| Wylie | e-texts produced with BDRC’s OCR application |
སེམས་ལུང་ཆེན་པོའི་མདོ་རྫོགས་སོ།། སྤ་གོར་བེ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།། ། @#།། རྒྱ་གར་སྐད་དུ། སརྦ་དྲྀཥྚི་རཱ་ཛ་ས་མནྟ་བྷ་དྲཱ་དྷི་མ་ཏྲ་སཱ་སྟི་ཏརྠ། ་བོད་སྐད་དུ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། ཇི་སྐད་གོ་ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། སངས་རྒྱས་དང་སེམས་ཅན་ཅི་ལྟར་སྣང་བའི་ཆོས་ཐམས་ཅད་ཀུན ་ཏུ་བཟང་པོ་ཆེ་བའི་འཁོར་དུ་སངས་མ་རྒྱས་པ་མེད་པ་ལ། དེ་ནས་ཐམས་ཅད་མི་གཞན་པའི་ཀུན་ཏུ་བཟང་པོའི་འཁོར་དུ་གྱུར་པ་ལ། འདི་སྐད་དུ་ཉིད་ལ་ཉིད་གླེང་བས་སོ།། ཆོས་རྣམས་སེམས་ཀྱི་སྤྱོད་ཡུལ ་ལས།། ཐམས་ཅད་སངས་རྒྱས་ཉིད་དུ་བསྟན།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། མན་ངག་ངེས་པར་བསྟན་དུ་གསོལ།། རྣལ་འབྱོར་ཀུན་གྱི་དབང་ཕྱུག་ཆེ།། གསང་བའི་གསང་ཆེན་ངེས་པའི་དོན།། ཉིད ་ཀྱི་ཐུགས་ལས་བྱུང་བ་ཡི།། སྣོད་ལྡན་རྣམས་ལ་བསྟན་པར་བྱོས།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། འཇིགས་ལ་ཡང་བ་འཁོར་བའི་ཆོས། སྡུག་བསྔལ་སྣ་ཚོགས་ཀྱི་ཁ་བརྒྱུད་ནས། ཉམ་ཟག་པ་འདི་ཉིད་དགའ ་སྒྱིད་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་སྟེ་འགྱུར་བ་མེད་པ་ཡིན་པའི་ཕྱིར་རོ།། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ ་གཅིག་ཏུ་དྲིལ་བའི་དོན་ཀུན་ཏུ་བཟང་པོ་ལྔ་དང་ཆེ་བ་བཅུ་དྲུག་དང་རང་ལ་གནས་པ་དགུ་བཀའ་སྩལ་ཏོ།། དེ་ལ་ཀུན་ཏུ་བཟང་པོ་མན་ངག་གི་རྒྱུད་འདི་རྟོགས་པར་འདོད་པ་རྣམས་ཀྱིས། ངེས་པར་ཀུན་ཏུ་བཟང་པོ ་རྣམ་པ་ལྔ་ཡིད་ལ་ཟུངས་ཞིག། དེ་ལ་ཀུན་ཏུ་བཟང་པོ་ལྔ་གང་ཞེ་ན།། ལྟ་བ་ཀུན་ཏུ་བཟང་པོ་དང་།། སྤྱོད་པ་ཀུན་ཏུ་བཟང་པོ་དང་།། ཕྲིན་ལས་ཀུན་ཏུ་བཟང་པོ་དང་།། དམ་ཚིག་ཀུན་ཏུ་བཟང་པོ་དང་།། རང་བཞིན ་ཀུན་ཏུ་བཟང་པོའོ།། དེ་ལ་ལྟ་བ་ཀུན་ཏུ་བཟང་པོ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐམས་ཅད་ཀུན་ཏུ་བཟང་པོ་ལ།། འཁོར་བའི་ཆོས་དང་མྱ་ངན་འདས།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་པས།། ལོག་རྟོགས་ཞེ་སྡང་ག་ལ ་ཡོད།། ཕྱོགས་རིས་མེད་པ་ཆོས་ཉིད་ཀློང་།། ཕྱི་ནང་མེད་པ་ཡེ་ཤེས་དང་།། བཟང་ངན་ཆེ་ཆུང་མེད་པར་མཉམ།། སྐྱེ་ཤི་འགྱུར་མེད་བྱར་མེད་སེམས།། འཁོར་བའི་ལོག་རྟོགས་མཚན་མ་ཡིས།། མཁའ་ལ་འཇའ་ཚོན ་སྣང་བཞིན་གནས།། ཨ་ཨ་རྒོད་རེ་བྲོ།། ཉམས་སུ་འཛིན་པས་གོལ་བས་ན།། དབྱེར་མེད་མཉམ་པ་ཉིད་དུ་གསུངས།། ཆོས་རྣམས་ཐམས་ཅད་ཐོག་མ་ནས།། རྒྱུ་དང་རྐྱེན་གྱིས་མ་བཙལ་ཏེ།། ཡེ་ནས་ལྷུན་གྱིས་གྲུབ ་པ་ལ།། བསྐལ་པར་བཙལ་ཡང་མི་རྙེད་པས།། མ་བཅོས་ཡེ་ནས་དག་པ་ལ།། ཐམས་ཅད་གཞན་ལས་སེམས་མ་ཡིན།། མ་བཙལ་གནས་པས་སངས་རྒྱས་ཡིན།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། རྒྱུ་དང་འབྲས ་བུར་བཏགས་པས་གོལ།། ཡེ་ནས་གཉིས་མེད་བྱང་ཆུབ་པས།། དོན་དེ་ཉིད་ནི་བཙལ་དུ་མེད།། སངས་རྒྱས་སེམས་ཅན་ལ་སོགས་པ།། ཐམས་ཅད་སེམས་ལས་གཞན་མ་ཡིན།། བདེ་ཆེན་ཉིད་ཡིན ་བཅོས་སུ་མེད།། མ་བཙལ་མ་བསྒྲུབས་ཡེ་ནས་དག། རྒྱུ་ཉིད་དག་པའི་སངས་རྒྱས་ལ།། སྐྱེ་ཤི་མེད་པར་སུས་ཤེས་པ།། ལྟ་བ་ཀུན་ཏུ་བཟང་པོ་ཡིན། དེ་ནས་སྤྱོད་པ་ཀུན་ཏུ་བཟང་པོ་འདི་གསུངས་སོ།། བྱང་ཆུབ ་སེམས་ཀྱི་རང་བཞིན་འདི།། ཕྱི་དང་ནང་དུ་བཟུང་བས་ནོར།། རྒྱུ་དང་འབྲས་བུར་བཏགས་པས་འཁོར།། ལོག་སྤྱོད་ཐར་པ་བདེ་བ་མེད།། ཆགས་དང་མ་ཆགས་ལ་སོགས་དང་།། བདེ་དང་སྡུག་བསྔལ་གཉིས་མེད ་པས།། གཅིག་སྟེ་ཕྱོགས་རིས་མེད་པ་ལ།། དེ་བཞིན་གང་སྤྱོད་བདེ་བ་ཆེ།། མཚན་འཛིན་འདུ་བྱེད་ཕྱོགས་ཆ་ལ།། ཡོད་མེད་ཆགས་པས་འཆིང་བའི་རྒྱུ།། དབྱེར་མེད་ལྷུན་རྫོགས་འབྲས་བུ་ཉིད།། གོ་བའི་ངཔལ ་བདེ་བ་ཆེ།། འཇིག་རྟེན་འཁོར་བའི་ཆོས་ཅན་ལ།། བརྟགས་ཤིང་མཚན་མར་སྤྱོད་པས་ནོར།། དེ་ཉིད་བདག་མེད་གཞན་མེད་པར།། གཉིས་མེད་སྤྱད་པས་བདེ་བ་ཆེ།། དགེ་དང་མི་དགེའི་ལས་རྣམས་ཀུན།། མ ་ཆགས་གཉིས་མེད་ཐབས་ཀྱིས་སྤྱོད།། གང་ལ་རོལ་པས་ཡོན་ཏན་སྣང་།། རྒྱུ་རྐྱེན་རྟེན་འབྲེལ་ཡོད་མ་ཡིན།། ལོངས་སྤྱོད་ཡོན་ཏན་རྣམ་པ་ལྔ།། ཐབས་དང་ཤེས་རབ་ལ་སོགས་ཀྱང་།། སྤྱད་ན་སྐྱོན་མེད་རྟོགས་པ ་གསལ།། མ་སྤྱད་ན་ཡང་ཉེས་མེད་རྫོགས།། ཡོད་མེད་རྟག་ཆད་ཐམས་ཅད་ནི།། མ་སྐྱེས་རང་བཞིན་ངང་ལས་མེད།། བདེ་དང་སྡུག་བསྔལ་གཉིས་འཛིན་པ།། ཐ་དད་མེད་དེ་བྱང་ཆུབ་སེམས།། མྱ་ངན་འདས་དང ་འཁོར་བའི་ཆོས།། སྐྱོན་དང་ཡོན་ཏན་ཐམས་ཅད་ལ།། བཅིངས་གྲོལ་མེད་པར་གང་སྤྱོད་པ།། སྤྱོད་པ་ཀུན་ཏུ་བཟང་པོའོ།། དེ་ནས་ཕྲིན་ལས་ཀུན་ཏུ་བཟང་པོ་གསུངས་པ།། ཀུན་རྫོབ་དངོས་པོར་སྣང་བ་ཡི།། སྣོད ་བཅུད་རྫས་སུ་སྣང་བ་ཀུན།། ཆོས་ཉིད་མ་སྐྱེས་རང་བཞིན་ལ།། མིང་དང་ཚིག་ཏུ་བཏགས་པས་འགལ།། ཅིར་སྣང་ཀུན་ཏུ་བཟང་པོ་ལ།། དེ་ཉིད་སེམས་ཀྱི་རོལ་པ་ཡིན།། ཅི་ལྟར་མཛད་པ་འགལ་བ་མེད།། ཕྲིན ་ལས་བྱ་བཙལ་མེད་པའོ།། དགེ་བ་དང་ནི་སྡིག་པའི་ལས།། ཐར་པའི་བྱེ་བྲག་ཐམས་ཅད་ལ།། སེམས་ཡིན་གཉིས་མེད་ལྷུན་གྲུབ་ལ།། བྱང་ཆུབ་སེམས་ཀྱི་ཕྲིན་ལས་ལ།། རྟོག་དང་མི་རྟོག་ལས་འདས་པ།། སངས ་རྒྱས་མཛད་པ་ཁྱད་པར་ཆེ།། ཅིར་ཡང་མེད་པས་ཅིར་སྤྱོད་པ།། བདེ་བ་ཆེན་པོའི་མཛད་སྤྱོད་ཡིན།། ཀུན་གཞི་མ་བྱུང་མ་སྐྱེས་པ།། སྒྲོལ་སྦྱོར་ལ་སོགས་ཅི་སྤྱོད་པ།། གང་ལ་ཡོད་མིན་མེད་པ་ནི།། བླང་དོར་མེད་པས ་ཕྲིན་ལས་བཟང་།། དེ་ནས་དམ་ཚིག་ཀུན་ཏུ་བཟང་པོ་བཀའ་སྩལ་ཏོ།། ང་དང་བདག་ཏུ་ཕྱོགས་དང་རིས།། མི་མཐུན་སྐྱོན་གྱི་བྱེ་བྲག་ཀྱང་།། ཀུན་ཏུ་བཟང་པོར་དབྱེར་མེད་པས།། ཉེས་ལེགས་རྟོག་པ་བསྲུང་དུ ་མེད།། མཐའ་དབུས་མེད་པའི་ཀློང་གདལ་བས།། ཆོས་ཉིད་ཀུན་ཏུ་བཟང་པོ་ལ།། མཉམ་པའི་ཀློང་ལས་འགྱུར་བ་མེད།། འཐབ་རྩོད་མ་སྐྱེས་ཕྱལ་པ་ཡིན།། ཆགས་པའི་བདེ་དང་ཉོན་མོངས ་དགྲ། གཉིས་སུ་མེད་དེ་རང་གི་སེམས།། སེམས་ཀྱིས་སེམས་ལ་དགྲ་མེད་ན།། བདག་ཉིད་སངས་རྒྱས་གཅིག་པུར་སྤྱོད།། ཕན་པའི་ལྷ་དང་བར་ཆད་བདུད།། གཉིས་སུ་མེད་པའི་རྟོག་ལས་འདས།། རིས་སུ་བཙལ ་ཡང་མི་རྙེད་པས།། ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན།། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས།། མི་འགྱུར་གདལ་བ་མེད་པས་ན།། མ་ཡེངས་ཕྱོགས་རིས་མེད་བསྲུངས་པ། དམ་ཚིག་ཀུན་ཏུ་བཟང་པོ་ཡིན།། དེ་ནས ་རང་བཞིན་ཀུན་ཏུ་བཟང་པོ་འདི་གསུངས་སོ།། སེམས་ཀྱི་ཆོས་ཉིད་རང་བཞིན་ལས།། མ་སྐྱེས་ཡེ་ནས་སངས་རྒྱས་ཏེ།། ཀུན་ལ་གདལ་ཞིང་སྣང་བ་འདི།། རྒྱལ་འགྲོས་མཛད་ཅིང་བཅོས་མ་ཡིན།། བཟང་དང་ངན ་པ་ཐམས་ཅད་དང་།། གཙང་སྨེ་ཆེ་ཆུང་ལ་སོགས་པ།། རང་བཞིན་དབྱེར་མེད་བྱང་ཆུབ་སེམས།། མཁས་པས་བཅོས་ཤིང་བཙལ་དུ་མེད།། སྐྱོན་དང་ཡོན་ཏན་དུག་དང་རྩི།། འཛིན་རྟོག་བྱིས་པའི་སྤྱོད་འདྲ་ལ།། ་བཞིན་ཡོངས་ཀྱིས་དངོས་པོ་མེད།། འདྲེན་བཞིན་ཆོས་རྣམས་རང་བཞིན་གནས།། ཀུན་གཞི་ཀུན་ཏུ་བཟང་པོ་ལ།། རྒྱུ་འབྲས་བདེ་སྡུག་བཙལ་མི་རྙེད།། བཟང་ངན་ཆེ་ཆུང་གཙང་སྨེ་མེད།། རང་བཞིན་ཀུན་ཏུ་བཟང ་པོ་ཡིན།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་ཅེས་གོ་ཞིང་རྟོགས་པའི་དུས་གཅིག་ན། སྟོན་པ་ཀུན་ཏུ་བཟང་པོ་སེམས་ཀུན་ཏུ་བཟང་པོ་ལ ་བཞུགས་ནས། དམ་ཆོས་ཀུན་ཏུ་བཟང་པོ་ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཆེ་བ་རང་ལ་གནས་པའི་རྒྱུད་འདི་བཀའ་སྩལ་ཏོ།། རྣལ་འབྱོར་གང་ཞིག་རྟོགས་འདོད་པས།། ཀུན་ཏུ་བཟང་པོའི་རྒྱུད་འདི་ཉོན།། དོན་རྟོགས ་ལྡན་པའི་སྐྱེས་བུ་གང་།། འདི་དག་ཤེས་པར་སུ་འདོད་པ།། ངེས་པར་ལུང་འདི་བསྟན་པར་བྱ།། དེ་ནས་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་འདི། རྟོག་པར་འདོད་པའི་རྣལ་འབྱོར་གྱིས། ངེས་པར་ཆེ་བ ་བཅུ་དྲུག་པོ་འདི་ཡིད་ལ་ཟུང་ཞིག། དེ་ལ་ཆེ་བ་བཅུ་དྲུག་གང་ཞེ་ན། སེམས་ཡེ་ནས་ཆེ་བ་དང་། ཆོས་ཉིད་ཡེ་ནས་ཆེ་བ་དང་། འབྱུང་བ་ཡེ་ནས་ཆེ་བ་དང་། ཡེ་ཤེས་ཡེ་ནས་ཆེ་བ་དང་། སྐུ་ཡེ་ནས་ཆེ་བ་དང་། སྐུ ་གསུང་ཐུགས་ཕྲིན་ལས་ཡེ་ནས་ཆེ་བ་དང་། སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བ་དང་། འཁོར་བ་དང་ངན་སོང་ཡེ་ནས་ཆེ་བ་དང་།། མཐོ་རིས་དང་མྱ་ངན་ལས་འདས་པ་ཡེ་ནས་ཆེ་བ་དང་། ཐབས་ཡེ་ནས་ཆེ་བ་དང་། ་ཤེས་རབ་ཡེ་ནས་ཆེ་བ་དང་། སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བ་དང་། ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བ་དང་། སངས་རྒྱས་ཡེ་ནས་ཆེ་བ་དང་། སེམས་ཅན་ཡེ་ནས་ཆེ་བ་དང་། རྟོགས་པ་ཡེ་ནས་ཆེ་བའོ།། དེ་ནས་སེམས་ཡེ་ནས་ཆེ ་པ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་བཟང་པོ་ང་ཡི་སེམས།། རྒྱ་ཆེ་རོལ་པ་ཀུན་བརྟེན་པས།། གཏི་མུག་ཆེན་པོ་ང་ཡི་སེམས།། གཏི་མུག་གོང་ན་སངས་རྒྱས་མེད།། གཏི་མུག་ཆེན་པོའི་ཡེ་ཤེས ་ཀྱིས།། བྱུང་ཚོར་རྟོག་པ་ཀུན་བྲལ་བས།། དམིགས་མེད་ཤེས་རབ་ཕ་རོལ་ཕྱིན།། ཆེ་བའི་རྒྱལ་པོ་གཏི་མུག་ཤར།། སངས་རྒྱས་རྗེ་བཙུན་དམ་པ་ཡིན།། འདོད་ཆགས་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི ་མིང་ཡང་མེད།། འདོད་ཆགས་ཆེན་པོ་ང་ཡི་སེམས།། ཞེ་སྡང་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། ཞེ་སྡང་ཆེན་པོ་ང་ཡི་སེམས།། ང་རྒྱལ་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང ་མེད།། ང་རྒྱལ་ཆེན་པོ་ང་ཡི་སེམས།། ཕྲག་དོག་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། ཕྲག་དོག་ཆེན་པོ་ང་ཡི་སེམས།། ཉོན་མོངས་ལྔ་ལས་བྱུང་བ་ལས།། གཞན་ནས་སངས་རྒྱས་ཡོངས་མེད ་ས།། སེམས་ཀྱི་རྒྱལ་པོ་དུག་ལྔ་ལ།། ཀུན་བཟང་ཡེ་ཤེས་རྒྱལ་པོར་སྤྱོད།། ཐབས་ཀྱི་འབྲས་བུར་སེམས་ཆེ་བས།། རྒྱལ་བས་ཐབས་སུ་སེམས་སུ་བསྔགས།། ང་མེད་བདག་དང་བྲལ་བ་ཡིས།། ཀུན་གཞི་སེམས་ཀྱི ་རྒྱལ་པོ་ལ།། ཐར་པའི་འབྲས་བུའི་དོན་འཆར་བས།། འཕགས་ལམ་ངེས་པར་སངས་རྒྱས་ཏེ།། བདག་ཉིད་ཆེན་པོ་རྒྱལ་བའི་བཀའ།། མི་དམིགས་པ་ལ་དམིགས་པ་མེད།། དམིགས་མེད་སེམས་ཀྱི་ངེས་པ་ལ།། ཡང ་དག་གསང་མཛོད་གསུམ་དུ་བསྟན།། འབྱུང་བའི་བླ་མ་བླ་མ་ཆེ།། ཐམས་ཅད་འབྱུང་བའི་སྟོན་པའི་མཆོག། སྣང་བ་ཀུན་ལ་རབ་གནས་པས།། དེ་ཉིད་ཐབས་ཀྱིས་ལོངས་སྤྱོད་དེ།། གང་ལའང་ཆགས་པའི་རྒྱུ་མེད ་པ།། འཛིན་ཆགས་མེད་པའི་ཡེ་ཤེས་ལ།། ཐབས་ཀྱིས་འབྲེལ་པ་ཐུགས་རྗེས་སྐྱོང་།། ཆོས་རྣམས་ཐམས་ཅད་སེམས་ལས་བྱུང་།། སེམས་ཀྱི་བསྟན་པའི་ལུང་ལ་ཉོན།། ཕྱོགས་བཅུའི་སངས་རྒྱས་ང་ཡི་སེམས།། ཕྱི ་ནང་སྣོད་བཅུད་ང་ཡི་སེམས།། ཕྱོགས་དང་སྣང་བ་ང་ཡི་སེམས།། ཕྱི་དང་ནང་ཡང་ང་ཡི་སེམས།། མཐོ་རིས་ངན་སོང་ང་ཡི་སེམས།། སེམས་ཀྱི་སངས་རྒྱས་ཀུན་བཟང་ལ།། སྤྲུལ་པ་ཕྱོགས་བཅུའི་སངས་རྒྱས ་ཉོན།། ང་ལ་ངས་བསྟན་རྒྱུ་མེད་ན།། འཛིན་རྟོག་ཆོས་ནི་སུ་ཡི་ཆོས།། བདག་ལ་ཕྱོགས་དང་རིས་མེད་ན།། ཕྱི་དང་ནང་ནི་སུ་ཡི་ཆོས།། ང་ལ་རྒྱུ་འབྲས་ཡོངས་མེད་ན།། བཟང་དང་ངན་པ་སུ་ཡི་ཆོས།། བཅོས་པ་མེད ་པའི་སེམས་ཉིད་ལ།། ཁ་དོག་ལྔ་པོ་གང་ནས་བྱུང་།། བཟང་ངན་ཆེ་ཆུང་སུ་ལས་བྱུང་།། ཚོར་བ་བདེ་སྡུག་གང་གིས་སྨྲས།། ཕྱོགས་རིས་ས་མཚམས་སུ་ལ་ཡོད།། འཁྲུལ་པའི་སེམས་དེ་ཡོང་རེ་འཁྲུལ།། རྨོངས་པའི་བློ ་དེ་ཡོང་རེ་སྡུག། རྟོག་པའི་བློ་དེ་ཡོང་རེ་ཉེན།། ཅི་ལྟར་སྣང་བའི་ཆོས་རྣམས་ལ།། བདག་གི་སེམས་ཀྱིས་དབང་བསྒྱུར་ན།། བདག་པས་དྲག་པ་གང་ན་ཡོད།། སངས་རྒྱས་ཐམས་ཅད་སེམས་ཡིན་ན།། སེམས་ལས་ཆེ ་བ་གང་ན་ཡོད།། འཛིན་རྟོག་འདས་པའི་ཆོས་ཉིད་ནི།། སེམས་ཀྱི་ཆེ་བ་དེ་ལ་ཡོད།། སྤང་ལེན་མེད་པའི་འབྲས་བུ་ནི།། སེམས་ཀྱི་ཆེ་བ་དེ་ལ་ཡོད།། སེམས་ཀྱི་ཆེ་བ་ཡེ་གནས་ལ།། འདི་ལ་རྒྱུ་ཡིས ་བཙལ་མེད་ན།། འདི་ལ་འབྲས་བུར་སྦྱང་བ་མེད།། ནམ་མཁའ་བཞིན་དུ་ཡེ་གནས་ལ།། འཛིན་རྟོག་བཅོས་པའི་རྒྱུ་ཅི་ཡོད།། ཆོས་དང་སངས་རྒྱས་ཚོལ་འདོད་ན།། སེམས་ཀྱི་ཆེ་བ་འདི་ལ་བཙལ། སེམས་ཡེ་ནས་ཆེ ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཆོས་ཉིད་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་བཟང་པོ་ང་ཡི་ཆོས།། རྒྱ་ཆེ་རོལ་པ་བསྟན་པ་ནི།། ཅི་ལྟར་སྣང་བ་ང་ཡི་ཆོས།། རང་བཞིན་མེད་པའི་སྔོན་རོལ ་ན།། ཆོས་ཉིད་བྱ་བའི་མིང་ཡང་མེད།། གང་ཟག་རྣལ་འབྱོར་སུ་ཡོད་ན།། ཆོས་ཉིད་འབྲས་བུ་སུས་འདོད་པ།། རང་བཞིན་མེད་ལས་བཙལ་བར་བྱ།། སེམས་ཀྱི་རང་བཞིན་ཡིན་པ་ལ།། དེ་ལ་རྟོག་པ་ཆེར་བསྐྱེད ་ཆོས་ཉིད་ཆེ་བ་བྱ་བ་ཡིན།། ཡང་དག་ངེས་པའི་ཆོས་ཉིད་ལ།། ཆོས་ཉིད་ཆེ་བར་མུ་མཐའ་མེད།། ཆོས་ཉིད་ཆེ་བར་བཟང་ངན་མེད།། ཆོས་ཉིད་ཆེ་བར་མཐའ་དབུས་མེད།། ཆོས་ཉིད་ཆེ་བར་ཕྱི་ནང་མེད།། ཆོས ་ཉིད་ཆེ་བར་སྟེང་འོག་མེད།། ཆོས་ཉིད་ཆེ་བར་ཕྱོགས་རིས་མེད།། ཆོས་ཉིད་ཆེ་བར་སྤང་ལེན་མེད།། ཆོས་ཉིད་ཆེ་བར་ཡོད་མེད་མེད།། མེད་པའང་མ་ཡིན་ཁྱབ་པར་གད་ལ། ཁྱབ་པར་གད་ལ་ཡང་རྫས་སུ ་མེད།། འདི་འདྲའི་མཚན་ཉིད་གང་ཤེས་པ།། དེ་ནི་ཆོས་ཉིད་ཆེ་བ་སྟེ།། ཆོས་ཉིད་མེད་པའི་སྔོན་རོལ་ན།། སངས་རྒྱས་སེམས་ཅན་མིང་ཡང་མེད།། ཆོས་ཉིད་ཆེ་བའི་བྱིན་རླབས་ལས།། ཅི་ལྟར་སྣང་བ་དེ་ལྟར ་སྣང་།། གང་ལྟར་སྣང་བ་དེ་ལྟར་ཡིན།། ཡང་དག་པར་ཡང་བཀའ་སྩལ་ཏོ།། དེ་དག་ལ་སོགས་ཆོས་རྣམས་ལ།། ཆོས་རྣམས་ལ་ཡང་ཆོས་སུ་མེད།། རང་བཞིན་ཆ་ཕྲ་གང་འཛིན་པ།། འཛིན་པ་དེ་ལ་ཆོས་མེད ་དེ།། ཆོས་ཀྱི་འབྲས་བུ་དེ་ལ་མེད།། ཆོས་ཀྱི་འབྲས་བུ་གང་འཛིན་པ།། རིག་པའི་དོན་ནི་འདི་རྣམས་སོ།། སྔོན་དང་ཕྱི་མར་མ་གྱུར་ཞིང་།། ཕྱོགས་དང་རིས་སུ་མ་ཕྱེ་བས།། ཟིན་ཆགས་འཛིན་རྟོག་སྐྱོན་སྤངས་ན།། དེ ་ནི་ཆོས་ཉིད་ཅེས་བྱའོ།། གཞན་ཡང་ཆོས་ཉིད་ཆེ་བ་ནི།། རྣལ་འབྱོར་གང་ཞིག་རྟོགས་འདོད་ན།། རྒྱ་ཆེ་ཤེས་རབ་ཕྱོགས་བརྡལ་ནས།། ཆོས་ཉིད་ཡེ་ནས་ཆེ་བའི་ལེའུ་འདི་ལས་བཙལ་བར་བྱའོ།། ཆོས་ཉིད་ཡེ་ནས་ཆེ ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་འབྱུང་བ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ནམ་མཁའ་ཡེ་ནས་ཆེ་བ་དང་།། མེ་ཆུ་ཡེ་ནས་ཆེ་བ་དང་།། རླུང་ས་ཡེ་ནས་ཆེ་བའོ།། འབྱུང་བ་མེད་པའི་སྔོན་རོལ ་ན།། སངས་རྒྱས་སེམས་ཅན་མིང་ཡང་མེད།། འབྱུང་བ་ལྔ་ཡི་སངས་རྒྱས་ནི།། སངས་རྒྱས་ཀུན་གྱི་རྗེ་བཙུན་ཡིན།། འབྱུང་བ་ལྔ་པོ་མ་ཡི་དབྱིངས།། མ་ལས་སྐྱེས་པས་སངས་རྒྱས་སྲས།། འབྱུང་བ་ལྔ་པོ་རིགས་ཀྱི ་ཡུམ།། དེ་ལ་བདག་རོལ་ཐབས་ཀྱི་ཡབ།། འབྱུང་བ་ཡེ་ནས་གནས་ཀྱི་ཆེ།། འབྱུང་བ་ཡེ་ནས་དག་པ་སྟེ།། འབྱུང་བའི་གནས་ནི་ནམ་མཁའ་ལ།། འབྱུང་བའི་རྒྱུ་ནི་ས་གཞིའོ།། འབྱུང་བའི་ལོངས་སྤྱོད ་མེ་ཆུ་སྟེ།། འབྱུང་བའི་སྤྲུལ་པ་རླུང་ཡིན་ནོ།། འབྱུང་བའི་མཚན་ཉིད་རྟོག་པ་མེད།། འབྱུང་བའི་རང་བཞིན་འདུས་མ་བྱས།། འབྱུང་བའི་འབྲས་བུ་དམིགས་པ་མེད།། འབྱུང་བའི་ཡོན་ཏན་གོ་ཞིང་རྟོགས།། འབྱུང་བའི ་དོན་ལ་བསྐུར་བ་མེད།། ཆོས་ཉིད་དང་ལས་ཀུན་འབྱུང་བས།། ཐམས་ཅད་འབྱུང་བས་འབྱུང་བ་ཆེ།། འབྱུང་བའི་རང་བཞིན་དངོས་མེད་པས།། དེས་ན་འབྱུང་བ་སྟོང་པའོ།། འབྱུང་བ་ཤེས་རབ་ཕ་རོལ་ཕྱིན།། འབྱུང ་བ་ལྔ་ཡི་འཕྲོ་འདུ་ཡིས།། ཆོས་ཀྱི་དབྱིངས་ཀྱི་ཚེ་རོལ་བསྟན།། སྟོང་པའི་དོན་རྟོགས་འབྱུང་བ་ལ།། ངེས་པའི་རིག་པས་གསལ་བཏབ་ནས།། ཐབས་དང་ལྡན་པའི་བྱིན་རླབས་ཀྱིས།། འདི་དག་འབྱུང་བར་སྟོན་པར ་ཟད།། དོན་ལ་དེ་ལྟར་བསྟན་པ་མེད།། རྟགས་པའི་ཆེ་བ་ཆེན་པོ་ལས།། མ་རྟོགས་འབྱུང་བའི་ལས་བྱེད་ན།། ཆེ་བའི་ཡེ་ཤེས་ཡོད་མ་ཡིན།། ཆེ་བའི་ཆེ་བར་བདག་སྣང་ན།། ཆེ་མཆོག་ཐབས་ཀྱི་རྒྱལ་པོར ་སྣང་།། ཐམས་ཅད་འབྱུང་བ་ལྔ་ཡིས་བསྐྱེད།། འབྱུང་བ་ཆེན་པོའི་དོན་རྟོགས་ན།། ཐམས་ཅད་ཆེ་བའི་རྒྱལ་པོར་འགྲུབ།། ཆེ་བའི་རྫུ་འཕྲུལ་ཅིར་ཡང་སྟོན།། བདག་ཉིད་ཐབས་ཀྱི་བྱིན་རླབས་ལས།། འཕྲུལ་པ་ལྔ་ཡི ་ཆོ་འཕྲུལ་གྱིས།། མ་རིག་རྟག་པའི་ལིང་ཏོག་བསལ།། ང་དང་བདག་ཏུ་བྱེད་པ་བཅོམ།། ཕྱོགས་དང་རིས་སུ་བལྟ་བ་བསལ།། མཚན་མའི་འཛིན་རྟོག་གནས་པ་བཀྲོལ།། ཡང་གསང་ངེས་པའི་ལམ་དུ་བཞག། ཐར ་པའི་ལམ་ཞེས་དེ་ལ་གསུངས།། གང་ཞིག་མ་སྐྱེས་དོན་འདོད་པས།། འབྱུང་བ་ཡེ་ནས་ཆེ་བའི་ཆེ་བ་འདི་ལས་བཙལ་བར་བྱ། འབྱུང་བ་ཡེ་ནས་ཆེ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡེ་ཤེས་ཡེ་ནས་ཆེ་བ་འདི། ་སྐད་ཅེས་བཀའ་སྩལ་ཏོ།། ཡེ་ཤེས་རྒྱལ་པོ་གང་འདོད་པས།། རང་གི་སེམས་ལས་བཙལ་བར་བྱ། ཆག་ཆད་མང་།། འགྲོ་ཀུན་བླ་མེད་བྱང་ཆུབ་ལ།། རྟོགས་པའི་རྒྱུད་ལ་རང་རིག་པས།། དེ་ནི་ཡེ་ཤེས་ཆེ་བའོ།། སྟོང ་གསུམ་ཡེ་འབྱམས་དོན་ཤེས་ཤིང་།། གདལ་བ་ཆེན་པོར་ཕྱོགས་མེད་ན།། ཡེ་ཤེས་ཆེ་བའི་དམ་པ་སྟེ།། བཟང་ངན་མེད་པར་དོན་ཤེས་ན།། ཀུན་ཏུ་བཟང་པོར་དོན་ཤེས་ན།། ཆོས་ཉིད་ཡེ་ནས་མ་བཅོས་པའི།། དོན ་དེ་ཤེས་ན་ཡེ་ཤེས་ཡིན།། ཡེ་ཤེས་དམ་པ་འཚོལ་འདོད་པས།། གང་ལའང་ཐེ་ཚོམ་མ་བསྐྱེད་པར།། རྟོགས་པའི་ཀློང་དུ་དོན་སྤྱོད་དང་།། རང་བྱུང་ཡེ་ཤེས་དེ་ལ་འཆང་།། མི་སྣང་ཡེ་ཤེས་དེ་ལ་ཕྱི་ནང་མེད།། ལྷུན ་གྲུབ་ཡེ་ཤེས་ཕྱོགས་རིས་མེད།། སྟོང་པའི་ཡེ་ཤེས་དངོས་པོ་མེད།། མེ་ལོང་ཡེ་ཤེས་རྟོག་པ་མེད།། མཉམ་ཉིད་ཡེ་ཤེས་ཆེ་ཆུང་མེད།། སོ་སོར་རྟོགས་པས་མ་འདྲེས་གསལ།། བྱ་གྲུབ་ཡོན་ཏན་མཐར་ཕྱིན་མེད།། ཅི ་སྟེ་བཙལ་བས་འགྲུབ་གྱུར་ན།། རང་བྱུང་ཡེ་ཤེས་ཡོངས་མི་བདེན།། རང་བྱུང་ཡེ་ཤེས་བསྒོམས་པས་མིན།། ཅི་སྟེ་བསྒོམས་པས་ཡིན་འགྱུར་ན།། རིག་པའི་ཡེ་ཤེས་ཡོངས་མི་བདེན།། རིག་པའི་ཡེ ་ཤེས་ནང་ཤར་ན།། བཙལ་བ་མེད་པར་ལྷུན་གྱིས་གྲུབ།། རང་བྱུང་ཡེ་ཤེས་དོན་རྟོགས་ན།། བསྒྲུབ་པ་མེད་པར་ཡོངས་སུ་འགྲུབ།། བདག་ཉིད་ཡེ་ཤེས་དོན་རྟོགས་ན།། ཆོས་རྣམས་ཐམས་ཅད་བདག་ལ ་གསལ།། ཡངས་སོ་བདེའོ་ཡེ་ཤེས་མཆོག། གསལ་ཞིང་དག་ལ་དྲི་མ་མེད།། གཉིས་སུ་མེད་པས་རྟོག་པ་སྤང་།། སངས་རྒྱས་སེམས་ཅན་སོ་སོ་ནས།། ཡེ་ཤེས་ཆེན་པོས་ཡོངས་མ་ཟིན།། ཕྱོགས་བཅུའི་སངས ་རྒྱས་ཐམས་ཅད་པས།། ཡེ་ཤེས་ཆེན་པོ་འདི་དག་སྤངས།། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡབ།། སངས་རྒྱས་སྲས་པོ་དམ་པ་སྟེ།། ཉག་གཅིག་ཡབ་ལས་མ་རྟོགས་པ།། གཉིས་སུ་སྣང་བ་བསྟན་པ ་མིན།། མཉམ་པའི་དོན་དང་མི་ལྡན་ན།། མི་མཉམ་བསླབ་པའི་ཆོས་གཅིག་དགོས།། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་།། ཡེ་ཤེས་རྟོགས་ན་གཅིག་ལས་མེད། ཆོས་དབྱིངས་གཅིག་ལས་མེད་པ་ལ།། ཡེ་ཤེས ་རྟོགས་པར་མ་བཞག་པས།། མང་པོར་འབྱེད་པ་སྙིང་རེ་རྗེ།། སོ་སོར་རྟོག་པ་ཉོན་རེ་མོངས།། ཕྱོགས་ཆར་འཛིན་པ་ཡོང་རེ་སྡུག། ལན་ཅིག་བྱེ་བྲག་ཕྱེད་པར་ཡང་།། ཡེ་ཤེས་མགོ་དྲང་བ་ཙམ།། དོན་ལ་འབྱེད་པ་བློ ་རྒྱ་ཆུང་།། ངེས་པ་གཅིག་པུའི་ཚིག་འདི་ཉོན།། ཡེ་ཤེས་ཡེ་ནས་ཆེ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་སྐུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། རང་བཞིན་སྤྲོས་པ་མེད་པ་ལ།། གཡོས་པ་མེད་པའི་ཡེ ་ཤེས་བཞག། གཉིས་སུ་མེད་པའི་ཐབས་ཤེས་པས།། དེ་ནི་ཆོས་སྐུ་དང་པོའོ།། ཐམས་ཅད་འདུས་མ་བྱས་པའི་ངང་།། མི་འགྱུར་མི་ཤིགས་རྡོ་རྗེ་སྟེ།། གཉེན་པོ་ཅིས་ཀྱང་མི་ཚུགས་པའི།། ཐམས་ཅད་ཀུན་ལྡན་ཡེ ་ཤེས་སྐུ།། རྡོ་རྗེའི་སྐུ་སྟེ་གཉིས་པའོ།། རིག་པ་རང་སྣང་དངོས་མེད་སྣང་།། ཉེས་པ་གང་གིས་མི་ཚུགས་པའི།། ལེགས་པའི་ཡེ་ཤེས་རང་སྣང་བའི།། མངོན་པར་བྱང་ཆུབ་སྐུར་བསྟན་པའོ།། གཉིས་མེད་ཆོས་ལ ་ལོངས་སྤྱོད་པའི།། མ་སྤངས་ཡེ་ཤེས་ལོངས་སྤྱོད་རྒྱན།། ཐམས་ཅད་ཆེ་བའི་རོལ་པ་ལ།། ལོངས་སྤྱོད་རྫོགས་སྐུ་མཐར་ཕྱིན་པའོ།། གཉིས་མེད་ཡེ་ཤེས་སེམས་ཀྱི་སྤྲུལ་པ་ལ།། ཡོངས་སུ་མ་ཁྱབ་གཅིག་ཀྱང ་མེད།། དོན་དམ་ཐབས་ཀྱིས་སྤྲུལ་པ་འཆར།། སྤྲུལ་པའི་སྐུ་སྟེ་ཀུན་ཁྱབ་པའོ།། སྐུ་ཡི་སྐུ་སྟེ་ཀུན་འགྲུབ་པའོ།། སྐུ་ཡི་བདག་ཉིད་སྐྱེ་ཤི་མེད།། རོལ་པ་སངས་རྒྱས་ཉིད་ཀྱིས་བརྒྱན།། སྟོང་གསུམ་སྟོང་གི་འཇིག་རྟེན ་ན།། འཕོ་འགྱུར་མེད་པ་སྐུ་ཡི་མཆོག། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། རང་བཞིན་མེད་པ་སྐུ་ཡི་མཆོག། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། རྟག་ཆད་མེད་པ་སྐུ་ཡི་མཆོག། སྐུ་མཆོག་དྲི་མ་མེད་པ་ལ།། སེམས ་ཀྱི་དྲི་མ་མཐར་ཕྱིན་པའི།། རིག་པ་བློ་ཡི་བརྟུལ་ཞུགས་ཀྱིས།། སྟོང་གསུམ་སྐུ་ཡི་དབང་དུ་འདུས།། དབང་དུ་མ་གྱུར་གང་ཡང་མེད།། མི་གཡོ་བྱང་ཆུབ་མཆོག་གི་རྒྱ།། རྣམ་པར་སྣང་མཛད་ང་ཡི ་ལུས།། ཟླ་བ་དྲི་མེད་དག་པ་ཡིས།། སྟོང་གསུམ་ཀུན་སྣང་ཁྱབ་པའི་དབྱིངས།། ཡབ་ལ་ཐུག་པ་མེད་བཞིན་དུ།། ཤེས་རབ་ཐབས་ལ་དེ་བཞིན་སྣང་།། མན་ངག་རྒྱ་མཚོ་ཆེན་པོ་འདི།། ཡོངས་ལ་བསྟན་པའི་ཤེས་རབ ་སྟེ།། ཆོས་སྐུ་བདག་པོས་ཀུན་བཅོམ་སྟེ།། དཀྱིལ་འཁོར་འཕྲོ་འདུ་ཉོན་རེ་མོངས།། ཡོངས་ལ་ཤར་བའི་དོན་འབྱུང་ན།། རྟོག་པ་ཀློང་བསྒོམ་སྙིང་རེ་རྗེ།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། རང་སེམས་མེད་པའི ་སྔོན་རོལ་ན།། སངས་རྒྱས་བྱ་བ་རྟོགས་པ་ཡིན།། ཀུན་ཏུ་བཟང་པོ་བདག་ལ་འདྲི།། སངས་རྒྱས་བསྟན་པ་བདག་ལ་མཛད།། བྱང་ཆུབ་དམ་པ་འདིར་བསྟན་པས།། གདོད་ཅིག་འཁོར་བ་བསྐྱང་དུ་མེད།། འཛིན་རྟོག ་ཉོན་མོངས་བྲེང་ཟག་བཅད།། མ་རིག་རྨོངས་པ་སྨོས་ཅི་དགོས།། མན་ངག་རྒྱལ་པོ་འདི་བསྟན་པས།། ལྟ་བ་ངན་པའི་མིང་ཡང་མེད།། ཐམས་ཅད་ཀུན་ཏུ་བདག་ཡིན་པས།། སྐུ་ཡི་རྒྱལ་པོ་དངོས་གྲུབ ་འབྱིན།། མཐའ་དབུས་ཆེ་ཆུང་མེད་པར་ཐོབ།། གཟོད་ཅིག་སྔོན་གྱི་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་ཁོང་ནས་ཤར།། འཕགས་པའི་འཕགས་པས་འཕགས་པར་བསྔགས།། ཕྱོགས་བཅུའི་སངས ་རྒྱས་ཐུགས་ངན་སངས།། དེ་ཚེ་ལས་ཆུད་མ་ཟོས་ན།། བདག་སེམས་ངལ་ཚི་མ་ཆད་དོ།། སྐུ་ཡེ་ནས་ཆེ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ ་སྩལ་ཏོ།། ཀྱེ་སྟོང་གསུམ་སྟོང་གི་འཇིག་རྟེན་ན།། སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་།། ཧེ་རུ་ཀ་ནི་སྐུ་ཡི་མཆོག། དེ་ཡང་སྐལ་ལྡན་ང་ཡི་སྐུ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། གསུང་གི་སྤྲུལ་པ་བསམ་ཡས ་ཀྱང་།། ཡི་གེ་འབྲུ་བརྒྱ་གསུང་གི་མཆོག། དེ་ཡང་སྐལ་ལྡན་ང་ཡི་གསུང་།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་།། ཡེ་ཤེས་སེམས་དཔའི་ཐུགས་ཀྱི་མཆོག། དེ་ཡང་སྐལ ་ལྡན་ང་ཡི་ཐུགས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཡོན་ཏན་དཀྱིལ་འཁོར་བསམ་ཡས་ཀྱང་།། རིན་ཆེན་ཟུར་བརྒྱད་ཡོན་ཏན་མཆོག། དེ་ཡང་སྐལ་ལྡན་ང་ཡི་ཡོན་ཏན་ཡིན།། སྟོང་གསུམ་སྟོང་གི་འཇིག་རྟེན ་ན།། ཕྲིན་ལས་རྣམ་བཞི་བསམ་ཡས་ཀྱང་།། རྣམ་བཞིའི་རྟ་མགོ་ཕྲིན་ལས་མཆོག། དེ་ཡང་སྐལ་ལྡན་ང་ཡི་ལས།། གཞན་ཡང་སྐུ་གསུང་ཐུགས་ཡོན་ལས།། དེ་དག་ཀྱང་ནི་སེམས་ཡིན་ཏེ།། སྐུ་ཡི་དཀྱིལ་འཁོར ་བསམ་ཡས་ཀྱང་།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། གསུང་གི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཐུགས་ཀྱི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ ་ཡོད།། ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཕྲིན་ལས་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། དེ་ཡི་མཚན་ཉིད་གཏན་ཚིགས ་གང་ཤེས་པས།། ཡང་དག་ངེས་པར་མཉན་པར་གྱིས།། སེམས་ཀྱི་རང་བཞིན་སྐྱེ་བ་མེད།། སེམས་ཀྱི་རང་བཞིན་དངོས་པོ་མེད།། སེམས་ཀྱི་འབྲས་བུ་མ་བཅོས་པ།། སེམས་ཀྱི་སྐུ་ནི་སངས་རྒྱས་ལ།། སེམས་ཀྱི ་གསུང་ནི་བརྟགས་པ་ཡིན།། སེམས་ཀྱི་ཐུགས་ནི་གོ་བ་སྟེ།། སེམས་ཀྱི་ལས་ནི་ལྷུན་གྲུབ་པའོ།། དེར་ཡང་མི་འགྱུར་རྡོ་རྗེ་སྟེ།། འཕགས་པའི་འཕགས་པ་རྡོ་རྗེའི་སྐུ།། སྐུ་ཡི་རྡོ་རྗེ་བརྗིད་པའི་སྐུ།། གསུང་གི་རྡོ་རྗེ ་བརྟན་པ་ཆེ།། ཐུགས་ཀྱི་རྡོ་རྗེ་འཛིན་པ་ཆེ།། ཡོན་ཏན་རྡོ་རྗེ་ལེགས་པ་ཆེ།། ཕྲིན་ལས་རྡོ་རྗེ་གྲུབ་པ་ཆེ།། དེ་ཡི་གོང་ན་སངས་རྒྱས་མེད།། ཆེ་བ་འདི་ལ་སུ་གནས་པ།། རྣལ་འབྱོར་དེ་ནི་སྐལ་བ་བཟང་།། བཟང་བ་མ ་ཡིན་དེ་ཉིད་ཡིན།། ངེས་པའི་སངས་རྒྱས་གཅིག་ལས་མེད།། དོན་ལ་ངེས་པའི་ས་དག་ལ།། སེམས་ཀྱི་མཚན་ཉིད་ཅི་འདྲ་བ།། དེ་ལ་བཅོས་པ་མེད་པར་ཞོག། དེ་ཡི་གོང་ན་ཆེ་བ་མེད།། ཡང་དག་ངེས་པ་དེ་ལ ་བཞག། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་ཡེ་ནས་ཆེ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ་པར་དག་པའི་སྤྱོད་ཡུལ་ལ།། སྐྱོན་དང་ཡོན་ཏན ་གཉིས་མེད་ལ།། སྐྱོན་ཉིད་དག་པར་མ་རྟོགས་ན།། ཡོན་ཏན་དག་པ་གང་ནས་སྐྱེས།། སྐྱོན་ཉིད་ཡོན་ཏན་ཡིན་ཤེས་ན།། སྤང་ཞིང་བཙལ་བར་བྱ་བ་མེད།། སྐྱོན་རྣམས་སྤངས་པའི་ཕ་རོལ་ན།། སངས་རྒྱས་བྱ་བའི ་མིང་ཡང་མེད།། དུས་གསུམ་སངས་རྒྱས་སྐྱོན་ལས་བྱུང་།། རྡོ་རྗེ་སེམས་དཔའ་སྐྱོན་གྱི་བུ།། སྐྱོན་ཉིད་སངས་རྒྱས་ཡིན་ཤེས་ན།། སངས་རྒྱས་མིན་པ་གཅིག་ཀྱང་མེད།། ཡོན་ཏན་ཉིད་ཀྱང་སྐྱོན་ཡིན་ན།། སྤང་བར་བྱ། ་བ་གང་ཡང་མེད།། ཅི་སྣང་སངས་རྒྱས་མཛད་སྤྱོད་ལ།། དེ་ལ་སྨད་པ་ཅི་སྟེ་བྱེད།། བདུད་ཉིད་སངས་རྒྱས་ཡིན་ཤེས་ན།། དེ་ལ་ཟློག་པའི་རྫས་ཅི་ཡོད།། མ་རིག་པ་ཡང་བྱང་ཆུབ་སེམས་ཡིན་པས།། མ་རིག་པ་ཡང ་དག་པའོ།། རྨོངས་པ་ཐམས་ཅད་ཀྱང་ཆུབ་ཀྱི་སེམས་ཡིན་པས་རྨོངས་པ་ཡང་དག་པའོ།། འཁྲུལ་པ་ཐམས་ཅད་ཀྱང་སེམས་ཡིན་པས་འཁྲུལ་པ་ཡང་དག་པའོ།། བསླད་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས ་སོ།། སངས་རྒྱས་ཀྱང་བྱང་ཆུབ་ཀྱི་སེམས་སོ།། སེམས་ཅན་ཡང་བྱང་ཆུབ་ཀྱི་སེམས་སོ།། མཐོ་རིས་དང་མྱ་ངན་ལས་འདས་པ་ཡང་བྱང་ཆུབ་ཀྱི་སེམས་སོ།། སྐྱོན་དང་ཡོན་ཏན་མེད་པའི་སྔོན་རོལ་ན། སངས་རྒྱས་བྱ ་བའི་མིང་ཡང་མེད། མ་རིག་པ་མ་རིག་པ་ཡིན་པར་ཤེས་ན། རིག་པ་གང་ལས་བཙལ། མ་དག་པ་ཉིད་ཡང་དག་པར་ཡིན་པར་ཤེས་ན། དག་པ་གང་ལས་བཙལ། ཉེས་པ་ཉིད་ལེགས་པར་ཤེས་ན། ལེགས་པ་གང ་ལས་བཙལ། འཁོར་བ་ཉིད་མྱ་ངན་ལས་འདས་པ་ཡིན་པར་ཤེས་ན། མྱ་ངན་ལས་འདས་པ་གང་ལས་བཙལ། ངན་སོང་ཉིད་མཐོ་རིས་ཡིན་པར་ཤེས་ན། མཐོ་རིས་གང་ནས་བཙལ། སེམས་ཅན་ཉིད ་སངས་རྒྱས་ཡིན་པར་ཤེས་ན། སངས་རྒྱས་གང་ནས་བཙལ། རྒྱུ་ཉིད་འབྲས་བུ་ཡིན་པར་ཤེས་ན། འབྲས་བུ་གང་ནས་བཙལ། རྟོག་པ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ཤེས་ན། ཆོས་ཀྱི་དབྱིངས་གང་ནས་བཙལ།། ་སྐྱོན་ཉིད་ཡོན་ཏན་ཡིན་པར་ཤེས་ན། ཡོན་ཏན་གང་ནས་བཙལ། དེ་ཡང་རང་རིག་གི་སེམས་ཡིན། དེ་ཡང་སྤང་ཞིང་དོར་བ་དང་། བླང་ཞིང་སྤྱོད་པའི་རྒྱུ་ཅི་ཡོད་དེ། སྐྱོན་ཡེ་ནས་ཆེ་བས་འབྲས་བུ་ལ་རག་མ་ལུས ་སོ།། ཡོན་ཏན་ཡེ་ནས་ཆེ་བ་ནི། འབྲས་བུ་ལ་རྟེན་མི་བཅའོ།། ཆེ་བའི་ཆེན་པོ་ཡིན་པར་ཆུང་ངུའི་མིང་མེད་དོ།། བཟང་པོའི་བཟང་པོ་དང་རྒྱལ་པོའི་རྒྱལ་པོ་ཡིན་པས། ངན་པ་དང་ཞན་པའི་མིང་མེད་དོ།། བདེའོ་སྐྱེས ་བུ་ཆེན་པོའི་ཐུགས།། དག་གོ་རྣམ་དག་བྱང་ཆུབ་སེམས།། རང་གི་དོན་དུ་རང་སྦྱོར་བས།། མཆོད་པ་བཀུར་སྟི་རང་ལ་བྱ།། རང་གི་དགོངས་པ་རང་ལགས་པས།། རྣམ་དག་སྐྱེས་བུ་ཆེན་པོའི་ངང་།། རྣལ་འབྱོར་རྣམ ་དག་ངེས་པ་ཞེས།། འདི་ལ་བསྒྱུར་ནས་ངེས་པར་བསྟན།། འདི་ནི་རྣམ་དག་ངེས་པའི་ས།། གང་གིས་ཚོལ་འདོད་འདི་ལ་ཉོན།། སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་འཁོར་བ་དང ་ངན་སོང་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཁོར་བ་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བ་ཡོད་པ་མིན།། ངན་སོང་མེད་པའི་སྔོན་རོལ་ན།། དེ་བཞིན་གཤེགས་པ་ཡང་མི་བཞུགས།། སངས་རྒྱས་ཡང ་དག་བསྟན་པ་ནི།། འཁོར་བ་ངན་སོང་ནང་ན་ཡོད།། སངས་རྒྱས་མིང་དུ་བཏགས་པ་ཡང་།། འཁོར་བ་འདི་ལ་བཏགས་པ་ལས།། གཞན་དུ་སངས་རྒྱས་ཡོད་མ་ཡིན།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། ཁམས ་གསུམ་འཁོར་བ་མ་ཡིན་པ།། གཞན་དུ་སངས་རྒྱས་གང་ལ་བསྒོམས།། ལུས་ངག་ཡིད་གསུམ་མ་ཡིན་པ།། སྐུ་གསུང་ཐུགས་གསུམ་གང་ནས་འབྱུང་།། དེ་དག་འབྱུང་བར་ངས་མ་བསྟན།། ངན་སོང་འདི་དག་སུས ་ཤེས་པ།། སྤྱོད་དང་རྣམ་དག་སེམས་ལ་ཕྱེ།། རྣལ་འབྱོར་གང་ཞིག་འདི་འདྲར་བྱེད།། ངན་སོང་འཁོར་བར་མི་ཉན་པར།། ངན་སོང་འཁོར་བར་ལིང་བོར་ནས།། དེ་དག་སྤངས་པའི་ཕ་རོལ་ན།། མཉན་ཞིང་རྟོག་པའི ་སངས་རྒྱས་དང་།། བདེ་ཞིང་སྐྱིད་པའི་སངས་རྒྱས་དང་།། ལོགས་ལས་བདག་གིས་ཐོབ་འདོད་པས།། ཐར་དུ་རེ་སྟེ་མི་ཐར་རོ།། འགྲུབ་པར་རེ་སྟེ་མི་འགྲུབ་བོ།། འཁོར་བ་ཡོངས་སུ་ཤེས་པ་ན།། མྱ་ངན་འདས་ཞེས ་དེ་ལ་བྱ།། ངན་སོང་ཡོངས་སུ་ཤེས་པ་ན།། ཐར་པ་ཐོབ་ཅེས་དེ་ལ་བྱ།། མ་དག་མེད་པའི་དོན་རྟོགས་ན།། སངས་རྒྱས་ངས་ཀྱང་འཁོར་བ་བསྔགས།། བསྔགས་སུའང་མེད་དེ་དེ་ཉིད་ཡིན། དོན་དམ་བདེན་པ་མི ་རྟོགས་ཤིང་།། རང་བྱུང་ཡེ་ཤེས་མ་ཤར་ན།། དུག་ཏུ་མ་སོང་གང་ཡང་མེད།། དགྲར་ཡང་མི་གནོད་གང་ཡང་མེད།། བདེ་བ་ཆེན་པོའི་དོན་རྟོགས་ཤིང་།། བྱང་ཆུབ་སེམས་ཀྱི་སྒོ་ཕྱེ་ན།། འབྲས་བུ ་མ་ཐོབ་གཅིག་ཀྱང་མེད།། ཆེ་བ་འདི་ལས་ཆེ་བ་མེད།། བརྟགས་ཤིང་བཤིག་ཅིང་རང་སེམས་བཟང་།། ཕྱིན་ཅིང་བཙལ་ཅིང་ཐོག་མ་ཉིད།། སུ་ཞིག་འཆད་ཅིང་སྟོན་འདོད་པ།། གང་ལའང་མ་འཆད་གང་ལ ་ཞོག། གང་ལའང་མ་རྟོགས་བདག་ལ་དགོས།། འབྲས་བུ་དམ་པ་འདི་ལ་ཡོད།། སེམས་ལ་ཐོག་ཏུ་མ་ཕེབས་ཤིང་།། ཡིད་ལ་གསལ་བར་མ་རྟོགས་ན།། ཁ་བཤད་མང་པོས་དོན་མི་འགྲུབ།། དུས་གསུམ་སངས ་རྒྱས་ཐམས་ཅད་ལས།། འཁོར་བ་ངན་སོང་བསྔགས་པར་གྱིས།། དུས་གསུམ་སངས་རྒྱས་དེ་ན་ཡོད།། ཐར་པ་ཆེན་པོའི་སྒོ་འབྱེད་ཅིང་།། ཕྱོགས་བཅུའི་སངས་རྒྱས་གསན་དུ་གསོལ།། རྒྱུ་ནི་མ་བཅོས་ཉིད་དུ ་བཞག། འབྲས་བུ་རང་བཞིན་མེད་པར་བླང་།། དོན་དུ་ཐིག་ལེ་ཆེན་པོར་བསྟན།། འདི་ལ་འགལ་བ་ཡོད་མ་ཡིན།། འཁོར་བ་དང་ངན་སོང་ཡེ་ནས་ཆེ་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་མཐོ་རིས་དང་མྱ་ངན ་ལས་འདས་པ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐར་པ་ཐོབ་པའི་ཐེམ་སྐས་དང་།། མྱ་ངན་འདས་པའི་ཆོས་ཉིད་རྣམས།། ཡང་དག་ཆེ་བར་བསྟན་པ་ནི།། རྣམ་ཤེས་དབང་པོ་གསལ་བར་སྣང་།། འདི་ཡང ་མཐོ་རིས་ཆེ་བ་ཡིན།། ཐམས་ཅད་རྟོགས་པས་ལོངས་སྤྱོད་པ།། འདི་ཡང་མཐོ་རིས་ཆེ་བའོ།། གཞན་ཡང་མཐོ་རིས་ཆེ་བ་ནི།། ཅི་ལྟར་གནས་པ་དེ་ལྟར་རྟོགས།། གང་ལྟར་ཡིན་པ་དེར་ཤེས་ཤིང་།། ཀུན་ཀྱང་འབྲས ་བུར་དོན་རྟོགས་པས།། མཐོ་རིས་དམ་པ་བླ་ན་མེད།། མྱ་ངན་འདས་པ་ཆེ་བ་ནི།། ཆོས་ཉིད་ཕྱོགས་བཅུར་གདལ་བ་དང་།། རིག་པ་མཐའ་དབུས་མེད་པ་དང་།། ཀུན་གཞི་བཟང་ངན་མེད་པ་དང་།། ཕྱི་ནང་བཟང ་ངན་མེད་པ་དང་།། ཡེ་ཤེས་སྤང་ལེན་མེད་པ་ཡིས།། མྱ་ངན་འདས་ལ་སོགས་པས་འགྲུབ།། མ་གཡོས་པ་ལ་རིག་པ་ཤར།། སངས་རྒྱས་སེམས་སུ་མྱ་ངན་འདས།། ཡུལ་ནི་ཆོས་སུ་མྱ་ངན་འདས།། རྟོགས་པ་ཡེ་ཤེས ་མྱ་ངན་འདས།། སྣོད་བཅུད་སྐུ་རུ་མྱ་ངན་འདས།། སེམས་ཅན་གཅིག་པར་མྱ་ངན་འདས།། དོན་དམ་བདེན་པར་མྱ་ངན་འདས།། མྱ་ངན་འདས་པའི་དོན་རྟོགས་ན།། འཁོར་བ་ངན་སོང་མིང་ཡང་མེད།། མཐོ་རིས ་དང་མྱ་ངན་ལས་འདས་པ་ཡེ་ནས་ཆེ་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཐབས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐབས་ཀྱི་རྒྱལ་པོར་བདག་གནས་པས།། ཐམས་ཅད་མ་གྲུབ་གང་ཡང་མེད།། ཐབས ་ཆེན་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བ་ཡོད་མ་ཡིན།། འགྲོ་ལ་ཐབས་ཀྱི་རྒྱུད་ཡོད་པས།། ཐབས་མཁས་ཡེ་ནས་ཆེ་བ་ལ།། ཀུན་ཏུ་བཟང་པོའི་སྤྱོད་པ་ལ།། བྱེད་དང་སྤྱོད་པ་རྣམ་འཇིག་པ།། དེ་ཉིད་ཐབས་ཀྱི ་ཆེ་བ་སྟེ།། ཐབས་མཁས་ཡོན་ཏན་ཀུན་ལྡན་པས།། སངས་རྒྱས་ཀུན་གྱི་བླ་མར་བསྔགས།། རྣལ་འབྱོར་ཆེན་པོའི་སྤྱོད་པ་དེའོ།། འཕགས་པའི་འཕགས་པ་ཐབས་ལ་གནས།། རྒྱལ་བའི་རྒྱལ་བ་ཐབས ་ལས་བྱང་།། ང་ཉིད་ཐབས་ཀྱི་རྒྱལ་པོ་ལ།། འཁོར་བའི་རྟོག་པ་ཀུན་བྲལ་བས།། རྫོགས་སངས་རྒྱས་ཀྱི་ཐབས་ལ་བསྔགས།། ཐབས་དང་བྲལ་བའི་སྙིང་རྗེ་ནི།། སྐྱེས་ཀྱང་ངལ་བ་དོན་མེད་ལ།། འདི་དག་ཐབས་ཀྱི ་མཆོག་ཤེས་ན།། གང་དག་སྤྱོད་པ་བླ་ན་མེད།། སངས་རྒྱས་བྱང་ཆུབ་གདོན་མི་ཟ།། ཐབས་ལས་ཐབས་བྱུང་ཐབས་རེ་ཆེ།། ཐབས་ཀྱིས་ཐབས་འདུལ་ཐབས་བསམ་ཡས།། རྟོག་པས་སངས་རྒྱས་ཐབས་སུ ་གསལ།། ཐབས་ཀྱི་ཏིང་འཛིན་བསྒོམ་པ་ན།། ངན་སོང་འཁོར་བ་ཐབས་ཀྱི་ཞིང་།། ཉོན་མོངས་དུག་ལྔ་ཐབས་ཀྱི་ལམ།། ཐབས་ཆེན་པོ་ཡི་མཛད་སྤྱོད་ཀྱིས།། ཐམས་ཅད་མ་ལུས་སངས་རྒྱས་ལ།། ཐར་པ་ཆེན་པོར ་ང་ཡིས་སྨྲས།། མུན་པས་འཐིབས་པའི་སེམས་ཅན་ལ།། ཐབས་ཀྱི་སྒྲོན་མེ་འདི་བཏེགས་པས།། ཀུན་གྱིས་གོ་ཞིང་བསམ་པར་ཤོག། ང་ནི་རང་བཞིན་མེད་པ་སྟེ།། སྤྲོས་པ་འཛིན་པའི་ཐོ་བརྡལ་བས།། མཚན་མར ་འཛིན་པ་ང་ཡིས་སྨྲས།། སེམས་ཉིད་ཀུན་ཏུ་བཟང་པོ་ལ།། ཕྱོགས་དང་རིས་སུ་སྣང་བ་དང་།། ང་དང་བདག་ཏུ་རྟོག་པ་ནི།། འཁྲུལ་པ་ཡིན་ཏེ་ངན་པའི་རྒྱུ།། བདག་གི་སེམས་ཉིད་བཟང་པོ་ལ།། སངས་རྒྱས་ཐོག། ་མ་ཐ་མ་མེད།། རྒྱུ་ལ་བཟང་དང་ངན་པ་མེད།། འབྲས་བུ་གྲུབ་དང་མ་གྲུབ་མེད།། ཁོམ་ལྡན་ཆེན་པོའི་བདེ་སྐྱིད་ལ།། སྡུག་བསྔལ་གཉེན་པོ་འཕོ་འཇུག་ཅིང་།། ཆོས་ཉིད་མཉམ་པའི་བདེ་བ་ལ།། གཟུང་འཛིན་རྟོག ་པའི་རྫས་ཅི་ཡོད།། སངས་རྒྱས་དཀྱིལ་འཁོར་མ་ལུས་ཀྱང་།། ང་ཡི་ཐབས་ལ་རབ་ཏུ་གནས།། ཐབས་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཤེས་རབ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། དོན ་དམ་སྤྲོས་པ་མེད་པ་ལས།། མ་གཡོས་ཆོས་ཉིད་སྐྱེ་འགག་མེད།། ཤེས་ན་ཡེ་ནས་ཆེ་བ་ཡིས།། འདི་ཡི་གོང་ན་སངས་རྒྱས་མེད།། ཤེས་རབ་ཆེན་པོས་སྐད་ཅིག་ལ།། ཆོས་རྣམས་ཁོང་དུ་ཆུད་པར་བྱེད།། སྐྱེ་བ་མེད ་པས་འགག་པ་མེད།། དམིགས་པ་མེད་པས་སྤྲོས་པ་མེད།། འདུས་མ་བྱས་པས་རྣམ་དག་དབྱིངས།། རང་བཞིན་མེད་པར་བརྗོད་དང་བྲལ།། ཀུན་ལ་ཁྱབ་པས་ཡབ་ཀྱི་ངང་།། ཐམས་ཅད་བསྐྱེད་པས་ཡུམ་གྱི ་དབྱིངས།། བརྗོད་པ་མེད་པའི་ཤེས་རབ་ལ།། དམིགས་པ་མེད་པའི་ཏིང་འཛིན་གསལ།། ཀུན་གཞི་ཡུམ་གྱི་ཤེས་རབ་ལ།། རང་བྱུང་ཐབས་ཀྱི་ཡེ་ཤེས་ཤར།། འདུས་མ་བྱས་པའི་ཀློང་དཀྱིལ་ནས།། སེམས་ཀྱི་རྒྱལ ་པོ་ཡེ་ཤེས་འཕྲོ།། སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས།། ཤེས་རབ་མིག་གཅིག་གསལ་བ་ནི།། ཡོངས་ལ་དབང་བསྒྱུར་རྒྱལ་པོ་སྟེ།། ཐམས་ཅད་རོལ་པའི་དབང་ཕྱུག་སྟེ།། མ་འགགས་པས་ཀྱང་ཡེ་ཤེས ་གསལ།། དེས་ན་དུག་རྣམས་ཀུན་སེལ་བ།། ནད་དོ་ཅོག་དང་བྲལ་བ་ནི།། བདུད་རྩིའི་རང་བཞིན་དཀྱིལ་འཁོར་གསལ།། དབང་པོ་ཡུམ་གྱི་ཤེས་རབ་ལ།། ཐབས་ཀྱི་ཞགས་པས་འབྲེལ་བ ་སྐྱོང་།། འབྱུང་བའི་རྒྱལ་པོ་གདོད་ནས་དག། དུས་གསུམ་བདེ་གཤེགས་བསྐྱེད་པ་ཡིས།། ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན།། མི་སྐྱེ་མི་འགག་གདལ་བ་ལ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། དག་གོ་ཤེས་རབ ་ཆེན་པོའི་དབྱིངས།། འཛིན་དང་བྲལ་ལོ་ཆགས་པ་མེད།། རྟོག་པ་མེད་པས་སྨྲ་བསམ་འདས།། བརྗོད་པ་མེད་པས་ནམ་མཁའི་ཚུལ།། རང་བཞིན་མེད་པས་ཆོས་ཀྱི་དབྱིངས།། ཕྱོགས་བཅུར་རྒྱ་ཡང་མ་ཆད་པའོ།། ཕྱི ་ནང་མེད་པར་ཀུན་ཏུ་སྣང་།། དག་ལ་དྲི་མ་མེད་པའོ།། སྣང་ལ་རང་བཞིན་མེད་པའོ།། ཆུ་ཟླ་སྒྱུ་མ་སྨིག་རྒྱུ་བཞིན།། མེད་པ་ཟང་ཐལ་མ་ཡིན་ལ།། ཡོད་པ་ཡང་ནི་མ་ཡིན་ནོ།། ཡོད་མེད་གཉིས་ལས་འདས་པ ་ཡིས།། རང་བཞིན་མེད་པ་ཡིད་ལ་དྲན།། ཤེས་རབ་ཆེན་པོའི་རྟོག་པས་བཏགས།། མཁའ་ལྟར་མཉམ་པ་ཉིད་གནས་ན།། ཤེས་རབ་ཆེན་པོས་ཁྱབ་པའི་རྟགས།། མི་གཡོ་མཉམ་གཞག་འདུས་མ་བྱས།། ཤེས་རབ ་ཆེན་པོར་གྲུབ་པའི་རྟགས།། མ་ཆགས་ཐབས་ཀྱིས་གང་སྤྱོད་ན།། ཤེས་རབ་ཆེན་པོ་ཐོབ་པའི་རྟགས།། རྣལ་འབྱོར་ཆེན་པོ་སུ་ཞིག་ཡོད།། ཤེས་རབ་ཆེན་པོ་རྟོགས་འདོད་ན།། ལེའུ་འདི་ལས་བཙལ་བར་བྱ།། ཤེས ་རབ་ཆེན་པོ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱོན་གྱི་རྒྱུ་ལས་མ་གཏོགས་པའི།། སངས་རྒྱས་གཞན་ནས་ཡོངས་མེད་དེ།། སྨན་མཆོག ་བདུད་རྩི་འབྱུང་བ་ཡང་།། དུག་ཡོད་པ་ལས་སྨན་དུ་འབྱུང་།། དུག་ལ་སྨན་གྱི་རྒྱུ་མེད་ན།། ཐམས་ཅད་སྨན་ལ་སྨན་མིང་མེད།། ལེགས་པ་ཐམས་ཅད་འབྱུང་བ་ཡང་།། སྐྱོན་གྱིས་ལེགས་པ་འབྱུང་བར་བྱེད།། སྐྱོན་གྱི ་མཚན་མ་ཅི་བྱུང་ཡང་།། དེ་ཉིད་ལེགས་པ་ཡིན་ཤེས་ན།། གཞན་དུ་ལེགས་པ་བསྒྲུབ་མི་དགོས།། དུག་ཉིད་སྨན་གྱི་དོན་ཤེས་ན།། གཞན་ནས་བདུད་རྩི་བཙལ་མི་དགོས།། སྐྱོན་ཉིད་དག་པར་མ་རྟོགས་ཤིང་།། རྒྱུ ་ལས་འབྲས་བུར་མ་རིག་ན།། དོན་ལྡན་ངེས་པའི་གཏན་ཚིགས་མེད།། སྨྱོན་པས་གྲིབ་མ་བསྙེག་པ་བཞིན།། བདས་ཀྱང་གྲིབ་མ་ཟིན་པ་མེད།། དེ་བཞིན་སྐྱོན་རྒྱུ་མི་ཤེས་པས།། བསྒོམས་པས་འབྲས་བུ་མི་རྙེད ་ན།། བརྟགས་པས་ཆོས་ཉིད་རྫས་སུ་གོལ།། བསྒྲུབས་པས་རྫས་སུ་མི་སྣང་སྟེ།། དེ་བཞིན་སྨྱོན་པའི་རང་བཞིན་ཅན།། དེ་བས་དོན་འདི་གོམས་པར་གྱིས།། བྱང་ཆུབ་སེམས་ཀྱང་སྐྱོན་གྱི་རྒྱུ།། སྐྱོན་གྱི་རྒྱུ་འདི་མ་ཤེས ་པ།། ཡོན་ཏན་རྒྱུ་འདི་སུ་ལ་ཡོད།། སྐྱོན་གྱི་རྒྱུ་འདི་མ་རིག་པ།། མ་རིག་པ་ནི་དབྱིངས་ཀྱི་མཛོད།། དེ་ཡི་གོང་ན་ཆེ་བ་མེད།། སྐྱོན་གྱི་རྒྱུ་ནི་འཛིན་རྟོག་གཉིས།། འཛིན་རྟོག་ཐབས་དང་ཤེས་རབ་ན།། སྐྱོན་གྱི་རྒྱུ་ལས ་ཆེ་བ་མེད།། སྐྱོན་གྱི་རྒྱུ་ནི་ཉོན་མོངས་ལྔ།། ཉོན་མོངས་ཡེ་ཤེས་ལྔར་སྣང་ན།། སྐྱོན་གྱི་རྒྱུ་ལས་ཆེ་བ་མེད།། སྐྱོན་གྱི་རྒྱུ་ནི་རྟག་ཆད་གཉིས།། རྟག་ཆད་དབྱིངས་དང་ཡེ་ཤེས་ནི།། སྐྱོན་གྱི་རྒྱུ་ལས་ཆེ་བ ་མེད།། སྐུ་དང་ཡེ་ཤེས་བཤད་པ་ཡང་། སྐྱོན་གྱི་རྒྱུ་ལས་མ་གཏོགས་པ།། གཞན་ནས་བཤད་པ་ཅི་ཡང་མེད།། ཡང་དག་ངེས་པའི་དོན་བསྟན་པ།། འོང་མེད་འགྲོ་མེད་འཕོ་མེད་པ།། སངས་རྒྱས་བྱང་ཆུབ་དེ་ལ ་ཡོད།། བཅོས་མེད་མ་བཅོས་པ་མེད་པས།། ཡེ་ཤེས་ཆོས་ཉིད་དེ་ལ་ཡོད།། མ་བསླད་མ་བཅལ་མཉམ་པར་བཞག། མཉམ་པའི་ཡེ་ཤེས་དེ་ལ་ཡོད།། དག་པའི་རྒྱུ་སྟེ་སྔོན་ནས་གསལ།། གྲུབ་པའི་མཐའ་སྟེ་ནང་ནས ་ཤེས།། ཐར་པའི་ལམ་སྟེ་གཞི་ལ་བཞག། མཁྱེན་པའི་རྒྱུ་སྟེ་སེམས་ལ་སྦྱང་།། གཟའ་གཏད་ལམ་ནི་ཐིག་ལེར་བཅའ།། ཀུན་ཏུ་བཟང་པོ་བཅོམ་ལྡན་འདས།། ཤེས་པར་གྱིས་ལ་སེམས་པ་ཞོག། སྐྱོན་རྒྱུ་ཡེ་ནས་ཆེ ་བའོ།། རྣལ་འབྱོར་གཞུང་མཐུན་གང་ཡོད་པ།། སྐྱོན་རྒྱ་ཆེ་བ་རྟོགས་འདོད་ན།། ལེའུ་འདི་ལས་བཙལ་བར་བྱ།། སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བ ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡོན་ཏན་ཆེན་པོའི་རང་བཞིན་ལ།། དག་པ་ཉིད་དུ་འདི་ལྟར་བཤད།། སངས་རྒྱས་ཀུན་གྱི་ཡོན་ཏན་ནི།། ང་ཡི་སེམས་ལས་བྱུང་བ་སྟེ།། ང་ཡི་སྐུ་ནི་མི་འགྱུར་བའོ།། ང་ཡི་གསུང་ནི་མ ་བཅོས་པའོ།། ང་ཡི་ཐུགས་ནི་མ་གཡོས་པའོ།། ང་ཡི་མཛད་པ་ཁྱད་པར་ཆེ།། ང་ཡི་རོལ་པ་ཐབས་ལ་མཁས།། ང་ཡི་བྱིན་རླབས་འདུས་མ་བྱས།། ང་ཡི་མཐུ་སྟོབས་འཛིན་རྟོག་བཅོམ།། ང་ལ་ང་ཞེས་བྱ་བ་མེད།། ང ་མེད་བདག་མེད་ཕྱོགས་མེད་པ།། འཛིན་རྟོག་མེད་པའི་ཤེས་རབ་གད་ལ།། རྟག་ཆད་མེད་པའི་ཡེ་ཤེས་ཤར།། ཡོན་ཏན་ཡེ་ནས་ཆེ་བ་ཡིས།། འདི་ཡི་གོང་ན་སངས་རྒྱས་མེད།། འཁོར་བ་མེད་པའི་སྔོན་རོལ་ན།། མྱ ་ངན་འདས་པའི་མིང་ཡང་མེད།། འཁོར་བ་ཉིད་ན་ཡོན་ཏན་ཆེ།། ངན་སོང་མེད་པའི་སྔོན་རོལ་ན།། མཐོ་རིས་བྱ་བའི་མིང་ཡང་མེད།། ངན་སོང་ཉིད་ན་ཡོན་ཏན་ཆེ།། སེམས་ཅན་མེད་པའི་ཕ་རོལ་ན།། སངས་རྒྱས ་བྱ་བའི་མིང་ཡང་མེད།། སེམས་ཅན་ཉིད་ན་ཡོན་ཏན་ཆེ།། ཉོན་མོངས་མེད་པའི་ཕ་རོལ་ན།། ཡེ་ཤེས་བྱ་བའི་མིང་ཡང་མེད།། ཉོན་མོངས་ཉིད་ན་ཡོན་ཏན་ཆེ།། ཆོས་ཅན་མེད་པའི་ཕ་རོལ་ན།། ཆོས་ཉིད་བྱ་བའི་མིང ་ཡང་མེད།། ཆོས་ཅན་ཉིད་ན་ཡོན་ཏན་ཆེ།། རྣམ་པར་དག་པའི་རྒྱུད་དག་ནས།། རང་སྣང་འབྲས་བུར་དང་པོ་ནས།། འཕགས་པའི་རང་བཞིན་རྒྱུད་ལ་རྫོགས།། སངས་རྒྱས་ཐམས་ཅད་འདུས་པའི་སྐུ།། འདི་ནི་ཡོན ་ཏན་ཆེན་པོའི་རྒྱུད།། ཡེ་ནས་ཆེ་བའི་དོན་ཡིན་ཏེ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའི་ལྷ་རྣམས་དང་།། གང་དག་ཕོ་མོ་མ་ནིང་སྐུ།། འཁྲུལ་པས་བརྟགས་པའི་སྒོ་ཙམ་དུ།། ཤེས ་རབ་དམན་ལ་བསྟན་པའི་ཕྱིར།། རྨོངས་པའི་བློ་ལ་སྣང་བར་ཟད།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཕོ་མོ་མ་ཡིན་མ་ནིང་མིན།། ཆེ་ཆུང་མ་ཡིན་རིགས་རྒུད ་མིན།། རྟག་ཆད་མ་ཡིན་མཚན་མར་མིན།། ཕྱི་ནང་མ་ཡིན་དངོས་པོར་མིན།། རིགས་དང་ཁ་དོག་བསྟན་པ་མེད།། མེད་པ་མ་ཡིན་སྙིང་པོའི་དོན།། རྣལ་འབྱོར་དོན་ལྡན་རྣམས་ཀྱིས་རིག། དོན་དང་ལྡན་པའི་སེམས ་ལ་གསལ།། རང་བཞིན་ཡོངས་ཀྱིས་དག་པ་ལ།། གཉེན་པོས་བཅོས་ཤིང་དཔག་ཏུ་མེད།། མཚན་ཉིད་ཡོངས་ཀྱིས་ཞི་བ་ལ།། རྟོགས་ལྡན་ཚད་མས་དེ་ལྟར་གསལ།། རྒྱུ་དང་འབྲས་བུར་དབྱེར་མེད་ལ།། མཚན་ཉིད ་འཛིན་ཅིང་རིགས་སུ་འབྱེད།། དོན་དང་འགལ་ཞིང་བརྟག་པར་དཀའ།། རང་སེམས་གདོད་ནས་མ་སྐྱེས་ན།། འཕོ་ཞིང་འགྱུར་བའི་གནས་ཀྱང་མེད།། བཙལ་ཞིང་བསྒྲུབ་པའི་ས་ཡང་མེད།། མེད་པའང་མ་ཡིན ་འགྱུར་མེད་སྐུ།། འདུ་འབྲལ་མེད་པའི་དབྱིངས་ཉིད་ལ།། བཟང་ངན་སྤང་ལེན་རྣམ་རྟོག་མེད།། དབྱེར་མེད་ཆེ་ཆུང་རིམ་པ་མེད།། སྐྱེ་ཤི་གཉིས་ཀྱི་མཚན་མ་མེད།། མེད་པའང་མ་ཡིན་ཁྱབ་པའི་སྐུ།། མི་འབྱེད་མཉམ ་པའི་སྤྱོད་པ་ལ།། རང་སྣང་ཐབས་ཀྱི་རྒྱལ་པོར་རོལ།། འདུས་མ་བྱས་པའི་ཀློང་ཉིད་ན།། བཅོས་པ་མེད་པའི་ཡེ་ཤེས་ཤར།། འཛིན་རྟོག་མེད་པའི་ཆོས་ཉིད་ལ།། བཙལ་བ་མེད་པའི་ཆོས་ཉིད་གནས།། གནས་ཙམ ་ཉིད་ན་རྟོག་པ་མེད།། རྟོག་མེད་ཆད་མེད་བདེ་བའོ།། འགྱུར་མེད་བཙལ་མེད་རང་བྱུང་གནས།། ང་མེད་བདག་མེད་ཕྱོགས་རིས་མེད།། ཆེ་ཆུང་མེད་པ་གསལ་བའི་མཁའ།། བཟང་མེད་ངན་མེད་ཀུན་བཟང་ཆེ།། མ ་བསྐྱོད་ཇི་བཞིན་དབྱིངས་ན་གད་ལ།། མ་བསྐྱེད་རྫོགས་པ་རྫོགས་ཆེན་དང་།། བྱ་བྲལ་མེད་པས་འདུས་མ་བྱས།། སྨོན་པ་མེད་པས་རང་ལ་རྫོགས།། ཁམས་གསུམ་སྣོད་བཅུད་མ་ལུས་ཀུན།། བདེ་བ་ཆེན་པོ་ཉིད་ཀྱི ་རྒྱན།། ཡོན་ཏན་ཆེན་པོའི་ཞིང་ཁམས་ལ།། མ་ལུས་པར་ཡང་སངས་རྒྱས་སོ།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། རང་བྱུང་དག་པའི་དབྱིངས་ཉིད་ལ།། རྣམ་དག་ཀློང་དུ་སངས་རྒྱས་པས།། ཡོན་ཏན་ཆེན་པོ་རྣམས ་ལ་གསལ།། བཙལ་དང་བཅས་པས་མི་འགྲུབ་སྟེ།། མ་བཙལ་བཞག་པས་གསལ་བར་འགྲུབ།། སྒྲོ་བཏགས་མཚན་མའི་སྐྱོན་རྣམས་སྤང་།། ཐམས་ཅད་ཡོངས་སུ་བདེ་གདལ་ན།། ཡོན་ཏན་ཆུང་བ་གང་ཡང ་མེད།། ཐམས་ཅད་ཀུན་བཟང་ཡོན་ཏན་ལ།། སྐྱོན་དུ་བྱ་བ་གང་ཡང་མེད།། ཤིན་ཏུ་རྣལ་འབྱོར་གང་འདོད་པས།། ཡོན་ཏན་རྒྱ་ཆེར་རྟོགས་འདོད་ན།། ལེའུ་འདི་ལས་བཙལ་བར་བྱ།། ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བའི ་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་སངས་རྒྱས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྐུས་ཡེ་ནས་ཆེ་བ་ནི།། འཁོར་བ་སངས་པས་བདེ་ཆེན་རྒྱས།། སྣང་སྲིད་སངས་པས་བདེ་ཆེན་རྒྱས།། མ་རིག ་སངས་པས་ཡང་དག་རྒྱས།། གཏི་མུག་སངས་པས་ཤེས་རབ་རྒྱས།། དེ་ཡང་བཙལ་བ་མ་ཡིན་ཏེ།། རྟོགས་པ་ཉིད་ཀྱི་ཀློང་ན་སངས།། རིག་པ་ཉིད་ཀྱི་ཀློང་ན་རྒྱས།། སངས་རྒྱས་ཡེ་ནས་ཆེ་བའོ།། འདི ་ཡི་གོང་ན་སངས་རྒྱས་མེད།། ཕུང་པོ་ལྔ་ནི་རིགས་ལྔའི་ངང་།། རིགས་ལྔའི་སངས་རྒྱས་ཡེ་ཤེས་ཀློང་།། སྤྲུལ་པ་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། འབྱུང་བ་ལྔ་པོ་ཡུམ་ལྔའི་ངང་།། ཡུམ་ཆེན ་ལྔ་པོ་འབྱུང་ལྔའི་ངང་།། ཆོས་དབྱིངས་ཆེན་པོ་འབྱུང་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། རྣམ་པར་ཤེས་པ་སེམས་དཔའི་ངང་།། སེམས་དཔའ་ཆེན་པོ་སྤྲུལ་པའི་ཀློང་།། སྤྲུལ་པ་ཆེན་པོ་བཙལ་མེད ་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། ཡུལ་གྱི་རྣམ་པ་སེམས་མའི་ངང་།། འཁོར་གྱི་སེམས་མ་ཁྱབ་པའི་ཀློང་། ཁྱབ་པ་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། ཡན་ལག་ཁྲོ་བོ་ཁྲོ་མོའི ་དང་།། ཁྲོ་བོ་ཁྲོ་མོ་རོལ་པའི་ཀློང་།། རོལ་པ་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། འཇིག་རྟེན་དྲུག་པོ་ཐུབ་པའི་ངང་།། ཐུབ་པ་ཆེན་པོ་འདུལ་བའི་ཀློང་།། འདུལ་བ་ཆེན་པོ་བཙལ་མེད ་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། དབྱིངས་དང་རིག་པ་བཟང་མོ་དང་།། ཀུན་བཟང་ཡབ་ཡུམ་གནས་པའི་ཀློང་།། གནས་པ་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། སངས་རྒྱས་ཡེ་ནས ་གནས་པ་ཡིན།། འདི་ཡི་གོང་ན་སངས་རྒྱས་མེད།། གང་ཞིག་མཚན་མའི་རྟག་འཛིན་ལ།། གྲངས་སྦྱར་བ་ཙམ་བགྲང་ཀྱང་སངས་རྒྱས་གྲངས་ལས་འདས། བགྲང་ཡང་མུ་མེད་བརྗོད་ལས་འདས།། དོན་དམ་དུ་ནི ་གང་ཡང་མེད།། ཇི་སྲིད་མཚན་མའི་རྟག་འཛིན་ལ།། དེ་བཞིན་སངས་རྒྱས་སྐུ་ཡང་ཡོད།། ཅི་སྲིད་མཚན་མ་མེད་ན་ནི།། དེ་བཞིན་སངས་རྒྱས་སྐུ་ཡང་མེད།། ཇི་སྲིད་རྣམ་གྲངས་ཡོད་ཀྱི་བར།། དེ་བཞིན་ལྷ་ཡི་གྲངས ་ཀྱང་ཡོད།། ཇི་སྲིད་རྣམ་གྲངས་མེད་ན་ནི།། དེ་བཞིན་ལྷ་ཡི་གྲངས་ཀྱང་མེད།། མ་རིག་འཁྲུལ་པའི་སྒོ་ཙམ་ན།། གྲངས་ལ་རྟགས་ཀྱིས་མཚོན་པར་ཟད།། དོན་དམ་བཅོས་པ་མེད་པ་ལ།། གདལ་བའི་སྐུ་གཅིག ་བསྡུས་པ་ལ།། རིགས་དང་རྟགས་སུ་གང་ལས་བསྟན།། སངས་རྒྱས་ཡེ་ནས་ཆེ་བ་ནི།། ཡོད་དེ་དངོས་པོ་མ་ཡིན་ཏེ།། ཆུ་ཟླ་བཞིན་དུ་རང་བཞིན་མེད།། མེད་དེ་ཆད་པ་མ་ཡིན་ཏེ།། ནམ་མཁའི་དབྱིངས་ལྟར་ཅིར ་ཡང་སྣང་།། ཅིར་ཡང་སྣང་ལའང་ཅིར་ཡང་མེད།། གཅིག་སྟེ་རྣམ་པ་མ་ཡིན་ཏེ།། དོན་དམ་གཅིག་ཏུ་ཐམས་ཅད་འདུས།། གཉིས་མེད་ཕྱལ་བ་མ་ཡིན་ཏེ།། ཡོངས་ལ་ཁྱབ་པས་གདལ་བའི་སྒྲ།། ཕྱོགས་ཆར་མི་འཛིན ་རིས་མི་དབྱེ།། གཉིས་སུ་མི་རྟོག་ངར་མི་འཛིན།། ཡངས་ལ་ཕྲ་སྤང་དོགས་པ་མེད།། ཀུན་ལ་མཐུན་དང་དོན་དང་མཚན།། བདག་ཏུ་ཤེས་པ་གཞན་སྡུད་པ།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། སངས་རྒྱས་ཡེ་ནས་ཆེ། ་བ་ནི།། བཙལ་བ་མ་ཡིན་རྟོགས་པ་མིན།། བསྒྲུབ་པ་མ་ཡིན་གནས་པ་མིན།། གཞན་དུ་མ་ཡིན་བདག་ཏུ་མིན།། བདག་ཏུ་མ་ཡིན་གཞན་མ་ཡིན།། གཞན་ལ་མ་ཕྱིན་ཕྱོགས་རིས་མེད།། ནུས་མཐུ་མ ་ཡིན་བྱིན་བརླབས་མིན།། སྤྲུལ་པ་མ་ཡིན་གཅིག་ཏུ་སྦྱོར།། ཉོན་མོངས་མི་སྣང་འཕྲོ་འདུའི་ཚུལ།། ཅིར་ཡང་བསྟན་ཏེ་ཅིར་མ་བསྟན།། གང་ལྟར་སྣང་ཡང་གང་དུ་མེད།། གང་ལྟར་བརྟགས་ཀྱང་གང་དུ་མེད།། ཡོད་པ ་མ་ཡིན་དྲན་ཞིང་ཚོར།། ཆད་པར་མ་སོང་རིག་ཅིང་རྟོགས།། རྟག་པར་མ་སོང་དངོས་པོ་མེད།། གཉིས་སུ་མ་སོང་རྟག་པ་མེད།། གཅིག་ཏུ་མ་སོང་ཀུན་ལ་ཁྱབ།། དང་པོ་བསྐྱེད་པའི་རྒྱུ་མེད་པས།། ཐ་མ་འཆི་བའི་འཕོ ་བ་མེད།། དེ་ལྟར་དངོས་པོ་རྫས་མེད་པས།། བརྟགས་པས་ཆགས་ཤིང་གཟུང་དུ་མེད།། འཁོར་བ་སྒྱུ་མའི་རྫས་འདྲ་བས།། བདེ་སྡུག་བཟང་ངན་དོན་ལ་མེད།། མི་རྟག་སྡུག་བསྔལ་རྨི་ལམ་འདྲ།། གང་ལ་བརྟགས ་ཀྱང་དེ་ལ་འཁྲུལ།། བརྟགས་པས་ཆོས་ནི་གཅིག་ཀྱང་མེད།། མེད་པ་མ་ཡིན་རིག་པ་ཙམ།། ཆུ་ནི་རྒྱ་མཚོ་ཉིད་ཀྱི་རྒྱུན།། སངས་རྒྱས་རྟོགས་པ་ཉིད་ལས་འབྱུང་།། ཆོས་ནི་བཅོས་པ་མེད་པའི་ཆོས།། རྟགས་ནི་མ ་འདྲེས་གསལ་བའི་རྟགས།། དོན་ནི་འགྱུར་བ་མེད་པའི་དོན།། དེ་ལྟར་ཐོབ་པ་སངས་རྒྱས་ཞེས།། ཡེ་ནས་ཆེ་བ་ཡིན་ཞེས་བཤད།། རྣལ་འབྱོར་འདི་རྟོགས་བཅོམ་ལྡན་འདས།། ཤེས་པར་གྱིས་ལ་དེ་ལ་ཞོག། སངས ་རྒྱས་ཡེ་ནས་ཆེ་བ་ཡིན།། རྣལ་འབྱོར་སྐྱེས་བུ་གང་འདོད་པ།། སངས་རྒྱས་ཆེ་བ་རྟོགས་འདོད་ན།། ལེའུ་འདི་ལས་བཙལ་བར་བྱ།། སངས་རྒྱས་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་སེམས ་ཅན་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་མེད་པའི་ཕ་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། སེམས་ཅན་ཡེ་ནས་ཆེ་བ་ཡིས།། དོན་ནི་བསྟན་པ་འདི་ཡིན་ནོ།། འབྱུང་བའི་རྟགས་སུ་ནམ ་མཁའ་ཆེ།། སངས་རྒྱས་རྟགས་སུ་སེམས་ཅན་ཆེ།། ཆོས་ཉིད་རྟགས་སུ་ཆོས་ཅན་ཆེ།། སངས་རྒྱས་ཐམས་ཅད་བསྐྱེད་པས་ནི།། དེ་ཕྱིར་སེམས་ཅན་སངས་རྒྱས་ཡུམ།། སངས་རྒྱས་ཐམས་ཅད་འབྱུང་བས་ན།། དེ་ཕྱིར ་སེམས་ཅན་སངས་རྒྱས་ཡབ།། སྔ་རབས་འདས་པའི་སངས་རྒྱས་ནི།། སྔ་རབས་འདས་པའི་སེམས་ཅན་ཡིན།། སངས་རྒྱས་པས་ཀྱང་སེམས་ཅན་ཆེ།། ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་།། ད་ལྟར་བཞུགས་པའི ་སེམས་ཅན་ཡིན།། སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་།། སླད་ཀྱིས་བྱོན་པའི་སེམས་ཅན་ཡིན།། དེས་ན་སངས་རྒྱས་སེམས་ཅན་ཡིན།། སངས་རྒྱས་པས་ཀྱང་སེམས་ཅན་ཆེ།། རྟོགས་པས་སེམས་ཅན་ཐམས ་ཅད་གཅིག། སེམས་ཅན་གཅིག་ལ་ཆོས་ཀྱི་སྐུ།། ཆོས་ཀྱི་སྐུ་ཡང་སེམས་ཅན་ཡིན།། སེམས་ཅན་བརྟགས་པས་དངོས་པོ་མེད།། དངོས་པོ་མེད་པ་ཆོས་ཀྱི་དབྱིངས།། ཆོས་ཀྱི་དབྱིངས་ཀྱང་སེམས་ཅན་ཡིན།། སེམས ་ཅན་ཤེས་པས་གསལ་བར་གོ། གསལ་བར་གོ་བས་ཡེ་ཤེས་ཏེ།། ཡེ་ཤེས་ཉིད་ཀྱང་སེམས་ཅན་ཡིན།། སངས་རྒྱས་ཀུན་གྱི་འབྱུང་གནས་གཙོ།། དེ་ཕྱིར་སེམས་ཅན་སངས་རྒྱས་མེད།། སངས ་རྒྱས་སྤྲུལ་པ་ཅིར་ཡང་སྟོན།། དེ་ཕྱིར་སེམས་ཅན་སངས་རྒྱས་འབྲས། ཁམས་གསུམ་སེམས་ཅན་སྐུ་གསུང་ཐུགས།། སྲིད་པ་གསུམ་ནི་དབྱིངས་ཀྱི་ཀློང་།། རྒྱུད་དྲུག་སེམས་ཅན་དོན་དམ་དང་།། མཐའ་ཡས་སེམས ་ཅན་ལས་ཀྱི་མཆོག། ཐབས་ཀྱི་རྒྱལ་བར་གང་ཤེས་པ།། དེ་ཉིད་དོན་རྫོགས་ཐབས་ཀྱི་སྐུ།། མ་སྐྱེས་ཤེས་རབ་དོན་ཤེས་པས།། དེ་ཉིད་བཅོས་མེད་མན་ངག་ཚངས།། རང་བྱུང་རྒྱལ་པོ་སེམས་ཅན་ལ།། རིག་པའི ་རྒྱལ་པོ་རྣམ་ཤེས་ཤར།། ཕུང་པོའི་ཐིག་ལེ་ཆེན་པོ་ལ།། རྣམ་པར་དག་པའི་ཐིག་ལེ་ཤར།། སྐྱེ་མཆེད་ཏིང་འཛིན་གསལ་བ་ལ།། ཐབས་ཀྱི་འཕྲོ་འདུ་གསལ་བར་སྟོན།། གང་ལ་དཔེས་བསྟན་དེ་བཞིན་དུ།། དེ་བཞི ་སེམས་ཅན་དཔེ་བསྟན་པར།། བདེ་བ་ཆེན་པོའི་མན་ངག་འབྱུང་།། དག་པས་བརྟགས་ཀྱང་ཀུན་ཀྱང་གཙང་།། རྟོག་པས་བསམ་པས་གང་ཡང་འགྲུབ།། ལྟ་བ་ཡངས་པའི་ནམ་མཁའ་ལ།། འཛིན་རྟོག་མེད་པའི་འོད ་གསལ་བས།། གང་ཡང་མ་སྤངས་ལྷུན་གྱིས་གྲུབ།། མུ་མཐའ་མེད་པའི་ཤེས་རབ་ལ།། སྐྱེ་བ་མེད་པའི་ཀློང་གདལ་བས།། རྣམ་པར་དག་པའི་དབྱིངས་སུ་མཁྱེན།། སྐྱེ་མེད་ཉིད་ལ་སྒྲོ་བཏགས་པས།། ནན་གྱིས་ནམ ་མཁའ་འཛིན་པ་ལྟར།། དེ་ལྟར་རྟོགས་སུ་མི་སྣང་བས།། ཤེས་རབ་ཆུང་བས་འཁྲུལ་པར་འགྱུར།། ཚིག་དང་ལྡན་ཡང་དོན་ལ་གོལ།། མན་ངག་གདེང་དུ་ཡོངས་མ་ཆུད།། གང་ཞིག་ཤེས་རབ་ཞེན་པ་ཡིས།། སྒྲོ ་བཏགས་ཆོས་ལ་ཡི་རང་བ།། ལོང་བས་ལམ་ནོར་འཁྲུལ་པ་ལྟར།། ངམ་གྲོག་གཅོང་རོང་ངེས་པར་ལྷུང་།། དེས་ན་ཐེག་རྒྱལ་ངེས་པ་འདི།། ཤེས་རབ་དམན་ལ་བསྟན་མི་བྱ།། དོན་དུ་མི་འོང་སྐུར་བ་འདེབས།། གང ་ཞིག་བཀའ་སྨོད་འགལ་བྱེད་པ།། དོན་དུ་མི་འགྱུར་ལོག་པའི་ལམ།། ཐར་པའི་གནས་མེད་ལྟུང་བའི་ས།། ནོར་བའི་ལམ་ཚོལ་འཁྲུལ་པའི་ཞིང་།། ཀུན་བཟང་སྟོན་པས་ཡོངས་མ་བཤད།། གང་ཟག་སྒྲ་ཚིག་མཚན་མ ་ཅན།། བདེན་པའི་དོན་མེད་སྡུག་པའི་ཚིག། མ་རིག་རྨོངས་པས་འཁྲུལ་པའི་སེམས།། ལོག་པའི་ལམ་ཚོལ་ང་འོར་འཛིན།། ཤེས་རབ་དམན་པས་ཕྱོགས་ཆར་འཛིན།། དོན་ལྡན་སྣོད་ཅན་མ་ཡིན་པས།། བསྐལ་པ ་བརྒྱད་ཁྲི་བཞི་སྟོང་དུ།། ངེས་པའི་དོན་ལ་གཞུག་མི་བྱ།། མཁས་པས་དོན་དང་མི་ལྡན་ཞིང་།། བདེན་པའི་དོན་པོར་ཕྱོགས་ཆར་འཛིན།། ཚིག་ཏུ་སྨྲ་ལ་དོན་དུ་གཡེལ།། ལོག་པའི་ལམ་དགའ་དཀའ་ཚོལ་ན།། དེ་ནི ་བདུད་ཀྱིས་བསླུས་པ་ཡིན།། སྐྱེ་བོའི་གཟུགས་དང་སྡིག་ལ་སོགས།། སྤྱོད་པའི་དོན་དང་མི་འགལ་ཞིང་།། ཀུན་ལ་སྤྱོད་པས་ཀུན་སྤངས་ཤིང་།། གང་དང་མཐུན་ཞིང་དུལ་བའི་སེམས།། སྤྱོད་ཅིང་གང་ལའང་མ ་ཆགས་པས།། ཅི་ལྟར་སྤྱད་ཅིང་བཀའ་དང་མཐུན།། གདེང་ཅན་དོན་དང་ལྡན་པས་མཐུན།། ངེས་པར་བརྟེན་པའི་གཞུང་འཚོལ་ན།། དེ་ནི་སངས་རྒྱས་སྤྲུལ་པ་ཡིན།། ཡང་དག་བདེན་པའི་སེམས་ཅན ་ནོ།། མཉམ་པ་ཉིད་ཀྱང་སེམས་ཅན་ནོ།། སྤང་ལེན་མེད་པའི་སྤྱོད་པ་ལ།། འདུ་འབྲལ་མེད་པའི་དམ་ཚིག་འབྱུང་།། བཟང་ངན་མེད་པའི་ལྟ་བ་ལ།། ཕྱོགས་རིས་མེད་པའི་བསྒྲུབ་པ་འགྲུབ།། བདེན་པའི་དོན་དང ་ཚུལ་ཤེས་ན།། སེམས་ཅན་ཡིན་ན་ཡིན་པར་ཟད།། ཡིན་ཡང་སེམས་ཅན་ཆེ་བ་ཡིན།། དོན་ལྡན་སྐྱེས་བུས་ཤེས་པར་གྱིས།། ཤིན་ཏུ་རྣལ་འབྱོར་གང་ཡོད་པ།། སེམས་ཅན་རྟོག་པ་ཆེ་འདོད་ན།། ལེའུ་འདི་ལས ་བཙལ་བར་བྱ།། སེམས་ཅན་ཡེ་ནས་ཆེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་རྟོག་པ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྟོག་པ་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། རྟོག་པ་ཡེ ་ནས་ཆེ་བ་ཡིན།། དོན་ནི་བསྟན་པ་འདི་ཡིན་ནོ།། མཁས་པ་མི་གཙོ་རྟོགས་པ་གཙོ།། མཁས་པ་ཚིག་གི་ཐན་ཡིན་ནོ།། རྟོགས་པས་ཆོས་ཉིད་ཀློང་ན་འཕྱོ།། བཤད་པ་མི་གཙོ་སྒོམ་པ་གཙོ། བཤད་པ་ཚིག་གི་བཤད་ར ་ཡིན། བསྒོམས་པས་ལྷ་དང་གཉིས་སུ་མེད།། བསྒྲུབ་པ་བས་ཀྱང་རྟོགས་པ་གཙོ།། རྟོགས་པ་གདེང་དུ་མ་ཆུད་ན།། བསྒྲུབ་པ་རྟོག་པའི་རྒྱུན་ལ་བསྒྲུབ།། སྒོམ་པ་མཚན་མའི་ངང་ལ་སྒོམ།། རྩོལ་བ་ཉོན་མོངས་ཞེན་པ ་འཚོལ།། རྟོགས་པ་ཡེ་ནས་ཆེ་བ་ནི།། སྣང་སྲིད་རྟོགས་པས་ཡེ་ཤེས་ཆེ།། ཕྱི་ནང་རྟོགས་པས་ཐིག་ལེ་ཆེ།། ཆེ་ཆུང་རྟོགས་པས་མཉམ་ཉིད་ཆེ།། ཡང་དག་རྟོགས་པས་ཡེ་ཤེས་ཆེ།། བཟང་ངན་རྟོགས་པས་བདེ་ཆེན ་ཆེ།། བྱ་བཙལ་རྟོགས་པས་བདེ་ཆེན་ཆེ།། བདེ་ཆེན་རྟོགས་པས་བྱང་ཆུབ་ཆེ།། རྟོགས་པའི་གླང་ཆེན་ཕྱོགས་རིས་མེད།། ཡང་དག་དོན་ལྡན་བསྙེན་བསྲིང་མེད།། བདེན་པའི་དོན་འཆར་འཛིན་རྟོག་མེད།། རང་བྱུང ་རང་ཤར་བྱ་བཙལ་མེད།། ཐར་པའི་གནས་རིས་སྤང་ལེན་མེད།། དབྱིངས་ཀྱི་བདེ་གད་ལ་ཕྱོགས་རིས་མེད།། རྟོགས་ན་བཅོས་མེད་སྙིང་པོ་རྟོགས།། སྟོན་ན་རང་བྱུང་འབྲས་བུ་སྟོན།། ཐོབ་ན་རྣམ་དག་བཅོས ་མེད་ཐོབ།། ཉི་མ་ཤར་བས་མུན་པ་སངས།། རྒྱུད་འདི་ཐོས་པས་འཛིན་རྟོག་ནུབ།། ལུང་འདི་བྱུང་བས་འཛིན་རྟོག་བྲོས།། སྟོང་གསུམ་མ་ལུས་གཡུལ་ངོར་དེད།། ཁམས་གསུམ་མ་ལུས་ཚར་ལ་བཏོན།། སྲིད་གསུམ ་མ་ལུས་ཐོ་ལེས་བཏབ།། འཛིན་རྟོག་གཉིས་ནི་འཆོར་མེད་བཟུང་།། ཆགས་སྡང་གཉིས་ནི་དབང་དུ་བྱས།། རྟག་ཆད་གཉིས་ནི་རྡུལ་དུ་བརླགས།། སྤང་ལེན་གཉིས་ནི་ཕྱེ་བར་བཏགས།། བཟང་ངན་གཉིས་ནི་ཁྲུག ་གིས་བསྲེས།། སངས་རྒྱས་སེམས་ཅན་གཅིག་ཏུ་བྱས།། མཐོ་རིས་ངན་སོང་གཅིག་ཏུ་བསྣོས།། བདེ་བ་ཆེན་པོའི་ཞལ་དུ་གསོལ།། དམྱལ་བ་ཆོས་ཉིད་ངང་དུ་སྦྱང་།། ཡི་དྭགས་བཀྲེས་སྐོམ་རཾ་གྱིས་བསྲེགས།། བྱོལ ་སོང་གཏི་མུག་ཡཾ་གིས་དབུས།། མི་ཡི་སྡུག་བསྔལ་ཁཾ་གིས་བཀྲུས།། ལྷ་མིན་འཐབ་རྩོད་ལཾ་གྱིས་ཞི།། ལྷ་ཡི་ཕྲག་དོག་ཨེ་ཡིས་སྦྱངས།། ཐམས་ཅད་བདེ་ཆེན་དབྱིངས་སུ་བསྡུས།། བདག་ཉིད་ཆེན་པོར ་སངས་རྒྱས་པས།། བདག་གཞན་བྱ་བའི་མིང་ཡང་མེད།། སངས་རྒྱས་མཛད་པ་དེ་ལྟར་མཛད།། རྟོགས་པ་སྤྱོད་པ་དེ་ལྟར་སྤྱོད།། ནམ་མཁའ་ཡངས་པའི་མཚན་ཉིད་ལ།། དངོས་པོ་མཚན་མ་ཀུན་ཤར་ལྟར།། རྟོགས ་པ་ཡངས་པའི་ལྟ་བ་ལ།། འཛིན་རྟོག་མཚན་མ་ཅི་ཡང་ཤོང་།། ཤོང་བ་བས་ཀྱང་ཡོངས་ཀྱང་ཤོང་།། སྣང་སྲིད་རྟོག་པས་ཕྱི་རུ་བདེ།། དོན་དམ་རྟོགས་པས་ནང་དུ་བདེ།། དབྱེར་མེད་རྟོགས་པས་གཉིས་མེད ་བདེ།། སེམས་ཅན་སངས་རྒྱས་ཡིན་རྟོགས་ན།། གཞན་ནས་སངས་རྒྱས་ནོར་བའི་ལམ།། སྣང་སྲིད་ཆོས་ཉིད་ཡིན་རྟོགས་ན།། གཞན་ནས་ཆོས་ཉིད་ནོར་བའི་ལམ།། ཐམས་ཅད་འདུས་པས་དབྱིངས་ཉིད ་ཆེ།། མ་ལུས་འདུས་པས་ཐིག་ལེ་ཆེ།། ཀུན་ལ་རྟོག་པས་ཡེ་ཤེས་ཆེ།། གང་ཞིག་རྟོག་མེད་ཤེས་རབ་འཚལ།། རྨོངས་པ་འཁྲུལ་པའི་བྱ་བས་ནོང་།། དོན་དང་མ་ལྡན་ནོར་བ་དེས།། གང་ཡང་མི་ཤེས་དོན་མི་ཤེས།། ཅི ་ཡང་མ་རྟོགས་དོན་མ་རྟོགས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་།། གང་མ་རྟོགས་པ་དེ་ཡི་བདུད།། བདུད་དང་ལོག་པའི་ཆོས་རྣམས་ཀྱང་།། གང་གིས་རྟོགས་ན་དེ་ཡི་ལྷ།། ལྷ་ཡི་རྒྱལ་པོས་དམག་དཔུང ་དྲངས།། སྐྱེ་ཤི་མེད་པར་གཡུལ་ངོ་སྤྲད།། བཟང་ངན་མེད་པར་ལྷན་ཅིག་སྐྱེས།། ཕྱོགས་རིས་མེད་པར་ཐོ་ལེས་བཏབ།། དངོས་པོ་མཚན་མ་གཏན་ནས་བླངས།། རིགས་ལྔའི་སངས་རྒྱས་ཐུགས་ངལ་སངས།། རྟོགས ་པའི་རྒྱལ་པོ་འགྱོད་པ་མེད།། ལམ་ནི་ཉེ་ལམ་བདེ་རྫོགས་པས།། བཅོས་པ་མེད་པའི་ཆོས་ཉིད་ལས།། ས་ནི་རང་བཞིན་ལྷུན་གྱིས་གྲུབ།། ཀུན་ཏུ་བཟང་པོ་བཅོས་མེད་པས།། དེ་ཡི་ངང་ལ་སུ་གནས་པ།། རྟོགས་པ ་ཡེ་ནས་ཆེ་བའོ།། དོན་རྟོགས་རྣལ་འབྱོར་ཤེས་པར་གྱིས།། དོན་འཆང་རྣལ་འབྱོར་གང་ཡོད་པ།། རྟོགས་པ་ཆེན་པོ་ཚོལ་འདོད་ན།། ལེའུ་འདི་ལས་བཙལ་བར་གྱིས།། རྟོགས་པ་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་དྲུག ་པའོ།། །། ཀུན་ཏུ་བཟང་པོའི་མན་ངག་འདི།། མིང་ཙམ་འཛིན་པ་གང་བྱེད་པ།། ཆོས་ཉིད་རྟོགས་པར་ངས་བཤད་དེ།། སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན།། འདི་ཐོས་སངས་རྒྱས་ལག་ཏུ་ལོན།། ཐམས་ཅད ་ཀུན་གྱི་བདག་ཉིད་དུ།། བརྒྱུད་པ་འདིས་ཟིན་ཤེས་རབ་གནས།། མན་ངག་འདི་ནི་ང་ཡིན་ཞེས།། ཀུན་ཏུ་བཟང་པོ་ངས་བཤད་དེ།། གང་ཞིག་པ་ཉིད་རྟོགས་འདོད་ན།། མན་ངག་འདི་ལ་བལྟ་བར་གྱིས།། དེ་སྐད ་ཡོངས་གསུངས་མེད་པ་ཡིས།། ཀུན་ཏུ་བཟང་པོས་བཀའ་སྩལ་པས།། ཕྱོགས་རིས་མེད་པའི་སྣང་སྲིད་ཐམས་ཅད། གཉེན་པོས་མ་བཅོས་པའི་ཐབས་ཀྱིས། རྟོགས་པ་གཅིག་ཏུ་ཐོབ་པ་མེད་པའི་སྐུ་ཐོབ་བོ།། གྲུབ་པ ་མེད་པའི་འབྲས་བུ་ཐོབ་ནས། རང་བཞིན་བཙལ་བ་མེད་པར་སངས་རྒྱས་པའི་དོན་སུས་ཀྱང་མ་བསླབས་པར་ཤེས་སོ།། གང་གིས་ཀྱང་མ་བསྟན་པར་རང་རིག་གོ། ལྟ་བ་ཐམས་ཅད་ཀྱི་རྒྱལ ་པོ།། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། མན་ངག་སྙིང་པོའི་ཉིང་ཁུ་བཀའ་ཡང་དག་པ་རྫོགས་སོ།། །། དེ་ནས་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ཀྱི་དོན་འདི་ངེས་པར་རྟོགས་པར་བྱེད ་པ་རྣམས། རང་གནས་ཆེན་པོ་དགུའི་དོན་འདི་ཡིད་ལ་ཟུང་ཞིག། དེ་ཡང་གང་ཞེ་ན། རྒྱུ་དང་འབྲས་བུ་ཐམས་ཅད་བཙལ་བ་མེད་པར་རང་གནས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་མ་སྐྱེས ་པར་རང་གནས་པ་དང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ཆོས་ཀྱི་སྐུར་རང་གནས་པ་དང་། སངས་རྒྱས་དང་སེམས་ཅན་ཐམས་ཅད་གཉིས་སུ་མེད་པར་རང་གནས་པ་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་བཅོས ་པ་མེད་པར་རང་གནས་པ་དང་། བཟང་ངན་ཐམས་ཅད་མ་གཡོས་པར་རང་གནས་པ་དང་། མཐོ་དམན་ཆེ་ཆུང་ཐམས་ཅད་མ་བཅོས་པར་རང་གནས་པ་དང་། སྐྱེ་འཆི་འཕོ་འགྱུར་ཐམས་ཅད་འགྱུར་བ་མེད་པར་རང ་གནས་པ་དང་། བླང་དོར་ཆགས་སྡང་ཐམས་ཅད་ཕྱོགས་རིས་མེད་པར་རང་གནས་པའོ།། དེ་ལ་རྒྱུ་འབྲས་བཙལ་བ་མེད་པར་རང་གནས་པ་ནི། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་དང་།། རྒྱུ་འབྲས་ཐེག་པ་ཅིར་བསྟན ་པ།། གསང་ཉིད་ངེས་པར་དབྱིངས་གཅིག་པར།། རིམ་པས་བཙལ་ཞིང་བསྒྲུབ་ཏུ་མེད།། དབྱར་དགུན་སྟོན་དཔྱིད་ལ་སོགས་པ།། རྒྱུ་འབྲས་རིམ་གྱིས་འབྱུང་བ་ཡང་།། དུས་གསུམ་འགྱུར་བ་མེད་པའི་ཕྱིར།། རྒྱུ་དང ་འབྲས་བུར་བསྟན་པ་མེད།། རང་སེམས་སངས་རྒྱས་མ་ཡིན་ན།། མཆིང་བུར་ནོར་བུར་མི་འགྱུར་བཞིན།། ལས་དང་རྣམ་སྨིན་ཅི་བཙལ་ཀྱང་།། སངས་རྒྱས་བྱང་ཆུབ་ཐོབ་པ་མེད།། རྒྱུ་ཉིད་འབྲས་བུ་ཡིན་ཤེས ་ན།། ས་གསེར་བཞིན་དུ་ཡེ་དག་པས།། སངས་རྒྱས་ཡེ་ནས་ཡིན་པ་ལ།། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད།། སངས་རྒྱས་མ་རྩོལ་སེམས་ལ་ཡོད།། བྱང་ཆུབ་སེམས་འདི་རིན་པོ་ཆེ།། ཉེས་པར་སྤྱད་ཀྱང ་དཔལ་དུ་ཆེ།། བྱ་བཙལ་མེད་པར་ལྷུན་གྱིས་གྲུབ།། རྒྱུ་ཉིད་མ་བཙལ་འབྲས་བུར་གནས།། ཐམས་ཅད་དབྱེར་མེད་གདོད་ནས་དག། བསྒྲུབ་ཅིང་འགྲུབ་པའི་འབྲས་བུ་ནི།། བཙལ་མེད་ངང་ལ་རྫོགས་པར ་གནས།། ཞེས་པའོ།། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་མ་སྐྱེས་པ་ནི།། འཁོར་བའི་ཆོས་དང་མྱ་ངན་འདས།། གཉིས་སུ་བསྟན་པའི་ཚིག་ཏུ་ནོར།། མ་སྐྱེས་རང་བཞིན་རྣམ་པར་དག། ཀུན་ཏུ་བཟང་པོ་ཉིད ་ཀྱིས་གསུངས།། ཐར་པ་ཐོབ་ཅེས་བཏགས་པ་ཡི།། སྐུ་དང་ཡེ་ཤེས་ཆེ་བ་དང་།། ངན་སོང་འཁོར་བའི་སྡུག་བསྔལ་ནི།། མ་སྐྱེས་དབྱིངས་སུ་ཡོན་ཏན་གསལ།། ཁམས་གསུམ་འཁོར་བའི་ཆོས་ཉིད་ལ།། ཕྱིན་ཅི་ལོག ་ཏུ་རྣམ་བརྟགས་ཀྱང་།། རང་བཞིན་ཡེ་ནས་དངོས་མེད་པས།། སྒྱུ་མ་འདྲ་སྟེ་གྲུབ་པ་མེད།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་།། དབྱེར་མེད་ངོ་བོར་ཚུལ་གཅིག་པས།། རང་བཞིན་གདོད་ནས ་སྐྱེས་ཕྱིར།། བཅོས་པ་མེད་པར་རང་བཞིན་གནས།། སྐྱེ་དང་མི་སྐྱེ་ལྷ་ཚོགས་པ།། སྨིག་རྒྱུ་འདྲ་སྟེ་རང་བཞིན་མེད།། དེ་བཞིན་བརྟན་གཡོ་ལ་སོགས་ཀུན།། དོན་གཅིག་གཉིས་མེད་ཐ་མི་དད།། ཐམས་ཅད་དེ་ཡང ་བྱང་ཆུབ་སེམས།། སངས་རྒྱས་ཉིད་ལས་རིམ་གཉིས་མེད།། མ་སྐྱེས་པ་ཡི་རང་བཞིན་ལ།། མ་བཅོས་པ་ཉིད་བློ་ཡིན་ནོ།། ཞེས་པའོ།། ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུར་གནས་པ་ནི།། ཕྱི་ཡི་འབྱུང་བ་ལ་སོགས ་པའི།། ཡུལ་གྱི་རྣམ་པ་ཐམས་ཅད་ནི།། མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས།། མི་སྐྱེ་མི་འགག་སྤྲོས་དང་བྲལ།། རང་བཞིན་ཡོངས་ཀྱིས་ཞི་བ་ལ།། རྒྱུ་དང་རྐྱེན་ལ་མ་ལྟོས་ཏེ།། དུས་གསུམ་འདུས་མ་བྱས་པའི ་ང་། མཐའ་དབུས་ཕྱོགས་རིས་མེད་པ་ཡིས།། ཆོས་ཉིད་མ་སྐྱེས་ཀློང་དུ་གད་ལ།། དེ་བཞིན་ཉིད་ཀྱིས་གར་ཁྱབ་པར།། རང་རིག་ཡེ་ཤེས་ཆེན་པོར་རོལ།། དངོས་མེད་དངོས་བྲལ་བྱང་ཆུབ་སེམས།། ཆོས་ཉིད་དེ ་བཞིན་པ་ཉིད་ལ།། རིག་པ་དེ་བཞིན་ཉིད་གནས་པ།། དབྱེར་མེད་གཉིས་སུ་མེད་པ་ཡིས།། ཆོས་ཀྱི་སྐུ་ཞེས་དེ་ལ་བྱ།། དུས་གསུམ་འཕོ་འགྱུར་མེད་པ་ཡིས།། སྐྱེ་ཤི་མེད་པའི་གཡུང་དྲུང་དུ།། ཡེ་ནས་ཆོས་སྐུར ་གནས་པ་ཡིས།། སངས་རྒྱས་གཞན་དུ་བཙལ་མི་དགོས།། ཆོས་སྐུ་སེམས་ཀྱི་བྱིན་རླབས་ལས།། སྐུ་ཡི་ཁྱད་པར་ཅིར་སྣང་ཡང་།། བྱང་ཆུབ་སེམས་ལས་གཞན་མེད་པས།། བཙལ་མི་དགོས་པར་རང་བཞིན ་གནས།། དེ་བཞིན་ཐམས་ཅད་སངས་རྒྱས་པས།། ཆོས་སྐུ་བྱང་ཆུབ་སེམས་གནས་པས།། མ་བཙལ་མ་བསྒྲུབས་ཡེ་ནས་བདག། དེ་ལ་བཅོས་སུ་ཡེ་ནས་མེད་པའོ།། སངས་རྒྱས་སེམས་ཅན་གཉིས་སུ་མེད ་པ་ནི།། ཐམས་ཅད་མཁྱེན་པའི་སངས་རྒྱས་དང་།། ལོག་རྟོགས་འཁྲུལ་པའི་སེམས་ཅན་གཉིས།། ཆེ་ཆུང་ཁྱད་པར་བྱུང་བ་ཡང་།། གསེར་མགར་འདྲ་སྟེ་ཅིར་སྣང་གཅིག། རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་།། སྦྱོར ་ཤེས་ན་ནི་སྨན་ཡིན་ལ།། སྦྱོར་བ་མི་ཤེས་དུག་ཏུ་འགྱུར་བ་བཞིན།། སངས་རྒྱས་སེམས་ཅན་དེ་བཞིན་ནོ།། མ་བཅོས་སེམས་ཀྱི་ཆོས་ཉིད་ལ།། བྱང་ཆུབ་སེམས་ལས་འགྱུར་མེད་ན།། རིན་ཆེན་གླིང་དུ་ཕྱིན་པ ་ལྟར།། སངས་རྒྱས་སེམས་ཅན་བཙལ་དུ་མེད།། འབྲས་བུ་སྨིན་པའི་སྙེ་མ་ཡང་།། ས་བོན་ཉིད་ལས་གཞན་མ་ཡིན།། བླ་ན་མེད་པའི་སངས་རྒྱས་ཀྱང་།། སེམས་ཅན་སེམས་ལས་གཞན་མ་ཡིན།། དེ་བཞིན་རྒྱུ་འབྲས ་གཞི་མ་ཡང་།། ཡེ་ནས་གཉིས་མེད་བྱང་ཆུབ་སེམས།། བདེ་བ་ཆེན་པོར་ཡེ་བརྡལ་བས།། ཡེ་ནས་གཉིས་མེད་ཀུན་ཏུ་བཟང་།། གསེར་བཞིན་མ་བཅོས་ཡེ་ནས་གནས།། རང་བཞིན་གདོད་ནས་དག་པ་ལ།། ཚིག ་དང་ཡི་གེས་བཅོས་སུ་མེད།། གང་ལྟར་སྤྱད་ཀྱང་ཐོག་མ་པའོ།། །། བདེ་དང་སྡུག་བསྔལ་བཅོས་སུ་མེད་པ་ནི།། བདེ་དང་སྡུག་བསྔལ་གཉིས་མེད་པས།། རང་འདོད་བཅོས་པའི་སྨོན་པ ་མིན།། ཡེ་ནས་དེ་ལྟར་གནས་པ་ནི།། ཀུན་གཞི་ཀུན་ཏུ་བཟང་པོས་གསུངས།། ནམ་མཁའ་བཞིན་དུ་ཡེ་ནས་གསལ།། རྟོག་དང་མི་རྟོག་གཉིས་མེད་པས།། མཐོ་རིས་ངན་སོང་བཙལ་དུ་མེད།། དེ་རྟོག་བྱིས་པའི་སྤྱོད ་ཡུལ་ཡིན།། རང་བཞིན་མེད་པའི་ཆོས་ཉིད་སེམས།། ཡེ་ནས་ཀུན་ཏུ་བཟང་པོ་ལ།། གཙང་དང་སྨེ་གཉིས་མེད་པ་ལྟར།། བདེ་སྡུག་རྟོག་པ་ཤིན་ཏུ་བྲལ།། རང་སེམས་འབྱུང་བའི་ཆོས་ཅན་ནི།། བདེ་དང་སྡུག་བསྔལ ་རིམ་པ་དེས།། སེམས་ཀྱི་ཆོས་ཉིད་འགྱུར་མེད་པས།། བདེ་སྡུག་བཙལ་ཡང་རྙེད་མི་འགྱུར།། ཐམས་ཅད་རང་གི་སེམས་ཡིན་ན།། སྡུག་བསྔལ་ཉིད་ཀྱང་བདེ་བའི་ཀློང་།། རང་བྱུང་ཡེ་ཤེས་ཡིན་ཤེས་ན།། ངན་སོང ་ཉིད་ཀྱང་སངས་རྒྱས་ཤིང་།། མཉམ་པ་ཉིད་དུ་ལྷུན་གྲུབ་པས།། ཕྱོགས་དང་རིས་སུ་བཙལ་དུ་མེད།། མ་བཅོས་ཀུན་ཏུ་བཟང་པོ་ལ།། བདེ་དང་སྡུག་བསྔལ་གཉིས་སུ་མེད།། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ།། རྒྱུ ་ཉིད་དག་པ་འབྲས་བུ་སྟེ།། ཚིག་དང་ཡི་གེར་ལས་འདས་པ།། བཙལ་མེད་ལྷུན་གྲུབ་རང་གནས་པའོ།། བཟང་ངན་གཙང་སྨེ་མ་གཡོས་པར་ནི།། མ་རིག་མུན་པའི་ཕུང་པོ་ལ།། ཡེ་ཤེས་ཉི་མ་ཤར་བ་ལྟར།། རྟོགས ་དང་མ་རྟོགས་རང་བཞིན་ལ།། བྱང་ཆུབ་སེམས་གསལ་བཟང་ངན་མེད།། བདུད་རྩི་ཆེན་པོའི་རང་བཞིན་ལ།། དུག་དང་རྩི་གཉིས་མེད་པ་ལྟར།། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། སྐྱོན་དང་ཡོན་ཏན་མིང་ཡང ་མེད།། ངན་པ་ལས་ཀྱང་བཟང་བ་མེད།། སྐྱོན་དང་ཡོན་ཏན་ཉིད་དུ་དག། མི་གཙང་བ་ལ་གཙང་བ་མེད།། དུག་ཉིད་བདུད་རྩིའི་རང་བཞིན་པས།། གཉིས་མེད་དོན་འཆང་ཡེ་ནས་དག། དབྱེར་མེད་སྨོན་དུ་མེད་པ ་ལ།། འདུ་བྱེད་རྩོལ་བ་ཤིན་ཏུ་རྨོངས།། མ་བཅོས་ཐིག་ལེ་ཡེ་ནས་དག། མེད་ལ་ཡོད་པར་འཛིན་པའི་ཆོས།། ནམ་མཁའ་བགོ་བཤའ་མེད་པ་འདྲ།། ཚེ་ཆད་ལས་ལ་གྲུབ་པ་མེད།། གཞན་དུ་རྣལ་འབྱོར་མ་ཚོལ ་ཅིག། དོན་མེད་སྒྲ་ཚིག་སྒྲ་ཕྱིར་འབྲངས།། ཐེག་པ་ངེས་མེད་ས་མ་ཟིན།། ངེས་པའི་མན་ངག་རྟོག་པར་གོལ།། དོན་མེད་དེ་འདྲ་མནོས་ན་འཁྱལ།། དེ་བས་འགྱུར་མེད་བྱང་ཆུབ་དོན།། རྫོགས་ཆེན་འདི་ལ་གང་སྤྱོད ་པ།། ཡེ་ཤེས་ཀུན་བཟང་ཉིད་ཡིན་པས།། བཟང་ངན་གཙང་སྨེ་གཉིས་སུ་མེད།། མན་ངག་དོན་དང་ལྡན་པའི་གདེང་།། སེམས་ལས་མ་ཡེངས་དགོངས་པའི་ཀློང་།། འདི་ལྟར་སྤྱོད་པའི་རྣལ་འབྱོར་པ།། སངས་རྒྱས ་ཉིད་དུ་རང་གནས་པའོ།། །། མཐོ་དམན་ཆེ་ཆུང་མ་བཅོས་པ་ནི།། ཐེག་པའི་རིམ་པ་མཐོ་དམན་དང་།། ཤེས་རབ་རྟོག་པ་ཆེ་ཆུང་ནི།། གར་མཁན་ལག་གི་འདུ་བྱེད་བཞིན།། ཅིར་ཡང་བསྟན་ལ་ཅིར་ཡང ་མེད།། རང་བཞིན་གཅིག་ཏུ་མ་ངེས་པས།། སྐུ་གསུང་ཐུགས་ཀྱང་སོ་སོར་སྣང་།། ཤེས་པ་གཅིག་ཏུ་མ་གྱུར་པས།། བྱང་ཆུབ་སེམས་ཀྱང་སོ་སོར་གོ། དེ་བཞིན་ཉིད་ལས་གཞན་མེད་ན།། མི་མཐུན་རྣམ ་པ་ཅིར་བསྟན་ཀྱང་།། ཡེ་ཤེས་ཉིད་ལས་ཉམས་པ་མེད།། ཚིག་དང་ཡི་གེར་བརྗོད་ལས་འདས།། སྟོང་གི་འཇིག་རྟེན་ནམ་མཁའི་ཁམས།། ཇི་སྙེད་ཐུག་པ་མེད་པ་ཡང་།། ཏིལ་འབྲུ་རྟ་རྔ་བཅུར་བཤགས་ནས།། མ ་སྐྱེས་ཀློང་དུ་ཆེ་ཆུང་མེད།། ཀུན་གཞི་མ་བྱུང་མ་སྐྱེས་མེད།། ཡེ་ནས་རྣམ་པར་དག་པ་ལ།། སངས་རྒྱས་ཆེ་བས་མ་བཅོས་ལ།། སེམས་ཅན་ཆེ་བས་བཅོས་སུ་མེད།། ཆོས་རྣམས་སེམས་སུ་སངས་རྒྱས་པས།། ཇི་ལྟར ་འདོད་པས་རང་དབང་བསྒྱུར།། མྱ་ངན་འདས་དང་འཁོར་བའི་ཆོས།། ཆེ་ཆུང་མེད་པར་རང་གནས་པའོ།། །། སྐྱེ་ཤི་དང་འཕོ་འགྱུར་ཐམས་ཅད་མི་འགྱུར་བ་ནི། སེམས་དང་ཆོས་དང་ནམ་མཁའ་གསུམ།། དང་པོ ་སྐྱེ་བའི་རྒྱུ་མེད་པས།། ཐ་མར་འཕོ་ཞིང་འཆི་མི་འགྱུར།། དེ་བཞིན་ཐོག་མ་ཐ་མ་མེད།། འདས་དང་མ་འོངས་ད་ལྟར་དང་།། ཐ་ཚིག་བརྟགས་པ་ག་ལ་འབྱུང་།། དུས་གསུམ་དུས་ནི་མེད་པའི་ཕྱིར།། སྔོན་མེད་ཕྱིས ་མེད་གདོད་ནས་དག། སྐད་ཅིག་ཡུན་དང་བསྐལ་པའི་གྲངས།། རིང་ཐུང་བྱེ་བྲག་གྲངས་བསྟན་པ།། མ་རྟོགས་རྨོངས་པར་འགྱུར་སྣང་ཡང་།། ཆོས་ཉིད་དོན་ལ་རིང་ཐུང་མེད།། དེ་བཞིན་ཚད་ལ་སོགས་པ ་ཡང་།། ལུས་མེད་གྲངས་ཀྱི་གྲངས་ཀྱང་བསྟན།། རྨི་ལམ་འཕམ་རྒྱལ་བགྲང་བ་བཞིན།། གྲངས་དང་རིང་ཐུང་བརྟགས་པས་ནོར།། བདག་ནི་བསྐལ་པར་བགྲང་གྱུར་ཀྱང་།། ཐོག་པ་ཉིད་ནས་འགྱུར་བ་མེད།། མཐའ ་དབུས་ཕྱོགས་རིས་ཅིར་བསྟན་ཀྱང་།། ཐིག་ལེའི་ངང་ལས་ཉམས་པ་མེད།། འཇིགས་དང་བདུད་དང་དགྲར་སྣང་ཡང་།། སེམས་ལ་བཟུང་ཞིང་གསང་དུ་མེད།། སྣང་སྲིད་མེ་དང་ཆུར་འགྱུར་ཡང་།། བྱང་ཆུབ་སེམས ་ལ་འགྱུར་བ་མེད།། བདེ་བའང་མ་ཡིན་ཅིར་ཡང་སྣང་།། གསལ་ཙམ་ཉིད་ན་ཕྱོགས་རིས་མེད།། ཡོད་མེད་བརྗོད་པའི་ཚིག་ལས་འདས།། མི་འགྱུར་གཡུང་དྲུང་ཉིད་གནས་པའོ།། །། དེ་ལ་བླང་དོར་ཕྱོགས་རིས ་མེད་པར་རང་གནས་པར་འདི་སྐད་དོ།། སྐྱོན་རྣམས་བྱང་ཆུབ་སེམས་ཡིན་པས།། སྐྱོན་དུ་བོར་བའི་སེམས་མེད་དོ།། ཅི་ལྟར་སྤྱད་པ་ལེགས་པ་ཆེ།། ཀུན་བཟང་དོན་གྱི་སྤྱོད་ཡུལ་ཡིན།། ཡོན་ཏན་ཉིད་ཀྱང་གཞན ་མེད་དེ།། ཅི་ལྟར་སྣང་བ་ཐམས་ཅད་ཀུན།། ཡེ་ནས་བཙལ་མེད་དེ་བཞིན་ཅད།། གཞན་ནས་རྒྱལ་བས་བཙལ་དུ་མེད།། ཡོད་མེད་བླང་དོར་སྤྱོད་པའི་ཆོས།། ནམ་མཁའ་འདྲ་སྟེ་གྲུབ་པ་མེད།། མཁས་པས་ཡེ་ནས ་ཡོངས་མི་འཛིན།། དེ་ལ་ཅིར་ཡང་འགྱུར་བ་མེད།། མ་བཙལ་རང་སེམས་སངས་རྒྱས་པས།། བདེ་ཚོགས་གཞན་དུ་རྩོལ་བཞི།། བརྟགས་ཤིང་བཙལ་བས་མི་རྙེད་པས།། དེ་བསམ་རྟོགས་སེམས་ཉིད་ཚོལ།། ཅི ་ལྟར་བསྟན་པ་བདེ་བ་ཆེ།། གང་ལྟར་སྤྱད་པས་ཀུན་ཏུ་བཟང་།། ངེས་པའི་དོན་དུ་ཉིད་གནས་པས།། དོན་འདིར་མ་རྫོགས་མེད་པའོ།། ཀུན་ཏུ་བཟང་པོ་རྣམ་པ་ལྔ་དང་ཆེ་བ་རང་གནས་ཆེན་པོའི་རྒྱུད ་རྫོགས་སོ།། །། @#།། བོད་སྐད་དུ། དབང་གི་རྒྱལ་པོ་དབང་སྐུར་རྒྱལ་པོའི་རྒྱུད། སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བསྐུར་ནས་ཤེས་པའི་དུས་གཅིག་ན། བཅོམ་ལྡན ་