི། དབང་ཐམས་ཅད་དེ་ལ ་རྫོགས་ཏེ། ཐབས་ཀྱི་རྒྱལ་པོ་དབང་གི་མེས་ཞེས་བྱ་སྟེ། གང་ལྟར་བྱས་ཀྱང་དབང་གི་རྒྱལ་པོ་དཀྱིལ་འཁོར་ལས་མ་གཏོགས་པ་གཞན་གང་ཡང་མེད། མཐོང་ན་མཐོང་དུ་ཟད་དེ་དབང་པོའི་རིག་པ་རྒྱན་བཀྲ་བའི ་རིག་པའི་དབང་ཐོབ། མ་མཐོང་ན་མ་མཐོང་དུ་ཟད་དེ། ཐབས་ཀྱི་རྒྱལ་པོ་ཟིན་ཆགས་དང་བྲལ་བའི་དཀྱིལ་འཁོར་གྱི་དབང་ཐོབ།། རྣ་བས་ཐོས་ན་ཐོས་སུ་ཟད་དེ། དབྱངས་སྙན་དགྱེས་པའི་གླུའི་དབང་ཐོབ།། ་མ་ཐོས་ན་མ་ཐོས་སུ་ཟད་དེ། སྒྲ་སྐད་དང་བརྟགས་པ་དང་བྲལ་བ་ཡེ་ཤེས་ཀྱི་དབང་ཐོབ། སྣས་དྲི་ཚོར་ན་ཚོར་དུ་ཟད་དེ། དབང་པོ་ཚིམས་བྱེད་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་དབང་ཐོབ། མ་ཚོར་ན་མ་ཚོར་དུ ་ཟད་དེ། བྱུང་ཚོར་གྱི་སྒོ་འགགས་པས། འཁོར་བ་ཐབས་ཀྱི་དབང་ཐོབ། ལྕེས་རོ་མྱངས་ན་མྱངས་སུ་ཟད་དེ། ཆོས་ཉིད་ཀྱི་རོ་མྱངས་པས་ནི་སྟོང་། ཡེ་ཤེས་ཀྱི་རོ་མྱངས་པས་ནི་རྟོགས། ཐབས་ཀྱི་རོ་མྱངས་པས་ནི ་རེག། ཤེས་རབ་ཀྱི་རོ་མྱངས་པས་ཤེས་པས། འདུ་འབྲལ་མེད་པའི་རོ་མྱོང་བའི་དཀྱིལ་འཁོར་གྱི་དབང་ཐོབ། མ་མྱངས་ན་མ་མྱངས་སུ་ཟད་དེ། ཆོས་ཉིད་ལ་རྫས་སུ་མི་སྤྱད། སངས་རྒྱས་ལ་གཟུགས་སུ་མི ་བསྟན། ཐིག་ལེ་རྫོགས་པ་མེད་པའི་དཀྱིལ་འཁོར་གྱི་དབང་ཐོབ། ལུས་ཀྱི་རེག་ན་རེག་ཏུ་ཟད་དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྡོ་རྗེ་པདྨར་རེག་པས། ཡབ་ཡུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་གྱི ་དབང་ཐོབ། མ་རེག་ན་མ་རེག་པར་ཟད་དེ། དངོས་པོ་མེད་ན་ཆོས་ཉིད། འཛིན་ཆགས་མེད་ན་ཡེ་ཤེས། ཡོད་མེད་འདས་ན་དབུ་མ་སྟེ། མ་བཅོས་གཞི་བཞག་གི་དཀྱིལ་འཁོར་གྱི་དབང་ཐོབ། ཡིད་ཀྱིས་ཆོས་རྟོགས ་ན་རྟོགས་སུ་ཟད་དེ། སྤྲོས་པ་མེད་པའི་དཀྱིལ་འཁོར་གྱི་དབང་ཐོབ། མ་རྟོགས་ན་མ་རྟོགས་སུ་ཟད་དེ། ཡིད་ཆོས་ཉིད་ལ། ཡིད་ལས་མ་གཏོགས་པའི་ཆོས་གུད་ན་མེད་པས་གཉིས་སུ་མཐོང་བའི་རྡོ་རྗེའི ་དཀྱིལ་འཁོར་གྱི་དབང་ཐོབ། དེ་ལྟར་དཀྱིལ་འཁོར་དྲུག་གིས་ཇི་ལྟར་བྱས་ཀྱང་དབང་ཐོབ་ལ། དཀྱིལ་འཁོར་བཅུ་གཉིས་ཀྱི་གང་དུ་བསྒྲུབས་ཀྱང་དངོས་གྲུབ་ཐོབ་སྟེ། ཐོས་པས་སངས་རྒྱས། ཉན་པས་དབང་ཐོབ། ་རྟོགས་པས་དོན་ཡོད་པས། དབང་བསྐུར་རྒྱུད་ཅེས་བྱ་སྟེ་འདི་ལས་ཚིག་ཏུ་ཇི་སྐད་ཀྱང་བསྟན། བཏགས་སུ་ཇི་སྐད་ཀྱང་གྲགས། དོན་དུ་གང་དུ་ཡང་མི་དམིགས་ཤིང་བསྟན་དུ་མེད་དེ། ཚིག་དང་ཡི་གེར་བྲི་བ་ལས ་འདས་པས། འཕགས་པའི་འཕགས་པ། སངས་རྒྱས་ཀྱི་སངས་རྒྱས་ཞེས་བྱ་སྟེ། འཇིག་ཚོགས་ལྟ་བུ་ལུང་གི་རྒྱལ་པོ་ཞེས་བྱ་སྟེ། ཀུན་ཏུ་བཟང་པོས་བཤད་ཅིང་འདའ་བར་དཀའ་བའོ།། དེ་བཞིན ་གཤེགས་པ་སྤྱི་དབང་བསྐུར་བའི་རྒྱུད་ལས། གླེང་གཞི་ལྟ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས་ཀྱིས། ཤིན་ཏུ་ངོ་མཚར་དུ་གྱུར་ནས། སྟོན་པ་ཀུན་ཏུ ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ངོ་མཚར་ཆེའོ།། ཨེ་མ་ཧོ་མཚར་ཆེའོ།། ཨེ་མ་ཧོ་ངོ་མཚར་ཤིན་ཏུ་ཆེའོ།། དབང་བསྐུར་བ་མི་དགོས་པ་དེ་ངོ་མཚར་རོ།། དཀྱིལ་འཁོར་བསྐྱེད་མི་དགོས་པ་དེ་ངོ་མཚར ་རོ།། དོན་གཅིག་ལ་གཅིག་ཏུ་ཇི་སྐད་ཀྱང་བསྟན་པ་ངོ་མཚར་རོ།། ཆེ་བའི་ལྷ་བདག་ཅག་ལ་ལུང་བསྟན་དུ་གསོལ། ཨ་ལ་ལ་ཧོ་ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། རིགས་ལྔ་དེ་དག་རྟོག་པ ་གཞོམ་པའི་ཕྱིར། དགྱེས་པའི་གླུ་འདི་དག་བླངས་སོ།། ཨ་ཧོ་རུ་ཏྲ་ཤུ་པ་ར་ཧང་། མང་ཉ་ཏི་པ་ཤི་སུ་བ་ཤོ་ཏ་ཀ་ལ་ཏི། མ་མ་པྲཛྙཱ་དུམ་པ་ཀ་ལ་ཏི་ད་ལིས། མང་ཉག་བ་ཧ་ཡ་ཀུ་བ་རི་ཧོ། སང་ཤི་དུར་མང་མ་ཧོ་བ་ར ་ལ་སྟི། ཀྲི་ཏི་ཀྲུན་མང་ཤ་ར་ཏ་ཧོ།། ཞེས་གླུ་བླངས། འཁོར་རྣམས་དགའ་བ་སྐྱེས་ནས། ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ལས་མ་གཏོགས་ཆོས་མེད་པས། གཞན་དུ་ཆོས་རྣམས་བསྟན་པ་མེད།། སེམས ་ལ་མཚན་ཉིད་ཡོངས་མེད་པས།། དབང་མཆོག་སེམས་ལ་ཡོད་པ་ནི།། དུས་གསུམ་རྒྱལ་བའི་ལུང་ལས་བྱུང་།། དབང་མཆོག་རང་ལ་མེད་པ་ནི།། བསྐུར་བས་ཐོབ་པར་ཡོངས་མི་འགྱུར།། པྲ་སྲན་འབྲས་བུའི་དབང ་བསྐུར་ཡང་།། དེ་ལ་འབྲས་ཀྱི་མངོན་སྣང་མེད།། མ་རྟོགས་མ་བཤད་སྒམ་པོ་ལ།། ཕྱི་ནང་དབང་རྣམས་གང་བསྐུར་ཀྱང་།། དེ་ལ་དབང་རྟགས་དངོས་གྲུབ་མེད།། སླར་ལ་དྲེགས་པ་སྐྱེ་བར་ངེས།། དེ་བས་དབང ་རྣམས་ཐོབ་འདོད་པས།། དང་མ་ཆོས་འདི་བཤད་པར་བྱའོ།། དེ་ལ་དབང་བསྐུར་ཞིང་ཐོབ་འདོད་པས། རང་ལ་དབང་བསྐུར་བའི་སློབ་མའི་མཚན་ཉིད་ཇི་ལྟ་བུ་ལ་དབང་བསྐུར་བ་དང་། དབང་གི་སློབ་དཔོན་ཇི་ལྟ ་བུ་ལ་དབང་ནོད་པ་དང་། དབང་གི་ཡུལ་གང་གིས་བྱ་བ་དང་། དབང་གི་རྒྱལ་ཐེབས་དང་ཀརྨ་ཚུལ་ཇི་ལྟ་བུ་ལ་བྱ་བ་དང་། དབང་གི་རྫས་ཅི་དགོས་པ་དང་། དབང་གི་དཀྱིལ་འཁོར་ཅི་ལྟར་བྲི་བ་དང་། དབང་གི ་ཡོན་ཅི་ལྟར་དབུལ་བ་དང་། དབང་གི་བསྙེན་བསྒྲུབ་ཞག་གྲངས་དུར་གསུངས་པ་དང་། དབང་གི་རྟགས་ཅི་སྦྱིན་པ་དང་། དབང་བསྐུར་བའི་དུས་ཚོད་གང་ལ་བསྐུར་བ་དང་། དབང་བསྐུར་བའི་དགོས་པ་དང་བཅུ ་གཅིག་གིས་བསྟན་དགོས་ཏེ། དེ་ལ་དབང་བསྐུར་བའི་སློབ་མའི་མཚན་ཉིད་ཇི་ལྟ་བུ་ལ་དབང་བསྐུར་བར་བྱ་བ་ནི། དང་པོར་སློབ་དཔོན་གྱིས་བཙལ་བར་བྱ་སྟེ། གསུངས་པའི་ཐིག་ལས། རང་བཞིན་བཟང་བས ་ནམ་མཁའ་འདྲ།། སྤྱོད་པ་བཟང་པོ་ས་གཞི་འདྲ།། དམ་ཚིག་འཇིགས་མེད་མཁའ་ལྟར་བསྲུངས།། ལྦ་བ་བཅས་པ་མེད་པར་འཆང་།། སྒྲ་གསུང་ཐུགས་ཀྱིས་ཟད་མེད་པ།། ཕོངས་མེད་ཡོན་གྱིས ་འདྲེན་ཅིང་།། ཕྱི་ནང་ཏན་ཏྲ་མཐའ་དག་ལ།། ཐོས་ཤིང་ཤེས་པ་གདེང་གྱུར་པ།། འཁུ་ལྡོག་མེད་པའི་རྣལ་འབྱོར་ལ།། དབང་མཆོག་ཅི་ཡོད་བསྐུར་བར་བྱ།། དབང་བསྐུར་བ་ཡི་རིམ་པ་ནི།། ཡོན་དང་སྦྱར་ཏེ་བསྐུར ་ནའང་རུང་།། ཡང་ན་དབང་བསྐུར་རིམ་པ་ནི།། ཕྱི་ནང་ཏནྟ་མཐའ་དག་ལ།། ཐོས་ཞིང་གོམས་པ་གཙོར་གྱུར་ན།། དེ་ལ་བཤད་པའི་དབང་བསྐུར་རོ།། ཤེས་ཤིང་ཟིན་རུང་མ་ཟིན་རུང་།། གསང་སྔགས་རྒྱུད་ཀུན་ཉན ་འདོད་ན།། དེ་ལ་ཉན་པའི་དབང་རྣམས་བསྐུར།། རྣལ་འབྱོར་གསུང་མཆོག་དགོས་པའི་དོན།། འཛབ་བཟླས་མངོན་ལ་དོན་དཀའ་ན།། དེ་ལ་བསྒོམ་པའི་དབང་རྣམས་བསྐུར།། འདུ་འཛིས་མི་གཡེངས་དབེན་ལ ་འ།། ཡི་དམ་ལྷ་ལ་རྟག་གནས་ན།། དེ་ལའང་སྒོམ་པའི་དབང་རྣམས་བསྐུར།། ལས་དང་མཆོད་པ་གཞུང་བསྲང་ཞིང་།། མ་ནོར་ཤེས་རབ་དོན་འཆང་ལ།། དེ་ལ་ཀརྨའི་དབང་རྣམས་བསྐུར།། བསམ་རྒྱུད་དག ་པའི་བློ་འཆང་བ།། དེ་ལ་གོང་གི་དབང་རྣམས་བསྐུར།། རྣམ་པར་རྟོག་པ་མེད་པ་ལ།། དེ་ལ་འཛིན་མེད་དབང་རྣམས་བསྐུར།། ཉོན་མོངས་གཅོད་པའི་ཚུལ་ཤེས་ན།། དེ་ལ་སྒྲོལ་གིང་དབང་རྣམས་བསྐུར།། ཕུང་པོ ་ཡེ་ཤེས་གསལ་སྟོབས་ལ།། དེ་ལ་སྟོབ་གིང་དབང་བསྐུར་རོ།། བརྩེ་གདུང་བྲལ་བའི་ཤུགས་འཆང་ལ།། ལུ་གུ་རྒྱུད་དུ་དབང་བསྐུར་རོ།། ཤེས་རབ་མཚན་ལྡན་མིག་དཀྱུས་རིང་།། སོ་དཀར་དེ་བཞིན་ཐགས་དམ ་དང་།། དཔྲལ་བའི་དབྱས་མིག་དཀར་ནག་ཕྱེད།། སྨྲ་བ་མི་མང་ཁོང་ཡང་གསལ།། མཐོན་མཐིང་ལྕང་ལོ་ཡིད་ཙམ་འཁྱིལ།། ཧ་ཅང་མི་རིང་མི་ཟུང་བ།། ཧ་ཅང་མི་སྦོམ་མི་ཕྲ་བ།། ལཱུ་རན་སོར་མོ་རྣམས་ཀྱང ་རིང་།། གསང་ཐུབ་ཁོད་དམ་སྤྱོད་གསལ་བར།། ཤེས་རབ་ཡུམ་དུ་དབང་བསྐུར་རོ།། གཞན་ཡང་མཚན་ལྡན་དག་པ་དག། དེ་དབྱིབས་གཟུགས་སུ་དབང་བསྐུར་རོ།། ཤེས་རབ་རྒྱ་ཆེར་བློ་གསལ་ཞིང་།། ཅིས་ཀྱང ་མི་འཁྲུགས་དཔའ་སེམས་ཅན།། ངེས་པའི་གཞུང་གསོལ་དབང་ཐོབ་པར།། རྡོ་རྗེ་ཀརྨར་དབང་བསྐུར་རོ།། ཆེ་བའི་ཡོན་ཏན་གདེང་གྱུར་ཅིང་།། སྔོན་ཆད་རྟགས་དང་མཚན་ཕྱིན་པར།། དཀྱིལ་འཁོར་གཟུང་བར ་དབང་བསྐུར་རོ།། དབང་མི་བསྐུར་བའི་རིམ་པ་ནི།། སྔགས་པ་དམ་ཚིག་ཉམས་པ་དང་།། གཟུངས་མ་འཕྱར་ཤམ་ཏ་ར་སོགས།། དེ་བི་མཚན་མེད་དག་བྲོས་ཅན།། རྡོ་རྗེ་སྦྲན་གྲོགས་ཁོང་འགྲས་ཅན།། རྡོ་རྗེ་བླ་མ ་གཞུང་ཉམས་པ།། དཀྱིལ་འཁོར་བདག་པོ་རྟོགས་མེད་དང་།། རྒྱལ་ཐེབས་ཤེས་རབ་འཐིབས་པ་དང་།། ཀརྨ་རྟོག་པ་ཆེ་བ་ལ། དབང་རྣམས་གང་ཡང་མི་བསྐུར་རོ།། གཞན་ཡང་དབང་རྣམས་མི་བསྐུར་བ།། རིམ ་པར་ཡང་དག་བཤད་པར་བྱའོ།། དང་པོར་ཆོས་ལ་ཉམས་ཡོད་དང་།། བར་དུ་སློབ་དཔོན་བརྙས་བྱེད་དང་།། ཐ་མར་སྡུག་ལ་སུན་འབྱིན་པ།། བསྐལ་པ་བརྒྱར་ཡང་དབང་མི་བསྐུར།། དད་མེད་གཡོ ་སྒྲ་ཟོལ་གྱིས་བསླུ།། བཀའ་འགལ་གྲོགས་པོ་ཐབས་ཀྱི་སྨོད།། རང་ཤེས་བྱེད་འདོད་ཐོས་པ་ཆུང་།། ཐེག་པ་ཆེན་པོར་ལྟུང་བྱེད་པས།། དེ་ལ་དབང་རྣམས་མི་བསྐུར་ཏེ།། དེ་རྣམས་དུས་གསུམ་དག་ཏུ་ཡང་།། དབང ་གི་དཀྱིལ་འཁོར་ལ་མི་བསྙེན།། བསྐུར་ཡང་སླར་ལ་ཉམས་པས་ནོན།། གཞན་ཡང་དབང་རྣམས་མི་བསྐུར་བ།། སྤྱོད་པ་ཟབ་མོ་དབང་ལ་གཡེངས།། ཕྲིན་ལས་ཟབ་མོ་ཁྲོམ་དུ་སྒྲོགས།། གསང་བའི་རྫས་རྣམས ་མངོན་པར་སྟོན།། འདི་ལ་དབང་རྣམས་ཡོངས་མི་བསྐུར།། བསྐུར་ཡང་ཉམས་པ་ཆེན་པོར་འགྱུར།། གཞུང་དུ་འགྲོ་བའི་ཆོས་བོར་ནས།། འོག་མའི་ཆོས་ལ་བློ་འཇུག་ཅིང་།། ཐེག་པ་ཆེ་ལ་འཕྱས་འདོགས་པ།། དེ་ལ ་དབང་རྣམས་ཡོངས་མི་བསྐུར།། བསྐུར་ཡང་གསང་སྔགས་བཀའ་སུན་འབྱིན།། དེ་ཡི་སྡིག་ཀྱང་བདག་ལ་འོང་།། དེ་ནི་དབང་གི་སློབ་མ་ཡི།། མཚན་ཉིད་ཡིན་པས་ཤེས་པར་བྱའོ།། དབང་གི་སློབ་དཔོན་ཇི་ལྟ་བུ་ལ ་དབང་ནོད་པར་བསྟན་པ་ཡང་གསུངས་པ།། སྔགས་པ་རྣལ་འབྱོར་བློ་ཡོད་པ།། དབང་ཐོབ་པ་ཡི་རྟགས་དག་ནི།། རྒྱུད་འདི་ཡོངས་སུ་འཆད་ཅིང་སྟོན།། དབང་རྟགས་ཕྱག་རྒྱ་འདི་འཛིན་ཅིང་།། རིམ་པས་དབང ་བསྐུར་ཐོབ་པ་དང་།། རིགས་ཀྱི་བཙུན་རྒྱུད་མཁས་རྒྱུད་དང་།། རྡོ་རྗེ་ཟམ་པ་མ་ཆད་ལེགས།། དེ་དག་རྣམས་དང་མ་ལྡན་ཀྱང་།། རྒྱུད་འདི་འཆད་པ་གང་བྱེད་པ།། རིགས་དང་སྡེ་ཆེན་གང་ཡིན་ཡང་།། དེ་ནི་དབང ་ནོད་སློབ་དཔོན་ཡིན།། གཞན་ཡང་དབང་ནོད་སློབ་དཔོན་ནི།། ཤེས་རབ་ཡངས་པས་ཆོས་རྣམས་སྟོན།། ལྟ་བ་ཡངས་པས་ཕྱོགས་དང་བྲལ།། སྤྱོད་པ་མ་འགགས་ཐབས་སུ་སྤྱོད།། སྒོམ་པ་སྲན་ཆེ་འགྱུར་བ ་མེད།། དམ་ཚིག་གང་ཡང་མ་ཉམས་པ།། དེ་ནི་དབང་ནོད་སློབ་དཔོན་ཡིན།། གཞན་ཡང་དབང་ནོད་སློབ་དཔོན་ནི།། ཕྱི་ནང་ཏནྟ་ཀུན་གསལ་ཞིང་།། བྱིན་ཆེ་སྔ་མར་དབང་ཐོབ་དང་།། དཀྱིལ་འཁོར་སྒྲུབ་པ་ཞལ་ཕྱེ ་ཞིང་།། ལས་དང་ཆོ་ག་གཞུང་རྫོགས་ལ།། བསྔགས་པས་དབང་རྣམས་ནོད་པར་བྱ།། གཞན་ཡང་སློབ་དཔོན་མཚན་ཉིད་ནི།། བདེ་བར་གནས་ཤིང་གཙམ་མི་བྱེད།། ཅི་སྐད་གསུངས་པ་དེ་བཞིན་མཛད།། རྫུན་དང ་ཟོལ་གྱི་ཚིག་སྤངས་པ།། བྱིན་རླབས་ཡ་མཚན་ཆེན་པོ་ཅན།། དེ་ལ་དབང་རྣམས་ནོད་པར་བྱ།། གཞན་ཡང་སློབ་དཔོན་མཚན་ཉིད་ནི།། ལུང་དང་མན་ངག་ཐུགས་ལ་འཆང་།། རྒྱུད་དང་བསྒྲུབ་པ་རིམ་པས ་འཐོབ།། ཞང་བློན་བུ་ཚར་གྱུར་པ་ན།། སྔོན་ནས་ཐབས་དང་ཡིད་ཚང་ཐོབ།། ཕལ་པ་གང་དག་སུ་ཡིན་ཡང་།། མཚན་རྫོགས་ཀུན་ལ་ལུང་རྫོགས་ཤིང་།། རིག་པ་ཚད་མའི་གཞུང་ཡོད་ན།། རིགས་ནི་གང་ཞིག་ཡིན། ་ཡང་རུང་།། དེ་ལ་དབང་རྣམས་ནོད་པར་གསུངས།། དབང་རྣམས་ནོད་པར་མི་བྱ་བའི།། སློབ་དཔོན་མཚན་ཉིད་རྟོགས་པ་ནི།། ཁྲོ་གཏུམ་ཆེ་ལ་འཇིགས་འདོད་དང་།། རང་བཞིན་ངན་ལ་བཅོས་དཀའ ་དང་།། མཚན་ཉིད་ངང་ཚུལ་མི་ཤིས་དང་།། ཕྲག་དོག་ལ་སོགས་སེམས་ལ་འཆང་།། སེམས་ནི་ཆོས་ཀྱིས་མ་དུལ་པ།། ཆོས་རེ་ཐོས་ཤིང་ཁོ་བོར་སྐྱེ།། སྤྲོ་ཐུང་ཚིག་གི་གོ་མི་འཇིགས།། དེ་འདྲའི་སློབ་དཔོན་མཚན ་ཉིད་ལ།། དབང་རྣམས་ནོད་པར་མི་བྱ་སྟེ།། མནོས་ཀྱང་དབང་ཐོབ་མི་འགྱུར་ཏེ།། སླར་ལ་ཉམས་པ་ཆེན་པོར་འགྱུར།། གཞན་ཡང་སློབ་དཔོན་མཚན་ཉིད་ནི།། ཤེས་པ་སྒོ་དོགས་ཟོས་པ་ཆུང་།། ང་རྒྱལ་ཁ་འདོར ་ཁེངས་པ་དང་།། རབ་ཏུ་ཚུལ་ངན་ཁེངས་པས་བཅིངས།། སྒོམ་བསྒྲུབ་ཛ་གད་དབང་དུ་བཏང་།། དེ་འདྲ་དབང་གི་སློབ་དཔོན་མིན།། དེ་ལ་དབང་གི་རྒྱུ་མནོས་ཀྱང་།། རྣལ་འབྱོར་ཡོ་ཡིས་དཔྱས་ཀ་ལ།། སློབ་དཔོན ་ངན་པ་ཁད་ཀྱིས་སྤང་།། སློབ་མ་ངན་པ་དྲག་པོས་སྤང་།། འདི་དག་སྤང་བར་ངེས་པར་གསུངས།། འདི་དག་མ་སྤངས་སྐྱོན་རྣམས་ནི།། ལྟ་སྤྱོད་མཐུན་པར་མ་གྱུར་པས།། གང་དུའང་ཉམས་པར་འགྱུར་བར ་ངེས།། དྲན་པ་བཀའ་རྟགས་གཞུང་འཛིན་པ།། དེ་ལ་ཕྱི་དབང་བསྐུར་བར་བྱ།། སྐྱེ་མེད་ཆོས་ལ་བློ་ཞུགས་པ།། དེ་ལ་ནང་དབང་བསྐུར་བར་བྱ།། བྱང་ཆུབ་སེམས་ལ་མངོན་དད་ཅིང་།། དམ་རྫས་རྣམས་ལ་རྟོག་པ ་མེད།། དེ་བཱི་མཚན་ལྡན་རྟག་བསྟེན་ལ།། དེ་ལ་གསང་བའི་དབང་རྣམས་བསྐུར།། ཏནྟྲ་མཐའ་དག་བློ་ལ་གསལ།། ཕྲིན་ལས་བསྒྲུབ་པ་མཐར་ཕྱིན་པ།། རྡོ་རྗེ་རྒྱལ་པོ་ཆེན་པོ་ཡི།། རབ་འབྱམས་བཀའ་ཡི་དབང ་བསྐུར་རོ།། ལུང་དང་མན་ངག་ངེས་པའི་དོན།། སྙིང་དང་འདྲ་བ་ཀུན་བཤད་ལ།། ཐོས་ཤིང་རྟོགས་པར་གྱུར་ནས་ཀྱང་།། བླ་མ་དག་ལ་མཉེས་བྱེད་པ།། དེ་ལྟ་བུ་ཡི་སློབ་མ་ལ།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར ་རོ།། འབྱོར་པའི་ལོངས་སྤྱོད་ཀུན་ལྡན་ཞིང་།། ཡོངས་ལ་ཕན་འདོགས་ནུས་པ་ལ།། རིག་འཛིན་ཚེ་ཡི་དབང་བསྐུར་རོ།། རྫས་དང་ཡན་ལག་མ་ཉམས་པར།། འཛབ་བཟླས་སྲན་ཚེ་དཔའ་བརྟུལ་ཅན།། དོན་དང་ལྡན ་པ་དྲག་ཤུལ་སྤྱོད།། དཔའ་བརྟུལ་ལྡན་པའི་གང་ཟག་ལ།། བསྟན་པ་བསྲུང་བར་དབང་བསྐུར་རོ།། དབང་གི་ཡུལ་གང་གིས་བྱ་བ་ཡང་གསུངས་པ།། ཁྲེལ་དང་གཙུག་ལག་ཆེར་ལྡན་ཞིང་། ཚུལ་དགུར་ཤིས་པའི་ཡུམ ་མཆོག་དེ།། བཙལ་ཏེ་རྙེད་པར་འགྱུར་ནས་ནི།། ལག་པ་གཡས་ནས་བཟུང་ནས་ཀྱང་།། བླ་མ་ལ་ནི་འདི་སྐད་དབུལ།། ཨེ་མ་ཧོ་རྣལ་འབྱོར་ཡོངས་ཀྱི་ལྷ།། རྡོ་རྗེ་སྒྲ་ཡི་གཟུགས་འཆང་བ།། ཐབས་ཀྱིས་ཆེ་ཐོབ་རྒྱལ ་པོའི་ཚུལ།། ཐམས་ཅད་མ་སྤངས་ཉིད་ཀྱི་རྒྱལ།། ལོངས་སྤྱོད་ཆེན་པོ་ཐམས་ཅད་ལ།། ཆོས་ཉིད་རྒྱན་གྱིས་སྤྱོད་མཛད་དེ།། གཉིས་མེད་ཡུམ་ཆེན་འདི་བཞེས་ལ།། ཐབས་དང་ཤེས་རབ་གཉིས་མེད་པའི།། བྱང་ཆུབ ་སེམས་ཀྱི་དབང་རྣམས་དང་།། པདྨ་རཀྟའི་དངོས་གྲུབ་རྣམས།། རྣལ་འབྱོར་བདག་ལ་སྩལ་དུ་གསོལ།། ཨ་ལ་ལ་ཧོ།། ཞེས་བརྗོད་ལ་ཕྱག་ཏུ་དབུལ་ལོ།། དེ་ནས་དབང་ནོད་པ་བདག་གི་ཡུམ་ཅི་ལྟ་བུ ་བཙལ་དགོས་པ་གསུངས་པ།། ལྟ་སྤྱོད་ཡིད་མཐུན་བསམ་པ་གཅིག། བརྩེ་བའི་ཤུགས་འཆང་གསལ་བའི་གྲོགས།། མཚན་ལྡན་མི་མོ་ཡིད་འོང་མ།། དབྱིབས་ལེགས་རན་ཅིང་མཛེས་པ་ལ།། རྒྱན་རྣམས་ཅི་ཡོད་པས ་བརྒྱན་ནས།། ལུས་ངག་ཡིད་གསུམ་ཁྲུས་བྱས་ཏེ།། ཕྱི་ནང་དྲི་མ་དག་བྱས་ནས།། དྲི་ཞིམ་སྤོས་ཀྱིས་ལུས་བྱུགས་ཏེ།། མཛེས་ལྡན་དར་གྱི་ལྟབ་ལྷུབ་ཀྱིས།། ཡིད་དུ་འོང་བར་བརྒྱན་ནས་ཀྱང་།། ཐོགས་ཆགས་མེད ་པར་ཆགས་བྱས་ལ།། གསང་བའི་རྗེ་རུ་གཞག་པར་བྱ།། ཡང་ན་དབང་ནོད་གཟུངས་མ་ནི།། སོ་སོའི་དབང་རྣམས་གང་ནོད་པ།། རིགས་དང་མཐུན་པར་སྦྱར་བར་བྱའོ།། དེ་ཡི་ཡོན་ཏན་མཚན་ཉིད་གང་།། སོ་སོའི ་རིགས་ལ་ཤེས་པར་བྱ།། དབང་གི་རྒྱལ་ཐེབས་དང་ཀརྨའི་ཚུལ་ཇི་ལྟ་བུའི་བྱ་བའི་དོན་ལ། ཡང་གསུངས་པ།། ཐོགས་ཆགས་མེད་པའི་བློ་ལྡན་ཞིང་།། སྡེ་སྣོད་ཆོས་ལ་རྣམ་གྲོལ་བས།། རྒྱལ་བས་གསུངས་པའི་ལུང ་དག་ལས།། གང་དག་ཤེས་རབ་ཤིན་ཏུ་གྲོལ།། རྣམ་པར་དག་པའི་སློབ་དག་གིས།། ཐམས་ཅད་མཁྱེན་པའི་སྟོབས་གྲོལ་བས།། སྔོན་ཆད་སློབ་དཔོན་མཁས་པ་ཡིས།། རྡོ་རྗེ་རྒྱལ་ཐབས་དབང་བསྐུར་ནས།། གཞུང ་དང་མཐུན་པའི་དབང་ཐོབ་སྟེ།། རྡོ་རྗེ་རྒྱལ་ཐེབས་ཡིན་ཞེས་གྲགས།། དེ་ནི་དབང་གི་རྒྱལ་ཐེབས་སུ།། ངེས་པར་བཙལ་བ་གཞུང་ལས་འབྱུང་།། གལ་ཏེ་དེ་དག་མ་རྙེད་ན།། བདག་གི་བླ་མས་ཅི་མཁྱེན་པ།། དེ་ཡིས ་མཁྱེན་པ་དག་ཡོད་ན།། དེ་ཡང་དབང་གི་རྒྱལ་ཐེབས་བྱ།། གཞན་ཡང་དབང་གི་རྒྱལ་ཐེབས་ནི།། བླ་མ་དེ་ལ་སྲས་ཡོད་པ།། ཡོན་ཏན་བླ་མ་དང་འདྲ་བ།། དེ་དག་ཡོད་ན་རབ་ཏུ་ལེགས།། གཞན་ཡང་བླ་མ་སློབ ་དཔོན་གྱིས།། རྒྱལ་ཐེབས་ཞལ་ཆབ་གང་སྩལ་བ།། དེ་ལ་དབང་གི་རྒྱལ་ཐེབས་བྱ། ཚུལ་ནི་དེ་དང་མི་ལྡན་ཞིང་།། ཡོན་ཏན་དེ་རྣམས་ཡོངས་མེད་ན།། གཞན་གྱི་ཡོན་ཏན་ཀུན་ཚང་ཡང་།། དབང་གི་རྒྱལ་ཐེབས་མི ་བྱ་ཞེས།། ངེས་པར་ང་ཡིས་ཡང་དག་བཤད།། བདག་དང་བླ་མའི་གཟུངས་མ་རྣམས།། ཚུལ་དང་ཡོན་ཏན་དེ་རྣམས་དང་།། ལྡན་པར་གྱུར་ན་སུ་ཡང་རུང་།། རྒྱལ་རིགས་རྗེའུ་རིགས་དམངས་རིགས་དང་།། རིགས ་ངན་གདོལ་པའི་ཕྱག་རྒྱ་མོ།། ཡོན་ཏན་དེ་ལྡན་གང་ཡང་རུང་།། ཚུལ་དགུར་སྦྱོར་ན་དབང་ཐོབ་ཅིང་།། དངོས་གྲུབ་རྟགས་ཀྱིས་དམ་པ་འགྲུབ།། གཞུང་གི་རྟགས་དང་མཚན་མེད་ན།། རྒྱལ་རིགས་རྗེའུ་རིགས ་གང་ཡང་རུང་།། གཞན་མའི་ཡོན་ཏན་ཀུན་ཚང་ཡང་།། དབང་གི་གཟུངས་མར་མི་བྱ་ཞེས།། ངེས་པར་ང་ཡིས་ཡང་དག་བཤད།། གཞན་ཡང་རང་གི་ཡུམ་དང་གཟུངས།། མཆོག་ཏུ་གཞན་ལས་མ་བརླམས ་ཤིང་།། སྲིན་མོའི་མདུང་ཤུལ་མེད་པ་ཡི།། བུ་མོ་གཞོན་ནུ་ཤེས་པར་བཤད།། དེ་ལ་དབང་རྟགས་དམ་པ་ཡོད།། སྣ་དགུ་དག་གི་བྱ་བ་ནི།། ཀུན་ཏུ་བཟང་པོ་ངས་མ་བསྟན།། མཉམ་པ་དེ་བཱི་གཞུང ་ལས་མེད།། ཀརྨའི་མཚན་ཉིད་ཚུལ་བསྟན་པ།། ལས་དང་བྱ་བ་གཞུང་བསྲང་ཤིང་།། ཕྲིན་ལས་ཐོགས་པ་ཡོངས་མེད་པ།། ངེས་པར་བླ་མའི་ལུང་ཐོབ་པ།། སྔོན་ཆད་དབང་བསྐུར་གནས་པ་ཐོབ།། མི་འགལ་ལེགས ་པར་སྤྱོད་པའི་ལུང་།། གསང་བའི་དཀྱིལ་འཁོར་དམ་སྲུང་བ།། དབང་གི་ཀརྨ་ཡིན་ཞེས་བྱ།། གཞན་ཡང་དབང་གི་ཀརྨ་ནི།། ཐམས་ཅད་ཀུན་ལ་བློ་གྲོས་ཞིང་།། ལྷག་པར་ཕྲིན་ལས་དོན་ལ་མཁས།། དེ་ནི་དབང་གི ་ཀརྨ་ཡིན།། མཉེན་ཞིང་དེས་ལ་བཀའ་བློ་བདེ།། གཞན་གྱི་ཡིད་འོང་མཐུན་བཞིན་བྱེད།། ངེས་པའི་ཚིག་སྒྲ་རྫུན་སྤངས་ཤིང་།། རྟགས་ལས་ངེས་པའི་ལུང་ཐོབ་ཅིང་།། བཀའ་ཡི་དོན་ལ་ངེས་པར་རྟོགས།། སྔགས ་ཕྱག་རྒྱ་དམ་དུ་འཛིན།། རྣམ་པར་རྟོགས་པ་བྲལ་བ་དེས།། དབང་གི་ཀརྨ་བྱ་བར་བཤད།། ཡོན་ཏན་དེ་དག་མ་ལྡན་ན།། གཞན་མ་ཡོན་ཏན་ཀུན་ཚང་ཡང་།། དབང་གི་ཀརྨ་ཡོངས་མི་བྱ།། བདེན་པའི་ཆོས ་མེད་སྙན་ཚིག་དང་།། བཀའ་མེད་ལུང་མེད་བདེ་བ་མེད།། རས་ཆོད་གཟུ་ལུམས་བྱེད་འདོད་པས།། དབང་གི་ཀརྨ་བྱ་བ་ནི།། ཀུན་ཏུ་བཟང་པོ་ངས་མ་བཤད།། ཉམས་པར་གྱུར་པའི་མཚན་མས་ནི།། བསྐུར་ཀྱང་མི ་ཕན་འཆི་བའི་རྒྱུ།། དབང་གི་རྫས་ཅི་དགོས་པའི་དོན་ཡང་གསུངས་པ།། དབང་བསྐུར་བ་ཡི་རྫས་རྣམས་ནི།། རྫས་ལ་གྲངས་ནི་བསམ་ཡས་ཀྱང་།། ངེས་པའི་རྫས་ནི་ལྔ་རུ་གསུངས།། ཁྲོ་བོ་དུར་ཁྲོད་རྒྱན་གྱི ་རྫས།། རྒྱལ་སྲིད་དབང་གི་ལོངས་སྤྱོད་རྫས།། བསྒྲུབ་པ་རྫས་ཀྱི་གཟུངས་མའི་རྫས།། དངོས་གྲུབ་བསྒྲུབ་པའི་གོ་རིམ་རྫས།། རྫོགས་སངས་རྒྱས་ཀྱི་རྐྱེན་གྱི་རྫས།། རྫས་ཀྱི་རྣམ་པ་ལྔ་གསུངས་དེ།། ཁྲོ་བོ་དུར་ཁྲོད ་རྒྱན་རྫས་ནི།། རལ་གྲི་དགྲ་སྟ་གཤོལ་ལ་སོགས།། མདའ་གཞུ་གྲི་དང་མཚོན་ཆ་ནི།། དེ་དག་རྫས་སུ་ཡོད་ན་ལེགས།། གཞན་ཡང་ཆེ་མཆོག་ཕྱག་མཚན་ནི།། རྡོ་རྗེ་དྲིལ་བུ་འཁོར་ལོ་དང་།། པདྨ་རིན་ཆེན་རལ་གྲི ་དང་།། རྒྱ་གྲམ་སྤུ་གྲི་ལ་སོགས་པ།། རིགས་ལྔའི་ཁྲོ་བོའི་ཕྱག་མཚན་ནི།། དངོས་སུ་རྫས་སུ་ཡོད་ན་ལེགས།། དེ་དག་གཟུགས་སུ་མ་གྲུབ་ན།། རི་མོ་མཁན་དང་བྲིས་མཁན་གྱིས།། དེ་དག་གཟུགས་བརྙན་བྲིས་ལ ་བསྐུར།། ཆེ་མཆོག་ཁྲོ་བོ་ལ་སོགས་པ།། ཧེ་རུ་དགུ་པོ་ཐམས་ཅད་དང་།། དཀྱིལ་འཁོར་ལྷ་ཡི་ཕྱག་མཚན་རྣམས།། དངོས་སུ་རྫས་སུ་ཡོད་ན་ལེགས།། མེད་ན་དེ་བཞིན་བྲིས་ལ་བསྐུར།། གླང་པོ་ཆེ་ཡི་ཀོ་རློན ་དང་།། ཞིང་ཆེན་གཡང་གཞི་འཁོར་བ་དང་།། ཁྱུང་གི་གཤོག་པ་མེ་དཔུང་དང་།། སྟག་གི་ཤམ་ཐབས་སུག་སྡོམ་དང་།། ཐོད་པ་སྐམ་རློན་ཕྲེང་བ་དང་།། སྦྲུལ་ནག་ཆུན་པོ་ལ་སོགས་པ།། དེ་དག་མིང་གི་རྗེས་སུ ་དགོས།། ཡང་ཞིག་རྫས་སུ་མ་འབྱོར་ན།། ཐ་ན་གཟུགས་བརྙན་བྲི་བར་བྱའོ།། དབང་བསྐུར་བ་ཡི་བྷན་དྷ་ནི།། དྲག་ཤུལ་ལས་ལ་དགའ་བ་ལ།། ཁྱབ་འཇུག་མ་ཡི་སྣོད་ཀྱིས་བསྐུར།། དུམ་བུ་གཅིག ་པ་ལ་སོགས་པ།། རིགས་དང་མཐུན་པའི་བྷན་དྷ་ཡི།། ཇི་ལྟར་བསྐུར་འདོད་རྟགས་སུ་དཔག། ཐལ་ཆེན་མཚན་མ་ལ་སོགས་ཏེ།། ཁྲོ་བོས་མཚན་མའི་དུར་ཁྲོད་རྫས།། དེ་དག་དངོས་སུ་ཚོགས་པར་བསགས།། རྒྱལ ་སྲིད་ལོངས་སྤྱོད་རྫས་རྣམས་ནི།། རིགས་ཀྱི་ཁྱད་པར་རྣམས་ལ་སྦྱར།། ཅི་ལྟར་མཐུན་པའི་རྫས་རྣམས་བསགས།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས།། རྫས་སུ་རིན་ཆེན་སྣ་བདུན་བསགས།། སློབ་མ་ས་བདག ་རྒྱལ་པོ་ནི།། རྟ་དང་གླང་པོ་རོལ་མོའི་སྒྲ།། དབུ་རྒྱན་དཔུང་རྒྱན་གདུགས་ལ་སོགས།། རྒྱལ་པོའི་རིས་སུ་གང་ཡོད་པ།། དེ་དག་རྫས་སུ་བསག་པར་བྱ།། སློབ་མ་བྲམ་ཟེ་རྗེ་དང་དམངས།། ཁྲུས་མཁན་གར་མཁན ་རྔོན་པ་ལ།། ཅི་ལྟར་ཚོགས་པའི་རྫས་བསགས་ལ།། བླ་མ་དག་གི་རྐྱེན་དུ་བཞག། སྒྲུབ་པ་གཟུངས་མའི་རྫས་རྣམས་ནི།། གསུམ་དང་ལྔ་དང་གང་བསྐྱེད་པ།། མཚན་ནི་གོང་དུ་བསྟན་པ་བཞིན།། རྐྱེན་དང་རིས་སུ ་ཚང་བར་བྱ།། དངོས་གྲུབ་བསྒྲུབ་པའི་རྫས་རྣམས་ནི།། དམ་རྫས་བདུད་རྩི་རྣམ་ལྔ་དང་།། རྩ་བ་བརྒྱད་དང་ཡན་ལག་སྟོང་།། ལུང་ལས་བྱུང་བ་བཞིན་དུ་བསགས།། གཞན་ཡང་མདའ་དང་དར་སྣ་དང་།། མེ་ལོང ་ཚོན་སྐུད་རྣམ་ལྔ་དང་།། ཁ་དོག་སྣ་ལྔའི་ཚོན་རྩི་དང་།། རིན་ཆེན་ལྔ་ཡི་བུམ་པ་དང་།། གོས་དང་རྒྱན་དང་ལྷམ་ལ་སོགས།། དེ་དག་ཅི་འབྱོར་དབང་བསྐུར་བ།། རང་གི་དངོས་གྲུབ་གང་བསྒྲུབ་པ།། ཉམས་དང་སྦྱར ་ཏེ་དངོས་སུ་བསགས།། རྫོགས་སངས་རྒྱས་གྱི་རྐྱེན་རྫས་ནི།། རིམ་པས་བརྒྱུད་པའི་སློབ་དཔོན་དང་།། མན་ངག་ཕྱག་ལེན་ལ་སོགས་པ།། གང་ཡོད་པ་ཡི་རྫས་རྣམས་དང་།། བླ་མེད་འབྲས་བུ་ཆགས་གཅོད ་པ།། བཀའ་གསང་ངེས་པའི་རིམ་པ་རྣམས།། བདག་ལ་གང་གནས་ཡོད་པ་དང་།། ཐེ་ཚོམ་གང་ལ་ཆེ་བ་ཡིས།། མན་ངག་ཡི་གེ་གང་ཡོད་པ།། བླ་མེད་ཟག་བཅད་ངེས་བསྒྲུབས་པས།། དེ་ཡང་བསགས་པས་དེས ་དབང་ནོད།། རྫས་རྣམས་འདི་དག་གང་ཡོད་པ།། རིམ་པས་གཞུང་བཞིན་བསགས་པར་འབྱུང་།། སོ་སོར་འཆོལ་བའི་རྫས་རྣམས་དང་།། མ་ངེས་རྙེད་ཙམ་རྫས་རྣམས་ནི།། ཀུན་ཏུ་བཟང་པོ་ངས་མ་བཤད།། དབང ་གི་དཀྱིལ་འཁོར་ཇི་ལྟར་བྲི་བའི་དོན་གསུངས་པ།། དཀྱིལ་འཁོར་ཐམས་ཅད་བརྩིག་པའི་ལུགས།། དང་པོ་ས་གཞི་སྦྱར་བྱས་ནས།། དེ་དག་རྟོག་པའི་གེགས་བསལ་ཏེ།། མཎྜལ་ཆག་ཆག་ཀུན་བྱས་ནས།། ས་ལ ་ཚིག་འདི་བརྗོད་པར་བྱའོ།། ཧཱུཾ་མ་ཆགས་སྐྱེ་བ་མེད་པ་ཡི།། ཆགས་མེད་ཡུམ་གྱི་གཞལ་ཡས་ན།། ཐབས་ཀྱི་འཕྲོ་འདུ་ཡེ་ནས་རོལ།། ཐབས་དང་ཤེས་རབ་འབྲེལ་བ་ཡི།། གཉིས་མེད་སྦྱོར་བའི་མཁའ་དབྱིངས ་ནས།། བྱང་ཆུབ་སེམས་སུ་དབང་བསྐུར་ཕྱིར།། དབང་གི་དཀྱིལ་འཁོར་བརྩིག་པར་བྱའོ།། ལན་གསུམ་དག་ཏུ་བརྗོད་པར་བྱ།། དེ་ནས་དཀྱིལ་འཁོར་བརྩིགས་ནས་ཀྱང་།། དམ་རྫས་དག་གིས་ཆག ་ཆག་གདབ།། ཧཱུཾ་འབྱུང་བ་ཡུམ་དུ་དབྱེར་མེད་པའི།། ཐབས་ཀྱི་ཕྱག་རྒྱ་སྐུ་མཆོག་ལ།། སྲིད་གསུམ་ཡོངས་ལ་དབང་བསྒྱུར་ཕྱིར།། གཉིས་མེད་སྦྱོར་བའི་རང་བཞིན་ལ།། བདུད་རྩི་དམ་རྫས་ཆག་ཆག ་གདབ།། ཐམས་ཅད་འཆི་མེད་ཡེ་ཤེས་དབང་།། ཡོངས་ལ་དབང་བསྐུར་འདི་དག་བྱུག། ཨོཾ་བཛྲ་ཨ་མྲྀ་ཏ་མཎྜལ་ཧཱུཾ།། དེ་ནས་གཟུངས་མ་མཚན་ལྡན་ལ།། ཐིག་སྐུད་གཙང་མ་འཁལ་དུ་གཞུག། དེ་ནས་དགོངས་པའི ་གཞུང་བསྲངས་ལ།། དཀྱིལ་འཁོར་ཐིག་ནི་གདབ་པར་བྱ།། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། ཕྱོགས་བཞི་མཚམས་བརྒྱད་མ་འགྲུས་པར།། རན་པར་ཆ་བསྒོམས་ཐིག་གདབ་པོ།། དེ་ནས་དཀྱིལ་འཁོར་བྲི་བར ་བྱ། དབུས་སུ་ཟླ་གམ་གཅིག་པ་བྲི།། ཕྱོགས་བཞི་མཚམས་བརྒྱད་དེ་མཐུན་པར།། དབང་གི་ཟླ་གམ་གྲུ་བཞི་ལ།། ཚོན་གྱིས་ཀུན་ཀྱང་དམར་པོར་བསྒྱུར།། དེ་ལ་ལིང་ཚེ་དགུ་རུ་བྱ།། ཟླ་གམ་བར་ལ་སེར་པོ ་བཏང་།། གྲུ་ཆད་ལ་ནི་ལྗང་གུ་བཏང་།། ཀུན་གྱི་ཕྱི་རོལ་ནག་པོས་བསྐོར།། རེ་ཁཱ་དབྱིབས་ཀུན་དཀར་པོར་དྲངས།། དེ་ནས་བུམ་བུ་ལྔ་དང་དགུ། གང་འབྱོར་སྨན་གྱིས་བཀང་ལ་བཞག། དཀྱིལ་འཁོར་བླ་རྒྱན་འོག ་ན་དང་།། སློབ་མའི་རྫས་རྣམས་གང་ཡོད་པ། དེ་ཡི་རྫས་སུ་དགོད་པར་བྱ།། དཀྱིལ་འཁོར་དེ་ཡི་མཐའ་མ་ལ།། རྡོ་རྗེའི་རྭ་བ་མེ་ཡིས་བསྐོར།། དེ་ཡི་ཕྱི་རིམ་ནག་པོ་ལ། དབང་ཕྱུག་མ་ཡི་འཁོར་རྣམས ་བཞག། མདའ་དང་རལ་གྲི་མེ་ལོང་དང་།། དར་སྣའི་ལྷབ་ལྷུབ་མེ་ཏོག་དང་།། འཕན་དང་བླ་རྒྱན་འོག་རྒྱན་དང་།། གདུགས་དང་རྒྱལ་མཚན་དར་དཔྱངས་དང་།། མེ་ཏོག་ཆུན་པོ་ལ་སོགས་པ།། རྒྱན་རྣམས་ཅི་ཙམ ་ཡོད་པ་དགྲམ།། ཁྲོ་བོའི་དཀྱིལ་འཁོར་རྒྱན་གྱི་རྫས།། དབང་པོ་ལྔ་དང་བྷནྡྷ་དགུ། ཐོད་ཚལ་ཞིང་རྫས་ཀུན་རྫོགས་པའི།། གཞུང་དང་མཐུན་པར་རྫོགས་པར་དགྲམ།། དེ་ཡང་ཡོངས་སུ་ཤེས་པ་ན།། དབང་གི ་དཀྱིལ་འཁོར་བྲི་བར་བྱ།། བཀའ་གཞུང་དོན་གྱི་དོན་མེད་པའི།། དཀྱིལ་འཁོར་བྲི་བར་མ་གསུངས་སོ།། དབང་གི་ཡོན་ཇི་ལྟ་བུ་དབུལ་བ་ཡང་གསུངས་པ།། དབང་བསྐུར་གནང་བ་ཐོབ་འདོད་པའི།། སྐྱེས་བུ་གང ་ཟག་རྣལ་འབྱོར་པས།། དཔ་ལ་དབང་གི་ཡོན་དབུལ་ཏེ།། འཛམ་གླིང་རིན་ཆེན་གང་བ་དང་།། རྟ་དང་གླང་པོ་དུད་འགྲོའི་ཚོགས།། རྒྱལ་སྲིད་དང་ནི་རང་ལུས་དབུལ།། རབ་ཏུ་གཅེས་དང་ཡིད་འཐད་དབུལ།། བུ ་དང་ཆུང་མ་སྤུན་དང་གྲོགས།། འཁོར་དང་ལོངས་སྤྱོད་ཇི་ཡོད་པ།། དབང་རྣམས་ཐོབ་ཕྱིར་ཡོན་དུ་དབུལ།། དེ་དག་གང་དང་མ་ལྡན་ན།། ལུས་ཀྱི་ཕུང་པོ་འབངས་སུ་དབུལ།། སེམས་ཀྱི་དྲན་པ་བརྩེ་བྱས་ལ།། མེ ་ཏོག་ཁ་དོག་སྣ་ཚོགས་པ།། རྩཝ་དང་ཤིང་ལས་སྐྱེས་པ་ནི།། གང་རྙེད་པ་ལ་དམིགས་བཅས་ལ།། བླ་མ་ལ་ནི་ཡོན་དུ་དབུལ།། ཡོན་མཆོག་འདི་ལ་དབང་མཆོག་ཡོད།། ཡོན་འབུལ་ཕངས་ན་དབང་ཡང ་ཕངས།། གཤེ་བརྙས་བྱས་ན་བཀའ་དང་འགལ།། ཐུག་ཐུབ་བྱས་ན་གཞུང་ལས་ཉམས།། ཡོན་མཆོག་འབུལ་བར་མི་བྲ་ན།། དབང་ཡང་བསྐུར་བར་མི་བྱའོ་ཞེས།། སྟོན་པ་ཉིད་ཀྱི་ཞལ་ནས་གསུངས།། དེ་ནས ་དབང་གི་ཡོན་ཏན་ནི།། ཤིན་ཏུ་བརྗོད་པ་ལས་འདས་ཏེ།། མན་ངག་ཉིད་དུ་འདི་བསྔགས་སོ།། དབང་གི་བསྙེན་བསྒྲུབ་ཞག་གྲངས་དུར་བྱ་བར་ཡང་གསུངས་པ།། དབང་ནོད་བསྙེན་བསྒྲུབ་ཞག་གྲངས་ནི།། རབ ་ཀྱིས་ལོ་གསུམ་བར་ཏུ་བསྒྲུབ།། འབྲིང་གིས་ཟླ་བ་གསུམ་ཙམ་བྱ།། ཐ་མས་ཞག་གསུམ་བར་དུ་ནི།། དབང་གི་བསྙེན་བསྒྲུབ་དམ་བཅད་ལ།། དེ་ནས་དབང་རྣམས་ནོད་པར་བྱ།། སོ་སོའི་རིམ་པ་གང་ཡིན་པ།། ཞག ་གྲངས་དེ་དག་མ་ཚང་བར།། རས་ཆོད་དག་ཏུ་མི་བྱ་ཞེས།། ཡང་ནས་ཡང་དུ་ནན་གྱིས་གསུངས།། དེ་དག་བསྙེན་བསྒྲུབ་རིམ་པ་ཡིན།། དབང་གི་རྟགས་སློབ་མ་ལ་ཅི་སྦྱིན་གསུངས་པ།། གང་དག་ཡིད་དང་འཐད་པ ་ཡི།། སྙིང་གི་བུ་དང་འདྲ་བ་ལ།། ཐོག་མར་བདག་ལ་སློབ་དཔོན་གྱིས།། དབང་རྟགས་ཕྱག་རྒྱ་གང་གནང་བ།། དེ་ཉིད་སློབ་མ་དེ་ལ་སྦྱིན།། གཞན་ཡང་སློབ་མ་དབང་ནོད་པ།། དེ་ཡི་གྲངས་ནི་བསྟན་པ་སྟེ།། དངོས ་གྲུབ་རྟགས་ཀྱི་གཞུང་ཐོབ་ཀྱང་།། ལན་བདུན་དབང་བསྐུར་རྟགས་ཚད་ནི།། དེ་ནས་དེ་ལ་དབང་མེད་དེ།། ཕྱིན་ཆད་བསྐུར་བར་མི་བྱའོ།། དེ་ལ་དབང་རྟགས་སྦྱིན་པ་ནི།། ཕྲིན་ལས་ལག་ཏུ་ལེན་པ་ལ།། རྡོ་རྗེ་དྲིལ ་བུའི་དབང་རྟགས་སྦྱིན།། བསྒྲུབ་པའི་དོན་ལ་ལྷུར་ལེན་པ།། རྫས་མཆོག་བཟང་པོའི་དབང་རྟགས་སྦྱིན།། འཆད་པར་འདོད་པའི་སློབ་མ་ལ།། རྒྱུད་ཀྱི་གསུང་རབ་གླེགས་བམ་དང་།། རིན་པོ་ཆེ་ཡི་ཕྱག་ཤིང ་དག། དབང་རྟགས་སུ་ནི་སྦྱིན་པར་བྱ།། གཞན་ཡང་དབང་གི་སློབ་མ་ཡིས།། ཡོན་ལ་ཆགས་པ་མེད་ཕུལ་ན།། རང་ལ་དབང་རྟགས་ཅི་ཡོད་པས།། སློབ་མ་དེ་ལ་སྦྱིན་པར་བྱ།། གོས་དང་རྒྱལ་མཚན་ལྷབ་ལྷུབ ་རྫས།། ཟང་ཟིང་རྫས་རྣམས་ཅི་ཡོད་པ།། དབང་བསྐུར་རྟགས་སུ་སྦྱིན་པར་བྱ།། སློབ་མས་ཡོན་གྱི་མཆོག་དབུལ་ན།། དབང་རྟགས་མེད་དུ་མི་རུང་ཞེས།། བཅོམ་ལྡན་འདས་ཀྱིས་ཡང་གསུངས་པ།། དབང་བསྐུར ་བའི་དུས་ཚོད་གང་ལ་བསྐུར་གསུངས་པ།། དབྱར་དགུན་སྟོན་དཔྱིད་ར་བ་ཡི།། ཚེས་བརྒྱད་གནམ་སྟོང་ཉ་ལ་བསྐུར།། དེ་ཡང་སྟོན་ཟླ་ར་བ་བཟང་།། དུས་ཚོད་འདི་དག་མ་ཡིན་པར།། གཞན་དུ་བསྐུར་བར་མི ་བྱའོ།། བསྐུར་ཡང་ཐོབ་པར་མི་འགྱུར་རོ།། དབང་བསྐུར་དགོས་པའི་དོན་གསུངས་པ།། དབང་བསྐུར་བ་ཡི་དགོས་པ་ནི།། ཕྱི་ནང་ལས་རྒྱུད་ཐམས་ཅད་ཀྱང་།། དབང་བསྐུར་ནས་ནི་བྱ་དགོས་ལ།། དབང་བསྐུར་བ ་ཡི་དགོས་པ་ནི།། སངས་རྒྱས་ཀུན་ལ་དབང་བསྐུར་ཞིང་།། སྲིད་པ་གསུམ་ལ་མཐུ་དབང་ཆེ།། མཁའ་འགྲོ་དབང་ཕྱུག་བྲན་དུ་འཁོལ།། འཇིག་རྟེན་དགོས་པ་ཐམས་ཅད་འགྲུབ།། གཞན་ཡང་དབང ་བསྐུར་དགོས་པ་ནི།། རྒྱུད་ཀྱི་རྒྱལ་པོ་འདི་ཡིན་ནོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་སྐུར་བའི་རྒྱུད་ལས། དབང་གི་བྱེ་བྲག་གི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་གསོལ་པ། ཀྱེ་ཀྱེ། ཤིན་ཏུ་ངོ་མཚར་དང་ལྡན་པ། ཤིན་ཏུ་བྱིན་རླབས་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་རིམ་པ་དང་།། དབང་བསྐུར ་བའི་ཕྲིན་ལས་བདག་ཅག་ལ་སྩལ་དུ་གསོལ། ཨ་ལ་ལ་ཧོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཁྱེད་ལ་སོགས་པའི་དབང་གི་རིམ་པ་འདི་ཡིད་ལ་ཟུང ་ཞིག། དབང་བསྐུར་བའི་རིམ་པ་ཉི་ཤུ་རྩ་གཅིག་སྟེ།། རྡོ་རྗེ་རྒྱལ་པོའི་དབང་དང་། ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་། འབར་བ་ཆེན་པོའི་དབང་དང་། འཁོར་ལོས་སྒྱུར་བའི་རྒྱལ ་པོའི་དབང་དང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་དང་། རྡོ་རྗེ་རྒྱལ་ཐེབས་ཀྱི་དབང་དང་། ཀརྨའི་དབང་དང་། གིང་གི་དབང་དང་། ཉན་པའི་དབང་དང་། བསྒྲུབ་པའི་དབང་དང་། ཕྲིན་ལས་མཐར་ཕྱིན་པའི་དབང ་དང་། ཐབས་དང་ཤེས་རབ་ཀྱི་དབང་དང་། འཇིག་རྟེན་ཚེའི་དབང་དང་། དངོས་གྲུབ་རྣམ་གསུམ་གྱི་དབང་དང་། མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་དང་། འཆད་པའི་དབང་དང་། དེ་བཱི་གསང་འདི་དམས་པ་ཡུམ ་གྱི་དབང་དང་། རྒྱན་ཆས་རྟགས་ཀྱི་དབང་དང་། དུར་ཁྲོད་ཆས་ཀྱི་དབང་དང་། ལོངས་སྤྱོད་རྫས་ཀྱི་དབང་དང་། ཕྱི་ནང་གསང་བ་གསུམ་གྱི་དབང་སྟེ་ཉི་ཤུ་རྩ་གཅིག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི ་དབང་བསྐུར་བའི་རྒྱུད་ལས། དབང་གི་རིམ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་དབང་བསྐུར་བར་བྱ་བའི་ཕྲིན་ལས་ཐབས་ཀྱི་རྒྱལ་པོ་འདི་གསུངས་སོ།། དེ་ལ་དང་པོ་རྡོ་རྗེ་རྒྱལ་པོར ་དབང་བསྐུར་བ་ནི། ཧཱུཾ་མཁའ་མཉམ་དབྱིངས་ཀྱི་དཀྱིལ་འཁོར་ནས།། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱིས།། ཐུགས་ཀྱི་བྱིན་རླབས་རྨད་པོ་ཆེ།། ཐམས་ཅད་འདུལ་བའི་དབང་གི་མཆོག། བྱིན ་རླབས་ཐབས་ཀྱིས་བརྩེར་དགོངས་ཏེ།། ཐབས་ཀྱི་ཆོ་འཕྲུལ་བསམ་ཡས་པ།། འཇིག་རྟེན་གསུམ་ན་མེད་པ་ཡི།། སྐུ་གསུང་ཡོན་ཏན་བསམ་མི་ཁྱབ།། ཐམས་ཅད་ཀུན་ལ་རྒྱལ་བ་དང་།། སྲིད་པ་གསུམ་ལ་དབང ་བསྒྱུར་ཞིང་།། རྡོ་རྗེ་ཐབས་ཀྱི་རྫུ་འཕྲུལ་གྱིས།། ཁམས་གསུམ་རེ་སྐོང་རྒྱལ་པོར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨཱིཾ། ཝཱ་ཀ་ཨཱཿཙིཏྟ་ཧཱུཾ། བཛྲ་རཱ་ཛ་མ་ཧཱ། གྷུ་ཧྱེ་ཤྭ་ར་ཨཱཏྨ་ཀོ&ཧཾ། བཛྲ་ཨཱཾ། ཞེས་བརྗོད་ལ། དཀྱིལ ་འཁོར་གྱི་སྟེང་དུ་དྲངས་ལ། དམ་རྫས་ཅི་ཡོད་པས་དབང་བསྐུར་ལ། རྡོ་རྗེ་སློབ་དཔོན་དང་ཕྱོགས་བཅུའི་རྣལ་འབྱོར་པ་ཡོངས་ཀྱིས་ཀྱང་རྡོ་རྗེ་རྒྱལ་པོའི་དབང་ཆེ་གེ་མོས་ཐོབ་པར་གྱུར་ཅིག་ཅེས ་བརྗོད་ལ། བདག་ཉིད་ཀྱིས་ཀྱང་རྡོ་རྗེ་རྒྱལ་པོའི་དབང་བདག་ཆེ་གེ་མོས་ཐོབ་པར་གྱུར་ཅིག་ཅེས་བརྗོད་ལ། ཕྱོགས་བཅུར་གྲགས་པ་བསྐྱེད་ལ་དབང་རྫས་བླང་ངོ་།། དེ་ནས་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བ་ནི།། ་ཧཱུཾ་རང་བཞིན་དབྱེར་མེད་དཀྱིལ་འཁོར་ནས།། འཁོར་བ་མྱ་ངན་འདས་པ་ཡི།། ཆོས་ཀྱི་རྒྱལ་སྲིད་དམ་པ་ནི།། མྱ་ངན་འདས་པའི་ཡོན་ཏན་རྣམས།། རྡོ་རྗེའི་དཀྱིལ་འཁོར་ངས་སྤྲུལ་པས།། རྡོ་རྗེ་སློབ་མ་ཆེ་གེ ་ཁྱོད།། ཆོས་ཀྱི་རྒྱལ་སྲིད་མ་ལུས་པ།། རིགས་ཀྱི་བུ་མཆོག་ཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨཱ་རཱ་ཛ་ཙཀྲ་གྷུ་ཧྱེ་ཤྭ་ར་ཨཱཏྨ་ཀོ&ཧཾ། ཞེས་བརྗོད་ལ་གོང་མ་བཞིན་ནོ།། དེ་ནས་ཡང་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར ་བ་འདི་སྐད་དོ།། ཧཱུཾ་བདེ་གཤེགས་ཐུགས་ཀྱི་སྲས་པོ་དམ་པའི་མཆོག། སྔོན་གྱི་ཐུགས་དམ་བཀའ་དང་མི་འགལ་ཞིང་།། དགོངས་པ་ཡིད་བཞིན་ནམ་མཁའི་མཐའ་དང་མཉམ།། ཕྲིན་ལས་སྐྱབས་མཛད་མ་རིག ་འདྲེན་མཛད་ཅིང་།། ཆོས་ཉིད་དོན་སྟོན་ཁ་ལོ་སྒྱུར་བྱེད་པ།། ཕྲིན་ལས་ཐབས་ཀྱི་རྡོ་རྗེ་སློབ་དཔོན་མཆོག། མ་ལུས་འགྲོ་བ་ཡོངས་ཀྱི་རེ་སྐོང་བ།། སྟོན་པའི་སྒྲོན་མ་མ་ལུས་ཁ་ལོ་འདྲེན།། ཤེས་བྱའི་མཐའ་རྫོགས ་ཡོན་ཏན་ལྷུན་གྱིས་གྲུབ།། སྡུག་བསྔལ་བསྐྱབ་མཛད་མ་རིག་འདྲེན་མཛད་ཅིང་།། ཆོས་ཉིད་དོན་སྟོན་ཁ་ལོ་སྒྱུར་བྱེད་པ།། སངས་རྒྱས་གདུང་འཚོ་བ་རྡོ་རྗེ་སློབ་དཔོན་མཆོག། གང་ཡིན་མངོན་དུ་གྱུར་པ་གྲུབ་པའི ་དབང་།། དབང་མཆོག་མ་ལུས་ཁྱོད་ཀྱིས་འཐོབ་པར་ཤོག། ཨཽ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་རུ་གྷུ་ཧྱེ་ཤྭ་ར་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། དེ་ཡང་གོང་མ་ལྟར་བསྒྲགས་སོ།། དེ་ནས་འབར་བ་ཆེན་པོའི་དབང་བསྐུར་བ ་ནི།། ཧཱུཾ་ཐུགས་རྗེ་ཐབས་མཁས་རང་བྱུང་ཧེ་རུ་ཀ། ཁམས་གསུམ་དབང་བསྒྱུར་རང་བྱུང་བཅོམ་ལྡན་འདས།། གདུག་པ་བསྲེགས་མཛད་འབར་བ་ཆེན་པོ་ནི།། ཆེ་བའི་ཆེ་མཆོག་དབང་མཆོག་ཆེ་བའི་སྐུ།། རྟོགས ་པ་ཐུགས་རྗེ་འབར་བའི་དཀྱིལ་འཁོར་ལ།། ཡེ་ཤེས་མེ་འབར་རྟོགས་པའི་འོད་འབར་ཏེ།། ཁྲོ་ཚོགས་འབར་བའི་དབང་མཆོག་རབ་འབར་བའི།། ཡེ་ཤེས་མེ་དཔུང་འབར་བ་ཆེན་པོའི་དབུས།། གདུག་པ་ཟིལ་གནོན ་མ་རིག་བསྲེག་མཛད་ཅིང་།། སྡུག་བསྔལ་རྒྱ་མཚོ་སྐེམ་པའི་མེས་བསྲེགས་ཤིང་།། མ་རིག་སེམས་ཅན་ཐུགས་རྗེ་ཐབས་འབར་བ།། ཀུན་ལ་མེད་པའི་འབར་བ་ཆེན་པོའི་དབང་།། རིགས་ཀྱི་བུ་མཆོག་དབང་མཆོག ་འཐོབ་པར་ཤོག། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་ཛ་ལ་མ་ཧེ་ཤྭ་ར་ཨཱཏྨ་ཀོ&ཧཾ། དེ་ནས་རིམ་པ་གོང་མ་བཞིན་བྱའོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་རྒྱལ་སྲིད་ལོངས་སྤྱོད་དཔལ ་དང་ལྡན།། འཁོར་ལོ་རིན་ཆེན་གླང་ཆེན་རིན་ཆེན་བདུན།། འཛམ་བུ་གླིང་བཞི་ཡོངས་བསྐོར་བ།། ལྷ་ཡི་རྒྱལ་པོ་མན་ཆད་ནས།། རྒྱུད་དྲུག་སེམས་ཅན་ཐམས་ཅད་ལ།། ཡོངས་སུ་སྐྱོང་བའི་རྒྱལ་པོ ་སྟེ། ཐམས་ཅད་མ་ལུས་འདྲེན་བྱེད་པ།། སེམས་ཅན་ཀུན་གྱི་དོན་བྱེད་ཅིང་།། མ་ལུས་ཡོངས་ལ་དབང་བསྒྱུར་བའི།། རྒྱལ་ཐེབས་གོ་འཕང་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་རི་ཀུ་རུ་མ་ཧ་ཤྭ་ར་གྷཱ་ཧྱེ་ས་མ་ཡཱ ་རཏྣ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ཡང་རིམ་པ་བཞིན་ནོ།། དེ་ནས་རྒྱལ་ཐབས་སྤྱི་བླུག་གི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཐམས་ཅད་ལྷུན་སྡུག་ཀུན་ཏུ་བཟང་པོའི་རྫས།། རང་བཞིན་སྤྲོས་མེད་ཀུན་ཏུ་བཟང་མོའི ་ང་།། གཉིས་མེད་ཐབས་ཀྱི་རྒྱལ་པོས་ཡོངས་ལ་ཁྱབ།། ཐབས་ཀྱི་རྒྱལ་པོས་ཡོངས་ལ་དབང་བསྐུར་ཏེ།། ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས།། ཆོས་ཀྱི་དབྱིངས་ལ་གཅིག་ཏུ་བཞུགས་པ་ཡི།། རང་རིག ་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ།། དོན་དང་སེམས་ཀྱི་ལྷ་ལ་ཕྱག་འཚལ་ལོ།། ཀུན་ཏུ་བཟང་པོ་དྲི་མ་མེད་པ་ཡིས།། ཡོངས་ལ་དབང་བསྒྱུར་སེམས་ཀྱི་རྒྱལ་པོར་ཤར།། རང་སེམས་རྣམ་དག་རྟོགས་པའི་ཡེ་ཤེས ་ཤར།། བྱང་ཆུབ་སྙིང་པོ་བདེ་བ་ཆེན་པོའི་ངང་།། ཐམས་ཅད་མ་ལུས་ལྷུན་གྲུབ་ཆོས་ཀྱི་སྐུ།། ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་འདུས།། སེམས་ཀྱི་རང་བཞིན་ཅི་ཡང་མ་ཡིན་པའི།། ཐིག་ལེ་སྤྲོས་པ་མེད་པའི ་རང་བཞིན་ལ།། མཉམ་པའི་རྒྱལ་པོས་ཀུན་ལ་དབང་བསྒྱུར་ཏེ།། ཆོས་ཉིད་ཐེག་པའི་རྒྱལ་པོ་རྫོགས་པ་ཆེ།། མ་འདྲེས་ཅིར་ཡང་སྟོན་པའི་ཐེག་པའི་མཆོག། འདི་དག་མ་ལུས་མྱུར་དུ་རྫོགས་པའི ་ཕྱིར།། རྒྱལ་ཐབས་སྤྱི་བླུགས་དབང་མཆོག་འདི་བསྐུར་བས།། ཡོངས་ཀྱི་དབང་ཕྱུག་ཐབས་ཀྱི་རྒྱལ་པོར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷཱ་ཧྱེ་རཱ་ཛ་སྟ་ཤ་ནེ་ཤྭ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། དེ་རྣམས་ཀྱང་གོང་མ་བཞིན ་ནོ།། དེ་ནས་རྡོ་རྗེ་རྒྱལ་ཐེབས་ཀྱི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་བླ་མེད་རྒྱལ་བ་རྣམས་ཀྱི་གསང་ཆེན་གང་།། ངེས་པར་བརྟགས་པའི་གོ་འཕང་གང་ཡིན་པ།། བདེ་གཤེགས་གདུང་འཛིན་དགོངས་པ་ཡབ་དང ་མཉམ།། ཐབས་ཀྱི་ཕྲིན་ལས་ལྷུན་རྫོགས་ཉེར་བསྡོགས་ནས།། སྡང་བའི་ཕྱོགས་འདུལ་མ་རིག་འདྲེན་མཛད་པ།། ཐབས་ཀྱི་རྫུ་འཕྲུལ་གདུག་པ་ཤིན་ཏུ་འདུལ།། སྣོད་ལྡན་རྣལ་འབྱོར་འདུལ་བའི་མཆེད་འདྲེན ་པའི།། རྡོ་རྗེ་རྒྱལ་ཐེབས་དབང་རྣམས་ཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷ་ཧྱེ་བཛྲ་བ་ལི་ཀ་གྷ་ར་ཡ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་ཀརྨ་གིང་གི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་འགྲོ་ཀུན་བླ་མེད་ཐར་པའི་ལམ ་སྟོན་ཅིང་།། ངན་སོང་གནས་སྤངས་ཐར་པའི་ཕྲིན་ལས་མཛད།། ཐམས་ཅད་འདུལ་བས་ལས་ཀྱི་ཀརྨར་བསྐོས།། ཕྲིན་ལས་མ་ལུས་རྫོགས་པར་བྱ་བ་དང་།། མཆོད་པ་དུས་དྲུག་གནས་སུ་སྟོབ་པ་དང་།། ལས་དང ་བྱ་བ་མ་ལུས་གཞུང་བསྲང་བའི།། ཀརྨ་གིང་གི་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་གིང་གི་དབང་བསྐུར་བ་ནི་འདི་སྐད་དོ།། ཧཱུཾ་ཐབས་དང ་ས་རབ་ལྡན་པ་ཡི།། གསལ་བ་ཐབས་ཀྱི་འཕྲོ་འདུ་ལས།། ཡང་དག་སྙིང་པོ་རབ་བསྟན་པའི།། བདེ་བའི་ཕྲིན་ལས་འཕྲོ་འདུ་ཡིས།། འཛིན་གིང་སྟོབ་གིང་ལ་སོགས་པའི།། གདུང་བའི་ཐུགས་རྗེ་ཆེན་པོ ་ཡིས།། སེམས་ཅན་གནས་ནས་བཏོན་པ་ཡིས།། འདྲེན་པའི་དམ་པ་བླ་ན་མེད།། ཐབས་ཀྱི་གར་ཐབས་བསྐྱོད་ནས་ཀྱང་།། གིང་གི་དབང་རྣམས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ཀ་ཏ་རི་སྭ་བྷཱ་ཝ་ཨཱཏྨ ་ཀོ&ཧཾ། དེ་ནས་ཉན་པའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཤེས་རབ་རྣམ་གསུམ་དག་པ་ཡིས།། ཤེས་པའི་རྒྱུད་རྣམས་གྲོལ་བའི་ཕྱིར།། བདེ་གཤེགས་བཀའ་ཡི་བྱིན་རླབས་ལས།། དམ་པའི་རྗེས་སུ་གང་བསྒྲུབ ་པཔ།། གསང་ཆེན་ཐུགས་ཀྱི་མན་ངག་དང་།། ཐེག་པ་ཕྱི་ནང་མཐའ་དག་ཀུན།། རྣ་བའི་དབང་པོས་ཉན་པ་དང་།། ཤེས་རབ་བློ་ཡིས་འཛིན་པ་ཡི།། ཉན་པའི་དབང་རྣམས་འཐོབ་པར་ཤོག། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧ་གྷ ་ཧྱེ་དྷརྨཱ་ཁ་ནེ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ།། དེ་ནས་བསྒྲུབ་པའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་རྣལ་འབྱོར་བདེ་ཆེན་སྐུ་གསུང་ཐུགས།། སྡུག་བསྔལ་གནས་ཉིད་བྱང་ཆུབ་རེ་བསྒྲུབས་པའི།། རྫས་ཉིད་ཡེ་ཤེས་ལྔ་རུ་ལྷུན ་གྲུབ་ཕྱག་རྒྱའི་ཚོགས།། རྣམ་ཤེས་ཕུང་པོ་ལྷ་རྣམས་དཀྱིལ་འཁོར་རྫོགས།། སྐྱེ་མཆེད་ཁམས་རྣམས་སངས་རྒྱས་མང་པོའི་ལྷ།། བདེ་གཤེགས་ཐབས་ཀྱི་འབྲས་བུ་གང་ཡིན་པ།། རྣལ་འབྱོར་ཚུལ་ལྡན་ཁྱོད་ཀྱིས ་འགྲུབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཡོ་ག་མ་ཧཱ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་ཕྲིན་ལས་མཐར་ཕྱིན་པའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཤེས་རབ་ཐབས་ཀྱི་རོལ་པའི་ཕྲིན་ལས་ཀྱིས།། ཁམས་གསུམ་སྲིད ་གསུམ་མཐའ་ཡས་པ།། ཐར་པའི་ཕྲིན་ལས་མཛད་པའི་ཕྱིར།། ཞི་རྒྱས་དབང་དང་དངོས་གྲུབ་དང་།། ཏ་ན་ག་ཎའི་སྦྱོར་སྒྲོལ་རྣམས།། རྣལ་འབྱོར་དག་པའི་ཕྲིན་ལས་ཏེ།། ལས་རྣམས་མངོན་པར་རྫོགས་པ ་ཡི།། སངས་རྒྱས་བདེ་བའི་རོལ་པ་ཡི།། ལས་ཀྱི་དབང་མཆོག་གང་ཡིན་པ།། ཕྲིན་ལས་མཐར་ཕྱིན་དབང་མཆོག་འདི།། གནས་འདིར་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་བཛྲ་བ་ལི་ཀ་མ་ཧཱ་ས ་བྷ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་ཐབས་དང་ཤེས་རབ་ཀྱི་དབང་བསྐུར་བ་ནི།། ཤེས་རབ་མཚན་ལྡན་མའི་ལག་པ་གཡས་པ་ནས་བཟུང་ལ་འདི་སྐད་དོ།། ཧཱུཾ་སྐྱེ་མེད་ཆོས་དབྱིངས་རིག་པ་འབྱུང་བའི་ཡུམ།། མཚན་ལྡན་མི ་མོ་མཆོག་གི་རིམ་པའི་རྒྱན།། ཐབས་དང་ཤེས་རབ་དབྱེར་མེད་རོལ་པ་ལས།། ལྷག་པའི་བྱང་ཆུབ་སེམས་ལས་དཀྱིལ་འཁོར་སྨྲོས།། འཕགས་མཆོག་ཀུན་མཉེས་འབྲས་བུ་བདེ་སྒྲུབ་པ།། གཉིས་མེད་བདེ་སྤྱོད་ཆོས ་ཉིད་དག་པའི་རྒྱན།། དགྱེས་པའི་རོ་མཆོག་ཆོས་ཉིད་དབང་མཆོག་འདི།། རྣལ་འབྱོར་སློབ་བུ་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷཱ་ཧྱེ་པྲཛྙཱ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་འཇིག་རྟེན ་ཚེཆེའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཟླ་གམ་དམར་པོ་རྡོ་རྗེ་དབང་གི་ཚེ།། གཞན་གྱིས་མི་འཕྲོག་ཁམས་གསུམ་ཀུན་ལས་རྒྱལ།། ལྷ་མོ་དམར་མོ་རྡོ་རྗེ་འཆི་མེད་ཚེ།། ལེགས་པའི་ཡོན་ཏན་འདོད་པའི་ལོངས་སྤྱོད ་རྫས།། མི་འགྱུར་འཆི་མེད་ཚེ་ལོ་སྟོང་ཕྲག་དང་།། རང་ཉིད་གང་འདོད་ཕུང་པོ་རྡོ་རྗེའི་ཚེ།། ཨཱ་ཡུཿདམར་པོ་ཡོངས་སུ་འགྱུར་མེད་པ།། མི་འཕྲོག་ངེས་པའི་ཚེ་མཆོག་གང་ཡིན་པ།། ཡུན་རིང་གོང་ནས་བསྙེན་བསྒྲུབ ་བསྒྲུབས་པ་ཡིས།། རྡོ་རྗེ་ཚེ་ཡི་དབང་མཆོག་གང་ཡིན་པ།། རིགས་ཀྱི་བུ་མཆོག་འདི་དག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ཨཱ་ཡུཛྙཱ་ན་བྷིརྞྞ་ཡུ་ཚེ་ཤྭ་ར་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་དངོས་གྲུབ་རྣམ་པ ་གསུམ་གྱི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རིན་ཆེན་དབྱིག། འཇིག་རྟེན་འདས་དང་འཇིག་རྟེན་འདི་དག་ན།། ཚེ་དང་ལོངས་སྤྱོད་དཔལ་དང་གཟི་བྱིན་དང་།། འབྱོར་པ་ཀུན་རྫོགས ་བསམ་ཀུན་རྫོགས་པ་ཡི།། རྫུ་འཕྲུལ་མཐུ་སྟོབས་ཆེ་བ་སྣ་ཚོགས་པའི།། འཇིག་རྟེན་འདི་ཡི་དངོས་གྲུབ་ཐམས་ཅད་དང་།། འཇིག་རྟེན་འདས་པའི་དངོས་གྲུབ་གང་ཡིན་པ།། བྱང་ཆུབ་ས་མཆོག་སྟུག་པོས་བརྒྱན་པ ་ཡིས།། སངས་རྒྱས་ས་གསུམ་འཕགས་པའི་ཡོན་ཏན་ཚོགས།། སྐུ་དང་ཡེ་ཤེས་བཞི་དང་ཕོ་བྲང་དང་།། འཕགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ།། དེ་ཡི་ལེགས་པའི་འབྲས་བུ་ཐམས་ཅད་དང་།། འཇིག་རྟེན ་མཚན་མ་རྫས་ཀྱི་དངོས་གྲུབ་པ།། གཉིས་མེད་ལོངས་སྤྱོད་བདུད་རྩི་སྨན་ལ་སོགས།། དེ་དག་དངོས་གྲུབ་དབང་མཆོག་གང་ཡིན་པ།། རིགས་ཀྱི་བུ་མཆོག་དེ་རིང་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ ་སིདྡྷི་ཕ་ལ་བྷྲཱུཾ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཁམས་གསུམ་ཀུན་ན་བླ་ན་མེད་པ་ཡི།། ཆེ་བཙན་གར་གྱིས་འགྲན་གྱི་དོ་མེད་པ།། ཆེ་བའི་ཆེ་བ་དབང ་ཕྱུག་ཆེ་བའི་ལྷ།། ཞེ་སྡང་ཐུགས་རྗེའི་མེ་འབར་ཁྲོ་མཆོག་ཧཱུཾ་སྒྲ་ཅན།། སྡང་བའི་ཕྱོགས་འདུལ་བདུད་སྲིན་འདུལ་བའི་ལྷ།། དབང་ཕྱུག་ཆེན་པོ་དཔལ་གྱི་ཀིང་ཀ་ར།། དྲེགས་པ་དབང་སྡུད་དབང་ཕྱུག་དམ་ལ ་འདོགས།། ཁམས་གསུམ་ཚོགས་འཇོམས་དྲེགས་པ་འཇོམས་པའི་མཐུ།། ཁེངས་པ་ཀུན་འདུལ་ཁམས་གསུམ་སྒྲོལ་བའི་མཐུ།། ཡོངས་ལ་དབང་བསྐུར་གང་གིས་མི་ཐུབ་མཐུ།། བདུད་བགེགས་ཚར་གཅོད་པར་ཆད ་སྒྲོལ་བའི་མཐུ།། མཐུ་སྟོབས་ཕུན་སུམ་ཚོགས་པའི་དབང་མཆོག་རྣམས།། རྡོ་རྗེའི་སློབ་མ་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ཧ་ན་དྷ་ཧ་པ་ཙ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་འཆད་པའི་དབང ་བསྐུར་བ་འདི་སྐད་དོ།། ཧཱུཾ་སྐུ་གསུང་ཐུགས་ཀྱི་འདུལ་བ་རྣམ་གསུམ་ལས།། གསུང་རབ་རྒྱ་མཚོ་དམ་ཆོས་བདུད་རྩིའི་མཛོད།། ཆོས་ཀྱི་ཆར་འབེབས་འགྲོ་བའི་རྒྱུད་འགྲོལ་བ།། ཐེག་པའི་བྱེ་བྲག་མ ་འདྲེས་དོན་སྟོན་པ།། སྣོད་ལྡན་སློབ་མའི་ཤེས་པའི་རྒྱུད་བཀྲོལ་ནས།། ཆོས་ཉིད་དོན་རྟོགས་བདེན་པའི་ལམ་འཛུད་པ།། སངས་རྒྱས་རྣམས་ཀྱི་བཀའ་གསང་དམ་པ་ཡི།། དམ་ཆོས་མཐའ་དག་མ་ལུས་འཆད་པའི ་དབང་།། ཆོས་རྣམས་འཆད་པའི་དབང་རྣམས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བྷུ་ཧྱེ་དྷརྨཱ་དྷཱ་ཏུ་ཏི་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་རྒྱན་ཆས་རྟགས་ཀྱི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང ་བའི་ལོངས་སྤྱོད་རྒྱན།། རིགས་ལྔ་རིན་ཆེན་དབུ་རྒྱན་འདི་བཅིངས་པས།། ཡེ་ཤེས་ལྔ་དང་རིགས་ལྔ་དབྱེར་མེད་པའི།། རིགས་ལྔའི་དབུ་རྒྱན་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་བྷུདྡྷ་ས་ཏྭ། ་བཛྲ་ས་ཏྭ། རཏྣ་ས་ཏྭ། པདྨ་ས་ཏྭ། ཀརྨ་ས་ཏ། སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་རིན་ཆེན་སྙན་ཆ་འདི།། གནས་པ་མ་འགགས་རིན་ཆེན་སྙན་ཆའི ་མཆོག། སིལ་སྙན་སྙན་པའི་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་རཏྣ་བི་མ་ལིང་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་རིན་ཆེན ་མགུར་ཆུ་འདི།། ཡོན་ཏན་མཐར་ཕྱིན་མཁྱེན་པའི་སྐུར་རྫོགས་རྟགས།། མགུར་ཆུ་རིན་ཆེན་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་རཏྣ་ཀུ་ན་སྭ་ཝ་ཨཱཏྨ་ཀོ&ཧཾ། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི ་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་ཕྲེང་བ་འདི།། ཆེ་བའི་ཡོན་ཏན་རྒྱན་རྟགས་རིན་ཆེན་ཕྲེང་།། དོ་ཤལ་ཕྲེང་བའི་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ན་མ་ཀུ་ཏ་སྭ་བྷཱ་ཝ་ཨཱཏྨ ་ཀོ&ཧཾ། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་རིན་ཆེན་དཔུང་རྒྱན་འདི།། མི་འཇིགས་བཞི་ལ་མངའ་བརྙེས་དཔུང་རྒྱན་རྟགས།། གསེར་གྱི་དཔུང་རྒྱན་དབང་མཆོག་འཐོབ་པར ་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་རཏྣ་བྱི་ཤྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་རིན་ཆེན་ཕྱག་གདུབ་འདི།། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས་སུ ་བསྟན།། ཕྱག་གདུབ་བསིལ་སྙན་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་རཏྣ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ།། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་ཕྱག་གདུབ ་དམ་པ་འདི།། སྟོབས་བཅུ་རྣམ་པར་དག་པའི་རྟགས་སུ་བསྟན།། ཕྱག་གདུབ་བསིལ་སྙན་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་རཏྣ་བྷི་དུ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ།། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང ་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་དར་གྱི་ཤམ་ཐབས་འདི།། མཁྱེན་པའི་བྱེ་བྲག་མ་འདྲེས་གསལ་བའི་རྟགས།། བསྟྲ་ཤམ་ཐབས་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ ་ཧ་གྷུ་ཧྱེ་ས་མུངྒ་ཏེ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་ཉི་ཟླ་པདྨའི་གདན།། ཐབས་དང་ཤེས་རབ་མ་ཆགས་པདྨའི་གདན།། གདན་གྱི་དབང་མཆོག་དམ ་པ་འཐོབ་པར་ཤོག། ཨཱ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་སཱུརྱ་ཙནྡ་པདྨ་དྷ་ར་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་རིན་ཆེན་ཁྲི་རྐང་འདི། འགྲོ་བའི་རེ་སྐོང་ཡོན ་ཏན་བཞི་ཡི་རྟགས།། རིན་ཆེན་ཁྲི་རྐང་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་རཏྣ་ར་ཏྲི་ཏྲཾ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། ཧཱུཾ་ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན ་གླང་ཆེན་སེང་ལ་སོགས།། མི་འཇིགས་སྟོབས་དང་རྫུ་འཕྲུལ་དབང་དང་ལས།། ཐོགས་པ་མེད་པའི་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷཱ་ཧྱེ་ཛྙཱ་ན་དྷ་ར་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ།། ཧཱུཾ་ཆོས་ཉིད་ཅིར ་ཡང་སྣང་བའི་ལོངས་སྤྱོད་རྒྱན།། ནང་རྟགས་ཕྱིར་བསྟན་དར་དཔྱངས་ཁ་དོག་གསུམ།། ཆོས་ཀྱི་རྒྱལ་སྲིད་ཀླུ་འདུལ་ཕྲིན་ལས་བཞི།། དར་དཔྱངས་དབང་མཆོག་དམ་པ་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ ་ཧྱེ་དྷརྨཱ་རཱ་ཛ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། ཧཱུཾ་རྡོ་རྗེ་འཁོར་ལོ་པདྨ་རིན་ཆེན་དང་།། རལ་གྲི་ཆོས་ཀྱི་སྒྲ་སྒྲོགས་དྲིལ་བུ་དང་།། ཆོས་ཀྱི་འཁོར་ལོ་ཡེ་ཤེས་ལྔ་དང་ལྡན།། དགོས་འདོད་རེ་སྐོང་ཕྱག་རྒྱའི་ཕྲིན་ལས་རྫོགས།། ཕྱག ་རྒྱའི་དབང་མཆོག་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ་ཙཀྲ་བཛྲ་རཏྣ་ཀརྨ་བཛྲི་ར་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱིས་དབང་བསྐུར་བ་འདི་སྐད་དོ།། ངོ་ལ་ཞག་གི་ཚོམ་བུ་བྱས ་ལ།། ཧཱུཾ་ཧེ་རུ་ཀ་ཡི་གནས་བཅུ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། ཞིང་ཆེན་གསར་རྙིང་ཏི་རར་བཅས།། དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ།། ཞག་གི་ཚོམ་བུས་མཚན་པ་ཡིས།། འདི་ཡང་སྔོན་གྱི་དམ ་ཚིག་ལ།། འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ།། ཆོས་ཉིད་ཞག་གི་ཚོམ་བུས་དབང་བསྐུར་བས།། ཆོས་ཉིད་དབྱིངས་ལས་རྒྱལ་བ་དང་།། གདུག་པ་ཐབས་ཀྱིས་འདུལ་བ་དང་།། ཆེ་བའི་ཡོན་ཏན་རྒྱས་པ་དང་།། ཆོས་ཉིད ་ཞག་གི་དབང་འཐོབ་ཤོག། ཨཱ~ཾ་ང་ཏ་བྷ་ག་ཏ་ཨ་ལ་ལ་ཧོ།། དེ་ནས་ཁྲག་གི་ཐིག་ལེ་བྱས་ལ་འདི་སྐད་དོ།། ཧཱུཾ་ཧེ་རུ་ཀ་ཡི་གནས་བཅུ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས།། དཔལ་ཆེན་ཁྲག་འཐུང་སྤྱན་དྲངས ་ཏེ།། ཞིང་ཆེན་གསར་རྙིང་ཏི་རར་བཅས།། དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ།། ཁྲག་གི་ཐིག་ལེས་མཚན་པ་འདི།། འདི་ཡང་སྔོན་གྱི་དམ་ཚིག་ལ།། འདི་ཡང་རྟགས་ཀྱི་ཕྱག་རྒྱ་སྟེ།། འདོད་ཆགས་གནས་སུ་དག་པ ་ཡི།། ཁྲག་གི་ཐིག་ལེས་དབང་བསྐུར་བས།། གཏུམ་ཁྲོ་དྲག་པོ་འཇོམས་པ་དང་།། ང་རྒྱལ་དྲག་པོ་འཇོམས་མཛད་པའི།། དབང་མཆོག་དམ་པ་འཐོབ་པར་ཤོག། ཨོཾ་མ་ཧཱ་རཀྟ་ན་ཏི་ལ་ཀ་ཧཱུཾ། དེ ་ནས་ཐལ་ཆེན་གྱིས་མཚན་མ་བྱས་ལ་འདི་སྐད་དོ།། ཧཱུཾ་ཧེ་རུ་ཀ་ཡི་གནས་བཅུ་དང་།། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་།། དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས།། ཞིང་ཆེན་གསར་རྙིང་ཏི་རར ་བཅས།། དམར་གྱི་ཨརྒྷ་རྒྱ་མཚོར་བསྐྱིལ།། ཐལ་བའི་མཚན་མས་བརྒྱན་པ་འདི།། གདུག་པ་མ་ལུས་རབ་འདུལ་བ།། ཆེ་བའི་བདག་པོ་ཀུན་གྱི་བདག། ཐམས་ཅད་ཀུན་ཏུ་དཔའ་བའི་བདག། གདུག་པ་ཟིལ ་གནོན་ཐལ་བའི་མཚན།། དབང་མཆོག་འདི་ཡི་དབང་བསྐུར་བས།། ཁམས་གསུམ་གདུག་པ་ཐལ་བར་རློག། དེ་འདྲའི་དབང་མཆོག་འཐོབ་པར་ཤོག། ཨོཾ་བ་ཏ་བ་ཡ་ཧཱུཾ། དེ་ནས་ཐོད་པ་སྐམ་རློན་གྱི་ཕྲེང་བ་ཐོགས ་ལ་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་དུར་ཁྲོད་ཁོང་སེང་དབང་པོ་ལྔ་དང་ལྡན།། སྐུ་གསུམ་ཚུལ་འཆང་སྐམ་རློན་ར་རིས་ཚུལ།། འཁོར་བ་གནས་སུ་སྡུད་པའི་ཐབས་ཀྱི་ཕྲེང་བའི་རྒྱན།། ཁམས་གསུམ་ཐོགས་མེད་ཕྲེང ་བས་དབང་བསྐུར་བས།། སྐུ་གསུང་ཐུགས་ཀྱི་དབང་མཆོག་འཐོབ་པར་ཤོག། ཨོཾ་པདྨ་བྷནྡྷ་ཀ་པཱ་ལ་ཧ་སྟ་ཧཱུཾ། དེ་ནས་སྦྲུལ་གྱི་ཆུན་པོས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་རྒྱན་དུ ་ཆེ།། སྦྲུལ་ནག་སྟོང་གིས་བརྒྱན་པའི་རྔོམ་བརྗིད་ཅན།། སྐུ་ལ་མཆོད་ཕྱིར་སྐུ་ཡི་གནས་ལྔར་འཁྲིལ།། དུག་ལྔ་མ་སྤངས་དབང་གི་ཐབས་སུ་སྟོན།། མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོས་འཇོམས།། རྫུ ་འཕྲུལ་ཤུགས་ཀྱིས་ཀླུ་རྒྱལ་དབང་དུ་སྡུད།། གཏི་མུག་རྣམ་འདུལ་དབང་ཕྱུག་ཡིན་པའི་ཕྱིར།། སྦྲུལ་ནག་སྟོང་གི་ཆུན་པོས་དབང་བསྐུར་བས།། ཞེ་སྡང་དྲག་པོ་འབར་བའི་གནས་དག་ནས།། ཐབས་མཁས་རྒྱལ་པོ ་མཉེས་པའི་དབང་འཐོབ་ཤོག། ཨོཾ་བཛྲ་ནཱ་ག་རཱ་ཙ་ཧ་ཧ་རུ་ལུ་ཧཱུཾ་ཕཊ།། རྡོ་རྗེའི་གཤོག་པས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཁམས་གསུམ་ཡོངས་ལ་ཁྱབ་པའི་གཤོག་པ་འདི།། ཀུན་ལ་ཁྱབ་པས་ཐུགས་རྗེ་འབྱུང ་བའི་ཡུམ།། མ་ལྟར་བྱམས་པས་ཡོངས་ལ་སྐྱོབ་པའི་ཚུལ།། ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི།། ཕྱོགས་བཅུར་ཁྱབ་པའི་གཤོག་པས་དབང་བསྐུར་བས།། ཕྱོགས་བཅུར་ཁྱབ་པའི་ཆོས་ལ་དབང་བསྒྱུར ་བའི།། རྡོ་རྗེའི་དབང་མཆོག་དམ་པ་འཐོབ་པར་ཤོག། ཨོཾ་ཛ་ལི་ནི་བཛྲ་སུམ་བྷ་ནི་ཧཱུཾ། དེ་ནས་ཞིང་གི་གཡང་གཞིས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཁམས་གསུམ་རྟགས་སུ་གསོལ་བའི་དུར་ཁྲོད་བདག། གཡང ་གཞི་ཚེའུ་སྡུག་སྐུད་པ་སྐུ་ལ་བཅིངས།། འཁོར་བ་མ་སྤངས་གནས་སུ་དག་པ་ཡི།། དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར།། ཞིང་ཆེན་གཡང་གཞིས་ཁྱོད་ལ་དབང་བསྐུར་བས།། ཞིང་ཆེན་རློན་པ་ཐབས་ལ ་མཁས་པ་ཡིས།། འཁོར་བའི་གནས་ནས་མ་ལུས་ཐར་བར་ཤོག། ཨོཾ་བཾ་སྣི་ག་ཏ་ཁང་ཧཱུཾ། དེ་ནས་སྟག་ལྤགས་ཀྱི་ཤམ་ཐབས་ཀྱིས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས ་ཅན།། སྟག་ལྤགས་ཤམ་ཐབས་དཔའ་བར་བསྟན་པ་ཡིས།། སུག་སྡོམ་འདོམས་སུ་བསྣོལ་བས་ཕྱི་ནང་གསང་བ་གཅིག། ཕྲག་དོག་གནས་འཇོམས་སྟག་ལྤགས་དབང་བསྐུར་བས།། ཞེ་སྡང་གནས་འཇོམས་ཕྲག ་དོག་ཀུན་རྒྱལ་བའི།། དབང་མཆོག་དམ་པ་གནས་འདིར་འཐོབ་པར་ཤོག། ཨོཾ་བཛྲ་བྱ་གྷྲྀ་སུ་ག་ཧཱུཾ། དེ་ནས་གླང་པོ་ཆེའི་ཀོ་རློན་གྱིས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་ནི།། གཏི་མུག ་མ་སྤངས་གནས་སུ་དག་པའི་རྒྱན།། ན་བཟའ་རྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང་།། ཐབས་ཀྱི་ཀོ་རློན་རྒྱན་གྱི་དམ་པ་ཡིས།། གང་ལ་དམིགས་པའི་དབང་མཆོག་འདི་བསྐུར་བས།། སྟོབས་ཀྱིས་རྒྱལ་བའི་དབང ་མཆོག་འཐོབ་པར་ཤོག། ཨོཾ་མ་ཧཱ་ར་ཏ་པ་ཤ་ཧཱུཾ།། དེ་ནས་བསྐལ་པའི་མེ་རིས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་འབར་བ་འཕྲོ་བའི་ཡེ་ཤེས་ཐུགས་དང་ལྡན།། གདུག་པའི་ཚོགས་འཇོམས་ཉོན་མོངས་དུག་སེལ ་བ།། བསྐལ་པའི་མེ་དཔུང་འབར་བའི་སྟོངས་ལ་གནས།། ཡེ་ཤེས་གསལ་བས་ཕྱོགས་བཅུའི་མུན་པ་སེལ།། བསྐལ་པའི་མེ་རི་འབར་བས་དབང་བསྐུར་བས།། བར་ཆོད་བགེགས་ཀྱི་རྟོག་པས་མི་ཚུགས ་ཤིང་།། མཚན་མ་འཛིན་རྟོག་མེད་པའི་དབང་འཐོབ་ཤོག། ཨོཾ་ཛ་ལ་བཛྲ་རཾ་ཧཱུཾ།། དེ་ནས་ཁ་ཊྭཱཾ་ལ་སོགས་པ་ཁྲོ་བོའི་ཕྱག་མཚན་སྣ་ཚོགས་པས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་བདུད་དཔུང་འཇོམས་པའི་རྟགས་ཀྱི ་ཕྱག་རྒྱ་སྟེ།། གདུག་པ་འདུལ་ཕྱིར་ཕྱག་མཚན་སྣ་ཚོགས་བསྣམས།། རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་བེ་ཅོན་དང་།། རལ་གྲི་དགྲ་སྟ་ཁྲ་དང་གཤོལ་ལ་སོགས།། གདུག་པའི་ཕྱག་མཚན་མཚོན་ཆ་སྣ་ཚོགས་ཀྱིས།། དཔའ་བོ ་བདུད་ལས་ཀུན་ཏུ་རྒྱལ་བ་དང་།། ཚམ་རྔམས་སྟབས་ཀྱིས་དྲེགས་པ་འདུལ་བ་ཡི།། ཉོན་མོངས་ཚར་གཅོད་སྡང་བ་འདུལ་བ་དང་།། ཁམས་གསུམ་དྲེགས་པ་ཀུན་ལས་རྒྱལ་བ་ཡི།། དབང་མཆོག་དམ་པ་དེ་ཡང ་འཐོབ་པར་ཤོག། ཨོཾ་བཛྲ་ཙཀྲ་ཤིག་རི་དུམ་བུ་སྥོ་ཏ་ཡ་ཚལ་པ་ཧཱུཾ།། དེ་ནས་ལོངས་སྤྱོད་རྫས་ཀྱིས་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་དམ་རྫས་དག་པ་ལྔ་དང་ཞལ་ཟས་ལྔ།། སྐུ་ལྔ་འཁོར་ལྔ་གསུང་ལྔ་དབྱེར་མེད ་པའི།། འདོད་པའི་ཡོན་ཏན་བཟའ་དང་བཅའ་བ་དང་།། བཏུང་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་པའི།། དབང་མཆོག་དམ་པ་འདི་ཡིས་དབང་བསྐུར་བས།། བདེ་བ་ཆེན་པོའི་རྒྱན་གྱི་ལོངས་སྤྱོད་རྫས།། གང ་ཡང་མ་སྤངས་ཐམས་ཅད་ལྷུན་གྲུབ་པའི།། དབང་མཆོག་དམ་པ་དེ་ཡང་འཐོབ་པར་ཤོག། ཨོཾ་བཛྲ་ནིརྨ་ཙ་ལ་ཧཱུཾ།། དེ་ནས་ལོངས་སྤྱོད་ལ་རོལ་པའི་དབང་བསྐུར་བ་འདི་སྐད་དོ།། ཧཱུཾ་ཡིད་བཞིན་བདེ་མཆོག་སྐུ ་གསུང་ཐུགས་ཀྱི་རྒྱན།། ཅིར་ཡང་ལོངས་སྤྱོད་དོན་ལ་གཡོས་པ་མེད།། ཆོས་ཉིད་ལོངས་སྤྱོད་བདེ་བ་ཆེན་པོའི་རྒྱན།། གང་ཡང་མ་སྤངས་ཆོས་ཉིད་དག་པར་རོལ།། བདེ་ཆེན་ལོངས་སྤྱོད་འདི་ལས ་གཞན་ན་མེད།། ཐམས་ཅད་མ་སྤངས་གཉིས་མེད་རོལ་པ་ཡིས།། རོལ་པ་ཉིད་ཀྱི་འབྲས་བུ་འཐོབ་པ་ཡི།། དབང་མཆོག་དམ་པ་དེ་ཡང་འཐོབ་པར་ཤོག། ཨོཾ་བཛྲ་ནིརྨ་ཁ་ཁ་ཧཱུཾ། དེ་ནས་ཕྱི་ནང་གསང་བ་གསུམ་གྱི ་དབང་བསྐུར་ཏེ།། ཕྱིའི་དབང་ནི་ཕྱི་རྣལ་འབྱོར་ཕྱི་བ་ཐུབ་པའི་རྒྱུད་ལས་བྱུང་ངོ་།། ནང་གི་དབང་ནི་སློབ་མའི་ཕུང་པོ་དང་རྣམ་པར་ཤེས་པ་ལ་གསང་བའི་དཀྱིལ་འཁོར་གྱི་ལྷ་བཀོད་ལ་འདི་སྐད་དོ།། ཧཱུཾ་སྟོང་ཉིད་མི ་དམིགས་རྣམ་དག་དཀྱིལ་འཁོར་ན།། བདེ་གཤེགས་ཐུགས་རྗེ་ཅན་ཀུན་རྒྱན་དུ་བཞུགས།། ཕུང་པོ་མ་སྤངས་རྣམ་དག་དཀྱིལ་འཁོར་ལ།། གསལ་ཞིང་རྫོགས་པའི་དབང་རྣམས་འཐོབ་པར་ཤོག། ཨོཾ་བཛྲ་དྷེ་ཝ་ཌཱ་ཀི ་ནི་དྷརྨ་དྷཱ་ཏུ་མཎྜ་ལ་ཧཱུཾ། དེ་ནས་ལྷག་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་འདི་སྐད་དོ།། ཧཱ་དྲི་མེད་སྐྱོན་བྲལ་ཁ་དོག་དམར་པོའི་མདོག། པདྨ་རཀྟ་ཆགས་པ་ཆེན་པོའི་གནས།། ཆོས་ཉིད་ཆགས་པས་འགྲོ་དོན ་མཐར་ཕྱིན་ཅིང་།། བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་པ་དང་།། བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས།། དཀར་ལ་དག་པ་མུ་ཏིག་དྲི་མ་མེད།། ཤིན་ཏུ་འཚེར་བ་ཆོས་ཉིད་བྱང་ཆུབ་སེམས།། དོན་དམ་དབྱེར་མེད ་བྱང་ཆུབ་ཆེ་བའི་ངང་།། གཉིས་མེད་རོལ་པས་ཆགས་པའི་བྱང་ཆུབ་སྟེ།། ཐར་པའི་ལམ་མཆོག་གནས་འདྲེན་ཅིང་།། འཁོར་བའི་འཁོར་ལས་ཀུན་རྒྱལ་དབང་འཐོབ་སྟེ།། ཡེ་ཤེས་བྱང་ཆུབ་སེམས་ཀྱི་དབང་ཐོབ ་ཤོག། ཨོཾ་བོ་དྷི་ཙིཏྟ་ཀ་མ་ལ་ཙིཏྟ་ཧཱུཾ།། དེ་ནས་དབང་མ་ལུས་འགྲོ་བ་ཡོངས་ཀྱི་རེ་བ་སྐོང་བར་བསྐུར་བ་ནི།། ཧཱུཾ་སྟོན་པའི་སྒྲོན་མ་མ་ལུས་ཁ་ལོ་འདྲེན།། ཤེས་བྱའི་མཐར་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ།། སྡུག ་བསྔལ་སྐྱབས་མཛད་མ་རིག་འདྲེན་མཛད་ཅིང་།། ཆོས་ཉིད་དོན་སྟོན་ཁ་ལོ་སྒྱུར་བྱེད་པ།། སངས་རྒྱས་གདུང་འཚོ་བ་རྡོ་རྗེ་སློབ་དཔོན་མཆོག། གང་ཡིན་མངོན་དུ་གྱུར་པ་གྲུབ་པའི་དབང་།། དབང་མཆོག་མ་ལུས ་ཁྱོད་ཀྱིས་འཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གྷུ་ཧྱེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་བསྐུར་བའི་རྒྱུད་ལས།། དབང་ཡོངས་རྫོགས་བསྐུར་བར་བྱ་བའི་ཕྲིན་ལས་ཀྱི ་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་སངས་རྒྱས་ཀྱིས་གསོལ་པ། དབང་གི་དཀྱིལ་འཁོར་གྱི་གསུང་གི་དཀྱིལ་འཁོར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི ་གསུང་གི་དཀྱིལ་འཁོར་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་རྣམས་ལ་བཀའ་སྩལ་པ། གསུང་གི་དཀྱིལ་འཁོར་གྱི་དོན་ཡིད་ལ་ཟུང་ཞིག། ཨཱཀྵ། ཥ་ཐ་ཊ་ཏ་ཌ་ད། བྷ་དྷ་ཎ་ན། ཀ་ཁ་ག་གྷ། ཙ ་8\ུ0f7f། བ་བ་ཥྚ། 1[]། 2་ལ། པཉམམམ། 5!། []། ས?་ཀྵ། !། !། !ཀྵ་། ནྡནཿ། ཨཿཏཱཐཱ་ག་ཞན། བཉཀ་རྲཿ། ་མ་ཡ་སྟྭཾ། ས་མ་ཡ་ཧཱུཾ། བསྐྱེད་པའི་སྙིང་པོ་གཞན་བཞིན་ནོ།། གཞན་ཡང་དེ་ལ་ཁྲོ་བོར་སྤྲོས།། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་བསྐུར་བའི་རྒྱུད་ལས། གསུང་གི ་ལེའུ་སྟེ་ལྔ་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་དབང་བསྐུར་བའི་ཡོན་ཏན་འདི་དག་འཁོར་རྣམས་ལ་གསུངས་སོ།། དབང་བསྐུར་བ་ཡི་ཕན་ཡོན་ནི། ཡང་དག་ཉིད་དུ་བཤད་བྱ་སྟེ།། ཆོས་ཀྱི་དཀྱིལ ་འཁོར་ལོ་བསྐོར་བ་ཡང་།། དབང་བསྐུར་ནས་ནི་བསྐོར་བར་བྱ།། བསྒྲུབ་པ་གསང་བའི་དཀྱིལ་འཁོར་ཡང་།། དབང་བསྐུར་ནས་ནི་བསྒྲུབ་པར་བྱ།། ཕྲིན་ལས་མཐའ་དག་བྱ་བ་ཡང་།། དབང་བསྐུར་ནས་ནི་བྱ་བར ་འབྱུང་།། དབང་བསྐུར་གནང་བ་ཐོབ་ནས་ཀྱང་།། གང་བརྩམ་ལས་དེ་འགྲུབ་པར་ངེས།། དབང་བསྐུར་བ་ཡི་ཡོན་ཏན་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ལ།། ཡིད་ལ་ཅིར་དགར་དབང་ཡང་བསྒྱུར།། མ་མོ ་མཁའ་འགྲོ་བྲན་བཞིན་བཀོལ།། ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས།། འཇིག་རྟེན་འདི་ཡི་ཡོན་ཏན་ཀྱང་།། བསམ་གྱིས་མི་ཁྱབ་འགྲུབ་པར་འགྱུར།། དམྱལ་བར་སྐྱེ་བར་ངེས་ན་ཡང་།། དབང་བསྐུར་བ་ཡི་ཡོན ་ཏན་གྱིས།། དམྱལ་བར་ནམས་ཀྱང་མི་ལྟུང་སྟེ།། ངན་སོང་གསུམ་པོ་ཀུན་སྤངས་ནས།། བླ་མེད་འབྲས་བུ་འགྲུབ་པར་འགྱུར།། ཚེ་ཟད་འཆི་བར་ངེས་ན་ཡང་།། དབང་འདི་རབ་ཏུ་བསྐུར་ནས་ནི།། ཚེ་ཟད་འཆི་བར ་ངེས་པ་ཡང་།། ཚེ་ཚད་དཔག་མེད་ཐོབ་པར་འགྱུར།། གཞན་ཡང་ཚེ་འདིའི་ཡོན་ཏན་ཡང་།། བརྗོད་ཀྱིས་མི་ལང་འཐོབ་པར་འགྱུར།། འཇིག་རྟེན་འདས་པའི་ཡོན་ཏན་ནི།། རིག་འཛིན་རྣམ་གསུམ་ཡན་ཆད ་ནས།། ཀུན་ཏུ་བཟང་པོའི་དགོངས་པ་ཀུན།། སངས་རྒྱས་ཡོན་ཏན་ཐམས་ཅད་ཀུན།། སེམས་ཀྱིས་བསམས་བཞིན་ལྷུན་གྱིས་གྲུབ།། ཆོས་ཀྱི་དབྱིངས་སུ་སངས་རྒྱས་ཏེ།། འབྲས་བུ་རྫོགས་པའི་ངང་ལ ་གནས།། གཞན་ཡང་དབང་གི་རིམ་པ་ནི།། ཚིག་ཏུ་བརྗོད་ཀྱིས་མི་ལངས་སོ།། དོན་ལ་ཡིད་བཞིན་ནོར་བུ་འདྲ།། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་གི་ཡོན་ཏན་གྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང ་སྟོན་པ་ཀུན་ཏུ་བཟང་པོས། དབང་མ་བསྐུར་བའི་སྐྱོན་འདི་དག་ཀྱང་གསུངས་སོ།། དབང་མ་བསྐུར་བའི་སྐྱོན་རྣམས་ནི།། ངེས་པ་ཉིད་དུ་ཤེས་པར་གྱིས།། དབང་བསྐུར་གནང་བ་མ་ཐོབ་པར།། གང་ཞིག་སྔགས་ལ ་འཇུག་བྱེད་ཅིང་།། ཉན་ཅིང་སྒྲུབ་པར་བྱེད་པ་རྣམས།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། སློབ་དཔོན་མཉེས་པར་མ་བྱས་ན།། དབང་ཐོབ་ན་ཡང་མི་ཕན་ནོ།། དབང་མ་ཐོབ་པར་བརྩམ་པ་དང་།། ཉམས་མ ་བརྟས་པར་ཁལ་འགེལ་བ།། དེ་དག་ཕུང་བའི་རྒྱུ་ཡིན་ནོ།། དབང་མ་ཐོབ་པའི་གང་ཟག་ནི།། གཞན་མ་ཡོན་ཏན་གང་ཚང་ཡང་།། འཁོར་ལོ་སྲོག་ཤིང་མེད་པ་འདྲའོ།། བསྒྲུབ་པ་ཞག་གྲངས་དུས་ཚང ་ཡང་།། རྟགས་ཀུན་ཕྱིན་པར་མི་འགྱུར་རོ།། དེ་ཡང་དབང་མ་ཐོབ་པའི་སྐྱོན།། མཆོད་པ་བསྙེན་བསྒྲུབ་ཤུགས་ཕྱུང་ཡང་།། དངོས་གྲུབ་ཐོབ་པར་མི་འགྱུར་ན།། དེ་ཡང་དབང་མ་ཐོབ་པའི་སྐྱོན།། སྔགས་པ་དབང་མེད ་རས་གཅོད་མཁན།། སྨྱོ་དང་མཛེ་དང་ལྐུགས་པ་དང་།། རིམས་དང་མུ་གེ་འཁྲུག་པ་དང་།། ནད་རྣམས་སྣ་ཚོགས་འབྱུང་བ་ཡང་།། སློབ་དཔོན་དེ་ཡི་རྒྱུ་ལས་འབྱུང་།། དབང་བསྐུར་གནང་བ་མ་ཐོབ་པར།། རིག་པ ་ཤེས་རབ་རྩལ་རྫོགས་ཀྱང་།། སློབ་དཔོན་བྱ་བར་མི་འབྱུང་ངོ་།། གང་ཞིག་སྔགས་ལ་སྤྱོད་འདོད་ན།། ཤེས་པར་གྱིས་ལ་དབང་རྣམས་ནོས།། རྣལ་འབྱོར་སྔགས་པ་ཚེ་ཟུང་དང་།། རྡོ་རྗེ་ལྕམ་དྲལ་རྐྱེན་འོང་བ།། དམ ་སྲི་ལངས་པ་མ་ཡིན་ཏེ།། འཕགས་པ་ཉིད་ཀྱི་བཀའ་ཆད་ཡིན།། རང་དགའ་རུང་རུང་བྱེད་པ་ལ།། སངས་རྒྱས་ཀོ་ལོང་མི་མཛད་ན།། རང་གི་གཟུགས་ཕུང་བརླག་ཏ་རེ།། གཞན་ཡང་དབང་རྣམས་མ་ཐོབ ་པར།། རས་ཆོད་བྱེད་པའི་སྐྱོན་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་ནའང་།། འཇིགས་ལ་སྐྲག་པས་ལོ་ཙཱ་བས་བོད་ལ་མ་བསྒྱུར་རོ།། དེ་བས་རྣལ་འབྱོར་སྔགས་འཆང་གིས།། དམ་པའི་དོན་དུ་དབང་འདི ་ནོས།། རང་ལ་རང་རྫུན་མ་བསླུ་བར།། སངས་རྒྱས་བཀའ་འདི་གཞུང་བཞིན་གྱིས།། མན་ངག་ཐམས་ཅད་བདག་ལ་ཡོད།། བཀའ་བཞིན་གཞུང་བཞིན་མ་བྱས་ན།། ལྗོན་ཤིང་མེ་ཡིས་ཚིག་པ་བཞིན།། ཡན་ལག ་མེད་ཅིང་བརླག་ཏ་རེ།། ཀུན་ཏུ་བཟང་པོའི་ལུང་ལ་ཉོན།། དབང་སྐུར་རྒྱལ་པོའི་རྒྱུད་ལས། དབང་མ་བསྐུར་བའི་སྐྱོན་གྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས།། དེ་དག་ཡོད་པར་བྱ་བའི ་ཕྱིར།། དམ་ཚིག་ངེས་པ་འདི་གསུངས་སོ།། བླ་མ་ཡི་ནི་བཀའ་བཞིན་བྱ།། སྔགས་དང་ཕྱག་རྒྱ་ལག་ཏུ་བཟུང་།། གསང་བའི་མན་ངག་ལེགས་པར་སྦ།། རྡོ་རྗེའི་མཆེད་ལྕམ་འགལ་མི་བྱ།། རྣལ་འབྱོར་དམན་དང་མེ ་འབྲེལ་ཞིང་།། རྫས་དང་ཡོ་བྱད་ཚང་བར་བྱས།། དཔྱང་ཟག་ཆད་པའི་སེམས་ཅན་རྣམས།། ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བར་བྱ།། མཚན་དང་ལྡན་པའི་མི་མོ་ལ།། སྦྱོར་བ་དག་ཀྱང་རབ་བརྩམ་པ།། སེར་སྣས ་བཅིངས་པ་གང་ཡོད་པ།། མ་བྱིན་བླངས་ནས་རྐྱེན་དུ་སྤྱད།། ཡང་དག་དོན་དུ་མི་འདུལ་བ།། རྫུན་དང་སྒྲ་དང་མི་ཚངས་སྤྱོད།། རྡོ་རྗེ་ལུ་གུ་རྒྱུད་ཀྱི་དམ།། ཡང་ནས་ཡང་དུ་བསྡུ་བར་བྱ།། དབང་བསྐུར་རྒྱལ་པོའི་རྒྱུད ་ལས། དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། །། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། དབང་སྐུར་རྒྱལ་པོའི་རྒྱུད་བཤད་པས། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་ཡབ་ཡུམ་དང་།། སེམས་དཔའ་དང་སེམས ་མ་དང་།། ཁྲོ་བོ་དང་ཁྲོ་མོ་དང་། ཐུབ་པ་ལ་སོགས་པས། དབང་སྐུར་རྒྱལ་པོའི་དབང་གི་དངོས་གྲུབ་ཐོབ་པས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ། སེམས་ཀྱི་དབང་དུ་མ་གྱུར ་པར་གང་ཡང་མེད་དེ། ཐམས་ཅད་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཀྱི་དབང་ལ་ཅི་ལྟར་སྣང་བར་ལོངས་སྤྱོད་པར་གྱུར་ཏོ།། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། རང་རང་གི་ལུས་རྡུལ་སྙེད་དུ ་སྤྲུལ་ནས། བླ་ན་ཡོད་པ་དང་། བླ་ན་མེད་པའི་མཆོད་པ་ལ་སོགས་པས། ས་གཞི་ལ་རྩི་ཤིང་འཁྲུངས་པ་ལྟར་བསྐྱེད་དེ། བར་སྣང་ལ་སྤྲིན་ཕུང་བཞིན་དུ་གཏིབས།། ནམ་མཁའ་ལ་ཆར་བཞིན་ཕབ་ནས། ཕྱི་ནང ་གསང་བའི་མཆོད་པ་ཕུལ་ཏེ། ཚིགས་སུ་བཅད་པ་འདི་དག་གིས་བསྟོད་དོ།། ཀྱེ་ཀྱེ་འདྲེན་པ་བཅོམ་ལྡན་འདས།། ཀྱེ་ཀྱེ་མཛད་པ་བཅོམ་ལྡན་འདས།། ཀྱེ་ཀྱེ་གྲུབ་པ་བཅོམ་ལྡན་འདས།། སངས་རྒྱས་མཛད་པ་ཁྱད ་པར་ཆེའོ།། མི་གནས་མི་དམིགས་རང་བཞིན་དཀྱིལ་འཁོར་ནས།། སངས་རྒྱས་ཁྱོད་ཀྱི་སྐུ་མཆོག་ཅི་འདྲ་བ།། ནམ་མཁའི་དབྱིངས་ལས་ཅིར་ཡང་སྣང་བའི་སྐུ།། དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ།། དུས ་གསུམ་འདུས་མ་བྱས་པ་ཐབས་ཀྱི་སྐུ།། སྐུ་མཆོག་ཀུན་བཟང་སྐུ་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་གསུང་ནི་ཅི་འདྲ་བ།། སྒྲར་སྣང་བརྗོད་མེད་དོན་ལས་མ་གཡོས་ཀྱང་།། ཐུགས་རྗེས་འདུལ་ཕྱིར་གསུང ་བརྗོད་ཅིར་ཡང་སྟོན།། བརྗོད་མེད་གསུང་མཆོག་ཤེས་རབ་ཕ་རོལ་ཕྱིན།། གསུང་མཆོག་ཀུན་བཟང་གསུང་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་ཐུགས་ནི་ཅི་འདྲ་བ།། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར ་གཟིགས།། ཡེ་ཤེས་མཁྱེན་ལྡན་ཐམས་ཅད་འདུས་མ་བྱས།། དྲན་མེད་རིག་པའི་རྒྱལ་པོར་ཡོངས་སུ་ཤར།། ཐུགས་མཆོག་ཀུན་བཟང་ཐུགས་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི་ཡོན་ཏན་ཅི་འདྲ་བ།། ཆེ ་བའི་ཡོན་ཏན་མེད་ལས་ཅིར་ཡང་སྣང་།། སྣང་ཙམ་ཉིད་ནས་ཐུགས་རྗེས་ངང་གིས་འདུལ།། ལྷུན་རྫོགས་མཐར་ཕྱིན་ཡོན་ཏན་རྒྱལ་བའི་སྐུ།། ཡོན་ཏན་ཀུན་བཟང་ལྷ་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཁྱོད་ཀྱི ་ཕྲིན་ལས་ཅི་འདྲ་བ།། ཐབས་ཀྱི་ཕྲིན་ལས་འགྲོ་བ་ཡོངས་ལ་བསྒྱུར།། སྐྱེ་འགྲོ་མང་པོ་ཐར་པའི་ལམ་འགོད་མཛད།། ཐབས་མཁས་མཐར་ཕྱིན་ཕྲིན་ལས་རྒྱལ་བའི་སྐུ།། ཕྲིན་ལས་ཀུན་བཟང་ལྷ་ལ་ཕྱག་འཚལ ་བསྟོད།། བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། ཆགས་མེད་མཆོད་པའི་སྤྲིན་ཕུང་རབ་སྤྲུལ་ནས།། ཆགས་པ་མེད་པའི་ཚུལ་དུ་དབུལ་ལགས་ན།། བཅོམ་ལྡན་འདས་ཀྱི་ཐུགས་རྗེས་བཞེས་སུ ་གསོལ།། སྟོན་པ་ཁྱོད་ཀྱི་བཀའ་དྲིན་དཔག་ཏུ་མེད།། མ་རིག་རྨོངས་པའི་ཤེས་རབ་གསལ་མཛད་ནས།། ཐར་པའི་ལམ་སྟོན་དེ་ལ་ཕྱག་འཚལ་བསྟོད།། ཐེག་པའི་ཡོན་ཏན་ཁྱད་པར་བསམ་ཡས་པ།། མ་འདྲེས་སོ ་སོར་གསལ་བའི་གོ་ཕྱེ་ནས།། རྣལ་འབྱོར་ཡོངས་ལ་ཐེག་པ་འདི་སྟོན་པ།། འདྲེན་པའི་ལྷ་ཁྱོད་ལ་ནི་ཕྱག་འཚལ་བསྟོད།། ཅེས་མགྲིན་གཅིག་ཏུ་བསྟོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི ་དབང་སྐུར་བ་རྒྱུད་ཀྱི་རྒྱལ་པོའི་རྒྱུད་ལས། མཆོད་པ་བསྟོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་གྱི་ལྷ་རྣམས་ལ། ཤིན་ཏུ་དགའ་བ་བསྐྱེད ་པའི་ཕྱིར་འདི་དག་གསུངས་སོ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ་ཞགས་པ་དགའ་བ་ཆེ།། རྡོ་རྗེ་སེམས་དཔའ་དགྱེས་པ་ཆེ།། རྡོ་རྗེ་ལུས་ཏེ་རྡོ་རྗེ་གསུང་།། རྡོ་རྗེ་ཐུགས་ཏེ་རྡོ་རྗེ་བློ།། རྡོ་རྗེ་ཤེས་རབ་བླ་ན ་མེད།། རྡོ་རྗེ་མ་ལུས་ཀུན་གྱིས་ཤིག། ཨོཾ་རྡོ་རྗེ་གོ་ཆ་བརྟན་པ་ཆེ།། ཐུབ་པ་དཀའ་བ་བརྩོན་འགྲུས་མཆོག། ང་ནི་རྡོ་རྗེ་ཐབས་ཆེན་དེ།། རྡོ་རྗེ་ཐབས་ཀྱིས་གཙོ་བོར་ཤོག། སངས་རྒྱས་བྱང་ཆུབ་བླ་ན་མེད།། བླ་མེད ་རྣམས་ཀྱི་ཡིད་བཞིན་ཏེ།། ཐམས་ཅད་མ་ལུས་རྫོགས་སངས་རྒྱས།། རབ་འབྱམས་འབར་བའི་དོན་རྟོགས་ཤོག། ཅེས་འཁོར་རྣམས་ལ་དགའ་བ་བསྐྱེད་ནས། ཐམས་ཅད་མ་ལུས་པར་འདུས་པའི་དབང་གི་རྒྱལ་པོ ་དབང་བསྐུར་བའི་རྒྱུད་འདི་ཡོངས་སུ་གཟུང་བའི་ཕྱིར།། རྡོ་རྗེ་སེམས་དཔའ་ལ་རྒྱུད་འདི་ཡོངས་སུ་གཟུང་བ་འདི་བཀའ་སྩལ་ཏོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས།། བདག་ལ་རབ་ཏུ་དབང་བསྐུར ་བའི།། བདག་གི་དམ་པ་བླ་ན་མེད།། དབང་སྐུར་རྒྱལ་པོའི་རྒྱུད་ཆེན་འདི།། རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུང་།། ལུས་དང་ངག་དང་སེམས་ལ་ཆོངས།། དབང་རྣམས་ཀུན་གྱི་བྱེད་པོ་པར།། རྡོ་རྗེ་སེམས་དཔའ་ཉིད ་དུ་ཤོག། ཅེས་བཀའ་སྩལ་པ་དང་།། དེ་ནས་རྡོ་རྗེ་སེམས་དཔས་སྟོན་པ་ཀུན་ཏུ་བཟང་པོ་ལ། དབང་བསྐུར་གནང་བ་དེ་ཐོབ་ནས། ཨ་ལ་ལ་ཧོ་ཞེས་བརྗོད་ནས། ཞབས་སྤྱི་གཙུག་གིས་བླངས་ནས། སྟོན་པ་ཀུན་ཏུ ་བཟང་པོའི་སྤྱན་སྔར་རྒྱུད་ཡོངས་སུ་གཟུང་བ་དམ་པ་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་བསྐུར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱུད་འདི་ཡང་། སྣོད་དང་སྐལ་བར་ལྡན་པའི་གང་ཟག་གཅིག ་ལས་མ་གཏོགས་པ། ཀུན་དང་ཀུན་ལ་བཤད་པར་མི་བགྱིའོ།། འདི་ལ་དབང་ཟོས་ཤིང་ཀུན་ལ་བསྟན་ན་རྡོ་རྗེ་སེམས་དཔའ་བདག་གི་མགོ་ལུས་ཀྱང་ཚིག་པར་ཤོག་ཅིག་ཅེས་དམ་དུ་བཅས་སོ།། དེ་ནས་འཁོར ་སེམས་དཔའ་དང་སེམས་མ་ལ་སོགས་པས་ཀྱང་སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་སེམས་དཔའ་དང་སེམས་མ་ལ་སོགས་པའི་འཁོར་རྣམས་ཀྱིས་ཀྱང་རྒྱུད་ཀྱི་རྒྱལ་པོ་དབང་སྐུར ་བའི་རྒྱུད་ཀྱི་བཀའ་ལས་འགལ་བར་མི་བགྱིད་དོ།། འདིའི་གཞུང་ཡང་རྣལ་འབྱོར་པས་བསྒོམས་ཤིང་བསྒྲུབས་ནའང་།། ནོད་ཅིང་ཚུལ་བཞིན་བགྱིད་ན་ཡང་། བདག་ཅག་གིས་སྟོན་པ་ཀུན་ཏུ་བཟང་པོ་ཉིད་བཞིན་དུ ་བཀའ་ཐམས་ཅད་བསྲུངས་ཤིང་དེ་ལས་འདའ་བར་མི་བགྱིད་དོ།། བདག་ཅག་རྣམས་ཀྱིས་དབང་སྐུར་རྒྱལ་པོའི་རྒྱུད་འདི་གང་ཟག་སྐལ་བར་ལྡན་པ་གཅིག་ལས་མ་གཏོགས་པ།། གང་ལ་ཡང་བསྟན ་ཅིང་སྤེལ་བར་མི་བགྱིད་དོ།། གལ་ཏེ་བདག་ཅག་གིས་དམ་ཟོས་ཤིང་ཀུན་ལ་བསྟན་ན། བདག་ཅག་རྣམས་ཀྱི་མགོ་ལུས་གས་ཤིང་འཚིག་པར་ཤོག་ཅིག་ཅེས་དམ་དུ་བཅས་སོ།། དེ་ནས་འཇིག་རྟེན་གྱི་མཁའ་འགྲོ ་དང་། དབང་ཕྱུག་མ་ལ་སོགས་པ་གསུང་ཐོས་པ་ཙམ་གྱི་འཁོར་རྣམས་ཀྱིས་ཀྱང་རྒྱུད་ཀྱི་རྒྱལ་པོ་འདི་འཆད་ཅིང་སྟོན་པ་དང་ནོད་ཅིང་བསྒྲུབ་པ་ལྟ་ཨ་ཅང་ཡང་ཆེས། མིང་ཙམ་འཛིན་པའི་རྣལ་འབྱོར་པ་སུ་ཡོད་པ་ལ ་ཡང་། བཅོམ་ལྡན་འདས་དཔལ་ཆེན་པོ་བཞིན་དུ་བཀའ་ཉན་ཅིང་དེའི་འཚལ་བ་བདག་གིས་བསྒྲུབ་པ་བསྒྲུབ་པར་བགྱིའོ།། གང་ཞིག་འདི་དང་མི་ལྡན་ཞིང་སྣོད་དུ་མ་གྱུར་པ་རྣམས་ལ། མིང་ཙམ་བསྟན་པར་མི་བྱ ་ཞིང་། བཀའ་དང་འགལ་བ་རྣམས། ཤིན་ཏུ་རྩཝ་ཕུང་ལ་མེ་མཆེད་པ་བཞིན་དུ། ལུས་ངག་ཡིད་གསུམ་ཐལ་བ་བཞིན་དུ་བརླག་པར་བགྱིའོ།། ཅི་སྟེ་བདག་གིས་དེ་བཞིན་དུ་མ་བགྱིས་ན།། བདག་ཅག་རྣམས་ཀྱིས་མགོ ་ལུས་འཚིག་པར་དམ་དུ་བཅའ་འོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་འཁོར་ཐམས་ཅད་ཡོངས་སུ་བསྡུ་བར་མཛད་ནས། རྒྱུད་ཀྱི་དོན་འདི་དག་ཀྱང་ཡོངས་སུ་གནང་བས་འདི་གསུངས ་སོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གང་ཡིན་པ་ཡང་། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཡང་ཀུན་ཏུ་བཟང་པོའོ།། ཕྱོགས་བཅུ་དུས་གསུམ ་གྱི་དུས་གསུམ་གཤེགས་པ་ཐམས་ཅད་ཀྱི་གསུང་གང་ཡིན་པ་ཡང་དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཡང་ཀུན་ཏུ་བཟང་པོའོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཐུགས་གང་ཡིན་པ་ཡང་། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྐུར་རྒྱལ་པོའི་རྒྱུ་འདི་ཡང་ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་བྱང་ཆུབ་ཀྱི་སེམས་སོ།། སེམས་ཅན་ཐམས ་ཅད་ཀྱང་དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་ཀྱང་ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་སེམས་སོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཡོན་ཏན་ཕྲིན་ལས་གང་ཡིན་པ་ཐམས་ཅད་ཀྱང་། དབང་བསྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། དབང་སྐུར་རྒྱལ་པོའི་རྒྱུད་འདི་ཡང་ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་བྱང་ཆུབ་ཀྱི་སེམས ་སོ།། མཐོ་རིས་ངན་སོང་ཡང་དབང་སྐུར་རྒྱལ་པོའི་རྒྱུད་འདི་ཉིད་དོ།། རྒྱུད་འདི་ཡང་ཀུན་ཏུ་བཟང་པོའོ།། ཀུན་ཏུ་བཟང་པོ་ཡང་རང་གི་སེམས་སོ།། ཞེས་གླེང་བས་འཁོར་རྣམས་ཀྱིས་ཀྱང་དབང་སྐུར་རྒྱལ་བའི་རྒྱུད ་འདི་རྟོགས་སོ།། དེ་ནས་དབང་སྐུར་རྒྱལ་པོའི་རྒྱུད་འདི་ཡང་། རྡོ་རྗེ་སེམས་དཔའི་ཐུགས་ཡེ་ཤེས་ལ་སྣང་བར་གྱུར་ཏོ།། དེ་ནས་སྣོད་དང་ལྡན་པའི་རྣལ་འབྱོར་པའི་བློ་ལ་སྣང་བར་གྱུར་ཏོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་སྐུར་བ་རྒུད་ཀྱི་རྒྱལ་པོ་དབང་སྐུར་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཟུང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །། དེ་ནས་འཁོར་ཐམས་ཅད་མི་སྣང་བར་གྱུར་ནས་ཀུན་ཏུ ་བཟང་པོ་རང་གནས་ཀྱི་དབང་ཐོབ་ནས། ལྷུན་གྱིས་གྲུབ་པའི་ངང་ལ་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་དབང་སྐུར་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དེ་དག་གིས་འཁོར་ལོ་བསྐོར་བས ་སེམས་ཀྱི་འབྲས་བུ་མཆོག་རྫོགས་སོ།། རྡོ་རྗེ་ཡང་དབང་གཏེར་གྱི་མན་ངག་གོ།། ཏིང་ངེ་འཛིན་མཆོག་གི་རྒྱུད།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ལ་ཕྱག ་