CLOSE WINDOW

Gpb011.001: de bzhin gshegs pa thams cad kyi sku dang / gsung dang / thugs kyi gsang ba dur khrod khu byug rol pa'i rgyud ces bya ba theg pa chen po'i mdo
Wyliee-texts produced with BDRC’s OCR application

བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། དཔལ་རྡོ་རྗེ ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། ཐིག་ལེ་བྱང་ཆུབ་སེམས་ཀྱི་རྡོ་རྗེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་རྣམ་པར་དག་པའི་བདག་ཉིད། པད་མ་ཆེན་པོ་རྣམ་པར་དག་པའི་གསུང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་པ། ཡིད་བཞིན་གྱི་རིན་པོ་ཆེ་རྒྱལ ་པོའི་ཡོན་ཏན་མཉམ་པ་ཆེན་པོས་ཀུན་ཏུ་ཁྱབ་པར་མཛད་པ། ཀུན་ཏུ་འདུལ་བའི་ཕྲིན་ལས་ཀྱི་སྒོ་ཡངས་པར་ཀུན་ཏུ་མཛད་པ། སྐུ་གསུང་ཐུགས་ཡོན་ཏན་དམ་ཚིག་ཆེན་པོ་མ་ལུས་པའི ་བདག་ཉིད་ཆེན་པོ། དུས་གསུམ་གྱིས་ཆོས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་གཉིས་སུ་མེད་པའི་རང་བཞིན། རོལ་པའི་རྫུ་འཕྲུལ་སྣ་ཚོགས་པར་རྣམ་པར ་འཕྲུལ་པར་མངའ་བརྙེས་པ་དེ། འོག་མིན་གྱི་གནས་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ། བཙུན་མོའི་བྷ་ག་ལ་ཕོ་བྲང་ལྷུན་གྱིས་གྲུབ་པ་དུར་ཁྲོད་ཀྱི་གཞལ་ཡས་ཁང་། རྣམ་པ་སྣ ་ཚོགས་ཀྱི་ཁ་དོག་དབྱིབས་ལ་སྩོགས་པའི་འདོད་པའི་ཡོན་ཏན་གྱི་ཁྱད་པར་རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་པ་ཚད་མེད་པ་རྣམས་ཀྱིས། ཕྱི་དང་ནང་མེད་པར་ཕྱོགས་བཅུར་འཁྲིགས ་པར་བཀླུབས་པར་རང་བྱུང་བ་ན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱལ་བ་སངས་རྒྱས་ནམ་མཁའི་མཐའ་ཀླས་པ་དང་། རྣལ་འབྱོར་མ་ཆེན་མོ་དང་། རྣལ་འབྱོར་ཆེན་པོ་སེམས་དཔའ ་ཆེན་པོ་སེམས་མ་དང་བཅས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིང་གི་རྡུལ་སྙེད་དང་། གཞན་ཡང་ཧེ་རུ་ཀ་རོལ་པའི་ཚོགས་གྲངས་མེད་པ་བརྗོད་དུ་མེད་པ་རྣམས་དང་། སྤྲུལ་པ་ཆེན་པོ་སྲས་ཀྱི་འཁོར་ཇི ་སྙེད་པ་ལ་སྩོགས་པ་སེམས་དང་སེམས་ལས་བྱུང་བ་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཇི་ལྟ་བ་དང་ཇི་སྙེད་པ་རྣམས་དང་། ཐབས་ཅིག་ཏུ་བསྙེངས་པ་མི་མངའ་བར་བཞུགས་པ་ནི། དཔེར་ན་ཡུངས་འབྲུ ་སྣུམ་གྱིས་གང་བ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ།། ཡུམ་ཀུན་ཏུ་བཟང་མོ་ཡང་ཉིད་ཀྱི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བསྙེངས་པ་མི་མངའ་བར་མངོན་པར་འདུ་མཛད་དོ།། འཁོར་གྱི་དཀྱིལ་འཁོར་དེ་ཉིད་ན ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཡང་བཙུན་མོ་ཆོས་སྐུ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པའི་ཚུལ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བཀའ་ནོད་ཅིང་སྤོང་བ་ཅན་དུ་བཞུགས་སོ།། དེ་ནས ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། སེམས་དང་སེམས་ལས་བྱུང་བ་དང་། འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་ཆོས་དུས་གསུམ་དང་། སྲིད་པ་གསུམ་གྱིས་བསྡུས་པ་དང་། གཞན་ཡང་བསམ ་གཏན་དང་སྙོམས་པར་འཇུག་པ་དང་། འགོག་པ་དང་། སའི་ཁྱད་པར་ལ་སྩོགས་པའི་ཆོས་སྣང་གྲག་ལ་རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་ཏུ་ཁྱབ་པར་གཟིགས་སོ།། རྣམ་པར་གཟིགས་སོ།། དེ་བཞིན་དུ་ཕྱོགས་བཅུ་དང ་དུས་གསུམ་གྱི་རྒྱལ་བ་གྲངས་མེད་པ་རྣམས་ལ་ཡང་རྣམ་པར་གཟིགས་སོ།། རྣམ་པར་གཟིགས་ནས་ཆོས་ཐམས་ཅད་སྟོང་པ་ཆེན་པོའི་དོན་ལ་མནལ་ཏེ། སྒྲ་བསམ་ལས་འདས་པ་དེ་བཞིན་ཉིད་ཀྱི ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཆེན་པོར་གྱུར་པ་ནི། དཔེར་ན་ནམ་མཁའི་མཚན་ཉིད་ཙམ་དུ་ཡང་བསྐྲུན་དུ་ཡོད་པ་མ་ཡིན་ནོ།། དེ ་ནས་ཡུམ་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་བཞིན་དུ་སྟོང་པ་ཉིད་ཀྱི་ངང་ལས་གླུ་འདི་བསྐུལ་ལོ།། ཨེ་ཨེ་མའོ།། སྟོང་ཉིད་བདག་མེད་རྣམ ་དག་ཀློང་ཡངས་ནས།། སྙོམས་པའི་ཐུགས་རྗེ་འབྱུང་བར་མི་དམིགས་ཀྱང་།། ཤེས་རབ་དོན་དམ་ཆོས་སྐུ་དག་པ་ལས།། མི་འགོག་ཐབས་ཀྱི་སྙིང་རྗེ་ནམ་མཁར་སྟོན་ཏོ།། ཞེས་བསྐུལ་བས། གསང་བ་མཆོག་གི ་བདག་པོ་དེས། བསྐུལ་བར་མཁྱེན་ནས། སྟོང་པ་ཉིད་ཀྱི་ངག་ལ་མནལ་བཞིན་དུ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་ཁྱབ་པ་ཆེན་པོ་སྙིང་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས ་སོ།། དེའི་ཚེ་ཆོས་ཐམས་ཅད་སྙིང་རྗེ་ནམ་མཁའི་ངོ་བོ་ཙམ་དུ་གནས་པར་གྱུར་ཏོ།། དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་སྟོང་པ་ཉིད་ཀྱི་ངང་ལས་གླུ་འདིས་བསྐུལ་ཏོ།། ཨེ་མ་ཧོ།། མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ ་ནི།། མཁའ་ལྟར་གོ་ཡང་འབྱེད་ཅིང་ཀུན་ལ་ཁྱབ།། རིག་པ་སྙིང་རྗེ་ནམ་མཁའི་དབྱིངས་རུམ་ནས།། ལོངས་སྤྱོད་རྫོགས་པའི་སྐུ་མཆོག་བསྟན་དུ་གསོལ།། ཨ་ལ་ལ་ཧོ་ཞེས་རྣམ་པར་བསྐུལ་ལོ།། དེ་ནས་བཅོམ་ལྡན ་འདས་གསང་བ་མཆོག་གི་བདག་པོས་བསྐུལ་བར་མཁྱེན་ནས། སྙིང་རྗེའི་ངང་ནས་རིག་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་ཏེ། ནམ་མཁའི་དབྱིངས་ནས་རྡོ་རྗེའི་སྐུ་མངོན་དུ་ཕྱུང་སྟེ། དཔེར་ན་ནམ་མཁའི་དབྱིངས་རུམ ་ནས་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་གཟི་བརྗིད་ལྟ་བུའོ།། དེ་ནས་ཡུམ་ཀུན་ཏུ་བཟང་མོས་སྨིན་རིང་བསྒྱུར་ཏེ་སྤྱན་འཛུབ་བག་ཏུ་བལྟས་ནས། རྨད་དུ་བྱུང་བའི་གར་གླུས་རྣམ་པར་བསྐུལ་བའི་ཕྱིར་གླུ་འདི ་བླངས་སོ།། ཨེ་མ་ཧོ།། ཡིད་བཞིན་སྐུ་མཆོག་ཉི་མ་ལྟ་བུ་ལས།། སྤྲུལ་པའི་ཆོ་འཕྲུལ་རྡོ་རྗེ་གར་མཛད་ཅིང་།། བརྗིད་པའི་སྐུ་མཆོག་ཡོངས་སུ་རྫོགས་པ་ཡི།། འབར་བའི་སྐུ་མཆོག་བདག་ལ་བསྟན་དུ་གསོལ།། ཨ ་ལ་ལ་ཧོ།། ཞེས་རྣམ་པར་བསྐུལ་བས། བསྐུལ་བར་ཐུགས་སུ་ཆུད་དེ། རོལ་པའི་སྐུ་ཞལ་གསུམ་པ་ལྟ་བུར་སྣང་བ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་དགུ་པ་ཅན་ལྟ་བུར་སངས་རྒྱས་རྣམས་ཀྱིས་གཟིགས་པར་གྱུར་ཏོ།། དེ་ནས ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཧཱུཾ་ཞེས་བརྗོད་པས་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་བསྡུ་བར་མཛད་དོ།། བསྡུ་བར་མཛད་ནས་ཡང་ཉིད་ཀྱི་སྐུ་རྣམ་པ་སྣ་ཚོགས་ཀྱི་གླུ ་དང་གར་དང་བཏེག་པ་དང་བསྟིམ་པ་དང་སྦྱོར་བ་དང་། འཁྱུད་པའི་ཚུལ་རྣམ་པར་རོལ་པས། ཡུམ་ཀུན་ཏུ་བཟང་མོ་ལ་སྨིན་རིང་བསྐུར་ཅིང་། སྤྱན་ཟིམ་བག་གི་ཚུལ་གྱིས་གཟིགས་ཏེ། ཡང་ཆགས་པ ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་ཞལ་འཛུམ་བག་དང་བཅས་ནས་ཆགས་པའི་གླུ་འདིས་བསྐུལ་ཏེ། ཨེ་མའོ།། རོལ་པའི་ཆོ་འཕྲུལ ་འབར་བའི་སྐུ་མཆོག་ལས།། ཁྱབ་པའི་བྱིན་རླབས་རྡོ་རྗེའི་གར་མཛད་ཅིང་།། གསང་བ་བྷ་ག་ཡངས་པའི་མཁའ་དཀྱིལ་དུ།། རེ་སྐོང་བདུད་རྩིའི་ཆར་ཆེན་དབབ་ཏུ་གསོལ།། ཨ་ལ་ལ་ཧོ།། ཞེས་རྣམ་པར་བསྐུལ ་བས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། གཉིས་སུ་མེད་པར་རོལ་པའི་ཚུལ་གྱིས་གར་མཛད་ཅིང་། རྡོ་རྗེའི་གླུ་འདི་བླངས་སོ།། ཨ་ཧོ།། བདེ་མཆོག་འདུ་འབྲལ་མེད་པའི་དབྱིངས་ཉིད ་ནི།། འཛུམ་ཞིང་འཁྱིལ་བ་པདྨའི་བྷ་ག་རུ།། དགའ་མཆོག་རྡོ་རྗེ་གསང་བའི་བྱང་ཆུབ་སེམས།། དྲི་མེད་རིན་ཆེན་ཆར་འབབ་རྒྱུན་མི་འཆད།། ཧོ་ཞེས་གསུངས་སོ།། དེ་ནས་ཆགས་པ་ཡུམ་གྱི་བྱང་ཆུབ་སེམས ་ཀྱིས་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་སེམས་ལ་བསྐུལ་བའི་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་བསྒྲགས་སོ།། ཨ་ཧོ། ཆགས་པ་ཆེན་པོ་དབང་གི་བྱང་ཆུབ་སེམས།། དུས་གསུམ་བདེར་གཤེགས་རྣམས་ཀྱི་རྩ་གཞི ་མཆོག། དྲི་མེད་སྐྱོན་བྲལ་པདྨའི་འོད་ཟེར་ལས།། མུ་ཏིག་དྲི་མེད་བསིལ་བའི་འོད་ཟེར་སྤྲོས་ཧོ།། ཡང་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་སེམས་ལས། ཆགས་པ་ཡུམ་གྱི་བྱང་ཆུབ་སེམས་ལ་བསྐུལ་བའི་ཆོ་འཕྲུལ་གྱི་སྒྲ ་འདི་སྐད་ཅེས་གྲགས་སོ།། ཨ་ཧོ།། གསལ་ཞིང་དག་པ་ཟླ་བའི་དཀྱིལ་འཁོར་ནི།། སྐྱོན་གྱིས་མ་གོས་རྣམ་དག་བྱང་ཆུབ་སེམས།། དུས་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་ཉིད་དེ།། བསིལ་བའི་འོད་ཟེར་པདྨའི་གནས ་སུ་སྤྲོ།། ཧོ་ཞེས་སྤྲོས་ཞིང་བསྐུལ་ལོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་སྤྲོ་བསྡུ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡང་ཆེད་དུ་བརྗོད་པ་འདི་བརྗོད ་དོ།། ཨེ་མའོ།། བདེ་མཆོག་བདེ་བའི་བྱང་ཆུབ་སེམས་ནི་རབ་འཕྲོས་པས།། སངས་རྒྱས་ཀུན་གྱི་ཐུགས་བསྐུལ་ཞིང་།། འགྲོ་བ་ཀུན་གྱི་རྒྱུད་སྦྱངས་ཏེ།། སླར་བསྡུས་དབྱིངས་སུ་ཐིམ་པ་ལས།། བྱང་ཆུབ་སེམས ་ཀྱི་ཐིག་ལེར་གསལ།། ཐིག་ལེའི་འོད་ཀྱིས་ཁྱབ་པ་ལས།། བྱང་ཆུབ་སེམས་ཀྱིས་ཀུན་ཏུ་ཁྱབ།། ཅེས་གསུངས་སོ།། དེའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གནས ་སོ། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་བཙུན་མོའི་བྷ་ག་ལས། དམ་ཚིག་ཆེན་པོའི་ཕོ་བྲང་གྲུ་བཞིར་བྱིན་གྱིས་བརླབ་པའི་ཕྱིར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྙིང་པོ་འདི ་ཕྱུང་ངོ་།། བྷྲཱུཾ་དེ་ནས་ཡང་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་གསང་བ་མཆོག་གི་གནས།། འཁོར་ལོའི་རྒྱན་དང་རོལ་མོའི་རྒྱན།། འདོད་པའི་ཡོན་ཏན་ལྔ་ཡིས ་གང་།། ཉི་ཟླ་གསལ་བའི་དཀྱིལ་འཁོར་ལྡན།། འོད་འཕྲོས་འབར་བས་ཕྱོགས་བཅུར་འཁྲིགས།། གྲུ་བཞི་སྒོ་ཁྱུད་རྣམས་ཀྱིས་མཛེས།། སྣ་ཚོགས་སངས་རྒྱས་ཀུན་གྱི་གནས།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན ་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེས། ཏིཥྛ་བཛྲ་ཨ་ཞེས་བརྗོད་དེ་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པར་གྱུར་ཏོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཐམས་ཅད་མ་ལུས་པའི་ཚུལ་རྡོ་རྗེ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཧཱུཾ་བཛྲ་དྷྲྀཀ། དེ་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད། ཞེ་སྡང་གི་སྐུ་རྗེས ་སུ་དྲན་ཏེ། སྔགས་ཀྱི་ཡི་གེ་འཕྲོས་འདུས་པས། ཡིག་འབྲུ་ལས་ཆོ་འཕྲུལ་གྱིས་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཀུན་གྱི་གསུང་། བསྡུ་བའི་རྡོ་རྗེ་དེ་ཉིད་ནི།། ཞེ་སྡང་རྒུད་ཀྱིས་སངས་རྒྱས ་རྣམས།། བསྐྱོད་མེད་ཡི་གེར་གནས་པའོ།། ཞེས་གྲགས་སོ།། དེ་ནས་སྙིང་པོ་ཡི་གེ་དེ་ཉིད་ཐུགས་ཀྱི་མཚན་མ་རྡོ་རྗེ་རྩེ་མོ་ལྔ་པ་ལྟ་བུར་གནས་པར་གྱུར་ཏོ།། རྡོ་རྗེ་དེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས ་སོ།། ཨེ་མའོ་སངས་རྒྱས་ཀུན་གྱི་ཐུགས།། འདུས་མ་བྱས་པའི་ངོ་བོ་ཉིད།། ཡེ་ཤེས་ལྔ་རུ་སྣང་བས་ན།། ཐུགས་ཀྱི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཐུགས་དེ་ཉིད་སྤྲོ་བ་དང་བསྡུས་པའི་ངོ་བོར་མངོན ་པར་འདུ་མཛད་པ་ལས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོར་སྦྱོར་བའི་ཐབས་ཀྱིས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ། སྟོན་པའི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གླེངས་སོ།། ཨེ་མའོ་ང་ནི་རང་བྱུང ་སྟེ།། བདེ་བ་ཐུགས་ཀྱི་མཚན་མ་ཡིན།། གཉེན་པོ་ཅིས་ཀྱང་མི་ཤིགས་པས།། བསྐྱོད་མེད་ཕྱག་རྒྱ་བསྟན་པ་ཡིན།། ཞེས་གླེང་སྟེ། ཨ། ཞེས་བརྗོད་ཅིང་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོའི་སྐུ་གསུང་ཐུགས་ཉིད་ལ ་བཞུགས་སོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། ཐམས་ཅད་གནས་པར་འབྱུང་བ་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས ་སྐུ་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཨོཾ་ཛི་ན་ཛི་ཀ། འདི་ཕྱུང་མ་ཟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་གཏི་མུག་གི་སྐུ་རྗེས་སུ་དྲན་ཏེ། གསུང་ཡིག་འབྲུ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ། ་སངས་རྒྱས་ཐམས་ཅད་ཀྱི།། གསུང་ནི་གཏི་མུག་རྒྱལ་བ་སྟེ།། རྡོ་རྗེ་རྒྱལ་པོ་རྣམ་པར་དག། རྣམ་དག་གསུང་ནི་དྲི་མ་མེད།། ཅེས་གྲགས་སོ།། དེ་ནས་སྙིང་པོ་ཡི་གེ་དེ་དག་འཕྲོ་བ་དང་འདུལ་བ་ལས། ཐུགས་ཀྱི ་མཚན་མ་འཁོར་ལོ་ཟུར་བརྒྱད་པ་ལྟ་བུར་གནས་པར་གྱུར་ཏོ།། དེའི་ཚེ་འཁོར་ལོ་དེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཀུན་གྱི་ཐུགས།། ཆོས་ཀྱི་འཁོར་ལོ་རབ་བསྒྱུར ་བ།། ཉོན་མོངས་དྲ་བ་གཅོད་པར་བྱེད།། སྐུ་ཡི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཐུགས་ཀྱི་མཚན་མ་དེ་ཉིད་འཕྲོ་བ་དང་བསྡུ་བ་ལས། སྣང་མཛད་སེམས་དཔའི་སྐུ་གསུང་ཐུགས་སུ་སྦྱོར་བའི་ཐབས ་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་ང་ནི་རང་བྱུང་སྟེ།། སངས་རྒྱས་ཀུན་གྱི་སྐུ་ཡི་བདག། སངས་རྒྱས་ཀུན་ནི་ཐམས་ཅད་ཀྱི།། སྐུ་ཡི་ཕྱག་རྒྱ་བརྟན་པ་ཡིན།། ཞེས ་གླེང་སྟེ། ཨ། ཞེས་བརྗོད་ཅིང་སྤྱན་སྔར་བཞུགས་སོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས།། རིན་ཆེན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ལས་ཡིད་བཞིན་གྱི་ནོར་བུའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། སྭ་རཏྣ་དྷྲྀཀ། འདི་ཕྱུང་མ་ཟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ང་རྒྱལ་གྱི་སྐུ་རྗེས་སུ་དྲན་ཏེ། གསུང་ཡིག་འབྲུ་ལས་ཆོ་འཕྲུལ་གྱི ་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཡིད་བཞིན་གསུང་ནི་བླ་ན་མེད།། ཡོན་ཏན་ཀུན་གྱི་འབྱུང་གནས་གཙོ།། རིན་ཆེན་གསུང་ནི་དག་པའོ།། ཞེས་གྲགས་སོ།། དེ་ནས་སྙིང་པོ་ཡི་གེ་དེ ་ཉིད་འཕྲོས་འདུས་པ་ལས་ཐུགས་ཀྱི་མཚན་མ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུར་གནས་པར་གྱུར་ཏོ།། དེའི་ཚེ་རིན་པོ་ཆེ་དེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་རིན་ཆེན་ཀུན་གྱི་ཐུགས།། རེ་སྐོང ་རིན་ཆེན་རབ་འབར་བ།། མི་འགྱུར་ནམ་མཁའི་ཁ་དོག་འདྲ།། རིན་ཆེན་ཐུགས་ནི་རབ་ཏུ་བརྟན།། ཞེས་གྲགས་སོ།། དེ་ནས་ཐུགས་ཀྱི་མཚན་མ་དེ་ཉིད་སྤྲོ་བ་དང་བསྡུ་བ་ལས་རིན་ཆེན་སེམས་དཔའི་སྐུ ་གསུང་ཐུགས་ཀྱི་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ། འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་ང་ནི་རང་བྱུང་སྟེ། ཡིད་བཞིན་ནོར་བུའི་མཚན་མ་ཡིན།། ཟད་མི་ཤེས་པའི་གཏེར་དུ ་འགྱུར།། ཡོན་ཏན་ཕྱག་རྒྱ་བརྟན་པ་ཡིན།། ཞེས་གསུངས་ཏེ། ཨ་ཞེས་བརྗོད་ཅིང་གཡས་ཕྱོགས་སུ་བཞུགས་སོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། གསལ་བ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསུང་གི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཨཱཾ་ཨཱ་རོ་ལྀ་ཀ། འདི་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་འདོད་ཆགས་ཀྱི་སྐུ་རྗེས་སུ ་དྲན་ཏེ་གསུང་གི་ཡི་གེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་གསུང་ནི་ཀུན་ཏུ་གྲགས།། རྣམ་དག་གསུང་ནི་བསམ་མཐའ་ཡས།། དྲི་མ་མེད་པས་རྣམ་པར ་དག། ཅེས་གྲགས་སོ།། དེ་ནས་སྙིང་པོ་ཡི་གེ་དེ་ཉིད་འཕྲོས་འདུས་པ་ལས། ཐུགས་ཀྱི་མཚན་མ་པདྨ་འདབ་མ་བརྒྱད་པ་ལྟ་བུར་གནས་པར་གྱུར་ཏོ།། དེའི་ཚེ་པདྨ་དེ་ལས་ཆོ་འཕྲུལ་གྱི་སྒྲ་འདི་སྐད་ཅེས ་གྲགས་སོ།། ཨེ་མའོ་གསུང་མཆོག་ཀུན་གྱི་བདག། ཆགས་མེད་སྐྱོན་གྱིས་གོས་པ་མེད།། དྲི་མེད་པདྨ་རཱ་གའི་མདོག། ཆོས་ཀྱི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཐུགས་ཀྱི་མཚན་མ་དེ་ཉིད་འཕྲོ་བ་དང ་འདུ་བ་ལས། ཆོས་ཀྱི་སེམས་དཔའི་སྐུ་གསུང་ཐུགས་སུ་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་ང་ནི་རང་བྱུང་སྟེ། པདྨ་ཆོས་ཀྱི་མཚན་མ ་ཡིན།། ཐམས་ཅད་ཆགས་མེད་སྐྱོན་དང་བྲལ།། ཆོས་ཀྱི་ཕྱག་རྒྱ་བརྟན་པ་ཡིན།། ཞེས་གསུངས་ཏེ། ཨ། ཞེས་བརྗོད་ཅིང་རྒྱབ་ཕྱོགས་སུ་བཞུགས་སོ།། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་རྡོ་རྗེ ་གྲོ་བ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དམ་ཚིག་གི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཧཱ་པྲཛྙཱ་དྷྲྀ་ཀ། འདི་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས ་ཅད་ཕྲག་དོག་གི་སྐུ་རྗེས་སུ་དྲན་ཏེ། གསུང་ཡིག་འབྲུ་ལས་ཆོ་འཕྲུལ་གྱི་སྒྲ་སྐད་འདི་སྐད་ཅེས་གྲགས་སོ།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། དམ་ཚིག་གསུང་འདི་མཐར་ཕྱིན་པས།། དོན་ཀུན་མ་ལུས་ཀུན་གྲུབ ་པའི།། དམ་ཚིག་གསུང་ནི་དགའ་བའོ།། ཞེས་གྲགས་སོ།། དེ་ནས་སྙིང་པོ་ཡི་གེ་དེ་ཉིད་འཕྲོ་བ་དང་འདུ་བ་ལས་ཐུགས་ཀྱི་མཚན་མ་རལ་གྲི་ལྟ་བུར་གནས་པར་གྱུར་ཏོ།། དེའི་ཚེ་རལ་གྲི་དེ་ལས་ཆོ་འཕྲུལ་གྱི་སྒྲ་འདི ་སྐད་ཅེས་གྲགས་སོ།། ཨེ་མའོ་དམ་ཚིག་ཀུན་གྱི་ཐུགས།། མཐའ་རྣམས་གཉིས་ལ་མི་གནས་ཤིང་།། ཉོན་མོངས་དྲ་བ་གཅོད་པར་བྱེད།། ལས་ཀྱི་ཐུགས་ནི་བརྟན་པའོ།། ཞེས་གྲགས་སོ།། དེ་ནས་ཐུགས་མཚན་དེ ་ཉིད་འཕྲོ་བ་དང་འདུ་བ་ལས་ལས་ཀྱི་སེམས་དཔའི་སྐུ་གསུང་ཐུགས་སུ་སྦྱོར་བའི་ཐབས་ཀྱི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ།། ཨེ་མའོ་ང་ནི་རང་བྱུང་སྟེ།། དམ་ཚིག་མཚན ་མ་ཞེས་སུ་བྱ།། ཀུན་གྱི་བྱ་བ་བྱེད་པ་པོ།། ལས་ཀྱི་ཕྱག་རྒྱ་བརྟན་པ་པོ།། ཞེས་གསུངས་ཏེ། ཨ། ཞེས་བརྗོད་ཅིང་གཡོན་ཕྱོགས་སུ་བཞུགས་སོ།། རྡོ་རྗེ་འཁོར་ལོ་རིན་ཆེན་དང་།། པདྨ་རལ་གྲི་མཚོན་ཆ་ལྔ།། ཅི ་འདོད་ལས་རྣམས་འགྲུབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ལས་ནམ་མཁའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། མུཾ་དྷ་ཏཱི་ཤྭ་རཱི། འདི་ཕྱུང་མ་ཐག་ཏུ་ཡུམ་དབྱིངས་ཕྱུག་མའི་སྐུ་དང་གསུང་དང་ཐུགས་སུ་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན ་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་དག་པ་བདག་མེད་པ།། ནམ་མཁའི་ངང་དུ་རབ་སྦྱོར་བས།། ནམ་མཁའི་ཚུལ་འདི་བརྟན་པའོ།། ཞེས་གསུངས ་ཏེ། ཡུམ་ཀུན་ཏུ་བཟང་མོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་ཐིམ་སྟེ། རྡོ་རྗེ་འཛིན་པའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་བརྟན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང ་དང་ཐུགས་རྡོ་རྗེ་ལས་སའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ལཾ་དེ་ཥ་ར་ཏི། འདི་ཕྱུང་མ་ཟག་ཏུ་རྡོ་རྗེ་དབྱིངས་ཕྱུག་མའི་སྐུ་དང་གསུང་དང་ཐུགས་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན ་ཏེ། འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་བརྟན་པའི་བདག་ཉིད་དེ།། སྲ་བརྟན་དང་དུ་རབ་སྦྱོར་བས།། སྲ་བརྟན་ཚུལ་དུ་བརྟན་པའོ།། ཞེས་གསུངས་ཏེ། སྣང་མཛད་སེམས་དཔའི ་སྐུ་ལ་དགྱེས་པའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་སྡུད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཆུའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། མཾ་མོ་ཧ་ར་ཏི། འདི ་ཕྱུང་མ་ཐག་ཏུ་རིན་ཆེན་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ། འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་སྡུད ་པའི་བདག་ཉིད་དེ།། འཁྲིལ་བའི་ངང་དུ་ཀུན་སྦྱོར་བས།། སྡུད་པའི་ཚུལ་འདི་བརྟན་པའོ།། ཞེས་གསུངས་ཏེ་རིན་ཆེན་སེམས་དཔའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་འབར་བ་རྡོ་རྗེའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་མེའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། པཱཾ་རཱ་ག་ར་ཏི། འདི་ཕྱུང་མ་ཐག་ཏུ་ཆོས་ཀྱི་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས་སུ་སྦྱོར་བའི་ཐབས ་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་སྨིན་པའི་ངོ་བོ་ཉིད།། གསལ་དྲོའི་ངང་དུ་ཀུན་ཏུ་སྦྱོར།། སྨིན་པའི་ཚུལ་འདི་བརྟན ་པའོ།། ཞེས་གསུངས་ཏེ། ཆོས་ཀྱི་སེམས་དཔའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་གཡོ་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རླུང ་གི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཏཱཾ་བཛྲ་ར་ཏི། འདི་ཕྱུང་མ་ཐག་ཏུ་ལས་ཀྱི་དབྱིངས་ཕྱུག་མའི་སྐུ་དང་གསུང་དང་ཐུགས་སུ་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས ་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་གཡོ་བའི་བདག་ཉིད་དེ།། གཡོ་བའི་ངང་དུ་ཀུན་སྦྱོར་བས།། གཡོ་བའི་ཚུལ་འདི་བརྟན་པའོ།། ཞེས་གསུངས་སོ།། ནམ་མཁའ་ས་ཆུ་མེ་དང་རླུང་།། ཅི་ལྟར ་འདོད་བཞིན་བརྟན་བྱས་པར།། བསྒྲུབས་ན་ལས་རྣམས་ཐམས་ཅད་ཀྱང་།། ངེས་པ་ཉིད་དུ་འགྲུབ་པར་འགྱུར།། གཞན་ཡང་སེམས་དཔའ་སེམས་མ་དང་།། ཁྲོ་བོ་དང་ནི་ཁྲོ་མོ་དང་།། སྒོ་སྐྱོང་སྦྲུལ་སྐུ ་ལ་སྩོགས་ཏེ།། བསམ་ཡས་ཇི་སྙེད་བཀོད་པ་རྣམས།། གཉིས་མེད་བདག་པོའི་བྱིན་རླབས་ལས།། སོ་སོ་རང་རིག་གསང་སྔགས་དང་།། ཐུགས་མཚན་རང་རྟགས་ཕྱག་རྒྱ་ལས།། སོ་སོ་ཡོངས་སུ་རྫོགས་པའི ་སྐུ།། རང་རང་མཚན་ཉིད་ཡོངས་བརྗོད་ཅིང་།། རྡོ་རྗེ་གསང་བའི་གྲལ་འཁོད་དེ།། བསམ་ཡས་དག་ཀྱང་དེ་བཞིན་ནོ།། གནས་དག་དང་ནི་དཀྱིལ་འཁོར་དང་།། འགྲོ་རྣམས་བཀོད་པ་ཇི་ལྟ་བར།། དེ་འདྲར་སྟོན་པ ་མཆོག་གིས་མཛད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། ཏིང་ངེ་འཛིན་རིམ་པར་བཀོད་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་རང་གི ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་ཕྱི་ནང་གི་མཆོད་པའི་སྤྲིན་ཐམས་ཅད་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བརྐྱང་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་བ ་བཏབ་བོ།། ཨེ་མའོ་བདེ་གཤེགས་བཅོམ་ལྡན་འདས།། ཨེ་མའོ་གསང་མཆོག་དགྱེས་པ་ཆེ།། ཨེ་མའོ་རྣམ་དག་དག་པའི་ལམ།། ངོ་མཚར་འབྱུང་བ་ཁྱོད་ལ་འདུད།། ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས།། དཀྱིལ ་འཁོར་རྣམས་ཀྱི་དེ་ཉིད་དོན།། བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ།། བདག་ཅག་རྣམས་ལ་བཤད་དུ་གསོལ།། དེ་ནས་གསང་བ་མཆོག་གི་བདག་པོས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན ་པོ་ཁྱོད་ཉོན་ཅིག། ཁྱོད་ཞུ་བར་སྤོབས་པ་ལེགས་སོ།། ལེགས་པར་ཞུས་སོ།། འདི་ནི་སྔོན་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད་དང་། ད་ལྟ་དང་། ཕྱིས་འབྱུང་བའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་པ་གསུང ་བར་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དེ་ནི་བརྗོད་དུ་ཡང་མེད་ལ། སྣོད་དུ་གྱུར་པ་ཡང་དཀོན་པའི་ཕྱིར་རོ།། སེམས་དཔའ་ཆེན་པོ་དེ་བས་ན་ཁྱོད་ཀྱིས་དྲིས་ཤིག ་ཅེས་བཀའ་སྩལ་ཏེ། ཅང་མི་གསུང་བར་བཞུགས་སོ།། དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ནི་དེ ་བཞིན་གཤེགས་པའི་བཀའ་ཡིན་པས་ཞུ་བར་སྤོབས་པས་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཐེ་ཚོམ་ཐམས་ཅད་གཅོད་པ་ལ་ཐེ་ཚོམ་དང་སོམ་ཉི་ཡང་དང་ཡང་དུ་ཞུས་ཤིག་དང་། དེ་བཞིན ་གཤེགས་པ་ནི་སྣོད་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་ན། བྱང་ཆུབ་སེམས་དཔའ་བློ་དམན་པ་རྣམས་ལ་ཡང་བྱིན་གྱིས་བརླབ་བོ།། ཞེས་བཀའ་སྩལ་པས། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་རིག་ལྔའི་སངས་རྒྱས་ཀྱིས ་བསྐུལ་བ་ཐུགས་སུ་ཆུད་ནས། འཁོར་མང་པོ་རྣམས་སྣོད་དུ་རུང་བར་བྱིན་གྱིས་བརླབ་པར་མཛད་ནས་སྟོན་པའི་ཞལ་དུ་བལྟས་ནས་གནས་སོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག ་པོ་དེས། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སྩོགས་པ་འདུས་པའི་འཁོར་རྣམས་ཉོན་ཅིག། བྱང་ཆུབ་སེམས་ཞེས་བྱ་བ་ནི།། བརྗོད ་དང་སྒྲ་བསམ་ཡུལ་ལས་འདས།། དོན་དམ་ཀུན་རྫོབ་ཐ་མི་དད།། རང་གི་ལུས་ངག་ཡིད་རྡོ་རྗེ།། གཅིག་གིས་གཉིས་ཀྱིའང་ལས་བྱེད་པ།། ལུས་དང་ངག་ཡིད་མ་གྲུབ་པ།། རིག་པའི་སྐྱེས་བུ་དེ་ཡིས་ནི།། བྱང་ཆུབ ་མཆོག་ཏུ་སེམས་བསྐྱེད་ཡིན།། ཞེས་གསུངས་སོ།། དེ་ནས་འཁོར་འདུས་པ་རྣམས་ལ་རང་རང་གི་ལུས་ངག་ཡིད་གསུམ་ལ་སེམས་ནས་འཁོད་དོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་བ་བཏབ་པ།། ཨེ་མ ་བདེ་གཤེགས་བཅོམ་ལྡན་འདས།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། རྟོགས་པར་དཀའ་བའི་སྙིང་པོའི་དོན།། རབ་ཏུ་མི་རྟོག་གནས་མེད་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད ་པས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་གཟུང་འཛིན་རྣམ་སྤངས་པ།། ཚིག་དང་ཡི་གེའི་སྤྱོད་ཡུལ་མིན།། ཆོས་བདག་མེད་པའི་མཉམ་པ་ཉིད།། རང་སེམས་གཟོད་ནས་མ་སྐྱེས་པའོ།། ཞེས་གསུངས ་སོ།། དེ་ནས་བཅོམ་ལྡན་འདས་སྣང་མཛད་སེམས་དཔས་ཀྱང་། རང་གི་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་ཆོས་ཀུན་སྟོང་པའི་བདག། རང་གི་ངོ་བོ་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣ་ཚོགས ་པའི།། ཆོས་རྣམས་ཀུན་ལ་ཁྱབ་པར་གནས།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རིན་ཆེན་སེམས་དཔས་ཡང་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ་མཉམ་ཉིད་བྱང་ཆུབ་སེམས།། མིང་དུ ་བཏགས་པའི་ཆོས་རྣམས་ཀུན།། མཉམ་པ་ཉིད་ལ་གནས་བཅས་ཕྱིར།། མཉམ་པ་ཉིད་ལས་གཞན་མེད་དོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་ཆོས་ཀྱི་སེམས་དཔས་ཀྱང་། བྱང་ཆུབ་ཀྱི་སེམས་འདི། ་གསུངས་སོ།། ཨེ་མའོ་ཆོས་སུ་སྣང་བ་སྣ་ཚོགས་ཀུན།། རང་གི་ངོ་བོ་བརྗོད་དུ་མེད།། དེ་ཉིད་བྱང་ཆུབ་སེམས་སུ་ནི།། མཁས་པས་བསྒོམས་ན་རྟོགས་པར་འགྱུར།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས ་ལས་ཀྱི་སེམས་དཔས་ཀྱང་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ།། ངེས་པ་མེད་དེ་དངོས་རྟོག་བྲལ།། དེ་ཉིད་དག་པའི་རང་བཞིན་པས།། མཁས་པས་ཅི་དགར་བསྒོམས་ན ་འགྲུབ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་གསང ་བ་མཆོག་གི་བདག་པོ་ལ་གསོལ་བ་བཏབ་པ། ཨེ་མའོ་བདེར་གཤེགས་རྒྱལ་བའི་གཙོ།། སངས་རྒྱས་ཡབ་གྱུར་དམ་པའི་བདག། རྡོ་རྗེ་རིན་ཆེན་པདྨོ་དང་།། སྣ་ཚོགས་ལས་ཀྱིས་རྣམ་པར ་མཛད།། དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེ།། ངོ་མཚར་ཁྱེད་ལ་ཕྱག་འཚལ་འདུད།། འགྲོ་བ་ཀུན་ལ་ཕན་པ་དང་།། རྣལ་འབྱོར་ཅན་ལ་ཐུགས་བརྩེའི་ཕྱིར།། བདེ་གཤེགས་ཀུན་གྱི་དཀྱིལ་འཁོར་དང་།། དེ་བཞིན ་རྡོ་རྗེ་འཛིན་པ་དང་།། འཁོར་ལོ་ཅན་གྱི་དཀྱིལ་འཁོར་དང་།། རིན་ཆེན་འཛིན་དང་པདྨོ་འཆང་།། སྣ་ཚོགས་ལས་ཀྱི་དཀྱིལ་འཁོར་རྣམས།། བདེ་བར་གཤེགས་པས་བཤད་དུ་གསོལ།། ཨ་ལ་ལ་ཧོ་ཞེས་གསོལ་བ ་བཏབ་བོ།། དེ་ནས་སྟོན་པ་རྒྱལ་མཆོག་གིས།། ཀུན་བཟང་གི་ནི་ཚིག་གསན་ནས།། དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད།། རྣལ་འབྱོར་ཅན་ལ་བརྩེ་ཕྱིར་རོ།། ལས་དང་དངོས་གྲུབ་ཐམས་ཅད་ནི།། སློབ ་དཔོན་བྱེད་དང་རྗེས་འབྲེངས་པས།། དེ་ཡི་མཚན་ཉིད་བཤད་བྱ་བ།། བློ་ཡངས་རྒྱུད་ལ་གོམས་པ་དང་།། ཏིང་འཛིན་ལས་སུ་རུང་བ་དང་།། སེམས་ཀྱི་རྣམ་རྟོག་ཆོམས་པ་དང་།། ཕྱི་ནང་སྡེ་སྣོད་ཐམས་ཅད ་ལ།། སོམ་ཉི་མེད་ཅིང་ཐེ་ཚོམ་ཆོད།། བསྲན་ཐུབ་མི་ལྡོག་དད་པ་ཆེ།། གསང་བ་སྦས་པའི་ཐབས་མཆོག་རྣམས།། སྣོད་ངན་གཞན་ལ་མི་སྤེལ་དང་།། གསང་བའི་དབང་མཆོག་ཐོབ་པ་ནི།། རྡོ་རྗེ་འཛིན་པའི་ལས ་ཀུན་དང་།། དཀྱིལ་འཁོར་དག་ལ་ཤེས་པ་ཡི།། ཡན་ལག་རྣམས་ནི་མ་ཉམས་ཤིང་།། མདོག་དང་གཟུགས་དང་སྟོབས་དང་ལྡན།། འཁོར་ལོས་སྒྱུར་བའི་མཚན་དང་ལྡན།། ལུས་ལ་དྲི་ཞིམ་ངད་ལྡང་བ།། སངས་རྒྱས ་འཁོར་ལོ་ཅན་གྱི་ནི།། དཀྱིལ་འཁོར་བྱ་བར་རབ་ཏུ་གསུངས།། ཤེས་པ་ཆེ་ཞིང་ཡོན་ཏན་ལྡན།། བཟོ་དང་རིག་པའི་གནས་ལ་མཁས།། ཡོན་ཏན་སྒོ་ཡངས་སྤྱོད་ལམ་དག། རྡོ་རྗེ་སློབ་དཔོན་སྤུན་ལ་གདུང་།། རིན ་ཆེན་འཛིན་གྱི་བླ་མར་གཟུང་།། རྟག་ཏུ་ཟློས་ལ་བརྩོན་པ་དང་།། ངག་འཇམ་མགྲིན་པ་བདེ་བ་དང་།། གླུ་དབྱངས་མཁས་ཤིང་བདེ་བར་སྨྲ།། ཆོས་འཆད་པ་ལ་རྟག་ཏུ་དགའ།། ཚིག་འབྲུ་གསལ་ཞིང་ཁ་དོག ་དམར།། པདྨ་ཅན་གྱི་བླ་མར་གཟུང་།། བྱ་བ་ལས་ལ་མ་རྨོངས་ཤིང་།། ལས་དང་བྱ་བའི་དབང་ཡང་ཐོབ།། བརྩོན་འགྲུས་ཆེ་ཞིང་དབང་པོ་གསལ།། ལས་ཀྱི་ལྷག་ཆད་སྐོང་བ་ནི།། སྣ་ཚོགས་རྡོ་རྗེའི་བླ་མ་ཡིན།། དེ ་དག་ཡོན་ཏན་མ་ལུས་ལྡན།། ཐེག་པ་ཀུན་ལ་འབྱམས་པ་ནི།། སྤྱི་ཡི་དཀྱིལ་འཁོར་དག་ལའོ།། བླ་མ་ལུང་ལྡན་དེས་ཀྱང་ནི།། བུ་ཡིས་མཚན་ཉིད་བརྟགས་པར་གཅེས།། རྐྱེན་ཐུབ་མི་ལྡོག་དམ་ཚིག་གནས།། ཡིད་ཀྱི ་སྒོ་ནས་ཤིན་ཏུ་སྦྱང་།། མན་ངག་ལུང་ལ་རྟག་དགའ་ཞིང་།། བླ་མའི་ཐུགས་ཀྱང་ངེས་པར་འཛིན།། རྡོ་རྗེ་ཅན་གྱི་སློབ་མར་རུང་།། ལུས་དང་ཡན་ལག་མཛེས་དང་ལྡན།། སློབ་དཔོན་དག་ལ་རིམ་གྲོ་ཆེ།། རྡོ་རྗེ་སྤུན ་ཡང་འཁུར་བྱེད་ཅིང་།། ལུས་ལ་མཚན་དང་དཔེ་བྱད་ལྡན།། སངས་རྒྱས་འཁོར་ལོ་ཅན་གྱིས་བཤད།། སྤྱོད་ལམ་རྣམ་བཞིར་ལྷུན་འཐུག་ཅིང་།། རིན་ཆེན་ནོར་ལ་རྟག་དགའ་བ།། གསེར་ལ་སྩོགས ་པའི་རིན་ཆེན་གྱིས།། བླ་མ་མཉེས་པར་བྱེད་པ་ནི།། རིན་ཆེན་དཀྱིལ་འཁོར་དག་ལའོ།། ངག་གི་སྒོ་ནི་ཤིན་ཏུ་སྦྱངས།། རྫུན་དང་ཕྲ་མ་ཚིག་རྩུབ་མེད།། གླུ་དབྱངས་དག་ལ་དགའ་བ་ནི།། པདྨ་འཛིན་པའི་སྣོད་དུ ་བཤད།། ལས་ལ་གུས་ཤིང་ཆོས་ལ་དགའ།། དཔའ་ལ་རྩལ་ཆེ་མཁས་ཤིང་གསལ།། བླ་མའི་དགོས་པ་ཀུན་བྱེད་པ།། སྣ་ཚོགས་རྡོ་རྗེའི་བུ་ཡིན་ནོ།། ཡོན་ཏན་དེ་དག་ཀུན་ལྡན་པའམ།། ཀུན་གྱི་བཀུར་ཞིང་ཀུན་ལ ་མཛེས།། སྤྱི་ཡི་དཀྱིལ་འཁོར་དག་ལ་ཤིས།། གནས་སུ་བྱ་བའི་རྣམ་པ་ཡང་།། སྤང་བླང་གཉིས་སུ་ཤེས་པར་བྱ།། གནོད་སྦྱིན་མོ་ཡི་སྦར་རྗེས་སམ།། གནོད་སྦྱིན་མཚོན་ཆས་བཤལ་རྗེས་དང་།། འབྱུང་པོ་དག་གི ་རྐུན་ས་དང་།། ཀླུ་གདུག་དག་གི་རྒྱུ་སྲང་དང་།། ཉེན་དང་འབྲེལ་སའི་གནས་དག་དང་།། ཁ་ན་མ་ཐོར་བཅས་པའི་གནས།། སྤངས་ན་དངོས་གྲུབ་མྱུར་བར་བཤད།། གནས་སུ་རུང་བའི་མཚན་ཉིད་ནི།། རྡོ་རྗེའི་བྲག ་ཆེན་གཏམས་པའམ།། རི་བོ་འདུས་པའི་རྩེ་རྣམས་སམ།། མདངས་བཟང་གངས་རི་བྲག་དཀར་དུ།། རྡོ་རྗེ་ཅན་གྱིས་བསྒྲུབ་ཏུ་རུང་།། ཕུག་དང་དགོན་པའི་རི་དྭགས་དང་།། ནགས་ཚལ་དྲཱ་བ་ཐིབས ་པའམ།། མདངས་དཀར་ཤར་དུ་གཞོལ་བ་ནི།། སངས་རྒྱས་འཁོར་ལོ་ཅན་གྱིའོ།། རིན་ཆེན་སྣ་ལྔའི་ཁ་དོག་གམ།། རིན་ཆེན་ཟུར་བརྒྱད་དབྱིབས་འདྲ་བ།། རིན་ཆེན་དག་ལ་རུང་བར་བཤད།། ཙནྡན་ནགས་ཚལ་མེ ་ཏོག་ཅན།། ཆུ་གླིང་ཉམས་དགའ་ཡིད་འོང་བར།། པདྨ་སྒྲུབ་པར་དེ་ཤིས་སོ།། དུར་ཁྲོད་ངམ་གྲོག་བཤུལ་བའི་གནས།། སུམ་མདོ་གྲོག་གླེ་རྩུབ་པའི་རི།། སྣ་ཚོགས་རྡོ་རྗེ་ཅན་གྱིའོ།། རི་བྲན་མང་པོ་འདུས ་པའི་སྤྱི།། རི་བོས་བསྐོར་བའི་ལྕུག་ཕྲན་ཚལ།། དེ་ནི་ལས་ཀྱི་སྤྱི་རུ་བཤད།། ཡང་ན་རིགས་ལྔ་ཀུན་གྱི་ནི།། ཡོན་ཏན་ཆ་དང་ལྡན་པར་བཤད།། བླ་མ་སློབ་མ་གནས་རྣམས་ཀྱང་།། མ་བརྟགས་ཉེན་དང་ཡ་གར ་བཅས།། དངོས་གྲུབ་རིང་བས་བློ་ཅན་གྱིས།། ཤེས་ནས་སྤང་བར་བྱ་བ་ཡིན།། རྣལ་འབྱོར་བློ་མཆོག་མི་ལྡན་ན།། གནས་དང་སློབ་མ་ལ་སོགས་པ།། ལྡན་ཡང་འགྲུབ་པར་མི་འགྱུར་ཞེས།། བདེར་གཤེགས་རྒྱལ་བ ་ཀུན་གྱིས་གསུངས།། བློ་དང་ལྡན་པའི་མི་རྣམས་ཀྱིས།། གནས་དང་སློབ་མ་ཡོ་བྱད་དང་།། ཆོ་ག་ལ་སོགས་མ་ལྡན་ཡང་།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། འོན་ཀྱང་གནས་དང་སློབ་མ་དང་།། ཡོ་བྱད་ལྡན་ན ་མྱུར་འགྲུབ་ཅེས།། བདེར་གཤེགས་ཀུན་གྱིས་གསུངས་པས་ན།། མཚན་ཉིད་རྣམས་ནི་བཤད་པ་ཡིན།། མཚན་མའི་དངོས་པོ་གཞོམ་པའི་ཕྱིར།། གནམ་དང་ས་དང་བར་སྣང་དག། རིགས་རྣམས་སོ་སོའི་མཚན་མ ་ལྟར།། བརྟགས་ཏེ་ངེས་པར་གཟུང་བར་བྱ།། ཏིང་འཛིན་རྩེ་གཅིག་བརྟན་པ་དང་།། སྔགས་དང་ཕྱག་རྒྱ་བྱ་བ་ཡིས།། སྦྱང་བར་བྱ་སྟེ་དངོས་མེད་བྱ།། དེས་ཀྱང་སྦྱོང་བའི་ལས་སུ་གྱུར།། དེ་ཚེ་དབང ་བསྐུར་ལྷ་མོ་དེ།། མཆོད་དེ་སྦྲན་པར་བྱ་བ་ན།། རུ་དྲའི་རྒོལ་བས་མི་ཚུགས་ཤིང་།། ཚོགས་བསགས་དབང་དུ་དེ་འགྱུར་རོ།། བྱིན་དང་ལྡན་པའི་ས་གཞི་དེ།། སྣང་དང་མི་སྣང་བདག་པོ་ལ།། ཐུགས་ཐུབ་རས་ཚོད་མ ་ཡིན་པར།། རིན་དང་བདེན་པས་བསྒོ་ལ་བསླང་།། དེ་ནས་ས་སྟེགས་གྲུ་བཞི་ལས།། བདུད་རྩི་རྣམ་ལྔས་བསྐྱང་ནུལ་བྱ།། གོས་རྒྱན་མཛེས་པའི་གྲོགས་མཆོག་མ།། གསལ་བར་ལྡན་ནི་བྱིན་རླབས་ལས།། ཚད་ལྡན ་རྡོ་རྗེའི་སྲད་བུ་ཡིས།། ཐིག་གདབ་པ་ཡི་སྦྱོར་བ་བྱ།། འགྲོ་བ་བློ་རྨོངས་མི་ཤེས་པའམ།། དང་པོ་ལས་ཀྱི་སྒོར་ཞུགས་ལ།། ཐུགས་ཀྱི་དཀྱིལ་འཁོར་མཚོན་པའི་ཕྱིར།། ཁ་དོག་ཉི་ཤུ་རྩ་ལྔའམ།། རྣམ་ལྔའི་ཚོན་གྱིས་བྲི ་བར་བཤད།། རབ་ཏུ་ཟླུམ་པའི་དཀྱིལ་འཁོར་ལ།། ཐིག་བཞི་གདབ་པས་དཀྱིལ་འཁོར་དགུ།། གྲུ་ཆད་པར་ཁྱམས་སྒོ་ཁྱུད་བཅས།། དབུས་སུ་སངས་རྒྱས་རྡོ་རྗེ་འཛིན།། ནམ་མཁའི་དབྱིངས་དང་འཁྲིལ་བའི ་ཚུལ།། སེངྒེའི་གདན་ལ་ཡང་དག་གནས།། རྣམ་པའི་མཆོག་རྣམས་རྫོགས་པར་གསལ།། ཁ་དོག་མཐིང་ག་འོད་དང་བཅས།། དེ་ཡི་སྤྱན་སྔར་སྣང་མཛད་སེམས།། རྡོ་རྗེ་དབྱིངས་དང་ཐབས་གཅིག་ཏུ།། གླང་པོའི ་གདན་ལ་ཡང་དག་གནས།། ཁ་དོག་དཀར་པོ་འོད་འབར་བའོ།། རིན་ཆེན་སེམས་དཔའ་གཡས་སུ་ཏེ།། རིན་ཆེན་དབྱིངས་ཕྱུག་མ་དང་བཅས།། རྫུ་འཕྲུལ་རྟ་ཡི་ཁྲི་ལ་བཞུགས།། ཛམྦུ་ནཱ་དའི་གསེར་འོད་འདྲ།། རྒྱབ ་ཏུ་ཆོས་ཀྱི་སེམས་དཔའ་སྟེ།། ཆོས་ཀྱི་སེམས་མར་བཅས་པ་ཡང་།། ཁྱུད་ཆེན་དག་ལ་རྣམ་པར་བཞུགས།། དམར་པོ་པདྨ་རཱ་གའི་མདོག། ལས་ཀྱི་སེམས་དཔའ་གཡོན་དུ་སྟེ།། ལས་ཀྱི་དབྱིངས་ཕྱུག་མ་དང ་འཁྲིལ།། ནམ་མཁའ་ལྡིང་གི་ཁྲི་ཆེན་ལ།། ཨིནྡྲ་ནཱི་ལའི་ཁ་དོག་འདྲའོ།། ཕྱི་ནང་སེམས་དཔའ་སེམས་མ་རྣམས།། ཕྱི་ནང་གྲ་ལ་དེ་བཞིན་བྲི།། སྒོར་ནི་སྒོ་བ་མ་དང་བཅས།། བར་ཁྱམས་དག་ལ་སྦྲུལ་སྐུ་དང་།། ཀུན ་བཟང་ཡབ་ཡུམ་དེ་བཞིན་ཏེ།། སངས་རྒྱས་རྡོ་རྗེ་འཛིན་པ་ཡི།། དཀྱིལ་འཁོར་ཉམས་དགའ་དམ་པའོ།། སངས་རྒྱས་འཁོར་ལོ་ཅན་གྱི་གནས།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། གྲུ་ཆད་པར་ཁྱམས་དེ་བཞིན ་ཏེ།། དབུས་སུ་སངས་རྒྱས་རྣམ་སྣང་མཛད།། ནམ་མཁའི་དབྱིངས་དང་ཐབས་གཅིག་ཏུ།། ཆ་ལུགས་འཛིན་པར་དེ་བཞིན་བྲི།། སྤྱན་སྔར་མི་བསྐྱོད་ཡུམ་དང་བཅས།། གཞན་རྣམས་ཀྱང་ནི་དེ་བཞིན་དུ།། རྡོ་རྗེ་འཛིན ་པ་འདྲ་བར་ནི།། རིན་ཆེན་དཀྱིལ་འཁོར་དམ་པ་ཡིན།། རིན་ཆེན་ཟུར་བརྒྱད་ལྡན་པ་ལ།། བར་ཁྱམས་སྒོ་ཁྱུད་དེ་བཞིན་ནོ།། དབུས་སུ་རིན་ཆེན་ཡབ་ཡུམ་སྟེ།། རྡོ་རྗེ་འཛིན་པ་ལྷོ་ཕྱོགས་སུ།། པདྨ་འདབ་མ་བརྒྱད་པ ་ལ།། དབུས་སུ་ཆོས་ཀྱི་སེམས་དཔའ་སྟེ།། རྡོ་རྗེ་འཛིན་པ་ནུབ་ཕྱོགས་སུའོ།། གཞན་རྣམས་ཀྱང་ནི་དེ་བཞིན་ནོ།། སྣ་ཚོགས་ལས་ཀྱི་དཀྱིལ་འཁོར་ནི།། ལས་བཞིའི་དབྱིབས་དང་ལྡན་པ ་ལས།། དབུས་སུ་ལས་ཀྱི་སེམས་དཔའ་སྟེ།། རྡོ་རྗེ་འཛིན་པ་བྱང་ཕྱོགས་སུའོ།། བཙུན་མོ་དག་དང་ལྡན་པ་བྲི།། གཞན་རྣམས་ཀྱང་ནི་དེ་བཞིན་ནོ།། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ནི།། རྡོ་རྗེ་ཅན་དང་འདྲ་བ ་སྟེ།། དབུས་སུ་སྔགས་ཀྱི་བདག་པོ་ནི།། གཙོ་གཟུངས་ཟུང་དུ་འབྲེལ་བར་བྲི།། མི་བསྐྱོད་ཡབ་ཡུམ་ཐུགས་ལ་གནས།། གཞན་ཡང་དེ་བཞིན་རྒྱས་པར་བྲི།། དཀྱིལ་འཁོར་ཉམས་དགའ་དེ་དག་ལ།། བུམ་པ་བརྒྱད ་དམ་བརྒྱད་གཉིས་སམ།། ཅི་འབྱོར་བཏུང་བ་སྣུམ་པོའམ།། བདུད་རྩི་ལྔའམ་རིན་ཆེན་བཅས།། ཟླ་བ་ཉི་མའི་དྲི་ཆུ་ཡིས།། གང་བའི་རིན་ཆེན་བུམ་པ་ནི།། དང་པོ་གསེར་གྱི་བུམ་པར་བཤད།། གཉིས་པ་ཤེལ་དང ་དངུལ་གྱི་སྟེ།། གསུམ་པ་བཻ་ཌཱུཪྻ་ཡིའོ།། བཞི་པ་ཟངས་ཀྱི་བུམ་པར་བཤད།། ལྔ་པ་ལྕགས་ཀྱི་བུམ་པར་བཤད།། དྲུག་པ་ལ་ནི་སྣ་ཚོགས་པའི།། བུམ་པ་གང་བ་གཞག་པར་བྱ།། གཞན་ཡང་རྒྱན་གྱི་ཁྱད་པར ་དང་།། རོལ་མོ་ཡིད་འོང་ཅི་འབྱོར་དང་།། མཆོད་པའི་ཡོ་བྱད་ཐམས་ཅད་དང་།། གཏོར་མ་ལ་སོགས་མཛེས་པར་བཀྲམ།། དེ་ནས་རྣལ་འབྱོར་ཅན་གྱིས་ནི།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད།། མཉེས ་ནས་ཉེ་བར་བསྒྲུབ་པ་དང་།། ལས་བཞིའི་མཆོད་པ་བརྩམ་བྱ་སྟེ།། དབྱིབས་དང་ཁ་དོག་མཚན་མར་བཅས།། གཟུགས་སྒྲ་དྲི་རོ་བཏུང་བ་ཡིས།། མཆོད་སྦྱིན་སྟོབ་པའི་ལས་རྣམས་བྱ།། དེ་ནས་རིགས་ཀྱི་བུ་མཆོག ་དེར།། གསང་བའི་དཀྱིལ་འཁོར་བསྟན་པར་བྱ།། ཅི་ལ་དགའ་ཞེས་དྲིས་ནས་སུ།། བདག་ནི་འདི་ལ་དགའོ་ཞེས།། འཇུག་པ་པོས་ཀྱང་ལེན་དུ་སྦྱིན།། བླ་མ་ལུང་ལྡན་དེས་ཀྱང་ནི།། མནའ་ཡི་རྡོ་རྗེ་སྦྱིན་པའི ་ཕྱིར།། བཟླས་པའི་ཆུ་ནི་བླུད་པར་བྱ།། གསང་བའི་དམ་ཚིག་འདི་དག་བསྒྲག། སྐལ་དང་ལྡན་པ་རིགས་ཀྱི་བུ།། ཁྱོད་ཀྱི་བསྲུང་བར་བྱ་བ་ནི།། ལྷ་དང་བླ་མ་སྤུན་མི་སྤང་།། སྔགས་དང་ཕྱག་རྒྱ་དེ་བཞིན་ཏེ།། གསང ་བ་གཞན་ལ་སྤེལ་བྱ་མིན།། བསྒྲུབ་པའི་དམ་རྫས་རྣམ་པ་ལྔ།། རྟག་ཏུ་བཅང་ཞིང་བཟའ་བར་བྱ།། ཤ་ལྔ་དག་དང་ཆང་ལྔ་དང་།། འདོད་པ་ལྔ་རྣམས་རྟག་ཏུ་བསྟེན།། སྦྱོར་དང་སྒྲོལ་དང་ཕྲ་མ་དང་།། མི་སྙན་རྐུ ་བ་སྤྱད་པར་བྱ།། དཀའ་ཐུབ་དཀའ་བ་སྤྱད་མི་བྱ།། ཁྲིམས་དང་སྡོམ་པས་བཅིང་བ་མིན།། སྙིང་ནས་སློབ་དཔོན་སྨོད་པས་ནི།། དངོས་གྲུབ་བསྒྲུབས་ཀྱང་དོན་མེད་འགྱུར།། དེ་ནས་བླ་མ་ལུང་ལྡན་དེས།། རྡོ་རྗེའི ་ཚུལ་དུ་དབང་དག་སྦྱིན།། དེ་ཡང་སྣོད་ཀྱི་ཁྱད་པར་ལས།། ཅི་དང་ཅི་འོས་དེ་བཞིན་སྦྱིན།། དཀྱིལ་འཁོར་དང་པོར་བསྒྲུབ་པའི་དབང་།། གཉིས་པར་རྡོ་རྗེ་རྒྱལ་པོའི་དབང་།། གསུམ་པར་གསང་བ་ཉན་པའི ་དབང་།། བཞི་པར་འཆད་པའི་དབང་དག་སྦྱིན།། ལས་ཀྱི་དབང་ནི་ལྔ་པར་སྦྱིན།། དྲུག་པར་རབ་འབྱམས་རྒྱལ་པོ་ལ།། སྩོགས་པའི་དབང་རྣམས་ཇི་སྙེད་པ།། ཚང་བར་བསྐུར་དུ་རུང་བར་བཤད།། དེ ་ནས་དབང་མཆོག་ཐོབ་བྱའི་ཕྱིར།། རིགས་ཀྱི་བུ་མཆོག་དེ་དག་གིས།། ཡོན་མཆོག་དག་ནི་དབུལ་བར་བྱ།། སྲོག་ལུས་མན་ཆད་སྲས་ཀྱི་རྣམས།། མ་འཇུངས་པ་ཡི་སེམས་ཀྱིས་དབུལ།། རང་གི་ལུས་དང་སེམས་དག ་དང་།། སྙིང་ཡང་ཡོན་གྱི་མཆོག་ཡིན་ཏེ།། སེམས་ཀྱི་དགོས་པ་གང་དང་གང་།། རྡོ་རྗེ་འཛིན་གྱི་ཡོན་དུ་བཤད།། རིན་ཆེན་དང་ནི་འདོད་པ་ཡི།། ཡོན་ཏན་སྣ་ཚོགས་དབུལ་བ་ནི།། སངས་རྒྱས་འཁོར་ལོ་ཅན་གྱི ་ཡིན།། རིན་པོ་ཆེ་དང་ནོར་གྱི་དབྱིག། ཇི་སྙེད་ཡོད་པ་ཐམས་ཅད་ནི།། རིན་ཆེན་འཛིན་གྱི་ཡོན་ཡིན་ནོ།། མ་དང་བུ་མོ་ཆུང་མ་དང་།། སྲིང་མོ་ཤིན་ཏུ་བརྒྱན་པ་དང་།། མོ་ཡི་མིང་དང་མཚན་མ་ཅན།། པདྨ་ཅན་གྱི ་ཡོན་ཡིན་ནོ།། གླང་པོ་རྟ་དང་ཤིང་རྟ་དང་།། ཁྱོགས་ཀྱི་རྣམ་པར་སྣ་ཚོགས་དང་།། ཐེག་པའི་བྱེ་བྲག་ཐམས་ཅད་ཀུན།། སྣ་ཚོགས་རྡོ་རྗེའི་ཡོན་ཡིན་ནོ།། སངས་རྒྱས་ཀུན་ལ་དབུལ་བ་ནི།། སྣ་ཚོགས་སྣ་ཚོགས་ཅི ་ཡོད་དང་།། སྣ་ཚོགས་སྣ་ཚོགས་ཚང་བ་དང་།། སྣ་ཚོགས་སྣ་ཚོགས་མ་ལུས་པ།། སྤྱི་ཡི་དཀྱིལ་འཁོར་དག་ཏུ་དབུལ།། དཀྱིལ་འཁོར་དག་ནི་དེ་དག་ཏུ།། སྦས་པ་གསང་བའི་དབང་བསྐུར་ནས།། གཟུངས་མ་དེ་དང ་དེ་དག་ལས།། ཡོན་ཡང་དེ་ལྟ་དེ་ལྟར་དབུལ།། དབང་མཆོག་ཐོབ་པའི་བུ་མཆོག་ལ།། དབང་ཐོབ་རྟགས་དག་ངེས་པར་སྦྱིན།། དང་པོར་སེམས་ཀྱི་གཏན་ཚིགས་སྦྱིན།། གཉིས་པར་ཕྱག་རྒྱ་སྒོམ་པ་གཏད།། གསུམ ་པར་གསང་བའི་ངེས་དོན་བཤད།། བཞི་པར་ཆོས་ཀྱི་གླེགས་བམ་གཏད།། ལྔ་པར་ལས་བཞིའི་རྒྱ་རྟགས་སྦྱིན།། དྲུག་པར་རིན་ཆེན་སྣ་བདུན་ནམ།། རྫས་ཀྱི་ཁྱད་པར་ཅན་དག་གམ།། ཡང་ན་སྣ་ཚོགས་ཚང་བར ་སྦྱིན།། དབང་མཆོག་ཐོབ་པའི་སྔ་ལྟས་ཀྱི།། རྨི་ལམ་དག་ཀྱང་འབྱུང་བར་ངེས།། རང་གི་སེམས་ལ་དབང་ཐོབ་དང་།། སྣ་ཚོགས་འཕྲུལ་པ་ལྟ་བུ་དང་།། འགྲོ་གང་དབང་དུ་འདུས་པ་དང་།། རྫུ་འཕྲུལ་དག་གིས་འགྲོ ་བ་དང་།། ས་ལ་མི་ཐོགས་ཆུར་མི་བྱིང་།། ནམ་མཁའ་དག་ལ་བྱ་བཞིན་འཕུར།། སེམས་ཅན་མང་པོ་བསྒྲལ་བ་དང་།། གཡུལ་ངོ་དག་ལས་རྒྱལ་བ་དག། མཐོང་ན་རྡོ་རྗེ་འཛིན་པ་ཡི།། དབང་ཐོབ་སྔ་ལྟས་ཡིན་པར ་ངེས།། ལུས་ཀྱི་རྫུ་འཕྲུལ་ཐོབ་པ་དང་།། འཁོར་ལོ་ལག་ཏུ་བབས་པ་དང་།། ས་བདག་རྒྱལ་པོར་གྱུར་པ་དང་།། རྡོ་རྗེ་བླ་མར་བྱེད་པ་དང་།། འགྲོ་བ་གཞན་ལ་ཆོས་སྟོན་དང་།། རྣལ་འབྱོར་ཚོགས་ཀྱི་བླ་མ ་དང་།། ཀུན་གྱི་ཁ་དཔོན་བྱེད་པ་ལ།། སྩོགས་པའི་རྨི་ལམ་མཐོང་བ་ནི།། འཁོར་ལོ་ཅན་གྱི་དབང་ཐོབ་ལྟས།། རིན་ཆེན་སྣ་ཚོགས་སྤྱོད་པ་དང་།། ཁ་ཟས་སྣ་ཚོགས་ཟ་བ་དང་།། རྒྱན་དང་བགོ་བ་ཁྱད་པར་དང་།། དེ ་དག་གཞན་ལའང་གཏང་བ་དང་།། དམ་པའི་ཆོས་ནི་ཉན་སེམས་དང་།། སྣ་ཚོགས་སྒྲ་རྣམ་ཟོས་པ་དང་།། སྔོན་མ་ཐོས་པའི་ཚིག་ཟོས་དང་།། དེ་ལ་སྩོགས་པའི་རྣམ་པ་ནི།། རིན་ཆེན་འཛིན་གྱི ་དབང་ཐོབ་ལྟས།། པདྨའི་རྫིང་ན་རྩེ་བ་དང་།། དེ་ལ་རྩེ་ཞིང་ཟ་བ་དང་།། གླེགས་བམ་ཟབ་མོ་རྙེད་པ་དང་།། དེ་ལ་འཆད་ཅིང་ཀློག་པ་དང་།། འགྲོ་བ་དག་ལ་ཆོས་སྟོན་དང་།། དགེ་སློང་དགེ་འདུན་རྣམས་ཀྱིས ་བསྐོར།། དེ་ལ་སྩོགས་པའི་ལྟས་རྣམས་ནི།། རྡོ་རྗེ་ཆོས་ཀྱི་དབང་ཐོབ་ཡིན།། ལས་རྣམས་ཀུན་ལ་འཇུག་པ་དང་།། རལ་གྲི་ལག་ཏུ་ཐོགས་པ་དང་།། རི་རབ་གླད་ལ་བསྐོར་བ་དང་།། ཉི་ཟླ་ལག་པས་བཟུང་བ ་དང་།། གསོད་དང་གསད་དང་རྒྱལ་བ་དང་།། ཐེག་པ་རྣམས་ལ་ཞོན་པ་དང་།། དེ་ལ་སྩོགས་པའི་ལྟས་རྣམས་ནི།། སྣ་ཚོགས་རྡོ་རྗེའི་དབང་ཐོབ་ལྟས།། རྨི་ལྟས་མཚན་མ་ཇི་སྙེད་པ།། ཇི་ལྟར་རྨི་ཞིང་མཐོང ་བའམ།། ཡང་ན་ཅི་ཡང་མ་མཐོང་བའམ།། མངོན་སུམ་གསལ་བ་ཐམས་ཅད་ཀུན།། སྤྱི་ཡི་དབང་ཐོབ་ལྟས་སུ་རུང་།། གང་ཞིག་དཀྱིལ་འཁོར་འདི་དག་ཏུ།། ཞུགས་ནས་དབང་ཐོབ་གང་ཟག་དེ།། འཇིག་རྟེན་གཙོ ་དང་འཁོར་གྱིས་བཀུར།། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། ཀུན་གྱིས་བསྟོད་ཅིང་བཀུར་བ་དང་།། སྡུག་ཅིང་བསྔགས་པ་བརྗོད་པ་དང་།། ནད་མེད་ལང་ཚོ་བདེ་བ་དང་།། འཇིག་རྟེན་མཐུ་ཆེན་འདུལ་བ ་དང་།། སངས་རྒྱས་ཀུན་གྱིས་སྲས་སུ་དགོངས།། རྒྱལ་སྲས་རྣམས་ཀྱིས་གྲོགས་སུ་མཐོང་།། དེ་ལ་སྩོགས་ཏེ་བསམ་མི་ཁྱབ།། སངས་རྒྱས་དག་ནི་ཐམས་ཅད་ཀྱི།། སྐུ་ཡི་དཀྱིལ་འཁོར་བཀོད་པ་ལས།། རྣམ་པ་མཐའ ་ཡས་གྲུབ་པར་འགྱུར།། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི།། ཡི་གེ་གསུང་གི་དཀྱིལ་འཁོར་ནི།། ཇི་བཞིན་དཀྱིལ་འཁོར་བྲིས་པ་ལས།། ཡི་གེ་གསུང་གི་ཕྱག་རྒྱའི་ཚོགས།། ཇི་བཞིན་གསལ་བར་བཀོད་པ ་ཡི།། དཀྱིལ་འཁོར་དག་ཏུ་སློབ་མ་རྣམས།། ཞུགས་པ་ཡང་ནི་དེ་བཞིན་ནོ།། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི།། ཇི་བཞིན་དཀྱིལ་འཁོར་བྲིས་ནས་ཀྱང་།། སོ་སོའི་རང ་རྟགས་ཕྱག་མཚན་རྣམས།། ཇི་བཞིན་གནས་སུ་བཀོད་པ་རུ།། གཞུག་པ་ལ་སྩོགས་བྱས་ན་ཡང་།། ཡོན་ཏན་དེ་དང་འདྲ་བར་འགྱུར།། སྐུ་དང་གསུང་དང་ཐུགས་ཀྱི་རྣམས།། གཅིག་ལའང་གསུམ་གསུམ་ཡོད་པ ་ཡིན།། དེ་བས་རྣལ་འབྱོར་བློ་ལྡན་པས།། ངེས་པ་མེད་པར་ཤེས་པར་བྱའོ།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། སྐུ ་གསུང་ཐུགས་ཀྱི་གཟུགས་བརྙན་གྱི་དཀྱིལ་འཁོར་རིམ་པར་བཀོད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་མི་འགྱུར་ནམ་མཁའ་ཆེ།། རྣམ་དག་གསུང་མཆོག་རྒྱལ་པོ ་དེས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྡོ་རྗེའི་ཐིག་ནི་གདབ་པ་དང་།། ཚོན་རྩི་དག་ནི་བཀྱེ་བ་ཡི།། བརྙན་མ་ཡི་ནི་དཀྱིལ་འཁོར་དེ།། རྣལ་འབྱོར་སེམས་དཔས་མི་བྱའོ།། བྱས་ན་དངོས་གྲུབ ་རྙེད་པར་དཀའ།། དེ་བས་ཏིང་འཛིན་ནན་ཏན་བསྒོམ།། ནམ་མཁའི་རྡོ་རྗེ་དབུས་གནས་པར།། དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ།། གཞལ་ཡས་མེ་འོད་འབར་བར་བསྒོམ།། འཁོར་ལོ་རྒྱན་དང་རོལ་མོའི ་ཚོགས།། དེར་ནི་རང་སྔགས་བདག་པོ་བསྒོམ།། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ།། རབ་སྔགས་རྡོ་རྗེ་ཅན་གྱི་གཟུགས།། བསྒོམས་ན་རྡོ་རྗེ་ཅན་དུ་འགྱུར།། ནམ་མཁའི ་དབྱིངས་ཀྱི་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། རང་སྔགས་འཁོར་ལོ་ཅན་གྱི་གཟུགས།། བསྒོམས་ན་འཁོར་ལོ་ཅན་དུ་འགྱུར།། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།། རིན་ཆེན་དཀྱིལ ་འཁོར་བསྒོམ་པར་བྱ།། རང་སྔགས་རིན་ཆེན་ཅན་གྱི་གཟུགས།། བསྒོམས་ན་རིན་ཆེན་འཛིན་པར་འགྱུར།། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི།། པདྨའི་དཀྱིལ་འཁོར་བསྒོམ་པར་བྱ།། རང་སྔགས་པདྨོ་ཅན་གྱི ་གཟུགས།། བསྒོམས་ན་པདྨ་འཛིན་པར་འགྱུར།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། ལས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ།། རང་སྔགས་རལ་གྲི་ཅན་གྱི་གཟུགས།། བསྒོམས་ན་ལས་ཀྱི་སེམས་དཔར ་འགྱུར།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། སངས་རྒྱས་ཀུན་གྱི་དཀྱིལ་འཁོར་བསྒོམ།། སྔགས་ཀྱི་བདག་པོར་རབ་བསྒོམས་ན།། སངས་རྒྱས་ཀུན་དང་མཉམ་པར་འགྱུར།། རབ་ཏུ་དབེན་པའི་གནས་དག ་གམ།། རི་བོར་ཆུ་གླིང་ནགས་འདབས་སུ།། ཏིང་འཛིན་འདི་དག་བསྒོམས་ན་ནི།། ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ།། རྣལ་འབྱོར་ཅན་གྱིས་ཟླ་དྲུག་ཏུ།། བསྒོམས་ན་དེ་ནི་འགྲུབ་པར་འགྱུར།། གླང་པོའི་ཤ་ལ ་སྩོགས་པ་ཡི།། ཤ་ལྔ་དག་ལ་བྱིན་གྱིས་བརླབས།། ཟས་ཕྱིར་འདི་དག་བཟའ་བྱ་སྟེ།། ཁ་ཟས་གཞན་ལ་ཆགས་མི་བྱ།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། རང་སྔགས་ཡི་གེའི་རྣམ་པ་ཀུན།། ཇི་བཞིན ་བསྒོམས་ནའང་འགྲུབ་པར་འགྱུར།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། རང་གི་ཐུགས་ཀྱི་མཚན་མ་རྣམས།། ཇི་བཞིན་རྣམ་པར་བསྒོམས་ན་ཡང་།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། རྩེ་གཅིག་པ་ཡི ་ཏིང་འཛིན་འདིས།། གང་འདོད་ལས་དེ་བྱེད་པས་ན།། ཆོ་ག་རྫས་དང་ཡོ་བྱད་རྣམས།། ཚོགས་པ་ཡང་ནི་གཙོར་མ་བཤད།། མ་ཚོགས་ན་ཡང་ངེས་པར་འགྲུབ།། དེ་བས་ནན་ཏན་ཆེར་བསྐྱེད་དེ།། ཏིང་འཛིན་དཀྱིལ ་འཁོར་བསྒོམས་པར་བྱ།། དཔེར་ན་གླང་ཆེན་སྨྱོན་པ་དག། གདུལ་ཐབས་ལྕགས་ཀྱུས་འདུལ་བ་ལྟར།། རང་སེམས་དམུ་རྒོད་གདུལ་དཀའ་ཡང་།། མཉམ་གཞག་ཏིང་འཛིན་རྩེ་གཅིག་གིས།། བཏུལ་ན་དངོས་གྲུབ ་ཡ་མཚན་འགྲུབ།། མཚན་མ་དག་གི་གཟུགས་བརྙན་དང་།། ལུགས་མ་ལ་སྩོགས་ཕྱག་རྒྱ་ལས།། མཚན་མའི་ཏིང་འཛིན་བསྒོམས་བྱས་ཀྱང་།། རང་གི་རྣལ་འབྱོར་མི་འབྱུང་སྟེ།། བྱང་ཆུབ་སེམས་ལ ་གཞོལ་བའི་མིས།། རང་གི་རྣལ་འབྱོར་ལྷར་འགྱུར་རོ།། དེ་བས་ནན་ཏན་རྩེ་གཅིག་གིས།། མཚན་མ་མེད་ལ་བརྩོན་པར་འབད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། གསང་བ ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ། བཅོམ ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ།། བདེ་བར་གཤེགས་པས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན ་འདས་གསང་བ་མཆོག་གི་བདག་པོས་སྔགས་དང་ཕྱག་རྒྱ་འདི་དག་བཤད་དོ།། སེམས་དཔའ་ཆེན་པོ་ཉོན་ཅིག། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ལས་གང་བསྒྲུབ་པའི་སྙིང་པོ་ཡིན།། འདི་ལ་གང་ཞིག་དད་མོས ་པ།། སྣང་མཛད་སེམས་དཔའ་ཉིད་འདྲར་འགྱུར།། ཨོཾ་བུདྡྷ་བཻ་རོ་ཙ་ན་ཨཱ~ཾ།། ལག་གཉིས་ཁུ་ཚུར་བཅངས་པ་ལས།། གཡོན་པའི་མཛུབ་མོ་བསྒྲེང་བ་ཡི།། རྩེ་མོ་གཡས་པའི་ཁུ་ཚུར་གྱིས།། བཟུང་བ་སྣང་མཛད་སེམས ་དཔའི་རྒྱ།། རྒྱ་འདི་བཅིངས་པ་ཙམ་གྱིས་སུ།། སངས་རྒྱས་སྲས་དང་བཅས་པ་ཀུན།། རབ་ཏུ་དགྱེས་ཤིང་མཉེས་པར་འགྱུར།། བྱང་ཆུབ་མཆོག་ཏུ་གདོན་མི་ཟ།། གཞན་ཡང་རྡོ་རྗེ་འཛིན་ཉིད་ཀྱི།། གསང་བའི་སྔགས ་ནི་འདི་ཡིན་ཏེ།། བཛྲ་ཨཀྵོ་བྷུ་ཧཱུཾ། སེམས་དཔའི་སྐྱིལ་མོ་ཀྲུང་འདུག་ནས།། ལག་གཡོན་པད་པར་མཉམ་གཞག་སྟེ།། གཡས་པ་ས་གཞི་གནོན་པའི་ཚུལ།། རྡོ་རྗེ་མི་འཁྲུགས་ཕྱག་རྒྱར་བཤད།། སྔགས་དང་ཕྱག་རྒྱ ་འདི་ཡིས་ནི།། སངས་རྒྱས་གྲགས་པ་ཆེན་པོ་ཡང་།། རབ་ཏུ་འདར་ཞིང་སྐྲག་པར་འགྱུར།། བདུད་རྣམས་ཚར་གཅོད་སྨོས་ཅི་དགོས།། གཞན་ཡང་རིན་ཆེན་འཛིན་པ་ཡི།། གསང་བའི་སྙིང་པོ་འདི་ཡིན་ནོ།། རཏྣ་སཾ ་བྷ་བ་ཏྲཾ།། མི་འཁྲུགས་ཕྱག་རྒྱ་དེ་ཉིད་ལས།། གཡས་པས་མཆོག་སྦྱིན་བྱེད་པ་ནི།། རིན་ཆེན་འཛིན་གྱི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། བདེ་བའི་མཆོག་རྣམས་སྦྱིན་པར་བྱེད།། དགང་དཀའ་བ་ཡང ་རབ་འགེངས་ནས།། བཀྲེན་པ་ཕྱུག་པར་ཅི་ཞིག་སྨོས།། གཞན་ཡང་ཆོས་ཀྱི་སེམས་དཔའ་ཡི།། གསང་བའི་སྔགས་ནི་འདི་ཡིན་ནོ།། པདྨ་ཨ་མི་ཏ་བྷ་ཧྲཱིཿ། ཕྱག་རྒྱ་གོང་མ་དེ་ཉིད་ལས།། ལག་གཉིས་བསམ་གཏན ་ཚུལ་དུ་བྱས།། པདྨ་སེམས་དཔའི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་གྲགས་པ་ཆེན་པོ་ཀུན།། དབང་དུ་འགྱུར་བར་གདོན་མི་ཟ།། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས།། གཞན་ཡང་ལས ་ཀྱི་སེམས་དཔའ་ཡི།། གསང་བའི་སྔགས་ནི་འདི་ཡིན་ནོ།། བཛྲ་ཨ་མོ་གྷ་སིདྡྷི་ཨ།། ཕྱག་རྒྱ་གོང་མ་དེ་ཉིད་ལས།། མི་འཇིགས་སྦྱིན་པར་བྱ་བ་ནི།། ལས་ཀྱི་སེམས་དཔའི་ཕྱག་རྒྱ་ཡིན།། སྔགས་དང ་ཕྱག་རྒྱ་འདི་ཡིས་ནི།། ལས་རྣམས་ཐམས་ཅད་བྱེད་པར་འགྱུར།། དེ་ནས་གཞན་ཡང་བཤད་བྱ་བ།། དབྱིངས་ཕྱུག་མ་ཡི་སྔགས་འདི་ཡིན།། ཨོཾ་བུདྡྷ་ལོ་ཙཱ་ན་ཨོཾ། ལག་གཉིས་ཐལ་མོ་མཉམ་སྦྱར་ཏེ།། སྤྱི་བོའི་གཙུག ་ཏུ་བཞག་པ་ནི།། དབྱིངས་ཕྱུག་མ་ཡི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། དྲེགས་པ་གཏུམ་པོའང་ལྷན་ནེར་གྱུར།། ཨོཾ་ག་ག་ན་ལོ་ཙ་ན་ཧཱུཾ། ཐལ་མོ་ཁོང་སྟོང་སྦྱར་བ་ལས།། མཛུབ་གཉིས་གདུ་བུ་ལྟར ་བྱས་ཏེ།། མཐེ་བོའི་རྩེ་མོ་མིག་གི་ཚུལ།། རྡོ་རྗེ་དབྱིངས་ཕྱུག་མ་ཡི་རྒྱ།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་ཐམས་ཅད་དགྱེས་འགྱུར་ཞིང་།། ལས་རྣམས་འགྲུབ་པར་བྱེད་པ་དང་།། ཤི་བའང་སོས་པར ་གདོན་མི་ཟ། ཨོཾ་ཀི་རི་ཀི་རི་མ་མ་ཀ་རི་ཧཱུཾ།། ལག་གཉིས་རྡོ་རྗེ་བཅིངས་པ་ལས།། གུང་གཉིས་བསྒྲེང་བའི་ཚིགས་གསུམ་པར།། མཛུབ་གཉིས་བཙུག་པ་རྡོ་རྗེའི་ཚུལ།། མཱ་མ་ཀཱི་ཡི་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ ་འདི་ཡིས་ནི།། བསྲུང་བའི་ལས་ཀུན་བྱེད་པ་སྟེ།། འདི་ཡིས་བསྲུང་བར་བྱས་པ་ནི།། སངས་རྒྱས་ཀུན་གྱི་མི་ཚུགས་སོ།། ཨོཾ་ཀ་ཏ་བི་ཀ་ཏེ་ཀ་ཏང་ཀ་ཏེ་སྭཱ་ཧཱ།། ལག་གཉིས་ཐལ་མོ་ཁོང་སྟོང་དུ།། པདྨ་ཁ་ཕྱེའི་ཚུལ ་བྱས་པ།། པདྨ་དབྱིངས་ཕྱུག་ཕྱག་རྒྱ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། ཆོས་མཛོད་ཆེན་པོ་འཐོབ་པར་འགྱུར།། ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ།། ཐལ་མོ་ཁོང་སྟོང་སྦྱར་བ་ལས།། མཛུབ་གཉིས་བཀུག་པའི་རྩེ ་མོ་ཡིས།། སོ་སོའི་གུང་མོའི་རྩེ་མོ་མནན།། མཐེབ་གཉིས་དབུས་སུ་བཞག་པ་ནི།། ལས་ཀྱི་དབྱིངས་ཕྱུག་ཕྱག་རྒྱར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱང་།། དབང ་དུ་འགྱུར་བར་གདོན་མི་ཟ།། དེ་ནས་གཞན་ཡང་བཤད་བྱ་བ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ།། ལག་གཉིས་ཁུ་ཚུར་བཅངས་པ་ལས།། མཐེབ་གཉིས་གྱེན་དུ་བཏེག་པ་ནི།། བདེར་གཤེགས་ཀུན ་གྱི་སྐུ་ཡི་རྒྱ།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། གང་ལ་བྱིན་གྱིས་བརླབས་པ་དེ།། རྡོ་རྗེ་ལྟ་བུའི་སྐུར་གྱུར་རོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ།། ཕྱག་རྒྱ་གོང་མ་དེ་ཉིད་ལས།། གཡོན་གྱི་མཐེ་བོ ་ནང་བཅུག་སྟེ།། གཡས་ཀྱི་མཐེ་བོ་དེ་བཞིན་བཏེག། བདེར་གཤེགས་ཀུན་གྱི་གསུང་གི་རྒྱ།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། གང་ལ་བྱིན་གྱིས་བརླབས་པ་དེ།། སངས་རྒྱས་ཀུན་གྱི་གསུང་དུ་འགྱུར།། ཨོཾ་སརྦ ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ&ཧཾ།། ཕྱག་རྒྱ་གོང་མ་དེ་ཉིད་ལས།། གཡས་པའི་མཐེ་བོང་ནང་བཅུག་སྟེ།། གཡོན་པ་མཐེ་བོང་བཏེག་པ་ནི།། བདེར་གཤེགས་ཀུན་གྱི་ཐུགས་ཀྱི་རྒྱའོ།། སྔགས་དང་ཕྱག་རྒྱ་འདི ་ཡིས་ནི།། གང་ལ་བྱིན་གྱིས་བརླབས་པ་དེས།། སངས་རྒྱས་ཀུན་གྱི་ཐུགས་སུ་འགྱུར།། དེ་ལ་སྩོགས་ཏེ་བསམ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ནམ་མཁའ་དབྱིངས་ཀྱི་མཐའ ་ཀླས་པ།། བརྗོད་མེད་བརྗོད་དུ་མེད་པ་ཡི།། ཡོན་ཏན་མཐའ་ཀླས་བསམ་མི་ཁྱབ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས།། སྔགས ་དང་ཕྱག་རྒྱ་རྣམ་པར་སྤྲོས་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་བསྟོད་དོ།། ཨེ་མའོ་རྣམ་དག་སྟོང་པའི ་ལམ།། སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག། སྣ་ཚོགས་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་ཀུན་གྱི་གསུང་གི་མཆོག། རྣམ་དག་སྒྲ་ཆེན་ཁྱོད་ལ་འདུད།། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ།། ཡེ་ཤེས་གཙོ་ལ་ཕྱག ་འཚལ་འདུད།། སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན།། རྡོ་རྗེ་འཛིན་ལ་ཕྱག་འཚལ་འདུད།། ཆོས་ཀྱི་འཁོར་ལོས་རབ་སྦྱར་བ།། སངས་རྒྱས་འཁོར་ལོ་ཁྱོད་ལ་འདུད།། ནོར་བུ་འཛིན་པ་ཁྱོད་ལ་འདུད།། པདྨ་པདྨ་འཆང་ལ ་འདུད།། སྣ་ཚོགས་ལས་ལ་ཕྱག་འཚལ་ལོ།། ཞེས་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ནི། དེ་བཞིན་ཉིད་ལ་དམིགས་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ཚེ་རིགས ་ལྔའི་བདེ་བར་གཤེགས།། འཁོར་རྣམས་རྒྱ་མཚོར་བཅས་རྣམས་ཀྱིས།། འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས།། འགྲོ་རྣམས་སྣ་ཚོགས་འདུལ་བར་གྱུར།། ལ་ལར་སྐུ་ཡི་དོན་མཛད་པ།། འགྲོ་རྣམས་ཀུན་ལ་སྡིག་སོང ་གཟུགས།། སྤྲུལ་པས་སོ་སོར་འདུལ་བ་ནི།། དམྱལ་བ་རྣམས་ལ་གཤེད་པོས་འདུལ།། པྲེ་ཏ་རྣམས་ལ་ཁ་འབར་གཟུགས།། དུད་འགྲོ་རྣམས་ལ་སེངྒེའི་གཟུགས།། མི་རྣམས་ཀུན་གྱི་འཇིག་རྟེན་དུ།། འཁོར་ལོས་སྒྱུར ་རྒྱལ་ལྟ་བུའི་ཚུལ།། ལྷ་མིན་རྣམས་ལ་ཐགས་བཟང་གཟུགས།། ལྷ་རྣམས་ལ་ནི་བརྒྱ་བྱིན་གཟུགས།། ཚངས་རིས་རྣམས་ལ་ཚངས་ཆེན་གཟུགས།། ཆགས་བྲལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ ་བསེ་རུའི་ཚུལ།། ས་བཅུའི་བྱང་ཆུབ་སེམས་དཔའ་ལ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། འགྲོ་རྣམས་ཇི་ལྟར་འདུལ་བ་ལ།། མཐུན་བྱས་གཟུགས་ནི་སྣ་ཚོགས་འདུལ།། འགྲོ་རྣམས་ཇི་ལྟར་འདུལ་བ་བཞིན།། ཆོས ་ཀྱི་འཁོར་ལོ་སྣ་ཚོགས་ནི།། ལ་ལར་སྡེ་སྣོད་གསུམ་དག་ཏུ།། བསྡུས་ནས་ཆོས་ཀྱི་འཁོར་ལོ་བསྐོར།། ལ་ལར་གསུང་རབ་བཅུ་གཉིས་སོ།། ལ་ལར་སྟོང་ཕྲག་བརྒྱ་བཅུ་བཞི།། གཏི་མུག་རྨོངས་པའི་འགྲོ་རྣམས ་ལ།། སངས་རྒྱས་འཁོར་ལོས་འཁོར་ལོ་བསྐོར།། ཞེ་སྡང་ཆེ་ལ་རྡོ་རྗེ་འཛིན།། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར།། ང་རྒྱལ་ཅན་ལ་རིན་པོ་ཆེའི།། འཁོར་ལོ་བླ་ན་མེད་པ་བསྐོར།། འདོད་པས་འཆེལ་པའི་འགྲོ་གང ་ལ།། པདྨའི་འཁོར་ལོ་རབ་ཏུ་བསྐོར།། ཕྲག་དོག་སྤྱོད་པའི་ལས་གང་ལ།། སྣ་ཚོགས་རྡོ་རྗེའི་འཁོར་ལོ་བསྐོར།། འགྲོ་བའི་སྐད་རྣམས་ཇི་ཙམ་པར།། དེ་སྙེད་སྒྲ་སྐད་ཐ་དད་སྟོན།། ལ་ལར་ལྷུམས་སུ ་གཤེགས་པའི་ཚུལ།། ལ་ལར་ལྷུམས་ནས་བལྟམས་པའི་ཚུལ།། ལ་ལར་གཞོན་ནུའི་རོལ་རྩེད་སྟོན།། ལ་ལར་ཁྱིམ་པ་ལྟ་བུའི་ཚུལ།། ལ་ལར་ཁབ་ནས་རབ་ཏུ་བྱུང་།། ལ་ལར་དཀའ་ཐུབ་དཀའ་བ་སྤྱད།། ལ་ལར ་བྱང་ཆུབ་མཆོག་སེམས་བསྐྱེད།། ལ་ལར་བདུད་བཞི་འདུལ་བར་སྟོན།། ལ་ལར་རྡོ་རྗེའི་ས་ལ་གཤེགས།། ལ་ལར་བྱང་ཆུབ་ཤིང་དབང་དྲུང་།། ལ་ལར་བསྐུལ་བའི་ས་ལ་གཤེགས།། ལ་ལར་རྣམ་པ་བཅུ་གཉིས ་སུ།། ལན་གསུམ་དག་ཏུ་འཁོར་ལོ་བསྐོར།། ལ་ལར་ཆོ་འཕྲུལ་ཆེན་པོ་སྟོན།། ལ་ལར་མྱ་ངན་འདའ་ཚུལ་སྟོན།། ལ་ལར་སྐུ་གདུང་རིང་བསྲེལ་སྟོན།། ལ་ལར་ཆོས་ཀྱི་གླེགས་བམ་སྟོན།། ལ་ལར་ཕྱི་རོལ་འབྱུང་བ ་ས།། ཆོས་དང་མཐུན་པའི་སྒྲ་སྐད་འབྱུང་།། ལ་ལར་མུ་སྟེགས་ལྟ་བུའི་ཚུལ།། ལ་ལར་འཇིག་རྟེན་བསམ་གཏན་ཚུལ།། ལ་ལར་ས་བཅུར་རིམ་གྱིས་འབྱུང་།། ལ་ལར་སྤྱན་ལྔ་རྣམ་པར་དག། ལ་ལར་མངོན་ཤེས་ཕ ་རོལ་ཕྱིན།། ལ་ལར་ཁྱབ་འཇུག་དབང་ཕྱུག་ཆེ།། ལ་ལར་འཇིག་རྟེན་སྐྱོང་བའི་ཚུལ།། འགྲོ་རྣམས་ཇི་ལྟར་འདུལ་བ་བཞིན།། བྱིན་རླབས་ཆོ་འཕྲུལ་དེ་ལྟར་བསྟན།། དེ་ཚེ་འགྲོ་རྣམས་ཐམས་ཅད་ཀུན།། ལས་ཀྱི ་སྟོབས་ཀྱི་དབང་གྱུར་པ།། ལོག་པ་ཅན་གྱི་རཱ་ཏྲ་རྣམས།། ལོག་ལྷའི་མཐུས་བསྙེམས་མ་གཏོགས་པ།། སངས་རྒྱས་བསྟན་ལ་དད་པར་འགྱུར།། བྱང་ཆུབ་སྤྱོད་སྒོ་ཇི་སྙེད་པ།། དེ་སྙེད་འབྲས་བུས་བདེ་ལ་བཀོད།། དེ ་ནས་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ངོ་མཚར་དུ་གྱུར་ཏེ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་རྡོ་རྗེ་ཀུན་ཏུ་བཟང་།། ངོ་མཚར་ཁྱོད་ལ་བདག་ཅག་འདུད།། ཨེ་མའོ། ་གསང་སྔགས་ཡ་མཚན་ཆེ།། ཨེ་མའོ་སྟོན་པ་ཆོ་འཕྲུལ་ཆེ།། ཨེ་མའོ་ངོ་མཚར་རྫུ་འཕྲུལ་ཆེ།། ཨེ་མའོ་སྔགས་ཀྱིས་མི་འདུལ་མེད།། འདི་ནི་ངོ་མཚར་ཡ་མཚན་ནོ་ཞེས་གསོལ་པས། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས ་བཀའ་སྩལ་པ།། རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག། གསང་བའི་ཐེག་པ་འདི་ལ་ནི།། སུ་ཞིག་མོས་པའི་སྐྱེས་བུ་དེས།། མི་བྱ་བ་ནི་གང་ཡང་མེད།། མི་འགྲུབ་པ་ནི་གང་ཡང་མེད།། རྟག་ཏུ་གསོད་ལ་བརྩོན་པ ་དང་།། མ་བྱིན་ལེན་དང་མི་ཚངས་སྤྱོད།། རྫུན་དང་ངག་རྩུབ་སྨྲ་བ་དང་།། ཟས་སུ་བཤང་གཅི་རྣག་ཁྲག་དྲོན་མོ་འཐུང་བ་དང་།། ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས།། གསང་བ་འདི་ཉིད་འགྲུབ་པར་འགྱུར།། ཕ་དང ་ཁུ་བོ་མྱེས་པོ་དང་།། བུ་དང་སྤུན་དང་མཛའ་བོ་རྣམས།། ཞེ་སྡང་སེམས་ཀྱིས་བསད་བྱས་ན།། རྡོ་རྗེའི་རིགས་ཀྱི་ཞིང་དུ་འགྱུར།། མ་དང་སྲིང་མོ་བུ་མོ་དང་།། གདོལ་པ་མོ་དང་ཕྱལ་པ་ལའང་།། འདོད་པའི་སེམས ་ཀྱིས་སྦྱར་བས་ནས།། པདྨའི་རིགས་སུ་ངེས་པར་སྐྱེ།། ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་དེ་དག་སྐྲག་སྟེ་རབ་ཏུ་བརྒྱལ་བར་གྱུར་ཏོ།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་བཅོམ་ལྡན ་འདས་གསང་བ་མཆོག་གི་བདག་པོ་ལ་བལྟས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་སླར་གསོ་བར་གསོལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ཀྱི་འོད་ཟེར་ཞི་ཞིང་འཁྱིལ་པས།། ་དེ་དག་ལ་བསྟིམས་ཏེ་བྱིན་གྱིས་བརླབས་པར་མཛད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་སླར་དྲན་པ་རྙེད་དེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞལ་དུ་མིག་མི་འཛུམ་པར་བལྟས་ཏེ་འཁོད ་དོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་རྣམས་རང་རང་གི་འདུ་ཤེས་ངན་པ་དེ་དག་ཐོང་ཞིག། བྱང་ཆུབ་སྤྱོད་པའི་གནས་འདི་ཡི།། ཐམས་ཅད ་ནམ་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། དེ་ཉིད་འཇིག་རྟེན་སྣ་ཚོགས་ཏེ།། ཕྱག་རྒྱའི་ཚོགས་ཆེན་དེ་ཉིད་དོ།། ཆོས་སྐུ་སྒྱུ་མས་དབང་བསྒྱུར་བས།། དེ་ལ་དངོས་པོ་ག་ལ་ཡོད།། ཅི་སྤྱོད་ཅི ་བསྒོམས་ཅི་བསྒྲུབས་ཀྱང་།། བྱང་ཆུབ་ཉིད་དེ་ལྟུང་གནས་མེད།། དམྱལ་བའི་གནས་ཉིད་བླ་མེད་གནས།། སྡུག་བསྔལ་ཉིད་ཀྱང་བྱང་ཆུབ་ལ།། འཁོར་བ་ཉིད་ཀྱང་མྱ་ངན་འདས།། སྒྲིབ་པ་ཉིད་ནི་མངོན་སངས ་རྒྱས།། ངེས་དོན་དེ་ལ་འདུས་པར་སྦྱོར།། ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་དེ་དག་སོམ་ཉི་དང་བྲལ་ནས་རང་རང་གི་དེ་བཞིན་ཉིད་ལ་དམིགས་ཏེ་ཅང་མི་སྨྲ་བར་འཁོད་དོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། ཐུགས་རྗེས་འདུལ་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པ་ལ་སྩོགས ་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏེ། ལོག་པའི་ལམ་དངོས་པོ་ལ་མངོན་པར་འཆོལ་བ། མངོན་པའི་ང་རྒྱལ་གྱི་མཐུ་བརྙེས་ནས། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པས། འཇིག་རྟེན་ཕུང་བར ་བྱེད་པ་རྣམས། ཞི་བས་ཕན་པའི་སྐབས་ལ་མ་བབ་སྟེ། རོལ་པའི་མཛད་སྤྱོད་ཀྱིས་འདུལ་བར་གཟིགས་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། །། ཨེ་མའོ། ་ལོག་པའི་ལམ་གྱིས་མནར་བ་ལ།། ཞི་བས་ཕན་པར་མི་འགྱུར་ཏེ།། འོ་དོད་འབོད་པར་ལྟུང་བར་འགྱུར།། ཤིན་ཏུ་ཁྲོ་གཏུམ་གདུག་པ་ལ།། ཡེ་ཤེས་ཁྲོས་པས་འདུལ་བར་འགྱུར།། དེ་བས་མངོན་པའི་འདུལ་མཛད ་རིགས།། ཞེས་གསོལ་པས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པ་དེ་ཐུགས་སུ་ཆུད་ནས། ཧཱུཾ་ཧཱུཾ་ཧཱུཾ། ཞེས་པས་རིགས་ལྔའི་བདེ་བར་གཤེགས་པ་ལ་སྩོགས་པའི་འཁོར་བ་ཐམས་ཅད ་རང་གི་ཐུགས་ཀར་བསྡུས་ཏེ། གཉིས་སུ་མེད་པའི་དབྱིངས་སུ་མི་སྣང་བར་མཛད་དོ།། གནས་ཀྱི་དཀྱིལ་འཁོར་ལ་སྩོགས་པ་ཐམས་ཅད་ཀྱང་ཉིད་ཀྱི་སྐུ་ལ་བསྡུས་ཏེ་མི་སྣང་བར་མཛད་དོ།། དེ་ནས་ཧཱུཾ ་བཛྲ་ཀྲོ་དྷ་མ་ཧཱ་རཱ་ཛ་ཕཊ། ཅེས་པའི་སྒྲ་བརྗོད་ཅིང་རྡོ་རྗེ་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོས་པའི་སྐུ་མངོན་པར་འདུ་མཛད་དེ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཐའ་ཡས ་པར་སྣང་བའི་ཐུགས་ཀ་ནས་རིག་པའི་བྷྲཱུཾ་སྨུག་ནག་ལས། རླུང་ནག་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པའི་ཁྲག་གི་རྒྱ་མཚོ་འཁྲུགས་པའི་དཀྱིལ་ན། ཀེང་རུས་ཆེན་པོའི་རི་རབ་འབར་བའི་སྟེང་ན། དྲག་པོ་ཨེའི་གཞལ ་ཡས་ཁང་ནམ་མཁའི་རྒྱ་དང་མཉམ་པ། འབར་བའི་འཕྲོ་བ་འཁྲུགས་པའི་ཀློང་དུ་འཁྱིལ་བར་འགྱུར་རོ།། དེ་ནས་བཛྲ་མ་ཧཱ་ཀྲོ་དྷི་ཞེས་བརྗོད་པས་དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མངོན་པར་ཕྱུང་སྟེ། ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས། ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཞེས་བརྗོད་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཞེ་སྡང་རྡོ་རྗེའི་སྐུ་རྗེས་སུ་དྲན་ནས། འཇིག་རྟེན་དྲུག ་གི་ཕྱོགས་བཅུ་ཐམས་ཅད་ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་གྱིས་གང་བར་གྱུར་ཏོ།། དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས་རབ་ཏུ་གཡོས།། ཀུན་ཏུ་རབ་ཏུ་གཡོས།། འཁྲུགས་རབ་ཏུ་འཁྲུགས།། ་ཀུན་ཏུ་རབ་ཏུ་འཁྲུགས། ཚིག་རབ་ཏུ་ཚིག། ཀུན་ཏུ་ཚིག་གོ། འཐོར་རབ་ཏུ་འཐོར་ཀུན་ཏུ་རབ་ཏུ་འཐོར་རོ།། དེའི་ཚེ་འཇིག་རྟེན་འདི་ཕུང་བར་བྱེད་པའི་དྲེགས་པ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། མ་ཧཱ ་དེ་བ་དང་། ཁྱབ་འཇུག་རྣམས་རང་རང་གི་ཆེ་བ་སྟོན་ཅིང་ཤིན་ཏུ་ཁྲོས་གཏུམ་མོ།། དེ་ནས་འཇིགས་བྱེད་ཆེན་པོས་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀྲོ་དྷ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས། ཁྲོ་བོ་འཆོལ་པ་དེ་དག་གིས་ཕྱོགས་བཅུའི ་དྲེགས་པ་བསྒྲལ་ནས། སླར་འདུས་ཏེ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྐུ་མཐིང་ནག་དབུ་གསུམ་པ་མདོག་མཐིང་ནག་དམར་ནག་ལྗང་ནག་གི་ཚུལ་གྱིས་རྔམས་པ། ཕྱག་དྲུག་ཞབས་བཞི་སྟོང་ཚུལ་དུ་བགྲད་པ། རྡོ་རྗེའི ་གཤོག་པས་གཏམས་པ། སངས་རྒྱས་ལྔ་དབུ་ལ་རྫོགས་ཤིང་སྐྲ་ཁམ་ནག་ཏུ་འཁྱིལ་པ། དཔལ་གྱི་ཆས་དང་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། སྟོད་རྡོ་རྗེའི་གོ་ཆ་ལ་སྨད་ཁྲོ་བོའི་ཕུར་པས་གཏམས་པ། མེ་འབར་བའི ་དཀྱིལ་ན་ཡུམ་རལ་པ་གཅིག་མ་དང་འཁྲིལ་བའི་ཚུལ་གྱིས་གནས་པ་གཅིག་ཏུ་གྱུར་ཏེ། བཀའ་ནོད་པའི་ཚུལ་དུ་གནས་ཤིང་། དྲེགས་པ་ཀུན་ཞབས་འོག་ཏུ་བརྫིས་ཏེ་གནས་པ་ལས། ཁྲོས་པའི་རྒྱལ་པོར་དབང ་བསྐུར་བའི་ཕྱིར། ཧཱུཾ་ཀྲོདྷ་བཛྲ། ཧཱུཾ་ཛྙཱ་ན་བཛྲ་ཞེས་བརྗོད་ནས། ལས་ཀྱི་རྡོ་རྗེ་རྩེ་མོ་ལྔ་པ་ནི་ཕྱག་གཡས་པར་མར་བྱིན། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་མོ་དགུ་པ་ནི་གཡས་དང་པོར་བྱིན་ཏེ་དབང་བསྐུར་རོ།། དེ་ནས་དྲེགས་པ ་དེ་དག་བརླང་པོའི་གཏུམ་ཚིག་སྨྲ་ཞིང་ང་རྒྱལ་གྱི་མཐུ་སྟོན་པ་ལས། ལག་ཆ་ཁ་ཊྭཱཾ་ག་ཕྱག་གསོན་གྱི་བར་མས་ཕྲོག་ནས་རྒྱལ་བའི་རྟགས་སུ་བསྣམས་སོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས། རྡོ་རྗེ་ཁྲོ ་བོ་ཕུར་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཁྲོ་བོའི་ཕུར་པ་དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། ཧཱུཾ་ཀྲོ་དྷ་ཀི་ལི་ཀི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊཿབཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ། ་ཧཱུཾ་ཕཊཿརཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊཿཔདྨ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊཿཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊཿཞེས་བརྗོད་པས། ཁྲག་འཐུང་ཁྲོ་བོ་ལས་ཀྱི་ཕུར་པ་དང་།། རྡོ་རྗེ་ཁྲོ་བོ ་ལས་ཀྱི་ཕུར་པ་དང་།། རིན་ཆེན་ཁྲོ་བོ་ལས་ཀྱི་ཕུར་པ་དང་།། པདྨ་ཁྲོ་བོ་ལས་ཀྱི་ཕུར་པ་དང་།། ཕྲིན་ལས་ཁྲོ་བོ་ལས་ཀྱི་ཕུར་པ་རྣམས།། སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ་ལ། སྐུ་སྨད་ལྕགས་ཀྱི་ཕུར་པ་དྲག་པོའི ་དབྱིངས་སུ་སྣང་བ། དབུ་སྐྲ་ཁམ་པ་ཟུར་གསུམ་གྱི་ཐབས་སུ་འགྲེང་བ། དབུ་ལ་རིགས་ལྔའི་གཞལ་ཡས་ཁང་དང་བཅས་པར་རྫོགས་པ། ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་དང་ལྡན་པར། ཨེའི་གདན་ལ་སྲས ་མཆོག་རྡོ་རྗེ་གཞོན་ནུའི་སྤྱན་སྔ་ན་བཀའ་ནོད་པའི་ཚུལ་དུ་གནས་སོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་འདི་སྐད་ཅེས་བསྐུལ་ལོ།། ཧཱུཾ་མཐིང་ནག་གྲུ་གསུམ་དྲག་པོའི་དཀྱིལ་འཁོར་ནས།། རྡོ་རྗེ་འདུས་པའི་སྲས ་མཆོག་ཀཱི་ལ་ཡ།། མཐིང་ནག་ཆེན་པོ་གཅེར་བུ་རལ་པ་ཅན།། ཞེ་སྡང་དྲེགས་པ་ཅན་གྱི་སྙིང་ལ་ཐོབ།། ཅེས་པས། སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱག་ཐ་མ་གཉིས་ཀྱིས་ཁྲག་འཐུང་ཁྲོ་བོ་ལས་ཀྱི་ཕུར་པའི་སྐེ་ནས ་བཟུང་ནས་དྲེགས་པ་ཆེན་པོ་ཕོ་མོ་ཞབས་འོག་ཏུ་མནན་པའི་སྙིང་ལ་གཟིར་ཏེ་བསྒྲལ་ལོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་འདི་སྐད་ཅེས་བསྐུལ་ལོ།། ཧཱུཾ་གྲུ་གསུམ་སྨུག་ནག་དྲག་པོའི་དཀྱིལ་འཁོར་ནས།། སངས ་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། སྨུག་ནག་ཆེན་པོ་གཅེར་བུ་རལ་པ་ཅན།། གཏི་མུག་དྲེགས་པ་ཅན་གྱི་སྙིང་ལ་ཐོབ།། ཅེས་པས། སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱག་ཐ་མ་གཉིས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་ཀྱི་ཕུར ་པའི་སྐེ་ནས་བཟུང་སྟེ་ཚངས་པ་ཕོ་མོ་འཁོར་དང་བཅས་པ་བསྒྲལ་ལོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་འདི་སྐད་ཅེས་བསྐུལ་ལོ།། ཧཱུཾ་གྲུ་གསུམ་སེར་ནག་དྲག་པོའི་དཀྱིལ་འཁོར་ནས།། རིན་ཆེན་འདུས་པའི་སྲས ་མཆོག་ཀཱི་ལ་ཡ།། སེར་ནག་ཆེན་པོ་གཅེར་བུ་རལ་པ་ཅན།། ང་རྒྱལ་དྲེགས་པ་ཅན་གྱི་སྙིང་ལ་ཐོབ།། ཅེས་པས། སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱག་ཐ་མ་གཉིས་ཀྱིས་རིན་ཆེན་ཁྲོ་བོ་ལས་ཀྱི་ཕུར་པའི་སྐེ་ནས་བཟུང ་སྟེབརྒྱ་བྱིན་ཕོ་མོ་འཁོར་དང་བཅས་པ་བསྐུལ་ལོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་འདི་སྐད་ཅེས་བསྐུལ་ལོ།། ཧཱུཾ་གྲུ་གསུམ་དམར་ནག་དྲག་པོའི་དཀྱིལ་འཁོར་ནས།། པདྨ་འདུས་པའི་སྲས་མཆོག་ཀི་ལ ་ཡ།། དམར་ནག་འཇིགས་པའི་གཅེར་བུ་རལ་པ་ཅན།། འདོད་ཆགས་དྲེགས་པ་ཅན་གྱི་སྙིང་ལ་གཟིར།། ཞེས་པས། སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱག་ཐ་མ་གཉིས་ཀྱིས་པདྨ་ཁྲོ་བོ་ལས་ཀྱི་ཕུར་པའི་སྐེ ་ནས་བཟུང་སྟེ། མ་ཧཱ་དེ་བ་ཕོ་མོ་འཁོར་དང་བཅས་པ་བསྒྲལ་ལོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོས་འདི་སྐད་ཅེས་བསྐུལ་ལོ།། ཧཱུཾ་གྲུ་གསུམ་ལྡང་ནག་དྲག་པོའི་དཀྱིལ་འཁོར་ནས།། ཕྲིན་ལས་འདུས་པའི་སྲས ་མཆོག་ཀཱི་ལ་ཡ།། ལྗང་ནག་ཆེན་པོ་གཅེར་བུ་རལ་པ་ཅན།། ཕྲག་དོག་དྲེགས་པ་ཅན་གྱི་སྙིང་ལ་ཐོབ།། ཅེས་པས་ཡང་སྲས་མཆོག་རྡོ་རྗེ་གཞོན་ནུའི་ཕྱག་ཐ་མ་གཉིས་ཀྱིས། ཕྲིན་ལས་ཁྲོ་བོའི་ལས་ཀྱི་ཕུར་པའི་སྐེ ་ནས་བཟུང་སྟེ་ཁྱབ་འཇུག་ཕོ་མོ་འཁོར་དང་བཅས་པ་བསྒྲལ་ལོ།། དེ་ནས་ཡང་ཁྲག་འཐུང་ཆེན་པོ་འཇིགས་བྱེད་རྡོ་རྗེ་གཞོན་ནུའི་སྐུ་ཟ་བྱེད་དུ་བྱིན་གྱིས་བརླབ་པའི་ཕྱིར། ཛྭ་ལ་རཾ། ཞེས་པས་མེ་དཔུང་དུད་ཀ་འབར ་ཞིང་འཕྲོ་བ་ཕྱག་གཡོན་དང་པོར་ཕུལ་ལོ།། འཇིགས་བྱེད་རྡོ་རྗེ་གཞོན་ནུས་ཀྱང་།། མེ་དཔུང་དུད་ཀས་དྲེགས་པའི་སྙིང་དང་ནང་གྲོལ་དང་ཕུང་པོ་བསྲེགས་སྦྱངས་ཏེ་ཧ་ཧ་ཧ་ཞེས་ཞལ་དུ་གསོལ་ནས་ཕུང་པོ་ལྷག་མ ་མེད་པར་དག་པར་མཛད་ད།། དོའི་ཐ་ཟས་མཅག་རྡོ་རྗེ་གཞན་ནུ་ལབ་ཐམ་གཉིས་ས་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྦྱིན་ལས། ཧཱནྡ་ཧཱ་སྭཱ་ཧཱ་ཧཱ་ཧཱ་ཧཱ་ཀྵ། ཧཱ་ཧཱུ~ཾ་སྭཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཤེས་བརྗོད་པས། ཐབ ་པོ་ཧཱུཾ་ཀ་ར་དང་། རྣམ་པར་རྒྱལ་བ་དང་། དབྱུག་པ་སྔོན་པོ་དང་། གཤིན་རྗེའི་གཤེད་པོ་དང་། མི་གཡོ་མགོན་པོ་དང་། རྟ་མགྲིན་དང་། གཞན་གྱིས་མི་ཐུབ་པ་དང་། བདུད་རྩི་འཁྱིལ་པ་དང་། ཁམས་གསུམ་རྣམ ་པར་རྒྱལ་བ་དང་། སྟོབས་པོ་ཆེ་རྣམས་ལ། ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མ་དང་། སྙེམས་མ་དང་། སྡེར་མོ་དང་། དུར་ཁྲོད་མ་དང་། གཏུན་ཁུང་མ་དང་། གཏུམ་མོ་དང་། མདའ་སྙེམས་མ་དང་། རླུང་འབྱིན་མ་དང་། གསོད ་མ་དང་། སྐྱོད་མ་རྣམས་འཁྲིལ་བའི་ཚུལ་གྱིས་འཐོན་ཏེ། ཆ་ལུགས་དབུ་གསུམ་ཕྱག་དྲུག་ཞབས་དྲུག་ཐུར་དུ་གཏམས་པ། གདུག་པའི་ལག་ཆ་སྣ་ཚོགས་དང་། གཤོག་པ་རྡོ་རྗེས་གཏམས་པ། སྟོད་རྡོ་རྗེའི་གོ་ཆ་ལ ་སྨད་ཕུར་པའི་ཁྲོ་བོས་གཏམས་པ། དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་ཤ་སྟག་སྟེ། དེ་དག་གི་འཁོར་ན་སྤྲུལ་པའི་ཕྲ་མེན་ལྕམ་དྲལ། ཕག་དང་སྨིག་བུ་དང་སྟག་དང་བྱ་རྒོད་དང་གཡག་དང་བྱ་རོག་དང་། ཤ་བ་དང་འུག་པ ་དང་། གཟིག་དང་ཁྭ་ཏ་དང་། བྱི་ལ་དང་པུ་ཤུད་དང་། སྤྱང་ཀི་དང་ཁྲ་དང་། སེང་གེ་དང་ཕ་བོང་དང་། དོམ་དང་དྲེད་མོ་དང་། དྲེད་དང་། བྱི་ལའི་མགོ་ཅན་གྱི་ཚོགས་དང་། སྤྲུལ་པ་དང་ཡང་སྦྲུལ་དུ་ཆས་ནས་འཁོར ་བ་དག་གིས་སྲིད་པའི་རླུང་ཡང་མི་འཆོལ་བར་གཏམས་ནས། ཉི་ཟླ་དང་། དབང་པོ་དང་། མེ་ལྷ་དང་། གཤིན་རྗེ་དང་། སྲིན་པོ་དང་། ཀླུ་དང་། རླུང་ལྷ་དང་། གནོད་སྦྱིན་དང་། བགེགས་དང་། ས་བདག་རྣམས ་འཁོར་དང་བཅས་པ་གོང་མ་ལྟར་བསྒྲལ་ལོ།། དེ་ནས་དཔལ་ཁྲག་འཐུང་ཆེན་པོས་གསང་བ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཨེ་ཨ་ར་ལི་རུ་ལུ་རུ་ལུ་ཧཱུཾ་ཛ་ཞེས་བརྗོད་པས། ་དྲག་པོ་ཆེན་པོའི་མ་དང་བུ་མོ་དང་ཆུང་མའི་ཚོགས་ཀྱི་གཙོ་མོ་ཉི་ཤུ་རྩ་བརྒྱད་འཁོར་གྲངས་མེད་པ་དང་བཅས་ནས་ཁྲག་འཐུང་ཆེན་པོའི་ཐད་དུ་ཡུད་ཙམ་གྱིས་འདུས་སོ།། འདུས་ནས་ཀྱང་ཉིད་ཀྱི་སྐུ་ལ་འཁྲིལ་ཏེ ་དགྱེས་པའི་སྤྲིན་ལས་ཧ་ཧ་ཞེས་པས། དཀར་མོ་དང་། རྐུན་མོ་དང་། སྦོས་མོ་དང་། གཏུམ་མོ་དང་། རྨོངས་མོ་དང་། རོ་ལངས་མ་དང་། ཐལ་བྱེད་མ་དང་། སྨེ་ཤ་ཅན་རྣམས་རེ་རེ་ལ་ཡང་ཚོགས་བསམ་གྱིས་མི་ཁྱབ ་པ་རྣམས་རང་རང་གི་ལག་ཆ་དང་། སྟན་དང་ཆས་ཏེ་འབར་བའི་དཀྱིལ་འཁོར་དུ་འཁོད་དོ།། དེ་ནས་ཡང་དགྱེས་པའི་སྤྲིན་ལས་ཧེ་ཞེས་བརྗོད་པས། སེང་གདོང་དང་། སྟག་གདོང་དང་། ཝ་གདོང་དང་། ཁྱི་གདོང ་དང་། བྱ་རྒོད་གདོང་དང་། དུར་བྱའི་གདོང་དང་། བྱ་རོག་གི་གདོང་དང་། འུག་པའི་གདོང་རྣམས་རེ་རེ་ལ་ཡང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་དང་། རང་རང་གི་ལག་ཆ་དང་སྟན་དང་ཆས་ཏེ་དཀྱིལ ་འཁོར་དུ་འཁོད་དོ།། ཡང་དགྱེས་པའི་སྤྲིན་ལས་ཕཊ། ཞེས་པས། རྟ་གདོང་དང་། ཕག་གདོང་དང་། སེང་གདོང་དང་། སྦྲུལ་གདོང་རྣམས་རེ་རེ་ལ་ཡང་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་དཀྱིལ་འཁོར་དུ་འཁོད ་དོ།། དེ་ནས་མ་མོ་དེ་དག་ཕཊ་ཞེས་པས་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ།། དེ་ནས་ཁྲོ་བོ་རྣམས་ཕྱག་བྲང་ལ་བསྣོལ་ཏེ་བཙིར་བས། མི་གཙང་བའི་རྒྱ་མཚོ་འཁྱིལ་ཏེ་དྲན་པ་མེད་པ ་ལས། ཁྲག་འཐུང་ཆེན་པོས་ཐུགས་རྗེའི་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སྦྱོར་མཚམས་ནས་ཁྲོ་མོ་རྡོ་རྗེ་དམེ་བ་བརྩེགས་མ་འཐོན་ཏེ། མི་གཙང་བའི་རྒྱ་མཚོ་བརྔུབས་པས་སླར་དྲན ་པ་ཐོབ་སྟེ། བདེན་པ་མཐོང་ནས་དཔལ་ཆེན་པོའི་འབངས་སུ་མནས་བོར་ཏེ། ལུས་ཁྲོ་བོ་རྣམས་ཀྱི་གདན་ཁྲིར་ཕུལ་ཏེ། གྲུབ་པ་ལང་ཀར་ཁས་འཆེས་ནས་ཕྱི་རབས་པའི་རྣལ་འབྱོར་གྱི་ཚོགས་སྐྱོང་བར་དམ་བཅས ་སོ།། དེའི་ཚེ་ཕྱོགས་སྐྱོང་རྣམས་ཞབས་འོག་ཏུ་བཞག་གོ། མ་དང་བུ་མོ་དང་ཆུང་མ་རྣམས་ཀྱང་དཔལ་གྱི་འཁོར་དུ་ཕུལ་ཏེ་དམ་ཚིག་བྱིན་ནས་གཞལ་ཡས་ཁང་གི་མུ་རན་ལ་བཞག་གོ། རྒྱུད་ཀྱི་རྒྱལ་པོ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཉིད་ཀྱི་དཀྱིལ ་འཁོར་འདི་དག་ཐུགས་ཀ་ནས་ཕྱུང་ངོ་།། དུར་ཁྲོད་དང་ནི་ངམ་གྲོག་གནས།། རྐང་གཅིག་སུམ་མདོ་ཁང་སྟོང་དུ།། རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བྱ།། འབར་བའི་འཁོར་ལོ་རྩིབས་བརྒྱད་པ།། གྲུ་ཆད་བཞིས་ནི་རབ ་ཏུ་བརྒྱན།། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས།། དབུས་ཀྱི་ལྟེ་བ་ཟླུམ་པོ་ལ།། ཐིག་བཞི་མཎྜལ་བརྒྱད་དུ་བྱ།། དེ་དག་ལ་ནི་མཐིང་ནག་གི། གྲུ་གསུམ་མེ་འོད ་འབར་བར་བྱ།། དབུས་སུ་དྲེགས་པའི་གདན་དག་ལ།། རྡོ་རྗེ་གཞོན་ནུ་ཡབ་ཡུམ་དགོད།། སྤྱན་སྔ་ཉིད་དང་ཕྱོགས་བཞི་རུ།། གྲུ་གསུམ་མེ་འོད་འབར་བ་ལས།། སྲས་མཆོག་ཕུར་པ་ལྔ་པོ་དགོད།། རྣམ་རྒྱལ་གཤེད ་པོ་རྟ་མགྲིན་དང་།། བདུད་རྩི་འཁྱིལ་པ་ཉིད་དང་བཞི།། དྲི་ཟ་གཤིན་རྗེ་ཀླུ་གདུག་དང་།། གནོད་སྦྱིན་གདན་ལ་རྩིབས་དག་ལ།། ཕྱོགས་བཞི་དག་ཏུ་གཟུངས་དང་བཅས།། མཚམས་ཀྱི་འཁོར་ལོ་དག་ལ ་ཡང་།། ཁམས་གསུམ་རྣམ་རྒྱལ་དབྱུག་སྔོན་ཅན།། མི་གཡོ་གཞན་གྱིས་མི་ཐུབ་རྒྱལ།། བགེགས་དང་དྲང་སྲོང་སྲིན་པོ་དང་།། རླུང་ལྷའི་གདན་ལ་བརྐྱང་བསྐུམ་ཚུལ།། རང་རང་ཁྲོ་མོ་དག་དང་འཁྲིལ།། མདུན་དང ་རྒྱབ་ཏུ་ཧཱུཾ་དང་ནི།། སྟོབས་ཆེན་གཟུངས་དང་བཅས་པ་དག། ཚངས་པ་དང་ནི་ས་བདག་གི། གདན་ལ་བརྐྱང་བསྐུམ་ཚུལ་དུ་གནས།། ནང་དང་ཕྱི་ཡི་གྲ་རྣམས་སུ།། ཕྱི་ནང་ལྷ་མོ་བཅུ་དྲུག་ཀྱང་།། རང་གི་སྟན་དང ་ལག་ཆ་དང་།། ངོ་མཚར་སྟབས་དང་ལྡན་པར་དགོད།། ཕྱི་རོལ་མེ་ཁྱམས་དང་པོ་ལ།། ཕོ་ཉའི་དཔུང་ཚོགས་ཉི་ཤུ་ནི།། གཅིག་ལའང་གསུམ་གསུམ་དྲུག་ཅུ་དགོད།། སྒོ་བཞི་དག་ཏུ་སྒོ་སྲུང་དགོད།། ཕྱི་རོལ་མེ ་ཁྱམས་འབར་བ་ལ།། སླས་དང་བྱི་མོའི་ཚོགས་ཀྱི་གཙོ།། བཅུ་གཉིས་དང་ནི་བརྒྱད་ཀྱིས་བསྐོར།། དུར་ཁྲོད་ཐོད་པ་དགུའི་ནང་དུ།། ཚིལ་ཆེན་མེ་མར་ཁ་དགུར་གཏད།། རྡོ་རྗེ་ཤ་ཆེན་ཐང་མར་བད་ལ།། དམར་གྱི ་རཀྟ་རྒྱ་མཚོར་བསྒྲིལ།། རུས་པའི་ཕུང་པོ་རི་ལྟར་སྦྲང་།། གསུར་ཆེན་དུད་པ་རྒྱུན་མི་གཅད།། ཕྱོགས་བཞི་མཚམས་བརྒྱད་དག་ཏུ་ཡང་།། སྟག་དང་ཆུ་སྲིན་ཤུན་ཆེན་གྱི།། རྒྱལ་མཚན་བརྒྱད་ནི་འབར་བའི ་གཟུགས།། ཞིང་ལྤགས་བླ་རེ་སྤྲིན་ལྟར་གཏིབས།། དེ་ལ་སྩོགས་ཏེ་རྒྱན་གྱི་རྣམ།། ཅི་རིགས་པར་ནི་དགོད་པར་བྱ།། འབར་བའི་ཚོགས་ཀྱིས་མཚན་མ་རྣམས།། རང་རང་སྐོས་སུ་གཞག་བྱ་བ།། མཚན་ལྡན་བྷནྡྷ་ལྕང ་ལོ་ཅན།། དབང་པོ་ལྔ་དང་ལྡན་པ་ནི།། གཙོ་བོ་ཡབ་ཡུམ་མཚན་མར་བཞག། དུར་ཁྲོད་རྐང་གི་ཕུར་པ་ལྔ།། སྲས་མཆོག་ཕུར་པའི་མཚན་མར་དགོད།། ཐོད་པའི་དུམ་བུ་བཅུ་དྲུག་ནི།། ལྷ་མོ་བཅུ་དྲུག་མཚན་མར ་དགོད།། ཡན་ལག་ནེའུ་སེང་ཐམས་ཅད་ནི།། ཁྲོ་བོ་ཁྲོ་མོ་རྣམས་ཀྱི་རྫས།། སོ་དང་སེན་མོ་བ་སྤུ་རྣམས།། ཕོ་ཉ་རྣམས་ཀྱི་མཚན་མར་དགོད།། སྒལ་ཚིགས་ལ་སྩོགས་རྫས་ཀྱི་རྣམ།། ཅི་བགྱིའི་ཚོགས་ཀྱི་མཚན་མར ་དགོད།། ཡན་ལག་བཞི་ཡི་མཚན་མ་ནི།། སྒོ་བཞིར་སྒོ་སྲུང་རྣམས་ཀྱི་མཚན།། སོ་སོའི་གསུང་གི་ཡིག་འབྲུ་རྣམས།། རང་རང་རིགས་ཀྱི་མཚན་མ་ལ།། ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བྲི།། བླ་མ་ལུང་ལྡན་དེས་ཀྱང ་ནི།། ཁྲོས་པ་དྲག་པོའི་རྣལ་འབྱོར་བྱ།། དབང་ལྡན་ཕྱོགས་ཀྱི་གྲ་ལ་ཡང་།། བྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི།། ཧོམ་ཁུང་དྲག་པོའི་དབྱིབས་འདྲ་བ།། རྩེ་མོ་ལྷོ་ཡི་ཕྱོགས་སུ་བསྟན།། ཧཱུཾ་དང་ཕཊ་ཀྱིས ་བསྐོར་བར་བྱ།། དུས་ལ་བབ་པའི་སེམས་ཅན་དེ།། ལས་ལ་བབ་པའི་རྣལ་འབྱོར་པས།། མཚན་མ་མིང་དུ་བཅས་པར་བྱ།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན།། ཧོམ་ཁུང་ནང ་དུ་གཞག་པར་བྱ།། ཁྲོ་བོའི་ཕུར་པ་མང་པོ་ཀུན།། གྲཝ་ཡི་ཕྱོགས་སུ་སྤུངས་ཏེ་བཞག། དེ་ནས་གདེང་ལྡན་རྣལ་འབྱོར་དེས།། རྡོ་རྗེ་དབྱུག་པ་བླངས་ནས་སུ།། ཁྲག་འཐུང་ཚོགས་ཀྱི་སྤྲིན་ཕུང་རྣམས།། རྡོ་རྗེའི་གཡབ ་མོས་སྤྱན་དྲངས་ཏེ།། གཉིས་མེད་བརྟན་པར་དམིགས་ནས་ནི།། རྨད་དུ་བྱུང་བའི་མཆོད་པ་བརྩམ།། འདོད་པའི་ཡོན་ཏན་ལྔ་ཡིས་མཆོད།། མཉེས་ནས་ཉེ་བར་བསྒྲུབ་པ་དང་།། རྡོ་རྗེ་སློབ་དཔོན་བརྙས་བྱེད ་དང་།། བླ་མ་སྤུན་ལ་འཁུ་བྱེད་དང་།། གསང་བའི་ཐེག་པ་སྨོད་པ་དང་།། སངས་རྒྱས་བསྟན་པ་འཇིག་པ་དང་།། རྒྱལ་ཁམས་ཡོངས་སུ་གནོད་པ་དང་།། རྣལ་འབྱོར་སྤྱི་ཡི་དགྲར་གྱུར་ལ།། བརྣག་པའི་ནན་ཏུར་བྱ་བ ་ནི།། ཁྲོ་བོ་སུམ་བྷའི་སྦྱོར་བའམ།། ཡང་ན་ལྕགས་ཀྱུའི་རྣལ་འབྱོར་གྱིས།། ཉིན་མཚན་དགུང་ལ་རང་བཀུག་སྟེ།། དེ་ཡི་རྣམ་ཤེས་རླུང་འདྲ་བ།། མཚན་མ་མིང་དུ་བཅས་པ་ལ།། སྲིན་བུ་མེ་ཁྱེར་འདྲར་བཅུག། ་སྟེ།། གཟུགས་ལ་ཕབ་སྟེ་སྒྲོག་གིས་བཅིངས།། དེ་ནས་མངོན་སུམ་གྱུར་པ་དང་།། ལྕེ་པོག་ནག་པོའི་དུད་པས་བདུག། འགོ་བའི་ལྷ་དང་ཕྲལ་བ་གཅེས།། དེའི་ལུས་ཚ་བ་བསྐྱེད་པའི་ཕྱིར།། ལུས་ནད་སྐྱེ་ཚེ་དུག་གིས ་བཀང་།། རྡོ་རྗེ་དྲག་པོའི་ཕུར་པ་འདིས།། ལྟེ་བ་སྙིང་མགྲིན་དཔུང་འགོ་དང་།། གསང་གནས་ཡན་ལག་ལྔ་ལ་གདབ།། ཡུངས་ཀར་མཚོན་ཆའི་ཆར་ནི་དབབ།། དེ་ནས་མཚན་མའི་དངོས་གཞི་དེ།། དྲག་པོ་ཧོམ་གྱི ་དཀྱིལ་འཁོར་དུ།། ཚེར་མ་ཅན་གྱི་མེ་སྦར་ཏེ།། མཚོན་ཆ་རབ་ཏུ་རྣོན་པོ་ཡིས།། རྐང་པ་གཡས་གཡོན་གང་ཡིན་ནས།། རྡུལ་དུ་གཏུབ་ཅིང་བསྲེག་སྦྱང་བྱ།། ལྷ་ཡི་ཚོགས་ལ་ཐིམ་པར་དབུལ།། སངས་རྒྱས་ཉིད་ཀྱང ་འཇིག་གྱུར་ན།། འཇིག་རྟེན་པ་ལྟ་སྨོས་ཅི་དགོས།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། དྲག་པོའི་དཀྱིལ་འཁོར་བསྟན་པའི་ལེའུ ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་དེ་དག་གི་སྔགས་དང་ཕྱག་རྒྱ་རྣམས་བཤད་དོ།། ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཀུ་མཱ་ར་རཀྵ་ཧཱུཾ། ཁྲོས་པའི་སྟབས་སུ་གནས་ནས་སུ།། ལག ་གཡས་རྡོ་རྗེ་འདོགས་པ་ལས།། ལག་གཡོན་ཕུར་པ་འདེབས་ཚུལ་དུ།། བརྐྱང་བསྐུམ་ཚུལ་དུ་གནས་བྱས་པ།། ཁྲག་འཐུང་ཆེན་པོའི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་རྡོ་རྗེ་འཛིན་པ ་ཡང་།། རབ་ཏུ་བརྒྱལ་ཏེ་འཆི་གྱུར་ན།། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས།། ཨོཾ་བཛྲ་ཀྲོ་དྷི་ཨེ་ཀ་ཛཱ་ཊི་ཧཱུཾ་ཨཱཿ། ཁྲོ་མོའི་སྟབས་སུ་གནས་བྱ་སྟེ།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པས ་དུང་ཁྲག་གཙོ་ལ་སྟོབ།། འདི་ནི་ཁྲོས་པའི་རྒྱལ་མོ་སྟེ།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་གྲགས་པ་ཆེན་པོ་ཡང་།། མཉེས་ཤིང་དབང་དུ་འགྱུར་བར་ངེས།། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ་རྐང་པ་མཐིལ་སྤྲད་ཐུར་དུ་གཟུག། གཡས་པ་སྟ་རེ་གྱེན་དུ་ཕྱར།། གཡོན་པ་ཕུར་པ་འདེབས་ཚུལ་གཟུང་།། གཅུ་ཐབས་ཟུར་གྱིས་མནན་ཅིང་བལྟ།། འདི་ནི་སྲས་མཆོག་ཕུར་པའི་སྟེ།། སྔགས་དང་ཕྱག་རྒྱ་འདི་ཡིས ་ནི།། ལན་གསུམ་དྲག་ཏུ་བཟླས་པ་ཡིས།། སངས་རྒྱས་ཉིད་ཀྱང་འཇིག་གྱུར་ན།། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས།། ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ལག་གཉིས་ཐལ་སྦྱར་གྱེན་དུ་བསྒྲེང་།། རྐང་པ ་མཐིལ་སྤྲད་ཐུར་དུ་གཟུག། རོལ་པའི་སྟབས་ཀྱིས་གར་བྱེད་པ།། ཧཱུཾ་ཆེན་གྱི་ནི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་ཉིད་ཀྱང་འགུགས་གྱུར་ན།། བུ་མོ་རྣམས་ལྟ་ཅི་ཞིག་སྨོས།། ཨོཾ་བཛྲ ་ཀྲོ་ཏ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ལག་གཡོན་ཁྲོ་མཛུབ་སྙིང་གར་བཞག། གཡས་པ་ལྕགས་ཀྱུ་ལྟར་བྱས་པ།། སྤྱན་བཟློག་སྟོབས་ཀྱིས་བལྟ་བ་ནི།། རྣམ་པར་རྒྱལ་བའི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི ་ཡིས་ནི།། རླུང་དང་རླུང་ཆེན་གྲུབ་པ་ཡང་།། བཟློག་པར་གྱུར་ཏེ་གདོན་མི་ཟ།། ཅི་ཡང་ཅི་ཡང་ཕྱིར་བཟློག་བྱེད།། ཨོཾ་བཛྲ་ཀྲོ་ཏ་ནི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊཿགཡོན་པ་ཁྲོ་མཛུབ་སྙིང་གར་བཞག། གཡས་པ་བེ ་ཅོན་ཚུལ་དུ་གདེངས།། བརྡེག་ཚུལ་སྟབས་སུ་གནས་པ་ནི།། བེ་ཅོན་སྔོན་པོའི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། རྡོ་རྗེའི་བྲག་ཀྱང་འཇོམས་པར་ནུས།། གསང་བའི་ལས་ལ་ལྷག་པར ་འཇེབས།། ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ལག་གཉིས་ཁུ་ཚུར་བཅངས་པ་ལས།། གུང་མོ་སྲིན་ལག་གཉིས་བསྒྲེངས་ཏེ།། གུང་མོ་རྩེ་མོའི་ཚུལ་དུ་བྱ།། རྒྱབ་ཏུ་སྲིན་ལག་བསྣོལ་བ་ལས།། མཛུབ ་གཉིས་གདུ་བུའི་ཚུལ་དུ་དཀྲི།། མཐེབ་གཉིས་རྩེ་སྦྲད་མདུན་བཞག་སྟེ།། ཁ་ཡི་ཚུལ་དུ་བྱས་པ་ནི།། གཤིན་རྗེ་འཇོམས་པའི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། རྡོ་རྗེ་འགུགས་དང་བསད་པ ་དང་།། བསྐམ་དང་དབྱེ་དང་བསྐྲད་པར་འགྱུར།། ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡ་བྷཪྵ་ཧཱུཾ་ཕཊ། ལག་པ་གཉིས་ཀྱི་མཐེ་བོ་ཡས།། སྲིན་ལག་མཐེའུ་ཆུང་སེན་མོ་མནན།། མཛུབ་མོ་གུང་མོ་རལ་གྲི་ལྟར།། ཤུབས ་ནས་ཕྱུང་བར་བྱས་པ་ནི།། མི་གཡོ་མགོན་པོའི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། ལྷ་ཀླུ་ལ་སོགས་མངག་གཞུག་བྱེད།། ལོག་འདྲེན་ཚོགས་ཀུན་བྲེད་ཅིང་སྲེག། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ་ཧུ་ལུ་ཧུ ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅངས་ཏེ།། མཐེའུ་ཆུང་ལུ་གུ་རྒྱུད་དུ་མདུད།། མཛུབ་མོ་གཤིབས་ཏེ་བསྒྲེངས་པ་ལས།། བཟློག་སྟེ་དཔྲལ་བར་བཞག་པ་ནི།། རྡོ་རྗེ་རྟ་ཡི་ཡིན་པར་བཤད།། སྔགས ་དང་ཕྱག་རྒྱ་འདི་ཡིས་ནི།། དུག་རྣམས་ཐམས་ཅད་འཇོམས་པར་འགྱུར།། སེར་བ་ལ་སྩོགས་བཟློག་པ་དང་།། འཇིགས་པ་ཀུན་ལས་ཐར་བར་འགྱུར། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ལག་གཉིས་ཁུ ་ཚུར་བཅངས་པ་ལས།། རྒྱབ་སྤྲད་མཐེའུ་ཆུང་ལུ་གུ་རྒྱུད།། མཛུབ་གཉིས་རྩེ་སྤྲད་ཞགས་པའི་ཚུལ།། གཞན་གྱིས་མི་ཐུབ་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ ་ཡང་།། རབ་ཏུ་འཇིགས་ཤིང་སྐྲག་པར་འགྱུར།། གདོན་རྣམས་ཐམས་ཅད་གཟིར་བར་བྱེད།། ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ལག་པ་གཉིས་ཀྱི་མཐེ་བོང་གིས།། མཐེའུ་ཆུང་གཉིས་ཀྱི་སེན་མོ ་མནན།། སོ་སོར་དཔུང་འགོར་བསྣོལ་བ་ནི།། བདུད་རྩི་འཁྱིལ་བའི་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་།། སྐྲོད་པར་འགྱུར་ཏེ་གདོན་མི་ཟའོ།། ཨོཾ་བཛྲ་ཀྲོ ་ཏ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བྷིནྣ་བྷིནྡ་ཧཱུཾ་ཕཊ། ལག་གཉིས་ཁུ་ཚུར་བཅངས་པ་ལས།། མཛུབ་གཉིས་བསྒྲེངས་ཏེ་མཁྲིག་མ་བསྣོལ།། ཁམས་གསུམ་རྣམ་རྒྱལ་ཡིན་པར་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། སངས ་རྒྱས་བྱང་ཆུབ་སེམས་དཔའ་ཡང་།། བཅིང་བར་འགྱུར་ཏེ་གདོན་མི་ཟ།། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཕཊ། གཡོན་པའི་ཁུ་ཚུར་སྙིང་གར་བཞག། གཡས་པས་བརྡེག་པའི་སྟོངས་སུ་ཕྱར།། སྟོབས ་པོ་ཆེ་རུ་བཤད་པ་ཡིན།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། ཟན་པ་བྱུང་ན་ཆར་པ་འབེབས།། ཆར་ཆེ་ན་ཡང་གཅོད་པར་བྱེད།། ཨཱ~ཾ་བཛྲ་ཀྲོ་ཏ་པ་ཡ་བ་ཏི་ཧཱུཾ། ལ་སེ་ཀེ་ཧཱུཾ། པྲ་ཏི་ཙ་ཧཱུཾ། ཤྭ་ཤན་པ་ཏི་ཧཱུཾ། མུ་ས་ལཱི་ཧཱུཾ། ་ཙཎྜཱ་ཡ་ཏི་ཧཱུཾ། ཤ་བྱ་ཡ་ཏི་ཧཱུཾ། རིཀྵ་ཡ་ཏི་ཧཱུཾ། མ་རཱ་ཎ་ཧཱུཾ། ཙིན་ད་མུ་ནེ་ཧཱུཾ། ཁྲོ་མོའི་སྟངས་སུ་གནས་ནས་སུ།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་བྷནྣ་རཀྟ་སྟོབ། ཁྲོ་མོ་ཀུན་གྱི་ཕྱག་རྒྱར ་བཤད།། སྔགས་དང་ཕྱག་རྒྱ་འདི་ཡིས་ནི།། ལས་རྣམས་ཐམས་ཅད་བྱེད་པ་སྟེ།། སོ་སོའི་ཁྲོ་བོའི་ལས་སུ་བཤད།། གཞན་ཡང་ཡང་སྦྲུལ་ཕོ་ཉ་དང་།། མ་མོ་ཅི་བགྱི་ལ་སྩོགས་ཀུན།། སོ་སོའི་སྔགས་དང་ཕྱག་རྒྱ ་རྣམས།། ངེས་པ་མེད་དོ་རྒྱལ་བས་གསུངས།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཏིང་ངེ་འཛིན་རྣམ་པར་སྤྲོ་བ་འདི་གསུངས་སོ།། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། དེ་དབུས་བདག་པོའི་གཟུགས ་བསམས་ཏེ།། ལས་རྣམས་ཐམས་ཅད་བརྩམ་པར་བྱ།། བཀའ་ཡེ་འཁོར་ལོ་རབ་བསྒྱུར་བས།། ལས་རྣམས་ཐམས་ཅད་བྱེད་པར་འགྱུར།། དེ་ནས་ཕུར་བུ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས ་སོ།། གདེངས་དང་ལྡན་པའི་རྣལ་འབྱོར་པས།། དང་པོར་དངོས་མེད་བྱང་ཆུབ་སེམས།། སྟོང་པ་ཆེན་པོའི་ཏིང་འཛིན་ལས།། ཕུར་པ་ཁྲོ་བོའི་གཟུགས་སུ་བརྟགས།། རྒྱ་མདུད་སྟེང་དུ་གཞལ་ཡས་ཁང་།། ཚད་དང་རྒྱ ་ཡང་མ་ཆད་པ།། འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས།། ཞིང་རྣམས་གདན་ཆེན་གསལ་བའི་སྟེང་།། ཁྲག་འཐུང་ཚོགས་ནི་རྒྱས་པར་བསྒོམ།། དེ་ལས་སྲས་མཆོག་ཀཱི་ལ་ཡ།། རྒྱ་མདུད་མན་ཆད་ཁྲོ་བོའི་ལུས།། ཕུར ་པའི་ལྷ་ཉིད་གསལ་བར་བསྒོམ།། དེ་ཉིད་བྱིན་དང་ལྡན་བྱའི་ཕྱིར།། ཨོཾ་ཧྲཱིཿཕཊ། ཅེས་ཡིག་འབྲུ་གསུམ།། སྤྱི་བོ་རྐེད་པ་རྩེ་མོ་ལ།། སྐུ་གསུང་ཐུགས་སུ་བསྒོམ་པར་བྱ།། ཡེ་ཤེས་ལྔ་ཡི་གེ་ལྔ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།། སྤྱི་བོ ་ལྕེ་དང་སྙིང་ག་དང་།། སྐེད་པ་ཡན་ལག་དག་ལ་སྟེ།། ལྔ་རུ་བྱིན་རླབས་འོད་ཀྱི་འབྲུའོ།། སྒྲོ་དང་བསྡུ་བའི་ཡི་གེ་ནི།། ཧཱུཾ་གསུམ་དང་ནི་ཕཊ་གསུམ་གྱི།། ངོས་གསུམ་དང་ནི་ཟུར་གསུམ་ལ།། རྩེ་མོ་གཅིག་ཏུ་བསྒོམ ་པར་བྱ།། གཡས་གཡོན་ཐབས་དང་ཤེས་རབ་ཀྱི།། སོར་མོ་ཡབ་ཡུམ་བཅུ་བསྒོམས་ཏེ།། སྦྱོར་བའི་བྱིན་བརླབས་འོད་འཕྲོས་པས།། མུ་ཏིག་དཀར་པོ་དྲི་མེད་ལྟར།། ཐིམ་པས་ལྷན་བྱས་འོད་དུ་གྱུར།། འདུ་བྱེད་ལག ་གི་བྱིན་གྱིས་བརླབས།། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་གྱི།། གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས།། བར་མ་ཆད་པར་དེ་ལ་བསྟིམ།། དེས་ཀྱང་བྱིན་ཆེན་འདུས་པར་འགྱུར།། དེ་ནས་སྐུ་གསུང་ཐུགས་ཉིད ་དུ།། བྱིན་གྱིས་བརླབས་ཤིང་བརྟན་བྱ་སྟེ།། ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ།། གུང་གཉིས་གཤིབས་ཏེ་བསྒྲེང་བ་ཡི།། བར་དུ་ཕུར་པ་དྲིལ་བྱས་ཏེ།། རྡོ་རྗེའི་ཚིག་ཏུ་བརྗོད་པའི་སྔགས།། ཨོཾ་བཛྲ་སཏྭ་རཱ་ཙ་ཧཱུཾ། ་དེས་ནི་ཐུགས་ཉིད་རྡོ་རྗེར་འགྱུར།། ལག་གཉིས་སོར་མོ་རྩེ་བསྒྲེངས་ཏེ།། པདྨ་ལྟ་བུར་བྱས་པ་ཡི།། རྟིང་པས་ཕུར་པ་དི་ལ་བྱས་ཏེ།། རྡོ་རྗེའི་ཚིག་ཏུ་བརྗོད་པའི་སྔགས། ཨོཾ་ཕུར་བུ་ཕཊ། དེས་ནི་གསུང་ཉིད་རྡོ་རྗེར ་འགྱུར།། ལག་གཉིས་སོར་མོ་རྒྱབ་བསྣོལ་ཏེ།། མཐེ་བོང་གཤིབས་པའི་ཆང་པ་རུ།། རྡོ་རྗེ་ཕུར་བུ་དྲིལ་བྱས་ཤིང་།། རྡོ་རྗེའི་ཚིག་ཏུ་བརྗོད་པའི་སྔགས།། ཨཱ~ཾ་ཧ་ན་ཧ་ན་ཏི་པ་ཏ་ཙཀྲ་ཧཱུཾ་ཕཊ། དེས་ནི་ལུས་ཉིད་རྡོ་རྗེར ་འགྱུར།། དེ་ནས་ཕུར་བུ་མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཨེ་ཡི་གདན་ལ་བཞུགས་པ་ཡི།། ཁྲོས་པའི་རྒྱལ་པོ་དེ་ཉིད་ལ།། ཉུང་དཀར་རྒྱལ་པོས་བརྡེག་བྱ་ཞིང་།། རྩེ་གཅིག་རྡོ་རྗེར་བྱིན་གྱིས ་བརླབས།། ལག་མཐིལ་གཡས་སུ་བཞག་པ་ཡིས།། གུ་གུལ་དུད་པའི་སྤྲིན་ཕུང་གིས།། བདུག་སྟེ་མཆོད་པས་མཆོད་པར་བསྒོམ།། ཕྱི་ནང་མཆོད་པ་ཅི་འབྱོར་པས།། མཆོད་དེ་ལས་གང་བསྒོ་བར་བྱ།། དེ་ནས་བཟླས ་པ་རྒྱུན་གྱི་ཏིང་ངེ་འཛིན་དེ་གསུངས་སོ།། བདག་ཉིད་དང་པོ་རྣལ་འདུག་སྟེ།། སྙིང་གར་ཉི་མའི་དཀྱིལ་འཁོར་ལས།། མཐིང་ནག་འབར་བའི་ཧཱུཾ་བསྒོམས་ཏེ།། སྔགས་ཀྱི་ཡི་གེ་རབ་བསྐོར་བས།། ཕུར ་པ་ལ་ཡང་དེ་བཞིན་ཏེ།། རང་སྔགས་ཚིག་ཏུ་བརྗོད་པ་ལས།། ཕུར་པ་ཕྲ་མོའི་སྐུ་སྤྲོས་ཏེ།། ཁྲོས་པའི་སྙིང་གར་བསྟིམས་བྱས་ཏེ།། གྲངས་ཀྱི་བསྙེན་པ་ཚང་བ་ན།། མཚན་མར་འབྱུང་བར་གདོན་མི་ཟའོ།། དེ་ནས ་གདབ་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཏི་པ་ཏ་ཙཀྲ་ཕུར་པའི་ལྷ།། ཁྲོས་པ་མི་བཟད་འབར་བ་ཡི།། སྐེ་ནས་ལག་གཡོན་འདེབས་ཚུལ་དུ།། གཡས་པའི་ཐོ་བས་བརྡེག་ཚུལ་དུ།། རྡོ་རྗེ་སྡེར་མོའི་སྔགས ་འདི་ཡིས།། བདུན་ནམ་ཉི་ཤུ་རྩ་གཅིག་བཟླས།། ཨོཾ་ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ་དུཥྚཱན་མཱ་ར་ཡ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་བཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ ་པཱ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཕཊ། དྲག་ཏུ་བརྗོད་ཅིང་གདབ་པར་བྱ།། བཏབ་པ་དེ་ཉིད་བརྟན་བྱའི་ཕྱིར།། རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད།། དམ་ཚིག་ཅན་གྱི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས ་བསྐྱེད་ཅིང་།། དུས་གསུམ་རྒྱལ་བའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དམ་པར་ཆོད་བྱེད་པ་རྣམས།། དངོས་གྲུབ་འཕྲོག་ཅིང་འཚེ་བར ་བྱེད།། ཁྲོས་པ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་དེ་བཀུག་ནས།། མངོན་སྤྱོད་ཚུལ་གྱི་བསྒྲལ་བ་དང་།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང་།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ ་ནི། མོ་ཧ་ཡ་དྷ་ག་བཱན། ཤྲཱི་ཀྲི་བྷི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོ། རྡོ་རྗེ་ཚིག་ཏུ་བརྗོད་ནས་ནི།། བཀྲག་དང་གཟི་མདངས་བདག་ལ་བསྟིམ།། སརྦ་བིགྷྣཱཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་ཧཱུཾ་ཀ། ་ར་ཨཿ་ཉིད་བྱང་ཆུབ་སེམས་ཀྱི་ཁྲུས།། ཕུར་པ་ཉིད་ཀྱང་གཟི་བྱིན་བསྐྱེད།། འོད་དང་མཐུ་དཔུང་ལྷག་པར་བསྐྱེད།། དེ་ནས་ཕྱོགས་བཅུའི་ཁྲོ་བོ་ལ།། རྡོ་རྗེ་ཚིག་གིས་འདི་སྐད་བསྐུལ།། དངོས་གྲུབ་པར་ཆད་བྱེད ་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རིངས་པར་ཁུག་ལ་སྨྲར་རུ་ཆུག། ཕོབ་ཚིག་རྣམ་པར་གཟིར་བར ་གྱིས།། ང་ཡི་དབང་དུ་གྱུར་ནས་ནི།། བསྒོ་བའི་བཀའ་ནི་ཅན་པར་གྱིས།། ཧཱུཾ་པ་ར་བི་དྷམྦ་ན་སཱནྡ་ཙཱནྡ་ཧཱུ~ཾ་ཕཊ། བིརྡྷ་བིདྡྷ་ཧཱུ~ཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུ~ཾ་ཕཊ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། བཛྲ་བནྡྷ་ཧཱུ~ཾ་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ་ས་ར་ཧྲྀ་ད་ན་ཧཱུཾ་ཕཊ། ཤིགྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཕྲ་མེ་ན་ཚོགས་རྣམས་ལ།། རྡོ་རྗེའི་ཚིག་གིས་བསྐུལ་བྱ་སྟེ།། བྲན་དང ་ཕོ་ཉ་བཀའ་ཉན་ཚོགས།། ཁྱོད་ཀྱི་དམ་ཚིག་དུས་ལ་བབ།། ཐ་ཚིག་ཇི་ལྟར་བཅས་པ་བཞིན།། དྲག་པོའི་ཕྲིན་ལས་མྱུར་དུ་མཛོད།། གལ་ཏེ་ཐ་ཚིག་ཉམས་གྱུར་ན།། རྡོ་རྗེའི་ཆུ་ཡིས་བསྲེག་པར་བྱ།། ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ། མཱ་ར་སེནྱ་པྲ་མརྡ་ན་ཡ་ཧཱུཾ་ཕཊཿདེས་ཀྱང ་བརྟེན་པའི་ལས་སུ་འགྱུར།། དེ་ནས་སྲས་མཆོག་བསྐུལ་བྱ་བ།། རྡོ་རྗེ་གསང་བའི་བཀའ་ལས་ནི། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག ་བགེགས་དང་ལོག་འདྲེན་རྣམས།། རྡོ་རྗེའི་བཀའ་ལས་འདའ་མ་བྱེད།། ཧཱུཾ་མ་མ་བ་ཤཾ་ཀུ་རུ་མ་སྟཾ་ཉ་ག་རེ། ཨ་ད་ན་ཏེ། མ་མ་ཀརྨ་ཤངྒ་རཱ་མ་ཀྵི་ཀ་རེ་ཡེ་སྭཱ་ཧཱ། དེ་ནས་དབྱེ་བ་རྒྱུན་གྱི་ཏིང་ངེ་འཛི་འདི་གསུངས ་སོ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་གནོད་སྦྱིན་བདུད་ཀྱང་རུང་།། དེ་ཡི་མཐུ་དཔུང་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། ཨོཾ་སརྦ་ཨ་ན་ཡ་ཧཱུཾ་ན་ཕཊཿདེ་ནས་བརྡུང་བ་རྒྱུན་གྱི་ཏིང་ངེ ་འཛིན་འདི་གསུངས་སོ།། ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་ཐོ་བས་བརྡུང་བྱ་ཞིང་།། དངོས་པོར་གྱུར་པའི་གནས་ཆེན་དུ།། རྡུལ་ཕྲན་བཞིན་དུ་བརྡུང་བར་བྱ།། རྡོ་རྗེའི་ཚིག་གིས་བསྐུལ་བ་ནི།། རྡུངས་ཤིག་རྡོ ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། མེ་དཔལ་རྡོ་རྗེས་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་བརྡུང་།། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུང་བྱ་སྟེ།། ལྷ ་ཡང་རུང་སྟེ་བརླག་པར་བྱའོ།། ཁ་ཏཾ་ཁ་ཏཾ་ཁ་ཟམ། དེ་ནས་བསྟབ་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། རྡོ་རྗེ་ཁྲོ་བོ་འབར་བ་དང་།། རྡོ་རྗེ་ཟ་བྱེད་སྲིན་པོ་དང་།། རྡོ་རྗེ་གནོད་སྦྱིན་ཞལ་གདངས་པར།། མཚན ་མོའི་དངོས་པོ་བསྟིམ་པར་བསྒོམ།། རྡོ་རྗེའི་ཚིག་འདིས་བསྐུལ་བྱ་སྟེ།། ནམ་མཁའ་ཁྲོ་བོའི་ཞལ་གདངས་སུ།། ཐུགས་རྗེས་འགྲོ་ཀུན་ཡུད་ལ་བསྟབ།། ངས་བསྟབ་ཁྱེད་ཀྱིས་ཡུད་ལ་བསྟིམས།། རོལ་ནས་དགྱེས་པའི ་གད་རྒྱངས་སྒྲོགས།། སྡུས་ཤིག་བསྲེགས་ལ་མྱུར་དུ་ཟོ།། བཛྲ་ཀྲོ་ཏ་ཡཀྐ་རཀྟ་ཀྲོ་ཏ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དེ་ནས་བསྲེག་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ཀློང་ཡངས་འཁྱིལ་པའི ་ཧོམ་ཁུང་དུ།། འབར་འཕྲོ་འཁྲུག་པའི་མེ་འབར་ཏེ།། ཡེ་ཤེས་འབར་བའི་མེ་དཔུང་གིས།། དངོས་པོར་གྱུར་པའི་གནས་རྣམས་བསྲེག། རྡོ་རྗེའི་ཚིག་ཏུ་བསྐུལ་བ་ནི། རཾ། མེ་དཔུང་འབར་བའི་ཀློང་དཀྱིལ་དུ།། མཚན ་མར་གྱུར་པའི་དངོས་པོ་བསྲེག། བསྲེགས་པས་དངོས་པོ་ཀུན་བརླགས་ཏེ།། སླར་མི་འཚོ་བར་བསྲེག་པར་གྱུར། རཾ་ཛ་ལ་རཾ་ཛ་ལ་རཾ། སྥ་ར་ཎ་ཧཱུཾ་ཕཊ། དེ་ནས་མནན་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ།། ནམ ་མཁའ་རྡོ་རྗེའི་དཀྱིལ་འཁོར་དུ།། དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ།། རི་རབ་སྟེང་དུ་རྡོ་རྗེ་ནི།། རྒྱ་གྲམ་སྟེང་དུ་བབས་པ་ནི།། ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་བསྒོམ།། སྐྱེ་འགྲོ་ཐམས་ཅད་མནན ་པར་བསམ།། རྡོ་རྗེའི་ཚིག་ཏུ་བརྗོད་པ་ནི། ཧཱུཾ་ལས་ཀྱི་རྡོ་རྗེ་འཁོར་དང་བཅས།། འཇིག་རྟེན་ཁམས་ན་རབ་འབྱམས་ན།། ལོག་པར་ལྟ་བའི་སེམས་ཅན་རྣམས།། སྐད་ཅིག་ཡུད་ལ་མནན་པར་བྱའོ།། ཨོཾ་བཛྲ་སུ་མེ་རུ ་ཧཱུཾ་ས་མ་ཡ་སྟྭཾ། དཀྱིལ་འཁོར་དག་ནི་ཐམས་ཅད་པས།། ཏིང་འཛིན་དཀྱིལ་འཁོར་མཐའ་ཡས་མཆོག། ལས་སུ་རུང་བའི་རྣལ་འབྱོར་པ།། དེ་ཡིས་མི་འགྲུབ་གང་ཡང་མེད།། མི་བྱ་བ་ཡང་གཅིག་ཀྱང་མེད།། ཏིང ་འཛིན་ཀླུང་དུ་འདྲིས་པ་ཡི།། མི་ཞེས་བྱ་བ་བདེར་གཤེགས་ཡིན།། སངས་རྒྱས་ཞེས་ནི་གུད་ན་མེད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི ་མདོ་ལས། རྒྱུན་གྱི་ཏིང་ངེ་འཛིན་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་རྣམ་པར་སྦྱོང་བ་འདི་གསུངས ་སོ།། ཀུན་ཏུ་སྣ་ཚོགས་ལས་ཀྱི་རྣམས།། ཀུན་ཏུ་སྣ་ཚོགས་རྣལ་འབྱོར་གྱིས།། ཀུན་ཏུ་སྣ་ཚོགས་ཏིང་འཛིན་དུ།། གནས་ནས་སྣ་ཚོགས་དོན་བྱའོ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། རྨོངས་པར་གྱུར་བའི ་སེམས་ཅན་ལ།། སྣ་ཚོགས་ལས་ཀྱི་ཞི་བར་སྦྱར།། བཀྲ་ཤིས་དབེན་པའི་གནས་དག་ཏུ།། བཀྲ་ཤིས་མཚན་ལྡན་ཡུམ་མཆོག་གཟུང་།། རྣམ་སྣང་མཛད་ཀྱི་རྣལ་འབྱོར་རམ།། མི་བསྐྱོད་ཕྱག་རྒྱར་བདག་གནས ་ལ།། དཀར་ལ་ཟླུམ་པོའི་དཀྱིལ་འཁོར་ལ།། རྡོ་རྗེ་འོད་ཟེར་འཕྲོ་བས་བརྒྱན།། རིན་ཆེན་ཁ་དོག་དཀར་པོའམ།། དཀར་པོའི་ཤིང་ལས་བྱས་པ་ཡི།། ཕུར་པ་ཟླུམ་པོ་དྲུག་བཏབ་སྟེ།། ཞི་བའི་ལྷ་ཚོགས་སྤྱན་ཡང ་དྲངས།། སྙིང་རྗེ་བྱམས་པས་མཆོད་སྦྱིན་བྱ།། ཡམ་ཤིང་དཀར་ལ་སྦར་བའི་མ།། དཀར་ལ་མངར་བའི་རྫས་རྣམས་ཀྱིས།། ཞི་བའི་ཚུལ་དུ་སྦྱིན་བསྲེག་བྱ།། དངུལ་ཕྱེ་འབྲས་ཆན་དཀར་པོ་ལ།། གཏོར་མར་བྱ་སྟེ་སྦྱིན ་པར་བྱ།། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། གཏི་མུག་ལས་ཀྱི་འཆེལ་པ་རྣམས།། ཞི་བར་གྱུར་པའི་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཕོངས་པར་གྱུར་བའི་འགྲོ་གང་ལ།། སྣ་ཚོགས་ལས ་ཀྱིས་རྒྱས་པར་སྦྱར།། ཙནྡན་ནགས་ཚལ་མེ་ཏོག་བརྒྱན། ཉམས་དགའ་སྐྱེད་མོས་ཚལ་དག་ཏུ།། ལྕུག་ཕྲན་མ་ཡི་ཡུམ་མཆོག་གཟུང་།། རིན་ཆེན་སེམས་དཔར་བདག་གནས་ལ།། སེར་པོ་གྲུ་བཞིའི་དཀྱིལ་འཁོར ་ལ།། རིན་ཆེན་ཆུ་སྐྱེས་དག་གིས་བརྒྱན།། རིན་ཆེན་ཁ་དོག་སེར་པོའམ།། སེར་པོའི་ཤིང་ལས་བྱས་པ་ཡི།། ཕུར་པ་ཟུར་བཞི་བཞི་བཏབ་སྟེ།། རྒྱས་པའི་ལྷ་ཚོགས་སྤྱན་ཡང་དྲངས།། དྭངས་བྱམས་སེམས་ཀྱིས་མཆོད ་སྦྱིན་བྱ།། སེར་པོའི་ཤིང་ལ་སྦྱར་བའི་མེར།། ཁ་བའི་རོ་ལྡན་སེར་པོའི་རྫས།། རྒྱས་པའི་ཚུལ་དུ་སྦྱིན་བསྲེག་བྱ།། གསེར་བྱེ་འབྲུ་རྣམས་སེར་པོ་ལ།། གཏོར་མ་བྱས་ཏེ་རྒྱས་པར་བྱ།། མ་ཡི་ཚོགས་ཀྱི ་དཀྱིལ་འཁོར་དུ།། ང་རྒྱལ་ལས་ཀྱིས་འཆེལ་པ་རྣམས།། རྒྱས་པར་གྱུར་པས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཆགས་པར་གྱུར་པའི་སེམས་ཅན་ལ།། དབང་དུ་བྱ་བ་སྦྱར་བར ་གསུངས།། ཟླ་མཚན་ཅན་ནམ་ཆུ་གླིང་དུ།། སྡོང་གཅིག་མ་ཡི་གཟུགས་མ་གཟུང་།། སྣང་བ་མཐའ་ཡས་རྣལ་འབྱོར་རམ།། རྡོ་རྗེ་རྟར་ནི་རྣམ་པར་སྒོམ།། ཟླ་གམ་དམར་པོའི་དཀྱིལ་འཁོར་ལ།། འོད་ཟེར་འཕྲོས་པའི ་མདའ་གཞུས་བརྒྱན།། ཟངས་ལ་སྩོགས་པའི་རིན་ཆེན་ནི།། དམར་པོའི་ཤིང་ལས་བྱས་པ་ཡི།། ཕུར་པ་ཟླ་གམ་ལྔ་བཏབ་སྟེ།། དམར་སྨུག་འཕྲོ་བའི་ལྷ་ཚོགས་རྣམས།། རྡོ་རྗེ་སྤྲུགས་པས་སྤྱན་དྲངས་ཏེ།། དགའ ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ།། དམར་པོའི་ཤིང་ལ་སྦར་བའི་མེར།། སྒྱུར་ཞིང་དམར་པོའི་རྫས་རྣམས་ཀྱིས།། དབང་གི་ཚུལ་དུ་སྦྱིན་བསྲེག་བྱ།། ཟངས་ཕྱེ་འབྲུ་རྣམས་དམར་པོ་ལ།། གཏོར་མ་བྱས་ཏེ་དབང་དུ ་བསྡུ།། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། འདོད་ཆགས་ལས་ཀྱིས་འཆེལ་བ་རྣམས།། དབང་དུ་བསྡུས་པས་དབྱིངས་སུ་རོལ།། འཇིག་རྟེན་ཁམས་ནི་རབ་འབྱམས་ན།། ཤིན་ཏུ་གདུག་ཅིང་གཏུམ་པ་ལ།། དྲག ་ཤུལ་སྤྱོད་པ་སྦྱར་བྱས་ཏེ།། རྐང་གཅིག་ཅན་ནམ་དུར་ཁྲོད་དུ།། རིགས་ངན་སྨེ་ཤ་ཅན་ལ་སྩོགས།། མེ་རེག་མ་ཡིག་གཟུངས་མ་གཟུང་།། རྡོ་རྗེ་ཁྲོ་བོར་བདག་གནས་ལ།། ནག་པོ་གྲུ་གསུམ་དཀྱིལ་འཁོར ་ལ།། རྩང་ཟོད་རྒྱན་གྱིས་བརྒྱན་པར་བྱ།། ལྕགས་སམ་ནག་པོའི་ཤིང་རྣམས་སམ།། ཚེར་མ་ཅན་གྱི་ཤིང་རྣམས་སམ།། མི་ཡི་རུས་པའི་ཕུར་པ་ནི།། རྩེ་མོ་ཟུར་གསུམ་གསུམ་བཏབ་སྟེ།། མཐིང་ནག་འཁྲུག་པའི་ལྷ ་ཚོགས་རྣམས།། དྲེགས་པ་འདུལ་ཕྱིར་སྤྱན་དྲངས་ཏེ།། བཏང་སྙོམས་ཁྲོས་པས་མཆོད་སྦྱིན་བྱ།། ཚེར་མའི་ཤིང་ལ་སྦར་བའི་མེ།། ནག་པོ་ཚ་ཞིང་རྩུབ་པ་ཡིས།། དྲག་པོའི་ཚུལ་དུ་སྦྱིན་བསྲེག་བྱ།། ལྕགས་ཕྱེ་འབྲུ་ནག ་ཤ་ཁྲག་ལས།། སྦྱར་བའི་གཏོར་མས་དྲག་ཤུལ་སྤྱད།། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།། ཞེ་སྡང་ལས་ཀྱིས་འཆེལ་བའི་ཚོགས།། བརླག་པར་གྱུར་པས་དབྱིངས་སུ་རོལ།། ཇི་སྙེད་ཕྲིན་ལས་བསམ་ཡས ་ཀུན།། འགྲོ་བ་བསམ་ཡས་བསམ་པ་འགྲུབ།། དེ་སྙེད་འདུལ་བའི་ཐབས་ཚུལ་དུ།། བསམ་ཡས་ཕྲིན་ལས་རྣམ་པར་སྤྲོས།། མཉམ་ཉིད་དབྱིངས་ཀྱི་ངང་ཉིད་ལས།། ལས་ཀྱི་བྱེ་བྲག་རྩིས་ལས་འདས།། བྱ་བྱེད་དང ་དུ་ལྡན་གྱིས་འགྲུབ།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། ལས་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། དེ་ནས་བཅོམ ་ལྡན་འདས་གསང་བ་མཆོག་གི་བདག་པོས།། དམ་ཚིག་གསང་བ་བཀོད་པ་འདི་གསུངས་སོ།། ཨེ་མའོ།། སྣ་ཚོགས་ལོག་རྟོག་བསམ་ཡས་ལ།། རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོས།། སྤྲོས་ཉིད་དབྱིངས ་ལས་གཡོས་པ་མེད།། འདི་ནི་དམ་ཚིག་རྡོ་རྗེ་ཆེ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི།། གྲུབ་ནས་འཇིག་པའི་དུས་མཐའ་མེད།། རྡོ་རྗེ་དམ་ཚིག་ལུ་གུ་རྒྱུད།། རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ།། དུ་མ་གཅིག་ཏུ ་བསྡུས་པའི་སྲོག། ཡན་ལག་དམ་ཚིག་འདའ་བར་དཀའ།། རྡོ་རྗེ་བླ་མ་སློབ་དཔོན་ལ།། སྲོག་ལ་བབ་ཀྱང་བཀུར་བར་བྱ།། དམ་ཚིག་དབང་དང་ཤེས་རབ་རྒྱུད།། མན་ངག་འབྲས་བུའི་སློབ་དཔོན་ལ།། བལྟ་ཞིང ་བཀུར་བར་བྱ་བ་ནི།། ཕ་དང་མ་དང་མིག་འབྲས་ལྟར།། བཀུར་ཞིང་གཅེས་པར་བྱ་བ་ཡིན།། དེ་ཡི་ཕྱི་བཞིན་བེའུ་ལྟར་འབྲེང་།། སྣ་ཚོགས་སྣ་ཚོགས་ཀྱི་སྒོ་ནས།། མཉེས་ཤིང་དགོངས་པ་བསྐང་བ་དང་།། བླ་མ་སྦྲན ་མིང་སྲིང་ལ།། མངན་དང་འཕྱས་ཀྱི་སེམས་བོར་ཏེ།། རྡོ་རྗེ་ཐེག་པའི་སྤུན་ཡིན་པས།། གཅིག་ལ་གཅིག་གི་མིག་བཞིན་བལྟ།། འདི་ནི་སྐུ་ཡི་ས་མ་ཡ།། དང་པོར་ཐ་ཚིག་བཅས་པ་ལྟར།། སྔགས་རྣམས་རྒྱུན་དུ ་བར་མི་གཅད།། ཕྱག་རྒྱ་སྒོམ་ཞིང་བཅའ་བ་ནི།། དངོས་གྲུབ་འབྱུང་བའི་རྒྱུ་ཡིན་པས།། འདི་དག་བརྟན་པོར་གཟུང་བར་བྱ།། གསུང་གི་ས་མ་ཡ་རུ་བཤད།། སྤྱི་གསང་བཞི་དང་བར་གསང་བཞི།། གསང་བར་འོས ་དང་གཉེར་གཏད་པའི།། གསང་བའི་མན་ངག་འབྲས་བུ་རྣམས།། སྣོད་ངན་ཕལ་ལ་མི་སྤེལ་བ།། འདི་ནི་ཐུགས་ཀྱི་ས་མ་ཡ།། ས་མ་ཡ་ནི་རྡོ་རྗེ་ཆེ།། དེ་དག་ཉམས་པར་གྱུར་ན་ནི།། རྩ་བ་ཉམས་ཏེ་རིགས་བརླག ་འགྱུར།། ཉམས་འགྱུར་ཉེས་པ་བརྗོད་མི་ལངས།། རྩ་བའི་དམ་ཚིག་ཉམས་པ་དང་།། དམ་ལ་གནས་པའི་རྣལ་འབྱོར་གཉིས།། སྐད་ཅིག་ཡུད་ཙམ་སྨྲ་མི་བྱ།། སྨྲས་ན་འབྲས་བུ་ཉམས་པར་འགྱུར།། འདོད་ཆགས་ཞེ། ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཆེན་པོ་ནི།། བདེར་གཤེགས་ལྔ་ཡི་རང་བཞིན་པས།། འདི་ནི་མི་སྤང་ས་མ་ཡ།། ཤ་ཆེན་བཤང་གཅི་ཁུ་བ་ཁྲག། དག་པའི་རྒྱུ་སྟེ་བདུད་རྩི་དངོས།། དོར་བར་མི་བྱས་མ ་ཡའོ།། རྫུན་དང་ཚིག་རྩུབ་རྐུ་བ་དང་།། སྦྱོར་དང་སྒྲོལ་བའི་དམ་ཚིག་ནི།། བདེར་གཤེགས་ལྔ་ཡི་མཛད་པ་དེ།། རྟག་ཏུ་སྤྱད་པའི་ས་མ་ཡའོ།། མི་སྤང་མི་དོར་སྤྱད་བྱ་ཡི།། ཡན་ལག་བཅོ་ལྔའི་དམ་ཚིག་ནི།། སྲོག་གི། ་ཕྱིར་ཡང་མི་གཏོང་སྟེ།། བཏང་ན་འབྲས་བུ་ག་ལ་འབྱུང་།། དེ་ཡི་ཉེས་པ་བརྗོད་མི་ལང་།། སྙིང་ནས་སློབ་དཔོན་སྨོད་པ་དང་།། སངས་རྒྱས་བསྟན་ལ་གནོད་པ་དང་།། ཐེག་པ་ཆེན་པོ་སྨོད་པ་དང་།། སེམས་ཅན ་ཡོངས་ལ་གནོད་བྱེད་དང་།། རྣལ་འབྱོར་སྤྱི་ཡི་དགྲར་གྱུར་ནི།། མྱུར་དུ་བསྒྲིམ་སྟེ་མ་བསྒྲལ་ན།། རྡོ་རྗེའི་ཐ་ཚིག་ཉམས་པས་ན།། གྲིམས་འབྱིན་ཤུགས་ཀྱིས་བསྒྲལ་བར་བྱ།། དམ་ཚིག་འདི་ནི་རྨད་པོ་ཆེ།། སངས ་རྒྱས་གྲུབ་པའི་རྒྱུ་དང་གཞི།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། དམ་ཚིག་རྣམས་ནི་མི་གཏང་བ།། ལེགས་པའི་ཡོན་ཏན་བརྗོད་མི་ལངས།། སངས་རྒྱས་ཉིད་དང་འདྲ་བས་ན།། དངོས་གྲུབ་གཞན་ལྷ ་སྨོས་ཅི་དགོས།། དེ་བས་ནན་ཏན་བསྐྱེད་དེ་བསྲུང་། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། དམ་ཚིག་རིམ་པར་ཕྱེ་བའི་ལེའུ་སྟེ་བཅུ ་གཉིས་པའོ།། །། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སྩོགས་པའི་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་རང་རང་གི་བསམ་པར་རངས་པར་གྱུར་ཏེ། གཙུག་གི་འདུད་པའི་ཕྱག་རྣལ་འབྱོར་གྱི་ཚུལ་དུ་བྱས ་ཏེ། གསང་བ་མཆོག་གི་བདག་པོ་ལ་མདུན་གྱིས་བལྟས་ཏེ། ངོ་མཚར་རྨད་དུ་བྱུང་བའི་ཚིག་འདི་སྐད་ཅེས་བསྒྲགས་སོ།། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བའི་མཉམ་ཉིད་དབྱིངས་མཆོག་ནས།། ཐུགས་རྗེ་ཆེན་པོས ་གསལ་ལ་མ་འདྲེས་ཀུན་ཏུ་ཁྱབ་པར་གདལ།། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཕྱག་རྒྱའི་དཀྱིལ་འཁོར་བརྗོད་མི་ལངས།། འགྲོ་བ་བསམ་ཡས་རྣམ་རྟོག་དེ་སྙེད་ཐུགས་རྗེ་འཕྲོས་པ་ཨེ་མའོ་ངོ་མཚར་ཆེ།། ཨེ་མ་ངོ ་མཚར་རྨད་དུ་བྱུང་བའི་ཆོས།། ནམ་མཁའ་དང་ནི་མཉམ་པ་ལས།། སྒྱུ་འཕྲུལ་རྣམ་པར་འཕྲུལ་པ་རྣམས།། ཀུན་རྫོབ་ཙམ་དུ་བསྟན་པ་མཚར།། ཞེས་ཆེད་དུ་གླེང་ངོ་།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི ་བདག་པོ་ནི། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ལ་དགོངས་ནས་ཅང་མི་གསུང་བར་བཞུགས་སོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་ཡང་རང་གི་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་བ་བཏབ་པོ།། བཅོམ ་ལྡན་འདས་གསང་བ་མཆོག་གི་བདག་པོ་མདོ་འདི་ཉིད་ཀྱི་དོན་བསྡུས་ཏེ་བདག་ཅག་རྣམས་ལ་བསྒོ་བར་གསོལ།། བདེ་བར་གཤེགས་པ་བསྒོམ་པར་གསོལ།། དེ་ནས་ཡང་གསང་བ་མཆོག་གི་བདག་པོས་དགོངས ་པ་ཆོས་ཀྱི་དབྱིངས་ལས་བཞེངས་ནས།། རྫུ་འཕྲུལ་གྱི་སྤྱན་གྱིས་འཁོར་གྱི་དཀྱིལ་འཁོར་ལ་ཀུན་ཏུ་གཟིགས་ཏེ། ཞལ་འཛུམ་པ་དང་བཅས་ཏེ་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་གཟིགས་ཏེ། འདི་སྐད་ཅེས་བཀའ་སྩལ ་ཏོ།། དེ་ནས་སེམས་དཔའ་ཆེན་པོ་ཉོན་ཅིག། རྒྱུད་ཀྱི་རྒྱལ་པོའི་ཆོས་ཀྱི་དོན་འདི་ཉིད་ངས་བསྡུས་ཏེ་བཤད་པར་བྱའོ།། ཨེ་མའོ་ཆོས་རྣམས་ཐམས་ཅད་སེམས་ཀྱི་འཁྲུལ་པ་སྟེ།། སེམས་ལས་མ་གཏོགས་ཆོས་འགའ ་ཙམ་ཡང་ཡོད་མ་ཡིན།། འཁྲུལ་པ་བཟློག་ཕྱིར་རྒྱལ་བས་ཆོས་བསྟན་དང་།། དེ་ཡི་སྒྱུ་འཕྲུལ་འདྲ་འཕྲུལ་སྣང་།། འཁྲུལ་དང་འཁྲུལ་ལས་སྣང་བའི་ཆོས་རྣམས་ཀུན།། རང་གི་སེམས་ཡིན་སེམས་ཉིད་སྣང་བར་ཟད།། ་སེམས་ཀྱི་རང་བཞིན་དངོས་པོར་མ་གྲུབ་སྟེ།། སྔ་ཕྱི་སེམས་ནས་རང་བཞིན་ཡོངས་ཀྱིས་མེད།། གཟོད་ནས་མ་སྐྱེས་ཡེ་ནས་རྣམ་པར་དག། ཡི་གེ་མེད་ཅིང་སྒྲ་དང་ཐ་སྙད་བྲལ།། སྟོང་པ་ཉིད་དེ་སྟོང་པའི་ཡུལ་ལས ་འདས།། དེ་ཕྱིར་སེམས་ནི་ཆོས་ཀྱི་རྩ་བ་སྟེ།། རྩ་བ་དེ་ཉིད་སྲིད་དང་གྲོལ་བར་སྣང་།། ཧོ།། ཨེ་མའོ་སེམས་ཉིད་སྟོང་པ་ཆེན་པོའི་དབྱིངས་ཉིད་ལས།། གནས་དང་སྟོན་པ་འཁོར་ཞེས་བྱ་བ་ག་ལ ་ཡོད།། ཏིང་ངེ་འཛིན་དང་ཡིག་འབྲུ་ཕྱག་མཚན་དང་།། རྫོགས་དང་བཞུགས་ཐབས་རིམ་པར་བགྲང་དུ་མེད།། སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་མེད།། གཟུགས་བརྙན་མེད་ཅིང་ཏིང་འཛིན་བསམ་དང ་བྲལ།། སྔགས་དང་ཕྱག་རྒྱ་མེད་ཅིང་ཐུགས་རྗེས་འདུལ་བའང་མེད།། མ་རུངས་གདུལ་དུ་མེད་ཅིང་དྲག་པོའི་དཀྱིལ་འཁོར་མེད།། སྙིང་པོ་སྟོང་ཚུལ་མེད་དེ་རྒྱུན་གྱི་ཏིང་འཛིན་མེད།། བྱ་བ་མེད་ཅིང་སྡོམ་པ་ཀུན་ལས ་འདས།། དེ་ཀུན་ཐ་སྙད་ཡིན་ཏེ་དོན་དུ་མེད།། འཁྲུལ་པ་བཟློག་ཕྱིར་ཀུན་རྫོབ་ཙམ་དུ་བསྟན་པར་ཟད།། དེ་བས་བསྟན་པ་འདི་ལ་རབ་བརྟེན་ཏེ།། དོན་དམ་བདེན་པའི་ངེས་པ་རིག་པར་བྱ།། སེམས་ལས་འདས ་པའི་ཆོས་ཀྱི་རང་བཞིན་ནི།། ཚིག་དང་ཡི་གེ་ཐ་སྙད་ཀུན་ལས་འདས།། མཐུན་པའི་དཔེས་ཀྱང་དེ་ལ་མཚོན་དུ་མེད།། དེ་བས་བསྟན་པ་དེ་ཀུན་སྒྲིབ་པ་ཡིན།། མཚན་མེད་བློ་ལྡན་དེ་ལ་དད་མི་འགྱུར།། བདེན་གཉིས ་བློ་ལྡན་སེམས་ལ་སྣང་བར་ཟད།། ཅེས་གསུངས་པས། འཁོར་རྣམས་རབ་ཏུ་དགའ་སྟེ། འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས། དེ་ཁོ་ན་ཉིད་ཀྱི་དོན་ལ་སེམས་ཤིང་ཅང་མི་སྨྲ་བར་གྱུར་ཏེ་གནས་སོ།། དེ་ནས ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའི་ལྕེ་པདྨོའི་སྟེང་དུ་ལས་ཀྱི་རྡོ་རྗེ་རྒྱ་གྲམ་ཞིག་བཞག་སྟེ། རྡོ་རྗེ་ཆོས་སུ་དབང་བསྐུར་ཏེ། དོན་བསྡུ་བར་བྱིན་གྱིས་བརླབས་ནས་བཀའ ་སྩལ་པ། སེམས་དཔའ་ཆེན་པོ་ང་མངོན་པར་རྫོགས་པར་སངས་རྒྱས་ནས། མདོ་འདི་བཤད་ཀྱི་བར་དུ་ཚིག་གཅིག་ཙམ་ཡང་བཤད་ཅིང་བརྗོད་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བཤད་ཅིང་བརྗོད ་པ་དང་བྲལ་བའོ།། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་རྣམས་ནི་བཤད་ཅིང་བརྗོད་པ་དང་བྲལ་བའི་དོན་ཐུགས་སུ་ཆུད་ནས་མངོན་པར་རྫོགས་པ་སངས་རྒྱས་སོ།། དེ་བས་ན་མ་འོངས་པའི་རྣལ་འབྱོར་དད་པ་ཅན ་རྣམས་ཀྱིས་ཀྱང་བརྗོད་པ་བྲལ་བའི་དོན་བདེ་བླག་ཏུ་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མདོ་འདི་བཤད་དོ་བརྗོད་དོ།། སེམས་དཔའ་ཆེན་པོ་ཁྱོད་ཀྱང་མ་འོངས་པའི་རྣལ་འབྱོར་པའི་དོན་དུ་མདོ་འདི་དོན ་བསྡུས་ལ་མི་ནུབ་པའི་ཕྱིར་གསུང་ཆོས་ཀྱི་ཡི་གེར་ཡང་སྣང་ཞིང་མི་ནུབ་པར་གྱིས་ཤིག། འོན་ཏང་ན་དད་པ་ཅན་གྱི་རྣལ་འབྱོར་དེ་དག་ནི་རྡོ་རྗེ་ཐེག་པའི་གཏིང་འཛུགས་ཤིང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི ་རྒྱུད་འཛིན་པར་འགྱུར་རོ།། སེམས་དཔའ་ཆེན་པོ་དེ་བས་ན་མདོ་འདི་ནི་རྣལ་འབྱོར་པ་རྣམས་ཀྱི་ཉེ་ལམ་ཆེན་པོ་ཉིད་ཡིན་པས་ཤེས་པར་བྱའོ།། དེ་ནས་ཡིད་ཀུན་ཏུ་བཟང་པོ་རྡོ་རྗེ་ཆོས་རབ་ཏུ་དགའ་བའི་ཡིད་ཀྱིས ་རང་གི་རྡོ་རྗེ་གནས་སུ་གསོར་ཞིང་། བཙུན་མོ་བྱ་བ་མོ་དང་གཉིས་སུ་མེད་པའི་ཚུལ་གྱིས་འདི་སྐད་ཅེས་བསྟོད་དོ།། ཨེ་མའོ་བཅོམ་ལྡན་འདས་དགྱེས་པ་ཆེ།། མི་ནུབ་རྒྱལ་མཚན་ཡོངས་ཀྱི ་བདག། བདེར་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། ཞེས་བསྟོད་ནས། བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་འདས་པ་དང་ད་ལྟར་དང་། མ་འོངས་པའི་ལམ་ཆེན་པོ་ཉེ ་ལམ་ཆེན་པོར་མདོ་ཆེན་པོ་འདི་ལྟ་བུ་སྣང་བ་ལགས་པས་ནི། བདག་ཅག་གིས་མི་ནུབ་པའི་རྒྱལ་མཚན་ཆེན་པོར་གནས་པར་བགྱིའོ།། གསུང་ཆོས་ཀྱི་ཡི་གེ་ཡང་གནས་པར་བགྱིའོ།། བཅོམ་ལྡན་འདས་གསང་བ ་མཆོག་གི་བདག་པོ་ཉིད་དུ་ཡང་གནས་པར་བགྱིའོ།། འདིའི་དོན་འཆད་ཅིང་སྟོན་པའི་གང་ཟག་སྐྱེས་བུ་དམ་པ་གཞན་ལ་ཕན་འདོགས་པར་ཡང་གནས་པར་བགྱིའོ།། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུ་ཡང ་ནས་པར་བགྱིའོ།། གཞན་གྱི་སྡེབས་པར་དུ་མི་ཆོད་པར་བགྱིའོ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་ཅང་མི་གསུང་བར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ། འདུས་པའི་འཁོར ་ཚོགས་རྣམས་ཀྱིས་འདི་སྐད་ཅེས་རྣམ་པར་བསྐུལ་ལོ།། སེམས་དཔའ་ཆེན་པོ་ཁྱོད་ནི་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་ཀྱང་སྡུད་པ་པོ་རྡོ་རྗེ་ཆོས་སུ་མིང་བཏགས་ཤིང་དབང་བསྐུར་བས་ན། ད་ཁྱོད ་ཀྱིས་ཕྱི་རབས་པའི་རྣལ་འབྱོར་གྱི་དོན་ཕྱིར། ཐེ་ཚོམ་དང་སོམ་ཉི་རུ་གྱུར་པ་རྣམས་དྲིས་ཤིག་ཅེས་རྣམ་པར་བསྐུལ་ལོ།། དེ་ནས་བྱེད་པ་པོ་ཡིད་ཀུན་ཏུ་བཟང་པོས་བསྐུལ་བར་རིག་ནས་འདུས་པའི་འཁོར་ཚོགས་ལ ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སྩོགས་པ་འདུས་པའི་འཁོར་ཚོགས་རྣམས་ཀྱིས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་རྨད་དུ་བྱུང་བའི་མཆོད་པས་མཆོད་སྟེ།། ་ལན་བརྒྱ་ཕྲག་སྟོང་དུ་སྐོར་བ་བྱས་ཤིང་བརྐྱང་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ།། ཨེ་མའོ་བདེར་གཤེགས་བཅོམ་ལྡན་འདས།། རྡོ་རྗེ་བླ་མེད་ཐེག་མཆོག་གི། བློ་ལ་སྣང་བའི་ཐེ ་ཚོམ་རྣམས།། བདག་ཅག་འཁོར་ཚོགས་ཞུ་བར་འཚལ།། ཞེས་གསོལ་པས། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ལེགས་ཀྱིས་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། གནང་བའི་སྐབས ་དབྱེ་བར་བྱའོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སྩོགས་པ་འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་ཨ་ལ་ལ་ཞེས་པའི་སྒྲ་ཕྱུང་སྟེ། རང་རང་གི་བསམ་པ་གནས་སུ་བསྡུས་སོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ ་བཟང་པོ་རྡོ་རྗེ་ཆོས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བདེར་གཤེགས་བཅོམ་ལྡན་འདས།། འདི་ནི་དུར་ཁྲོད་ཇི་ལྟར་ལགས།། ཁུ་བྱུག་ཞེས་བགྱི་ཇི་ལྟར་ལགས།། རོལ་པ་ཞེས་ནི་གང་ལ ་བགྱི།། མདོ་ཡི་དོན་ནི་ཇི་ལྟར་ལགས།། གསང་སྔགས་མིང་གི་མཚན་ཉིད་ཅི།། ཞེས་གསོལ་བ་བཏབ་པ་དང་། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། དུར་ཁྲོད་ཞེས་སུ་བྱ ་བ་ནི།། གནས་ཤིང་སྡུད་པའི་མཚན་ཉིད་དེ།། ཆོས་དབྱིངས་ཡེ་ནས་གནས་པ་རུ།། ཆོས་ཀུན་བསྡུས་པས་དུར་ཁྲོད་ཡིན།། ཁུ་བྱུག་ཅེས་སུ་བྱ་བ་ནི།། ཤིན་ཏུ་དཀོན་པར་བཤད་པ་ཡིན།། མཚན་མར་སྣང་བའི་ཆོས ་ཀུན་རྣམས།། རོལ་པས་རོལ་པར་རྒྱལ་བས་གསུངས།། རྒྱལ་བས་གསུངས་པའི་དོན་འདི་རུ།། ཀུན་འདུས་ཕྱིར་ན་མདོ་ཞེས་བྱའོ།། དུར་ཁྲོད་དོན་ཉིད་གསལ་བྱེད་དང་།། ཁུ་བྱུག་ལྟ་བུར་དཀོན་པ་དང་།། བདེར ་གཤེགས་རོལ་པར་བསྟན་པ་དང་།། ཐམས་ཅད་ཀུན་ཏུ་འདུས་པའི་ཕྱིར།། དོན་དང་མཐུན་པའི་མིང་དུ་གྲགས།། གསང་སྔགས་མིང་གི་མཚན་ཉིད་ནི།། སྨིག་རྒྱུ་བཞིན་དུ་དམིགས་དང་བྲལ།། མིང་དུ་བཏགས་པ ་འཁྲུལ་པ་སྟེ།། ཡང་དག་ཉིད་ལ་གདགས་སུ་མེད།། ཅེས་གསུངས་སོ།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། མདོ་འདིའི་དགོས་པ་ཇི་ལྟ་བུ།། འབྲེལ་པ་དང་ནི་བརྗོད་པ་ཅི།། ཡང་དགོས་ཇི་ལྟ་བུ ་དག་བཞེད།། འདི་དོན་ཇི་ལྟར་རྟོགས་པར་བགྱི།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ཁམས་གསུམ་གནས་པའི་སེམས་ཅན་ལ།། མདོ་དོན་འདི་ལྟར་གཅེས་པས་ན།། དགོས་པ་ཞེས་སུ་བཤད་པ ་ཡིན།། འདི་དོན་རྟོགས་པའི་རྣལ་འབྱོར་པས།། གཞན་དག་བདེ་བླག་རྟོགས་འགྱུར་བས།། མདོ་གཞན་དག་དང་འབྲེལ་པར་བཤད།། མདོ་འདི་དག་ལ་བརྟེན་ནས་སུ།། དངོས་གྲུབ་ཁྱད་པར་ཅན་ཡང་ཐོབ།། དེ ་ནས་དགོས་པ་དག་དང་འབྲེལ།། ཏིང་ངེ་འཛིན་དང་བྱང་ཆུབ་སེམས།། གཟུགས་བརྙན་ཏིང་འཛིན་དཀྱིལ་འཁོར་དང་།། སྔགས་དང་ཕྱག་རྒྱ་ཐུགས་རྗེས་འདུལ།། ལས་དང་དམ་ཚིག་མདོ་ཡི་དོན།། རྣམ་བཤད ་བརྗོད་པ་ཞེས་སུ་བཤད།། དངོས་གྲུབ་འབྲས་བུ་ཁྱད་པར་ཅན།། གདོན་མི་ཟ་བར་ངེས་འགྲུབ་པ།། ཡང་དགོས་ཡིན་པར་རྒྱལ་བས་གསུངས།། དེ་བས་རྣམ་པ་བཞི་པོ་ཡིས།། བདེ་བླག་དག་ཏུ་རྟོགས་འགྱུར ་ཕྱིར།། རྣམ་བཞི་ཁོང་དུ་ཆུད་པར་གཅེས།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་ཡང་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མའོ་བདེར་གཤེགས་རྡོ་རྗེ་འཛིན།། སྟོང་པ་ཉིད་དང་སྙིང་རྗེ་དང་།། སྐུ་ཉིད ་ཡོངས་སུ་རྫོགས་པ་དང་།། ཤེས་རབ་ཐབས་སུ་རྣམ་བསྐུལ་བས།། སྤྲོ་དང་བསྡུ་བའི་མཚན་ཉིད་ཅི།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ།། དེ་བཞིན་ཉིད་ལས་གནས་བཅས ་ཕྱིར།། དང་པོ་སྟོང་པ་ཆེན་པོར་བསྒོམ།། དམ་པའི་དོན་གྱི་བྱང་ཆུབ་སེམས།། རྒྱུ་ཡི་ཚུལ་དུ་རྣམ་པར་གནས།། རྒྱུ་དང་འབྲས་བུར་འབྲེལ་པས་ན།། མཚམས་སུ་སྦྱོར་བའི་ཏིང་འཛིན་བསྒོམ།། འདི་ནི ་ཀུན་རྫོབ་བྱང་ཆུབ་སེམས།། རྐྱེན་གྱི་ཚུལ་དུ་རྣམ་པར་གནས།། རྒྱུ་ལས་འབྲས་བུར་སྣང་བས་ན།། ཡོངས་སུ་རྫོགས་པའི་རྣམ་པར་སྣང་།། རང་བྱུང་སྐུ་སྟེ་ཆེ་བའི་མཆོག། འབྲས་བུའི་ཚུལ་དུ་མངོན་སངས ་རྒྱས།། རང་བྱུང་རྒྱལ་བའི་སྐུ་མཆོག་ལས།། ཤེས་རབ་ཐབས་ཀྱི་འཕྲོ་འདུ་ལས།། སྦྱོར་བའི་བྱིན་རླབས་འོད་འཕྲོས་པས།། འགྲོ་བའི་དོན་རྣམས་རྫོགས་པར་འགྱུར།། སྟོང་པ་ཉིད་དང་སྙིང་རྗེ་ཆེ།། ཐ་མི་དད་པའི ་བྱང་ཆུབ་སེམས།། བསྙེན་པ་ཞེས་སུ་རྒྱལ་བས་གསུངས།། རང་བྱུང་རྒྱལ་བའི་སྐུ་མཆོག་ཏུ།། བདག་ཉིད་ཤེས་པར་འགྱུར་བ་ནི།། ཉེ་བར་བསྙེན་པའི་དམ་ཚིག་ཡིན།། ཤེས་རབ་ཡུམ་གྱི་མཚན་ཉིད་ནི།། སྒྲུབ་པ་ཞེས ་ནི་བྱ་བར་བཤད།། ཤེས་རབ་ཐབས་སུ་གཉིས་མེད་པས།། སྒྲུབ་པ་ཆེན་པོར་རྣམ་པར་བཤད།། དེ་བས་རྣམ་པ་བཞི་པོ་ནི།། ཀུན་གྱི་ཐོག་མར་འགྲོ་བ་ཡིན།། ཞེས་གསུངས་སོ།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང ་པོས་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཀྱེ་མའོ་བདེར་གཤེགས་རྒྱལ་བའི་གཙོ།། བྱང་ཆུབ་སེམས་ཀྱི་བྱིན་རླབས་ལས།། ཐོག་མར་གཞལ་ཡས་བྱང་ཆུབ་སེམས།། དེ་དབུས་རང་སྔགས་སྐྱེས་བུ་ཉིད།། གནས་དང ་བདག་པོའི་མཚན་ཉིད་ཅི།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ།། ཤེས་རབ་ཡུམ་གྱི་མཁའ་དབྱིངས་སུ།། བྷ་ག་ཡངས་པའི་གཞལ་ཡས་སུ།། རང་སྔགས་སྐྱེས་བུར་རྣམ་གསལ ་བ།། སྣོད་དང་བཅུད་ཀྱི་མཚན་ཉིད་དང་།། ཤེས་རབ་ཐབས་སུ་འབྲེལ་པ་ནི།། བདེར་གཤེགས་རྒྱལ་བ་ཀུན་གྱིས་གསུངས།། ཞེས་གསུངས་སོ།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། ཀྱེ་མའོ། ་གསང་བ་མཆོག་གི་བདག། ཏིང་ངེ་འཛིན་དང་སྙིང་པོ་དང་།། རང་མཚན་སོ་སོའི་སྐུར་རྫོགས་པས།། རྟེན་འབྲེལ་དོན་དེ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། གསང་བ་མཆོག་གི་བདག་པོས་བཀའ་སྩལ ་པ།། སེམས་དཔའ་ཆེན་པོ་ཉོན་ཅིག། ཏིང་འཛིན་ཞེས་བྱ་ཡེ་ཤེས་ཏེ།། དོན་དམ་རྒྱུ་ཡི་ཚུལ་དུ་གནས།། སྙིང་པོ་ཞེས་སུ་གསུང་དུ་གྲགས།། ཐུགས་ཀྱི་མཚན་མ་ཐུགས་ཉིད་དེ།། རྣམ་པ་ཀུན་རྫོབ་སྐུ་ཡི་རྒྱ།། འབྲས་བུ ་སྐུ་གསུང་ཐུགས་སུ་གྲགས།། ཏིང་ངེ་འཛིན་ནི་ལས་ཀྱི་རྒྱ།། སྙིང་པོ་ཆོས་ཀྱི་ཕྱག་རྒྱ་སྟེ།། ཐུགས་ཀྱི་མཚན་མ་དམ་ཚིག་རྒྱ།། ཡོངས་སུ་རྫོགས་པ་སྐུ་ཡི་སྟེ།། མདོར་བསྡུས་ཕྱག་རྒྱ་རྣམ་པ་བཞི།། ཞེས་གསུངས་སོ།། དེ ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མའོ་གསང་བ་མཆོག་གི་བདག། ཞེ་སྡང་ཞེས་བགྱི་ཇི་ལྟར་ལགས།། གཏི་མུག་ང་རྒྱལ་འདོད་ཆགས་དང་།། དེ་བཞིན་ཕྲག་དོག་ཇི་ལྟར ་ལགས།། ཞེས་གསོལ་པ། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ཐུགས་ནི་རྣམ་ཤེས་ཡིན་པས་ན།། ཞེ་སྡང་སེམས་ལ་གནས་བཅའ་བའོ།། གཟུགས་ནི་སྐུ་ཡི་རྣམ་པ་བས།། གཏི་མུག་གླེན ་པས་བཅིངས་པར་བཤད།། ཚོར་བ་མྱོང་ནས་མི་གཏོང་བར།། ང་རྒྱལ་ང་རྒྱལ་ཞེས་སུ་བཤད།། འདུ་ཤེས་ཤེས་ནས་ཆགས་པས་ཆགས།། འདོད་པ་ཆགས་པས་འདོད་ཆགས་སོ།། ཕྲག་དོག་མངོན་པར་འདུ་བྱེད ་ཉིད།། སངས་རྒྱས་ལྔ་རུ་རབ་ཏུ་གྲགས།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ།། ནམ་མཁའ་ས་ཆུ་མེ་རླུང་དང་།། དབྱིངས་ཕྱུག་ལྔ་རུ་བཀའ་སྩལ་པ།། ངོ་བོ་ཇི་ལྟར་གསལ་བར ་བཞེད།། ཅེས་གསོལ་ཏོ།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། གཏི་མུག་ནམ་མཁའི་ངོ་བོ་སྟེ།། ཞེ་སྡང་མེ་ནི་འབར་བར་བཤད།། འདོད་ཆགས་ཆུ་ཡི་ངོ་བོ་སྟེ།། ང་རྒྱལ་སྲ་བ་ས་ཡི་ཁམས།། ཕྲག་དོག ་རླུང་གི་ངོ་བོ་ཡིན།། དེ་བས་དབྱིངས་ཕྱུག་ལྔ་རུ་བཤད།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ།། དོན་དམ་ཀུན་རྫོབ་ཐ་མི་དད།། བྱང་ཆུབ་ཐིག་ལེའི་རང་བཞིན་དེ།། སྤྲོས་པའི་མཚན་མ ་མེད་ལགས་ན།། རྣམ་གྲངས་དོན་དེ་ཇི་ལྟར་ལགས།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ཐ་དད་མེད་པའི་བྱང་ཆུབ་སེམས།། སྤྲོས་མེད་རྒྱུ་ཡི་ཚུལ་ཉིད་ལས།། འབྲས་བུ་ཡེ་ཤེས་ལྔར་བཤད ་པའམ།། བདེ་བར་གཤེགས་པ་ཐམས་ཅད་ཀྱི།། སོ་སོ་རང་གི་མཚན་ཉིད་དེ།། ཇི་ལྟར་ཐུགས་སུ་ཆུད་པ་བཞིན།། བྱང་ཆུབ་སེམས་ཀྱང་དེ་བཞིན་དུ།། བདེར་གཤེགས་རྒྱལ་བ་ཀུན་གྱིས་གསུངས།། དེ་ནས་ཡང་རྡོ་རྗེ ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། གཟུགས་བརྙན་སྤྱི་ཡི་དཀྱིལ་འཁོར་དུ།། རྒྱལ་བ་སངས་རྒྱས་ཀུན་བཀོད་པར།། གསང་བའི་དཀྱིལ་འཁོར་ཀུན་འདུས་ནས།། རང་རང་སྤྱི་རུ་དབྱེ་བ་ཡི།། རྣམ་གྲངས་དོན་དེ་ཇི ་ལྟར་ལགས།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། དོན་དམ་ཉིད་དུ་དབྱེར་མེད་ཀྱང་།། ཀུན་རྫོབ་བདེན་པའི་དབང་ཙམ་དུ།། བདེར་གཤེགས་རྒྱལ་བས་གང་ལ་ཡང་།། སྐུ་དང་གསུང་ཐུགས་ཡོན་ཏན ་དང་།། ལས་ལྔ་དང་ནི་སྤྱི་དང་དྲུག། རང་གི་རྒྱུད་དུ་གནས་པའི་ཕྱིར།། དཀྱིལ་འཁོར་རྣམས་ཀྱང་དེ་སྙེད་དུ།། བདེར་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས།། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། སྐུ་དང ་གསུང་ཐུགས་ཡོན་ཏན་ལས།། ཁྱད་པར་སྤྱི་ཡི་དཀྱིལ་འཁོར་དང་།། རྣམ་པ་དྲུག་པོར་བཀའ་སྩལ་པ།། དྲུག་ཚན་གསུམ་དུ་གསུངས་པ་དེ།། དགོས་ཆེད་ཇི་ལྟ་བུ་དག་མཆིས།། གསང་བ་མཆོག་གི་བདག་པོས་བཀའ ་སྩལ་པ།། སེམས་དཔའ་ཆེན་པོ་དྲུག་ཏུ་བཤད་པར་མ་ཟད་དེ།། དེ་དག་རེ་རེ་དག་ལ་ཡང་།། སྐུ་གསུང་ཐུགས་སུ་གནས་པས་ན།། གསུམ་གསུམ་དག་ཏུ་བརྗོད་པ་ཡིན།། སྤྱི་དང་ལས་དང་ཡོན་ཏན་ཡང་།། དོན་ལ ་ཀུན་ལའང་ཡོད་མོད་ཀྱི།། སོ་སོར་བཤད་པར་མི་བྱའོ།། ཅི་ཕྱིར་སྐུ་གསུང་ཐུགས་ཉིད་ལས།། གུད་ན་ཡོད་པ་མ་ཡིན་ཕྱིར།། དེ་བས་རྒྱལ་བ་སངས་རྒྱས་ཀྱིས།། དཀྱིལ་འཁོར་སྐུ་དང་གསུང ་དང་ཐུགས།། མི་ཟད་རྒྱན་གྱི་དཀྱིལ་འཁོར་དུ།། འགྲོ་བ་རྣམས་ཀྱི་ལུས་ངག་སེམས།། སྲིད་པའི་འཁོར་ལོ་མི་ཟད་ལ།། དགོངས་ནས་དེ་སྙེད་གསུངས་པར་ཟད།། མདོར་ན་སྐུ་གསུང་ཐུགས་ཉིད་དང་།། འགྲོ་བའི ་ལུས་དང་ངག་སེམས་ཀྱང་།། སོ་སོར་ཡོངས་སུ་མ་གྲུབ་སྟེ།། ངེས་པ་མེད་པར་རྒྱལ་བས་གསུངས།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། བདེར་གཤེགས་བརྙན་མའི་དཀྱིལ་འཁོར་ལ།། ཆོ་ག་ལྷག ་གམ་མ་ཚང་ན།། དངོས་གྲུབ་འབྲས་བུ་མི་འབྱུང་ཞིང་།། རྣམ་པར་གྲོལ་བར་མི་འགྱུར་རམ།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། དག་པའི་རྒྱུད་དང་མི་ལྡན་པའི།། མིང་གི་རྣལ་འབྱོར་གང་ཞིག ་གིས།། ཆོ་གའི་གྲངས་དང་ཡོ་བྱད་རྣམས།། ཚང་བར་བསྩོགས་ཀྱང་འབྲས་བུ་རིང་།། དག་པའི་རྒྱུད་ལྡན་རྣལ་འབྱོར་གྱིས།། གལ་ཏེ་བརྙན་མའི་ལས་བྱེད་ཀྱང་།། ཆོ་ག་ཡོ་བྱད་གཏོར་མ་རྣམས།། ཚོགས་ན་ཡང་ནི ་གཙོར་མ་གསུངས།། མ་ཚོགས་ན་ཡང་ངེས་པར་འགྲུབ།། དེ་བས་ནན་ཏན་ཆེར་བསྐྱེད་དེ།། བསམ་པ་དག་པར་ཤིན་ཏུ་གཅེས།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། རང་བཞིན་དཀྱིལ་འཁོར་བཟང་པོ ་ཉིད།། ཡེ་ནས་ལྷུན་གྲུབ་གནས་བཞིན་དུ།། ཏིང་འཛིན་བསྐྱེད་པའི་དཀྱིལ་འཁོར་དེས།། ཡོངས་སུ་འགྲུབ་པར་མི་འགྱུར་ན།། འདི་ཡི་དགོས་པ་ཇི་ལྟར་ལགས།། འདི་ལ་ཁྱད་པར་ཅི་ཞིག་མཆིས།། གསང་བ་མཆོག ་གི་བདག་པོས་བཀའ་སྩལ་པ།། དག་པའི་རྒྱུད་དང་མི་ལྡན་པས།། བསྐྱེད་ཀྱང་རྫོགས་པར་མི་འགྱུར་ལ།། དག་པའི་རྒྱུད་ལྡན་དབང་ཕྱུག་དེ།། ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར།། ཏིང་འཛིན་བསྐྱེད་པའི་དཀྱིལ ་འཁོར་རྣམས།། ཐུགས་ཀྱི་སྲས་སུ་རྫོགས་པ་དང་།། དེས་ཀྱང་དངོས་གྲུབ་སྟེར་བར་ངེས།། རང་རྒྱུད་རྣམ་པར་དག་གྱུར་ན།། རྫོགས་དང་བསྐྱེད་པའི་དཀྱིལ་འཁོར་ལ།། ཁྱད་པར་མེད་པར་རྒྱལ་བས་གསུངས།། དེ ་བས་རྣལ་འབྱོར་ཁས་འཆེས་པས།། ཏིང་འཛིན་ནན་ཏན་དག་པར་བྱའོ།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། སྣ་ཚོགས་ལས་ཀྱི་སྔགས་རྣམས་དང་།། སྣ་ཚོགས་ལས་ཀྱི་ཕྱག་རྒྱ་ཡིས།། སྣ་ཚོགས་ལས ་རྣམས་འགྲུབ་འགྱུར་བ།། གང་གི་སྟོབས་ཀྱིས་འགྲུབ་པར་འགྱུར།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ།། སྣ་ཚོགས་སྔགས་དང་ཕྱག་རྒྱ་ཡིས།། ལས་རྣམས་སྣ་ཚོགས་འགྲུབ་གྱུར ་པའི།། ཏིང་འཛིན་སྟོབས་ཀྱིས་ངོ་མཐོན་དུ།། སེམས་ཀྱི་སྤྲུལ་པ་འབྱུང་བར་འགྱུར།། སེམས་ཉིད་དག་པའི་ངང་ཉིད་ལས།། ཆོ་འཕྲུལ་སྣ་ཚོགས་ཟད་མི་ཤེས།། སྣ་ཚོགས་སྔགས་དང་ཕྱག་རྒྱ་དང་།། སྣ་ཚོགས་ཡོན ་ཏན་བཤད་པ་རྣམས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི།། ལས་དང་ཡོན་ཏན་ཉིད་ཡིན་པར།། མཁས་པས་དེ་བཞིན་རིག་པར་བྱ།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། སྣ་ཚོགས་སྣ ་ཚོགས་འགྲོ་རྣམས་ལ།། སྣ་ཚོགས་བདེར་གཤེགས་རྒྱལ་བ་ཡི།། སྤྲུལ་པ་སྣ་ཚོགས་སྣ་ཚོགས་པས།། སྣ་ཚོགས་སྣ་ཚོགས་ཅིས་འདུལ་བས།། བཏུལ་བ་སྣ་ཚོགས་ཇི་ལྟར་ལགས།། གསང་བ་མཆོག་གི་བདག་པོས ་བཀའ་སྩལ་པ།། ཀུན་ཏུ་སྣ་ཚོགས་སྐལ་བཟང་གི། འགྲོ་རྣམས་སྣ་ཚོགས་བཏུལ་བ་དང་།། སྣ་ཚོགས་འགྲོ་རྣམས་རང་རང་གི། ལས་འཕྲོའི་དབང་གིས་སྣང་བ་ལས།། དེ་བཞིན་ད་ཀྱིས་བཅོས་པ་མེད།། བདེར ་གཤེགས་རྒྱལ་བ་ཐམས་ཅད་ཀྱིས།། དངོས་པོ་རྡུལ་ཙམ་མི་གཟིགས་ཏེ།། ཆེད་དུ་རྣམ་པར་མི་སྤྲུལ་ཡང་།། སེམས་ཅན་ལྟ་སྤྱོད་ཐ་དད་པས།། བདེར་གཤེགས་སྐུ་ཡང་སྣང་མཐའ་ཡས།། དེ་བས་གདུལ་བྱའི་འགྲོ ་རྣམས་དང་།། བདེར་གཤེགས་སྒྱུ་འཕྲུལ་སྣ་ཚོགས་ཀྱང་།། འཁྲུལ་པའི་དབང་གིས་སྣང་བར་ཟད།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། གསང་བའི་རྡོ་རྗེ་ཐེག་མཆོག་ལ།། ངན་ཟོས་ངན་སྤྱོད་ཐམས་ཅད ་ཀུན།། བྱས་ལ་མི་སྩོགས་ཚོགས་འགྱུར་བར།། བཤད་པའི་དོན་འདི་ཇི་ལྟར་ལགས།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ།། དེ་བཞིན་ཉིད་ལ་གནས་བཅས་ནས།། ངན་ཟོས ་ངན་སྤྱོད་ཐམས་ཅད་ཀྱང་།། ཚོགས་ཆེན་གཉིས་སུ་རྫོགས་པར་རོལ།། དོན་དམ་སྟོང་པ་རྒྱུ་ཡི་ཚུལ།། ཆོས་སྐུ་ཤེས་རབ་བཅས་སུ་བཤད།། ཀུན་རྫོབ་དངོས་པོ་འབྲས་བུའི་ཚུལ།། ཐབས་མཆོག་གཟུགས་སྐུར་མངོན ་སངས་རྒྱས།། ཉོན་མོངས་རྒྱུ་ནས་རྣམ་པར་དག། དམྱལ་བའི་གནས་ཉིད་བླ་མེད་གནས།། རྣལ་འབྱོར་རིག་པ་འདིར་ལྡན་ན།། སྤྱོད་ཡུལ་ཀུན་ཏུ་མི་འདའ་ལ།། ཐམས་ཅད་མཉམ་པའི་ངང་དུ་གནས།། ཡང་རྡོ་རྗེ ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། ཐམས་ཅད་མཉམ་པའི་ངང་ཉིད་ལས།། ཐམས་ཅད་དབྱེར་མེད་གཅིག་པ་ལས།། ལོག་པའི་ལམ་པའི་དྲེགས་པ་རྣམས།། སྲིད་རྩ་ཉེས་དམིགས་ཇི་ལྟར་ལགས།། མ་དད་རྒྱུ་དེ་ཇི ་ལྟར་ལགས།། ཐུགས་རྗེས་འདུལ་བ་ཅི་ཡི་ཕྱིར།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ལོག་པའི་ལམ་པའི་དྲེགས་པ་དེ།། གསང་བའི་ཐེག་པའི་སྒོར་ཞུགས་ནས།། སེམས་ལ་ཉོན་མོངས་རྒྱུད་འཆང ་བས།། རང་བཞིན་གསང་བ་མ་རྟོགས་པར།། དངོས་རྟོགས་རྫས་ལ་མངོན་པར་འཆེལ།། རང་སེམས་སྐད་ཅིག་རང་བཞིན་ལ།། རྟག་པ་ཐེག་ཟུག་བལྟས་པ་ཡིས།། སྲིད་རྩ་ཉེས་དམིགས་དེ་ལས་བྱུང་།། ཆེ་བའི་ང ་རྒྱལ་དབང་གིས་ན།། ཞི་བས་འདུལ་ལ་དད་མི་འགྱུར།། སྔ་མར་བསྟན་པའི་སྟོབས་ཤུགས་ཀྱིས།། ཁྲོས་པའི་ཐུགས་རྗེས་འདུལ་བར་འགྱུར།། དྲེགས་པའི་ང་རྒྱལ་ཁྲོས་པས་ཀྱང་།། འཇིག་རྟེན་ཁམས་ཀུན་སྤ་བཀོད ་ནས།། ཡེ་ཤེས་ཐུགས་རྗེ་ཁྲོས་པ་ཡིས།། དགོད་དང་གཤེ་དང་ཟ་བྱེད་པའོ།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། ཁྲག་འཐུང་ཀུན་གྱི་ཐུགས་ཀྱི་ཐུགས།། རྡོ་རྗེ་རབ་ཏུ་ཀི་ལ་ཡ།། དྲེགས་པ ་ཚོགས་རྣམས་སྒྲོལ་མཁས་པ།། དེ་ཡི་དངོས་གཞི་ཇི་ལྟར་ལགས།། གདབ་པའི་ཐབས་སུ་ཇི་ལྟར་བགྱི།། ཐེག་པའི་མཚན་ཉིད་ཇི་ལྟར་ལགས།། གསོ་བའི་ཆོ་ག་ཅི་ལྟར་བགྱི།། སླར་དབྱུང་ཆོ་ག་ཇི་ལྟར ་ལགས།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི།། ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ།། དྲེགས་པ་འདུལ་ཕྱིར་ཐུགས་ལས་ཤར།། སྲས་མཆོག་དེ་ཡི་དངོས་གཞི ་ཡང་།། བྱང་ཆུབ་སེམས་ཀྱི་ཕུར་པ་སྟེ།། མ་བཏབ་བཞིན་དུ་ལས་རྣམས་རྫོགས།། སྲིད་པ་གདར་ཤ་བཅད་ནས་ནི།། མཚན་མ་དབྱིངས་སུ་རྟོགས་གྱུར་ཏེ།། གཞུང་བཞིན་བཏབ་ན་ཐེབས་པར་ངེས།། ཐེབས་པའི ་རྟགས་སུ་བསྟན་པ་ནི།། ཡང་དག་དོན་དུ་བསྟན་པ་ནི།། སྣང་སྲིད་ཆོས་རྣམས་ཐམས་ཅད་ཀུན།། མཚན་མེད་ངང་དུ་རྟོགས་པ་ཡི།། དྲོད་ཆེན་རྟགས་ཀྱང་འབྱུང་བར་ངེས།། ཀུན་རྫོབ་རྟགས་སུ་བསྟན་པ་ནི།། མངོན ་དུ་སྣང་བ་འབྱུང་བར་འགྱུར།། ཐེབས་ནས་གསོ་བའི་ཆོ་ག་ཡང་།། བདུད་རྩི་འཁྱིལ་པས་བྱ་བར་ཤིས།། བཏབ་ནས་སླད་དབྱུང་ཆོ་ག་ནི།། རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ཡིས།། སྙིང་རྗེར་བསྒོམས་ཏེ་དབྱུང་བར་བྱ།། ཡང ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། དྲེགས་པའི་ལས་ཀྱིས་འཆེལ་པ་ལ།། ཁྲོ་བོའི་ཐུགས་རྗེས་འདུལ་བའི་ཚེ།། དྲེགས་པ་བསྒྲལ་བ་ཅིའི་ཕྱིར་ལགས།། དྲེགས་པ་སྦྱོར་བའི་དགོས་པ་ཅི།། གསང་བ་མཆོག་གི ་བདག་པོས་བཀའ་སྩལ་པ།། ཞེ་སྡང་ལས་ཀྱིས་འཆེལ་བ་ལ།། ཞེ་སྡང་ཆེན་པོའི་ཏིང་འཛིན་གྱི།། ཞེ་སྡང་དབྱིངས་སུ་དག་བྱའི་ཕྱིར།། དྲེགས་པ་ཕོ་ནི་བསྒྲལ་བར་གསུངས།། འདོད་ཆགས་ལས་ཀྱི་གཟིར་བ ་ལས།། འདོད་ཆགས་ཆེན་པོ་འགའ་ག་ཎ་ཡིན་ནམ་ན་རུ།། འདོད་ཆགས་དབྱིངས་སུ་དག་བྱའི་ཕྱིར།། དྲེགས་པ་མོ་ནི་རབ་ཏུ་སྦྱོར།། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་།། དེ་ལ་བྱ་བ་རྡུལ་ཙམ་མེད།། ཡང་རྡོ་རྗེ་ཡིད་ཀུན་ཏུ ་བཟང་པོས་གསོལ་པ།། རྡོ་རྗེ་དྲག་པོའི་དཀྱིལ་འཁོར་ལ།། དཀྱིལ་འཁོར་རྣམ་པར་ཇི་ལྟར་འཚལ།། སྔགས་ཀྱི་བདག་པོ་གང་གིས་བགྱི།། འགུགས་འདྲེན་ཕོ་ཉ་གང་གིས་བགྱི།། སྒྲོལ་བའི་ཕྲིན་ལས་གང་གིས ་བགྱི།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། དྲག་པོ་ལས་ཀྱི་དཀྱིལ་འཁོར་ལ། རྣམ་པ་གསུམ་དུ་རྒྱལ་བས་གསུངས།། བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ།། ཕྱོགས་མཚམས་ཁྲོ་བོའི་དཀྱིལ་འཁོར ་དང་།། སྲས་མཆོག་ཕུར་པའི་དཀྱིལ་འཁོར་དེ།། རྡོ་རྗེ་གཞོན་ནུ་ལས་ཀྱི་ལྷ།། གཙོ་གཟུངས་ཟུང་དུ་འབྲེལ་བ་ནི།། བདག་ཉིད་ཆེན་པོ་ཡིན་པར་བཤད།། ཁྲོ་བོ་ཁྲོ་མོ་ཕྲ་མེན་ཚོགས།། ཕྱོགས་མཚམས་ཁྲོ་བོ་ཞེས་སུ ་བྱ།། སྲས་མཆོག་ཕུར་པོའི་ཁྲོ་བོ་ནི།། ཀཱི་ལ་ཡ་ཞེས་རབ་ཏུ་གྲགས།། དེ་དག་དཀྱིལ་འཁོར་རེ་རེ་ལའང་།། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དང་།། བསྐྱེད་པ་ཏིང་འཛིན་དཀྱིལ་འཁོར་དང་།། རྟེན ་བཅའ་བརྙན་མའི་དཀྱིལ་འཁོར་ཏེ།། གསུམ་གསུམ་དག་ཏུ་རྒྱལ་བས་གསུངས།། བདག་ཉིད་ཆེན་པོ་སྔགས་ཀྱི་བདག། ཕྱོགས་བཅུའི་ཁྲོ་བོས་འགུགས་འདྲེན་བྱེད།། སྲས་མཆོག་ཕུར་པས་སྒྲོལ་བར་གཅེས།། བདེར ་གཤེགས་རྒྱལ་བ་ཀུན་གྱིས་གསུངས།། དེ་བས་ནན་ཏན་ཆེར་བསྐྱེད་དེ།། དྲག་པོའི་ལས་ལ་བརྩོན་པའི་མིས།། དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། ཁྲག་འཐུང ་རྣམས་ཀྱི་སྟངས་ཚུལ་དང་།། བཟླས་པ་ཁྲོ་བོའི་གསང་སྔགས་རྣམས།། ཏིང་འཛིན་རྣལ་འབྱོར་གང་གིས་བགྱི།། དགོས་པའི་དུས་ཚོད་གང་ལྟར་ལགས།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། རྡོ་རྗེ་ཁྲོ་བོ ་ཁྲོ་མོ་རྣམས།། སོ་སོ་གང་ཡིན་གསལ་བསྒོམས་ལ།། གང་ཡིན་སྔགས་དང་སྟངས་སྟབས་རྣམས།། རང་རང་ལས་ཀྱི་དུས་སུ་སྦྱོར།། ཡོངས་ནི་རང་རྒྱུད་དག་པ་ན།། གཅིག་གིས་ཀུན་གྱི་ལས་རྣམས་ཀྱང་།། ཅི ་འདོད་ཐམས་ཅད་བྱ་རུ་རུང་།། དེ་སྐད་རྒྱལ་བ་དཔའ་བོས་བཤད།། ཡང་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། རྒྱུན་གྱི་ཏིང་འཛིན་བྱ་བ་ཡི།། སྔོན་དུ་འགྲོ་བའི་ལས་ནི་གང་།། ཅི་ལྟར་མཐར་ཕྱིན་པ ་ཡིས་འགྲུབ།། གྲུབ་པའི་མཐའ་ནི་ཇི་ལྟར་ལགས།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ནན་ཏུར་ཏིང་འཛིན་བྱེད་པའི་ཚེ།། ཚད་མེད་སྙིང་རྗེ་བསྐྱེད་པ་དང་།། བྱང་ཆུབ་སེམས་ལ་དགའ་བ་ནི།། སྔོན་དུ ་འགྲོ་བའི་ལས་མཆོག་ཡིན།། བསྙེན་པ་དང་ནི་ཉེ་བསྙེན་པ།། སྒྲུབ་པ་སྒྲུབ་ཆེན་མཐར་ཕྱིན་པས།། བསྒྲུབས་ན་ངེས་པར་འགྲུབ་པར་འགྱུར།། བདག་དང་ཕུར་བུ་སེམས་ཅན་རྣམས།། ཐ་མི་དད་པར་གྲུབ་མཐའ ་གཅིག། ཅེས་གསུངས་སོ།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། ཞི་རྒྱས་དབང་དང་དྲག་སྤྱོད་ཀྱི།། ཕྲིན་ལས་རྣམ་བཞིར་བཤད་པ་གང་།། གནས་སྐབས་གང་དུ་འཚལ་བ་ལགས།། མཚན་ཉིད་ཇི་ལྟར ་འཚལ་བར་བགྱི།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། རྣལ་འབྱོར་དགོངས་པའི་ལས་བཞི་པོ།། ཞི་ཁྲོའི་དཀྱིལ་འཁོར་གང་གི་ཡང་།། ཆ་དང་རྐྱེན་དུ་རྒྱལ་བས་བསྔགས།། དེ་བས་ནན་ཏན་ཆེར་བསྐྱེད ་དེ།། ལས་བཞི་རྫོགས་པ་མཆོག་ཡིན་ནོ།། མཚན་ཉིད་འབྱུང་བ་བཞི་ཡིན་ཏེ།། ཨེ་ནི་བསྲེགས་པས་མེ་རུ་བཤད།། བཾ་ནི་ཆུ་ཡིས་དཀྱིལ་འཁོར་ཏེ།། མ་ནི་ས་ཡི་མཚན་ཉིད་དེ།། ཡ་ནི་རླུང་དུ་བཤད་པ་ཡིན།། དཀྱིལ ་འཁོར་ཆེན་པོ་ནམ་མཁའ་ཡི།། མཚན་ཉིད་ཡིན་པར་རྒྱལ་བས་གསུངས།། ལས་རྣམས་བརྩམ་པ་མ་བྱས་ན།། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། དམ་ཚིག ་གནས་རྣམས་བཀའ་སྩལ་པ།། དམ་ཚིག་ཅེས་ནི་གང་ལ་བགྱི།། ཉམས་པ་གསོན་ཇི་ལྟར་ལགས།། རང་བཞིན་ཇི་ལྟར་འཚལ་བར་བགྱི།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། དམ་ཚིག ་དམ་ཚིག་ཅེས་བྱ་བ།། རྟོགས་པའི་ལྟ་བ་དམ་ཚིག་སྟེ།། དེ་ལས་འདས་ན་འཚིག་པར་བཤད།། ཆོས་ཉིད་མཉམ་པར་བློ་བཞག་ན།། གསོ་བའི་ཐབས་ནི་དེ་ལྟར་རོ།། ཉམས་པའི་ཆད་པ་བྱུང་བ་ན།། མགོན་སྐྱབས་དེ ་ལས་གུད་ན་མེད།། མཉམ་ཉིད་དབྱིངས་ཀྱི་རང་བཞིན་དུ།། དམ་ཚིག་ཐམས་ཅད་གཅིག་པར་ནི།། བདེར་གཤེགས་རྒྱལ་བ་ཀུན་གྱིས་གསུངས།། ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་པ།། རྡོ་རྗེ་ཐེག་པ་ཞེས ་བགྱི་བ།། རྡོ་རྗེ་ཞེས་ནི་གང་ལ་བགྱི།། ཐེག་པ་ཆེན་པོ་ཇི་ལྟར་ལགས།། བདེ་བར་གཤེགས་པས་བཤད་དུ་གསོལ།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ཐེག་པ་ཆེན་པོའི་ཆེན་པོ་སྟེ།། གསང་བའི་ཐེག ་པ་ཞེས་སུ་གྲགས།། རང་གི་ལུས་ངག་ཡིད་རྡོ་རྗེ།། ཆོས་སྐུ་རྡོ་རྗེ་མི་ཕྱེད་ཕྱིར།། རྡོ་རྗེ་ཞེས་སུ་བརྗོད་པ་ཡིན།། དེ་ཉིད་ཤེས་རབ་གསུམ་པོ་ཡིས།། རྟོགས་པར་བྱ་ཕྱིར་ཐེག་པར་བཤད།། ཅེས་བཀའ་སྩལ་པས།། ་འདུས་པའི་འཁོར་ཚོགས་རྣམས་རབ་ཏུ་དགའ་བའི་ཡིད་ཀྱིས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དང་། སྡུད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། གཙུག་གིས ་འདུད་པས་ཕྱག་རྣལ་འབྱོར་གྱི་ཚུལ་དུ་བྱས་ནས། ཨ་ལ་ལ་ཧོ། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་དོན་འདི་བྱུང་ངོ་།། ཞེས་མགྲིན་གཅིག་ཏུ་བརྗོད་དོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཡང་རང་གི་སྟན་ལས ་ལངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ།། བཅོམ་ལྡན་འདས་གསང་བའི་མདོ་ཆེན་པོ་ལ་སྩོགས་པའི་གསང་བའི་ཐེག་པ་འདི་ད་ལྟ་ཉིད་ཁྱད་པར་དུ་གྱུར་པས ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་གྱི་དཀྱིལ་འཁོར་དུ་འཆད་པར་སྤྱོད་ན།། གསང་བའི་ཐེག་པ་འདི་སྔར་འདས་པའི་སངས་རྒྱས་གང་གི་རིང་ལ་བཤད་པ་དང་། སླད་ཀྱི ་ས་ཕྱོགས་གང་དུ་དད་པ་ཅན་གྱི་རྣལ་འབྱོར་པས་སྤྱོད་པར་འགྱུར་བ། བདག་ཅག་རྣམས་ལ་ལུང་བསྟན་དུ་གསོལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།། ་སེམས་དཔའ་ཆེན་པོ་ཉོན་ཅིག། གསང་བའི་ཐེག་པ་འདི་འབྱུང་བ་ནི་ཤིན་ཏུ་ཡང་དཀོན་ཏེ། ཨུ་དུམ་བ་རའི་མེ་ཏོག་འཇིག་རྟེན་དུ་དཔེར་བརྗོད་པ་དང་འདྲའོ།། སེམས་དཔའ་ཆེན་པོ་གསང་བའི་ཐེག་པ་འདི་ནི་སྔོན ་བྱུང་བའི་སངས་རྒྱས་འོད་སྲུངས་ཆེན་པོས། འབྲས་བུ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། དེའི་དུས་སུ་ཡང་གསང་བའི་ཐེག་པ་འདི་མ་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། དུས་དེའི་འགྲོ་བ་རྣམས་གསང ་བའི་ཐེག་པ་འདིའི་སྣོད་དུ་མ་གྱུར་པའི་ཕྱིར་རོ།། དེ་བཞིན་དུ་སྔར་འདས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་གསང་བའི་ཐེག་པ་འདི་མ་བཤད་དོ།། སྔོན་བསྐལ་པ་ཐོག་མ་བསྐལ་པ ་ཀུན་ཏུ་བཀོད་པ་ཞེས་བྱ་བ་བྱུང་བའི་ཚེ། སངས་རྒྱས་མངོན་འབྱུང་གི་རྒྱལ་པོ་ཞེས་བྱ་བ་དེའི་བསྟན་པ་ལ། གསང་བ་རྒྱ་ཆེར་གྲགས་ཏེ་ངེས་པའི་དོན་རྒྱ་ཆེར་སྤྱོད་དོ།། དེའི་ཚེ་འགྲོ་བ་རྣམས་གསང་བའི་ངེས་པའི་དོན ་ལ་ཤིན་ཏུ་དད་པར་གྱུར་ཏེ། རྣམ་པར་གྲོལ་བའི་ལམ་ཆེན་པོ་ལ་བཀོད་དོ།། སེམས་དཔའ་ཆེན་པོ་ད་སྟེ་བསྐལ་བ་བྱེ་བ་འདས་པའི་འོག་ཏུ། བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ། སངས་རྒྱས་འཇམ ་པའི་དབྱངས་ཞེས་བྱ་བ་ད་ལྟར་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ། དེས་གསང་བ་རྒྱ་ཆེར་སྟོན་པར་འགྱུར་རོ།། གཞན་སངས་རྒྱས་གང་གིས་ཀྱང་། གསང་བའི་ངེས་དོན་སྟོན་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན།། ་འགྲོ་བ་རྣམས་གསང་བ་ཆེན་པོ་འདིའི་སྣོད་དུ་མ་གྱུར་པའི་ཕྱིར་རོ།། སེམས་དཔའ་ཆེན་པོ་ད་ལྟ་ང་ཉིད་ཀྱི་བསྟན་པའི་གསང་བ་རྒྱ་ཆེན་པོ་འདི་དག་ཀྱང་། ཕྱི་མའི་དུས་ཕྱི་མའི་ཚེ་ན། འཛམ་བུའི་གླིང་དུ་སྤྱོད་པར ་འགྱུར་ཏེ། དེར་སྐྱེས་པའི་རྒྱལ་པོ་ཛ་ཞེས་བྱ་བ་ཚོགས་བསགས་པ་ཞིག་གི་གནས་འཁོར་དུ། ཁྱོད་ཉིད་ཀྱིས་བསྡུས་པའི་དོན་འདི་དག་ཀྱང་།། གསུང་ཆོས་ཀྱི་གླེགས་བམ་དུ་སྣང་བར་འགྱུར་རོ།། དེར་སྐལ་བ་དང ་ལྡན་པ་རྣམས་ཀྱིས་རིམ་གྱིས་སྤྱོད་པར་འགྱུར་ཏེ། དེ་ཡང་ཆེད་འགའ་ནི་དར། ཆེད་འགའ་ནི་ནུབ། ཆེད་འགའ་ནི་མངོན་དུ་ཕྱུང་། ཆེད་འགའ་ནི་གབ་ཅིང་སྦས། ལ་ལས་ནི་ཚུལ་བཞིན་སྤྱད་ཅིང་སྔགས་ཀྱི་མཐུ ་སྟོབས་ཀྱང་རྙེད། ཕལ་ཆེར་ནི་ཚུལ་འདྲ་ལོག་པར་སྤྱོད་པས་ལྟུང་བའི་གནས་སུ་འགྱུར།། འགྲོ་བ་ལ་ལ་ནི་དད། ལ་ལ་ནི་མ་དད་པར་གནས་པ་ལས། དུས་ལྔ་བརྒྱ་ཐ་མའི་ཚེ་དར་ཞིང་རྒྱས་པར་འགྱུར་རོ།། དེ་བཞིན ་དུ་སངས་རྒྱས་སྤྲུལ་པའི་སྐུའི་བསྟན་པའི་བར་སྐབས་རྣམས་སུ་ཡང་གསང་བ་འདི་རྒྱས་པར་འགྱུར་རོ།། དེ་དག་ཚེ་ན་ཡང་གསང་བ་འདི་དང་འདྲ་བའི་ལོག་པའི་ལམ་སྟོན་པའི་ཆོས་སྟོན་པ་ཡང་མང་དུ་འབྱུང་སྟེ།། ་འགྲོ་བ་དག་ཕལ་ཆེར་ནི་བདུད་ཀྱིས་བསྟན་པའི་ཆོས་དེ་ལ་དད་པར་འགྱུར་རོ།། སེམས་དཔའ་ཆེན་པོ་དེའི་ཚེ་དེའི་དུས་སུ་གསང་བའི་ཡི་གེ་འདི་དག་ལ་ནན་ཏན་དུ་བྱེད་ཅིང་། གཞན་ལ་འཆད་པ་དང་། ཉན་པ ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི།། རྡོ་རྗེ་ཐེག་པའི་གཏིང་འཛུགས་ཤིང་། རྣལ་འབྱོར་དབང་ཕྱུག་གི་རྒྱུད་འཛིན་པའི་ངའི་སྲས་དམ་པར་བལྟའོ།། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་སྤྱན་དང་གྲོགས་པོ་ཉིད ་དུ་བྱིན་གྱིས་རློབས་ཤིག། ཅེས་གསུངས་སོ།། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་ཡང་འདི་སྐད་ཅེས་གསོལ་བ་བཏབ་བོ།། བཅོམ་ལྡན་འདས་གསང་བ་འདི་ཉིད་མ་ནོར་བར་འཆད་ཅིང་སྟོན་པའི་རྡོ་རྗེ་སློབ ་དཔོན་དེ་ལ། བདག་ཅག་རྣམས་ཀྱིས་ཇི་ལྟར་བལྟ་བར་བགྱི། དེའི་ཡོན་ཏན་གྱི་ཚད་ནི་ཇི་ལྟར་ལགས། གསང་བ་འདི་ལ་མོས་ཤིང་མ་ནོར་བར་འཛིན་པའི་གང་ཟག་དམ་པ་དེའི་འབྲས་བུ་དང་། རྣམ ་པར་སྨིན་པ་ཅིར་འགྱུར། བདག་ཅག་རྣམས་ཀྱིས་ཇི་ལྟར་བལྟ་བར་བགྱི། གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ། དེའི་ཕྱིར་སེམས་དཔའ་ཆེན་པོ་ཉོན་ཅིག། བླ་མ་རྡོ་རྗེ་སློབ་དཔོན་དེ་ནི། ཁྱོད་ཀྱིས་སེམས ་ཅན་ལྟ་བུར་མི་བལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟའོ།། བྱང་ཆུབ་སེམས་ཉིད་དུ་བལྟའོ།། ང་གསང་བ་མཆོག་གི་བདག་པོ་ཉིད་དུ་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི ་སངས་རྒྱས་དང་བྱང་ཆུབ་ཀྱི་སེམས་དང་། ང་ཉིད་སོ་སོ་མ་ཡིན་ཐ་མི་དད་པའི་ཕྱིར་རོ།། གང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་སྤྱི་བོ་ལ་བཀུར་བར་མཛད་ན།། གཞན་གྱིས་ལྟ་ཅི ་སྨོས།། གསང་བ་འདིའི་དོན་མ་ནོར་བར་འཛིན་པའི་གང་ཟག་དམ་པ་དེ་ནི། སེམས་དཔའ་ཆེན་པོ་ད་ལྟ་ཁྱོད་ཉིད་དང་འདྲའོ།། ཞེས་སྨྲའོ།། དེའི་འབྲས་བུ་རྣམ་པར་སྨིན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས ་དང་རིང་བ་མ་ཡིན་ནོ།། སེམས་དཔའ་ཆེན་པོ་དེར་ཡང་མ་ཟད་དེ། གསང་བའི་མདོ་འདིའི་ཆོས་ཀྱི་ཡི་གེ་འདི་གང་ན་གནས་པའི་ས་ཕྱོགས་དེ་ཉིད་ན་ཡང་། ང་གསང་བ་མཆོག་གི་བདག་པོ་བཞུགས་པ་ཡིན་པར ་ཤེས་པར་བྱའོ།། ཆོས་ཀྱི་འཁོར་ལོ་ཆེན་པོ་རྒྱུན་མི་ཆད་པར་བསྐོར་བ་ཡིན་པར་ཤེས་པར་བྱའོ།། གནས་འཁོར་དེ་ཉིད་དུ་འཇིག་རྟེན་གྱི་དགོས་པ་ཡང་ཕུན་སུམ་ཚོགས་པར་འབྱུང་བར་ཤེས་པར་བྱའོ།། དེ་བཞིན ་གཤེགས་པའི་སྐུ་གསུང་ཐུགས་ཉིད་ཡིན་པར་ཤེས་པར་བྱའོ།། སེམས་དཔའ་ཆེན་པོ་དེ་བས་ན་ཁྱོད་ཉིད་ཀྱིས་ཀྱང་། གསང་བའི་མདོ་འདི་མི་ནུབ་པར་བག་ཡོད་པར་གྱིས་ཤིག། སེམས་དཔའ་ཆེན་པོ་གཞན་ཡང ་ཉོན་ཅིག། གསང་བའི་མདོ་འདི་ལ་གང་ཞིག་སྐུར་ཅིང་མི་སྙན་པར་སྨྲ་ཞིང་སེམས་པའི་གང་ཟག་དེས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐུར་པ་ཡིན་ནོ།། བྱང་ཆུབ་སེམས་ལ་སྐུར་པ་ཡིན་ནོ།། ཡང་དག ་པའི་ལམ་དང་བྲལ་བ་ཡིན་པས་རིག་པར་བྱ་སྟེ། དེའི་རྣམ་པར་སྨིན་པ་ནི་ངན་སོང་ཆེན་པོ་གསུམ་གྱི་ཁ་བརྒྱུད་ནས་ཀྱང་། དམ་སྲི་དམར་པོའི་ལུས་སུ་སྐྱེ་སྟེ། གསང་བ་འདི་དང་ཕྲད་པའི་སྐབས་ཅུང་ཟད་ཀྱང་མི་རྙེད ་དོ།། དེ་བས་ན་དེ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དམ་ཚིག་ཏུ་བླངས་ཏེ་བསྒྲལ་བའི་རིགས་སོ།། སེམས་དཔའ་ཆེན་པོ་གཞན་ཡང་གསང་བའི་མདོ་འདི་ཉིད་བསྟན་པའི་སྣོད་ཀྱི་གང་ཟག་དེ་ནི་ཤིན་ཏུ་ཡང ་དཀོན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དམ་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། ལུང་བསྟན་པ་ཐོབ་པ་བསམ་པ་ངེས་པ་ཅན། མ་འཇུངས་པའི་སེམས་ཀྱིས་བླ་མ་ལ་བཀུར་སྟི་བྱེད་ཅིང་། ཟབ་མོའི་དོན་ལ་མི ་སྐྲག་པ། དོན་དུ་གཉེར་བ་ཆུད་མི་གསོན་པ། ཕྱི་རོལ་གྱི་སྡེ་པ་གཞན་གྱི་ཁར་མི་གཏོང་བའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། བསམ་པ་ལོག་པ་ཅན་རྣམས་ཀྱི་ནི་མ་ཡིན། སྒྲིབ་པ་ཟུག་ཅིང་བློ་ཞན་པ་རྣམས ་ཀྱི་ནི་མ་ཡིན། དེ་བཞིན་དུ་ཡིད་གཉིས་ཅན་དང་། འཇུངས་པའི་བསམ་པ་ཅན་དང་། བླ་མ་ལ་མི་གུས་ཤིང་། ཟབ་མོའི་ཆོས་ལ་བཟོད་པ་མ་ཐོབ་པ་དང་། ཉམས་སུ་ལེན་པ་ཆུད་ཟ་བར་བྱེད་ཅིང་གཞན་གྱི་སྡེ་པ་ལ ་དགའ་བའི་བསམ་པ་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བ་ནི་མ་ཡིན་ཏེ་དེ་བས་ན་ཤིན་ཏུ་ཡང་དཀོན་ནོ།། དེ་ནས་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་ཀྱིས་ཡང་དང་ཡང་དུ་བསྐོར་ཞིང་ཡང་དང་ཡང་དུ་རྨད་དུ་བྱུང ་བའི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱི་མཆོད་དེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དང་། སྡུད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་རྡོ་རྗེ་ཆོས་དང་། གསང་བའི་མདོ་འདི་ཉིད་ལ་མངོན་པར་བསྟོད་པ། ཨེ ་མའོ་བདུད་བཞི་རྣམ་པར་བཅོམ་ནས་ཡོན་ཏན་དྲུག་ལྡན་པ།། ཡོད་མེད་མཚན་མ་དངོས་པོའི་མཐའ་ལས་འདས།། དོན་དམ་ཐུགས་ནི་རྟོགས་དཀའ་ཤིན་ཏུ་གསང་།། གསུང་ནི་གསང་སྔགས་འབྲས་བུ་ཀུན་གྱི ་མཆོག། མ་ལུས་ཀུན་ལ་མངའ་བརྙེས་བདག་པོའི་སྐུ།། བཅོམ་ལྡན་གསང་བདག་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མའོ།། གསང་བདག་དགྱེས་པ་ཡུམ་གྱི་དཀྱིལ་འཁོར་ན།། དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ ་སྦྱོར།། གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ།། བྱང་ཆུབ་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མའོ་རོལ་པའི་རྫུ་འཕྲུལ་ཆེ་ལ་མངའ་བརྙེས་པ།། བཀའ་ཡི་འཁོར་ལོ་གསང་བའི་སྒྲ་སྒྲོགས་པ།། ཐུགས་རྗེའི་ཆོ ་འཕྲུལ་ཆོས་ཀྱི་ཆར་ཡང་འབེབས།། གསང་སྔགས་བདག་པོ་མཆོག་ལ་ཕྱག་འཚལ་བསྟོད།། ཨེ་མའོ་དུས་གསུམ་བདེར་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས།། མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ།། སྨྲ་བའི་སེངྒེ ་ཆེན་པོར་དབང་བསྐུར་བ།། རྡོ་རྗེ་ཀུན་བཟང་ཁྱོད་ལ་ཕྱག་འཚལ་བསྟོད།། ཨེ་མའོ་གསུང་གི་ཐིགས་པ་བདུད་རྩིའི་ཀློང་།། ལུང་དང་མན་ངག་གཏན་ཚིགས་ཀུན་གྱི་མཛོད།། དུས་གསུམ་རྣལ་འབྱོར་དབང་ཕྱུག ་བགྲོད་པའི་ཤུལ།། འོག་མ་ཟིལ་གནོན་སེངྒེ་ལྟ་བུའི་སྒྲ།། དོན་གྱི་མཛོད་དུ་མིག་གི་སྒྲོན་མར་སྣང་།། བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་བསྟོད།། ཨ་ལ་ལ་ཧོ་ཞེས་བསྟོད། དེ་ནས་བཅོམ་ལྡན་འདས་གསང ་བ་མཆོག་གི་བདག་པོ་ནི་དགོངས་པ་ཆོས་ཀྱི་དབྱིངས་ཞི་བ་ཆེན་པོ་ལ་བཞུགས་སོ།། འདུས་པའི་འཁོར་ཚོགས་རྣམས་ནི་ཆེ་བའི་དོན་ལ་ངམ་ཞིང་རིག་པའི་རྩལ་སྦྱངས་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི ་བདག་པོའི་ཐུགས་སུ་ཞུགས་ཏེ་མི་སྣང་བར་གྱུར་ཏོ།། ལ་ལ་ནི་གསང་བའི་མདོ་འདི་ལ་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་བྱུག ་རོལ་པའི་མདོ་ལས། དོན་ཕྱི་མ་རིམ་པར་བཀོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ཅེས ་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། @#།། རྒྱ་གར་སྐད་དུ། བོ་དྷི་ཙིནྟནཱག་མ་མ་ཧཱ་ཡེ་ག་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་འ་གཏན་མེགན་པམས་ཀྱང་ཅན་པ་དང་མཛད་གཟུ་པ ་