| Wylie | e-texts produced with BDRC’s OCR application |
བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། @#།། རྒྱ་གར་སྐད་དུ། བོ་དྷི་ཙིནྟནཱག་མ་མ་ཧཱ་ཡེ་ག་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་འ་གཏན་མེགན་པམས་ཀྱང་ཅན་པ་དང་མཛད་གཟུ་པ ་མལ་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་ཐེག་པ་ཆེན་པོའི་མདོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་ཡོན་ཏན ་ཆེ་བའི་དོན་ལ་སྤྱོད་པ་དེ། ངོ་མཚར་རྨད་དུ་བྱུང་བའི་དོན་འདི་ཉིད་བཤད་པའི་ཆོས། ཡང་དག་གསང་བའི་ཡང་གསང་བ། ཆོས་ཉིད་ཀུན་གཞིའི་ཕོ་བྲང་རྒྱ་ཡོངས་སུ་མ་ཆད་པ། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལས ་ཡེ་ཤེས་ཀྱི་ཆོ་འཕྲུལ་རྐུན་དཔག་ཏུ་མེད་པ་རིན་པོ་ཆེའི་རྒྱལ་པོ་ལྟར་སྣང་བ། ཆོས་ཉིད་ཀྱི་ནམ་མཁའ་ལ། རླུང་གི་ཕུང་པོ་རྒྱ་མ་ཆད་པ་དང་། ཁྲག་གི་རྒྱ་མཚོ་དང་། གསེར་གྱི་ས་གཞི་འབུར་འཕར་བར་ཆགས་པའི ་གཞི་ལ། འབར་བའི་གཞལ་མེད་ཁང་སྣ་ཚོགས་འོད་ཟེར་ཀུན་ཏུ་འཕྲོ་བ། ཐོད་པ་སྐམ་རློན་བརྩེགས་པ་ལ། གནམ་ལྕགས་ཀྱི་གཟེར་ཏ་ལེར་བཏབ་པ། སྦྲུལ་ནག་གི་རྒྱན་ལ་སོགས་ཏེ་འཁོར་བའི་རྒྱན་ཐམས་ཅད ་དང་། ཐབས་དང་ཤེས་རབ་ཀྱི་རྒྱན་དང་། རྡོ་རྗེའི་རྒྱན་ལ་སོགས་ཏེ་ཡེ་ཤེས་སྒོ་ཀུན་ཏུ་གསལ་བར་གྱུར་པའི་གནས་ན། བཅོམ་ལྡན་འདས་རྣམ་ཤེས་རྡོ་རྗེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཚོར་བ་རྡོ་རྗེ་ཞེས་བྱ་བ ་དང་། བཅོམ་ལྡན་འདས་འདུ་ཤེས་རྡོ་རྗེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་གཟུགས་རྡོ་རྗེ་ཞེས་བྱ་བ་དང་། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ ་རིན་ཆེན་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་པདྨའི་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ཞེས་བྱ་བ་ལ་སོགས་ཏེ། སེམས་དཔའ་ཆེན་པོ་བྱང ་ཆུབ་ཀྱི་སེམས་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་ཀུན་ཏུ་བཟང་དང་། བྱང་ཆུབ་ཆེན་པོ་ཐུགས་རྗེ་གཟིགས་དང་། བྱང་ཆུབ་ཆེན་པོ་དྲག་ཤུལ་རྡོ་རྗེ་དང་། བྱང་ཆུབ་ཆེན་པོ་སྒྲིབ་པ་སེལ་བྱེད་དང་། བྱང་ཆུབ་ཆེན་པོ་མཁྱེན ་རབ་གཞོན་ནུ་དང་། བྱང་ཆུབ་ཆེན་པོ་བརྟན་པའི་སྙིང་པོ་དང་། བྱང་ཆུབ་ཆེན་པོ་སྣང་བའི་སྙིང་པོ་དང་། དེ་དག་ལ་སོགས་ཏེ་བྱང་ཆུབ་སེམས་དཔའི་འཁོར་ཚོགས་ཐམས་ཅད་དང་། གཞན་ཡང་བུད་མེད་ཀྱི་འཁོར ་ཚོགས་ཐམས་ཅད་ཀྱི་དཀྱིལ་ན། བསྙེངས་པ་མི་མངའ་བར་རྡོ་རྗེའི་གདན་མི་ཕྱེད་པ་ལ་བཞུགས་ཏེ། ཡུམ་ཆེན་མོ་ཆོས་ཉིད་ཀུན་ཏུ་བཟང་མོས་ཉིད་ཀྱི་སྐུ་ལ་འཁྲིལ་ཏེ། ཉིད་ཀྱི་ཉིད་ལ་བལྟས་ནས་ཐབས་གཅིག ་གོ། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས་དགོངས་པ་མཉམ་པ་ཉིད་ཆོས་ཀྱི་དོན་མ་ལུས་པར་མཉམ་པར་མཁྱེན་ནས། སྐུ་གསུང་ཐུགས་མཉམ་པ་ཉིད་མི་དམིགས་པའི་ངང ་ལ་སྙོམས་པར་གནས་སོ།། རྣམ་རྟོག་མི་མངའ་འཇུག་ལྡོག་ཐམས་ཅད་དང་བྲལ་ནས་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེ་ཆོས་ཀྱི་དབྱིངས་ལས་མ་གཡོས་པར། ཡུམ་ཆོས ་ཉིད་ཀུན་ཏུ་བཟང་མོས་གསོལ་པ། ཆོས་སྐུ་རྣམ་དག་ནམ་མཁའི་དྲི་མེད་ནམ་མཁའ་ལྟ་བུའི་དངོས།། ཡོད་མེད་མཐའ་ལས་གྲོལ་བས་སྟོང་པའི་ངང་།། བརྗོད་བྲལ་མཐའ་ལས་འདས་པས་ནམ་མཁའི་ཚུལ།། དངོས ་པོ་ཀུན་བྲལ་བརྟགས་པའི་ཡུལ་ལས་འདས།། མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས།། ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས། ཆོས་རྣམས་ཐམས ་ཅད་ནམ་མཁའ་ལྟར་མཁྱེན་ནས་སྣང་བ་མེད་པ་ལས་རྡོ་རྗེ་ལྟ་བུའི་སྐུར་བསྟན་ཏེ། འཇིག་རྟེན་ཉི་ཟླ་སྒྲིབ་པ་མེད་པར་ཤར་བ་ལྟ་བུའོ།། དེ་ནས་ཡུམ་ཆོས་ཉིད་ཀུན་ཏུ་བཟང་མོ་ལ་གཟིགས་ཏེ་ཞལ་བཞེད་པར་མཛད ་པས། ཉི་མ་འབུམ་ལས་འོད་ཟེར་བྱུང་བ་ལྟ་བུའོ།། འོད་ཟེར་དེ་དག་ལས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་མངོན་པར་བྱུང་བས། རོལ་པ་སྣ་ཚོགས་ཀྱི་མཆོད་པ་བྱུང་ནས། བདེ་བའི་དགའ་བ་ལ་གནས་པར་མཛད ་དོ།། དེ་ནས་ཡུམ་ཆོས་ཀྱི་དབྱིངས་ཕྱུག་མ་དེས། སྤྱན་བདེ་བའི་ཚུལ་གྱིས། བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས་བལྟས་ཏེ། འདུད་པའི་ཚུལ་གྱིས་ཕྱག་བྱས་ནས། གསོལ་པ། ཚོགས་གཉིས ་རྫོགས་པས་ཡེ་ཤེས་དབྱིངས་ཀྱི་ལྷ།། ལོངས་སྤྱོད་རྫོགས་པས་བདེ་བ་ཆེན་པོའི་སྐུ།། ཡོན་ཏན་ཐམས་ཅད་རྫོགས་པས་ཡིད་བཞིན་རིན་པོ་ཆེ།། རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག། འཁོར་ལོས་སྒྱུར ་རྒྱལ་ལྟ་བུའི་ལོངས་སྤྱོད་གཏེར།། ཐབས་ཀྱི་རོལ་པས་བདེ་བའི་ངང་ལས་བཞེངས།། ཞེས་གསོལ་པས། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས། བསྐུལ་བར་མཁྱེན་ནས། བདེ་བའི་ངང ་ལས་ཆོ་འཕྲུལ་སྣ་ཚོགས་སུ་བཞེངས་ཏེ། འགྱིང་བའམ་བརྗིད་པའི་ཚུལ་དུ་ཡོད་མེད་ཐམས་ཅད་ལ་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས་ཀུན་ལ་ཁྱབ་པར་མཛད་དེ། དེ་རྣམས་ཀུན་གྱི་རང་བཞིན ་དུ་གནས་སོ།། དེ་ནས་ཡུམ་ཆོས་ཀྱི་དབྱིངས་ཕྱུག་མ་དེ་ངོ་མཚར་དུ་གྱུར་ཏེ། འདུད་པའི་ཚུལ་གྱིས་ཕྱག་བྱས་ཏེ་གསོལ་པ། ཡེ་ཤེས་སྒྱུ་འཕྲུལ་རྣམ་པར་རོལ་པའི་སྐུ།། ཐབས་དང་ཤེས་རབ་ཀུན་ལ་མངའ་བའི ་ལྷ།། འཕགས་པའི་ཐུགས་རྗེ་ཆོ་འཕྲུལ་འབྱུང་བའི་གནས།། འགྲོ་བའི་དོན་མཛད་སྤྲུལ་པ་མང་པོ་འགྱེད།། ཇི་ལྟར་འདོད་པའི་གཟུགས་ཀྱང་སྟོན་པར་བྱེད།། བདེར་གཤེགས་སྤྲུལ་པ་མཛད་པ་བཞེངས་སུ ་གསོལ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས། གསོལ་པ་མཁྱེན་ནས་རྩེ་གཅིག་པ་དེ་ཁོ་ན་ཉིད་རོལ་པའི་ཏིང་ངེ་འཛིན་ལ་གནས་ནས། ཅང་མི་གསུང་བར་མཉམ་པ་ལ ་བཞུགས་སོ།། དེ་ནས་ཡུམ་ཆོས་ཀྱི་དབྱིངས་ཕྱུག་མ་དང་། བྱང་ཆུབ་ཀྱི་རྡོ་རྗེ་ལ་སོགས་པ། འཁོར་རྡུལ་སྙེད་ངོ་མཚར་དུ་གྱུར་ཏེ། དེ་དག་གིས་མགྲིན་གཅིག་ཏུ་གསོལ་པ། ཨེ་མ་ཧོ་ཡིད་བཞིན་ནམ་མཁའ་ལྟ་བུའི ་དང་།། ཁྱབ་པའི་བྱིན་རླབས་རྡོ་རྗེ་བརྗིད་པའི་སྐུ།། སྤྲིན་ཕུང་རོལ་པས་རྡོ་རྗེ་བསྒྱིངས་པའི་སྐུ།། ཐོགས་མེད་རོལ་པས་ཆོ་འཕྲུལ་སྟོན་པར་མཛད།། ཨེ་མ་ཧོ།། གསུང་མཆོག་སྒྲ་སྒྲོགས་སྙན་པ་ལྟ་བུ་ལས།། རྡོ་རྗེ ་བརྗོད་མཛད་སྒྲ་རྣམས་བརྗོད་པ་མཛད།། གསུང་གི་ཡན་ལག་རྒྱ་མཚོ་བཀོད་པའི་གསུང་།། སེངྒེའི་སྒྲ་སྒྲོགས་གསང་སྔགས་ངེས་པར་སྟོན།། ཨེ་མ་ཧོ་ཡིད་བཞིན་རིན་ཆེན་གཏེར་ཆེན་ལྟ་བུ་ལས།། རྡོ་རྗེའི་བྱིན ་རླབས་བདེ་བའི་མཆོག། ཡེ་ཤེས་ཐིག་ལེ་སྤྲོས་བྲལ་མི་རྟོག་ཟུགས།། རྣམ་གྲོལ་དེ་ཉིད་ངེས་པའི་ཆོ་འཕྲུལ་སྟོན།། ཨེ་མ་ཧོ་སྡུག་བསྔལ་མི་ཟད་འཁོར་བ་འདི།། ཐོབ་པའི་བདེ་བ་མ་ཐོབ་འགྲོ་བའི་རྒྱུད།། མཐོ་རིས ་བདེ་བ་མ་ཐོབ་ངན་སོང་གནས།། ཡང་དག་དོན་རྣམས་བདག་ལ་བསྟན་དུ་གསོལ།། ཉོན་མོངས་མི་ཤེས་འགྲོ་བ་རྣམས།། སྡུག་བསྔལ་རྒྱ་མཚོས་བཅིངས་པ་དོན་གྱིས་ཁྲོལ།། མ་རིག་མུན་པས་ལྡོངས་པ་གསལ་བར ་བྱེད།། འཁོར་བ་རྒྱ་མཚོ་ཐུགས་རྗེའི་གྲུ་ཡིས་སྒྲོལ།། བདེ་བར་གཤེགས་པ་ཀུན་གྱི་ཐུགས་ཀྱི་མཆོག། ཡེ་ཤེས་མཆོག་ལྡན་དོན་གྱི་སྙིང་པོ་འདི།། རྣལ་འབྱོར་སེམས་ཀྱི་དོན་ཆེན་ནི།། འཁོར་རྣམས་འདུས་པ་རྣམས་ལ ་རྒྱ་ཆེར་བཤད་དུ་གསོལ།། དོན་རྣམས་ཤིན་ཏུ་རྟོགས་པ་འཚལ་ལགས་ན།། ཐུགས་རྗེའི་བྱིན་རླབས་ཆོ་འཕྲུལ་བཤད་དུ་གསོལ།། ཨ་ལ་ལ་ཧོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི ་བདག་པོ་དེས། འཁོར་རྣམས་ཀྱིས་གསོལ་བ་བཏབ་པར་གཟིགས་ནས། བཞད་པ་མཛད་དོ།། བཞད་པ་མཛད་པས། ཐུགས་རྣམ་པར་དག་པའི་ཀློང་ནས། རིག་པའི་ཡེ་ཤེས་བརྗོད་ཀྱི་མི་ལངས་པའི་ཡང་མི་ལངས ་པ་འོད་ཟེར་དང་བཅས་པ། འོད་ཟེར་དེས་ནམ་མཁའ་ཁྱབ་པར་མཛད་དོ།། འོད་ཟེར་དེ་དག་རེ་རེ་ལས་སྤྲུལ་པའི་སྐུ་བསམ་གྱི་མི་ཁྱབ་པར་ཤར་བར་མཛད་དོ།། སྤྲུལ་པའི་སྐུ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས ་འབུམ་ཕྲག་འཁོར་སོ་སོ་ཞམ་འབྲིང་དང་བཅས་པ་གནས་པར་མཛད་དོ།། དེ་དག་ལས་ཡེ་ཤེས་ཀྱི་ཆར་མངོན་པར་དབབ་པས།། མ་རིག་པའི་ཀློང་ཐམས་ཅད་གསལ་བར་མཛད་དོ།། རིག་པའི་ཆོས་ཀྱི་སྒྲ་སྣ་ཚོགས ་དང་། རིག་པའི་མཆོད་པ་སྣ་ཚོགས་བྱུང་སྟེ། ཀུན་ཏུ་ཁྱབ་ནས་བྱུང་ངོ་།། སྐུ་གསུང་ཐུགས་གར་མཁན་ལྟར་ལང་ལོང་ཕྱེད་པར་བྱུང་སྟེ་རྨད་དུ་བྱུང་ངོ་།། ཨ་ལ་ལ་ཧོ་ཞེས་སྒྲ་བསྒྲགས་པས།། སངས་རྒྱས་རྣམས་ཀྱང ་གསུང་དབྱངས་གཅིག་ཏུ་སྒྲ་བསྒྲགས་སོ།། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་དང་། གདུལ་བྱ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་སྤྲོ་བར་གྱུར། རིག་པའི་རྩལ་སྦྱངས་ནས། ངམ་ཞིང ་མཚར་ཏོ།། འཁོར་རྣམས་ཀྱང་ཉེ་བར་གནས་སོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་སོགས་ཏེ་འཁོར་རྣམས་སྦྱང་བའི་ཕྱིར། རྡོ་རྗེས་བརྒྱན་པ་ཞེས་བྱ་བའི ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སྔགས་ཚིག་འདི་གསུངས་སོ།། ཨོཾ་ཧཱུཾ་སྭཱ་ཧྲཱིཿཱ་ཧཱུཾ་ཧཱུཾ་ཧཱུཾ།། རིགས་རྣམས་འདུ་བྱར་འདུས་པ་ཡི།། དམ་པ་ཆེན་པོའི་རིག་འཛིན་རྣམས།། བླ་འོག་རིམ་པ་ཇི་བཞིན ་གནས།། རྡོ་རྗེ་གསང་བའི་གྲལ་ལ་འགོད།། མུ་སྟེགས་ཅན་དང་འཇིག་རྟེན་པ།། གང་དག་ལྷ་དམན་གྱུར་རྣམས་དང་།། རིགས་མ་ཡིན་པ་རིགས་མི་འགྱུར།། སྐལ་པ་བཟང་པོའི་དམ་ཚིག་འདི།། སྐལ་པ་ངན་པར ་འབབ་མི་འགྱུར།། དེ་ལས་འདས་ན་དེ་བརླག་བྱེད།། ཨོཾ་ཨཱཿཧཱུཾ་ཀྲོ་དྷ་ཛ་ལ་ས་མ་ཡ། ཧཱུཾ་རཀྐ་ཛ་ལ་ས་མ་ཡ།། ཧཱུཾ་ཙིཏྟ་ཛ་ལ་ས་མ་ཡ།། ཧཱུཾ་ཡཀྵ་ཛ་ལ་ས་མ་ཡ་ཞེས་བརྗོད་པ་ཙམ་གྱིས།། ཞལ་ནས་འོད་ཟེར་སྣ་ཚོགས ་བྱུང་།། སྤྲུལ་པའི་འོད་ཀྱི་ཕྲེང་བར་འབར།། གནོད་བྱེད་ཐམས་ཅད་བརླག་མཛད་དོ།། སྤྲོས་པའི་འོད་ཟེར་སླར་འཁྱིལ་པས།། འཁོར་རྣམས་དག་ཀྱང་ཤིན་ཏུ་སྐྲག། ཨེ་མ་ཧོ་ཨེ་མ་ཧོ་ངོ་མཚར་ཆེ།། བདག་ཅག ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་གསོལ་པ་ལས།། བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས་ཞལ་གྱི་མདངས་ཕྱུང་སྟེ། ཡེ་ཤེས་ཀྱི་འོད་ཟེར་འཁྱིལ་པ་དང་། མཛེས་ཤིང་བདེ ་བ་དང་ལྡན་པ་དང་། སྣོད་དུ་རུང་བ་རྣམས་སྦྱངས་ནས། འོད་ཟེར་རྣམས་གནས་སུ་ཐིམ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས།། མི་གནས་ཡེ་ཤེས་ཀློང་ནས་བཞེངས་ནས ་ནི།། སེངྒེ་བརྒྱལ་བའི་སྒྲ་ལྟ་བུ།། དོན་བཀོད་གསང་བའི་ངེས་པ་དང་།། རྒྱུད་འགྲེལ་རྟགས་ཀྱི་རོལ་པ་འདི།། རྡོ་རྗེ་བསྒྱིང་བའི་སྒྲ་འདིས་བཤད།། ཨ་ཨོ་ཨཽ་བོ་དྷི་ཙིཏྟ་ས་མ་ཡ་ཨ་ཏི་ཨ་ལ་ལ་ཧོ།། ཞེས་ཅང་མི་གསུང ་ངོངོ།། མ་གསུང་པ་ཉིད་ན་རྒྱ་ཆེར་བཞུགས་སོ།། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་ཞལ་འཛུམ་པས་གཟིགས་སོ།། བྱང་ཆུབ་སེམས་རྡོ་རྗེ་དེས་བསྐུལ་བར་རིག་ནས་རང་གི་གནས་ནས་ལངས་ཏེ། རང་གི་མཚན་མ ་གནས་སུ་བསམས་ཏེ་ལྕེ་ལ་རྡོ་རྗེ་བཞག་ནས། སྟོན་པའི་ཞལ་དུ་འབྲུ་ཚུགས་ཀྱིས་བལྟས་ཏེ་ཆོས་ཀྱི་རྒྱལ་པོ་ཚོགས་བདག་དགོངས་སུ་གསོལ།། མི་གསུང་ཆོས་ཀྱི་བདག་པོས་དགོངས་པ་བཤད་དུ་གསོལ།། ཨ་ལ ་ལ་ཧོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དེས། སྨྲ་བའི་དམ་པ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་རྣམ་པར་འཕྲོ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་སྐད་གསུངས ་སོ།། བཛྲ་ཀརྨ་ཙཀྲ་ས་ཏྭ་རཾ། སྨྲ་བའི་དམ་པ་དེས་སྨྲ་བའི་དབང་དམ་པ་ཐོབ་ནས། ཤིན་ཏུ་མི་བཟོད་པས་བག་དང་ལྡན་པར་བཞུགས་སོ།། ལན་རྣམ་པ་བཅུ་གཉིས་སུ་བསྐོར་བས། འཇིག་རྟེན་གྱི ་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། ཞིང་ཁམས་ཐམས་ཅད་ནི་བདེ་བའི་གནས་སུ་གྱུར། བཅུད་ཐམས་ཅད་ནི་ཡང་དག་པའི་དོན་མཐོང་། རྔམས་པའི་ཚུལ་གྱིས་སྟོན་པའི་མདུན་ལོགས་སུ། སེངྒེ་རྡོ་རྗེས་མཚན ་པའི་གདན་ལ་གནས་སོ།། དེ་ནས་འདུས་པའི་འཁོར་ཚོགས་ཀྱིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཨེ་མ་ཧོ་བཅོམ་ལྡན་ཡེ་ཤེས་བདག། བྱང་ཆུབ་སེམས་ནི་རྡོ་རྗེ་འདི།། མཐུ་ཆེ་བ་དང་བྱིན་རླབས་ཆེ།། རྒྱ ་ཆེ་མཁས་པ་གསལ་ཞིང་ཟབ།། བཅོམ་ལྡན་ཐུགས་ལས་སྐྱེས་པ་ལགས།། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཤད་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། བྱང་ཆུབ་སེམས་ནི་རྡོ་རྗེ ་འདི།། བྱང་ཆུབ་སེམས་ཀྱི་ཕྱི་མོ་སྟེ།། སྙིང་རྗེ་ཀུན་གྱི་བདག་པོ་ཡིན།། སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན།། བྱང་ཆུབ་རིག་འཛིན་རྣམས་ཀྱི་ཡབ།། རྣལ་འབྱོར་མེས་པོ་མྱ་ངན་འདས་པའི་དོན།། བདུད་ཀྱི་ཡང་བདུད ་ཆོས་ཀྱི་མཛོད།། ཡེ་ཤེས་འབྱུང་གནས་ཆེན་པོར་གྱུར་པ་ཡིན།། དེ་ཅིའི་ཕྱིར་ཞེ་ན། སྔོན་མེད་མི་འབྱུང་ད་ལྟར་མཉམ་པའི་དུས།། འབྱམ་ཀླས་དུས་ན་མངོན་སངས་རྒྱས།། ཆོས་ལ་སྦྱོར་ཅིང་རྒྱལ་བའི་ཐུགས་ལས ་སྐྱེས།། རྒྱལ་བ་ཀུན་གྱི་ཡབ་ཡིན་ཏེ།། དེ་འདྲའོ་ཞེས་ནི་བཀའ་སྩལ་པས།། འཁོར་ཚོགས་ཐམས་ཅད་དགར་གྱུར་ཏེ།། ཨེ་མ་ཧོ་བཅོམ་ལྡན་བདེ་གཤེགས་ངོ་མཚར་ལགས།། བྱང་ཆུབ་སེམས་ལ་ཕྱག་བྱས་ཏེ།། ཨེ་མ ་ཧོ་རྨད་བྱུང་ཚོགས་ཀྱིས་མཆོད་བྱས་ཏེ།། འདི་ལྟར་རྨད་བྱུང་ངོ་མཚར་རྒྱལ་བའི་སྲས།། ཞིང་འདིར་རྒྱལ་སྲས་ཁྱོད་སྤྱོད་པས།། བཀའ་ཡི་འཁོར་ལོ་ལམ་མཆོག་དག། ཨེ་མའོ་ཚིག་གིས་མཚོན་དེ་གསལ་བར ་མཛོད།། ཨ་ལ་ལ་ཧོ།། ཞེས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་གསོལ་ཏོ། ཆག་ཆད་སོང་འདྲ།། ཚིག་གིས་མཚོན་དེ་སྨྲས་པ།། ཨཱིཾ་ཨཱཿཧཱུཾ་སཱ་ཧྲཱིཿ་ལ་ལ་ཧོ།། སྟོན་པ་རྒྱལ་བ་ཅང་མི་གསུང་།། མི་གསུང་བས་ནི་རྒྱ་ཆེར ་བཤད།། བཤད་དུ་མེད་པའི་ཆོས་རྣམས་ནི།། སངས་རྒྱས་རྣམས་ཀྱིས་མ་བཤད་དོ།། སྟོན་པས་བརྗོད་པར་མི་བཞེད་དེ།། སྐྱེ་བ་མེད་པའི་ཆོས་སྐུ་ནི།། མ་སྐྱེས་པས་ན་ཆོས་སྐུར་འདོད།། སྙིང་པོ་དོན་དུ་གྱུར་པ ་དེ།། ཚིག་ཏུ་བརྗོད་པ་ལེགས་མ་ཡིན།། སྤྲོས་པ་ཉིད་ནི་མིན་ནོ་ཞེས།། མཁྱེན་པ་རྣམས་ཀྱིས་ངེས་པར་བཤད།། དེ་བས་ཡེ་ཤེས་བདག་པོ་ཉིད།། བཀའ་མ་སྩལ་པར་དགོངས་པའོ།། དགོངས་པའི་དོན་རྣམས་འབྱིན ་འདོད་པ།། གཟུགས་བརྙན་མེ་ལོང་བལྟ་འདོད་ལྟར།། དགོངས་པའི་དོན་ནི་རིག་ལ་སྣང་།། མ་སྐྱེས་དོན་གྱི་སྙིང་པོ་འདི།། ཚིག་ཏུ་སྨྲ་བ་མ་ཡིན་ཀྱང་།། ཚིག་མིན་དོན་རྣམས་མི་རྟོགས་པས།། ཅི་ཕྱིར་མི་དམིགས ་ཚིག་གིས་མཚོན།། རྒྱལ་བའི་སྙིང་པོ་མཉམ་ཉིད་དེ།། གསལ་བརྗོད་འདུས་པའི་ཚོགས་རྣམས་ཉོན།། ང་ནི་དུས་གསུམ་རྒྱལ་བའི་ཐུགས།། སྟོན་པའི་དོན་ཉིད་ལྷུན་གྱིས་གྲུབ།། ཅེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས་གླེང་གཞི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་དཔལ་ཀུན་ཏུ་བཟང་པོ་ལ་བྱང་ཆུབ་སེམས ་རྡོ་རྗེ་ལ་སོགས་པ། འཁོར་ཚོགས་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མ་སྐྱེས་པའི་དོན་ཇི་ལྟ་བུ་ལགས། ཆོས་ཉིད་ཀྱི་དོན་ནི་གང་། ཆོས་ཀྱི་དབྱིངས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ།། སྟོང་པའི་དོན་ནི་དམིགས་སུ་མེད།། མཚན་མའི་དངོས་པོ་སྤྲོས་དང་བྲལ།། ནམ་མཁའི་རང་བཞིན་དམིགས་དང་བྲལ།། ཆོས་ཉིད་རང་བཞིན་སྤྲོས་དང་བྲལ།། རྡོ་རྗེ་སེམས་དཔའ་ནམ་མཁའི་ངང་།། ཆེ་བའི ་དག་ཉིད་སངས་རྒྱས་དང་།། ཀུན་བཟང་ཡངས་པ་ཆོས་དབྱིངས་ཡིན།། བྱ་བྲལ་མི་དམིགས་དབྱིངས་ལ་གནས།། རྣམ་རྟོག་མི་མངའ་ཆོས་ཀྱི་དབྱིངས།། རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར།། བཙལ་སེམས་མེད་དེ ་རྣམ་གྲོལ་ལོ།། ཞི་བ་ཆེན་པོའི་ངང་ཉིད་དོ།། མི་སྐྱེ་མི་འགག་ཅིར་མི་དགོངས།། གཟུང་འཛིན་ཡུལ་ཡང་ངང་གིས་སྟོང་།། མི་སྐྱེ་མི་འགག་མཐའ་ལས་གྲོལ།། བྱམས་པས་དོན་གཉེར་རྣམ་སྦྱང་ཕྱིར།། བདག་དང ་སེམས་ཅན་གཉིས་མ་མཐོང་།། རང་བཞིན་གཅིག་སྟེ་གཉིས་མེད་དོ།། སེམས་ཀྱི་རང་བཞིན་སྐྱེ་མེད་དེ།། ཐུགས་རྗེས་བཟུང་བའི་མཚན་མ་མེད།། སྙིང་རྗེ་ཆེན་པོ་ཅིར་མི་མཛད།། ཡང་དག་ཟབ་མོ་ཆེན་པོ་ཡིན།། ཆེ ་བའི་ཆེ་བ་ཟབ་མོ་ཡིན།། ཆེ་བའི་དོན་ཉིད་མཉམ་པ་ཡིན།། བྱང་ཆུབ་མེད་དེ་ངན་སོང་མེད།། དེ་བས་གཉིས་མེད་ཆོས་ཀྱི་དབྱིངས།། ཆོས་དབྱིངས་གཉིས་མེད་ཡོན་ཏན་གཏེར།། ཡོན་ཏན་ཅིར་ཡང་བསྔགས་པ ་མེད།། ཡོན་ཏན་རྒྱ་མཚོར་སྒྲོས་མི་འདོགས།། དོན་རྣམས་ཇི་བཞིན་མི་བསྐྱོད་དེ།། ཆོས་ཉིད་ནམ་མཁའ་ལྟ་བུའི་དངོས།། སྐྱོན་རྣམས་མ་ལུས་དག་པའོ།། བྱ་བའི་ཡུལ་རྣམས་ངང་གིས་སྟོང་།། བྱ་བ་མེད་པས་རང ་བཞིན་གྲོལ།། འགྲོ་བ་ཞི་བ་ཆེན་པོའི་ངང་།། དེ་ཕྱིར་རང་བཞིན་གྲོལ་བ་སྟེ།། གཞན་ནས་འབྱུང་བར་འགྱུར་མ་ཡིན།། རང་བྱུང་ཡེ་ཤེས་བཙལ་མེད་པས།། བཙལ་མེད་དམ་པ་ཞི་བ་ཡིན།། གྲོལ་ནས་གྲོལ་བའི་ལམ ་ཡང་སྟོན།། སྣང་ཕྱིར་གྲོལ་བ་ཆེན་པོ་སྟེ།། གྲོལ་དང་མ་གྲོལ་གཉིས་མེད་དོ།། འཁོར་བ་མྱ་ངན་འདས་ཉིད་དུ།། གཉིས་སུ་སྒྲོ་བཏགས་ཡོད་མ་ཡིན།། དེ་ལྟ་བུར་ནི་སུས་མཐོང་བ།། མཚན་མའི་གཡུལ་ལས་རྒྱལ་བ ་ཡིན།། དེ་ལྟ་བུ་ནི་སུས་འཛིན་པ།། སངས་རྒྱས་ཡིན་ཏེ་རྒྱལ་བའི་སྲས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཆོས་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས ་འདུས་པ་རྣམས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་སོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བདག་ཅག་ཐོས་པར་འཚལ་ལགས ་ན། བདག་ཅག་ལ་རྒྱ་ཆེར་བཤད་དུ་གསོལ།། ཨ་ལ་ལ་ཧོ།། ཞེས་གསོལ་ཏོ།། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། འཁོར་བ་ཐམས ་ཅད་བྱང་ཆུབ་སྟེ།། འབྱུང་བ་ཆེན་པོ་བཅོམ་ལྡན་འདས།། ས་ཆུ་མེ་རླུང་ནམ་མཁའ་ཆེ།། དོན་ཉིད་ཡེ་ནས་སངས་རྒྱས་ཏེ།། སྣང་བ་ཉིད་ན་དག་པ་ཡིན།། སེམས་ཅན་ཐམས་ཅད་རང་བཞིན་གྲོལ།། དེ་ཕྱིར་ཆོས་ཉིད ་གྲོལ་བ་ཡིན།། འགྲོ་བ་ཀུན་ལ་རང་བཞིན་གནས།། མི་ཤེས་པས་སུ་བསླད་མི་ནུས།། དེ་ལ་འཁྲུལ་འཁོར་འབྱུང་བ་མིན།། ཕྱིན་ཅི་ལོག་གི་རྗེས་མི་འབྲེང་།། ཕྱིན་ཅི་ལོག་ཏུ་རྣམ་བསླད་ཀྱང་།། གྲོལ་བ་རང་བཞིན ་གཞན་ལས་མིན།། ཡང་དག་ཡེ་ཤེས་དག་པ་སྟེ།། ཆོས་རྣམས་ཐམས་ཅད་ངང་གིས་སྟོང་།། དེ་ཕྱིར་རང་བཞིན་བཅོམ་ལྡན་འདས།། ཞེས་གསུངས་སོ།། ཨེ་མ་ཧོ་རྒྱལ་བའི་སྲས་པོ་ཡོན་ཏན་མཆོག། རྒྱལ་བ་ཀུན ་གྱི་ཐུགས་ཀྱི་གཏེར།། སེངྒེའི་སྒྲ་སྒྲོགས་གསང་སྔགས་སྟོན།། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས།། ངོ་མཚར་ཆེ་ལ་བདག་ཅག་འདུད།། ཅེས་གསོལ་ཏོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི ་མདོ་ལས། རང་བཞིན་གྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་སེམས་དཔའ་ཆེན་པོ་ལ་གསོལ་པ། བདག་ཅག་གིས་ཡེ་ཤེས་ཀྱི་དོན་ཇི་ལྟར་རྙེད་པར་བགྱི་ལགས། ཐབས་ཇི་ལྟར ་ལགས། དོན་ནི་གང་། རྙེད་པར་བྱ་བའི་རྒྱུ་ནི་ཇི་ལྟར་ལགས། དེ་ནས་བྱང་ཆུབ་སེམས་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་པ། ཆོས་ཀུན་མཉམ་རྫོགས་ལྷུན་གྱིས་གྲུབ།། ཡོངས་སུ་རྫོགས་པས་རིན་ཆེན་གཏེར།། རང ་བཞིན་མི་དམིགས་སྟོང་པའི་ངང་།། ཀུན་གཞིའི་རང་བཞིན་སྟོང་པ་སྟེ།། དངོས་པོ་ཐམས་ཅད་ཞི་བ་ཡིན།། དེ་ལྟར་མ་མཐོང་སྡུག་བསྔལ་ཏེ།། སྡུག་བསྔལ་རང་བཞིན་འཁོར་བར་འཁོར།། དེ་ལྟར་མི་ཤེས་བྱིས་པ ་དག། ཇི་ལྟར་སྒྲིབས་ནས་གྲང་བ་ལ།། ཉི་མའི་འོད་མཆོག་སྤྲིན་གྱིས་བསྒྲིབས།། གྲང་བས་དེ་ཉིད་བསམ་འདོད་པ།། རང་གི་རྩལ་གྱིས་སྤྲིན་ལ་བུད་བྱས་ཀྱང་།། སྤྲིན་རྣམས་བསལ་བར་ག་ལ་འགྱུར།། དངོས་པོ ་བརྟགས་པའི་མཚན་མ་ཡིས།། སྟོང་པའི་དོན་ནི་མི་སྟེར་རོ།། དེ་ཕྱིར་ཆེ་བའི་ཡོན་ཏན་མཆོག། ཆེ་བའི་ཡེ་ཤེས་རྙེད་དཀའ་བ།། ཟབ་ཅིང་ཕྲ་ལ་རྟོགས་པར་དཀའ།། ཆོས་ཉིད་མི་རྙེད་སྒྱུ་མར་བསྟན།། ཇི་ལྟར་སྒྱུ་མ ་སྣང་གྱུར་ཡང་།། དེ་ལ་དངོས་པོ་ག་ལ་ཡོད།། ཡེ་ཤེས་བསྟན་ལས་སྒྱུ་མ་སྣང་།། ཇི་ལྟར་སྒྱུ་མ་བྱེད་པའི་སྐྱེས་བུ་ཡིས།། འགྲོ་བའི་རྒྱུད་རྣམས་སྣ་ཚོགས་བྱས།། སྒྱུ་མ་དེ་ལ་འགྲོ་བ་མེད།། འགྲོ་བའི་དོན་དུ་ཡེ་ཤེས ་བསྟན།། ཡེ་ཤེས་དེ་ལ་ཆོས་ཉིད་ག་ལ་ཡོད།། ཤེས་རབ་ཐབས་ལ་བརྟེན་པས་འགྲུབ།། ལོངས་སྤྱོད་ཆོས་ཉིད་མི་དམིགས་མཉམ་པ་ཡིན།། དུས་གསུམ་མི་དམིགས་དོན་གྱི་མཆོག། མིང་ཙམ་གནས ་པས་བསྟན་ནས་མཐོང་།། རང་རིག་ཡེ་ཤེས་བདེ་བ་ཆེ།། ཉིད་ལ་ཉིད་མཐོང་བདེ་བ་ཡིན།། མིང་ཙམ་གཞན་ལ་བསྟན་འདྲ་ཡང་།། གཞན་ནས་མ་བྱུང་དེ་ཉིད་ཡིན།། མངོན་སུམ་བདེ་བ་རང་ལས་བྱུང་།། བདེ་བ་གང ་ཡིན་སྟོང་པ་ཡིན།། དེ་ལྟར་མཐོང་བ་དག་པ་ཡིན།། དག་པ་དེ་ཉིད་གྲོལ་བ་ཡིན།། ཞེས་གསུངས་སོ།། ཨེ་མ་ཧོ་ཆོས་ཀུན་རྒྱ་མཚོ་དག་པའི་གསུང་།། གཉིས་མེད་དོན་དམ་བཀོད་པའི་རྒྱན།། རྣམ་རྟོག་མི་མངའ་ཡེ ་ཤེས་ཐུགས།། ངོ་མཚར་དམ་པ་སེངྒེའི་སྒྲ།། ཀུན་ལ་སྙོམས་མཛད་ཡེ་ཤེས་དང་།། དམིགས་པ་མེད་པས་ནམ་མཁའ་འདྲ།། ཀུན་ལ་སྙོམས་པས་ཉི་ཟླ་འདྲ།། ནམ་མཁའ་ལྟ་བུར་དམིགས་པ་མེད།། གཏེར་གྱི་བཅུད ་འཛིན་སེངྒེའི་སྒྲ།། སྦས་པའི་དོན་སྟོན་གསུང་གི་མཆོག། སྨྲ་བའི་དམ་པ་དེ་ལ་བདག་ཅག་འདུད།། ཅེས་གསོལ་ཏོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། གཞན་པས་ཆེ་བའི་རང ་བཞིན་གྱིས་ཆེ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་དོན་འདི་དག་བཙལ་ལམ་མི་བཙལ། མ ་བཙལ་ན་དོན་གྱི་ངོ་བོ་ཇི་ལྟ་བུ།། དོན་གང་ལ་སྒྲིབ། ཆོས་ཉིད་ལ་ཐོག་མ་དང་ཐ་མར་མི་འགྱུར་རམ། སེམས་དཔའ་ཆེན་པོ་དོན་འདི་དག་བཤད་དུ་གསོལ། དེ་ནས་སྨྲ་བའི་དམ་པས་འདི་སྐད་ཅེས་བཀའ་སྩལ ་ཏོ།། ཆོས་ཉིད་ངང་གི་ཆོ་འཕྲུལ་འབྱུང་།། ནམ་མཁའི་ངང་གིས་གཟུགས་རྣམས་མཐོང་།། ཆོས་དབྱིངས་ནམ་མཁའ་བཞིན་དུ་གནས།། ནམ་མཁའི་ཁམས་ལ་བཙལ་དུ་མེད།། དེ་བཞིན་ཆོས་དབྱིངས་བཙལ་དུ ་མེད།། ཆོ་འཕྲུལ་ཆེན་པོ་དཀའ་བ་མིན།། ཇི་བཞིན་ཆོ་འཕྲུལ་ཆེན་པོ་ཞི།། ཆོས་དབྱིངས་དེ་བཞིན་ཉིད་མི་འགྱུར།། དེ་ནི་ཆོ་འཕྲུལ་དམ་པའོ།། ཐོབ་པར་བྱ་བའི་རྒྱུ་མེད་དེ།། ཐོབ་པའི་ཡོན་ཏན་བསྟན་པ ་ཡང་།། ཐེག་དམན་རྣམས་ལ་བསྟན་པར་ཟད།། དཔེར་ན་བྱིས་པའི་རང་བཞིན་ལ།། སྒྱུ་མ་བསླུ་བས་བྲིད་པ་ལྟར།། ཐེག་པ་དམན་ལ་བདེ་གཤེགས་ཡོན་ཏན་བསྟན།། ཡོན་ཏན་ཀུན་གྱི་སྟོབས་ཀྱི་རྣམས།། ཐོབ་པར ་བྱ་བ་ཡོད་མ་ཡིན།། མི་དམིགས་པ་ཡི་ཆོས་ཉིད་ལ།། དམིགས་པར་བྱ་བ་ཡོད་མ་ཡིན།། ཡང་དག་མ་མཐོང་ཐེག་དམན་དང་།། འཇིག་རྟེན་པ་དང་ལོག་ལྟ་དང་།། མི་ཤེས་བླུན་རྨོངས་རྨོངས་རྣམས་ཀྱིས།། འཇིག ་རྟེན་སྒྱུ་མར་སྦྱོར་བ་ལ།། བདེ་སྡུག་འཁོར་བ་མྱ་ངན་འདས།། དེ་ལྟར་གཉིས་ཡོད་མ་ཡིན་ཏེ།། ལྷ་དམན་རྣམས་ཀྱིས་གཉིས་སུ་མཐོང་།། ཟབ་མོའི་རང་བཞིན་རྟོགས་པར་དཀའ།། ཟབ་མོའི་རང་བཞིན་དམིགས་པ ་མེད།། ཆོས་ཉིད་རང་བཞིན་ནམ་མཁའི་ཚུལ།། རྟོག་པ་ཀུན་དང་ཡང་དག་བྲལ།། ཇི་བཞིན་རྟོག་པ་ཕྲ་བ་ཡིས།། རྟོག་པ་དེ་ཡི་མཚན་མ་ཞི།། རྟོག་པ་ཕྲ་རགས་ཉིད་ལས་འབྱུང་།། དེ་བཞིན་རྟོག་པའི ་མཚན་མ་དེས།། དེ་མ་ཟག་ཏུ་རང་ལས་བྱུང་།། བྱ་བ་མེད་པའི་ཆོས་ཉིད་ནི།། ཆོས་རྣམས་ནམ་མཁའ་ལྟ་བུའི་ཆོས་ཉིད་ནི།། དེ་ལ་བཙལ་བར་བྱ་བ་མིན།། རྩོལ་བར་བྱེད་ན་སྡུག་བསྔལ་ཡིན། འཁོར་བའི་རྒྱ་མཚོ། ་བརྒལ་བར་དཀའ།། བཙལ་དུ་མེད་པའི་ཆོས་ཉིད་ནི།། མ་བཙལ་བཞག་པས་བསྒོམ་པ་ཡིན།། ཆོས་ཉིད་ཇི་བཞིན་མཉམ་པའི་ཚུལ།། དམིགས་པ་མེད་པས་ཀུན་ཏུ་བཟང་།། མ་ཉམས་དང་བཞག་བསྒོམས་པ ་ཡིན།། དེ་དང་དེར་ནི་རྣམ་བཙལ་ན།། དེ་ཡང་སྐྱེས་བུ་རྩལ་ཅན་གྱིས།། ཉིད་ལ་ཉིད་ཀྱིས་ག་ལ་དགོངས།། ཇི་ལྟར་མིག་གི་དབང་པོས་ཀྱང་།། དབང་པོ་རང་ཟད་ག་ལ་མཐོང་།། དེ་བཞིན་ཡང་དག་ཟབ་མོ ་ཡང་།། དེ་ལས་དེ་བཞིན་དེ་མི་འབྱུང་།། མཚན་མའི་རྟོག་པ་ཐམས་ཅད་བྲལ།། མཚན་མའི་ཡུལ་རྣམས་བརྗོད་དུ་མེད།། གཞན་གྱིས་རྟོགས་དཀའ་ཟབ་མོའི་དོན།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། མི་དམིགས ་རང་བཞིན་སྟོང་པའི་ངང་།། དེ་ཕྱིར་གསང་བ་དམ་པ་ཡིན།། མི་དམིགས་ཆོས་དབྱིངས་ཟབ་མོ་འདི།། རྣ་དབང་གཞན་ལས་ཐོས་མི་འགྱུར།། དེ་ཕྱིར་ཆོས་ཉིད་ཐོས་རྒྱུ་མེད།། དེ་བཞིན་ལྕེ་ཡི་དབང་པོས་ཀྱང་།། དེ་ལ ་བརྗོད་དུ་རྡུལ་ཙམ་མེད།། ཆོས་ཉིད་དམ་པ་བརྗོད་མེད་ལ།། བརྗོད་པར་འདོད་པ་གང་ཡིན་པ།། བྱིས་པ་བླུན་རྨོངས་མི་ཤེས་པས།། ནམ་མཁའ་དག་ལ་གནས་འདོད་འདྲ།། དེ་ཕྱིར་རྩོལ་མེད་བསྒོམ་པ་ཡིན།། ཞེས ་གསུངས་སོ།། དེ་ནས་འཁོར་རྣམས་དམ་པར་གྱུར་ཏེ།། ཨེ་མ་ཧོ་སེམས་དཔའ་ཆེན་པོ་དམ་པའི་མཆོག། ཐུགས་རྗེ་ཆེན་པོ་སྐྱབས་མཛད་པ།། ཇི་ལྟར་ནད་པ་གདུངས་པ་ལ།། ཇི་བཞིན་སྨན་པ་དོན་ལྡན་གྱིས།། ནད ་ཀྱི་རྣམ་པ་གང་ཡིན་པར།། སྨན་དཔྱད་གཉེན་པོ་བཏང་བ་བཞིན།། ཇི་ལྟར་འཁོར་བའི་སྡུག་བསྔལ་ལ།། འཁོར་བ་དག་ཕྱིར་རྣམ་གྲོལ་བཤད།། དག་པ་ཆེན་པོ་ཨ་ཨ་ལ་ལ།། ཞེས་གསོལ་ཏོ།། རྒྱུད་ཀྱི་རྒྱལ་པོ་ཆེན ་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། བཙལ་བ་མེད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ཇི་ལྟ་བུ་ལགས།། འགྲོ་བའི་སྡུག་བསྔལ་ནི་གང་ལགས། དེ་ནས་སེམས་དཔའ་ཆེན་པོས་བཀའ་སྩལ་པ།། སེམས་ཀྱི་ཆོས་ཉིད་སྟོང་པ་ལ།། དངོས་པོར་བརྗོད་པ་ལྟ་བ་དམན།། དཔེར་ན ་དམུས་ལོང་འཐིབས་པ་ཡིས།། བལྟ་བར་བྱ་བའི་ཡུལ་མི་མཐོང་།། ཇི་ལྟར་གཟུང་འཛིན་རྟོག་པ་ཡིས།། དོན་ཉིད་མཐོང་བར་ག་ལ་འགྱུར།། འགྲོ་བ་གང་ཡིན་བྱང་ཆུབ་སྟེ།། འགྲོ་བའི་སྡུག་བསྔལ་བྱང་ཆུབ ་སེམས།། བྱང་ཆུབ་རང་བཞིན་མ་རྟོགས་པས།། རྟོག་པ་ཕྲ་རགས་རྣམ་པར་འགྱུས།། རྟོག་པའི་རྣམ་པས་བྱང་ཆུབ་བསྒྲིབས།། བསྒྲིབས་པས་སྡུག་བསྔལ་སྣ་ཚོགས་ཡིན།། དཔེར་ན་འཇིག་རྟེན་གྲིབ་མ ་ཡིས།། སྣང་བ་གསལ་བ་བསྒྲིབས་པ་ལྟར།། དེ་ལྟར་དམ་པ་ཞི་བ་ཡང་།། གཟུང་འཛིན་དབང་གིས་བསྒྲིབས་པ་ཡིན།། བདེ་སྡུག་འཁོར་བ་རྩེད་མོ་འདྲ།། བདེ་སྡུག་འཁོར་བར་བྱིས་པས་མཐོང་།། འཁོར་བ་རྟོགས ་པ་བྱང་ཆུབ་སྟེ།། ཀུན་ཏུ་ཆུབ་པས་རྣམ་པར་རོལ།། བདག་མེད་བདག་ཉིད་ལྷུན་གྱིས་རྫོགས།། གཉིས་མེད་དག་པས་བདེ་གནས་པས།། དེ་ལ་བསྐྱོད་པ་མེད་བཞིན་དུ།། ནམ་མཁའི་མཐའ་ལྟར་མཉམ་པར ་གནས།། ཞི་བ་ཆེན་པོའི་རང་བཞིན་ནོ།། ཞེས་གསུངས་སོ།། ཨེ་མ་ཧོ་ནམ་མཁའི་དཀྱིལ་ན་ཟླ་མཛེས་ལྟར།། ཉི་མའི་ཟེར་ལྟར་ཀུན་ལ་ཁྱབ།། ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན།། ཐུགས་རྗེའི་ངངལ་སྐྱབས་སུ ་མཆི།། གསོལ་ཏོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། བརྗོད་པ་དང་བྲལ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་སོགས་པ། འཁོར་ཚོགས་མི་ཕམ་པ ་ལ་སོགས་པས། བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོའི་ཞལ་དུ། སེངྒེའི་ལྟ་སྟངས་ཀྱིས་བལྟས་ཏེ། འདི་སྐད་ཅེས་གསོལ་ཏོ།། འཁོར་བའི་ལས་རྣམས་ཇི་ལྟ་བུ།། འཁོར་བ་མྱ་ངན་འདས་པའི ་དོན།། རྒྱལ་བ་དཔའ་བོས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཀྱི་བདག་པོ་ཅང་མི་གསུང་བར་མཉམ་པའི་ངང་ལ་བཞུགས་སོ།། དེ་ནས་འདུས་པའི་འཁོར་ཚོགས་རྣམས་ཀྱིས་བྱང་ཆུབ ་ཀྱི་སེམས་རྡོ་རྗེ་ལ་བཏུད་དེ།། དེ་ནས་སེམས་དཔས་བཀའ་སྩལ་པ།། ལས་ཀྱི་ཁྱད་པར་སྟོང་པ་སྟེ།། ཕྱིན་ཅི་ལོག་གིས་ལས་སུ་བརྟགས།། དེ་ཡང་ཡོད་པ་མ་ཡིན་ཏེ།། ཁྱད་པར་ཅི་ཡང་མཚུངས་པ་ལ།། ལས་སོ་ཞེས ་ནི་རྣམ་པར་བརྟགས།། ཀུན་བཟང་བྱང་ཆུབ་མཚུངས་པར་གནས།། ལས་དེས་ཅི་ཕྱིར་འགྲོ་མི་འཁོལ།། གལ་ཏེ་ལས་ཀྱིས་འཁོལ་འགྱུར་ན།། དག་པའི་རང་བཞིན་ག་ལ་ཡོད།། ཉོན་མོངས་བྱང་ཆུབ་རང་བཞིན ་ཏེ།། ལས་ཉིད་བསྟན་པ་ག་ལ་ཡིན།། ཅི་སྟེ་ལས་ཀྱི་དབང་འགྱུར་ན།། རྟོག་པ་དང་བྲལ་ཞི་བའི་ངང་།། རང་བྱུང་ཡེ་ཤེས་ཡོད་མ་ཡིན།། རྒྱུ་ཉིད་སྐྱེ་མེད་རྡོ་རྗེའི་དོན།། མི་གནས་སྐྱེ་མེད་རང་བཞིན་ནི།། རྒྱུ་ཉིད་རྡོ་རྗེ ་རྐྱེན་དང་འདྲ།། ཡེ་གྲུབ་མ་ཡིན་སྙིང་པོའི་དོན།། མ་སྐྱེས་པས་ན་འཇིག་པ་མེད།། མི་སྐྱེ་མི་འགག་དོན་གྱི་ངང་།། གདོད་ནས་སྙིང་པོ་བྱང་ཆུབ་ལ།། འདུས་བྱས་རྩོལ་བ་བྲལ་བའི་ཕྱིར།། མཉམ་པའི་ཆོས་ཉིད་དམ་པ ་དེ།། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། སེམས་ཀྱི་རང་བཞིན་ལས་ཀྱིས་མི་འཁོལ་བའི་ལེའུ་སྟེ་བདུན་པའོ།། ། ་དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སྨྲ་བའི་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ། བསམ་པའི་དོན་དང་བསམ་པའི་ཁྱད་པར་གང་ལགས། སྨྲ་བའི་དམ་པས་བཀའ་སྩལ ་པ།། འདམ་དུ་བྱིང་བས་འགྲོ་བ་ཀུན།། ཡེ་ཤེས་བསམ་གཏན་སྤྱོད་པ་རྣམས།། ཡོན་ཏན་ཆེ་བའི་བསམ་གཏན་ནི།། བསམ་གཏན་ཉིད་པས་བསམ་དུ་མེད།། བསམས་པའི་བསམ་གཏན་བགྲོད་པ་མིན།། མ ་བསམས་མ་སྦྱངས་ཆོས་བཞིན་དུ།། གཉིས་སུ་སྣང་བས་སྐྱོན་ཡིན་ཕྱིར།། རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ།། རྟོག་ཉིད་རང་བྱུང་ཡེ་ཤེས་ཡིན།། ཕྲ་བའི་སྒོ་མོར་མིང་བཏགས་ནས།། ཕྲ་མོ་ཡང་དག་སྒོ་མོ་འདི།། སེམས ་ཀྱི་དབེན་པས་ལམ་ཚོལ་ཞིང་།། འཁྲུལ་པ་ཕྲ་མོས་བདེན་བསླད་དེ།། དགོན་པའི་རྒྱུད་དུ་དབེན་འཛིན་པ།། བརྟགས་ན་རྣམ་པར་རྟོག་འགྱུར་སྒོམ།། རྒྱུ་འབྲས་དོན་ཉིད་དབྱེར་མེད་ལ།། རྒྱུ་དང་འབྲས་བུར་མིང ་འདོགས་ཤིང་།། དགེ་སྡིག་གཉིས་ཀ་རྣམ་པར་སེལ།། ཇི་ལྟར་བྱིས་པ་མི་ཤེས་པས།། ནམ་མཁའ་དག་ལ་མདུད་པ་འདོར།། དེ་ལ་མདུད་པ་འོང་མི་འགྱུར།། ཇི་ལྟར་ཆོས་ཉིད་དག་པ་ལ།། འཇིག་རྟེན་འདི་ལས ་འབྱུང་ངོ་ཞེས།། བླང་དོར་བྲོད་པ་མཆོག་ཏུ་བསྐྱེད།། ཡང་དག་དེ་ལ་བླང་དོར་མེད།། ཆགས་དང་མ་ཆགས་ཚིག་གི་ལམ།། དབུ་མ་བཞིན་ཏེ་བྲག་ཆ་འདྲ།། གང་དུའང་མ་གྱུར་དག་པའི་ལམ།། བདེ་དང་སྡུག་བསྔལ ་རྒྱུ་མཐུན་ཞིང་།། བདེ་དང་སྡུག་བསྔལ་དོན་གྱི་དབྱིངས།། འགྲོ་བའི་མགོན་པོ་སེམས་དཔས་གསུངས།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རྩོལ་བ་དང་བྲལ་བའི་ལེའུ་སྟེ་བརྒྱད ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་དེས། འཁོར་རྣམས་ལ་འདི་སྐད་ཅེས་བསྒྲགས་སོ།། ཉོན་མོངས་དུག་གསུམ་འཁོར་བའི་རྒྱུད།། འཁོར་བ་རྣམས་ཀྱིས་ཇི་ལྟར་མཐོང་།། འདོད་ཆགས་ཞེ་སྡང་གཏི ་མུག་རྣམས།། བྱིས་པ་རྣམས་ཀྱིས་འཁོར་བར་མཐོང་།། བྱང་ཆུབ་ཆེན་པོར་ལམ་ལ་བྱུང་།། དུག་གསུམ་བྱང་ཆུབ་ལམ་ཡིན་ཏེ།། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་།། འདོད་ཡོན་ལྔ་ཉིད་དག་པ་སྟེ།། ཆོས་ཉིད་དབྱིངས ་ཀྱི་རྒྱུན་ཞེས་གསུངས།། ཀུན་བཟང་བདུད་རྩི་ཆོས་ཀྱི་སྐུ།། ནམ་མཁའ་རྟོག་པ་སྐྱེ་མེད་ཅིང་།། རྣམ་རྟོག་མེད་དེ་ཞི་བའི་སྐུ།། རྟོག་པ་དེ་ཉིད་ནམ་མཁའ་འདྲ།། འདས་དང་མ་འོངས་ད་ལྟར་རྟོག། དུག་གསུམ་རྟོག་པ ་ནམ་མཁའ་འདྲ།། མི་ཆགས་ནམ་མཁའི་སྔོ་བ་ལ།། རྒྱུ་གཅིག་སེམས་རིག་དོན་ཅན་ཡིན།། རང་དོན་ཆེན་པོ་ནམ་མཁའ་འབྱུང་།། འབྱུང་ཚོར་རྟོག་པ་ཡོད་མ་ཡིན།། ཞེས་འབྱུང་ངོ་།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རང་གསལ་ཡེ་ཤེས་འབྱུང་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཐམས་ཅད་ཀྱི་བདག་པོ་ཆོས་ཉིད་གསང་བའི་སྐུ་ལས་མ་གཡོས་པར་བཞུགས་སོ།། དེ་ནས ་འགྲོ་བའི་དོན་དུ་ཆོས་ཉིད་མངོན་པར་བྱང་ཆུབ་པ་ལས་བཞེངས་ཏེ། རྡོ་རྗེ་དབྱིངས་ཀྱི་སྙིང་པོ་ན་སེམས་ཅན་རྣམས་ལ་འདུལ་བར་དགོངས་ནས། ཤིན་ཏུ་བདེ་བ་ཆེན་པོ་མཉམ་པ་ཉིད་དུ་སྤྱོད་པའི་ཆོས ་ཉིད་རང་གི་སྐུ་ལས་འདུས་མ་བྱས་པའི་རང་བཞིན། ཟླ་གསང་ཐིག་ལེའི་དཀྱིལ་ནས། གཟུངས་ཀྱི་རང་བཞིན་གྱི་དོན་མི་གཏོང་བ་དང་། དོན་དུ་མཛད་པ་དང་། དོན་ལྟར་སྟོན་པ་དང་། དོན་གྱི་རྗེས་འཇུག ་པའི་ཐབས་ཀྱི་རང་བཞིན། ཡི་གེ་ཨཱ་ལི་ཀ་ལི་ཞེས་བསྟན་ཏེ། གཟུངས་ཀྱི་རོལ་པ་འདི་གསུངས་སོ།། རྟོག་མེད་མཉམ་པ་ཞི་བ་སྟེ།། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། བཟུང་བས་མི་ཟིན་ཆུ་ཟླ་འདྲ།། རྟོག་པ་མིང ་དམིགས་མཚན་མ་ཞི།། ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས།། ཨ་ཉིད་ཆོས་སྐུ་སྟོང་པའི་ངང་།། ཀུན་ཏུ་བཟང་པོ་རོལ་པའི་གཟུངས།། ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན།། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང ་མཚན་ཉིད་མེད།། ཨ་ནི་སྟོང་དང་མི་སྟོང་གིས།། དབུ་མ་ཡང་ནི་ཡོད་མ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། འགྲོ་བའི་དོན་དུ་ཆོས་ཀྱི་དབྱིངས་ནས ་བཞེངས་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ཀྱིས། སྨྲ་བའི་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ། ཡི་གེའི་དོན་མ་སྐྱེས་པར་འཚལ་ན། ཡི་གེ་གཟུངས་ཀྱི་རང ་བཞིན་བསྟན་དུ་གསོལ།། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་འདི་སྐད་བཀའ་སྩལ་ཏོ།། ཨ་ནི་ཆོས་སྐུ་དག་པ་སྟེ།། ཞི་བ་ཡུལ་མེད་དག་པའི་ངང་།། དེ་ལ་ཨ་ནི་ནུཏྤནྣ་སྭ་བྷཱ་ཝ་སྟེ།། ཆོས་ཀུན་རང་བཞིན་སྐྱེ་མེད་དག ་པའི་ཀློང་།། ཟབ་མོ་ཐབས་ཀྱི་ཐུན་མོང་སྟེ།། གསང་བ་གནས་སུ་བཟུང་བ་ཡིན།། ཐམས་ཅད་བྱེད་པ་ཤེས་རབ་སྟེ།། ད་ནི་ཨ་དང་མཛེས་པའི་ཏ།། ས་དང་ཡན་ལག་སྤྲོས་པ་བཞིན།། བདག་གིས་ཤེས་རབ་གནས་པ ་སྟེ།། ཐབས་ཀྱི་ཤེས་རབ་དམ་པ་སྟེ།། འགྲོ་བའི་བདེ་སྡུག་སྤྲོས་གནས་ཏེ།། བདག་དང་གཞན་གཉིས་ཀུན་ཏུ་བཟང་།། མ་བསླད་ཟབ་མོ་ཐུན་མོང་སྟེ།། འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལས།། སངས་རྒྱས་གསུང་ནི ་ཟབ་མོ་འབྱུང་།། ཕྲ་ཞིང་ཟབ་མོ་རྙེད་དཀའི་ཕྱིར།། ཨེ་མ་ཧོ་སངས་རྒྱས་སྤྱོད་ཡུལ་འདི།། གཞན་ནས་རྙེད་པར་ག་ལ་འགྱུར།། བཙལ་བས་རྙེད་པའི་གླགས་མེད་དོ།། དམ་པའི་དོན་ལ་རྒྱ་ཆེར་དམིགས་མེད ་པས།། སྤྱོད་ཡུལ་རང་བཞིན་རྙེད་པར་དཀའ།། ཡུལ་དྲུག་རང་བཞིན་སྟོང་པ་སྟེ།། དྲུག་གི་ཆོས་བཞིན་ཡུལ་མེད་པས།། དམིགས་པའི་ཡུལ་རྣམས་སྟོང་པའི་ཕྱིར།། ལྡོངས་པས་ནམ་མཁར་བསྙེགས་པ་བཞིན།། གོང ་ནས་གོང་དུ་ཚངས་པའི་ལམ།། ཐོབ་པར་འདོད་པ་རྨོངས་པའི་ཕྱིར།། བྱ་བྲལ་ཆོས་དང་མཐུན་པ་མེད།། བརྒྱ་བྱིན་ཚངས་པ་འཁོར་ལོས་སྒྱུར་བའི་ལམ།། ལམ་དེ་ཐོབ་འདོད་བཅིང་བ་ཆེན་པོའི་ཕྱིར།། ཇི་ལྟར་འགྲོ་བ ་དམུས་ལོང་གིས།། ལྟ་བའི་ཡུལ་རྣམས་བལྟ་འདོད་ཀྱང་།། དབང་པོ་ཉམས་པས་མཐོང་མི་འགྱུར།། དེ་བཞིན་ཆོས་དབྱིངས་ཟབ་མོ་ཡང་།། ལྷ་དམན་རྣམས་ཀྱིས་ག་ལ་མཐོང་།། ལམ་ལ་བགྲོད་པར་བྱ ་མིན་ཕྱིར།། ཐོབ་པར་བྱ་བའི་གནས་མེད་པས།། ཅི་སྟེ་ལམ་ལ་བགྲོད་གྱུར་ན།། ཇི་ལྟར་བྱིས་པའི་རང་བཞིན་གྱིས།། ནམ་མཁའི་མཐའ་དག་བལྟ་འདོད་ན།། ནམ་མཁའ་མི་མཐོང་བྱིས་པ་ངལ།། དེ་བཞིན་ཆོས་ཉིད ་ཟབ་མོ་ཡང་།། ནམ་མཁའི་མཐའ་བཞིན་ཐོབ་པ་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། སེམས་དཔའ་ཆེན་པོ་གཟུངས་ཀྱི་རོལ་པའི་ལེའུ་སྟེ་བཅུ་གཅིག ་པའོ།། །། དེ་ནས་འཁོར་ཚོགས་རྣམས་ཀྱིས་སྨྲ་བའི་དམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་ཟབ་མོ་ནི་གང་། ཆོས་རྣམས་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་གང་ལགས།། ཞེས་གསོལ ་ཏོ།། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེས་བཀའ་སྩལ་པ།། ཆོས་ཀུན་རང་བཞིན་སྤྲོས་བྲལ་ཏེ།། བརྗོད་བྲལ་སྟོང་ཉིད་ལྷུན་གྱིས་གྲུབ། དེ་ཡང་ཅི་ཡི་ཕྱིར་ཞེ་ན།། ཆོས་ཉིད་དམིགས་པ་ཀུན་དང་བྲལ།། དེ་ལྟར་དེ ་བཞིན་དེ་ཕྱིར་སྟོན།། དེ་ལ་དེར་སྟོན་དེ་ཡང་ཐོབ།། དེ་བཞིན་འགྲོ་ཀུན་དབྱིངས་སུ་མཉམ།། ཅི་ཕྱིར་དོན་ཉིད་མངོན་སུམ་མ་གྱུར་པ།། རང་བཞིན་ཆོས་ཉིད་སྟོན་བརྗོད་བྲལ།། དེ་ནི་སྙིང་པོ་དེ་བས་ན།། སེམས་ནི ་སྙིང་པོ་མངོན་སུམ་དུ།། དེ་ལས་དེ་བྱུང་ངོ་མཚར་ཆེ།། དུས་རྣམས་རྟག་ཏུ་བདེ་བའི་འབྲས།། སྔོན་གྱི་བདེ་དང་ད་ལྟར་བདེ།། འདས་དང་མ་འོངས་ད་ལྟར་གྱི།། དུས་གསུམ་རྟག་ཏུ་ཞི་བ་བདེ།། དེ་ཡང་ཆོས་ཉིད་ཞི ་བའི་གནས།། ཞི་བ་མཐོང་བ་གང་ཡིན་པ།། དེ་བཞིན་དེ་ཡི་གནས་སུ་ཆེ།། སེམས་ཅན་རྒྱལ་བའི་ཞིང་འགྱུར་ཡིན།། ཐམས་ཅད་རྒྱལ་བའི་ངང་གྱུར་པས།། དེ་ལྟར་དེ་ཡི་ལམ་འདྲ་བས།། རྒྱལ་བ་འགྲོ་དང་མཉམ ་ཉིད་པས།། དེ་ནི་ལམ་མཆོག་རང་བཞིན་ཏེ།། དེ་ལྟར་སྣང་བ་གང་ཡིན་པ།། དེ་དང་འདྲ་བ་ཡོངས་ཀྱི་ལམ།། ཟླ་བ་ལས་བྱུང་རྟེན་དང་བཅས།། ཀླུང་ལ་ཞི་བའི་རང་བཞིན་གནས།། སྐྱེ་མེད་ཞི་བ་རོ་གཅིག ་ཕྱིར།། མཉམ་ཉིད་དག་པ་གང་ཡིན་པ།། ཐམས་ཅད་མཉམ་ཉིད་ཞི་བ་ལ།། ཀུན་གྱི་མཉམ་ཉིད་ཡིན་པའི་ཕྱིར།། ཕྱོགས་སུ་བལྟས་པས་གྲུབ་པ་མེད།། དེ་ཕྱིར་མཉམ་ཉིད་དམ་པ་ལ།། བལྟ་བར་འདོད་པ་གང་ཡིན ་པ།། དཔེར་ན་མུན་ནག་རྫས་འཚོལ་འདྲ།། དེ་ཕྱིར་མཉམ་ཉིད་ག་ལ་རྙེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅུ་གཉིས ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་གསོལ་པ། སེམས་དཔའ་ཆེན་པོ་ཆགས་པ་ཐམས་ཅད་དང་བྲལ་བ་ཇི་ལྟ་བུ་ལགས། ཆགས་ན་སྐྱོན་དུ་ཇི་ལྟ་བུར་འགྱུར། བྱང་ཆུབ ་ཀྱི་སེམས་རྡོ་རྗེ་དེས་བཀའ་སྩལ་པ།། ཆོས་ཉིད་བདེ་སྡུག་ནམ་མཁའི་ཚུལ།། དེ་བས་བདེ་སྡུག་ག་ལ་ཡོད།། ཆགས་དང་མ་ཆགས་ངང་གིས་སྟོང་།། འདས་དང་མ་འོངས་ད་ལྟར་གྱི།། བདེ་སྡུག་རྣམ ་པར་བསལ་བའི་ཕྱིར།། ད་ལྟའི་བདེ་དང་ཕྱི་མ་ཡི།། མངོན་སུམ་པ་དང་རྒྱབ་ནས་འབྱུང་།། ཆེ་བའི་ཡོན་ཏན་ཐོབ་ཟིན་པས།། ཡེ་ཤེས་དབང་གིས་ཡོན་ཏན་རྙེད།། རྙེད་པར་བྱ་བ་མེད་བཞིན་དུ།། ཤེས་པས་རྙེད་པར ་བྱ་འདོད་པ།། དེ་ཡང་རྣམ་པའི་སྐྱོན་ཡིན་པས།། དེ་ལ་བརྟེན་པར་མི་བྱའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཆགས་པ་ཐམས་ཅད་དང་བྲལ་བའི་ལེའུ་སྟེ་བཅུ ་གསུམ་པའོ།། །། དེ་ནས་འཁོར་འདུས་པ་རྣམས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་བྱ་བ་མེད་པའི་དོན་ཇི་ལྟ་བུ་ལགས། ཡེ་ནས་ཆོས་ཉིད་ཆེ་བའི་རང་བཞིན་ནི་གང་། དོན་ཉིད་ནི་ཇི་ལྟར ་རྟོགས་པར་བགྱི། ཞེས་གསོལ་ཏོ།། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེས་བཀའ་སྩལ་པ།། གཉིས་མེད་རྣམ་པ་ཞི་བའི་ངང་།། འགྱུར་མེད་དག་པ་ཞི་བའི་ཕྱིར།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། དུས་རྣམས ་རྟག་ཏུ་སྟོང་པའི་ཕྱིར།། སྔོན་མེད་ཕྱིས་མེད་གདོད་ནས་མེད།། ཆོས་ཀྱི་དབྱིངས་ནི་ཅིག་ཆར་གནས།། ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར།། ཆོས་ཀྱི་སྐུ་ནི་ནམ་མཁའ་འདྲ།། གཉིས་མེད་ཆོས་སྐུའི་རྒྱན་ཡིན་ཏེ།། ཆེ ་བའི་རྒྱན་གྱིས་ཀུན་ཁྱབ་ཕྱིར།། ཆེ་བའི་ཆེན་པོར་རང་བཞིན་གནས།། དེ་ལྟར་ཆེན་པོའི་རང་བཞིན་ཡང་།། ཐམས་ཅད་ཀུན་ལ་ཁྱད་པར་གནས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང ་ཆེན་པོའི་མདོ་ལས། ཆེ་བ་ཉིད་ཀྱི་སྙིང་པོའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་འཁོར་རྣམས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ་ཆོས་ཉིད་ནི་སྨོན་པ་ཐམས་ཅད་དང་བྲལ་བ་ལགས་ན། ཅི་ཕྱིར་བཙལ་བར ་བགྱི་ཞེས་གསོལ་ཏོ།། སྨྲ་བའི་དམ་པས་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། རང་བཞིན་ཆེ་བའི་ཆེན་པོ་ལ།། བཙལ་དང་བསྒྲུབ་པར་གང་འདོད་པ།། ཇི་ལྟར་བྱིས་པ་ཁུ་ར་འཇོམས།། འདུ ་ཤེས་ཆུང་བའི་རང་བཞིན་གྱིས།། ཉེ་རིང་རྣམ་པ་མི་ཤེས་ལྟར།། དེ་ལྟར་ལྟ་བ་དམན་གྱུར་པས།། ཡང་དག་བལྟ་བ་མཐོང་མི་འགྱུར།། ཡང་དག་དོན་ལྡན་མཁས་པ་ཡིས།། སྲིད་པ་གསུམ་ན་སྦྱོར་བ་ཡང་།། མིང་ཙམ ་སྒྱུ་མར་སྣང་བ་སྟེ།། སྲིད་པ་སྒྱུ་མ་མིང་ཙམ་གྲགས།། དེ་ཡང་ཅི་ལྟ་བུ་ཞེ་ན།། ཇི་ལྟར་སྒྱུ་མའི་མཁན་པོ་ཡིས།། རྫས་ཀྱི་རྣམ་པ་གྱི་ན་ལ།། སྲིད་པ་གསུམ་དུ་སྣང་འགྱུར་ཡང་།། སྲིད་པའི་དངོས་པོ་ཡོད་མ་ཡིན།། སྲིད ་གསུམ་མ་ལུས་དག་པའི་ཞིང་།། འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་།། མཚན་མ་བྱང་ཆུབ་ཞི་བས་འདུལ་བའི་གནས་ཡིན་ཏེ།། འཁོར་ལོས་སྒྱུར་བ་སྒྱུ་མའི་ཚུལ།། སྒྱུ་མས་སྦྱོར་བའི་གནས་ཆེན་ཡིན།། དབྱིངས ་ཉིད་ཡེ་ནས་རྫོགས་པ་ལ།། དག་པའི་དུས་འདོད་འཁྲུལ་པ་སྟེ།། སྔོན་དུ་མ་ཧེ་མ་མཐོང་བས།། འོ་མའི་མངར་བ་འདོད་གྱུར་ན།། ནུ་མ་བཞག་ནས་ར་ལ་འཇོ།། ཆོས་ཉིད་ཐེག་པ་མ་མཐོང་བས།། དུས ་དེ་འཁྲུལ་པ་ཡིན་པའི་ཕྱིར།། རྣམ་སྨིན་དུས་ལ་བལྟས་པ་ན།། དུས་དེར་འབྱུང་བར་མི་འགྱུར་ཏེ།། དེ་ཕྱིར་ཆོས་ཉིད་སྟོང་པ་འདི།། མ་བྲལ་སྨོན་པ་སྤྱོད་པས་ན།། སྟོང་ཉིད་རང་བཞིན་ལྷུན་གྱིས་གྲུབ།། ཇི་ལྟར་སྟོན ་པ་རྒྱལ་བས་ཀྱང་།། སྟོང་པའི་རང་བཞིན་གསུངས་པ་བཞིན།། ཇི་ལྟར་སྟོང་པ་མཚན་མེད་འདི།། ཐེག་དམན་རྣམས་ཀྱིས་མི་རྟོགས་པས།། རྨི་ལམ་དག་ན་ནོར་རྙེད་ཀྱང་།། དེ་ལ་དབང་བའི་དངོས་པོ་མེད།། ཅེས ་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། སྨོན་ལམ་དང་བྲལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་འཁོར་ཚོགས་རྣམས་ཀྱིས་སྨྲ་བའི་དམ་པ་ལ་བཏུད་དེ། འདི་སྐད་ཅེས ་གསོལ་ཏོ།། ཟབ་མོའི་ཆོས་ཉིད་གང་།། ཐ་ཚིག་ཇི་ལྟར་ལགས། དེ་ནས་སེམས་དཔའ་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་འདུས་པ་ཆེན་པོའི་ཚོགས།། དེ་བཞིན་ཉིད་ལ་ཁྱད་མེད་ཕྱིར།། གཅིག་སྟེ་རྣམ་པ་ཡོངས་ཀྱི ་མེད།། ཟབ་མོ་མི་གནས་ཀུན་ཏུ་བཟང་།། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས།། ནམ་མཁའ་དག་ལ་སོང་གྱུར་ཀྱང་།། དེ་ལ་རྗེས་ནི་མཐོང་མི་འགྱུར།། མ་བྱུང་མ་སྐྱེས་སྙིང་པོ་ལ།། བརྗོད་དང་མི་བརྗོད་མཐའ ་དབུས་མེད།། གཉིས་མེད་དོན་དམ་སྤྲོས་བྲལ་ཡིན།། མ་བྱུང་མ་སྐྱེས་སྙིང་པོ་ལ།། སྨྲ་བསམ་ཡུལ་མེད་དག་པའི་ཕྱིར།། སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད།། ཕྱི་ནང་རྩོལ་བ་བདག་མེད་ཞི་བ་སྟེ།། དབྱིངས་ལ་ཐོབ་པའི ་བསམ་པ་ངང་གིས་ཞི།། ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་།། ཟབ་མོ་བྱང་ཆུབ་ཕྲ་མོ་རྟོག་ཡུལ་མེད།། འདི་དག་མཉམ་ཞིང་སྲིད་པ་མིང་ཙམ་སྟེ།། ཟབ་མོའི་ཆ་ཤས་རྟོག་ཡུལ་མེད།། ཁམས་གསུམ་དག་ཏུ་གྲགས་པ ་ཡང་།། སྲིད་པ་མིང་ཙམ་ལོག་པའི་སྟོབས།། ཟིན་པའི་དགོངས་པ་བཀོད་པ་སྟེ།། སྒྱུ་མའི་ཏིང་འཛིན་བཅིངས་པ་སྟེ།། དེ་བས་ཏིང་འཛིན་མཉམ་དང་བྲལ།། ཐ་ཚིག་རྣམ་པ་འབྱུང་བ་ཡང་།། འབྱུང་ཆེན་ལྔ་ལ་ཐ་ཚིག ་ཕྱི་དང་ནང་།། རང་བཞིན་ཕུང་པོ་ཁམས་བཞིན་གནས།། ཟབ་མོ་ཁྱད་པར་ཐ་ཚིག་སྟོང་།། བདེར་གཤེགས་སེམས་ཅན་ངང་གཅིག་ཕྱིར།། ཕུང་པོ་ཁམས་དང་སྐྱེ་མཆེད་དག། ཆོས་ཀྱི་རྒྱལ་པོ་ལྟ་བུར་ཞི།། དུས ་གསུམ་དེ་དང་མི་བྲལ་བས།། བླང་དང་དོར་བ་བྱ་མེད་ཕྱིར།། ཐ་ཚིག་མིང་དུ་བཏགས་པ་མེད།། དེ་བཞིན་ཆོས་ཉིད་དག་པ་ལ།། ཐ་ཚིག་འདོགས་པ་ལྟ་བ་དམན།། ནམ་མཁའ་དག་ལ་རྫས་བཞག་ཀྱང་།། དེ་ལ ་ཆགས་པའི་གནས་མེད་ལྟར།། ཡང་དག་དམ་པ་ཞི་བ་ལ།། ཐ་ཚིག་མིང་དུ་བཏགས་པ་ཡང་།། དེ་ལ་ཐ་ཚིག་ཐོགས་མེད་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ ་ལས། ལུང་སྟོན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། དབྱིངས་ལ་དབང་བའི་དོན་ནི་གང་། མ་བཙལ ་བར་ལྷུན་གྱིས་རྫོགས་པའི་དོན་ནི་ཇི་ལྟ་བུ་ལགས།། དེ་ནས་སེམས་དཔའ་དམ་པས་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། ཆོས་ཀུན་མཉམ་ཉིད་ལྷུན་གྱིས་རྫོགས།། མི་རྩོལ་དབང་སྒྱུར ་རྟོགས་པའི་ཕྱིར།། མི་བསྐྱོད་དག་པའི་ཕྱིར།། མི་གཡོ་བ་ནི་སྐུ་ཡི་རྒྱ།། མི་བསྐྱོད་དེ་ཉིད་ཡེ་ཤེས་ཏེ།། ཆོས་ཉིད་སྐྱེ་འགག་མཉམ་ཉིད་དང་།། ཆོས་ཉིད་ཕྱག་རྒྱ་ནམ་མཁའ་འདྲ།། མི་ལེན་ཡེ་ཤེས་དག་པ་སྟེ།། བསམ ་པའི་མངོན་ཤེས་མི་ལེན་ཕྱིར།། མི་ལེན་མི་འདོར་མཉམ་ཉིད་དོ། མི་ལེན་པས་ན་བདག་མེད་ཅིང་།། མི་དོར་ཚིག་བྲལ་མཉམ་ཉིད་དོ།། སྨྲ་བའི་སེངྒེ་ཡུལ་མེད་པས།། བསམ་པ་མི་འདོར་མཉམ་ཉིད་དོ།། འདས་དང ་འོངས་དུས་ཉིད་ཞི།། གང་དང་གང་གི་གང་དུ་ཡང་།། ཇི་ལྟར་ཡིད་བཞིན་རིན་ཆེན་ལྟར།། བདག་གཞན་གཉིས་ཀའི་དོན་བྱེད་ལྟར།། རང་ལས་དག་པ་མི་ཟད་འབྱུང་བའི་ཕྱིར།། ཀུན་འཁོར་ཀུན་སྤྱོད་དག་ལས ་འབྱུང་།། ཆོས་དབྱིངས་ཀུན་ཏུ་བཟང་མོའི་ངང་།། རྒྱལ་བ་འཇིག་རྟེན་མཉམ་པ་ཡིས།། འདི་ལ་སྐྱེས་པ་བུད་མེད་ཅེས།། མཉམ་པའི་རྒྱལ་པོས་ཡོངས་མ་གསུངས།། དེ་བཞིན་སྟོན་པ་རྒྱལ་བ་ཡང་།། མཉམ་པའི་དོན ་ལ་མཉམ་གཞག་སྟེ།། ནམ་མཁའ་བཞིན་དུ་ཞི་བར་གནས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། མཉམ་པ་ཉིད་ལ་དབང་བསྒྱུར་བའི་ལེའུ་སྟེ་བཅུ་བདུན ་པའོ།། །། དེ་ནས་འཁོར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་ལོགས་སུ་བཏུད་དེ།། འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་བདེ་བ་དང་། ཆོས་ཐམས་ཅད་དབྱེར་མེད་པའི་དོན་ཇི་ལྟ་བུ ་ལགས། ཞེས་གསོལ་པ་དང་། སེམས་དཔའ་དམ་པས་བཀའ་སྩལ་པ།། ཉོན་ཅིག་འདུས་པའི་འཁོར་ཚོགས་རྣམས།། འགྲོ་བ་འཁྲུལ་པས་མི་ཤེས་པས།། བདེ་དང་སྡུག་བསྔལ་གཉིས་བལྟས་ཕྱིར།། དེ་ཕྱིར་བདེ་དང ་སྡུག་བསྔལ་མྱང་།། འཁྲུལ་པའི་དབང་གིས་མྱང་བར་ཟད།། ཆོས་ཉིད་རང་བཞིན་དག་པ་ལ།། བདེ་དང་སྡུག་བསྔལ་མེད་པའི་ཕྱིར།། འདི་ལ་བརྟུལ་ཞུགས་དྲག་པོ་ཡིས།། སྤྱོད་པར་བྱེད་པ་གང་ཡིན་པ།། ཇི་ལྟར ་དྲན་པ་ཆུང་བའི་མིས།། སྡང་དང་བརྩེ་བ་མི་ཤེས་ཕྱིར།། ཐམས་ཅད་བརྩེ་བ་མེད་པར་མཐོང་།། གནས་སུ་བྱ་བ་མིང་ཡང་མེད།། དེ་བཞིན་ཆོས་དབྱིངས་དམ་པ་འདི།། བརྗོད་པ་ཐམས་ཅད་བྲལ་བའི་ཕྱིར།། ཐམས ་ཅད་སྟོང་ཉིད་རང་བཞིན་ནི།། ཀུན་བཟང་ཆོས་དབྱིངས་དག་པ་ལ།། བསྒྲུབ་དང་དཀའ་ཐུབ་བསྲུང་བ་ཡིས།། ཡང་དག་དོན་དེ་མི་མཐོང་གིས།། སྡུག་བསྔལ་རྣམ་པ་སྣ་ཚོགས་བསྐྱེད།། དེ་ལྟར་སྤྱད་ན་འཆིང་བ་ཆེན། ་པོ་ཡིན།། ཐམས་ཅད་སྐྱེ་མེད་བདག་ཉིད་ཞི་བ་སྟེ།། ཨ་དང་པར་ནི་རྣམ་ལྡན་པས།། ཤེས་རབ་སྐྱེ་མེད་ཞི་བ་སྟེ།། དེ་ལྟར་བལྟས་པ་དེར་སྣང་སྟེ།། དེ་ཡང་ཅི་ཡི་ཕྱིར་ཞེ་ན།། རང་བཞིན་གཅིག་ཏུ་མ ་ངེས་པས།། འཛིན་པ་མ་སྤངས་སྐྱོན་སྣང་ཕྱིར།། འཁྲུལ་པ་ཀུན་ཏུ་བཙལ་ན་སྐྱོན།། སྣང་འདོད་རྩོལ་སེམས་བདེ་བ་ཡང་།། དེ་ནི་དེ་སྒྲིབ་སྒྲོན་ཅན་ཡིན།། ལམ་བགྲོད་ཐབས་ཀྱི་ཡིག་འབྲུ་དང་།། གཟུགས་བརྙན ་འཛིན་དང་ཆ་ལུགས་བསྒོམ།། མཚན་དང་དཔེ་བྱད་འཁོར་ཚོགས་འཛིན།། ཆོས་ཉིད་རང་བཞིན་དངོས་བྲལ་བས།། དེ་ལྟར་བསྒོམ་པ་བྱིས་པ་ཡིན།། བྱང་ཆུབ་ཡན་ལག་ཀུན་གྱི་སྒོ།། ཆ་ལུགས་བསྒོམ་པ་ཆུ་ཟླ ་བཞིན།། དེ་ལྟར་བསྒོམས་ཀྱང་སྐྱོན་ཅན་ཡིན།། མ་གོས་མ་ཆགས་འབྱུང་གྱུར་ཀྱང་།། བསྒོམས་པས་བྱིས་པའི་སྤྱོད་ཡུལ་ཡིན།། དཀྱིལ་འཁོར་ཆ་ལུགས་ཁྲོ་གཉེར་གྱིས།། ཁྲོ་བདག་ཆེན་པོའི་ལུས་གཟུང་ནས།། ཡི ་གེ་མངོན་དུ་བྱུང་ན་ཡང་།། ཞི་བའི་རང་བཞིན་དམ་པ་སྟེ།། ངང་ཉིད་རང་བཞིན་དག་པའི་དངོས།། ཞི་བ་དེ་ཉིད་མཐོང་བ་མིན།། མཉམ་པའི་རྒྱལ་པོས་དེ་སྐད་གསུངས།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས ་ལུང་ཆེན་པོའི་མདོ་ལས། བདེ་བ་དང་ཆགས་པ་སྤངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ།། ་རྣམ་གྲངས་ཀྱི་ཆོས་ཐམས་ཅད་སངས་རྒྱས་པ་ཇི་ལྟ་བུ། སེམས་དཔའ་ཆེན་པོས་བཀའ་སྩལ་པ།། རྙེད་དཀའི་ཆོས་ཉིད་ཟབ་མོ་འདི།། ཐམས་ཅད་མངོན་རྫོགས་བྱང་ཆུབ་ནི།། རྣམ་དག་ལྷུན་གྲུབ་ཆོས་ཀྱི་སྐུ།། ཏཱ་ལའི ་མགོ་བོ་བཅད་པ་དང་།། ས་བོན་མེ་ཡིས་བསྲེགས་པ་བཞིན།། ཆོས་ཉིད་ཞི་བའི་ངང་ལས་དབེན།། ཐར་པ་སྡུག་བསྔལ་རང་བཞིན་ཞི།། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ།། གང་ལྟར་བསྐྱེད་ཀྱང་མི་རྟོག་སྐྱེ།། མངོན ་སུམ་ཆོས་ཉིད་རང་བཞིན་ལ།། དེ་ལ་དམིགས་པར་བྱ་མིན་ཕྱིར།། མཉམ་ཉིད་གང་ནས་བསྒྲུབ་ཏུ་མེད།། ཆོས་ཉིད་བཅིངས་གྲོལ་ཀུན་ཏུ་བཟང་།། མཚན་མ་མེད་པའི་དབང་གིས་ན།། དཔེར་ན་ཡིད་བཞིན་རིན་ཆེན ་དག། བསོད་ནམས་ལྡན་ལ་ཡོད་གྱུར་པས།། དགོས་པ་གང་འདོད་འགྲུབ་པ་ལྟར།། ཚད་མེད་ཆོས་ཉིད་དག་པ་ལས།། མཚན་མ་འབྱུང་བར་མི་འགྱུར་ཕྱིར།། བསྟི་གནས་འདི་ལ་འབྱུང་མི་འགྱུར།། ཆོས་ཉིད་མཚན ་མར་མི་འགྱུར་བས།། གཞན་ལས་ཆོས་ཉིད་མི་འབྱུང་སྟེ།། དག་པའི་རང་བཞིན་རྒྱུ་མེད་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རྣམ་གྲངས་ཀྱི ་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་དེ་བཞིན་ཉིད་ཀྱི་ངང་བརྗོད ་པ་དང་བྲལ་བའི་དོན་ཇི་ལྟ་བུ་ལགས། སེམས་དཔའ་ཆེན་པོས་བཀའ་སྩལ་པ།། སྐྱེ་མེད་ཆོས་དབྱིངས་གླེང་གཞི་བྲལ་བ་ལ།། མ་སྐྱེས་བདེར་གནས་ལྷུན་གྱིས་གྲུབ་པའི་ཕྱིར།། གླེང་བྲལ་འདི་ལ ་གནས་པ་ཡིས།། རྣལ་འབྱོར་འདི་ནི་སྐལ་བ་བཟང་།། ཆོས་ཉིད་གཏེར་ལྡན་ནམ་མཁའི་ཚུལ།། རྣལ་འབྱོར་ཆོས་ཉིད་ཡིན་པའི་ཕྱིར།། བདག་དང་གཞན་དག་མེད་པའི་ཕྱིར།། བདག་དང་གཞན་དོན་མི་བྱེད ་པས།། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། མི་གནས་དབྱིངས་ལས་ཅིར་སྣང་ཡང་།། སྣང་བ་སྒྱུ་མ་ཆེན་པོ་སྟེ།། ཡུལ་ལ་རོལ་པས་ལྷུན་གྱིས་གྲུབ།། ཕྱི་རོལ་བཟུང་བའི་ཡུལ་རྣམས་ཀྱང་།། དེ་ཕྱིར་བཟུང་བའི་ཡུལ་རྣམས ་ཀྱང་།། ངང་གིས་གྲུབ་པ་མ་ཡིན་པས།། དེ་ཕྱིར་ཤེས་པ་ཡང་གྲུབ་མིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། བརྗོད་པ་ཐམས་ཅད་དང་བྲལ་བའི་ལེའུ་སྟེ་ཉི་ཤུ ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་དེ་བཞིན་ཉིད་མི་འགྱུར་བའི་དོན་ཇི་ལྟ་བུ་ལགས། སེམས་དཔའ་དམ་པས་བཀའ་སྩལ ་པ།། ཡང་དག་མེད་འགྱུར་ནམ་མཁའི་ཚུལ།། ནམ་མཁའ་མཐའ་དབུས་མེད་པར་ལྟར།། དབུས་མཐའ་མེད་པའི་ནམ་མཁའི་ཚུལ།། གཟུགས་མེད་ཆོས་ཉིད་ནམ་མཁའི་དང་།། ཡེ་ནས་མཐའ་བྲལ་དག་པའི ་ཕྱིར།། གང་ནས་མི་འབྱུང་ཆོས་ཉིད་ཡིན་པའི་ཕྱིར།། ལྷག་མ་མེད་པས་ཡོངས་སུ་རྫོགས།། འགྱུར་བ་མེད་པས་དྲང་པོར་གནས།། ཡེ་ཤེས་དམིགས་མེད་ནམ་མཁའ་འདྲ།། རང་བཞིན་མཐའ་མེད་མཉམ་པ ་ཆེ།། ཡུལ་བསམ་སྨྲ་བ་འབྱུང་མི་འགྱུར།། མཚུངས་པ་མེད་པའི་ཆོས་ཉིད་ནི།། རང་གི་མཐུ་ཡིས་རིག་པ་ལས།། མཉམ་ཉིད་བསྒོམས་པ་གཞན་ལས་མིན།། དེ་ཕྱིར་བསྒྲུབ་པ་དོན་མེད་ཕྱིར།། ཆོས་ནི་འབྱུང་བར་མི ་འགྱུར་རོ།། ཡེ་ནས་རྡུལ་ཙམ་མི་དམིགས་ཕྱིར།། སྤྱོད་ཡུལ་བགྲོད་པ་ཤིན་ཏུ་དཀའ།། ཡང་དག་ཆོས་ཉིད་གཅིག་པ་ལ།། བྱེ་བྲག་ཆོས་སུ་ཕྱེ་བར་དཀའ།། སླ་ཞིང་དཀའ་ལ་སླ་ཕྱིར་དཀའ།། ཞི་བའི་ཆོས་ཉིད་དངོས ་བྲལ་བས།། མངོན་སུམ་གནས་པ་ཀུན་ལ་ཁྱབ།། ཆོས་ཉིད་མཚན་མ་མེད་པ་སྟེ།། ཆོས་ཉིད་དམིགས་པའི་ཡུལ་མེད་པས།། དབང་པོས་མཐོང་བར་བྱ་བ་མིན།། ཡུལ་མེད་ཁྱབ་པས་དེ་བཞིན་ཉིད།། མངོན་སུམ་སྙིང ་རྗེས་ཀུན་ལ་ཁྱབ།། རང་བཞིན་ཆོས་ཉིད་ཟབ་མོ་ལ།། དམིགས་པ་ཐམས་ཅད་ཡོངས་བྲལ་ལ།། འཇིག་རྟེན་བྱིས་པ་མི་མཁས་པས།། རི་བོང་ར་དང་རུས་སྦལ་སྒྲ།། ནམ་མཁའི་མེ་ཏོག་མོ་གཤམ་བུ།། དེ་རྣམས ་མཐོང་བ་གང་འདོད་པ།། དེ་དག་བྱིས་པའི་སྤྱོད་ཡུལ་ཡིན།། ཐོབ་མེད་ཡེ་ནས་གནས་པའི་ཕྱིར།། མངོན་པར་འཆར་བ་གཅིག་པའི་ཕྱིར།། མིང་ཙམ་འདི་ཞེས་བསྟན་པ་ནི།། རྡོ་རྗེ་སེམས་དཔས་མཚོན་དུ་མེད།། ཅེས ་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཆོས་ཉིད་མི་འགྱུར་བའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་ཡང་འཁོར་དེར་འདུས་པ་རྣམས་ཀྱིས། སེམས ་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་ཡང་དག་མ་བསྒྲུབས་པར་འབྱུང་བའི་རྒྱུ་གང་ལགས། སེམས་དཔའ་དམ་པས་བཀའ་སྩལ་པ།། ཡང་དག་དོན་ཉིད་དམ་པ་འདི།། རྒྱུ་རྐྱེན་འབྲས་བུ ་ཡོངས་མེད་ཕྱིར།། མི་དམིགས་ཞི་བ་ནམ་མཁའི་ཚུལ།། ངོ་མཚར་རྨད་བྱུང་རོལ་པ་འདི།། བྱ་བྲལ་ནམ་མཁའ་ཇི་བཞིན་ཏེ།། སྐུ་གསུང་ཐུགས་ལྡན་ཀུན་ཏུ་བཟང་།། བཅོམ་ལྡན་ཆོས་ཉིད་མཉམ་པར་གནས།། བྱ ་བྲལ་ངོ་མཚར་ཞི་བ་ཉིད།། སྤྲུལ་པའི་རོལ་པ་སྒྱུ་མ་འདི།། རྨད་བྱུང་བྱ་བ་མི་འགྱུར་དང་།། མི་མཛད་ཆོས་ཉིད་ཞིར་གནས་ཕྱིར།། ཅི་ཡང་མི་དམིགས་གཏི་མུག་ལས།། དེ་མ་ཟག་ཏུ་རང་ལས་བྱུང་།། གཏི་མུག་རང ་བཞིན་ཡང་དག་སྟེ།། སྟོང་ཉིད་ཞི་བ་ནམ་མཁའི་ཚུལ།། ཤེས་རབ་གཏི་མུག་ཆོས་དབྱིངས་དང་།། དེ་བས་ཅིར་ཡང་མི་དམིགས་གཏི་མུག་ལ།། དེ་མ་ཐག་ཏུ་རང་ལས་བྱུང་།། སེམས་ཅན་མཚན་ཉིད་སྟོང་པའི ་ཕྱིར།། རྣམ་གྲོལ་དག་པ་གང་ཡིན་པ།། འདི་ནི་ཐམས་ཅད་མཚུངས་པའི་ལམ།། འགྲོ་ཀུན་སྙིང་པོ་ཡིན་པའི་ཕྱིར།། འགྲོ་བ་ཀུན་གྱི་རང་བཞིན་གནས།། མི་ཤེས་བྱིས་པས་བསླད་པའི་ཕྱིར།། ཡང་དག་དོན་ཉིད ་གཞན་ནས་ཚོལ།། སྨན་ཉིད་སྨན་པ་ཚོལ་བ་བཞིན།། ཇི་ལྟར་ནད་པའི་མཚན་ཉིད་ལ།། སྨན་དང་སྨན་པས་ཞི་བ་ལྟར།། ཞི་བས་ཆོས་ཉིད་དག་པ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི ་སེམས་ལུང་ཆེན་པོའི་མདོ་ལས། ཆོས་ཉིད་རྒྱུ་རྐྱེན་ལས་མ་གྲུབ་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ ་ཆེན་པོ། ཆོས་ཐམས་ཅད་སངས་རྒྱས་ནས། སེམས་ཅན་དག་པ་ཆེན་པོར་འགྱུར་བའི་དོན་ཇི་ལྟ་བུ། སེམས་དཔའ་དམ་པས་བཀའ་སྩལ་པ།། འཁོར་བ་ཐམས་ཅད་སངས་རྒྱས་པའི།། བྱང་ཆུབ་སྙིང་པོ་ཀུན་ཡིན ་ཕྱིར།། བདེ་བ་ཞི་བ་བྱར་མེད་པས།། གཟུང་དང་འཛིན་པར་མི་བལྟ་བས།། འཇིག་རྟེན་རྣམ་དག་ཀུན་ཏུ་བཟང་།། གོ་བའི་ཡུལ་ན་བདེ་བ་ཆེ།། དེ་ཉིད་རྣམ་དག་འཇིག་རྟེན་ཡིན།། ཕྱོགས་བཅུ་གནས་ཀྱི་བླ་འོག ་ཀྱང་།། དེ་དག་ཐམས་ཅད་མིང་དུ་གྲགས།། མིང་ཙམ་སྒྱུ་མར་བརྟེན་ནས་ཀྱང་།། ཆོས་ཉིད་མི་འགྱུར་རང་བཞིན་ལ།། ལས་ནི་སྒྱུ་མར་བསྟན་པར་ཟད།། དེ་ལ་ཕྱོགས་ཀྱི་འོད་འདུས་པས།། ཕྱོགས་བཞི་མཚམས་དང ་བླ་འོག་གྲུབ།། ལས་ཀྱི་རྒྱུད་ཀུན་བསགས་པ་ཡིས།། སྐྱེ་འགྲོ་སེམས་ཅན་རྣམས་སུ་སྣང་།། མ་ངེས་འཇའ་ཚོན་ཁ་དོག་ལས།། རིགས་ཀྱི་ཁྱད་པར་མངོན་པར་སྣང་།། སྣོད་བཅུད་འཇིག་རྟེན་ཐམས་ཅད་ཀུན།། གཡོ ་དང་མི་གཡོ་ཐམས་ཅད་ཀྱང་།། དེ་བཞིན་ཉིད་ཀྱིས་ཞི་བ་ཡིན།། དེ་བཞིན་གཡོ་བ་མི་གཡོ་བ།། འགྲོ་བ་རྣམས་ལ་བསྟན་བྱའི་ཕྱིར།། འབྱུང་བ་ལྔ་པོ་གཙོ་ཆེན།། ཐམས་ཅད་མི་འབྲལ་ཡང་དག ་ལྔ།། ཐམས་ཅད་དེ་བཞིན་ཉིད་དུ་གནས།། ལྷག་པའི་དབང་གིས་རྟོག་པ་ཞི།། རྟོག་པ་ཞི་བ་གང་ཡིན་པ།། དེ་ནི་ཆོས་སྐུ་དག་པ་སྟེ།། རྒྱལ་བ་དཔའ་བོས་དེ་སྐད་བཤད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཕྱི་ནང་སྣོད་བཅུད་དག་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས ་དཔའ་ཆེན་པོ། ཆོས་ཐམས་ཅད་དག་པ་ཆེན་པོ་ཡིན་ན་རྩོལ་བསྒྲུབ་ཀྱི་དོན་ཇི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། གལ་ཏེ་དམུས་ལོང་མིག་ལྡོངས་པས།། བཟའ་བའི་ཡུལ་ཅིག་བལྟ་འདོད ་ཀྱང་།། ཡུལ་དེ་མཐོང་བ་མེད་པ་ལྟར།། ཆོས་ཉིད་ཡང་དག་ཟབ་མོ་འདི།། ཐེག་པ་དམན་པས་མི་རྟོགས་ཕྱིར།། སྤྱོད་བསྒྲུབ་སྣ་ཚོགས་བསྟན་ནས་ཀྱང་།། དོན་ལ་ཡང་དག་གཟུང་ཕྱིར་བསྟན།། ཆོས་ཉིད་ཡང་དག། ་ཟབ་མོ་ལ།། དུས་གསུམ་བདེ་གཤེགས་མཆོད་པ་དང་།། ཏིང་འཛིན་ཕྱག་རྒྱ་སྤྱན་དྲང་སེམས་ཅན་དོན།། ཆོས་ཉིད་ལ་ནི་དེ་དག་མེད།། དེ་ཕྱིར་རྩོལ་བསྒྲུབ་བླ་མེད་གནས་སུ་ཆེ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། སྤྱོད་པ་ཐམས་ཅད་བཀག་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ ་ཏོ།། སེམས་དཔའ་ཆེན་པོ་རང་བཞིན་ཡོངས་སུ་དག་པའི་དོན་ཇི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། འདས་དང་མ་འོངས་ད་ལྟར་གྱི།། དུས་གསུམ་རྟག་ཏུ་ངོ་བོས་སྟོང་།། རང་བཞིན་སྐྱེ་འགག། ་མེད་པས་ཞི།། བྱང་ཆུབ་ཐ་སྙད་མི་འཛིན་ཕྱིར།། བླང་དོར་ཆོས་ཉིད་རྟག་གནས་ཕྱིར།། འདས་དང་མ་འོངས་ད་ལྟར་གྱི།། ཐ་སྙད་མིང་ལ་མི་གནས་ཏེ།། སྐྱེ་འགག་མེད་པར་རྟག་གནས་ཤིང་།། དེ་ཉིད་དུས་གསུམ ་ཆེན་པོར་སྦྱོར།། མཉམ་ཉིད་ཆོས་དབྱིངས་ཀུན་ཏུ་བཟང་།། ཕྱོགས་བྲལ་ཆོས་ཉིད་ཡོངས་རྫོགས་ཕྱིར།། དུས་གསུམ་རྣམ་པ་ཞི་བའི་ཚུལ།། མཉམ་པས་རིམ་པར་བཀོད་པ་མེད།། གཅིག་པས་ཕྱོགས་སུ་བསྔོ་དང ་བྲལ།། དྲི་མེད་རང་བཞིན་དག་པའི་ཚུལ།། ཚོགས་ཀྱི་རྒྱན་དང་བཀྲམ་པ་ཡང་།། རང་བཞིན་གནས་པས་དྲི་མ་མེད།། འདོད་ཡོན་ལྔ་ཉིད་ཀུན་བཟང་རྒྱན།། ཡེ་ནས་ཆོས་ཀུན་དག་པའི་ཕྱིར།། བསྔོ་བ་ཁྱད་པར་མེད ་པའི་ཕྱིར།། གཉིས་འཛིན་བྲལ་བ་ཞི་བ་སྟེ།། གདོད་ནས་རྣམ་དག་བདུད་རྩིའི་ཚུལ།། ཀུན་བཟང་ལྷུན་གྲུབ་ཡིན་པའི་ཕྱིར།། ལྷུན་གྱིས་གྲུབ་པས་མི་བསྔོ་ཞིང་།། གདོད་ནས་དག་པ་བདུད་རྩི་ལ།། ཕྱི་ནང་འདུ་བྱེད ་བདུད་རྩིའི་ཚུལ།། མི་གནས་འདུ་བྱེད་ཞི་བའི་ཕྱིར།། འདུ་བྱེད་བཅུ་གཉིས་ཁྱད་པར་ཡང་།། ལྷག་པའི་བསམ་པས་གཟུང་བ་མེད།། གཟུང་མེད་འཇིག་རྟེན་ཞི་བ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི ་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རང་བཞིན་ཡོངས་སུ་དག་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ ་ཏོ།། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་ཆོས་རྣམས་ཀྱི་དོན་ཇི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། ཐམས་ཅད་དེ་བཞིན་གཤེགས་པ་ཉིད།། དེ་བཞིན ་གཤེགས་པ་ཉིད་ལ་འཆད།། ཨེ་མ་ཧོ་ཆོས་རྣམས་ཐབས་མཁས་ཡེ་ཤེས་མཐོང་བ་དང་།། རྒྱུ་བཞི་དམིགས་དང་ངེས་དང་དམ་ཚིག་རྣམས།། ཐམས་ཅད་གང་ཡིན་ཇི་ལྟ་བུ།། ཆོས་དེ་ངོ་བོ་གང་ཡིན་ཞི་བའི་ཚུལ།། དེ ་ཕྱིར་ཆོས་དེ་ཡོངས་སུ་དག་པའི་ཕྱིར།། ལྷ་མིར་བཅས་པའི་འཇིག་རྟེན་ན།། དཔའ་བོ་ཆེན་པོ་དཔག་མེད་པ།། རྣམ་འདྲེན་སེམས་ཅན་ཐམས་ཅད་ཀྱིས།། རྣམ་པ་ཀུན་ཏུ་མི་འགྱུར་དང་།། དེ་ལྟར་སྟོབས་དང་རྣམ་ཐར ་དང་།། འཇིག་མེད་གང་དག་ཅི་འདྲ་དང་།། ཡང་དག་ཆོས་རྣམས་ཇི་འདྲ་བར།། བསྡུས་ཀྱང་ཤེས་པར་མི་འགྱུར་རོ།། དེ་ཡང་ཅི་ཕྱིར་ཟབ་མོ་འདི།། ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར།། རྒྱལ་བས་གྲངས་མེད ་གནས་དག་ན།། ཟབ་ཅིང་ཤིན་ཏུ་ཕྲ་བ་དང་།། རིག་དཀའ་མཐོང་བར་དཀའ་བའི་ཕྱིར།། སྤྱོད་པ་དག་གི་སྔོན་ཆད་བསྙེན།། བསྐལ་པ་གྲངས་མེད་བསམ་ཡས་སུ།། སྤྱོད་པ་དེ་དག་སྤྱོད་པའི་ཕྱིར།། འབྲས་བུ་དེ་ནི་ཅི ་འདྲ་བས།། བྱང་ཆུབ་སྙིང་པོ་དམ་པ་འདི།། དེ་ནི་འཇིག་རྟེན་རྣམ་འདྲེན་པ།། གཞན་དག་དང་ནི་ངས་ཀྱང་དེ།། ཇི་ལྟར་ཡིན་དང་ཅི་འདྲ་དང་།། དེ་ཡིས་མཚན་ཉིད་འདི་འདྲ་ཤེས།། དེ་ནི་བསྟན་དུ་མི་ནུས་ཏེ།། མོས ་པས་རྟོགས་པར་མི་འགྱུར་ཕྱིར།། དེ་ནི་བརྗོད་དུ་ཡོངས་མེད་དོ།། གང་ལ་ཆོས་དེ་བསྟན་པ་དང་།། བསྟན་པ་དག་ཀྱང་ཤེས་པ་ཡི།། དེ་འདྲའི་སེམས་ཅན་སུ་ཡང་ནི།། འཇིག་རྟེན་དག་ན་ཡོད་མ་ཡིན།། གང་དག ་འཇིག་རྟེན་དག་མཁྱེན་པ།། ལྷག་པར་བྱས་པས་བདེ་བར་གཤེགས་ཀྱིས་བསྔགས།། ཟག་ཟད་རྒྱལ་བའི་ཡེ་ཤེས་འདི།། ཐམས་ཅད་གཅིག་ཏུ་འདུས་གྱུར་ནས།། ཟབ་མོ་ཡང་དག་བསམས་བྱས་ཀྱང་།། བདེ། ་གཤེགས་ཡེ་ཤེས་རྟོགས་མི་ནུས།། དེ་བས་ཡང་དག་ཟབ་མོ་འདི།། ལྷ་དམན་ཐེག་པ་ཆུང་བ་དང་།། མུ་སྟེགས་ལོག་ལྟ་ཅན་རྣམས་ཀྱིས།། ང་ཡི་ཆོས་ཀྱི་ཕྱོགས་ཙམ་ཡང་།། བསྐལ་པ་བྱེ་བ་བསམ་ཡས་སུ།། ཡང་དག ་དོན་དེ་ཡོངས་མི་ཤེས།། ཞི་བ་རྟོག་མེད་མཉམ་དུ་མ་ཤེས་ན།། ཤིན་ཏུ་ངེས་དོན་ཟབ་མོ་སྒྲ་རྣམས་ཀྱིས།། དེ་རྣམས་ཀྱིས་ཀྱང་ཕྱོགས་མེད་གང་གྱུར་ཀྱང་།། སྨྱིག་མ་འདམ་བུའི་ཚལ་ལྟར་གང་བས་ཀྱང་།། ཤེས་རབ ་ཕྲ་རྣམས་གཅིག་ཏུ་འདུས་ནས་སུ།། ཇི་ལྟར་མི་རྟོག་ཟབ་མོ་ལ།། བརྟགས་ཀྱང་ལྟ་བ་དམན་པའི་ཕྱིར།། ཟབ་མོའི་དོན་གང་མི་རྟོག་པས།། བྱིས་པའི་སྤྱོད་ཡུལ་མིན་པས་སོ།། གཞན་མིན་གསུང་རྒྱལ ་དྲང་སྲོང་ཆེ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཆོས་རྣམས་ཀྱི་དོན་གྱི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། ཞི་བ་བདག ་ཉིད་ལ་འདི་སྐད་ཅེས་གསོལ་ཏོ།། ཞི་བའི་བདག་ཉིད་ཆེན་པོ་རྣམ་གྲངས་ཀྱི་དོན་ནི་གང་ལགས། ཞི་བའི་བདག་ཉིད་ཆེན་པོས་བཀའ་སྩལ་པ། རང་བཞིན་ཐེག་པ་གཅིག་ཕྱིར་དུ།། དཔག་ཏུ་མེད་པ་བསྟན་གྱུར ་ཀྱང་།། ཐེག་པ་ཡང་དག་རྫོགས་པ་ཡིན།། ང་ཡི་བསྟན་པ་ཐེག་པ་དགུ་པོ་ཡང་།། འགྲོ་བ་དག་གི་མཐུ་དང་སྟོབས་ལ་བསྟན།། ཐབས་ཀྱི་མཆོད་སྦྱིན་ཡེ་ཤེས་ལ།། གཟུད་པའི་ཕྱིར་ན་ངས་བཤད་དོ།། གང་ཞིག་རྟག ་ཏུ་རྣམ་པར་དག་འགྱུར་བ།། རབ་ཏུ་ངེས་པ་སངས་རྒྱས་དང་།། དེ་དག་ལ་ནི་རབ་རྒྱས་དོན་རྣམས་བསྟན།། དེ་ལྟར་དེ་དག་བསམ་པ་རྫོགས་པ་ཡང་།། དེ་དག་ལ་ནི་མ་འོངས་དུས་དག་དང་།། ཤིན་ཏུ་དག་པས་དེ། ་དག་ཀུན་ལ་ཁྱབ་པར་འགྱུར།། ཐེ་ཚོམ་མེད་པས་ཐམས་ཅད་བྱང་ཆུབ་དང་།། ཐེག་པ་ཐ་དད་པས་ནི་གང་བསྟན་པ།། སྐྱེས་བུ་མཆོག་རྣམས་ཐབས་མཁས་མ་གཏོགས་པར།། ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ ་ཡིན།། བྱ་བ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན།། བྱང་ཆུབ་རྡུལ་མེད་དམ་པ་ཐོབ་ནས་སུ།། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་།། ཕྲག་དོག་གསེར་སྣ་འཁོར་བའི་ཆོས།། དེ་དག་རང་བཞིན་ཞི་བའི ་ཕྱིར།། གདོད་ནས་ཀུན་རྫོགས་དབྱིངས་ཀྱི་ངང་།། རབ་ཞི་མྱ་ངན་རྟག་འདས་པས།། ཐེག་པ་གསུམ་དུ་གང་དག་བསྟན་པ་ཡང་།། བདེར་གཤེགས་ཐབས་ཀྱི་འགྲོ་བ་འདུལ་ཡིན་ཕྱིར།། ཐེག་པ་ཐབས་ཀྱིས་དེ་ལྟར ་བསྟན་པར་ཟད།། ཐེག་པ་གཅིག་སྟེ་དེ་བཞིན་ཚུལ་ཡང་གཅིག། རྣམ་དག་ཆོས་ཀུན་འདྲེན་པས་བཤད་པས་གཅིག། ཐམས་ཅད་ཐེག་པ་མཆོག་ལ་གནས།། ཞི་བའི་ས་མཆོག་དག་པ་དག་པའི་དང་།། འདི ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར།། བསྔགས་པ་མཐའ་ཡས་ཆོས་ཉིད་དངོས་པོ་དག། འདི་ནི་ཡང་དག་དམ་པའི་མཛོད།། རིག་དཀའ་དམ་པ་ཞི་བ་སྟེ།། ཐེག་དམན་རྣམས་ཀྱིས་རྟོགས་མི་འགྱུར།། ཞེས ་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཆོས་ཉིད་ཞི་བའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས།། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི ་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་ཆོས་ཉིད་ལྷུན་གྱིས་རྫོགས་པའི་དོན་གང་ལགས། སེམས་དཔའ་རྡོ་རྗེས་བཀའ་སྩལ་པ།། བྱ་མེད་ལྷུན་གྲུབ་ཡོངས་སུ་རྫོགས།། མི་གནས་ཆོས་དབྱིངས་དངོས་པོ ་དག། ཡུད་ཙམ་ཏིང་འཛིན་དབྱིངས་ལ་དབང་།། དེ་ཉིད་རང་བཞིན་དག་པའི་ཕྱིར།། ཡིད་ཀྱིས་བསམ་པ་ཡང་དག་སྟེ།། བལྟས་པའི་སྟོབས་ནི་བཀྲམ་པའོ།། མི་དམིགས་མི་འགྱུར་སྟོང་པའི་ཚུལ།། མི ་གནས་ལྷུན་གྲུབ་མཉམ་པའི་ངང་།། ཆོས་ཉིད་ཡང་དག་བཀྲམ་པའི་ཕྱིར།། མཐོང་བར་གྱུར་པས་དངོས་གྲུབ་ལ།། དེ་ཉིད་མཉམ་གཞག་ཡོངས་རྫོགས་པའོ།། སངས་རྒྱས་ཟག་མེད་དག་པས་ཞི།། ཆོས་འདི་ཐམས ་ཅད་ཟག་མེད་ཞི་བ་སྟེ།། འགོག་པ་སྐྱེ་བ་རྣམ་པར་སྤངས།། འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཤེས།། དེ་ལྟར་བསམ་ན་དད་མི་འགྱུར།། སངས་རྒྱས་ཡེ་ཤེས་བླ་ན་མེད་པའི་ཕྱིར།། མཐོང་བར་གྱུར་པས་དངོས ་གྲུབ་ལ།། བདག་ཉིད་མཉམ་པ་ཆེན་པོའི་དོན།། ཡུད་ཙམ་བཟུང་བས་སྦྱོར་བ་ཡིན།། དགའ་བར་གྱུར་པས་དམ་ཚིག་སྟེ།། ཐོག་མའི་འབྲས་བུ་ཟག་མེད་དམ་པ་ཐོབ།། ཇི་ལྟར་དབུལ་པོས་ནོར་རྣམས་རྙེད་པ ་བཞིན།། དེ་བཞིན་ཡང་དག་དམ་པ་ཐོབ།། ཐབས་ཀྱིས་གར་ཐབས་བསྐྱོད་པ་ཡིན།། གཉིས་མེད་སྦྱོར་བས་ཕུལ་བ་ཡིན།། ཆོས་དབྱིངས་མི་དམིགས་སྦྱོར་བ་སྟེ།། དགའ་བ་ཀུན་བཟང་མི་གཏོང་ཤུགས།། ཆོས་ཉིད ་ལ་ནི་ཉམས་པ་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ལྷུན་གྱིས་གྲུབ་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང ་ཆུབ་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ལས་རྒྱ་མཚོ་སྤྱད་པར་དག་པའི་དོན་ཇི་ལྟ་བུ་ལགས། སེམས་དཔའ་རྡོ་རྗེས་བཀའ་སྩལ་པ།། ཆོས་ཉིད་ཟབ་མོ་ཡང་དག་ཡིན་པའི་ཕྱིར།། དག་པ་འདི་ལ་མི ་སྨོན་ཏོ།། རྒྱལ་བས་འདི་ནི་དམ་པའི་མཐར་གསུངས་སོ།། མྱ་ངན་འདས་པའི་མཐར་ཟུག་ལུས་འདི་ལ།། སྟོང་པ་ཉིད་དུ་ཡུན་རིང་ཡོངས་སུ་བསྒོམ།། ཁམས་གསུམ་སྡུག་བསྔལ་བྱང་ཆུབ་ཞིང་།། བདག་གི་རྒྱལ་བའི ་བསྟན་པ་བྱ་བའི་ཕྱིར།། རྒྱལ་བའི་སྲས་ལ་གང་ཚེ་རབ་བསྟན་ཏེ།། བྱང་ཆུབ་མཆོག་ལ་གང་དག་སུ་ཞུགས་པ།། དེ་དག་ལ་ནི་ཆོས་གང་ཅི་འགྲུབ་པ།། གཟུང་འཛིན་མཐའ་སྤངས་མཉམ་ཉིད་གནས་པའི ་ཕྱིར།། བདག་མེད་མཉམ་ཉིད་གཉིས་སྤངས་ཏེ།། མི་གཟུང་གཏོང་བས་གཏོར་མ་ཡིན།། བྱ་བ་མེད་པས་ལས་རྣམས་ཟིན།། རྣམ་རྟོག་འཁོར་བའི་རྒྱ་མཚོ་སྟེ།། མངའ་བརྙེས་མི་རྟོག་བགེགས་བསལ་ཏེ།། ཕྱི་ནང ་ཆོས་འཛིན་བགེགས་ཀྱི་རྣམ།། གཟུང་འཛིན་བྲལ་བ་བྱང་ཆུབ་སྟེ།། ཡེ་ཤེས་ཉི་མ་ཆོས་ཀྱི་དབྱིངས།། རྣམ་རྟོག་ཡེ་ཤེས་བགེགས་བསལ་ནས།། མི་གསུང་མཉམ་གཞག་སྔགས་ཚིག་གོ། མཉམ་ཉིད་དམ་པ་ཞི་བ ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། སྤྱད་དུ་མེད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་སེམས་དཔའ་དམ་པ་ལ ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་ཆགས་སྡང་ཞི་བ་གང་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། མཚན་མར་སྤྱོད་པ་རྣམས་ལ་ཆོས་ཉིད་དེ།། ཆོས་ཀྱི་དབང་ཕྱུག་འཇིག་རྟེན ་ཞི་བའི་ཚུལ།། སེམས་ཅན་གནས་རྣམས་རབ་ཏུ་ཞི།། རབ་དང་བྱང་ཆུབ་དམ་པ་འདི།། ཐབས་ལ་མཁས་པས་ཆོས་ཉིད་དང་།། རྟག་ཏུ་མྱ་ངན་འདས་པ་ཡིན།། ངང་གིས་ཆགས་པ་མི་མངའ་བས།། སྙིང་པོ་རང་རིག ་སངས་རྒྱས་ཕྱིར།། བླ་མ་མཆོད་དང་གཏོང་བ་དང་།། དེ་བཞིན་བསོད་ནམས་ཐམས་ཅད་དང་།། མ་ཆགས་མི་གཡོའི་སྟོབས་མེད་ན།། བྱས་པས་འཆིང་བ་ཆེན་པོར་འགྱུར།། བྱང་ཆུབ་བདེ་གནས་སྙིང་པོའི ་དོན།། ཆོས་ཉིད་མཆོད་པ་རིན་ཆེན་སྦྱིན།། རྡོ་རྗེའི་དོན་ཉིད་མི་ཤིགས་པ།། ཆོས་ཉིད་སྐྱེ་མེད་ཆོས་ཅན་རྣམ་པ་དག། དེ་ལྟར་ཞི་བ་བསོད་ནམས་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས ་ལུང་ཆེན་པོའི་མདོ་ལས། ཆགས་སྡང་ཞི་བའི་ལེའུ་སྟེ་སུམ་ཅུ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་ཆེན་པོ། བརྡས་དེ་བཞིན་ཉིད་མཚོན་དུ་མེད་པ་གང་ལགས། སེམས་དཔའ་རྡོ། ་རྗེས་བཀའ་སྩལ་པ།། རྣམ་གྲོལ་རོ་གཅིག་མྱ་ངན་འདས།། མཐར་ཐུག་རྟག་ཏུ་གཅིག་པས་ནམ་མཁའ་འདྲ།། ཡེ་ཤེས་དེ་ནི་ཤེས་དཀའ་སྟེ།། བྱིས་པ་རྣམས་ཀྱིས་མི་རྟོགས་ལ།། མི་ཤེས་པས་ནི་ཐེ་ཚོམ་འགྱུར།། དེ ་ལས་ཉམས་ཤིང་དེ་དག་འཁྱམས།། ཇི་ལྟར་སྤྲིན་གྱི་ཕུང་པོ་ཡིས།། ཉི་མའི་འོད་མཆོག་བསྒྲིབས་པ་ལྟར།། མི་ཤེས་བྱིས་པ་རྨོངས་པ་ཡིས།། ཡང་དག་དཀྱིལ་འཁོར་དམ་པ་བསྒྲིབས།། སྤྲིན་གྱི་ཆར་པ་རོ་གཅིག ་ལྟར།། སྐལ་པ་གསུམ་ཡང་ཆོས་ཉིད་རོ།། སེམས་ཅན་ཐམས་ཅད་མངོན་རྫོགས་ཏེ།། སེམས་ཅན་སྡུག་བསྔལ་རྣམ་དག་ཡིན།། རྣམ་དག་ཤིན་ཏུ་མཐོང་བར་བྱ་བའི་ཕྱིར།། དེ་ནི་མཉམ་ཉིད་ཡང་དག་གཅིག། དེ་ནི ་རྣམ་གྲོལ་མྱ་ངན་འདས་པ་ཡིན།། རྟག་ཏུ་བྱང་ཆུབ་ཀྱི་ནི་གནས་ཡིན་ཕྱིར།། དེས་ན་མཉམ་པ་ཉིད་དེ་མི་མཉམ་མེད།། འདོད་ཆགས་མེད་ཅིང་ཞེ་སྡང་དག་ཀྱང་མེད།། ནམ་ཡང་རྗེས་སུ་ཆགས་པ་མེད།། སུ་ལའང ་མཛའ་ཞིང་ཆགས་པ་མེད།། དེ་ལ་དེ་བྱང་སྒྲིབ་པར་འགྱུར།། དེ་ལྟར་དེ་ལས་དེ་རྟོགས་ན།། དེ་ལ་དེ་ཉིད་གྲུབ་པ་མེད།། དེ་བཞིན་ཉིད་ཙམ་འགྲུབ་པ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི ་སེམས་ལུང་ཆེན་པོའི་མདོ་ལས། དེ་བཞིན་མཚོན་དུ་མེད་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་ཉིད ་མཚན་མ་དང་མཚན་མ་མེད་པའི་དོན་གང་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། ཇི་ལྟར་ཉི་ཟླ་དག་པའི་འོད།། ཡོན་ཏན་ལྡན་དང་སྡིག་ཅན་གྱིས།། མི་ལ་མཉམ་པར་རབ་འཆར་ཏེ།། དེ་ལ་སྐྱེ་བ་འགྲིབ ་པ་མེད།། དེ་བཞིན་ཆོས་ཉིད་ཤེས་རབ་ཡོད།། སྙོམས་པས་ཉི་མ་ཟླ་བ་བཞིན།། ལྷག་ཅིང་ཅད་པ་མེད་པ་བཞིན།། ཐམས་ཅད་སེམས་ཅན་རྣམ་དག་འདུས།། ཇི་ལྟར་ཁམ་སྣོད་རྫ་མཁན་གྱིས།། འཇིམ ་འདྲ་ལས་སྣོད་བྱས་པ་དག། སྣོད་ཀྱི་རྣམ་པ་མང་བྱས་ལ།། རྫས་ཀྱི་རྣམ་པ་སོ་སོ་བླུགས།། དེས་ནི་མིང་ཡང་སོ་སོར་གྲགས།། དེ་བཞིན་སེམས་ཅན་སངས་རྒྱས་བྱེ་བྲག་མེད།། ཐ་དད་མེད་པས་བདེ་བར ་གཤེགས།། ཐེག་པ་ཐ་དད་རབ་སྟོན་ཀྱང་།། ཐེག་མཆོག་རྒྱལ་བའི་ཐེག་པར་འདུད།། འགྲོ་བའི་འཁོར་ལོ་མི་ཤེས་པས།། ཆོས་ཉིད་དག་པའང་ཤེས་མ་ཡིན།། ཆོས་རྣམས་བདག་ཉིད་རྣམས་སྤངས་ཤིང་།། དག་པར ་ཤེས་པ་སྟོང་པའི་ཕྱིར།། ཞི་བ་སངས་རྒྱས་བཅོམ་ལྡན་གྱི།། བྱང་ཆུབ་ཡང་དག་ཉིད་དུ་ཤེས།། ཆོས་ཀུན་རྟོགས་རྫོགས་སངས་རྒྱས་ཡིན།། ཇི་ལྟར་དམུས་ལོང་མི་མཐོང་འདི་སྐད་ཅེས།། གཟུགས་རྣམས་ཀུན་ནི་མེད ་ཅེས་སྨྲ།། སྨན་པས་དམུས་ལོང་རྣམས་ལ་སྙིང་རྗེ་བསྐྱེད།། རི་ལ་སྨན་བཏུས་རབ་སྦྱར་དམུས་ལོང་ལ་ནི་ཤིན་ཏུ་གཏོང་།། དེ་ཡིས་མིག་མཐོང་གཟུགས་སྣང་འགྱུར།། མི་ཤེས་སེམས་ཅན་དམུས་ལོང་འདྲ།། དེ་ཕྱིར ་ཟབ་མོ་རྟོགས་དཀའོ།། བླ་མེད་ཡང་དག་རྫོགས་བྱང་ཆུབ།། ཐེག་བཤད་འགྲོ་བའི་དོན་ལ་དགོངས།། རྣམ་པར་དག་པ་བསྟན་དུ་མེད།། སྟོང་ཉིད་རྨི་ལམ་སྒྱུ་མའི་ཚུལ།། ཆུ་ཤིང་སྙིང་པོ་མེད་ལྷའི་ཚུལ།། གང་གིས ་ཆོས་ཉིད་རབ་ཤེས་ཤིང་།། ཁམས་གསུམ་རང་བཞིན་རྣམ་པར་གྲོལ།། ཆོས་ཀུན་སྟོང་ཞིང་མཉམ་པ་སྟེ།། ཐ་དད་དབྱེར་མེད་བདག་ཉིད་དོ།། དེ་དག་ལ་ཡང་མི་རྟོག་སྟོང་།། ཆོས་ཉིད་གང་ཡང་མཐོང་མེད ་ན།། ཆོས་ཀྱི་སྐུ་ནི་མ་ལུས་པར།། ཤེས་རབ་ཆེན་པོ་དེས་མཐོང་ངོ་།། དགུར་བསྟན་ཐེག་པ་གཅིག་ཏུ་མཉམ།། མཉམ་ཞིང་སྙོམས་ཏེ་གཅིག་ཏུ་མཉམ།། དེ་ལྟར་མཁས་པ་ཞི་བ་ཡིས།། མི་བཅིང་མྱ་ངན་འདས་པ ་ཤེས།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། རང་རིག་སྐྱེ་མེད་ཡེ་ཤེས་དབྱིངས།། མི་ཤིགས་མི་འགྱུར་རྡོ་རྗེའི་དོན།། ཡེ་ཤེས་སེམས་དཔའ་རྡོ་རྗེ་ཡིན།། རྡོ་རྗེ་སེམས་དཔའ་འགྲོ་བའི་དོན།། རྡོ་རྗེ་འཆང་རྒྱལ་འདི་ཉིད ་ནི།། ཐམས་ཅད་དུ་ཡང་ཡང་དག་གནས།། རྒྱལ་བས་དུས་གསུམ་རྟོགས་པར་སྐྱེ་མེད་མཉམ།། ཀུན་གྱི་ཆོས་ཉིད་རྒྱལ་བ་རྒྱ་མཚོའི་ཐུགས།། རྡོ་རྗེ་གསུམ་གྱི་མཚན་མ་ཇི་སྙེད་པ།། བདག་པོ་ཉིད་དུ་གྱུར་པས་དེ ་བཞིན་ཉིད།། ཆོས་རྣམས་ཐམས་ཅད་འགྲོ་ཀུན་ནི།། དབྱིངས་སུ་རོ་གཅིག་སྐྱེ་མེད་དོ།། མཉམ་ཉིད་རྒྱལ་པོའི་ཆོས་ཉིད་དེ།། རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོའི་ངག། དུག་ལྔ་ཆོས་དབྱིངས་ཡེ་ཤེས་དབྱིངས།། སྐྱེ ་མེད་ཆོས་དབྱིངས་ཡེ་ཤེས་མཉམ།། དེ་ཡི་ཡོན་ཏན་ཁྱད་པར་ལྔར་མཐོང་བ།། མཚན་ཉིད་དེ་ཉིད་ཡེ་ཤེས་ལྔ།། འགྲོ་བའི་དོན་དུ་རིགས་ལྔར་སྣང་།། རིགས་དང་ཡོན་ཏན་མང་པོ་ཡང་།། འགྲོ་བཟུང་དོན་དུ་བསྟན ་པར་ཟད།། ཆོས་དབྱིངས་ཡེ་ཤེས་ཁྱད་མེད་ཕྱིར།། དེ་ཕྱིར་དབྱིངས་ཉིད་སྟོང་པའི་ངང་།། སྐྱེ་མེད་ཡེ་ཤེས་མེ་ལོང་ལྟ་བུར་གནས།། རིག་པའི་ཡེ་ཤེས་དང་དང་གཉིས་མེད་ཕྱིར།། ཆོས་དབྱིངས་ཡེ་ཤེས ་དག་པའི་དབྱིངས་ལ་བརྗོད།། རིགས་ལྔ་ཐབས་ཀྱི་ཕྱག་རྒྱ་ཀུན།། ཐམས་ཅད་ཆོས་སྐུ་རྡོ་རྗེར་རོ་གཅིག་འདུས་མ་བྱས།། ཇི་ལྟར་དེ་ལྟར་སྣང་བ་ཡིན།། གཅིག་བསམ་དེ་ཉིད་ཀུན་གྱི་ངང་།། རིགས་ལྡན་རྣལ་འབྱོར ་ཏིང་འཛིན་གཅིག། བདག་མེད་གཉིས་ཉིད་བདེར་གཤེགས་དག་པའི་ངང་།། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ན།། ཀུན་གྱིས་མཚུངས་པར་རབ་བསྔགས་པ།། ཆོས་ལ་སྙིང་པོར་གྱུར་པ་མཁྱེན་པ་དག། ཆོས་ཅན ་ཞི་བའི་ཚུལ་གྱི་དག་པ་འབྱུང་།། ཡུམ་གྱུར་དམ་པ་རྒྱལ་བའི་ལམ།། ནམ་མཁའི་རང་བཞིན་གནས་པ་ནི།། བྱང་ཆུབ་རྒྱུ་ནི་ཆོས་དབྱིངས་མཁའ།། ཡང་དག་ཞི་བ་ཟབ་མོ་ལ།། བཀྲུས་པས་མི་འདག་ནམ་མཁའ ་འདྲ།། བྱང་ཆུབ་ལ་ནི་རྒྱུ་འབྲས་མེད།། དག་པའི་རང་བཞིན་གནས་པའི་ཕྱིར།། ཐོབ་པར་བྱ་བ་མེད་མོས་པས།། རྩོལ་བས་ཡིད་བཞིན་ནོར་བུའི་ཚུལ།། དཔལ་ལྡན་སངས་རྒྱས་རྩེ་གཅིག་འཆང་།། རྡོ་རྗེ་མི་ཕྱེད ་གསུམ་གྱི་དང་།། རང་བྱུང་ཚོགས་ཆེན་བླ་མེད་དག། རྒྱལ་བའི་རང་བཞིན་ཏིང་འཛིན་ཤེས།། དུས་གསུམ་སངས་རྒྱས་རང་བཞིན་སྟོང་།། རང་གིས་ཤེས་པས་ཆོས་ཉིད་སྟོང་ལས་སུ།། འཁྲུལ་རྟོག་བརྟགས ་པས་ཐམས་ཅད་སྣང་བ་བཞིན།། ཤེས་རབ་ཐུགས་རྗེ་ངང་གི་འཆར།། རྣལ་འབྱོར་ཆོས་ཉིད་དག་གྱུར་ན།། ཐུགས་རྗེའི་བྱིན་རླབས་བཙལ་མི་དགོས།། གཉིས་མེད་རྣམ་དག་ཆོས་ཀྱི་སྐུ།། བདག་མེད་ཞི་བས་སྣང ་བའི་ཕྱིར།། བདག་ཏུ་སྣང་བ་ཉིད་ཀྱི་སྐུ།། མི་འགྱུར་ནམ་མཁའ་ལྟ་བུ་དག། ཚུལ་དང་མཐུན་པའི་ངོ་བོ་བཞི།། ངང་ཉིད་ཞི་བ་རྟོགས་པའི་ཕྱིར།། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་བཅུ།། སྤྱོད་པ་མཐའ་དག་རྒྱ ་མཚོའི་གཞིར་གྱུར་པ།། ཡང་དག་ལྟ་བས་མ་ཟིན་ན།། དེ་དག་བྱང་ཆུབ་གེགས་སུ་གྱུར།། སེམས་ཀྱི་བྱང་ཆུབ་རྣམ་དག་ཀྱང་།། ཆོས་ཚུལ་ཡོན་ཏན་ཁྱད་པར་ནི།། མ་ནོར་བསྒོམ་པའི་མངོན་འགྱུར་རོ།། ཞེས་གསུངས ་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། མཚན་མ་མེད་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །། དེས་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད ་ཅེས་གསོལ་ཏེ།། སེམས་དཔའ་ཆེན་པོ། རྣམ་རྟོག་ཞི་བར་བྱ་བའི་དོན་གང་ལགས། སེམས་དཔའ་དམ་པས་བཀའ་སྩལ་པ།། ཆོས་ཉིད་དོན་ཉིད་རང་བཞིན་ལ།། རྡོ་རྗེ་གསུམ་བསྒོམ་མ་རྟོགས་པ།། གྲུབ་པར་བྱ་བའི ་དངོས་གྲུབ་གཞན་མི་འཚོལ།། གནས་དང་མེད་པ་ལ་ནི་གང་རྟོགས་པ།། དེ་དག་ཆོས་ཉིད་ལ་ཡང་གང་རྟོགས་པ།། གནས་དང་གནས་མིན་འགལ་བར་མ་བསམས་ན།། ཡང་དག་མི་དམིགས་ཟབ་མོ ་འདི།། བཞག་པས་ལུས་ལ་ཡང་ཡོད་མེད་ལ།། བཙལ་བས་ཟབ་མོ་ག་ལ་རྙེད།། དབྱིངས་ཀྱི་རང་བཞིན་སྟོང་ཉིད་དམ་པ་ཡིན།། རིགས་ཀྱི་ཁྱད་པར་དུ་སྣང་ཡང་།། དེ་དག་བྱིས་པའི་སྤྱོད་ཡུལ་སྣང་བ ་ནི།། རྣམ་ཤེས་རྡོ་རྗེ་སེམས་དཔའ་གཙོ།། ཚོར་བ་རིན་ཆེན་འབྱུང་ལྡན་དང་།། འདུ་ཤེས་སྣང་བ་མཐའ་ཡས་ཡུལ།། འདུ་བྱེད་དོན་གྲུབ་གདོན་མི་ཟ།། གཟུགས་ནི་རྣམ་པར་སྣང་མཛད་དེ།། རིགས་དང་ཞི་ཁྲོ་སྤྲུལ་པ ་ཀུན།། ཆོས་སྐུ་རོ་གཅིག་མཁས་པས་འགྲོ་དོན་བསྟན་པ་མཉམ།། དམིགས་མེད་བྱིས་པ་མི་མཁས་པས།། ཆོས་དང་ཆོས་མ་ཡིན་པར་མཐོང་།། སྟོང་ཉིད་མཉམ་པ་ཆེན་པོ་ལ།། རྒྱལ་བ་རིགས་ལྔར་རྟོག་པ ་འཁྲུལ།། ཆོས་ཉིད་ལ་ནི་རྣམ་རྟོག་མེད།། དེ་ཕྱིར་དེ་དག་འཁྲུལ་པ་ཡིན།། ཐབས་ཀྱི་སོ་སོར་བཤད་པའང་དོན་གཅིག་ལ།། དབྱིངས་རྟོག་ལེན་སྤང་སྒྲིབ་པ་མུ་མཐའ་མེད།། རྟོགས་པས་སངས་རྒྱས་ཏིང་འཛིན་དགེ ་རྩ་འཕགས།། བློ་དང་ནམ་ལྡན་ཞི་བ་སེམས་ཀྱི་ངང་།། དམ་པ་དེ་ནི་མངོན་དུ་འགྱུར་བ་ན།། ཆོས་སྐུ་དྲི་མེད་ནམ་མཁའ་འདྲ།། དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པའི་ཆོས་དབྱིངས་སུ།། རྡོ་རྗེ་རྩེ་མོ་མཆོག་ཉིད་འདུས་མ ་བྱས།། མི་རྟོག་ཡེ་ཤེས་ཆོས་དབྱིངས་དེ་ཡང་དེ་ཉིད་དོ།། དེ་ལ་གང་རྟོག་ཡང་དག་མཐོང་།། ཞི་བ་རྣམ་དག་ཉིད་ལས་ཡོན་ཏན་མ་ལུས་འབྱུང་།། ཇི་སྙེད་རྣམ་གྲོལ་ཆོས་སུ་དག་པ་རྣམས།། དེ་བཞིན་གཤེགས་པ་དེ ་དག་ཐམས་ཅད་ཀྱང་།། འདུས་མ་བྱས་ཉིད་རྒྱལ་བ་ཀུན་གྱི་ངང་།། གཞན་དུ་རིགས་ལྔ་བསྟན་པར་བྱ་མི་དགོས།། མི་འཁྲུལ་པ་ལ་ཡི་དམ་ལྷ་མེད་ལྟར།། དེ་ཉིད་རྟོགས་ལྡན་དབྱིངས་ཀྱི་ལྷ།། རྒྱལ་བས་མ་བཅོས ་གདོད་ནས་སྐྱེ་བ་མེད།། རང་སེམས་ཞི་བས་བསྒོམ་པར་བྱ་བ་མིན།། སེམས་ནི་སྐྱེ་མེད་ཐུགས་ཀྱི་དབྱིངས།། ལུས་ངག་ཡིད་གསུམ་མི་མཉམ་མཉམ་པའི་ངང་།། ནམ་མཁའ་བཞིན་དུ་བསམ་པར་བྱ།། ནམ་མཁའ ་བསྟན་དུ་མེད་པ་ལྟར།། བདག་ཉིད་རང་བཞིན་མེད་པར་ཞི།། དེ་ཕྱིར་བྱང་ཆུབ་སེམས་ཉིད་རྫོགས།། དེ་ལས་ཡོན་ཏན་དེ་དག་དེ་ལས་འབྱུང་།། དེ་བཞིན་སངས་རྒྱས་ཡོན་ཏན་སྣ་ཚོགས་རྫོགས།། ཀུན་བཟང་ངང ་ཉིད་རོ་གཅིག་ཕྱིར།། དབྱིངས་ལ་དབྱིངས་ཉིད་རྟག་ཏུ་དམིགས།། ཅིར་ཡང་མིན་ལ་ཅིར་ཡང་སྣང་བའི་ཕྱིར།། ཐམས་ཅད་ཆོས་ཉིད་སྤྲུལ་པར་ཟད།། བྱང་ཆུབ་དོན་ཉིད་དེ་དག་ཐམས་ཅད་ཀྱང་།། འཆིང་མེད་རྒྱལ ་བའི་རིགས་ཅན་ཡིན། ཆོས་སྐུ་རྣམ་དག་ལྷུན་གྲུབ་སྟོང་པའི་དངོས།། དེ་མེད་མི་འབྱུང་དེ་ཕྱིར་ཆོས་དང་ཕྱིར།། དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ།། རྣམ་གྲོལ་ཞི་བ་ཟབ་མོ་བྱང་ཆུབ་སེམས།། དེས་ན་རྡོ་རྗེ་སེམས ་དཔའ་ཆོས་ཉིད་ཀུན་ཏུ་བཟང་།། དེ་ཉིད་ཅི་འདྲར་བསྒོམ་པར་བྱ་བར་འགྱུར།། རྡོ་རྗེ་དེ་རྟོགས་བསྒྲུབ་པ་བཅའ།། རྡོ་རྗེ་དེ་ཉིད་ཡང་དག་དམ་པ་སྟེ།། ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ།། འདི་ནི་ཟབ་མོ་མི ་རྟོག་རྟོག་ལས་དག། ཇི་ལྟར་བརྟག་པར་དཀའ་ཞིང་ཤིན་ཏུ་ཟབ།། བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ།། སྟོང་ཉིད་དམ་པ་ཞི་བ་ལ།། མཚན་མའི་ཏིང་འཛིན་བཅུག་པས ་ནོར།། གནས་དང་ཞི་བ་སྟོང་པ་ལ།། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར།། བདེ་གཤེགས་ཀུན་གྱི་ཕོ་བྲང་ངོ་།། ཨེ་མ་ཧོ་ཨེ་མ་ཡ་མཚན་དག་པའི་གཞི།། ཚིག་གིས་མི་ཕེབས་བརྗོད་དང་བྲལ་བའི ་ཕྱིར།། གཞན་དང་བྱིས་པའི་སྤྱོད་ཡུལ་མ་ཡིན་ཡང་།། དེ་ཕྱིར་ཆོས་ཉིད་དངོས་བྲལ་ལ།། བྱིས་པ་ལྟ་དམན་ཡོད་པར་འདོད།། དེ་ནི་ཡོད་པ་མིན་པའི་ཕྱིར།། བརྗོད་པ་མཐའ་དག་དོན་འདིར་བལྟ།། ཞི་བ་ཆོས ་དབྱིངས་གཞན་ནས་མི་བཙལ་ཏེ།། མངོན་དང་མི་མངོན་ཆོས་རྣམས་ཀུན།། དེ་དག་ཐམས་ཅད་རང་བཞིན་སྟོང་།། དཔེར་ན་དབུ་བ་རྡོས་དག་ཆུ་བོས་ཁྱེར་མཐོང་ན།། དེ་ལ་དངོས་མ་མཐོང་བ་ལྟར།། མངོན་སུམ་ལ ་གས་རྒྱུ་ཡི་དངོས་པོ་རྣམས།། དེ་ཡང་འཇིག་རྟེན་གྲུབ་པའི་མཐའ་རྟོགས་པ།། རྒྱུ་ནི་དངོས་བྲལ་དམ་པ་སྟེ།། དེ་ཉིད་རྣམ་པར་རྟོག་པའི་རྒྱུ་འབྲས་སྤྱོད་ཡུལ་རྣམས།། ཇི་ལྟར་ཚད་མ་བཞག་ན་བློ་ཡིས་འཛིན་བྱེད ་དོ།། མི་ཤེས་པ་དག་ཀུན་འདུས་ནས།། དག་པའི་དོན་ལ་ཅི་བལྟས་ཀྱང་།། དག་པ་དེ་ཉིད་ག་ལ་མཐོང་།། རྟོགས་མཐའ་རྣམ་པ་མེད་པའི་ཕྱིར།། དཔྱད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་།། དེ་ཕྱིར་རྣལ ་འབྱོར་ཆོས་ཉིད་ཟབ་མོ་ལ།། དེ་ཕྱིར་འཇིག་རྟེན་ཐ་སྙད་རྟོག་པ་རྣམས།། རྣལ་འབྱོར་དམ་པའི་ལམ་འདིར་མི་དགོས་སོ།། ཡོངས་སུ་དག་པའི་རང་བཞིན་རྒྱས་པར་འགྱུར།། ཡེ་ཤེས་འདི་ཉིད་ཡོངས་སུ་རྫོགས་བྱས ་ན།། འོད་བྱེད་གཙོ་བོ་རྣམ་པར་དག། མཉམ་ཐུགས་ཞི་བར་གྱུར་ཅིང་ཤིན་ཏུ་གནས།། རྟག་པར་མི་གཡོ་གྱུར་ཅིང་མི་འགུལ་ཏེ།། དེ་ལ་ནམ་ཡང་གཡེང་བ་མི་མངའ་ལ།། དེ་ནི་ངང་གིས་ཟག་པ་མེད་ལ ་གནས།། བདེ་དང་སྡུག་བསྔལ་ཞི་བར་མཉམ།། དགེ་བ་འཇིག་རྟེན་སྒྲོན་མ་དག། ཐུགས་བརྩེས་རྟག་ཏུ་འདི་མཚར་ཏེ།། འགྲོ་བ་ཐམས་ཅད་ཀུན་བསླང་དག་པ་ཡིས།། སངས་རྒྱས་ཡེ་ཤེས་བླ་མེད་པ།། དགའ་ཞིང ་བདེ་བར་རབ་ཏུ་བརྙེས།། དེ་ལྟར་དམ་པ་ཞི་བ་བརྙེས་པར་བྱ་བའི་ཕྱིར།། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟག་པར་བྱ།། བརྟགས་པའི་མཚན་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་ལ།། སོ་སོ ་སྐྱེ་བོས་དངོས་པོ་མཚན་མར་བཟུང་།། སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི།། མི་ཤེས་བྱིས་པས་གཉིས་མཐོང་ཕྱིར།། གཟུང་དང་འཛིན་པ་གཉིས་སུ་བརྟགས།། དཔེར་ན་བྱིས་པ་མིག ་ནད་འཁྲུལ་པ་ཡིས།། ནམ་མཁའ་དག་ལ་བལ་གྱི་འཁོར་ལོ་འབྱུང་བ་དང་།། གཟུགས་རྣམས་མེད་ཀྱང་ཡོད་པར་མཐོང་བ་ལྟར།། འཛིན་པ་དྲུག་གིས་ཇི་ལྟར་དངོས་པོར་མཐོང་ཞིང་བཟུང་།། གཟུང་འཛིན་བརྟགས ་པ་དེ་ལྟར་མ་ཡིན་འཁྲུལ།། རང་གི་རྟོགས་པས་མོས་པ་དེ་བཞིན་གཟུང་བ་མེད་འགྱུར་ན།། དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས།། མ་རྟོགས་ལྷ་དམན་བྱིས ་པ་དང་།། ཐེག་རྫོགས་དེ་གཉིས་ཁྱད་པར་རིགས།། དེ་དག་དུས་དགྲས་འཇོམས་པ་དང་།། སྡུག་བསྔལ་གཉེན་ལམ་དེས་འཁྲུལ་མངོན་པར་འགྱུར།། དུས་ལས་བདེ་སྡུག་ག་ལ་འབྱུང་།། གཞན་ནས་སྐྱེ་མཆེད་སྒོ་ནས ་རིག་པ་དེ་དག་ཚད་མར་རུང་ན་ནི།། ཕྱི་མ་ཆོས་སུ་བཟུང་བས་དངོས་པོ་ཞི་འགྱུར་ག་ལ་ཡོད།། དེ་དག་སྐྱེ་མཆེད་སྒོ་ནས་ཞི་བ་ག་ལ་རྟོག། དེ་དག་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི ་འགྱུར།། དེ་ཕྱིར་དོན་དེ་དབང་པོས་རྟོགས་གྱུར་ན།། བསྒྲུབ་དང་བརྩོན་འགྲུས་དེ་དག་མི་དགོས་ཕྱིར།། སྟོང་པའི་ཆོས་རྟོགས་ཁོང་དུ་ཆུད་པ་དང་།། བསམ་གཏན་ཡན་ལག་དམ་པ་ལྡན་རྣམས་དང་།། ཡོན་ཏན་ཞི་བ ་དམ་པ་གསུངས་པ་ཀུན།། དེ་ཀུན་བྱིས་པའི་སྤྱོད་ཡུལ་མིན་ཕྱིར་རམ།། ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དེ་ཡི་རྟོག་མེད་འགྱུར།། དབང་པོ་ཤེས་པས་མི་ཐར་ཏེ།། མིག་མཐོང་ཅན་འདྲ་ལྟ་དམན་མཚུངས།། ་དམ་རྟོགས་ཤིང་ཟབ་མོ་ཡང་།། འཁྲུལ་པ་དག་གིས་ཡོངས་མི་ཤེས།། འཁྲུལ་པ་དག་ལས་དངོས་འདི་བྱུང་།། འདི་ལ་བརྟེན་ནས་དངོས་པོ་མཐའ་དག་བྱུང་།། མ་རིག་པ་སོགས་བཅིངས་པའི་སྡུག་བསྔལ་ཡོད།། སྡུག ་བསྔལ་འགའ་ཡང་མི་འཇིལ་ཕྱིར།། རྣམ་རིག་ཤེས་དེས་ཉོན་མོངས་འབྱུང་བའི་གནས།། དེ་ཕྱིར་དོན་ཉིད་མ་མཐོང་བས།། དེས་ན་སྐྱེ་བོས་མཐོང་བ་དེ་དག་འཁྲུལ།། དེ་ལྟར་མུན་པར་མངོན་ཞེས་རྒྱལ་བས ་གསུངས།། དེས་ན་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར་ཞེ་ན།། རྟོགས་པ་དངོས་སུ་བདེན་པ་ཆེ་ལས་ཉམས།། ཀྱི་ཧུད་བྱིས་པ་འདི་དག་ཐམས་ཅད་ནི།། རྣམ་རྟོག་གིས་བཅིངས་དག་པ་མ་མཐོང ་བས།། བདག་ཉིད་བསྒོམས་པས་རིན་ཆེན་ཆེ་ལས་ཉམས།། ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཕྱིར།། ཉོན་མོངས་སྒོ་ངའི་སྦུབས་བརྟོལ་མི་ནུས་ཤིང་།། ཀུན་ཏུ་རྟོག་པས་རྩོལ་མེད་ཉམས།། སྟོང་པ་གནས་མེད་རྟེན ་ཡང་མེད་པ་ལ།། ཇི་ལྟར་ཡོད་པ་མ་རིག་འཁྲུལ་པས་ཤེས།། ཡང་དག་མ་མཐོང་བློ་གྲོས་འཁྲུལ་པའི་ཕྱིར།། བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པས་ན།། ལོག་པར་རྟོགས་ཤིང་མ་རིག་རྐྱེན་གྱི་དབང་སོང་བས།། ཡང་དག། ་དབེན་པའི་དོན་རྣམས་མི་མཐོང་བས།། དེས་ན་མྱ་ངན་འདས་པའི་དགོངས་པ་རབ་ཏུ་འཇིག། སེམས་དང་སེམས་ལས་བྱུང་བ་དེ་དག་ཀྱང་།། དེ་ཉིད་རྣམ་ཤེས་འཇུག་ལྡོག་བཅས་རྐྱེན་གྱིས།། དེ་ཉིད་ལུས་གསུམ་དོན ་དུ་སྣང་བ་ཡིན།། འདུ་ཚོགས་དག་གི་བག་ཆགས་བསགས་པ་ལ།། དགེ་དང་མི་དགེའི་བག་ཆགས་ཡོངས་བསལ་ལ།། ལས་གང་གོམས་པའི་མཐུ་ཡིས་བརྟས་པའི་ཚེ།། སེམས་ཉིད་ཡུལ་དང་ལུས་འདྲ་སྣང་བས་རུས ་པས་གང་བཞིན་དུ།། འཇིག་རྟེན་འབྱུང་བ་ཐམས་ཅད་ཤེས་པས་འཁྲུལ་པར་སྣང་།། ཇི་ལྟར་འཁྲུལ་པས་བག་ཆགས་སྣ་ཚོགས་བསགས།། བག་ཆགས་སྣ་ཚོགས་ཤེས་པ་བརྒྱད་ཉིད་ཡིན།། བག ་ཆགས་བསགས་པའི་རྒྱུ་ལ་དམིག་པ་སྐྱེས་པས་ན།། ཡིད་ལ་བརྟགས་པའི་བདག་ནི་ཡོད་པ་མིན།། འཇིག་རྟེན་བྱིས་པ་ཤེས་པ་འཁྲུལ་པ་ཡིས།། ཐག་པ་ལ་ནི་སྦྲུལ་སྙམ་འཛིན།། ཐག་མཐོང་ཤེས་པ་འཁྲུལ་པ ་ཡིན།། བག་ཆགས་རྣམས་ལ་བདེ་བར་ཤེས།། འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་མཐོང་དེ་ལས་རྣམ་རིག་སྐྱེ།། དཔེར་ན་སོས་ཀྱི་ཉི་མ་ཕྱེད་དུས་གདུངས་པ་ལ།། སྐྱེས་བུས་གདུངས་པས་སྨིག་རྒྱུ་དག་ལ་ཆུ་ཡི་རྒྱུན ་དུ་མཐོང་།། དེ་ལ་བརྟགས་ན་ཆུ་ཉིད་ག་ལ་ཡོད།། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་པས།། རྟོག་པའི་རྗེས་སུ་འབྲེངས་ནས་ལོག་པའི་དངོས།། བག་ཆགས་མཐུ་ལས་སྣ་ཚོགས་སྣང་མ་རྟོགས།། དེ ་ལས་ཟག་བཅས་རང་བཞིན་རྟོགས་པས་བདག་དང་ཆོས་རྣམས་རྒྱས་པར་བྱེད།། ལྡན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་མ་མཐོང་།། བདག་ཏུ་བལྟ་ལ་སོགས་པ་མུ་སྟེགས་ལྟ་བ་སྣ་ཚོགས་སྐེ་ཞིང་ཐར ་བར་རྟོག། སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་པ།། བག་ཆགས་མཐའ་མེད་ངེས་པ་མེད།། བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ།། རྐྱེན་འགས་བག་ཆགས་འགའ ་ཞིག་རྨི་ལམ་མི་ཡི་རྒྱུད་ཀྱི་ལུས་སྣང་ལ།། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་པའི་ཚེ།། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ལམ་དེ་མ་ཞི་གྲོལ་མི་འགྱུར།། བདག་ཉིད་འདོད་ཆགས་བཅས་ཤིང ་ཞེ་སྡང་བཅས།། གཏི་མུག་བཅས་པར་ཡང་ནི་རབ་ཏུ་སྣང་།། དེ་དག་སྤྱོད་པ་དག་ནི་མ་སྤངས་ན།། བདག་གི་གཞི་ཡང་ཡོངས་སུ་འདའ་མི་འགྱུར།། རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས ་སྐྱེས།། བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ།། མངོན་ཤེས་ཚེ་ལ་ཤིན་ཏུ་མི་མཁས་པས།། དེས་ནི་ཆོས་ཉིད་བསྒྲིབས་ཏེ་རྣམ་རྟོག་ཕྱི་ཕྱིར་འཕེལ།། སེམས་ཅན་མཐའ་དག་རང ་བཞིན་སྟོང་ཉིད་དག་པ་ལ།། མི་ཤེས་གཟུང་འཛིན་འཁྲུལ་འཁོར་མ་རིག་རྟོག་པ་ལས།། ཆོས་རྣམས་དག་པ་ཉིད་དུ་སྣང་ཞིང་བདེ་ལ་གཟུང་འཛིན་འཁྲུལ་པའི་རྒྱུ།། ཆོས་སུ་བརྟགས་པས་སྡུག་བསྔལ་སྣ་ཚོགས་འབྱུང ་ཞིང་ངན་སོང་སྲིད་པར་འགྱུར།། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུ་ལ་མཚན་མ་ཐ་དད་འཛིན་པས་ན།། ལས་ཀྱི་ཁྱད་པར་དག་གིས་རྒྱན་དུ་སྣང་བའི་རིགས་ལ་དུ་མ་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་གཟུང་འཛིན ་བྲལ་བ་དུ་མའི་ངང་ལ་གཟུང་དང་འཛིན་པའི་རྣམ་རྟོག་དེས།། འཕགས་པའི་རིགས་བྲལ་འདྲ་བའི་མྱ་ངན་འདས་པ་ཡོངས་སུ་མེད་ཅེས་རྒྱལ་བས་གསུངས།། འཇིག་རྟེན་བདེ་ལྡན་ཡང་དག་ཞི་བ་མྱ་ངན་འདས་གང ་མཆོག་ཏུ་བདེ་བ་དེ།། ཤེས་པ་དུ་མ་རྣམ་པ་སྣ་ཚོགས་སྐྱེ་བར་མཐོང་བས་ཡང་དག་འཁྲུལ།། ཤེས་ཤིང་རིག་པས་རིས་སུ་གཅིག་པས་རིགས་ལ་དུ་མ་མེད།། སེམས་ཀྱིས་རྣམ་པ་སྣ་ཚོགས་དུ་མ་འབྱུང ་བའི་ཕྱིར།། དེ་ཕྱིར་སེམས་ཀྱི་སྐད་ཅིག་མ་དེ་ལུས་དང་ཆོས་སྐུ་གནས།། སྔོན་དང་ཕྱི་མ་ད་ལྟར་སེམས་ཀྱི་ཆོས་ཀུན་གཅིག། དེ་ཕྱིར་སེམས་ལ་བསམ་བཞིན་ཕྱི་མ་དེས་འབྱུང་དེ་ལ་སྣང་།། དངོས་པོ་མ་སྤངས་དེ ་བཞིན་ཉིད་ནི་ག་ལ་མཐོང་།། རྣམ་དག་གྲོལ་གཞི་འདི་ལ་སེམས་ཀྱི་རྣམ་པ་འབྱུང་།། རང་སེམས་རྒྱུད་ལས་འཕགས་པ་སྐྱེ་བོ་ཆོས་ནི་གཞན་ན་ཡོད་མ་ཡིན།། འདི་ལྟར་དགེ་དང་མི་དགེ་ལུང་མ་བསྟན་པའི་ཆོས ་རྣམས་ཀུན།། དེ་དག་སེམས་ཀྱི་རྣམ་པ་ཡིན།། རྒྱུད་དྲུག་རིགས་ལ་སྣ་ཚོགས་དེ་ལའང་།། དེ་དག་འགྲོ་དྲུག་དེ་བཞིན་ནོ།། ཕྱོགས་བཅུ་གང་ནའང་སེམས་ནི་དངོས་པོ་ཡོད་མིན་ཕྱིར།། དེ་ཕྱིར་སེམས་རྒྱུད་དེ་ནི་ཕྱོགས ་ཀྱང་ཅུང་ཟད་མེད་པས་གཅིག་ལ་རྟེན་མེད་དེ།། དེ་ཕྱིར་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་ཁམས་བདག་གི་ལུས།། བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བའི་ལུས་སུ་རང་སྣང་ལ།། སེམས་དང་བག་ཆགས་ཐ ་ད་མ་ཡིན་ཅིག་མིན་བརྟག་པར་རབ་ཏུ་དཀའ།། འདི་ལ་སྣང་ཕྱིར་རྟེན་ཅིང་འབྲེལ་བ་རྣམས་གསུངས་པ།། མ་རིག་ལ་སོགས་རྟེན་ཅིང་འབྲེལ་འབྱུང་ཆོས་རྣམས་ཀུན།། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ ་དང་འགག་པར་འབྱུང་ཅེས་པ།། མ་རིག་པ་ལ་སོགས་པ་སོ་སོའི་ངོ་བོར་སྟོན་པའི་ཕྱིར།། ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད།། ཅི་ཕྱིར་རྟེན་འབྲེལ་སེམས་ཅན་ཀུན་ལ་སྣང་།། དེ ་དག་རང་བཞིན་མེད་དག་ལས།། མི་ཤེས་པ་སུ་ཡོད་མཐོང་ཕྱིར།། དེ་དག་དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་རྟོགས་པར་སེམས་ཉིད་ནི།། དེ་ཉིད་གཟུང་འཛིན་རྒྱུ་དང་རྐྱེན་དུ་སྣང་།། ཇི་ལྟར་བུ་མོ་གཞོན་ནུའི་རྨི ་ལམ་ན།། བུ་ཕོ་སྐྱེས་ནས་དགར་འགྱུར་ཤི་ནས་མི་དགར་འགྱུར།། དེ་ཕྱིར་ཆོས་ཀུན་རྨི་ལམ་ལྟ་བུར་ཡིན་ཞེས་རབ་ཏུ་གསུངས།། དེ་ཕྱིར་རྟེན་འབྲེལ་རང་བཞིན་མེད་པའི་ཕྱིར།། དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ ་མེད།། གཟུང་འཛིན་མེད་ཕྱིར་དངོས་བྲལ་ཏེ།། སྐྱེ་འཆི་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཅིང་རྟག་ཆད་མེད།། སངས་རྒྱས་ཡེ་ཤེས་འདི་ཉིད་དང་གྲོལ་ཕྱིར།། དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས ་པ་ཉིད་དུ་མངོན།། དེ་ཕྱིར་དེ་བཞིན་གཤེགས་ཉིད་སྨོན་ལམ་མི་སྩོལ་ཏེ།། སྔོན་གྱི་སྨོན་ལམ་རྣམས་ནི་ག་ལ་སྩོལ།། འདི་ནི་ངང་དང་རང་བཞིན་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར།། གཞན་ལས་མ་བརྟེན་མྱ་ངན ་འདས་པ་མཐོང་ནས་བདེ་བ་མཆོག་དང་ལྡན།། གནས་ཀྱི་སྐད་ཅིག་ནམ་ཡང་མ་འབྲལ་ཏེ།། སེམས་ཉམས་འགྱུར་ཏེ་དེ་མེད་མིན།། ཇི་ལྟར་འབྱུང་བ་ལུས་བརྟེན་ལ།། ལུས་དང་འབྱུང་བ་ཐ་དད་མིན་པ་ལྟར།། ཀུན ་གཞིའི་བག་ཆགས་ཐ་དད་མེད་པའི་ཕྱིར།། ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་།། སྤྱོད་ཡུལ་མེད་དང་ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན།། ཕྱོགས ་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས་རིག་པ་ཇི་ལྟར་སྐྱེ།། དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མར་བྲལ།། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲ། ་འཕྲུལ་ལ་སྣང་།། དེ་བཞིན་དག་པའི་ཡེ་ཤེས་ཤིན་ཏུ་དགེ་བའི་རྒྱུ་ཉིད་དང་།། ཆོས་ཀྱི་དབྱིངས་ཉིད་ལ་ནི་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་།། ཆོས་ཉིད་ངང་གིས་སངས་རྒྱས་ཡེ་ཤེས་ཆོས་དབྱིངས་དམ་པ་ལ་ནི ་མི་དམིགས་རྒྱལ་བའི་སྐུ།། ཆོས་དབྱིངས་རྣམ་དག་རྡོ་རྗེ་གནས་མེད་ཕྱིར་ན་མཉམ་པར་གནས།། རང་བཞིན་འདྲ་འགྱུར་ཆོས་ཉིད་སྟོང་པ་ཞི་བ་རྡོ་རྗེ་འདུས་མ་བྱས་དང་ལྡན།། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས ་ཉིད་མེད་པས་རྣམ་དག་སྐད་ཅིག་མེད།། དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར།། ཇི་ལྟར་སྒྱུ་མ་བྱེད་པའི་སྐྱེས་བུ་ཡིས།། ཤིང་རྟ་སྐྱེས་པ་བུད་མེད་སྣ་ཚོགས་གཟུགས་བཟུང ་སྟེ།། དེ་ལ་བརྟགས་ནས་གཟུགས་ཀྱི་དངོས་པོ་ག་ལ་ཡོད།། ཆོས་དབྱིངས་ཟབ་མོ་ཐེ་ཚོམ་མེད་ཅིང་བྱང་ཆུབ་དོན་དུ་གནས།། སེམས་ཅན་ཟབ་མོ་བཏང་ནས་སྐྱེ་འགག་རྣམ་བྲལ་བླ་ན་མེད་པའི་མྱ་ངན་འདས་པ་བདེ ་གནས་ཞི་བའི་ངང་།། བསོད་ནམས་མང་འཕེལ་བྱང་ཆུབ་མཆོག་འདི་ཐམས་ཅད་ཀུན་གྱི་ཡུལ་དུ་གྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རྣམ་རྟོག་ཞི་བར་བྱ། ་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཆག་རྦད་ཡང་།། སེམས་དཔའ་དམ་པས་བཀའ་སྩལ་པ།། ཁམས་གསུམ་ལས་འདས ་ཡོན་ཏན་རིན་ཆེན་གཏེར་གྱི་མཛོད།། མི་རྟོག་ཞེན་ཆགས་མཉམ་ཉིད་ངང་དུ་ཞི།། གཟུང་འཛིན་རྟོག་བྲལ་ཞི་བའི་ཕྱིར།། དེ་ཕྱིར་བྱང་ཆུབ་མཚན་ཉིད་མེད་ཅིང་བླང་དོར་མེད།། དོན་དེའི་ཚུལ་གྱིས་དོན་དམ་རྣམ ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་།། གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས།། ཡང་དག་བསྟན་པ་དེ་ཀུན་དོན་དམ་མེད་ཅིང་ཀུན་སྒྲིབ་མེད།། གཞན་པ་ཐམས ་ཅད་སྤངས་ནས་འདི་འདྲའི་དོན་ནི་ཤིན་ཏུ་ཐོབ་དཀའི་ཕྱིར།། ཡང་དག་ཟབ་མོ་མོས་པས་རྙེད་པ་ཤིན་ཏུ་དཀའ།། དཔེར་ན་ཇི་ལྟར་ལ་ལ་ཆུ་འདོད་སྐམ་སར་ཁྲོན་པ་བརྐོས་ཀྱང་ཕྱི་ཕྱིར་ཆུ་ནི་རབ་ཏུ་དཀོན།། དེ་ལྟར ་བྱིས་པས་དོན་ཉིད་མི་ཤེས་པས།། དོན་འདི་མི་ཤེས་པས་ནི་སངས་རྒྱས་ཡེ་ཤེས་རྙེད་པར་དཀོན།། དོན་དམ་ཚུལ་གྱིས་ལམ་འདི་ཉིད་ནི་འདི་འདྲ་ཅེས་པའང་ཀུན་སྒྲིབ་ཡིན།། ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང ་སྤོང་ཞིང་གནས་པར་མི་བྱེད་དོ།། སྒོམ་པ་ལས་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་ལྟ་བ་མེད།། སངས་རྒྱས་ཟབ་མོ་ཡེ་ཤེས་འདིས་ནི་སྲིད་པ་ཐམས་ཅད་སྤངས།། དཔེར་ན་སྨན་པའི ་རྒྱལ་པོ་ཡོན་ཏན་ཀུན་ལྡན་གྱིས།། ནད་པའི་ཚོགས་ནི་གདུངས་པར་མཐོང་བ་ལ།། སྨན་རྣམས་སྣ་ཚོགས་སྦྱར་ནས་ནད་རྣམས་ཞི་བྱེད་ལྟར།། དངོས་པོ་ཡོད་མེད་ལྟར་སྣང་དེ་བཞིན་གཤེགས་པ་ངང་གིས་ཞི།། ཡོད ་དང་མེད་པའི་མཐའ་རྣམས་དག་གྱུར་ན།། དེ་ཕྱིར་དབུ་མ་ཞེས་བྱ་དམིགས་སུ་ག་ལ་ཡོད།། དབུས་མཐའ་མེད་པས་ནམ་མཁའི་ངང་ཚུལ་འདྲ།། འདོད་ཡོན་ལྔ་ཉིད་རྟག་པར་སྤྱད་འགྱུར་ཡང་།། རང་བཞིན་སྤྲོས་བྲལ ་ང་གིས་ཞི་བ་གང་ལ་ཡང་།། འཇིག་རྟེན་པདྨ་དབང་ཕྱུག་ཀུན་ཀྱང་མི་སྤངས་འདྲ་མཉམ་གནས།། ཇི་ལྟར་མི་ཤེས་འཁྲུལ་པ་ཡིས།། ཅི་ཡང་མེད་པའི་ནམ་མཁའ་ལ།། གཟུགས་དང་སྒྲ་དང་རོ་ལ་སོགས།། དེ་ལྟར ་མཐོང་བ་འཁྲུལ་པ་ཡིན།། ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པར་ཡིན་པར་རབ་རྟོགས་ཏེ།། དྲུག་གི་བརྟེན་པ་བདུད་ཀྱི་ལས་ཀྱང་མི་འདོར་དོན་དུ་མི་རྟོག་གོ། རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལ ་རྒྱལ་དེ་དེ་བསྙེམས་ནས།། འདོད་ཆགས་ཞེ་སྡང་བསྐྱེད་རྩོལ་འབྱུང་སྟེ་གཏི་མུག་ཡིན་དེ་དོན་མི་མཐོང་།། བསམ་གཏན་གནས་ལུས་ཕྱག་རྒྱའི་མཚན་མ་འཛིན་པ་ཀུན།། མ་སྐྱེས་དེ་དག་མ་སྐྱེས་ཞི་བ་ཆོས་ཉིད་རྣལ ་འབྱོར་ཡང་དག་དམ་པའི་གནས།། གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པ་མེད།། སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེར་གཤེགས་གསུངས།། བྱ་མེད་མི་གནས་མ་སྐྱེས་ཞི་བ ་ང་གི་རྫོགས་པ་བྱང་ཆུབ་སེམས་ཞེས་རྒྱལ་བ་ཀུན་གྱིས་རབ་ཏུ་བསྔགས།། བྱང་ཆུབ་ཀུན་རྫོགས་ཆོས་ཉིད་མཉམ་པར་ལྷུན་གྲུབ་ཡང་དག་དོན་བསྒོམ་ཏིང་འཛིན་མཆོག། དེ་བཞིན་ཆོས་ཉིད་མི་འགྱུར་སྟོང་པ་དམ ་པ་དངོས་བྲལ་བས།། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ།། རྣམ་ཐར་གསུམ་པོ་སྒོམ་པ་བདུད་ཀྱི་ལམ་ཡིན་གཟུགས་ལ་སོགས་པ་སྟོང་པའོ།། དོན་དམ་ཡང་དག་དམིགས་བྲལ་སེམས ་ཉིད་རྒྱལ་བ་ཀུན་གྱི་ཡབ་གྱུར་ཐམས་ཅད་འབྱུང་བའི་རྒྱུ།། བླང་མེད་སྤང་མེད་སྤང་ལེན་བདུད་ཀྱི་ལམ་སྟེ་དོན་དམ་ཞི་བ་བདེན་དང་བྲལ།། འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་ལ་མ་སྒོམ་པ་ཡང ་བདུད་ཀྱི་ལས་ཉིད་དེ།། དེ་ཉིད་རང་བཞིན་བཙལ་སྤོངས་གར་མི་གནས།། དུག་གསུམ་ངོ་བོ་རྣམ་པར་དག་པའི་ལྷུན་གྲུབ་སྐུ་གསུང་ཟུགས།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན ་ན་མེད།། ལྡང་དང་མི་ལྡང་ཆེད་དུ་མི་སྤང་སེམས་རྟེན་མི་འཆའ་མངོན་དུ་མིན།། བདེ་ལྡན་ཡེ་ཤེས་བྱང་ཆུབ་ཟབ་མོ་རྙེད་དཀའ་རྡོ་རྗེའི་རྩེ་ཡིན་ཏེ།། ཞི་བ་ཆེན་པོ་ཀུན་སྙོམས་འདུས་མ་བྱས།། སྒོམ་པའི་ས་མི་རྙེད་ཕྱིར ་སྒོམས་པས་རྙེད་པར་མི་འགྱུར་ཏེ།། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན།། སྒོམ་དང་མི་བསྒོམ་རྣམ་རྟོག་ཞི་བའི་ངང་།། དངོས་རྣམས་བྲལ་གང་ལའང་མཆོག ་དང་ཐ་མ་མེད་པར་ལམ་མཆོག་འདི་སྒོམ་མོ།། ཕྱི་རོལ་ཡུལ་དང་ནང་ལ་བདག་དང་གཞན་དུ་རྟོག་པ་སྐྱེས་ན་ཡང་དག་དོན་ལས་ཉམས།། དེ་ལྟར་རྣམ་དག་ཟབ་མོ་སྟོང་ཉིད་ཞི་བ་དམ་པ་དེ་ལ་ཐམས་ཅད་མ་ལུས ་ཡང་དག་གནས།། འདུ་བྱེད་མ་སྐྱེས་ཤིན་ཏུ་ཆོས་ཀུན་ཆོས་རྣམས་མ་ལུས་མྱ་ངན་འདས།། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་རྣམ་གྲོལ་ཡིན།། ངོ་བོས་མངོན་རྫོགས་རྒྱུ་རྐྱེན་རྣམས་ནི་བྱིས་པས་ག་ལ ་ཤེས།། ནམ་མཁའ་མིང་ཙམ་དགེ་དང་མི་དགེར་བྱར་མེད་སྐྱེ་བའང་མེད།། ཆོས་ཉིད་རྡོ་རྗེའི་དོན་དང་མི་དམིགས་སྟོང་པ་དེ་ཉིད་རྣམ་གྲོལ་ཞི་བ་ཆོས་ཀྱི་སྐུ།། དྲི་མེད་རྣམ་དག་ཆོས་དབྱིངས་གང་བསྒོམ་པ།། དེ་དག ་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཡིན།། རྩོལ་བར་ཡིད་ལ་མི་བྱེད་གང་ལ་སེམས་མེད་ཤེས་དང་བྲལ།། ནམ་མཁའི་དྲི་མེད་རང་བཞིན་དམིགས་མེད་སྟོང་པར་ཤེས་རྣམས་བྲལ།། དྲན་དང་དབྱེར་མེད་སྤང་ལེན་ག ་ལའང་དགའ་དང་མཚུངས་མེད་མི་དམིགས་མཉམ་པའི་ངང་།། བླང་དོར་མེད་པས་བརྗོད་བྲལ་གཡུང་དྲུང་དབྱིངས།། མཉམ་གནས་གཉིས་སུ་བརྟག་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་གསོག་བྲི་མེད།། སྟོང་པའི ་རང་བཞིན་ཆོས་ཉིད་ལ།། བྲི་བའམ་འཕེལ་བ་ག་ལ་ཡོད།། ཆེད་དུ་རྩོལ་བྲལ་ཡིད་ལ་མི་བྱེད་ཅེས་ཀྱང་མི་འཁྲུགས་ཆོས་སྐུར་མཉམ་ཤེས་དང་།། ཆོས་ཉིད་རྣམ་པར་རྟོག་པ་ཀུན་ལས་འདས།། གང་ལའང་ཆགས ་དང་ཡུལ་གྱིས་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་།། གཞན་གྱིས་ཡང་དག་མི་འཕྲོག་ཆོས་ཀུན་ཞི་བའི་ངང་།། མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ།། ཆོས་རྣམས་དེ ་བཞིན་ཉིད་དང་སྟོང་པ་རང་ཉིད་ངོ་བོ་ཉིད་ཀྱི་སྐུ།། སེམས་ཀྱི་རང་བཞིན་སྐྱེ་མེད་ནམ་མཁའི་དབྱིངས་དང་མཉམ།། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱིས་གཞན་དུ་བསྒོམས་པས་འོད་གསལ་མི་འགྱུར ་རོ།། སེམས་ལ་སེམས་བསྒོམ་རྣལ་མ་རྩེ་གཅིག་སེམས་ཀྱི་དངོས་པོ་འདུས་མ་བྱས།། བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར།། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང ་བསྒོམ་པའི་གནས་ཡིན་ཏེ།། ཏིང་འཛིན་མེད་ལ་རྣམ་རྟོག་ཏིང་འཛིན་མང་པོ་རྣམས།། ཏིང་འཛིན་དེ་དག་ཏིང་འཛིན་གསུམ་པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས།། ཏིང་འཛིན་ཕྱག་རྒྱ་བྱེ་བ ་མང་པོ་དེ་དག་བདེ་བ་དག། དེ་དག་མ་ལུས་སྐུ་ཉིད་ཆོས་སྐུ་ཡོངས་སུ་རྫོགས།། ཆོས་སྐུ་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ།། སེམས་ནི་ཀུན་ཉོན་མོངས་དང་མྱ་ངན་འདས་པའི་ཆོས ་དག་རྡོ་རྗེ་འདུས་མ་བྱས།། དེ་ལྟར་རྡོ་རྗེ་སེམས་དཔའ་བསྒོམས་པས་ལམ་ཀུན་མ་ནོར་བསྒོམ་པ་ཡིན།། ཇི་ལྟར་བསོད་ནམས་སྣ་ཚོགས་རྒྱ་ཆེར་སྤྱོད་པ་རྣམས།། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཅི ་བསགས་ཀྱང་།། ཡང་དག་ཆོས་ཉིད་ཟབ་མོའི་ལྟ་བས་མ་ཟིན་ན།། དེ་ལྟར་སྤྱད་པ་དེ་དག་མུ་སྟེགས་ལྟ་བ་ཡིན་པའི་ཕྱིར།། ཀུན་ཏུ་བཟང་མོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་།། ཀུན་ཏུ་བཟང ་པོ་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟབ་ཅིང་མཐར་ཟུག་འགྱུར།། ཤེས་དང་མི་ཤེས་སྤྱོད་ཡུལ་ཐམས་ཅད་མཉམ།། དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་འགྱུར།། སྣང་དང་མི་སྣང་མང་ཞིང་རྒྱ ་ཆེ་བ།། རྡོ་རྗེའི་རིགས་ཚོགས་ཕྱག་རྒྱ་ཐམས་ཅད་སྔགས་དོན་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོའི་སྤྱོད་པ་དག། ཡིད་བཞིན་ནོར་བུ་སྐྱེ་འགག་རྣམ་པར་གྲོལ།། རྣམ་པར་ཤེས་པ་ཐམས་ཅད་འབར་བ་ཆེན་པོའི ་ཆོས་ཉིད་བརྩོན་འགྲུས་དང་།། ཐམས་ཅད་འདུ་འཕྲོ་རྡོ་རྗེ་ཐམས་ཅད་བརྟན་པའི་སེམས།། དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཡེ་ཤེས་རྣམ་པར་དག་ལས་རྣམ་པར་དག་པ་ངེས ་པར་གནོན་མཛེས་རྡོ་རྗེ་ཅན།། ཛཿཧཱུཾ་བཾ་ཧོཿམི་དམིགས་ཨའི་ངང་། ཨོཾ་ཧཱུཾ་སྭཱ་ཧྲཱིཿཱཾ་དུ་ཆོས་སྐུ་རྒྱལ་བའི་ཨ་རུ་ཞི།། དེ་བཞིན་གཤེགས་པའི་སྐུ་གསུང་རྡོ་རྗེའི་མཆོག། དེ་ཕྱིར་ཟག་པ་མེད་པའི་མཐའ་ནི་མྱ་ངན་འདས ་པའི་དོན།། ཆོས་རྣམས་ཀུན་ནི་མྱ་ངན་འདས་པའི་མཐའ་སྟེ་མཐའ་བའོ།། མྱ་ངན་འདས་པའི་དབྱིངས་འདི་ཤིན་ཏུ་བསྟན་པར་དཀའ།། མཐོང་མེད་དེ་ནི་ཆོས་ཀྱི་དབྱིངས།། ཆོས་དབྱིངས་དེ་ནི་སེམས་ཅན་བརྟགས ་དང་བྲལ་བའི་ཕྱིར།། དེ་བཞིན་གཤེགས་པས་མཁྱེན་པ་མ་བསྐྱེད་དེ།། བྱང་ཆུབ་མ་སྐྱེས་མངོན་པར་མ་གྲུབ་བྱང་ཆུབ་ཅན་དུ་གདགས་པའང་མེད།། དེ་ཡི་ཕྱིར་ན་བྱང་ཆུབ་ལ་ཡང་བྱང་ཆུབ་སེམས་ཅན་མེད།། བྱང ་ཆུབ་ཤིན་ཏུ་འདས་པ་འདི་ནི་མ་སྐྱེས་པས།། འདི་ནི་མངོན་པར་མ་གྲུབ་མཚན་ཉིད་མེད་པ་འདི་ལ་སེམས་ཅན་མེད་ཅིང་མི་དམིགས་སོ།། དོན་འདིར་མོས་པ་འདི་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་རྒྱལ་བས་རབ་ཏུ ་བསྔགས།། གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི།། མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་སངས་རྒྱས་གསུངས།། བྱང་ཆུབ་སེམས་ཀྱི་ཆོས་ཀུན་དེ ་དག་འདི་ལྟར་མཁྱེན།། ནམ་མཁའི་ཁམས་དང་སེམས་ཅན་ཁམས།། དེ་དག་ལ་ནི་འབྲི་བ་མ་ཡིན་གང་བ་མིན།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ་ནི་འབྲི་བའམ་གང་བའང་མེད།། དེ་ལྟར་ཁོང་དུ་ཆུད་པ་བྱང་ཆུབ ་སངས་རྒྱས་མཚན་ཉིད་དོ།། ཆོས་ཀུན་མཚན་ཉིད་མེད་པ་དེ་ནི་སངས་རྒྱས་མཚན་ཉིད་དོ།། བྱང་ཆུབ་མཚན་ཉིད་མེད་དེ་མཚན་ཉིད་ལས་བཟློག་ཡིན།། དེ་ལྟར་ཤེས་ན་ཉིད་ལས་མི་ཞེན་རྡོ་རྗེ་འདུས་མ་བྱས།། རྣམ ་པར་སྣང་མཛད་བཅོམ་ལྡན་འདས། ཁམས་གསུམ་མི་དམིགས་ཕན་གནོད་མི་བྱེད་སོ་སོ་སྐྱེ་བོའི་ཆོས་ཀྱང་མི་འགོག་ལ།། རྣམ་རྟོག་ཟད་བྲལ་མཉམ་བསྒོམ་བསྒོམ་པའི་མཆོག། ཉན་ཐོས་རང ་རྒྱལ་ཐེག་དམན་མི་དམིགས་དོན་ཐོས་མི་སྐྲག་མི་སྔངས་སྤངས་པར་མི་འགྱུར་དོན་ལ་ཞི།། དེ་ནི་ཡང་དག་དོན་རྟོགས་ཟབ་མོ་མཉམ་ཉིད་བསྒོམ་པའི་དངོས།། གནས་དང་མི་གནས་བདེ་སྡུག་རྣམ་སྤངས་པ།། དེ་ལྟར ་དག་པ་མཐོང་བས་མི་སྐྲག་མི་སྔངས་དེ་ལྟར་སྒོམ་པ་རིན་ཆེན་ཏོག། འདི་ལྟར་སྣང་བའི་ཆོས་རྣམས་ཀུན་མཐོང་དང་།། མི་མཐོང་མང་ཉུང་ཞི་དང་མ་ཞི་དུལ་མ་དུལ།། དེ་ལྟར་ངང་ཉིད་སྟོང་པར་མཐོང་ན་ཡང་དག ་རྫོགས་པའི་ཐེག་ཆེན་བསྒོམ་པ་ཡིན།། བདག་དང་སངས་རྒྱས་ཆོས་རྣམས་བླ་དགས་མི་དམིགས་ལ།། མ་སྐྱེས་མི་འགག་རང་བཞིན་མི་དམིགས་ཏེ།། སངས་རྒྱས་བླ་དགས་དོན་བསྒོམ་རྟོགས་པར་དཀའ།། འདུས ་བྱས་འདུས་མ་བྱས་སུ་ཤིན་ཏུ་རྟོགས་པར་དཀའ།། ཅི་ཡང་མེད་འགྱུར་ཡང་དག་སྣང་མེད་སྣང་བ་སྒོམ་པའི་མཆོག། དེ་བཞིན་ཉིད་ཀྱིས་བདེར་གཤེགས་རིག་པར་མི་བྱེད་ཅིང་།། བདེར་གཤེགས་ཀྱང་ནི་དེ་བཞིན ་ཉིད་རྣམས་རིག་པར་མི་དགོངས་པས།། འགྲོ་བ་བདེར་གཤེགས་དེ་བཞིན་ཉིད་དུ་མཉམ་སྒོམ་ན།། བདེ་བ་སྒོམ་པ་དམ་པ་མཉམ་བཞག་བདེ་བའི་ངང་།། དེ་ལྟར་ལྷུན་སྒོམ་རྡོ་རྗེ་རྩེ་མོའི་མཆོག། བསམ་དང་མི ་བསམ་ལས་འདས་དོན་གྱི་གཙོ།། སོ་སོ་སྐྱེ་བོ་འཕགས་པའི་ཚོགས་རྣམས་མི་འབྱེད་དང་།། ཆོས་ཉིད་གནས་ནི་མ་འདྲེས་དབྱིངས།། བསམ་གྱིས་མི་ཁྱབ་དབྱིངས་ལ་གནས།། དབྱིངས་ལ་ལྟ་དམན་སོ་སོ་སྐྱེ་བོ་མི ་དམིགས་ཏེ།། སྤོང་དང་མི་སྤོང་སོ་སོ་སྐྱེ་བོ་དགའ་བར་ཞི་བ་སྟེ།། དེ་ལྟར་དོན་ལ་བསྒོམས་པས་སྒོམ་པ་ཡང་དག་ཡིན།། སྒོམ་པ་ཏིང་འཛིན་སྙོམས་འཇུག་བདེ་ལྡན་ཞིང་།། ཏིང་འཛིན་མཉམ་སྙོམས་བསམ་གྱིས་མི ་ཁྱབ་སྒོམ།། དཔེར་ན་འཕོང་གི་སློབ་དཔོན་དང་པོ་སློབ་པའི་ཚེ།། འདི་ལྟར་བ་གླང་ཕུར་པ་དག་ལ་ཕོག་བྱ་སྙམ་དུ་སེམས།། གང་ཚེ་སྐྲ་ལ་ཕོག་འགྱུར་ལེགས་ལོབས་པས།། བ་ལང་ཕུར་པ་དག་ལ་བསྒྲིམ་མི་དགོས ་པར་འཕོ་བ།། གང་ཚེ་བདག་གིས་ཏིང་འཛིན་དེ་ལ་སྙོམས་ཞུགས་ནས།། ཏིང་འཛིན་འདིས་གནས་དེའི་ཚེ་སླར་ཡང་ཏིང་འཛིན་འདིས་གནས་སྙམ་དུ་མི་སེམས་ལ།། གང་དང་གང་གིས་ཏིང་འཛིན་འདིར་གནས ་ན།། གདགས་སུ་མེད་པའི་ཏིང་འཛིན་ལྷུན་གྲུབ་སྟེ།། བསམ་གྱིས་མི་ཁྱབ་ཏིང་འཛིན་འདི་བས་ཆེ་ཞིང་ལྷུན་གྲུབ་གཞན་ན་ཡོད་མི་འགྱུར།། དེས་ན་བསམ་གྱིས་མི་ཁྱབ་ཏིང་འཛིན་མི་དམིགས་ཏེ།། དེ་ལྟ་མོད་ཀྱིས ་སྒོམ་པ་མ་ཐོབ་སུ་ཡང་མེད།། འགྲོ་བ་ཐམས་ཅད་བསམ་གྱིས་མི་ཁྱབ་ཏིང་འཛིན་ལ་གནས་པས། དེ་བས་ཏིང་འཛིན་སྒོམ་པ་དམ་པ་ཀུན་ལ་ཡོད།། མི་དམིགས་ཚངས་པར་སྤྱོད་པ་ཡུན་རིང་སྤྱད་པ་ཡིན།། བདག ་གིས་ཡང་དག་གནས་ནི་ཆོས་ཀྱི་དབྱིངས་ལ་གནས་ཏེ།། གནས་མེད་ཀུན་ནས་སློང་བ་ལོངས་སྤྱོད་རྫོགས་སྐུ་ཡིད་བཞིན་རིན་ཆེན་ས་བཅུའི་ཆོས་ཀྱིས་ཚིམ།། ཐབས་ཆེན་བྱང་ཆུབ་སེམས་དཔའ་གསང ་བའི་སྤྱོད་པའང་འདི་ཉིད་ཡིན།། འདི་མེད་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ།། སངས་རྒྱས་བྱང་ཆུབ་སེམས་ཞེས་མི་རྟོག་པར།། སྤྱད་ཅིང་ཐབས་མཁས་རློམ་སེམས་འདུ་ཤེས་མི་བསྐྱེད ་འཇོམས་པའི་ངང་།། རྟོག་དཔྱོད་མེད་པའི་ཚུལ་གྱིས་བྱང་ཆུབ་སྤྱོད་པ་སྤྱོད་པ་ཡིན།། དེ་ལྟར་ཆོས་ཀུན་ཁོང་དུ་ཆུད་ཅིང་རབ་རྟོགས་འཇོམས་པའི་ངང་།། སྐད་ཅིག་ཙམ་དུ་དད་པའི་ཤུགས་སྐྱེས་དེ་ཡང་མྱུར་དུ་འཇམ ་དཔལ་གཞོན་ནུར་འགྱུར།། དེ་ལྟར་ཤེས་ན་བྱིས་པ་སོ་སོ་སྐྱེ་བོ་དག་གིས་དེ་ཡི་དང་མི་ཤེས།། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་བྱང་ཆུབ་མཆོག་ཀྱང་བསྲུང་བ་ཡིན།། ཚུལ་ཁྲིམས་དམ་པ་ཀུན་ཀྱང ་བསྲུངས་ཤིང་སྦྱིན་གནས་དམ་པར་རབ་ཏུ་གནས།། དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གཟུགས་ཡོད་ན།། ནམ་མཁའ་བར་སྣང་དེ་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས།། ཨེ་མ་ཧོ་འདུ ་བྱེད་རྟོག་མེད་སྐྱེ་ཞིང་འགགས་པའི་ཆོས་ཅན་འདི་ལ་བདེན་པར་གང་འཛིན་པ།། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ནས་སྐྱེས་ཤིང་སྐྱེ་འགྱུར་སྐྱེ་བ་རྒྱུན་གྱི་དབང་སོང་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས་ཀུན་བདག་དང ་བདག་གིར་འཛིན་པས་འཁྲུལ།། རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པ་ཡི།། རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལོག་མེད་གྱུར་པ།། ནམ་མཁའ་སངས་རྒྱས་རང་བཞིན་བྱེ་བྲག་མེད་པས་བདེ་བ ་དང་།། སྡུག་བསྔལ་འགོག་དང་མི་འགོག་སྟོང་པ་ཉིད་ལས་བྱུང་མིན་ལ།། སོ་སོ་སྐྱེ་བོས་མི་ཤེས་སླད་ནས་རྟོགས་པ་འཁྲུལ།། སྒྱུ་མའི་སྐུ་ཤེས་དག་གིས་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས།། རྨི་ལམ ་གྱིས་བསླད་བཞིན་དུ་མི་ཡིས་བདེན་པ་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ།། ལམ་འདི་སྤངས་ཤིང་མཐའ་དག་ལམ་གཞན་ལམ་དུ་བལྟས་པས་མ་ནོར་ལམ་ཞེས་སྟོན་པ་དེ།། དེ་དག་རྡོ་ལ་གསེར ་བཞིན་ཐུགས་རྗེར་རུང་ཞིང་ཐུགས་རྗེའི་ཐུགས་རྗེས་ཀྱེ་མའོ་ཕྲོག་པ་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། བྱང་ཆུབ་ཀྱི་སེམས་མ་ནོར་བར་བསྟན་པའི་ལེའུ ་སྟེ་སུམ་ཅུ་བཞི་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ། ཆོས་རྣམས་མི་དམིགས་པ་གང་ལགས། བྱང་ཆུབ་ཀྱི་སེམས་རྡོ ་རྗེས་བཀའ་སྩལ་པ།། ཕུང་པོ་ལ་སོགས་ཆོས་རྣམས་ཀུན།། རང་བཞིན་སྟོང་སྟེ་དམིགས་དང་བྲལ།། འདུས་བྱས་འདུས་མ་བྱས་དང་ཞི་དང་མ་ཞིའི་ཆོས།། བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་མངོན ་ཤེས་ལྷུན་གྱིས་གྲུབ།། མཚན་མེད་སྨོན་པ་མེད་འགྱུར་རྣམ་རྟོག་འདུས་བྱས་འདུས་མ་བྱས་ཉིད་ངང་གིས་ཞི།། འདུ་དང་མི་འདུ་ལྡོག་དང་མི་ལྡོག་ཕུང་པོ་མངོན་གྲུབ་རང་བཞིན་དེ་བཞིན་ཉིད།། མ་ནོར ་གཞན་ཉིད་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་འབྱུང་མངོན་དུ་གྲུབ་པ་མ་ནོར་དེ་བཞིན་ཉིད།། ཕྱིན་ཅི་ལོག་དང་སྒྲིབ་དང་སྲིད་པ་སྣ་ཚོགས་ཆོས་ཉིད་ངང་གིས་སྟོང་།། ཏིང་འཛིན་སྙོམས་འཇུག་མངོན་ཤེས་མ་ནོར ་བདེ་བའི་ལམ།། ཟག་བཅས་ཟག་མེད་འཇིག་རྟེན་པ་དང་འཇིག་རྟེན་འདས། གཉིས་མེད་རང་བཞིན་ལྷུན་གྱིས་གྲུབ་པས་སྐྱེ་འགག་བྲལ།། མི་མཉམ་མཉམ་པ་ཀུན་རྫོབ་དོན་དམ་བདེ་བའི་མཆོག། རྟག་དང་མི་རྟག ་བདེ་དང་སྡུག་བསྔལ་ངང་གིས་ཞི་བའི་ཕྱིར།། བདག་ཡོད་བདག་མེད་རྫུན་དང་མི་རྫུན་བྱེད་ཡོད་བྱེད་མེད་སྒྱུ་མའི་ཚུལ་ལྟར་རོ།། འབྱུང་དང་མི་འབྱུང་ངོ་བོ་ཉིད་ཡོད་ཉིད་མེད་འཆི་འཕོ་སྐྱེ་བ་དངོས་མེད་སྨིག་རྒྱུའི ་ཚུལ།། ཚོགས་དང་མ་ཚོགས་ལྷུན་གྲུབ་བརྗོད་པ་ཀུན་དང་བྲལ།། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ཁོང་ཁྲོ་སེར་སྣ་མུན་པ་ལེ་ལོ་ཡོངས་སུ་དག། ཟག་བཅས་ཟག་མེད་སྟོང་དང་མི་སྟོང་མཚན་མར ་འཛིན་པ་འཁྲུལ་པ་ཡིན་པས་སྟོང་།། ཡོངས་སུ་རྣམ་དག་ངེས་པ་བཞིན་དུ་ཆོས་རྣམས་རྣམ་དག་ཞིང་།། དྲི་མེད་རྣམ་དག་ཆོས་དབྱིངས་རིན་པོ་ཆེ།། རྣམ་པར་མི་གཡེངས་ཤེས་རབ་དབྱིངས་མའི་ངང་།། ཐམས་ཅད་མི ་དམིགས་ནམ་མཁའི་ངང་ཚུལ་ཞི་བས་བདེ་བའི་དོན།། སྐྱེས་བུས་རྨི་ལམ་རྨིས་ཀྱང་རྨི་ལམ་རང་བཞིན་བསྟན་ཀྱང་རྨི་ལམ་རང་བཞིན་བཤད་པ་མེད།། དེ་ཕྱིར་རྨི་ལམ་ཉིད་ཀྱང་མེད་ན་རྨི་ལམ་རང་བཞིན་བསྟན་པ་ག། ་ལ་ཡོད།། དེ་བཞིན་ཆོས་ཉིད་བསྟན་ཀྱང་ཆོས་ཉིད་ལ་ནི་དངོས་པོ་མེད།། འདི་ལྟར་སྐྱེས་བུས་སྒྱུ་མ་མཐོང་བའི་སྒྱུ་མའི་རང་བཞིན་བསྟན་ཀྱང་ངོ་བོ་ཉིད་ཀྱིས་ག་ལ་ཡོད།། དེ་བཞིན་ཟབ་མོ་བསྟན་ཀྱང་ཟབ་མོའི་རང ་བཞིན་དངོས་བྲལ་ཏེ།། མིག་ཡོར་མཐོང་བའི་སྐྱེས་བུས་མི་གཡོར་བསྟན་ཀྱང་དངོས་པོ་ཡོད་མ་ཡིན།། དེ་བཞིན་ཆོས་སྐུའི་རང་བཞིན་བསྟན་ཀྱང་དངོས་པོ་མཐོང་བ་མེད།། ཇི་ལྟར་སྨིག་རྒྱུ་མཐོང་བའི་དངོས་པོ་དེ་ལ ་ངོ་བོ་ག་ལ་ཡོད།། དེ་བཞིན་རྟོག་བྲལ་ཟབ་མོ་དམིགས་མེད་ཡང་དག་རྟོགས་པར་དཀའ།། ཇི་ལྟར་བྲག་ཆའི་སྤྱོད་ཡུལ་སྒྲ་ཐོས་དེ་ནི་མི་མཐོང་བ།། བདག་གི་སྒྲ་བྱུང་དེ་ཚེ་སྒྲ་དེ་ཐོས།། དེ་ཚེ་ཆོས་ཉིད་ཟབ་མོ་བསྟན ་པའི་ཚིག་ཐོས་ཆོས་གང་བསྟན་པ་ཐོབ་འགྱུར་མངོན་བཤད་དེ་ཚེ་ཀུན་ཤེས་རང་བཞིན་མེད་དེ་ཐོས་པས་ལམ་དུ་གྱུར།། དབུ་བ་རྡོས་པའི་རང་བཞིན་སྟོང་ཡང་དབུ་བའི་རང་བཞིན་ཕྱི་ནང་མི་དམིགས་བསྟན་པའི་རང ་བཞིན་དམིགས་པར་ག་ལ་འགྱུར།། དེ་བཞིན་ཆོས་ཉིད་ཟབ་མོ་སྟོན་ཀྱང་རང་བཞིན་མི་དམིགས་ཆོས་གང་མངོན་པར་གྲུབ་པའང་ཉེ་བར་མི་འགྲོའོ།། ཆུའི་ཆུ་བུར་སྟོན་ཀྱང་ཆུའི་ཆུ་བུར་རང་བཞིན་མེད་ན་ཆུ་བུར་ངོ། ་བོ་ག་ལ་ཡོད།། ཆོས་གང་མངོན་པར་འགྲུབ་པ་འབྱུང་བ་ཉེ་བར་གནས་པ་མ་ཡིན་ནོ།། འོན་ཀྱང་སྐྱེས་བུ་ཆུ་ཤིང་སྙིང་པོ་བཙལ་ཡང་མི་རྙེད་མོད་ཀྱིས་འོན་ཀྱང་དེ་ཡི་འདབ་མ་རྣམས་ཀྱིས་དགོས་པ ་བྱེད།། དེ་བཞིན་ཆོས་ཉིད་སྙིང་པོ་མེད་མོད་ཀྱིས།། ཆོས་ཉིད་བསྟན་པའི་དགོས་པའང་བྱེད།། སྐྱེས་བུ་ནམ་མཁའ་སྟོང་པར་ཐ་སྙད་རབ་འདོགས་ཀྱང་།། ནམ་མཁའ་ལ་ནི་བསྟན་པ་ཅི་ཡང་མེད།། དེ་བཞིན་ཆོས་ཉིད ་ལ་ནི་ཐ་སྙད་རབ་བཏགས་ཀྱང་།། བསྟན་པས་ཡོངས་སུ་གྲུབ་ཅིང་ཐ་སྙད་བཏགས་པ་མེད།། གྲིབ་མ་ཉིན་ལྡོག་ཐ་སྙད་གཉིས་འདོགས་ཆོས་གང་ཡོངས་སུ་གྲུབ་པའི་ཕྱིར་ཡང་ཉེ་བར་མི་གནས་སྣང་བ་མངོན།། དེ ་བཞིན་ཆོས་ཉིད་ཐ་སྙད་འདོགས་པའི་ཚིག་ཏུ་འགྲོ་ཡང་ཆོས་གང་བསྟན་པ་ཐ་སྙད་ཚིག་ཏུ་མི་འགྲོ་ཆོས་རྣམས་སྣང་བར་བྱེད།། ཇི་ལྟར་ནོར་བུ་རིན་ཆེན་སྦྱངས་ན་སྣང་བ་ཆེན་པོ་ཉེ་བར་གནས་འགྱུར་ཀྱང་།། སྣང ་བ་དེ་ནི་ནང་ངམ་ཕྱི་རོལ་གཉིས་ན་ཡོད་མ་ཡིན།། དེ་ལྟར་ཆོས་ཉིད་སྣང་བའི་བྱ་བ་ཆེན་པོས་ཉེ་བར་གནས་གྱུར་ཀྱང་།། སྣང་བ་དེ་ནི་ནང་ངམ་ཕྱི་རོལ་མཐོང་བར་ཉེ་བར་མི་འགྲོའོ།། དཔེར་ན་འབྲུ་མར་མེས་བུས ་ན།། དེ་ཡི་འོད་འཕྲོ་ཡུད་ཙམ་མི་གནས་ཀྱིས།། སྣང་བར་བྱེད་དེ་སྣང་བ་དེས་གཟུགས་རྣམས་ཀྱང་མཐོང་བར་འགྱུར།། དེ་བཞིན་ཡེ་ཤེས་ཆོས་གང་ལ་ཡང་མི་གནས་ཆོས་རྣམས་སྣང་བའི་བྱ་བ་བྱེད། སྣང་བ་དེས་ནི ་འཕགས་རྣམས་ཆོས་ཀུན་ཡང་དག་ཇི་ལྟ་བཞིན་དུ་མཐོང་གྱུར་ཏོ།། ཇི་ལྟར་གཟུགས་དང་སྐྱེ་མཆེད་ཁམས་དང་རྟེན་འབྲེལ་གང་ཟག་བཅུ་གཉིས་མ་གྲུབ་པས།། དེ་ལྟར་ཆོས་དབྱིངས་རྣམ་དག་ཟབ་མོ་དེ་ལྟར ་མཚུངས།། བདེན་དང་རྫུན་དང་ཕྱི་ནང་ཡོངས་སུ་མ་གྲུབ་པས།། རྣམ་པར་མི་རྟོག་ལྷུན་གྲུབ་ཟབ་མོ་བྱང་ཆུབ་བདེ།། ས་ལ་སོགས་དྲུག་ཁམས་སུ་མ་གྲུབ་པས།། ཡང་དག་ངང་ཉིད་ཞི་བས་དེ་འདྲའོ།། འཁོར་བའི ་ཆོས་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན།། དེ་དག་རྟག་ཏུ་མ་གྲུབ་ཞི་བ་ཆོས་ཀྱི་ངང་ཡང་རྟག་ཏུ་ཞི་བ་ཆོས་ཀྱི་དངོས།། ཞི་བ་བསིལ་འགྱུར་ཞི་བ་ཡོངས་སུ་གྲུབ།། དེ་ལྟར་བསྟན་པའི་རང་བཞིན་མི་དམིགས་ལྷུན ་རྫོགས་ངོ་བོ་ཉིད་ཀྱི་སྐུ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། རྣམ་པའི་ཆོས་ཡོངས་སུ་རྫོགས་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།། །། དེ་ནས་འཁོར་དེར་འདུས ་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཡང་དག་པའི་དོན་ཅི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། ཅི་ལའང་མི་གནས་མ་ཆགས་ཡང་དག་དམ་པ་སྒོམ།། གང་ལའང ་ས་རྣམས་ཞི་བའམ་འཕེལ་བའམ་འགྲིབ་པ་ཡོད་ན་སྒོམ་པ་མ་ཡིན་ཏེ།། ཡང་དག་སོ་སོ་སྐེ་བོའི་ཆོས་རྣམས་མི་སྤང་སངས་རྒས་ཆོས་རྣམས་མི་ལེན་པ།། དེ་ནི་ཡང་དག་ཟབ་མོའི་དོན་རྟོགས་སྒོམ་པ་ཡིན།། འཁོར ་བའི་སྐྱོན་དུ་ཡང་མི་འཆིང་།། མྱ་ངན་ལས་འདའ་ཡང་དག་བླང་དོར་མེད།། འཕེལ་འགྲིབ་སྐྱེ་འགག་བསམ་པ་ཡི།། ཆོས་ལའང་མི་སྨོན་ཡང་དག་སྒོམ་པའོ།། འདས་དང་མ་འདས་ད་ལྟ་རབ་དང་ཐ ་མར་བར་ལ་མ་ཆགས་ཤིང་།། དེ་ལྟར་བསྒོམས་ན་ཡང་དག་སྒོམ་པ་ཡིན།། ཨེ་ཨེ་མ་ཧོ་གཟུང་དུ་མ་མཆིས་སངས་རྒྱས་ཆོས་རྣམས་མཆོག་ལགས་སྟོང་པ་མངོན་རྫོགས་སྐུ།། བཅོམ་ལྡན་དེ་ལྟར་བསྒོམས་ན་ཡང་དག ་ཟབ་དོན་རྣལ་འབྱོར་བསྒོམ་པ་ཡིན།། འབྱུང་བ་ལྟར་གནས་དེ་བཞིན་ཏེ།། ཆོས་གང་གནས་མེད་གནས་ཀྱང་དེ་ཡིན་ཏེ།། བསམ་གྱིས་མི་ཁྱབ་སྐྱེ་མེད་ཆོས་ཀྱི་དབྱིངས།། དབྱིངས་ནི་བདེ་ལྡན་གཉིས་མེད་དེ་དག་སྐུ ་ཡི་མཆོག། ཤེས་པ་མེད་པ་དེ་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་སོ།། གང་ཚེ་ཡེ་ཤེས་དེ་ནི་དོན་དམ་ཡེ་ཤེས་ཏེ།། ཆགས་མེད་ཡེ་ཤེས་དེ་ལ་དངོས་པོ་མེད།། ཡུལ་མེད་མ་ཆགས་ཡེ་ཤེས་དེ་ནི་གནས་མེད་དོ།། གང་ཚེ ་རྟེན་མེད་མ་ཐོབ་སྐྱེ་མེད་ཡང་དག་ཞི།། ཆོས་དབྱིངས་ཡེ་ཤེས་ལ་ནི་སྐྱོན་ཡོན་གཉིས་མེད་དོ།། གང་གིས་དེ་ལྟར་ཤེས་པ་མི་དམིགས་སངས་རྒྱས་ཡེ་ཤེས་སོ།། སྐྱེ་མི་སྐྱེ་དང་མི་དམིགས་ཡེ་ཤེས་ནུབ་དང་མ་ནུབ ་མེད།། རྟག་དང་ཆད་དང་འདྲ་དང་མི་འདྲ་མེད་པས་ཡེ་ཤེས་ནམ་མཁའ་འདྲ།། མ་བསྒྱུར་མ་བཅོས་ཡེ་ཤེས་དྲང་པོར་གནས།། འདོད་ཆགས་ཞེ་སྡང་གཏི་མུག་མི་རྟོག་ཡེ་ཤེས་དམ་པ་ཡིན།། སྔགས་དང་ཕྱག་རྒྱ་ལ ་སོགས་ཀུན་ནི་བཏགས་པར་ཤེས་པར་བྱ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཡེ་ཤེས་དག་པའམ་བསྒོམ་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །། དེ་ནས་འཁོར ་དེར་འདུས་པ་རྣམས་ཀྱིས་ཆོས་མཆོག་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཅི་ཡང་མི་དམིགས་སྟོང་པའི་མཚན་ཉིད་དང་།། དངོས་པོ་རྣམ་པར་དག་པའི་དོན་གང་ལགས།། ཆོས་མཆོག་བྱང་ཆུབ་སེམས་དཔས ་བཀའ་སྩལ་པ།། བདེ་བ་གང་ཡང་མི་སྤྱོད་དག་པ་ཡིན་པའི་ཕྱིར།། ཕྱིན་ཅི་ལོག་དང་ཡང་དག་གཉིས་མེད་དོ།། སྤྱོད་པ་མ་ལུས་བཀག་པ་སྤྱོད་པའི་མཆོག། ཆོས་ཉིད་མི་དམིགས་དག་པ་ཆེན་པོ་བྱང་ཆུབ ་སེམས།། བྱང་ཆུབ་སེམས་ནི་མཐའ་དང་མཐའ་མེད་མི་སྤྱོད་དོ།། ཡོད་མེད་མི་རྟོག་དབུས་ཀྱང་རྗེས་སུ་མི་མཐོང་ངོ་།། དབུས་རྣམས་ཡོད་ན་མཐའ་ཡང་ཡོད་པར་འགྱུར།། མཐའ་དབུས་འབྱེད་ན་སྐྱོན་ཡིན་ནོ།། ཇི ་ལྟར་དཔེར་ན་ནམ་མཁའ་ལ།། མཐའ་དབུས་རྣམ་པར་མི་རྟོག་ལྟར།། ཆོས་ཉིད་ཞི་ལ་རྟག་དང་ཆད་པ་མེད།། ཆོས་ཉིད་ལ་ནི་གཟུགས་སུ་མཐོང་།། ཆོས་ཉིད་ལ་ནི་སྒྲར་ཤེས་པ།། ལོག་པར་ཤེས་དེས་ཞི་མི ་མཐོང་།། ཆོས་ཉིད་དུ་ནི་སངས་རྒྱས་བལྟ།། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།། ཆོས་ཉིད་རིག་པར་མི་རུང་སྟེ།། སྐྱེ་བ་མེད་ལ་བཟོད་པ་རབ་ཏུ་ཐོབ།། བསོད་ནམས་ཕུང་པོ་མང་དུ་བདེ་བསྐྱེད་དོ།། རང་བཞིན་མེད་པའི ་རང་བཞིན་ཅན།། འདས་དང་མ་བྱོན་ད་ལྟར་གྱི།། རྒྱལ་བ་རྣམས་ཀྱི་ཡུམ་དུ་གྱུར།། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། དེ་བཞིན་བླང་བ་མ་ཡིན་དོར་མ ་ཡིན།། གནས་སུ་མ་ཡིན་གནས་རྣམས་སྦྱང་མ་ཡིན།། ཀུན་ནས་ཉོན་མོངས་མ་ཡིན་རྣམ་པར་བྱང་མ་ཡིན།། ཀུན་ནས་དབེན་པ་མ་ཡིན་མི་དབེན་མིན།། ཆོས་ཉིད་གཡོ་བ་མེད་ཕྱིར་གང་དུའང་འགྲོ།། འདུས་བྱས ་རྐྱེན་རྣམས་མེད་པས་འཇིག་པ་མེད།། རོ་རྣམས་བག་ཚ་མེད་པའི་ཕྱིར།། ཆོས་རྣམས་སྐྱེ་འགག་མེད་ཅིང་སྟོང་པའི་ངང་།། ཕུང་པོ་ཁམས་དང་སྐྱེ་མཆེད་མེད་ཕྱིར་ཡང་དག་དམ་པའི་ངང་ལ་མུ་མེད་དོ།། ཆོས་ཉིད་ཀུན ་མཉམ་རྡོ་རྗེ་མཉམ་པ་ཡིན།། གང་དག་གསང་སྔགས་བསྒྲུབ་པར་བརྩོན་ན་དེ་དག་བགེགས་མེད་གསང་སྔགས་འགྲུབ་པར་འགྱུར།། ཨེ་མ་ཧོ། གང་གིས་དོན་འདི་མཉམ་གཞག་སྒྲིབ་པ་ཐམས་ཅད་བྱང་བར ་གྱུར།། བྱང་ཆུབ་ངེས་པར་གཞོལ་གྱུར་དང་།། གསང་སྔགས་བསྒྲུབ་པར་བརྩོན་དེ་འདི་དག་བགེགས་མེད་གསང་སྔགས་འགྲུབ།། བྱམས་པས་མཉམ་ཉིད་བྱ་བ་ཐམས་ཅད་བསྐྱེད།། འཕྲལ་དུ་སྡིག་འཕྲོག་རྒྱལ ་བའི་ཡུམ།། བྱང་ཆུབ་སྦྱིན་བྱེད་སངས་རྒྱས་ཡོན་ཏན་རྫོགས།། དཀྱིལ་འཁོར་ཐམས་ཅད་ཀྱིས་ནི་དབང་ཡང་བསྐུར་བར་འགྱུར།། གསང་སྔགས་ཐམས་ཅད་མ་ལུས་མངོན་དུ་འགྱུར།། ཐམས་ཅད་གྲོལ་ཅེས་བྱ་བའི ་ཏིང་འཛིན་མཉམ་པར་གནས།། ཡོན་ཏན་ལྷུན་གྲུབ་ཏིང་འཛིན་མཉམ་པའི་ཚུལ།། ཡིད་བཞིན་ནོར་བུ་རིན་ཆེན་འབར་བའི་འོད།། གཟི་མདངས་འོད་ལྡན་ཉི་མ་འབུམ་གྱི་གཟི།། བདག་མེད་མཉམ་སྙོམས་ནམ ་མཁའི་ངང་།། ཞི་བ་ཆེན་པོ་ཆོས་ཀྱི་སྐུ།། རྣམ་དག་ལྷུན་གྲུབ་བརྡལ་བ་ཆེ། ཀུན་ཁྱབ་རང་བཞིན་ངང་གིས་གསལ།། སྡུག་བསྔལ་རྒྱ་མཚོ་དག་པའི་ཚུལ།། མ་བཅོས་བྱང་ཆུབ་དེ་བཞིན་གནས།། ཆོས་སྐུ་རྣམ་དག་ཞི ་བའི་ཚུལ།། བདེ་དང་ལྡན་པས་རྣམ་རྟོག་བྲལ།། དྲི་མ་རྣམ་དག་ཆོས་ཀྱི་སྐུ།། མི་འགྱུར་མི་ཤིགས་རྡོ་རྗེ་ཅན།། མི་གཡོ་མི་འགུལ་ནམ་མཁའ་འདྲ།། ཞི་བ་ཆེན་པོ་དེ་བཞིན་ཉིད།། དེ་ལྟར་འཛིན་པས་གཟུང་འཛིན། ་གཡུལ་ལས་རྒྱལ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། མཚན་མ་དང་སྟོང་པ་མི་དམིགས་པའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །། དེ་ནས་འཁོར་དེར་འདུས ་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། དམ་ཚིག་གི་སྡོམ་པ་ཇི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་སྤང་མི ་བྱ།། མ་བྱིན་པར་ཡང་བླང་བར་བྱ།། རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ།། མི་ཚངས་པར་ཡང་སྤྱད་པར་བྱ།། བྲམ་ཟེ་དག་ཀྱང་གསད་པར་བྱ།། ཕྲ་མའི་ཚིག་ཀྱང་སྨྲ་བར་བྱ།། བརྣབ་སེམས་གནོད་སེམས་བསྐྱེད་པར ་བྱ།། ཤ་ཁྲག་རྔ་རྗེ་དྲི་ཆེན་ཆུ་དང་བྱང་ཆུབ་སེམས།། བ་ལང་ཁྱི་ཤ་ལ་སོགས་རྟག་ཏུ་བཟའ།། ཨོཾ་དང་ཧཱ་དང་ཨ་རྣམས་ཀྱིས།། དེ་དག་རྟག་ཏུ་སྦྱངས་ལ་བཟའ།། རྡོ་ནི་རྡོ་རྗེའི་དམ་ཚིག་མཆོག། དེས་ནི ་མཆོག་གི་དངོས་གྲུབ་ཐོབ།། འདོད་ཆགས་ཞེ་སྡང་གཏི་མུག་སྤྱོད།། དེས་ནི་རྡོ་རྗེ་མཆོག་གསུམ་འཐོབ།། གཟུགས་སྒྲ་དྲི་རོ་ལ་སོགས་པ།། དེ་མ་ཐག་ཏུ་བསྟེན་གྱུར་ན།། དངོས་གྲུབ་དམ་པ་མྱུར་དུ་འཐོབ།། འདོད་པ ་མ་ལུས་ཀུན་བསྟེན་ན།། དེ་ནི་བྱང་ཆུབ་ཡང་དག་འཐོབ།། འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ནི་ཤེས་བྱས་ནས།། བྱང་ཆུབ་སེམས་ནི་མཆོད་པར་བྱ།། དམ་ཚིག་ཅན་རྣམས་ཐམས་ཅད ་ཀྱིས།། དམ་ཚིག་སྡོམ་པ་བསྲུང་བྱས་ན།། མཐོང་བའི་ཚེ་ནི་འདི་ཉིད་ལ།། རྡོ་རྗེ་གསུམ་ནི་འདི་ཡིས་འཐོབ།། མི་ཤེས་གཏི་མུག་ཅན་གྱིས་ཐ་ཚིག་འདས།། དེ་ལ་དངོས་གྲུབ་ཡང་དག་འབྱུང་མི་འགྱུར།། མཛེ་དང ་ཕོལ་མིག་འབྲུམ་བུ་དང་།། རིམས་དང་དུག་དང་ནད་དང་བགེགས།། ཡེ་འདྲོག་བཀའ་ཡི་ཆད་པ་ཡིས།། བསད་ནས་སེམས་ཅན་དམྱལ་བར་འགྲོ།། དེ་བཞིན་གཤེགས་དང་རིན་ཆེན་པདྨ་ལས་ཀྱི་རིགས།། དེ་བཞིན ་སངས་རྒྱས་བྱང་ཆུབ་དང་།། འཕགས་པ་རྣམས་ཀྱིས་སྐྱོབ་མི་མཛད།། བྱིན་གྱིས་ཀྱང་ནི་མི་བརླབ་སྟེ།། རང་བཞིན་འཕགས་པ་ཐམས་ཅད་ལ།། རིན་ཆེན་ཕྲེང་བ་ལ་སོགས་དང་།། མེ་ཏོག་བདུག་སྤོས་ལ་སོགས ་རྣམས།། ཕུལ་ཡང་རྒྱལ་བས་ག་ལ་བཞེས།། འཇིག་རྟེན་འདིར་ཡང་ཚེ་ཐུང་ཞིང་།། ཚེ་འདི་ཉིད་ལ་སྡུག་བསྔལ་དག་མྱོང་ནས།། གནད་གཅོད་སྡུག་བསྔལ་མི་བཟད་མྱོང་ནས་ནི།། ཕ་རོལ་དུ་ཡང་དམྱལ་བར ་འགྲོ།། ཐ་ཚིག་སྤྱོད་པ་ཉམས་པ་ཡི།། མི་ཤེས་བྱིས་པས་དངོས་གྲུབ་མི་ཐོབ་བོ།། གལ་ཏེ་དམ་ཚིག་སྡོམ་པ་མ་ཉམས་ན།། དུག་ལྔ་ཉིད་ཀྱང་ཡེ་ཤེས་ལྔ།། མཚན་དང་དཔེ་བྱད་བལྟས་མི་ངོམས།། སངས་རྒྱས་བྱང ་ཆུབ་སེམས་དཔའ་དང་།། དེ་ཡི་འཁོར་ན་གནས་རྣམས་ཀྱིས།། དེ་ལ་རྟག་ཏུ་སྐྱོབ་པར་བྱེད།། མཐོང་ཡུལ་ཚེ་ལ་བདེ་བ་དང་།། རྡོ་རྗེ་གསུམ་ཉིད་རྟག་ཏུ་འཐོབ།། ཐ་ཚིག་སྡོམ་དང་མི་སྡོམ་དང་།། བསྲུང་དང་མི་བསྲུང ་ཕྱོགས་མེད་པར།། མཉམ་ཉིད་སྡོམ་པར་གང་གནས་པར།། མཉམ་པ་ཆེན་པོའི་དམ་ཚིག་སྟེ།། ནམ་མཁའ་ལྟ་བུར་མངོན་ཤེས་ན།། དེ་ནི་ཡང་དག་དམ་ཚིག་སྟེ།། བལྟ་བའི་རྣམ་དག་དམ་ཚིག་མཆོག། དག་པ་ཞི་བ ་གང་བསྲུང་བ།། རྣམ་དག་དམ་ཚིག་ཆེན་པོ་ཡིན།། ཡང་དག་ཆོས་དབྱིངས་ཟབ་མོ་ལ།། བསྲུང་དང་མི་བསྲུང་ག་ལ་ཡོད།། བསྲུང་མེད་ནམ་མཁའ་ལྟར་ཤེས་ན།། དེ་ནི་ཡང་དག་གསང་བའི་དམ་ཚིག་གོ། དེ་ལྟར ་བསྲུང་བ་ཟབ་མོའི་དོན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་ལུང་ཆེན་པོའི་མདོ་ལས། དམ་ཚིག་གི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས།། སྨྲ་བའི ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ། གཟུགས་བརྙན་གྱི་རྟོག་པ་བགྱི་བ་དང་། འགྲོ་བའི་དོན་དུ་ཆོས་ཚུལ་བསྒྲུབ་ཅིང་བསྙེན་པ་ཇི་ལྟར་ལགས།། སྨྲ་བའི་དམ་པས་བཀའ་སྩལ ་པ།། སྒྲུབ་པ་དང་ནི་སྒྲུབ་ཆེན་དང་།། བསྙེན་པ་དང་ནི་ཉེ་བསྙེན་དང་།། དེ་བཞིན་རྣལ་འབྱོར་བསྒྲུབ་པའི་གནས།། དགོན་པ་ཆུ་གླིང་གནས་རྣམས་དང་།། ནགས་ཚལ་ཆེན་པོའི་ས་ཕྱོགས་དང་།། དབེན་པ་ཆེན་པོའི ་གནས་རྣམས་དང་།། རི་བོ་རི་སུ་ལ་གནས་རྣམས་སུ།། ཡོན་ཏན་ཕྲིན་ལས་གང་བསྒྲུབ་རྣམས།། རྟག་ཏུ་བསྒྲུབས་ན་དངོས་གྲུབ་ཐོབ།། མཆོག་དང་ཐུན་མོང་རྣམ་གསུམ་འཐོབ།། དཀྱིལ་འཁོར་དམ་པའི་ས་བསླང ་བ།། བདེ་གཤེགས་རྒྱལ་བཞུགས་པ་ཡིས་སློང་ན།། དགོངས་ཤིག་ཐུབ་དབང་རྒྱལ་བའི་སྲས།། མཁའ་འམ་བར་སྣང་ས་སྟེང་འཁོད་པ་ཡིས།། བདག་པོར་གྱུར་པ་ཐམས་ཅད་ཀུན།། ཡང་དག་གྲུབ་པའི་ས་སློང ་ན།། འཁོར་བཅས་ཁྱེད་ལས་ས་འདི་བླང་།། ཡོ་བྱད་སྣ་ཚོགས་ས་ལ་འཁོད་ལ་སྦྱིན།། སྐྱོབ་པ་ཆེན་པོ་བཅོམ་ལྡན་འདས།། ས་ནོན་ཕ་རོལ་ཕྱིན་པའི་ཆོས།། འཁོར་བ་མྱ་ངན་འདས་གྱུར་ལ། ཡུམ་གྱུར་ཁྱོད་ཀྱི་དཔང ་མཛོད་ཅིག། ས་ཡི་སྐྱོན་རྣམས་བསལ་ནས་ཀྱང་།། རིན་ཆེན་སྣ་ལྔས་གཏེར་དུ་བྱ།། མཎྜལ་ཀུན་ཏུ་གྲུ་བཞི་ལ།། བདུད་རྩི་རྣམ་ལྔས་སྐྱང་ནུལ་བྱ།། དེ་ནས་སྲད་བུའི་སྦྱོར་བ་སྟེ།། གཟུངས་མ་མཚན་དང་ལྡན་པ ་ལ།། དཔའ་མོར་བྱིན་བརླབས་མཁལ་དུ་གཞུག། ཞིང་ཆེན་རིས་ཀྱི་རྩ་རྒྱུས་ལ།། སུམ་སྒྲིལ་འཇུར་མདུད་མེད་པ་ནི།། མ་དྷ་ལ་འཁོར་ཁྱུད་ཚད་དུ་བྱ།། མཁས་པས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས།། དེ་ནས་སྲད་བུ ་གདབ་པའི་མཚམས་བཅད་དེ།། སོ་སོ་རྣམས་སུ་གདབ་པར་བྱ།། དེ་ནས་དམ་རྫས་བདུད་རྩི་ཡིས།། ཞིང་ཆེན་རིས་ཀྱི་ཐིག་ལེར་བྱ།། དབུས་ཀྱི་ཕོ་བྲང་དགུ་པ་ལ།། ཕྱོགས་བཞི་དབུས་ལ་ཡབ་ཡུམ ་བཅུ།། ཕྱོགས་མཚམས་བཞི་ལ་གསང་བའི་ཡུམ།། ཕྱི་རོལ་པདྨ་འདབ་བརྒྱད་ལ།། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད།། དེ་ལྟར་བཅུ་དྲུག་དགོད་པར་བྱ།། གྲུ་ཆད་ལ་ནི་ལྷ་མོ་བརྒྱད།། འཁོར་ས་ལ་ནི་སྒོ ་གདོད་བྱ།། སྒོ་བཞི་ལ་ནི་ཕྱག་བརྒྱ་བཞི།། དེ་ཡི་ཁྱམས་ནི་ཕྱི་མ་ལ།། སྦྲུལ་སྐུ་ཐུབ་དྲུག་དགོད་པར་བྱ།། དེ་ཡི་བར་ཁྱམས་ཕྱི་མ་ལ།། སྒོ་གདོང་ཕྲིན་ལས་རྣམ་བཞིའི་ཕྱག་རྒྱ་དགོད།། དེ་བཞིན་དཀྱིལ་འཁོར་རྒྱས་པ ་ལ།། འོད་ཟེར་སྣ་ལྔ་ཀུན་ཏུ་གཟིགས།། སངས་རྒྱས་རྡོ་རྗེ་ཅན་གྱི་གནས།། དེ་དབུས་བྷྲཱུཾ་ནི་གནས་པ་ལས།། གསེར་གྱི་རི་བོ་འདྲ་བ་ཡི།། སངས་རྒྱས་ཀུན་གྱི་གཞལ་མེད་ཁང་།། འཁོར་ལོ་བསྒྱུར་བས་བསྒོམ་པར ་བྱ།། ལས་ཀྱི་རྡོ་རྗེའི་སྟན་ཉིད་དུ།། ཤེས་རབ་ལྡན་པས་དེ་འོག་བསམ།། ཆོས་ཀྱི་དབྱིངས་ཀྱི་དབུས་གནས་པར།། བདེ་གཤེགས་ཀུན་གྱི་ཕོ་བྲང་ངོ་།། རིན་ཆེན་གཞི་དངོས་མཆོད་རྟེན་ནི།། འོད་ཟེར་འབར་བས་རྣམ ་པར་བརྒྱན།། ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱི།། གནས་སུ་དེ་ནི་རྣམ་པར་བསམ།། གྲུ་བཞི་པ་ལ་སྒོ་བཞི་པ།། སྒོ་རྒྱན་བཞི་དང་ཡང་དག་ལྡན།། དྲིལ་བུ་དར་འཕྱང་འཕན་ལ་སོགས།། སྒོ་ཁྱུད་ཀྱིས་ནི ་རྣམ་པར་བརྒྱན།། གྲ་མཚན་དག་ནི་ཐམས་ཅད་ནི།། རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས།། ཟླ་ཁམ་ཆུན་འཕྱང་གིས་བརྒྱན་ཅིང་།། ཉི་མ་ཟླ་བ་ལ་སོགས་བརྒྱན།། བླ་རེ་བྲེས་པས་མཛེས་པར་གྱུར།། ན་བཟའ་ཕྲེང་བའི ་ཚོགས་ཀྱིས་བརྒྱན།། དེ་ལྟར་དཀྱིལ་འཁོར་དམ་པ་ཡིས།། མི་ཤེས་བྱིས་པ་རྣམས་ལ་བསྟན།། ཆོས་ཉིད་ཡེ་ནས་ལྷུན་གྲུབ་པས།། བསྒྲུབ་དང་སྒྲུབ་པ་དམིགས་སུ་མེད།། དབྱིངས་ཉིད་ཡེ་ནས་དག་གནས ་ལ།། བསྙེན་པ་ཉེ་བསྙེན་གདགས་སུ་མེད།། དཔེར་ན་མེད་ལས་ཡོད་བཏགས་པ།། མེ་ལོང་ནང་གི་གཟུགས་བརྙན་འདྲ།། ཆོས་ཉིད་རྣམ་དག་ཡེ་གནས་ལ།། གནས་དང་དགོན་པར་གནས་པ་མེད།། དཔེར་ན་ནམ ་མཁའ་སྟོང་པ་ལ།། གནས་རྟེན་ས་ཕྱོགས་མེད་པ་ལ།། གང་དག་བྱིས་པ་མི་མཁས་པས།། མཁའ་ལ་མྱུ་གུ་སྡོང་སྐྱེད་འདྲ།། དེ་དག་ཡོད་པར་མི་འགྱུར་རོ།། ཡེ་ནས་ཆོས་ཉིད་རྫོགས་པ་ལ།། ཕྲིན་ལས་རྣམ་བཞིས ་སྦྲང་བསྒྲུབ་མེད།། ས་རྣམས་ཡེ་ནས་ལྷུན་གྲུབ་ལ།། ཆོ་ག་རྣམས་ཀྱིས་སྦྱང་མི་དགོས།། ཆོས་ཉིད་དཀྱིལ་འཁོར་གསང་བ་དམ་པ་བཀྲམ་པ་ལ།། གཟུགས་བརྙན་དཀྱིལ་འཁོར་དམིགས་སུ་མེད།། སྟོང་ཉིད་རང ་བཞིན་དག་པ་ཆོས་ཀྱི་སྐུ།། ལྷུན་གྲུབ་རྫོགས་མཛད་ལོངས་སྤྱོད་ཆེན་པོའི་སྐུ།། འགྲོ་བའི་དོན་མཛད་མཐའ་ཡས་སྤྲུལ་པའི་སྐུ།། དེ་བཞིན་ལྷུན་གྲུབ་སྐུ་རྣམས་ལ།། གཞི་དང་ངོ་བོ་མཐུན་པའི་དཔེ།། གནས་དང ་འཁོར་དང་འདུལ་བའི་ཞིང་།། སྐུ་གསུམ་གསུང་ནི་བསྒྲགས་པ་ནི།། ཆོས་སྐུ་ཆེན་པོ་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་ཡིན།། ལོངས་སྤྱོད་ཆེ་བའི་རྡོ་རྗེ་ཅན་གྱི་བསྡུས་གསུམ་ཡིན།། སྤྲུལ་པ་ཆེན་པོས་འདུལ་བ ་མངོན་པ་མདོ་སྡེ་གསུངས་པ་དང་།། རྡོ་རྗེ་སེམས་དཔའ་རྣམ་སྣང་ཤཱཀྱ་རིགས་དབང་པོ།། ཐུགས་གསུམ་མཉམ་ཉིད་ངང་དུ་ཞི།། ཆོས་སྐུའི་དོན་རྣམས་བསྟན་པ་ནི།། གཞི་ནི་དེ་བཞིན་ཉིད་དང་མཚན་ཉིད་བརྗོད་དུ ་མེད།། མཐུན་དཔེ་ནམ་མཁའ་གནས་ནི་ཡུམ་གྱི་མཁའ།། གདུལ་ཞིང་ནམ་མཁའ་ཁྱབ་པ་འཁོར་ནི་རྫོགས་སངས་རྒྱས།། ལོངས་སྤྱོད་རྫོགས་པའི་དོན་རྣམས་བསྟན་པ་ནི།། གཞི་ནི་ཆོས་སྐུ་ངོ་བོ་རྣམ་སྣང ་མཛད།། མཐུན་དཔེ་འཁོར་ལོས་སྒྱུར་ལྟར་བཞུགས།། གནས་ནི་ལྷ་ཡི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་གནས།། འཁོར་ནི་ཉེ་བའི་སྲས་བརྒྱད་ས་རྣམས་རིམ་གནོན་ཡིན།། གདུལ་གཞི་གཞི་དང་མེ་ཏོག་སྙིང་པོ ་ཅན།། སྤྲུལ་པའི་སྐུ་ཡི་དོན་རྣམས་བསྟན་པ་ནི།། གཞི་ནི་ལོངས་སྤྱོད་རྫོགས་དང་ཤཱཀྱའི་རིགས་དབང་པོ།། མཐུན་དཔེ་སྒྱུ་མའི་ཚུལ་དང་གནས་ནི་རྡོ་རྗེ་གདན་སོགས་ཡིན།། འཁོར་ནི་རྒྱལ་བ་ཀུན་དང་འགྲོ ་དྲུག་ཐམས་ཅད་དོ།། གདུལ་ཞིང་གླིང་རྣམས་བྱེ་བ་ཕྲག་བརྒྱ་ཡིན།། སྐུ་དགུ་ཐེག་དགུ་བསྟན་ཀྱང་འགྲོ་བའི་དོན་བསྟན་མ་རྟོགས་པ།། ཐེག་པ་དེ་ཀུན་ཡང་དག་ཐེག་ལས་གཞན་ན་ཡོད་མ་ཡིན།། དེ ་བས་ཆོས་ཀུན་རྣམ་དག་ཐེག་པ་གཅིག་རྫོགས་སོ།། འདས་པའི་དུས་རྣམས་སུ་དྲན་དེ་ནི་སངས་རྒྱས་གནས་པ་ཡིན།། ཚད་མེད་བསམ་གྱིས་མི་ཁྱབ་བསྐལ་པ་ན།། དེའི་ཚེ་རྒྱལ་བུ་བྱུང་བ་སྐྱེ་རྒུའི་བུ་ཡི་མཆོག། མཚན ་ནི་ཡེ་ཤེས་བདག་པོ་ཞེས་བྱ་བ།། སྐྱེ་རྒུ་འདྲེན་པ་དེས་ནི་ཆོས་བསྟན་ཏེ།། སེམས་ཅན་བྱ་བ་མཐའ་ཡས་མ་ལུས་འདུལ།། བྱང་ཆུབ་སེམས་དཔའ་བསམ་ཡས་བྱེ་བ་གྲངས་མེད་ཀུན།། ཡང་དག་ཡེ་ཤེས་ཡང་དག ་འཛུད།། འཇིག་རྟེན་མགོན་པོ་དེ་ཡིས་ཆོས་བཤད་པས།། མཐའ་ཡས་ངེས་པར་བསྟན་པ་གསང་སྔགས་མཆོག། རབ་ཏུ་སྣང་བས་འཇིག་རྟེན་ཐམས་ཅད་མཛེས།། སེམས་ཅན་རྣམས་ཀྱིས་ཡང་དག་དོན་ཡང ་སྟོན།། དེ་ལྟར་དེ་ན་རིན་ཆེན་ཞིང་།། དེ་བཞིན་ཁ་དོག་བཻ་ཌཱུརྱ་ཡི་མདོག། སངས་རྒྱས་རང་བྱུང་དེ་དག་ཉིད་ཀྱང་སྣང་།། གསེར་གྱི་མཆོད་སྡོང་ལྟ་བུར་བལྟ་ན་མཛེས།། བཻ་ཌཱུརྱ་ཡི་དབུས་ན་གསེར་གཟུགས ་བཞིན།། འཁོར་གྱི་དབུས་ན་ཆེས་ནི་རབ་ཏུ་གསུངས།། དེ་ལ་འཁོར་ཡང་གྲངས་ཡོད་མ་ཡིན་ཏེ།། བསྐྱོད་པ་མེད་ཅིང་གཡོ་བ་མེད་པར་སྣང་།། བཟོད་གནས་བསམ་གཏན་དགའ་ཞིང་མཉམ་པར་བཞག། ཡང་དག ་ཞི་བ་ཟག་པ་མེད་པའི་གནས།། རྒྱལ་བ་དྲང་སྲོང་ཆེན་པོ་རྙེད་པར་དཀའ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་ལུང་ཆེན་པོའི་མདོ་ལས། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར ་གྱི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་འདི་སྐད་ཅེས་གསོལ་ཏེ།། རྡོ་རྗེ་དམ་ཚིག་རིན་ཆེན་ཅོད་པན་དབང་བསྐུར་བས།། ཡེ་ཤེས་ལྡན་པ་རྣལ་འབྱོར་ཆེན་པོའི་དབང་ཕྱུག་སྟེ།། དེ་བཞིན ་གཤེགས་པའི་ཕྱག་རྒྱ་མཉམ་ཉིད་ཐུགས་ཆུད་སྣ་ཚོགས་མཛད་པ་དེ།། མ་ལུས་སེམས་ཅན་ཡོངས་སུ་བསྐང་བའི་ཕྲིན་མཛད་ཐུགས་རྗེ་ཅན།། རྣམ་པར་སྣང་མཛད་ཆེན་པོ་ལས་གསུམ་མཉམ་ཉིད་ལ་བཞུགས་པ།། སྐུ ་གསུང་ཐུགས་དང་ཐམས་ཅད་མ་ལུས་རྡོ་རྗེ་སྟེ།། བདེ་གཤེགས་ལྷ་ཡི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་གནས།། ཁམས་གསུམ་ཐམས་ཅད་མ་ལུས་ཡིད་བཞིན་རིན་ཆེན་སྤྲས་པ་དང་།། དར་གྱི་བ་དན་ཁ་དོག་སྣ ་ཚོགས་དྲིལ་བརྒྱུས་རླུང་གིས་བསྐྱོད་པ་དང་།། མེ་ཏོག་ཕྲེང་བ་རྔ་ཡབ་རྒྱན་ཕྲེང་དང་།། ཆུན་འཕྱང་ཟླ་བ་ཉི་མ་སྦྲུལ་ཆུན་རྣམས་ཀྱིས་མཛེས་བྱས་དང་།། མཐའ་དབུས་མེད་པའི་གནས་ན་དེ་བཞིན་གཤེགས་པ་ཐམས ་ཅད་བཞུགས།། ཡོན་ཏན་ལྡན་པའི་སྲས་དང་ཐབས་གཅིག་སྟེ།། དེ་ལྟར་ཡོན་ཏན་ལྡན་ལ་བདག་ཕྱག་འཚལ།། ལོངས་སྤྱོད་རྫོགས་སྐུ་ཡིད་བཞིན་རིན་པོ་ཆེ།། ས་བཅུའི་རྒྱལ་སྲས་ཆོས་ཀྱིས་ཚིམ་མཛད ་ཅིང་།། འཇིག་རྟེན་མུན་རུམ་འོད་ཀྱིས་སྣང་མཛད་པ།། སྣང་མཛད་དག་པའི་སྐུ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་སྐུ་མཆོག་དབུ་གསུམ་གསེར་མདོག་བརྗིད་པའི་ཞལ།། འོག་མིན་ཆོས་རྒྱལ་བློན་པོར ་མངའ་བརྙེས་པ།། ལོག་ལྷ་ཐམས་ཅད་འཇིགས་པའི་སྐུ།། རི་རབ་ལྟ་བུར་བརྗིད་ལ་ཕྱག་འཚལ་ལོ།། དུག་གསུམ་འཇོམས་མཛད་ཤ་རུས་གསོལ་མཛད་ཅིང་།། གཉིས་མེད་དོན་ལ་སྦྱོར་བས་ཁམས་གསུམ ་སྒྲོལ།། ཤིན་ཏུ་བརྗིད་པས་དུར་ཁྲོད་རྒྱན་དགུ་སྐུ་ལ་མནབས།། འཁོར་བར་མི་ལྡོག་དཔལ་གྱི་ཆས་བརྒྱད་སྐུ་ལ་བརྒྱན།། ཆོས་སྐུ་མི་འགྱུར་མཐིང་ནག་འབར་བའི་སྐུ།། ཡེ་ཤེས་ཏིང་འཛིན་ཟིན་པས་མཆེ་བ ་གཙིགས།། དུག་ལྔ་གཏན་དུ་བསྲེག་པས་མེ་ཡི་ཀློང་ན་བཞུགས།། ཏིང་འཛིན་འདུ་འཕྲོ་མཛད་པས་ཆོས་ཉིད་སྣ་ཚོགས་མཛད།། སྤྱན་གསུམ་སྡང་མིག་བགྲད་པས་ངན་སོང་བརྩད་ནས་བཅད།། དབུ་རྣམས་སྐུ་ལུས ་ཅིག་པས་ཆོས་ཀྱི་དབྱིངས།། ཡུམ་དང་གཉིས་སུ་མེད་པས་རྣམ་དག་དོན།། འཁོར་བའི་གཡུལ་ལས་རྒྱལ་ལ་ཕྱག་འཚལ་བསྟོད།། ཨ་ལ་ལ་ཧོ་ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡེ ་ཤེས་ཅན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དཀྱིལ་འཁོར་རྡོ་རྗེ་འཛིན་པ་མཐའ་དག་ཀུན་གྱི་མཆོག། ཁམས་གསུམ་མ་ལུས་མཐའ་དག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ།། སེམས་ཅན་མ་ལུས་འདུལ་བའི ་དོན་རྣམས་ཐམས་ཅད་འགྲུབ།། དམ་ཚིག་གསང་བའི་དཀྱིལ་འཁོར་གྱིས་ནི་གཡོགས་བྱས་ཏེ།། ཡང་དག་རྣམ་གྲོལ་དོན་དམ་འདིས་སྟོན་ཏེ།། ལག་གཡོན་རྡོ་རྗེ་བསྒྱིངས་ཏེ་བཞིན་ནི་རབ་འཛུམ་པས།། རྡོ་རྗེ་ཆེན་པོ ་གསོར་ཏེ་རང་གི་སྙིང་གར་གཏོད་པའི་ཚུལ་གྱིས་འཛིན།། བདེ་ཆེན་དོན་དམ་རྡོ་རྗེ་དམ་ཚིག་ཁོ་ན་ཉིད་ཀྱི་སྙིང་པོ་འདི་སྨྲས་སོ།། ཧཱུཾ་བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས།། ཞི་བའི་དེ་ཉིད་མངོན་རྫོགས་བྱང་ཆུབ ་བསྒྲུབ་པར་བཤད།། རྡོ་རྗེ་མཉམ་ཉིད་མངོན་རྫོགས་བྱང་ཆུབ་ཆེན་པོ་སྟེ།། དོན་གྱི་ངོ་བོ་མི་རྟོག་མཉམ་ཉིད་རྣམ་དག་ཞི།། མཉམ་ཉིད་སྙིང་པོ་འདི་སྨྲས་ཡི་གེ་ཨ།། འདོད་ཆགས་ཞེ་སྡང་གཏི་མུག་སྤྲོས་མེད ་པས།། ཆོས་རྣམས་ཐམས་ཅད་ཡི་གེ་ཨ་རུ་རིག། འཇིག་རྟེན་གསུམ་རྒྱལ་ཕྱག་རྒྱ་རྡོ་རྗེ་ཅན།། འཇིག་རྟེན་དྲི་མེད་རྣམ་དག་ཆོས་ཀྱི་དབྱིངས།། ཉོན་མོངས་སྐྱོན་གྱི་མ་གོས་དོན་དམ་འདི་སྒྲས་ཧྲཱིཿ།། ཁམས་གསུམ ་དབང་བསྐུར་སྙིང་པོའི་དོན།། ཉིད་ལ་རྡོ་རྗེ་རིན་ཆེན་དབང་བསྐུར་ཕྲེང་བ་བཅིངས་ཤིང་དམ་པ་འདི་སྤྲས་ཏྭ། སྒྲ་ཡི་ཕྱག་རྒྱས་དབང་བསྐུར་ཆོས་ཀྱི་སྐུ།། གསུང་གི་ཕྱག་རྒྱས་དབང་བསྐུར་ཆོས་ཀུན་ཐོབ་པ ་དག། ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་ཏིང་འཛིན་དག་པ་ཐོབ།། རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཡོངས་འཛིན་པ།། ལུས་སེམས་ངག་ནི་རྡོ་རྗེའི་དངོས་གྲུབ་ཐོབ།། དེ་ཕྱིར་ཆོས་ཉིད་ཟབ་མོ་ཨ་རུ་འདུས།། ཐམས་ཅད་སྤྲོས ་མེད་ཡི་གེ་ཨ།། ངོ་བོའི་ཆོས་ཉིད་སྟོང་པའི་ཡི་གེ་ཨ།། མཚན་མེད་སྨོན་མེད་ཆོས་ཉིད་ཡི་གེ་ཨ།། རྡོ་རྗེ་མི་ཤིགས་དངོས་གྲུབ་ཡི་གེ་ཨ།། རྡོ་རྗེ་མཉམ་ཉིད་དཀྱིལ་འཁོར་ཡི་གེ་ཨ།། དོན་ཉིད་མཉམ ་འཇུག་ཆོས་ཉིད་ཡི་གེ་ཨ།། ཨ་ནི་མ་སྐྱེས་སྟོང་པ་སྟེ།། ཨ་ནི་ཆོས་སྐུ་དག་པའི་གཏེར།། ཨ་ནི་སྟོང་དང་མི་སྟོང་གི། དབུ་མ་དམིགས་སུ་ཡོད་མ་ཡིན།། ཧཱུཾ་གིས་མཆོད་པ་ཐམས་ཅད་ལོངས་སྤྱོད་རྫོགས།། ཨོཾ་ནི་ཡེ ་ཤེས་ལྔ་ཡི་དངོས།། སྐུ་གསུང་ཡོན་ཏན་ཕྲིན་ལས་སོགས།། ཧཱུཾ་ཧཱུཾ་ཧཱུཾ་སེམས་ཅན་རྡོ་རྗེ་ཉིད་པས་ཁྲོ་བོའི་ངང་།། ཡེ་ཤེས་ལྔ་ཡང་རྡོ་རྗེ་ཁྲོ་བོ་ཅན།། ཧཱུཾ་གསུམ་རྣམ་དག་ཞི་བ་ལས།། དཀྱིལ་འཁོར་རྣམ་དག་འབྱུང་བ ་ཡི།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། བར་ཁྱམས་བཞིས་མཛེས་སྒོ་ཁྱུད་ལྡན།། གྲུ་ཆད་བཞིས་ཀྱང་མཛེས་པར་བྱ།། དབུས་ལ་བྷུདྡྷ་ཡབ་ཡུམ་སྟེ།། འབར་བའི་འཁོར་ལོ་རྒྱས་པར་དགོད།། དཀྱིལ་འཁོར ་རྒྱན་རྣམས་རྒྱས་འགྱུར་ནས།། བསྒྲུབ་པ་དེ་བཞིན་བརྩམ་པར་བྱ།། བསྒྲུབ་པའི་རྫས་རྣམས་བསགས་པ་ནི།། རྩ་བ་ལྔ་དང་ཡན་ལག་བརྒྱད།། ཨ་ག་རུ་དང་དུ་རུ་ཀ། ག་བུར་གུར་གུམ་ལ་སོགས་ཏེ།། སྨན་རྣམས ་རྒྱས་པར་བསོགས་ཏེ་སྦྱང་།། ཏིང་ངེ་འཛིན་རྣམས་རིམ་གྱིས་བསྐྱེད་པར་བྱ།། གལ་ཏེ་རྟགས་མ་བྱུང་ན་སྤོག་པའི་ཆོ་ག་གཞུང་བཞིན་བྱ།། དེ་ལྟར་གཞུང་བཞིན་བསྒྲུབ་པ་བརྩམས་ནས་ཀྱང་།། དེ་ལྟར་དོན་ཉིད་རྡོ་རྗེ ་ཡང་དག་ཐོབ་པ་ནི།། དེ་ནི་རྡོ་རྗེ་ཅན་དེ་ལེགས་སོ་ལེགས།། ཆོ་ག་འདི་ནི་ལེགས་པར་སྨྲས།། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས།། འབྲས་བུ་ཡོད་པ་འདུས་པའི་མཆོག། རྡོ་རྗེ་ཅན་དུ་བྱིན་གྱིས་རློབས།། ཆོ་གའི་རྒྱལ ་པོ་བླ་ན་མེད།། གང་རྣམས་འདི་དག་འཛིན་པ་ནི།། བདུད་ལ་སོགས་པ་ཐམས་ཅད་ཀྱིས།། དེ་དག་མི་སོད་མི་ཚུགས་སོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། དངོས་གྲུབ་དམ་པ་ཐམས་ཅད་ཀྱང་།། སངས ་རྒྱས་ཀུན་གྱིས་གསུངས་པ་བཞིན།། རིང་པོར་མི་ཐོགས་ཐོབ་པར་འགྱུར།། དེ་སྐད་གསུངས་ནས་གསང་གྲུབ་ཕྱིར།། རྡོ་རྗེ་ཅན་གྱིས་བཤད་པ་ལ།། ཀུན་མཆོག་སངས་རྒྱས་མཁས་བཅས་པ།། ཐམས་ཅད་ཀྱིས་ནི ་མངོན་པར་བསྟོད།། རྣམ་པར་སྣང་མཛད་གསང་བའི་ཆོས་ཉིད་རབ་བརྙེས་པ།། སྤྲོས་མེད་བདེ་བ་དམ་ཚིག་རྡོ་རྗེ་མཉམ་ཉིད་ཆོས།། མཐའ་དབུས་མེད་པ་དམ་པ་རྡོ་རྗེ་སྟེ།། འདོད་ཆགས་ཞེ་སྡང་སྟོང་པས་གཏི་མུག ་སྟེ།། བདུད་དང་ཁམས་གསུམ་ལས་འདས་དབང་ཕྱུག་ཆེན་པོའི་མཆོག། དེ་དག་དོན་རྣམས་ཇི་ལྟ་བུ།། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན ་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། ཆོས་ཉིད་རྣམ་དག་ཐབས་ཆེན་དང་།། ཡེ་ཤེས་གནས་སུ་བསྒྲགས་པས་ནི།། ཆོས་ཀུན་རྣམ་པར་དག་པར་ནུས།། འཁོར་ལ་ཡོངས་སུ་དག་པར་འགྱུར།། ཆགས་པ་ལ་སོགས ་བསལ་བས་ན།། འཁོར་བའི་བར་དུ་དག་པར་ཡང་།། འཇིག་རྟེན་སྡིག་བྱེད་དེ་སྦྱང་ཕྱིར།། འཁོར་བ་སྲིད་དུ་བདག་ཉིད་འདུལ།། ཇི་ལྟར་པདྨ་རབ་དམར་ཡང་།། ཚོན་གྱི་ཉེས་པས་མི་གོས་པ།། དེ ་བཞིན་གནས་ཀྱི་ཉེས་པ་ཡིས།། འགྲོ་ཕན་རྣམས་ལ་མི་གོས་སོ།། འདོད་ཆགས་ཆེན་པོ་རྣམ་པར་དག། བདེ་བ་ཆེ་ཞིང་ནོར་ཆེ་ལ།། ཁམས་གསུམ་དབང་ཕྱུག་ཐོབ་པས་ནི།། སེམས་ཅན་དོན་རྣམས་བསྟན་པར ་བྱེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། བསྒྲུབ་པ་གསང་བའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བྱང་ཆུབ་ཀྱི་སེམས་རྡོ ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། གསང་སྔགས་ཀྱི་དོན་ཇི་ལྟ་བུ་ལགས།། སེམས་དཔའ་དམ་པས་བཀའ་སྩལ་པ།། ཡང་དག་གསང་བའི་དོན་ཆེན་འདི།། རྒྱལ་བའི་ཐུགས་དམ་བསྐུལ་བ་དང་།། མཚམས་གཅད ་གནས་པར་བྱ་བ་དང་།། ཆོ་ག་རྣམ་གསུམ་བསྐྱེད་པ་དང་།། འགྲོ་བའི་སྒྲིབ་པ་སྦྱང་བ་དང་།། སྐུ་གསུང་ཐུགས་ནི་རྟོགས་བྱ་དང་།། དཀྱིལ་འཁོར་ལྷ་རྣམས་བརྟན་བཞུགས་ཕྱིར།། དམ་པ་འདི་དག་བཤད་པ ་ཡིན།། ཨོཾ་ནི་རྒྱལ་བའི་སྐུ་ཡི་མཆོག། ཧཱུཾ་ནི་རྒྱལ་བའི་ཐུགས་ཀྱང་ཡིན།། སྭཱ་ནི་རྒྱལ་བའི་ཡོན་ཏན་གཏེར།། ཨཱཿནི་རྒྱལ་བའི་གསུང་སྒྲ་སྟེ།། ཧཱ་ནི་རྒྱལ་བའི་ཕྲིན་ལས་སོ།། ཐམས་ཅད་དེ་བཞིན་གཤེགས་བྱའི ་ཕྱིར།། སྔགས་ཀྱི་དམ་པ་འདི་བརྗོད་དོ།། རྦཱནྣ་ཧྭཱ་ཧྭཱ་ཧཱ། ཡཽ་ཡ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ན། ཀ་ཁ་ག་གྷ།། ཙ་ཆ་ཛཿ། པ་ཕ་བ་བྷ། ཝ་ཡ་ར་ལ། ངཉ་མ་མཱ། ཤ་ཥ་ས་ཧ། མ་སཾ། ཨུམྦ། ཨེ་ཡེ། ཨོཾ་ཨཀྵ། ཧཱུཾ་བ ་དྷྲྀ་ཀ་ཛ། མུཾ་དྷཱ་ཏཱི་ཤྭ་རི། ཨཽ་ཛེ་ན་ཛི་ཀ་ཛ། ལཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷིཀ་ཛ།། མཾ་མོ་ཧ་ར་ཏི། ཨཱཾ་ཨཱ་རོ་ལི་ཀ་ཛ། པཱཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷྲྀ་ཀ་ཛ། ཏཾ་བཛྲ་ར་ཏི། ཀྵི་ཧི་རཱ་ཛཱ་ཡ་ཧཱཾ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟཱཾ། ཏཱཾ་ཨཱ་གརྦྷཱ་ཡ། ཏཱཾ་མཱ ་ལེ་ས་མ་ཡ་ཧཽ། ཧྲྀ་ཧཾ་ཧཱུཾ་པདྨ་པཱ་ད་མ། ཧྲཱིཿགཱི་ཏི་རཱ་གོ&ཧཾ། ཛི་ཀུ་རུ་པཱ་ཎ་ཧྲཱིཿ། ཨཾ་ནིརྟི་རཱ་ག་ཡཱ་མི། མེ་དྷཱ་ར་ཎེ། ཛཿདྷ་པེ་པྲ་བེ་ཤ། བྷཱི་ནིསྨ་རི་བྷ་ཡ་སྭཱ་ཧཱ། ཧཱུཾ་པུཥྤེ་ཨཱ་བེ་ཤ། ཧཱུཾ་ས་རཱ་ཛཱ་ཡ། བཾ་དཱི་པ་སུ་གི་རཱི། མུཾ་ཤྲཱི་ཨཾ་རཱ ་གཱ་ཡ་སྭཱ་ཧཱ། ཧོ་གནྡྷེ་ཙིཏྟ། ཨོཾ་མུ་ནི་ཀྲཱི་སྭཱ་ཧཱ། ཨོཾ་མུ་ནི་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནི་སྲྀ་སྭཱ་ཧཱ། ཨོཾ་མུ་ནི་པྲཾ་སྭཱ་ཧཱ། ཨོཾ་མུ་ནི་ཀྵཾ་སྭཱ་ཧཱ། ཨོཾ་མུ་ན་ཡེ་སྭཱ་ཧཱ། ཧཱུཾ་ཡ་མཱནྟ་ཀྲྀཏ་ཕཊ། ཨོཾ་བཛྲ་དྷ་རི་མ་ཧཱ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཧཱུཾ ་བིགྷྣཱཾ་ཏ་ཀྲྀ་ཏ་ཕཊ། ཨོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཨཱ~ཾ་པདྨཱནྟ་ཀྲྀ་ཏ་ཕཊ། ཨོཾ་པདྨ་དྷ་ར་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཧཱུཾ་པྲཛྙཱནྟ་ཀྲི་ཏ་ཕཊ། ཨོཾ་ཀརྨ་དྷ་ར་མ་ཧ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཙིཏྟ། ་ཧཱུཾ། ཨ་ཨ་བཛྲ་ས་མནྟ་བྷ་དྲཱ་ཨ། རྒྱལ་བ་རྣམས་ཀྱིས་གཟུངས་བརྗོད་པས།། བདེ་དང་ལྡན་པ་ཡང་དག་རྫོགས།། རྫོགས་པར་བྱ་བ་སྔགས་ཀྱིས་བསྐྱེད།། སྔགས་ཀྱི་ས་བོན་གང་ཡིན་པ།། ཡི་གེ་ཨ་ལ་བསྒྱུར་ནས ་ཀྱང་།། ལྷ་རྣམས་རིམ་པར་བསྐྱེད་པ་ནི།། ཏིལ་འབྲུ་ཙམ་གྱི་རང་བཞིན་ལས།། ཇེ་ཆེ་ཇེ་ཆེར་བསྐྱེད་ནས་ཀྱང་།། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ།། བསྒོམས་པས་མངོན་དུ་གྱུར་པའི་ལྷ།། ཆེ་བའི་ཡོན ་ཏན་བསམ་མི་ཁྱབ།། མཚན་དང་དཔེ་བྱད་མངོན་ཤེས་ལྡན།། འཇིག་རྟེན་འཕངས་དང་བཏེག་པ་དང་།། ཆོ་འཕྲུལ་སྣ་ཚོགས་བསྟན་པ་དང་།། རིགས་རྣམས་སོ་སོར་བསྒྲག་པ་དང་།། དེ་ལྟར་ལྷ་ཡི་སྐུར་གྱུར ་ནས།། རིག་འཛིན་ཕྱག་རྒྱ་ཆེན་པོ་ཡིན།། དེ་ལྟར་ཨ་ཉིད་སྟོང་པ་ལ།། དངོས་པོར་འཛིན་པ་འཁྲུལ་པ་ཡིན།། དངོས་པོ་ཇི་ལྟར་སྟོང་ཞེ་ན།། ཨ་ཉིད་མ་སྐྱེས་ཞི་བ་སྟེ།། ཨ་ལས་ཡིག་འབྲུ་ཐམས་ཅད་བསྐྱེད།། ཨ་ལྟར ་ཡིག་འབྲུ་ཐམས་ཅད་དེ།། ཡིག་འབྲུ་སྟོང་པས་ལྷ་ཡི་སྐུ་བསྐྱེད་སྟོང་།། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རང་བཞིན་སྟོང་།། དཔེར་ན་ནམ་མཁའ་སྟོང་པ་ལ།། མེད་པས་ཡོད་པར་བརྟགས་པ་བཞིན།། ཆོས ་ཉིད་རང་བཞིན་སྟོང་པ་ལ།། མཚན་མའི་དངོས་པོར་སྐུར་བསྟན་པ།། མཁའ་ལ་འཇའ་ཚོན་འབྱུང་བ་འདྲ།། དེ་ལྟར་ཆོས་ཉིད་དངོས་མེད་ཡིན།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང ་ཆེན་པོའི་མདོ་ལས། གསང་སྔགས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས་སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། ཏིང་ངེ་འཛིན་གྱི་བྱེ་བྲག་ཇི་ལྟར་ལགས།། སེམས ་དཔའ་དམ་པས་བཀའ་སྩལ་པ།། ཏིང་འཛིན་རྣམ་པ་འབྱུང་བ་ནི།། རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་།། དཔའ་བར་འགྲོ་བའི་ཏིང་འཛིན་དང་།། ཆོས་ཉིད་ཡང་དག་ཏིང་འཛིན་དང་།། རང་བཞིན་གྱིས་གནས་ཏིང་འཛིན ་དང་།། གནས་པའི་རང་བཞིན་ཏིང་འཛིན་དང་།། བཙལ་དང་བྲལ་བའི་ཏིང་འཛིན་དང་།། བརྗོད་དང་བྲལ་བའི་ཏིང་འཛིན་དང་།། སེམས་ཀྱི་ཆོས་ཉིད་ལས་ཀྱི་མི་འཁོར་བའི་ཏིང་ངེ་འཛིན་དང་།། བཙལ་སེམས་མ ་བྲལ་བའི་ཏིང་ངེ་འཛིན་དང་།། བདག་ཉིད་ཆེན་པོའི་ཏིང་འཛིན་དང་།། འགྲོ་དོན་ཆོས་དབྱིངས་ཏིང་ངེ་འཛིན་དང་།། གཟུངས་དོན་ཆེན་པོའི་ཏིང་ངེ་འཛིན་དང་།། ཡོངས་རྫོགས་བྱར་མེད་ཏིང་ངེ་འཛིན་དང་།། ཆགས ་དང་བྲལ་བའི་ཏིང་ངེ་འཛིན་དང་།། བྱ་མེད་སྙིང་པོའི་ཏིང་ངེ་འཛིན་དང་།། སྨོན་ལམ་སྟོབས་མེད་ཏིང་ངེ་འཛིན་དང་།། ལུང་སྟོན་རྣམ་དག་ཏིང་ངེ་འཛིན་དང་།། དབང་བསྒྱུར་མི་རྩོལ་ཏིང་ངེ་འཛིན་དང་།། དངོས་གྲུབ ་མི་སྤང་ཏིང་ངེ་འཛིན་དང་།། རྣམ་གྲངས་ལྷུན་གྲུབ་ཏིང་ངེ་འཛིན་དང་།། བརྗོད་པ་དང་བྲལ་བའི་ཏིང་ངེ་འཛིན་དང་།། ཆོས་ཉིད་མི་འགྱུར་ཏིང་འཛིན་དང་།། རྒྱུ་རྐྱེན་མི་འགྲུབ་ཏིང་འཛིན་དང་།། ཕྱི་ནང་དག་པའི་ཏིང ་ཛིན་དང་།། སྐྲོད་པ་བཀག་པའི་ཏིང་འཛིན་དང་།། རང་བཞིན་ཡང་དག་ཏིང་འཛིན་དང་།། ཆོས་རྣམས་དོན་གྱི་ཏིང་འཛིན་དང་།། ཆོས་ཉིད་ཞི་བའི་ཏིང་འཛིན་དང་།། ལྷུན་གྱིས་གྲུབ་པའི་ཏིང་འཛིན་དང་།། ལས ་ཀུན་སྤྱོད་མེད་ཏིང་འཛིན་དང་།། ཆགས་སྡང་ཞི་བའི་ཏིང་འཛིན་དང་།། ཆོས་ཉིད་མཚོན་མེད་ཏིང་འཛིན་དང་།། མཚན་མ་མེད་པའི་ཏིང་འཛིན་དང་།། རྣམ་རྟོག་ཞི་བྱའི་ཏིང་འཛིན་དང་།། བྱང་ཆུབ་མ ་ནོར་ཏིང་འཛིན་དང་།། རྣམ་གྲངས་ཆོས་ཀུན་མདོར་བསྡུས་ཏིང་འཛིན་དང་།། ཡེ་ཤེས་དག་སྒོམ་ཏིང་འཛིན་དང་།། སྟོང་དང་མཚན་མ་མི་དམིགས་ཏིང་འཛིན་དང་།། དམ་ཚིག་རྣམ་དག་ཏིང་འཛིན་དང་།། དཀྱིལ ་འཁོར་ལྷུན་གྲུབ་ཏིང་འཛིན་དང་།། བསྒྲུབ་མཆོག་གསང་བའི་ཏིང་འཛིན་དང་།། གསང་སྔགས་བརྗོད་པའི་ཏིང་འཛིན་དང་།། ཕྱག་རྒྱ་ཆེན་པོའི་ཏིང་འཛིན་དང་།། དབང་རྣམས་སྐུར་བའི་ཏིང་འཛིན་དང་།། ཕྲིན་ལས ་རྣམ་བཞིའི་ཏིང་འཛིན་དང་།། ཡོངས་སུ་རྫོགས་པའི་ཏིང་འཛིན་དང་།། སྟོང་པ་ཉིད་ཀྱི་ཏིང་འཛིན་དང་།། རྡོ་རྗེ་མི་ཕྱེད་ཏིང་འཛིན་དང་།། སྐྱེས་བུ་ཆེན་པོའི་ཏིང་འཛིན་དང་།། ང་གང་ལས་རྒྱལ་ཏིང་འཛིན ་དང་།། རྟོགས་པ་ཆེན་པོའི་ཏིང་འཛིན་དང་།། རོ་ལངས་སྒྲུབ་པའི་ཏིང་འཛིན་དང་།། ཆོ་འཕྲུལ་སྒྲུབ་པའི་ཏིང་འཛིན་དང་།། རིགས་རྣམས་སྒྲུབ་པའི་ཏིང་འཛིན་དང་།། བློ་གྲོས་ཆེན་པོའི་ཏིང་འཛིན་དང་།། ས་རྣམས ་ནོན་པའི་ཏིང་འཛིན་དང་།། ཕ་རོལ་ཟིལ་གནོན་ཏིང་འཛིན་དང་།། ཉོན་མོངས་སྲེག་པའི་ཏིང་འཛིན་དང་། ཡེ་ཤེས་སྣང་བའི་ཏིང་འཛིན་དང་།། སྒྲོན་མ་སྣང་བའི་ཏིང་འཛིན་དང་།། རྡོ་རྗེ་འཛིན་པའི་ཏིང་འཛིན ་དང་།། བདུད་རྣམས་གཅོད་པའི་ཏིང་འཛིན་དང་།། དུག་གསུམ་རྣམ་དག་ཏིང་འཛིན་དང་། ལུས་ངག་ཡིད་གསུམ་ཏིང་འཛིན་དང་།། བདེར་གཤེགས་རྒྱལ་བའི་ཏིང་འཛིན་དང་།། ཏིང་འཛིན་རྣམ་པ་མང་པོ་ཀུན།། སྐུ ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཆོས་ཉིད་འདུས་པའི་རྒྱུད་ཆེན་ལས།། ཏིང་འཛིན་རྣམ་པ་མང་པོའི་དོན།། ཆོས་ཉིད་ཏིང་འཛིན་ཡིན་པའི་ཕྱིར།། རྣམ་པ་ཀུན་ལ་དེ་དག་སྟེ།། ཏིང་འཛིན་བརྗོད་པ་མང་པོ་ཀུན།། རྣམ ་རྟོག་གསལ་བ་བསྟན་པ་ཡིན།། ཆོས་ཉིད་ལ་ནི་རྣམ་རྟོག་ཏིང་འཛིན་མེད།། དེ་ཕྱིར་ཏིང་འཛིན་བསྔགས་པ་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ཏིང་ངེ ་འཛིན་གྱི་ལེའུ་སྟེ་བཞི་བཅུ་གཉིས་སོ།། །། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། ལྷ་བསྐྱེད་ཕྱག་རྒྱ་བསྐུར་དང་ལྷ་མཆོད་པ།། འཁོར་ལོ་དང་ནི་རྡོ་རྗེ ་དང་།། རིན་པོ་ཆེ་དང་པདྨ་དང་།། རྡོ་རྗེ་རྒྱ་གྲམ་ལ་སོགས་ཀྱིས།། ཕྱག་རྒྱ་ཇི་ལྟར་ཡིན་པར་བསྒྱུར།། ཞེས་གསོལ་པ་དང་།། སེམས་དཔའ་དམ་པས་བཀའ་སྩལ་པ།། རྒྱལ་བའི་ལྷ་རྣམས་བསྐྱེད་པ་ནི།། མི་དམིགས ་དབྱིངས་ནས་ཡིག་འབྲུ་གསལ་བ་ཡི།། ཨ་ལ་སོགས་པའི་ཡིག་འབྲ་ཀུན།། རྒྱལ་བའི་ས་བོན་སྤོས་ཤིང་བསྐྱེད།། ཨེ་མ་ཧོ་རྒྱལ་བའི་སྒྲ་རྣམས་བསྐྱེད་པ་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་ལས།། ཡིག་འབྲུ་སྔགས ་ཚིག་སྤྲོས་བསྡུས་པས།། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྐྱེན།། རྒྱལ་བ་ཐམས་ཅད་བསྐྱེད་པ་ནི།། བདེ་བའི་སྟན་ལ་འདུག་ནས་ཀྱང་།། གང་ཡིན་པ་ཡི་ཏིང་འཛིན་བསམ།། བདེ་བའི་སེམས་དེ་རྣམ ་སྤྲོས་པས།། སྦྲུལ་སྐུས་ཐམས་ཅད་ཁྱབ་པ་བཞིན།། སེམས་དེ་བཀུག་ནས་པར་ཞུགས་ལས།། དེ་བཞིན་གཤེགས་པའི་རིགས་སུ་སྤྲོ།། རང་སྔགས་ཡི་གེ་བསྐྱེད་པ་རྣམས།། སྐུ་གསུམ་ས་བོན་བྱིན་བརླབས ་ཏེ།། པདྨའི་དབུས་སུ་བསྐྱེད་ནས་ནི།། རིམ་པ་བཞིན་དུ་སངས་རྒྱས་སྤྲོ།། བཛྲ་དྷྲྀ་ཀྲ། ས་བོན་དག་ལས་བསྐྱེད་པ་ཡིས།། རྡོ་རྗེ་མི་འཁྲུགས་སྤྲུལ་པ་དེ། ཁྲོ་བོ་ཁ་དོག་མཐིང་ཤུན་འདྲ།། གནག་དང་དམར་དང་དཀར ་བའི་ཞལ།། རལ་པའི་ཅོད་པན་གནས་དག་ལ།། མི་འཁྲུགས་དབང་བསྐུར་རྣམ་པར་བརྒྱན།། ཐམས་ཅད་རྒྱན་ནི་ཀུན་རྫོགས་པ།། ཕྱག་དྲུག་པར་ནི་རྣམ་པར་བསམ།། རྡོ་རྗེ་འཁོར་ལོ་རབ་འཆང་བ།། ཆུ་སྐྱེས་དག ་ནི་འཛིན་པའི་མཆོག། དྲིལ་བུ་ནོར་བུ་རལ་གྲི་རྣམས།། གཡོན་གྱི་ཕྱག་ཏུ་རྣམ་པར་བསམ།། སྙིང་ག་ནས་ནི་ངེས་སྤྲོས་ཏེ།། ཕྱོགས་བཅུ་དག་ཏུ་རྣམ་པར་གཟིགས།། སངས་རྒྱས་རྫུ་འཕྲུལ་མཛད་སོགས་དང་།། ཆོས ་ཀྱི་འཁོར་ལོ་རབ་ཏུ་བསྐོར།། ཞེ་སྡང་སྤྱོད་པའི་ལམ་གནས་པའི།། སེམས་ཅན་མ་ལུས་རྣམ་སྦྱངས་ནས།། བྱང་ཆུབ་སེམས་ཀྱི་མདུན་ན་ནི།། རྡོ་རྗེའི་སེམས་ལ་རྣམ་པར་བཞུགས།། དེ་ལ་ཞུགས་པར་དད་བྱས ་ནས།། རྡོ་རྗེའི་སེམས་ནི་རྣམ་པར་བསམ།། སྔ་མའི་གཟུགས་ནི་གནས་འགྱུར་ནས།། ཞེ་སྡང་གཟུགས་སུ་རྣམ་པར་གནས།། ཨིནྡྲ་ནི་ལའི་འོད་ལྟ་བུ།། ཞལ་གདངས་མཆེ་བ་གཙིགས་པས་འཇིགས།། མི་འཁྲུགས ་འབར་བ་སྤྱི་བོར་འཆང་།། འཇིག་རྟེན་ཁམས་ཀུན་འཁྲུགས་པར་མཛད།། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། ཉི་མ་བྱེ་བ་ཕྲག་བརྒྱའི་འོད།། དམར་པོའི་སྤྱན་ནི་འཇིགས་པ་ཆེ།། རྒྱན་རྣམས་ཀུན་གྱིས་ལེགས ་པར་བརྒྱན། ཁྲོ་གཉེར་ཞི་བ་འདོད་ཆགས་ཆེ།། ཞལ་གསུམ་དག་ནི་རྣམ་པར་འཆང་།། རང་གི་དམ་ཚིག་མཉམ་པར་ལྡན།། ཕྱག་དྲུག་གིས་ནི་མངོན་པར་སྤྲུལ།། འཛམ་བུ་ནཱ་དའི་འོད་འདྲ་བའི།། སངས་རྒྱས་སྤྲིན ་གྱིས་རྣམ་འཁྲིགས་པའི།། རྡོ་རྗེ་ཆེན་པོ་རྩེ་དགུ་པ།། དེ་ཡི་ཕྱག་ཏུ་བསྣམས་པར་སྒོམ།། སྔགས་གསུམ་པ་ཡིས་རིམ་བཞིན་དུ།། ཕྱག་རྒྱ་ཕྱི་མ་རྣམ་པར་བསྒོམ།། ཞེ་སྡང་རྡོ་རྗེར་བྱིན་བརླབས་པས།། དཀྱིལ ་འཁོར་ཐམས་ཅད་རབ་ཏུ་སྤོང་།། ཛི་ན་ཛི་ཀྲ། ས་བོན་ལས་ནི་བསྐྱེད་བྱས་པ།། རྣམ་པར་སྣང་མཛད་གཙོ་བོ་སྟེ།། ཞི་བའི་ཆ་ལུགས་དགའ་དང་ལྡན།། ཕྱོགས་ནི་ཐམས་ཅད་སྣང་བར་མཛད།། སྟོན་ཀའི་འདམ་བུའི ་འོད་འདྲ་བ།། རལ་པའི་ཅོད་པན་དག་གིས་བརྒྱན།། མི་འཁྲུགས་པ་ཡི་དབང་བསྐུར་ཞིང་།། སྣ་ཚོགས་རྒྱན་རྣམས་ཀུན་གྱིས་བརྒྱན།། དཀར་དང་གནག་དང་དམར་ཆེན་པོ།། ཁ་དོག་གསུམ་པའི་ཞལ་གསུམ ་པ།། འོད་ཟེར་སྣ་ཚོགས་ཆེན་པོས་བརྒྱན།། ཕྱག་དྲུག་རྣམ་པར་སྒོམ་པར་བྱ།། འཁོར་ལོ་རྡོ་རྗེ་པདྨ་དཀར།། གཡས་པའི་ཕྱག་ཏུ་རྣམ་པར་བསམ།། དྲིལ་བུ་ནོར་བུ་རལ་གྲི་རྣམས།། གཡོན་གྱི་ཕྱག་ཏུ ་རྣམ་པར་བསམ།། སྙིང་ལས་དེ་བཞིན་ཕྱུང་ནས་ནི།། ཕྱོགས་བཅུ་དགུ་རུ་རྣམ་པར་གཟིགས།། སངས་རྒྱས་སྒྱུ་འཕྲུལ་མཛད་ལ་སོགས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། གཏི་མུག་ལམ་ལ་རབ་གནས ་པའི།། སེམས་ཅན་མ་ལུས་སྦྱངས་ནས་ནི།། སླར་ཡང་མདུན་གྱི་ཕྱོགས་རྣམས་ན།། ཟླ་བའི་དབུས་སུ་རྣམ་པར་བསམ།། རཏྣ་དྷྲྀ་ཀྲ། ས་བོན་ལས་ནི་བསྐྱེད་ནས་ནི།། དཀོན་མཆོག་དཔལ་ནི་མཁས་པས ་བསྐྱེད།། རལ་པའི་ཅོད་པན་དཀར་ལ་ཞི།། མི་འཁྲུགས་དབང་བསྐུར་པས་ནི་བརྒྱན།། ཞལ་གསུམ་ཁ་དོག་གསུམ་པ་སྟེ།། སེར་དང་དམར་དང་དཀར་བའི་ཞལ།། ཐམས་ཅད་རྒྱན་དང་རབ་ལྡན་པའི།། ཕྱག་དྲུག ་པར་ནི་རྣམ་པར་སྒོམ།། ནོར་བུ་རྡོ་རྗེ་འཁོར་ལོ་ནི།། གཡས་ཀྱི་ཕྱག་ཏུ་བསྒོམ་པར་བྱ།། དྲིལ་བུ་རལ་གྲི་པདྨ་སྟེ།། གཡོན་པའི་ཕྱག་ཏུ་རྣམ་པར་བསམ།། དེ་བཞིན་སྙིང་ག་ནས་ཕྱུང་སྟེ།། འཇིག་རྟེན་ཁམས་ནི་རྣམ ་པར་གཟིགས།། ང་རྒྱལ་ལམ་ལ་གནས་པ་ཡི།། སེམས་ཅན་ཐམས་ཅད་སྤོང་བར་མཛད།། རིན་ཆེན་ཆེན་པོ་གཤེགས་ནས་ཀྱང་།། ཐམས་ཅད་དབང་བསྐུར་ཕུན་སུམ་ཚོགས།། རྡོ་རྗེ་སེམས་དཔའི་གཡས་ཕྱོགས ་སུ།། རིན་ཆེན་དབུས་སུ་རྣམ་པར་བཞུགས།། ཨཱ་རོ་ལི་ཀྲ། ས་བོན་ལས་ནི་གྲུབ་པ་ཡི།། རྡོ་རྗེ་སྣང་བ་མཐའ་ཡས་བསྐྱེད།། པདྨ་རཱ་གའི་མདོག་འདྲ་བ།། མི་འཁྲུགས་པས་ནི་ཅོད་པན་བརྒྱན།། ཞི་བ་རལ་པའི་ཅོད ་པན་འཆང་།། དམར་དང་ནག་དང་དཀར་བའི་ཞལ།། ཐམས་ཅད་རྒྱན་གྱིས་བརྒྱན་པ་ཡི།། ཕྱག་དྲུག་པར་ནི་བསྒོམ་པར་བྱ།། གཡོན་པ་འགྱིང་ཐབས་པདྨ་འཛིན།། དྲིལ་བུ་དཀུར་བརྟེན་པར་ཕྱིན་ཏེ།། གཡས་པས ་པདྨ་བསྐྱོད་མཛད་ཅིང་།། ཐུགས་ཀར་པདྨ་ཁ་ཡང་ཕྱེ།། གཡས་གཉིས་རྡོ་རྗེ་འཁོར་ལོ་དང་།། གཡོན་གཉིས་རིན་ཆེན་རལ་གྲི་བསྣམས།། སྙིང་ག་ནས་ནི་བྱུང་གྱུར་ནས།། ཐམས་ཅད་ཕྱོགས་སུ་རྣམ་པར ་གཟིགས།། སེམས་ཅན་འདོད་ཆགས་ལྔ་སྦྱངས་ཏེ།། འདམ་ཆེན་ཆུ་ཡི་པདྨ་བཞིན།། སླར་གཤེགས་པདྨའི་དབུས་སུ་ནི།། རྒྱབ་ཀྱི་ཕྱོགས་སུ་རྣམ་པར་བཞུགས།། པྲཛྙཱ་དྷྲྀ་ཀྲ། ས་བོན་ལས་ནི་གྲུབ་པ་ཡི།། རྡོ་རྗེ་གདོན ་མི་ཟ་བར་བསྐྱེད།། ལྗང་གུ་བཻ་ཌཱུཪྻ་འདྲ་བ།། རལ་པའི་ཅོད་པན་རྡོ་རྗེ་གནས།། ཐམས་ཅད་རྒྱན་གྱིས་ཡན་ལག་བརྒྱན།། ལྗང་གུ་ནག་དང་དཀར་བའི་ཞལ།། འོད་ཟེར་སྣ་ལྔས་འཁྲིགས་པར་འབར།། ཕྱག་དྲུག་པར ་ནི་རྣམ་པར་བསྒོམ།། རལ་གྲི་རྡོ་རྗེ་རྒྱ་གྲམ་དང་།། འཁོར་ལོ་གཡས་པའི་ཕྱག་ཏུ་བསམ།། དྲིལ་བུ་པདྨ་སྡོང་བཅས་དང་།། ནོར་བུ་གཡོན་པའི་ཕྱག་ཏུ་བསམ།། དེ་བཞིན་སྙིང་ག་ནས་བྱུང་ནས།། ཕྱོགས་བཅུ་ཀུན་ཏུ ་གཟིགས་མཛད་དེ།། རྫུན་ཚིག་སྨྲ་བའི་ལམ་གནས་པའི།། སེམས་ཅན་ཐམས་ཅད་ཀུན་ཏུ་སྦྱོར།། སྣ་ཚོགས་ཆེན་པོ་སླར་གཤེགས་ནས།། གྲུ་གསུམ་དཀྱིལ་འཁོར་དབུས་སུ་ནི།། རྡོ་རྗེ་སེམས་དཔའི ་གཡོན་ཕྱོགས་སུ།། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།། རྡོ་རྗེ་ཞེ་སྡང་གཏི་མུག་འདོད་ཆགས་དང་།། ཡིད་བཞིན་ནོར་བུ་དམ་ཚིག་སྟེ།། རིགས་ལྔར་གཏོགས་པ་འདི་དག་གིས།། འདོད་དང་གྲོལ་བར་རབ ་བསྒྲུབ་པའོ།། གཙོ་བོ་ལྔ་རྣམས་ཇི་ལྟར་བསྐྱེད་པ་བཞིན།། ཡུམ་རྣམས་ཀྱང་ནི་རིམ་བཞིན་ནོ།། སེམས་དཔའ་སེམས་མ་སྒོ་བ་རྣམས།། རིམ་པ་བཞིན་དུ་བསྐྱེད་པར་བྱ།། ཏིང་འཛིན་སྔགས་དང་བརྗོད་པས ་བསྐུལ།། དེ་ལྟར་བརྗོད་ཅིང་བསྐུལ་བསྒྲུབ་ན།། དངོས་གྲུབ་རྣམ་གསུམ་འཐོབ་པ་དང་།། བགེགས་དང་དུག་དང་ལོག་འདྲེན་དང་།། བདུད་རྣམས་འཇོམས་ཤིང་ལོག་འདྲེན་ཀུན་ལས་ཐར།། སྐུ་གསུང་ཐུགས་ཀྱི ་དངོས་གྲུབ་འཐོབ་པ་དང་།། ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཉེ་བ་དང་།། མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན།། འགྲོ་བའི་དོན་དུ་འགྱུར་བ་དང་།། ཐམས་ཅད་ཀུན་གྱིས་མཆོད་པ་དང་།། བདེ་བའི་ཞིང་དུ་གནས་པ ་དང་།། ཡང་དག་དོན་རྟོགས་ལྷུན་རྫོགས་ནས།། ཐམས་ཅད་བདེ་བའི་ངང་དུ་འགྱུར།། ཆོས་ཉིད་རང་བཞིན་སྟོང་པ་ལ།། ཕྱག་རྒྱ་བསྒྱུར་དང་ལྷ་བསྐྱེད་དང་།། བསྙེན་དང་བསྒྲུབ་དང་ཆོ་ག་རྣམས།། ཇི་ལྟར་སྤྱོད་པ་དེ ་དག་ཀུན།། ལྷ་དམན་དག་ལ་བསྟན་པར་ཟད།། བདེར་གཤེགས་རིགས་ལྔ་འཁོར་བཅས་ཀུན།། བསྐྱེད་ལྟར་དངོས་པོ་ཡོད་འགྱུར་ན།། དཔེར་ན་ནམ་མཁའ་དངོས་མེད་ལ།། ཕ་གུ་ལ་སོགས་རིན་ཆེན ་གྱིས།། འདུག་པའི་གནས་རྟེན་བྱས་གྱུར་ཀྱང་།། ནམ་མཁའ་དངོས་པོ་མེད་གྱུར་པས།། གནས་རྟེན་ཁང་བུ་ཆགས་པ་མེད།། དེ་བཞིན་ཆོས་ཉིད་སྟོང་པ་ལ།། ཕྱག་རྒྱ་བསྒྱུར་དང་སྐུ་བསྐྱེད་དང་།། བསྒྲུབ་དང་དངོས ་གྲུབ་ཐོབ་འདོད་དང་།། མཚན་དང་དཔེ་བྱད་བལྟ་འདོད་ཀུན།། དཔེར་ན་བྱིས་པ་མི་ཤེས་པས།། ནམ་མཁའི་ཁང་བུ་ཐོབ་འདོད་འདྲ།། དེ་བཞིན་ཆོས་ཉིད་དངོས་མེད་ལ།། བསྐྱེད་ནས་ཐོབ་འདོད་བྱིས་པའི ་ཚུལ།། དཔེར་ན་ནམ་མཁའ་གཞི་མེད་ལ།། ཆགས་པའི་གཞལ་མེད་ཁང་རྣམས་དང་།། ལྡུམ་ར་སྐྱེད་མོས་ཚལ་བསམ་པས།། དེ་དག་འབྱུང་བར་ག་ལ་འགྱུར།། དེ་བཞིན་ཆོས་ཉིད་སྟོང་པ་ལ།། རྒྱལ་བའི་སྐུ་བསྐྱེད ་ག་ལ་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ལྷ་བསྐྱེད་པ་དང་དབང་བསྐུར་བ་ཕྱག་རྒྱའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །། དེ་ནས་འཁོར་དེར་འདུས་པ ་མས་ཀྱིས་སེམས་དཔའ་དམ་པ་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་བསྙེན་བསྒྲུབ་ཀྱི་དབང་གི་རིམ་པ་ཐོབ་པར་བགྱི་བ་དང་། ཡོན་དབུལ་བ་དང་དབང་རྣམས་བསྐུར་བ་ཅི་ལགས། སེམས་དཔའ ་དམ་པས་བཀའ་སྩལ་པ།། དབང་མཆོག་བསྐུར་བར་བྱ་བ་ནི།། ཉན་དང་བསྒོམ་དང་འཆད་པ་དང་།། བསྒྲུབ་དང་ཕྲིན་ལས་བྱེད་པ་དང་།། རྡོ་རྗེ་རྒྱལ་པོ་ཐོབ་འདོད་དང་།། ས་རྣམས་རིམ་པ་བགྲོད་པ ་དང་།། སྡུག་བསྔལ་རྣམས་ལས་ཐར་འདོད་པས།། དབང་རྣམས་ཐོབ་པར་འདོད་པ་ཡིས།། དད་ལྡན་སྲི་ཞུ་ཆེ་བ་དང་།། བླ་མ་སློབ་དཔོན་མཉེས་བྱ་དང་།། དམ་ཚིག་བསྲུང་དང་བསྒྲུབ་བརྩོན་བྱ།། བརྗོད་པ་བཀུར ་དང་བདེར་གཤེགས་བསྔགས་པ་བརྗོད།། སློབ་དཔོན་གྱི་ནི་ཡོན་ཏན་བརྗོད།། སྐྱོན་རྣམས་བརྗོད་པར་མི་བྱ་སྟེ། གསེར་དང་དངུལ་དང་བཻ་ཌཱུཪྻ། དུང་དང་མན་ཤེལ་བྱེ་རུ་དང་། ཁྱོགས་དང་རྐང་འགྲོས་གླང་ཆེན ་རྟ།། དགོས་པ་གང་དག་གང་ཡང་རུང་།། ལུས་སྲོག་དག་ཀྱང་ཕྱོགས་ལ་དབུལ། དབང་རྣམས་ཇི་ལྟར་ལེན་པ་ཡིས།། འདི་དག་མ་ལུས་བསྐྱེད་པར་བྱ།། གསང་བའི་དབང་ཆེན་དམ་པ་ནི།། ཡུམ་ཡང་མཚན་ཉིད་ལྡན ་པ་ལ།། རིགས་རྣམས་གནས་ནི་དག་ཏུ་དགོད།། དེ་ཡང་ཡུམ་གྱི་མཚན་བརྟགས་པ།། ཁྲུས་མཁན་གྱི་ནི་བདག་ཉིད་ཆེ།། དུང་དང་ཟླ་འདྲ་པདྨའི་མདོག། ལུས་ལེགས་སྐེད་ཕྲ་སེམས་མའི་ཚུལ།། སྨིན་དཀྱུས་རིང་ལ ་ལག་སོར་ཕྲ།། ཚིག་མིག་ཟླུམ་ལ་ཕྲ་བར་བཤད། ཁ་ནས་དྲི་ཞིམ་ངད་ལྡན་ཞིང་།། ལུས་ལ་ག་པུར་ཙནྡན་དྲི།། ཡིད་འོང་མཚན་ལྡན་སྐེད་སྐབས་ཕྱེད།། སྐྲ་འཇམ་མཐོན་མཐིང་གཡས་སུ་འཁྱིལ།། སོ་དཀར་ཚགས ་དམ་དཀར་དམར་ཕྱེད།། མིག་གི་དཀྱུས་རིང་སྨིན་དཀྱུས་ལེགས།། ཟར་མའི་མེ་ཏོག་རྒྱས་འདྲའི་མདོག། དཔྲལ་བའི་དབྱེས་ཆེ་སྐྲ་མཚམས་འཁྱུག་སྣ་བཟང་མདོག་གསལ་པདྨའི་རིགས།། ནུ་མའི་དཀྱིལ་མཐོ ་འཁྲིལ་བག་ཆགས། ཁོང་ད་ལ་འགྲོ་ན་གོམ་པ་འཇོལ།། སྐད་ནི་ངང་པ་གཞོན་ནུ་སྒྲོགས།། ཅིར་ཡང་མཛེས་པའི་སྟབས་ཚུལ་ལྡན།། བུ་མོ་མིག་རིངས་ཉིད་པ་ནི།། ཨུཏྤལ་སྔོན་པོའི་ལོ་མ་འདྲ།། གཟུགས་བྱེད་དར་ལ ་བབ་པས་བརྒྱན།། ཐམས་ཅད་རྒྱུ་ནི་ཡོངས་རྫོགས་པ།། བཞིན་མཛེས་ཡིད་དུ་འོང་བ་སྟེ།། བོང་འཚམས་ལོ་ནི་བཅུ་གཉིས་པ།། བཟུང་ནས་བསྒྲུབ་པ་བརྩམ་པར་བྱ།། ཕྱི་ས་གཅིན་སོགས་དམ་ཚིག་ལས།། ཆོ་ག ་བཞིན་དུ་གྲུ་བཞི་པ།། དཀྱིལ་འཁོར་བྱས་ནས་དེ་དབུས་སུ།། སྔར་གསུངས་པ་ཡི་གནས་དེར་བཞག། ཕྱག་རྒྱ་བཞི་དང་བདག་སྦྱོར་བ།། བདག་ཉིད་མོས་པའི་ལྷར་ཡང་བསྒོམ།། རང་གི་ལུས་ལ་བྱུགས་པ ་རྣམས།། བྱིན་གྱིས་བརླབས་པའི་གནས་སུ་དམིགས།། ནུ་མ་སྤྱི་གཙུག་པར་དག་དང་།། ལྟེ་བ་རྐེད་པ་རྐང་རྣམས་སུ།། རྒྱལ་བ་བདག་ཉིད་གསང་ལས་བསྐྱེད།། རིགས་ལྔ་རྣམས་ནི་རབ་ཏུ་དམིགས།། དེ་ཡི་སྙིང་གི ་དབུས་སུ་ནི།། ཉི་མའི་དཀྱིལ་འཁོར་བསམ་པར་བྱ།། དེ་དབུས་མི་འཁྲུགས་གཉིས་སུ་མེད།། ཕྱག་རྒྱ་བཞི་དང་ལྡན་པར་བྱ།། སྤྱི་གཙུག་དབུས་སུ་ཟླ་བ་སྟེ།། དེར་ནི་རྣམ་པར་སྣང་མཛད་གཙོ།། དེ་བཞིན་གཉིས་མེད ་ཀུན་སྦྱོར་བས།། ཕྱག་རྒྱ་བཞི་དང་ལྡན་པར་བྱ།། སྐྱེད་པའི་དབུས་སུ་ཟུར་བརྒྱད་པའི།། ནོར་བུ་རིན་ཆེན་གཙོ་གནས་པ།། དཀོན་མཆོག་དཔལ་རྣམས་བསམ་བྱས་ཏེ།། ཕྱག་རྒྱ་བཞི་དང་ལྡན་པར ་གནས།། ལྟེ་བའི་འོག་གི་ཕྱོགས་དག་ཏུ།། དཀར་དང་དམར་བའི་འདབ་མ་བརྒྱད།། པདྨའི་གདན་ལ་ཆོས་བཞུགས་པ།། ཕྱག་རྒྱ་བཞི་དང་ལྡན་པར་གནས།། རྐང་པ་དག་གི་དབུས་དག་ཏུ།། གྲུ་གསུམ་མེ་འདྲའི ་དཀྱིལ་འཁོར་ཏེ།། དེ་ཡི་དབུས་སུ་གདོན་མི་ཟ།། ཕྱག་རྒྱ་བཞི་དང་ལྡན་པར་གནས།། ཤེས་རབ་ལྡན་དེ་བྱིན་བརླབས་པས།། རྒྱལ་བའི་ཡུམ་ནི་ཡོན་ཏན་ལྡན།། དེ་ལ་གསང་བའི་དབང་ཡང་བསྐུར།། དབང་རྣམས ་གསུམ་ནི་འདི་ལྟར་བསྐུར།། སྔགས་ཀྱི་དབང་བསྐུར་ཨོཾ་གྱིས་དྲང་།། ཕྱག་རྒྱའི་དབང་བསྐུར་ཡན་ལག་བསྒྱུར།། རྫས་ཀྱི་དབང་བསྐུར་ལག་ཏུ་སྦྱིན།། ཉན་པ་ལ་སོགས་གང་བྱེད་ཀྱང་།། སློབ་དཔོན་མཉེས་པར་མ ་བྱས་ཤིང་།། དབང་རྣམས་ཐོབ་པར་མ་བྱས་ན།། བསྒོམ་མཉན་ལ་སོགས་གང་བྱས་ཀྱང་།། ཚེ་ཟུང་འགྱུར་ཞིང་ངན་སོང་སྐྱེ།། རྣམ་པར་དག་པ་ཆེན་པོ་ལ།། དབང་དང་རིམ་པ་ག་ལ་ཡོད།། རྟག་ཏུ་གནས་པའི་ཆོས་ནི ་མིང་དང་གཟུགས་མེད་དོ།། རྣམ་པར་དག་ལ་ཁྱད་པར་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། དབང་གི་ལེའུ་སྟེ་ཞེ་བཞི་པའོ།། །། ཨེ་མ་ཧོ་བསྟན་པ་མེད ་པའི་ཆོས་ཉིད་ཟབ་མོ་འདི།། གཉིས་མེད་དོན་དམ་ཀུན་ལ་ཁྱབ་པ་ལས།། ལོག་པར་རྟོག་པ་རྣམས་ལ་ཞི་བར་བསྟན་པས་ན།། སྨྲ་བའི་རྒྱལ་པོ་ཉིད་ལས་མི་གཞན་པ། འདི་མཚམས་མིག་སྟོན་ཞིག་ཟུགས་འ།། མགོན་པོ་ཁྱེད་ཀྱི ་དཔྲལ་བའི་དབྱེས་ཆེན་གསང་མདོག་མཛེས། ཁྱོད་ནི་གསེར་གྱི་རི་བོ་བརྩེགས་པ་འདྲ་ཞིང་ཡིད་དུ་མཆི།། ཡོན་ཏན་བརྒྱན་བལྟམ་བདག་ལུས་ནི།། འདིས་གསུངས་འགྲོ་བའང་བདག་འཚང་རྒྱ།། ཐུབ་པ་ཁྱུ་མཆོག ་འཇིག་རྟེན་སྒྲོན་མ་ལ་ནི་སུ་མི་འདུད།། འཇིགས་མེད་སྒྲ་སྒྲོགས་སྟོན་པའི་དགོངས་པ་འབྱིན་བྱེད་ལ། སྒྲ་མཆོག་ཡང་དག་དོན་སྟོན་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ་ཞི་དང་མ་ཞི་ཐམས་ཅད་དངོས་ལ ་གསལ།། ལུང་དང་གཏན་ཚིགས་ཀུན་གྱི་མཛོད།། དམིགས་མེད་དོན་དམ་ཡང་དག་འགྲོ་བའི་ལམ།། རྣམ་རྟོག་ཐམས་ཅད་ཞི་བར་བྱེད་པའི་བཀའ།། ཐམས་ཅད་མཉམ་པར་བྱེད་པ་ཞི་བའི་ངང་།། ཡེ་ནས་མཉམ ་ཉིད་རང་བཞིན་མི་འགྱུར་ལ།། དོན་དམ་རྟོགས་གསལ་བསྒོམ་བྱར་བྱེད་པ་རྒྱུད་ཀྱི་མཆོག། དྲི་མེད་ཆོས་སྐུ་རྣམ་དག་ཞི་བའི་བཀའ།། ཕྲ་ཞིང་རྟོགས་དཀའ་ཟབ་པའི་གསུང་།། གཞན་དང་ཐུན་མོང་མ་ཡིན་གསང ་སྔགས་ཚིག། དམ་ཚིག་བསྲུང་དང་བསྒྲུབ་པ་དང་།། ཇི་ལྟར་འཚམས་པ་རྣམས་ཀྱི་གསུང་།། གསུང་རབ་རྒྱ་མཚོ་རྣམ་ཐར་སྒྲ།། འཁོར་བའི་གཡུལ་རྒྱལ་དཔའ་བོ་གོ།། མི་ནུབ་རྒྱལ་མཚན་རྒྱ་མཚོའི་གཏེར།། གཞན ་དང་ཐུན་མོང་མ་ཡིན་བཀའ།། བཀའ་གསང་རྨད་འབྱུང་མདོ་ཡི་དོན།། འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ།། གཏི་མུག་མུན་པ་སེལ་བའི་སྒྲོན།། མདོ་སྡེ་འདུལ་བ་ཆོས་མངོན་དང་།། བཀའ་གསང་རྨད ་བྱུང་ཀུན་ལས་འཕགས།། དོན་དམ་དམིགས་མེད་རྒྱ་མཚོའི་ཀློང་།། བསྟན་པ་གཞན་ལས་འཕགས་པའི་སེངྒེའི་སྒྲ།། དོན་དམ་གསང་བའི་བཀའ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ་བསམ་གཏན་དག་གིས་རྣམ་གྲོལ ་ཚངས་པ་བཞིན།། གཟུགས་ཀྱི་འོད་གསལ་བརྒྱ་བྱིན་འདྲ་བ་སྟེ།། རྒྱལ་པོ་བཞིན་དུ་ནོར་འབྲུ་རབ་གཏོང་ཞིང་།། རིན་ཆེན་མཆོག་མངའ་ཐུབ་པ་ཚོང་དཔོན་བཞིན།། གཟུགས་ཀྱི་འོད་གསལ་བརྒྱ་བྱིན་འདྲ་བ་སྟེ།། ཞི ་བ་སྒྲོགས་མཛད་རི་ལ་སེངྒེ་བཞིན།། མི་འགུལ་བརྟན་པ་ལྷུན་པོ་འདྲ་བ་སྟེ།། རྒྱ་མཚོ་བཞིན་དུ་འཁྲུགས་པ་མི་མངའ་ཞིང་།། ཡོན་ཏན་སྐྱོན་གྱི་རང་བཞིན་མཚུངས་པར་སྤྱོད།། དྲི་མ་དེ་དག་བྱེད་པ་ཆུ་བཞིན་ཏེ།། ཐུབ ་པ་མེ་ལྟར་ཉོན་མོངས་ནགས་ཚལ་བསྲེག། རླུང་ལྟར་གང་ལའང་ཆགས་པ་མི་མངའ་ཞིང་།། ཐུབ་པ་ལྷ་ལྟར་ཡང་དག་ཉིད་ཀྱང་སྟོན།། ཀླུ་ལྟར་ཐུབ་པས་ཆོས་ཀྱི་ཆར་འབེབས་ཤིང་།། ཆར་པ་བཞིན་དུ་འགྲོ་བ་ངོམས ་པར་མཛད།། ཕ་རོལ་མུ་སྟེགས་འཇོམས་པས་སེངྒེའི་སྒྲ།། མེ་ཏོག་བཞིན་དུ་ཡོན་ཏན་དྲི་ཡང་ལྡང་།། ཚངས་པ་བཞིན་དུ་སྙན་པའི་ཚིག་གསུང་ཞིང་།། འགྲོ་བའི་སྡུག་བསྔལ་གྲོལ་མཛད་སྨན་པ་བཞིན།། སེམས ་སྙོམས་ཞི་བར་གནས་པ་མ་བཞིན་ཏེ།། འགྲོ་བ་རྟག་ཏུ་རྗེས་འཛིན་མཛའ་བཤེས་འདྲ།། ང་རྒྱལ་དགྲ་འཇོམས་རྡོ་རྗེ་བརྟན་བཞིན་ཏེ།། ཐུབ་པ་མཚོན་བཞིན་སྲིད་པའི་ཁྲི་ཤིང་གཅོད།། ཟམ་པའི་ཤིང་བཞིན་འགྲོ་བ ་སྒྲོལ་མཛད་ཅིང་།། ཀླུ་ཐུབ་མེ་ཤེལ་བཞིན་དུ་སྦུར་རྣམས་བསྲེག། ཐུབ་པ་ཟླ་ལྟར་འོད་གསལ་གཏོང་མཛད་ཅིང་།། བློ་ཡི་པདྨ་ཁ་འབྱེད་ཉི་མ་བཞིན།། འབྲས་མཆོག་རྡོ་རྗེ་སྦྱིན་མཛད་ལྗོན་ཤིང་འདྲ།། ཐུབ་པ་བྱ ་བཞིན་དྲང་སྲོང་ཚོགས་ཀྱིས་བསྐོར།། རྒྱལ་བའི་བློ་ཡངས་རྒྱ་མཚོ་འདྲ་བ་སྟེ།། འགྲོ་བ་དག་ལ་སེམས་སྙོམས་ཉི་མ་བཞིན།། རྨི་ལམ་བཞིན་དུ་སྟོང་པ་ཉིད་རྟོགས་ཤིང་།། འཇིག་རྟེན་རྗེས་སུ་མཐུན་འཇུག་ཆུ་དང ་འདྲ།། ཐུབ་པ་མཚན་མཆོག་མངའ་བ་ཐུགས་རྗེ་ཅན། ཁྱོད་ཀྱིས་སེམས་ཅན་བྱང་ཆུབ་ལུང་ཡང་བསྟན།། སེམས་ཅན་མང་པོ་མཐའ་ཡས་ཁྱོད་ཀྱིས་བཏུལ།། བྱང་ཆུབ་མཆོག་རབ་ཏུ་ནི་བདག་ལུང་བསྟན།། དྲང་སྲོང ་ཆེན་པོ་བདེ་གཤེགས་ཤེས་རབ་མཆོག། བདག་གི་འགྲོ་བ་ཉོན་མོངས་འཐབ་རྩོད་ཆེ།། སངས་རྒྱས་བྱང་ཆུབ་ལུང་བསྟན་དོན་ཆོད་ལ།། འགྲོ་ལ་དཔག་མེད་ཞི་བའི་ལམ་ལ་འཁོད།། སྟོན་པ་ཡེ་ཤེས་ཅན་ལ་ཕྱག ་འཚལ་བསྟོད།། ཅེས་བསྟོད་དོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། དོན་རྟོགས་པས་བསྟོད་པའི་ལེའུ་སྟེ་བཞི་བཅུ་ལྔ་པའི་ཐ་མའོ།། །། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི ་སེམས་ལུང་ཆེན་པོའི་མདོ་རྫོགས་སོ།། སྤ་གོར་བེ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།། ། @#།། རྒྱ་གར་སྐད་དུ། སརྦ་དྲྀཥྚི་རཱ་ཛ་ས་མནྟ་བྷ་དྲཱ་དྷི་མ་ཏྲ་སཱ་སྟི་ཏརྠ། ་