| Wylie | e-texts produced with BDRC’s OCR application |
རྒྱ།། ། @#།། རྒྱ་གར་སྐད་དུ། ཧྲྀ་ད་ཡ་སུ་ར་ར་ཤི་ག་ག་ནཉྫབརྡྷ་བིསྟཱ་ར་ཏནྟ། བོད་སྐད་དུ། སྙིང་པོ་བཅུད་སྤངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། སྔོན་གནས་ཡེ་ཐོག་མའི་སངས་རྒྱས་ལ ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་པའི་དུས་གཅིག་ན། འོག་མིན་གྱི་གནས། སེམས་ཉིད་བརྡལ་བ་ཆེན་པོའི་ཞིང་ཁམས། ཀུན་གཞི་ཆོས་དབྱིངས་ཀྱི་ཕོ་བྲང་ན། བཅོམ་ལྡན་འདས་དཔལ་གསང་བའི ་བདག་པོ་བཞུགས་སོ།། ཡན་ལག་རྩལ་གྱི་འཁོར་འདི་ལྟ་སྟེ། འོད་དང་ཟེར་ཡན་ལག་ཤེས་རིག་ཡིད་སེམས་དྲན་རྟོག་བློ་ཡི་འཁོར་རོ།། རང་བྱུང་གི་འཁོར་ཡང་འདི་ལྟ་སྟེ། གཏི་མུག་དང་། ཞེ་སྡང་དང་། འདོད ་ཆགས་དང་། ང་རྒྱལ་དང་། ཕྲག་དོག་གོ།། རང་བཞིན་གྱི་འཁོར་དང་། རང་བཞིན་རྟོག་པའི་འཁོར་རོ།། ཡེ་ནས་གནས་པའི་འཁོར་ཡང་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའོ།། སེམས ་དཔའ་རྡོ་རྗེ་ལ་སོགས་པ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ནམ་མཁའ་ལྡིང་དང་། གྲུལ་བུམ་ལ་སོགས་པ་ལྷ་མ ་སྲིན་སྡེ་བརྒྱད་དང་། རིགས་ལྔའི་སངས་རྒྱས་དང་། སངས་རྒྱས་བྱེ་བ་ས་ཡ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ།། དེའི་ཚེ་འཁོར་རྣམས་ཀྱི་ནང་ནས་ཞུ་བ་པོ་རྡོ་རྗེ ་སེམས་དཔའ་སྟན་ལས་ལངས་ནས། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ཏེ།། པུས་བཙུག་ཐལ་སྦྱར་འདི་སྐད་ཞུས།། སྠི་ཏི་སྤྱི་རྒྱལ་བྱར་མེད་ཇི་ལྟར་གསུངས།། ཀ་དག་དངོས་མེད་བསྟན་དུ ་བཏུབ་ལགས་སམ།། སྙིང་པོ་སྐྱེ་མེད་གནས་ལུགས་ཇི་ལྟར་གནས།། ཡན་ལག་རྩལ་གྱི་འཆར་ལུགས་ཇི་ལྟར་འཆར།། ཡན་ལག་རྩལ་ཟེར་སྙིང་པོར་ཇི་ལྟར་ཐིམ།། དུག་གསུམ་རྩད་ནས་ཇི་ལྟར་གཅད་པར ་བགྱི།། འཁོར་བའི་རུ་ནི་གང་གིས་བཟློག་པར་བྱ།། འགྲོ་བ་དྲུག་གི་གཡང་ས་ཇི་ལྟར་གཅོད།། སྙིང་པོ་སྐྱེ་མེད་ཀ་དག་གང་གིས་རྟོགས།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད་པར་བྱ།། རྣལ་མ་རྟོགས་ནས་བལྟ ་བསྒོམ་མི་འཚལ་ལམ།། ཆོས་རྣམས་གོ་རྟོགས་ཇི་ལྟར་རྟོགས་པར་བྱ།། ཉོན་མོངས་དུག་ལྔ་སྔ་ལོག་ཇི་ལྟར་བསྒྱུར།། ཆོས་རྣམས་ཐམས་ཅད་ལ་ནི་གང་དུ་བཟླ།། མདོ་དོན་ཐམས་ཅད་གཅིག་ཏུ་ཇི་ལྟར་བསྡུ།། སྙིང ་པོའི་བཅུད་ནི་གང་དུ་སྤུངས་པ་ལགས།། ནམ་མཁའ་ཀློང་ཡངས་དཔེ་ཡིས་ཇི་ལྟར་བསྟན།། ཐེག་ཆེན་ཆོས་ནི་བརྒྱད་ཁྲི་བཞི་སྟོང་གང་དུ་འདུས།། ཀྱེ།། ཁྱབ་བདག་བདག་ལ་སྨན་པ ་དང་།། བདག་དོན་བདག་ལ་སྨན་པ་དང་།། བདག་དོན་བདག་ལ་ཐུགས་བརྩེ་བས།། སེམས་ཅན་ཀུན་ལ་སྨན་པ་དག། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། སེམས་ཀྱི་ཁྱད་པར་ཇི་བཞིན་དུ།། དབང་པོ་བསམ་པ ་མཁྱེན་མཆོག་གིས།། བདག་གི་ཞུས་ཚིག་བཅོ་བརྒྱད་པོ།། བདག་ཅག་མོས་ཚོགས་འཁོར་བཅས་ལ།། ཀ་དག་ལག་འཆང་ཐོབ་བྱའི་ཕྱིར།། ཤིན་ཏུ་ཟབ་པར་བཀའ་སྩོལ་ཅིག། ཅེས་ཞུས་སོ།། འདས་དང་མ་བྱོན་ད ་ལྟ་གསུམ།། ཐ་སྙད་མིང་ལ་མི་གནས་ཏེ།། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་དག། ཞེས་གསུངས་སོ།། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཕུན་སུམ ་ཚོགས་པ་ལྔ་དང་། འཁོར་གྱིས་གླེང་སློང་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་ཆོས་ཐམས་ཅད་འབྱེད་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས ་རྡོ་རྗེ་སེམས་དཔའ་ཡིས།། གསང་བའི་བདག་ལ་ཡང་ཞུས་པ།། སྤྱི་རྗེ་བྱར་མེད་ཇི་ལྟར་བཤད།། ཅེས་ཞུས་པ་དང་། གསང་བའི་བདག་པོ་ཏིང་ངེ་འཛིན་དེ་ལས་བཞེངས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི ་འོད་ཟེར་མ་ལུས་མི་ལུས་ལུས་པ་མེད་པར་བསམ་གྱིས་མི་ཁྱབ་པ་སྤྲོས་ནས། མ་རིག་ཉོན་མོངས་དབང་གིས་ནི།། མ་ཤེས་འཁོར་བར་འཁྱམས་པ་རྣམས།། སྟོན་པ་གསང་བའི་བདག་པོ་ཡིས།། འཁོར་བ་རྩད་གཅོད ་རལ་གྲི་ཐོགས།། མ་རིག་མུན་སེལ་ཉི་ཟླ་སྟོན།། རིངས་ཤིང་ཡངས་པར་ལྗགས་བརྐྱངས་ནས།། དུག་ལྔ་རྩད་གཅོད་འགྲོ་དྲུག་གི།། གཡང་ས་གཅོད་པའི་སྤྱི་ཏི་བཤད།། འཁོར་རྣམས་མ་ཡེངས་གུས་པས ་ཉོན།། ཨཱ་དི་ཧྲྀ་ད་ཡ་ཧྲི་བཛྲ་མ་ཧཱ་སུ་ཁ་ཧོ།། བྱར་མེད་བློ་འདས་ཐེག་པ་འདི།། རང་གི་མཐུ་ཡིས་རྟོགས་པ་ལས།། ཆོས་ནི་གཞན་ནས་འབྱུང་མི་འགྱུར།། གླེང་བྲལ་བྱར་མེད་ལ་གནས་ན།། དངོས་མེད་ཀ་དག་རྣལ་མ ་རྟོགས།། རྣལ་འབྱོར་ཡ་རབ་སྐལ་པ་བཟང་།། དགུ་རྩེ་བྱར་མེད་བློ་འདས་ལ།། མིང་ཙམ་འདི་ཞེས་བསྟན་པ་ནི།། གསང་བའི་བདག་པོ་མཚོན་དུ་མེད།། བྱར་མེད་བློས་བཏགས་ལ་དོར་ཅིག། རྩོལ་བསྒྲུབ་བདེན ་གཉིས་སུན་ཕྱུང་ཞིག། བཤད་དུ་མེད་པར་བསྟན་པ་ནི།། བློ་དམན་དྲངས་ཕྱིར་བསྟན་པ་ལས།། ཀ་དག་དངོས་མེད་མཚོན་དུ་མེད།། ཅེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བྱར་མེད་བསྟན་པའི ་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང་བའི་བདག་པོ་ལ།། ཀ་དག་བསྟན་དུ་བཏུབ་ལགས་སམ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ ་པ།། བློ་དམན་བྲོད་པ་བསྐྱེད་ཕྱིར་ལས།། ཀ་དག་དངོས་མེད་བསྟན་དུ་མེད།། འོན་ཏང་འཁྲུལ་རྨོངས་མི་ཤེས་ལ།། མུན་ཁུངས་གསལ་སྒྲོན་ལྟ་བུར་བཤད།། མི་མངོན་མི་སྣང་འོད་ཁང་ན། ཤེས་མེད ་ཀ་དག་བློ་འདས་དངོས་པོ་མེད།། ཅང་མེད་ཅིར་སྣང་ཀུན་འབྱུང་དང་།། དངོས་མེད་སྣ་ཚོགས་གཉིས་མ་གྲུབ།། སྟོང་གསལ་དང་ལ་གང་གི་ཐ་སྙད་མེད།། ཡོད་དང་མེད་དང་ཅིར་ཡང་གྲུབ་པ་མེད།། མཉམ་དང་མི ་མཉམ་དབྱེ་བསལ་རྩིས་གདབ་མེད།། དངོས་མེད་རང་བྱུང་དང་དངས་དངས་སང་དེ།། ཕྱང་ངེ་བུན་ནེ་མེར་རེ་ལྷང་ངེ་བ།། ཐ་སྙད་ཙམ་ཡིན་ཅིར་ཡང་གྲུབ་པ་མེད།། ཕྲ་ཞིང་ཤེས་དཀའ་མི་རྟོག་རྟོག་ལས ་འདས།། མཆོག་ཏུ་གསང་བའི་དངོས་མེད་ཟང་ཀ་འདི།། རྣ་བས་ཐོས་མེད་ལྕེ་ཡིས་བརྗོད་དུ་མེད།། ཡིད་ལ་དྲན་མེད་སེམས་ལ་གཞག་དུ་མེད།། རིག་པས་བརྟག་མེད་བློ་ཡི་ཡུལ་ལས་འདས།། ཚོགས་བརྒྱད་ཡུལ་དུ ་མ་གྱུར་རྣམ་ཤེས་རྩིས་གདབ་མེད།། སྒོ་ལྔའི་ཡུལ་དུ་མ་གྱུར་དམིགས་ལས་འདས།། དཔེ་བྱད་ཀུན་ལས་འདས་པས་བསྟན་དུ་མེད།། ཅེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། དངོས་མེད་མཚོན་དུ ་མི་བཏུབ་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། སྙིང་པོའི་གནས་ལུགས་ཇི་ལྟར་གནས།། ཞེས་ཞུས་པ་དང་། སྟོན་པས་འཁོར ་ལ་བཀའ་སྩལ་པ།། སྙིང་པོའི་གནས་ལུགས་མཚོན་དུ་མེད།། རེ་ཞིག་གསུང་གི་སྒྲོན་མ་ཡིས།། མོས་ཚོགས་འདུས་པའི་འཁོར་ལ་བཤད།། སྙིང་པོའི་གནས་ལུགས་འདི་ལྟར་གནས།། ཀ་དག་ཟང་ཀར་གནས་པ ་ཡིན།། དངོས་མེད་རྣལ་མར་གནས་པ་ཡིན།། སྐྱེ་བ་མེད་པར་གནས་པ་ཡིན།། འགག་པ་མེད་པར་གནས་པ་ཡིན།། གཉིས་སུ་མེད་པར་གནས་པ་ཡིན།། རང་གྲོལ་ཆེན་པོར་གནས་པ་ཡིན།། རྒྱུ་རྐྱེན་གཉེན་པོ་མེད ་པར་གནས།། དངོས་མེད་བློ་ལས་འདས་པ་ཡིན།། བྱ་རྩོལ་མེད་པར་གནས་པ་ཡིན།། གཡོ་བ་མེད་པར་གནས་པ་ཡིན།། དབྱེ་བསལ་རྩིས་གདབ་མེད་པར་གནས་པ་ཡིན།། ཀུན་ལྡན་གང་གིའང་རྣམ་པ་མེད།། ཅི ་ཡང་མ་ཡིན་དངོས་མེད་དང་།། མཚོན་མེད་དཔེ་ལས་འདས་པ་ཡིན།། སྟོང་ཉིད་གསལ་དང་འཛིན་རྟོག་མེད།། གཏིང་གསལ་མི་མངོན་ཁ་གསལ་གདངས།། སང་ངེ་ཕྱེད་དེ་ཧང་ངེ་དངས་སང་ངོ་ངེ།། དངོས་པོ་ཅི་ལྟར ་ཤར་ཡང་གྲུབ་པ་མེད།། ཅེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། སྙིང་པོའི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི ་བདག་པོ་ལ།། རྩལ་ཟེར་ཡན་ལག་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། འགག་མེད་ཡན་ལག་རྩལ་ཟེར་རྣམས།། ཤར་ལུགས་སྣ་ཚོགས་བསམ་མི་ཁྱབ།། མདོ་ཙམ་འཁོར་ལ ་བཤད་ཀྱིས་ཉོན།། རྒྱུ་རྐྱེན་འཕོ་འགྱུར་མེད་པ་ཡི།། མཁའ་ཀློང་གཞི་ནས་མ་འགགས་པས།། རྩལ་ཟེར་ཤེས་རིག་འོད་རླུང་ཤར།། ཅང་མེད་ངང་ལ་ཅིར་ཡང་ཤར།། དངོས་མེད་ངང་ལས་དངོས་ཀུན ་ཤར།། ཡེ་མེད་ངང་ལས་སྣ་ཚོགས་ཤར།། སྐྱེ་མེད་ངང་ལས་ཡིད་རིག་ཤར།། འགག་མེད་ངང་ལས་སྒོ་གཉིས་ཤར།། ས་མ་ཟིན་པས་འཁོར་གསུམ་ཤར།། བརྡའ་མ་འཕྲོད་པས་འཁོར་གསུམ་ཤར།། རྩད་མ་ཆོད ་པས་གཟུགས་ལྔར་འཁྲུལ།། ཀློང་དུ་མ་གྱུར་འགྲོ་དྲུག་འཁོར།། ཡེ་མ་ཤར་མ་རིག་ཤར།། གསལ་གདངས་མ་ཤར་མུན་པར་སྣང་།། བདེ་བ་མ་མྱོང་སྡུག་བསྔལ་མྱོང་།། ཡུལ་སེམས་དགག་བསྒྲུབ་གཟུང་འཛིན ་དང་།། སྣང་བརྟགས་ཆགས་སྡང་ཕྱོགས་རིས་རྣམས།། བསམ་ལས་འདས་པ་བརྗོད་མི་རྫོགས།། རྩ་བ་མ་རིག་ང་བདག་དང་།། གཟུང་འཛིན་ཞེ་འདོད་བྱ་བཙལ་ཡིན།། ཡན་ལག་འགག་མེད་བསམ་མི་ཁྱབ།། ཅེས ་གསུངས་སོ།། ཡན་ལག་ཤར་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། ཡན་ལག་རྩལ་ཟེར་སྙིང་པོ་ཇི་ལྟར་ཐིམ།། ཞེས་ཞུས་པས།། ་སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཆོས་དབྱིངས་མཁའ་ཀློང་རྣམ་དག་ཏུ།། འགག་མེད་རྩལ་ཟེར་རིག་ཡིད་སེམས་བློ་རྣམས།། རང་བྱུང་དང་དངས་སྙིང་པོའི་ཀློང་དུ་ཐིམ།། སྙིང་པོའི་ཡན་ལག་འཕྲང་རྩལ ་རང་ས་ཟིན།། འཁྲུལ་ཆོད་རྒྱས་ཐེབས་སྙིང་པོའི་ཀློང་དུ་གྱུར།། ཡིད་སེམས་དྲན་རིག་ཐམས་ཅད་འཁྲུལ་རྩད་བཅད།། གསལ་དག་ལ་བཟླ་རྒྱུ་རྐྱེན་རྩོལ་མེད་པར།། འཁྲུལ་ཆོད་མུན་པ་སངས་ནས་སངས་རྒྱས ་སོ།། ཞེས་གསུངས་སོ།། ཡན་ལག་རྩལ་ཟེར་ཤེས་རིག་དྲན་རྟོག་ཇི་སྙེད་མ་ལུས་པ་སྙིང་པོའི་ཀློང་དུ་འུབ་ཆུབ་ཡོངས་བསྡུས་སུ་ཐིམ་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། དུག་གསུམ་རྩད་ནས་ཇི་ལྟར་གཅད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དུག་གསུམ་ངོ་ཤེས་རྩད་ནས་བཅད།། སྤང་སྦྱང་བསྒྱུར་བ་མ་ཡིན། ་ནོ།། གཏི་མུག་འབྱེད་མེད་ཆོས་ཀྱི་སྐུ།། ཞེ་སྡང་འོད་གསལ་ལོངས་སྤྱོད་སྐུ།། འདོད་ཆགས་གསལ་དག་སྤྲུལ་པའི་སྐུ།། ངོ་ཤེས་རྩད་གཅོད་གདེང་ལྡན་ན།། དུས་གསུམ་རྒྱལ་བའི་སྐུ་གསུམ་རྫོགས།། ཞེས་གསུངས ་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། དུག་གསུམ་རྩད་ནས་གཅད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། སྟོན་པས་གསང་བའི་བདག་པོ་ལ།། འཁོར་བ་རུ་ནི་ཇི་ལྟར ་བཟློག། ཅེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་ཡེ་མེད་གདོད་དག་པ།། དེ་ཉིད་མ་རྟོགས་འཁོར་བར་འཁྱམས།། ཀ་དག་དོན་རྟོགས་མྱ་ངན་འདས།། དངོས་མེད་ཀ་དག་སངས ་རྒྱས་ཉིད།། ང་བདག་གཟུང་འཛིན་སེམས་ཅན་ནོ།། དངོས་མེད་གཅིག་ལ་འཁོར་འདས་གཉིས།། རྟོགས་དང་མ་རྟོགས་གཉིས་ལས་མེད།། རྟོགས་པ་མྱང་འདས་མ་རྟོགས་འཁོར།། ཀ་དག་ཀློང་ལ ་གཉིས་ཀ་མེད།། འཁོར་བར་ལྟུང་བའི་ངོ་བོ་ནི།། མེ་ཡི་ཁྱོ་ལ་མུན་པའི་ཆུང་།། ཕག་པའི་ཡབ་ལ་ཁྱི་ཡི་ཡུམ།། བྱ་སྤུའི་ཁྲ་དང་སྤྲེའི་བུ།། མཚོ་ཁོལ་མེ་འབར་རྭ་ཆེན་སྐྱེས།། ཞེས་གསུངས་སོ།། སྐྱེ་མེད་ཀ་དག་དཔའ ་བོ་ཡིས།། འཁོར་བའི་རུ་བཟློག་དམག་དཔུང་འཇོམས།། དོན་གཅིག་དངོས་མེད་ཀ་དག་གིས།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས།། ཉོན་མོངས་མི་ཤེས་གཡུལ་ངོ་བཟློག། ཐུབ་པ་ཆེན་པོ་ཐུབ་ཆེན་གྱིས།། མི ་ས་འཁོར་བའི་དགྲ་དཔུང་འཇོམས།། ཉི་ཟླ་འབར་བའི་སྒྲོན་མེ་ཡིས།། མུན་པའི་ཆུང་མ་བརླག་པར་བྱེད།། གཡོ་རྩོལ་མེད་པའི་རྦ་རླབས་ཀྱིས།། མེ་ཡི་ཁྱོ་བོ་རྩད་ནས་བཅད།། ཤེས་རབ་རལ་གྲིས་ཁྱི་ཕག ་བསད།། རྡོ་རྗེ་ཆེན་པོའི་མདའ་གཞུ་ཡིས།། བྱ་སྦྲུལ་ཁྲ་དང་སྤྲེའུ་བསད།། ཐེག་པ་ཆེན་པོས་སྡུག་བསྔལ་གཅོད།། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། ཡོན་ཏན་ཕྲིན་ལས་ཐོགས་མེད་ལྔས།། འཁོར་བ་རུ་བཟློག་སྐུ ་ལྔར་བསྒྱུར།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་བ་རུ་བཟློག་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། འགྲོ ་དྲུག་གཡང་ས་ཇི་ལྟར་བཅད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་དངོས་མེད་ཅང་མེད་ལས།། དེ་མ་རྟོགས་པས་འགྲོ་དྲུག་འཁྲུལ།། དངོས་མེད་མ་རྟོགས་ཞེ་སྡང་སྐྱེས།། དམྱལ་བར ་སྐྱེས་ནས་བཙོ་སྲེག་བྱེད།། བརྒྱད་གཉིས་སྡུག་བསྔལ་ཟད་མེད་མྱོང་།། དངོས་མེད་མ་རྟོགས་སེར་སྣ་སྐྱེས།། ཡི་དྭགས་གནས་སྐྱེས་བཀྲེས་སྐོམ་སྡུག། སྒྲིབ་གསུམ་སྡུག་བསྔལ་ཟད་མེད་མྱོང་།། ཀ་དག་མ་རྟོགས་གཏི ་མུག་སྐྱེས།། བྱོལ་སོང་གནས་སྐྱེས་གླེན་ལྐུགས་མྱོང་།། རྐང་མངས་རྐང་གཉིས་རྐང་བཞི་དང་།། རྐང་མེད་ལ་སོགས་བསམ་ལས་འདས།། དངོས་པོ་མེད་ལས་ཕྲག་དོག་སྐྱེས།། མི་ཡི་གནས་སྐྱེས་ཕྲག ་དོག་སྤྱོད།། བརྒྱད་དང་བཅུ་དྲུག་སྡུག་བསྔལ་མྱོང་།། དངོས་པོ་མེད་ལས་འདོད་ཆགས་སྐྱེས།། ལྷ་ཡི་གནས་འཁྲུལ་ལེ་ལོ་སྤྱོད།། ལོངས་སྤྱོད་གཡེང་བའི་སྡུག་བསྔལ་མྱོང་།། དངོས་པོ་མེད་ལས་ང་རྒྱལ་སྐྱེས།། ལྷ ་མིན་གནས་སུ་འཁྲུག་པ་སྤྱོད།། འཐབ་རྩོད་མཚོན་ཆའི་སྡུག་བསྔལ་མྱོང་།། དེ་ལྟར་འགྲོ་དྲུག་འཁྲུལ་སྐྱེས་ཀྱང་།། དངོས་མེད་ཀ་དག་ཆོ་འཕྲུལ་ཡིན།། དངོས་མེད་ཆོ་འཕྲུལ་རྩད་བཅད་པས།། འགྲོ་དྲུག་གཡང་ས ་ཆོད་པར་བསྟན།། ཀ་དག་དོན་རྟོགས་ཞེ་སྡང་མེད།། དམྱལ་བའི་གནས་འཁྲུལ་རྩད་ནས་བཅད།། བཙོ་བསྲེག་མིང་མེད་ལོངས་སྤྱོད་རྫོགས།། དམྱལ་བར་སྐྱེ་བའི་གཡང་ས་བཅད།། ཀ་དག་དོན་རྟོགས་སེར་སྣ ་མེད།། ཡི་དྭགས་རྩད་བཅད་འོད་གསལ་སྒྲ།། བཀྲེས་སྐོམ་སྐྱེ་བའི་གཡང་ས་གཅད།། གསལ་དག་འོད་གསལ་གཏི་མུག་མེད།། བྱོལ་སོང་གནས་འཁྲུལ་རྩད་ནས་ཆོད།། བླུན་ལྐུགས་སྡུག་བསྔལ ་མིང་ཡང་མེད།། མིང་མེད་གཏི་མུག་ཆོས་ཀྱི་སྐུ།། རང་བྱུང་དང་དངས་ཕྲག་དོག་མེད།། མི་ཡི་གནས་འཁྲུལ་སྐྱེ་རྩད་བཅད།། ཆུང་བཞི་ཆེ་བཞིའི་སྡུག་བསྔལ་མེད།། ཕྲག་དོག་ཆེན་པོ་བདེ་ཆེན་སྐུ།། ཀ་དག་དོན ་རྟོགས་ང་རྒྱལ་མེད།། ལྷ་མིན་འཁྲུལ་གཅད་ཐབས་རྩོད་མེད།། ང་རྒྱལ་དབྱེར་མེད་ངོ་བོའི་སྐུ།། དངོས་མེད་འོད་གསལ་འདོད་ཆགས་མེད།། ལྷ་ཡི་འཁྲུལ་གཅད་ལེ་ལོ་མེད།། འདོད་ཆགས་ཞེན་འཁྲུལ་སྤྲུལ་པའི ་སྐུ།། དེ་ལྟར་འགྲོ་དྲུག་གཡང་ས་གཅད།། སྐུ་ལྔ་དབྱེར་མེད་དངོས་མེད་རྫོགས།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འགྲོ་དྲུག་གཡང་ས་གཅོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས། བཅོམ་ལྡན་གསང་བའི་བདག་པོ་ལ།། སྙིང་པོ་ཀ་དག་གང་གིས་རྟོགས།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཀ་དག་རྟོགས་ཐབས་ནི།། བྱར་མེད་ཞེ ་འདོད་མེད་པ་ལས།། རྩོལ་བསྒྲུབ་བདེན་གཉིས་བློས་མི་རྟོག། རང་བྱུང་སར་ཐིམ་དབྱེར་མེད་རྟོགས།། ངང་དངས་རྩོལ་བསྒྲུབ་དངས་སང་ངོ་ངེ།། རང་བྱུང་རང་རླག་རིག་མེད་རྟོགས།། གསལ་དངས་རང་སངས་གོ། ་སྐབས་མེད།། སྟོང་གསལ་རིག་མེད་ཐ་སྙད་མེད།། དངོས་མེད་ཀ་དག་རྟོགས་པ་ཡིན།། ཡེངས་མེད་ཕྱེད་དེ་བུན་ནེ་བ།། སང་ངེ་སལ་ལེ་མེར་ཁྱིལ་ལེ།། དེ་རྣམས་མིང་ཡིན་བློ་ལས་འདས། ཀ་དག་དངོས་མེད་ཟང་ཀ ་དེ།། རང་གི་མཐུ་ཡིས་རིག་པ་ལས།། ཆོས་ནི་གཞན་ནས་འབྱུང་མི་འགྱུར།། བྱར་མེད་རྩོལ་མེད་བསམ་དུ་མེད།། དངོས་མེད་རྣལ་མ་བློ་འདས་ཀྱིས།། སྙིང་པོ་ཀ་དག་རྟོགས་པ་ཡིན།། ཞེས་གསུངས་སོ།། ནམ ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས།། ཀ་དག་རྟོགས་ཐབས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། གསང་སྔགས་བརྡའ་ཡིས་ཇི་ལྟར་བཤད།། ཅེས ་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཨ་ཨ་བྷོ་ཡ། ཧྲི་ཐ་ར་ས། དྷརྨ་སརྦ། དྷཱ་ཏུ་ཨ་ཨ། ང་ཡིས་གསང་སྔགས་བརྡའ་ཡིས་བཤད།། འཁོར་རྣམས་མ་ཡེངས་བརྡའ་ལ་ཉོན།། ཨ་པ་ར་སི་ཏི་ཨ། སྟོང ་གསལ་ཕྱང་ཆད་ཀྱི་ལྷ་ཁང་ན།། རླུང་སྒྲོ་ཀུན་བྱེད་ཀྱི་མིས་བལྟས་པས། ཅི་ཡང་མ་འདུག་གང་མ་མཐོང་། དེར་ཁོའི་བསམ་པ་སྡུག། དྲན་པ་བརླགས་བློ་སྟོར་རོ།། རིག་པས་མཐའ་གང་དུ་ཡང་མཚོན་བརྗོད་ཀྱི་ཚིག ་ཅི་ཡང་སྒྲ་མི་ཤེས་སོ།། སྔོན་རོལ་མིང་མ་ཐོགས་ཀྱི་བརྡའོ།། ཁ་དོག་ལྔ་གསལ་རིན་པོ་ཆེའི་ལྷ་ཁང་ན། སྨིག་རྒྱུའི་རྟ་ལ་འཇའ་ཚོན་གྱི་མིས་གཞོན་ནས་བལྟས་པས། ལྷ་ཁང་དེ་ན་གསལ་དག་འོད་ཀྱི་ལྷ་དང་། གཡོ ་ཙམ་མི་གཡོ་ཙམ་གྱི་ལྷ་འདུག་གོ།། སེམས་ཅན་སངས་རྒྱས་ཀྱི་གཞི་མཚོན་པའི་བརྡའོ།། འགྲུ་བ་རླུང་གི་རྟ་པོ་ལ། ཤེས་རིག་ཡིད་སེམས་ཀྱི་མིས་ཞོན་ནས། འོད་གསལ་རྩལ་བྱུང་གི་ལྷ་ཁང་དུ ་ཕྱིན་ནས་བལྟས་པས། ལྷ་འགའ་ཞིག་གཡོ་འགུལ་མེད་པར་བཞུགས། ལྷ་འགའ་ཞིག་འགུལ་བསྐྱོད་དང་བཅས་ནས་འདུག་གོ།། སྤྱི་སའི་སོ་མཚམས་མཚོན་པའི་བརྡའོ།། ན་བུན་ཁ་རླང་གི་རྟ་ཕོ་ལ། འགྱུར་བ་སྤྲེའི ་མིས་ཞོན་ནས། ཡར་འགྲོ་མར་འགྲོའི་སོ་མཚམས་ན་ལྷ་ཁང་གཉིས་ཡོད་པ་ལ། སྒོ་གང་ཕྱེ་ནས་འདུག་བལྟས་པས། འོད་གསལ་དང་དངས་བྱུང་ནས་རིན་པོ་ཆེ་གསལ་དག་རྣམ་དག་ལྷ་ཁང་སྒོ་ཕྱེ། ངར་འཛིན ་མུན་ནག་གྲོང་རྒྱུག་མཁན་བྱུང་ནས་མུན་པ་ལྷ་ཁང་གི་སྒོ་ཕྱེའོ།། ཞེས་གསུངས་སོ།། འཆར་སྒོ་དང་འཁྲུལ་སྒོའི་བརྡའོ།། འགྱུ་བ་ཡིད་ཀྱི་རྟ་ཕོ་ལ། རིག་སེམས་དྲན་རྟོག་བློའི་མིས་ཞོན་ནས། འཕྲང་གསུམ་སྦུབས ་གསུམ་དུ་ཕྱིན་པས། ལོང་མ་དུག་གསུམ་གྱི་འཁར་བ་ཅན་དང་འཕྲད་ནས། ཁྱོད་ངའི་མུན་པའི་གཡུང་དྲུང་ལ་མི་བལྟ་བ་ཅི་ཉེས། མུན་པའི་ལྷ་ཁང་ལྟོས་ལ། ཁྱོད་མེད་པ་ལ་ཡོད་པར་ཟུང་ཞིག། མི་བདེན་པ་ལ ་བདེན་པར་ཟུང་ཞིག། མི་རྟག་པ་ལ་རྟག་པར་ཟུང་ཞིག། དོན་དམ་ལ་ཀུན་རྫོབ་ཏུ་ཟུང་ཞིག། ཀ་དག་ལ་མ་དག་པར་ཟུང་ཞིག། བདེ་བ་ལ་སྡུག་བསྔལ་དུ་ཟུང་ཞིག། གཉིས་མེད་ལ་གཉིས་སུ་ཟུང་ཞིག། དངོས་མེད ་ལ་སྣ་ཚོགས་སུ་ཟུང་ཞིག། རྟོགས་པ་ལ་མ་རྟོགས་པར་ཟུང་ཞིག། ཀ་དག་ལ་སྒྲིབ་བཅས་སུ་ཟུང་ཞིག། སངས་རྒྱས་ལ་སེམས་ཅན་དུ་ཟུང་ཞིག། མྱ་ངན་ལས་འདས་པ་ལ་འཁོར་བར་ཟུང་ཞིག། སྐུ་གསུམ་ལ་དུག ་གསུམ་དུ་ཟུང་ཞིག། ཞིང་ཁམས་རྣམ་གསུམ་ལ་དམྱལ་བ་ཡི་དྭགས་ངན་སོང་གསུམ་དུ་ཟུང་ཞིག། ཐོ་དང་ཟག་པ་དང་། སྨིག་རྒྱུ་ལ་མི་སྦྲུལ་ཆུ་དང་གསུམ་དུ་ཟུང་ཞིག། ཅེས་འཁྲུལ་པ་དང་འཁྲུལ་སྣང་འཁོར་བ ་བརྡས་བསྟན་པའོ།། དེ་ནས་ཡང་ཡེ་ཤེས་བརྡར་གསུངས་པ། འཇའ་ཚོན་འོད་གློག་གི་རྟ་ཕོ་ལ། དངས་གསལ་དང་དངས་ཀྱི་མིས་ཞོན་ནས། གཡས་སུ་ཉི་མ་ཐོགས། གཡོན་དུ་ཟླ་བ་ཐོགས། རལ་གྲི་གླད་ལ་བསྐོར།། ་སྤུ་གྲིས་རླུང་དང་ཆུ་གཉེར་སྤྲེའུ་བསད་ནས། ཆོས་དབྱིངས་སྙིང་པོ་འདུས་མ་བྱས་ཀྱི་ལྷ་ཁང་དུ་ཕྱིན་པས། ཀ་དག་ཡེ་གདངས་ཀྱི་ལྷ་དང་ཕྲད་པས། དངོས་མེད་རྣལ་མ་ཀ་དག་ཟང་ཀར་གྱུར། ཡིད་རིག་སེམས་བློ་དྲན ་རྟོག་དང་དངས་སྙིང་པོ་མ་དང་འཕྲད། འཁྲུལ་པ་རྩད་ནས་ཆོད། ཡེ་ཤེས་རང་ས་ཟིན། སྣང་བ་རང་སར་གྲོལ། སྙིང་པོ་ཀློང་ནས་ཤར། ཡེ་ཤེས་དབྱིངས་སུ་ཐིམ། འགྱུར་མེད་རྒྱ་ཡིས་ཐེབས། དུག་གསུམ་སྡོང་པོ ་ཆོཚོད། འགྲོ་དྲུག་གཡང་ས་གཅད། འཁོར་བ་དོང་ནས་སྤྲུགས། སྲིད་པ་རུ་ནས་བཟློག། ནོར་བུ་རིན་ཆེན་རྙེད། མུན་རུམ་ནང་དུ་ཉི་ཟླ་ཤར། དུག་ལ་སྔགས་ཐེབས། གསེར་འགྱུར་རྩི་དང་ལྡན། ཟས་ཀྱི་བཅུད་འཐུང་། ་བདེ་ཆེན་ཀློང་དུ་ཉལ། ནོར་གྱི་དབྱིག་རྙེད་ཟད་མེད་གཏེར་ལ་སྤྱོད། ཀ་དག་དོན་རྟོགས་འགྲོ་དྲུག་གཡང་ས་གཅད། དངོས་མེད་གདེང་རྙེད་སངས་རྒྱས་འཁོར་བ་མེད། རང་སར་རང་གྲོལ་ཆགས་སྡང ་མིང་ཡང་མེད། ཡུལ་སེམས་གཟུང་འཛིན་དགག་བསྒྲུབ་དབྱེ་བསལ་མེད།། དགྲ་གཉེན་ཕྱོགས་རིས་སྤང་ལེན་རྩིས་གདབ་མེད།། དུག་ལྔ་རྩད་གཅད་འཁོར་བའི་མིང་ཡང་མེད།། ཞེ་འདོད་བྱ་བཙལ་རྩད་གཅད ་འབད་རྩོལ་མེད།། ཅེས་གསུངས་སོ།། ཡེ་ཤེས་འཆར་སྒོ་བརྡར་བསྟན་པའོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གསང་སྔགས་བརྡས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས ་དཔའ་ཡིས།། གསང་བའི་བདག་པོ་ལ་ཞུས་པ།། དངོས་མེད་རྣམ་རྟོག་ལྟ་སྒོམ་མི་འཚལ་ལམ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་རྟོགས་པ་ན།། ལྷ་སྒོམ་སྤྱོད་འབྲས་བློ ་ཡི་ཡུལ།། ཞེ་འདོད་བསམ་དཔྱད་ཡིད་སྨོན་མེད།། ཀ་དག་དངོས་མེད་རྣལ་མ་སྒྲུབ་མེད་བློ་ལས་འདས།། ཀ་དག་ཚིག་མེད་རྟེན་མེད་ལ།། ཞེ་འདོད་ཕྱོགས་ཆའི་བལྟ་བ་མེད།། དངོས་མེད་འགྱུར་མེད་རྟོག་མེད ་ལ།། འགྱུ་བ་བསམ་དམིགས་བསྒོམ་པ་མེད།། ཟང་ཀ་སོ་མ་རང་ལུགས་ལ།། ཆེད་བྱས་རྩོལ་བསྒྲུབ་བྱ་བཙལ་མེད།། གདོད་ནས་ཡེ་གནས་བསྒྲུབ་མེད་ལ།། རེ་དོགས་ཡིད་སྨོན་འབྲས་བུ་མེད།། དངོས་མེད་ཀ་དག ་གཅིག་རྟོགས་ན།། ལྟ་སྒོམ་སྤྱོད་འབྲས་མིང་ཡང་མེད།། ཅེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། དངོས་མེད་རྟོགས་ན་བལྟ་བསྒོམ་སྤྱོད་འབྲས་མི་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། ཆོས་རྣམས་གོ་ལྡོག་ཇི་ལྟར་ཟློག། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་རྣམས་གོ་ལྡོག་མ ་བཤད་ན།། ཀ་དག་སངས་རྒྱས་ག་ལ་འཐོབ།། དེས་ན་ཆོས་རྣམས་གོ་ལྡོག་བཤད།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སྙིང་པོ་བཅུད་སྤུངས་ཀློང་ཡངས་སུ།། རྩལ་ཟེར་མ་འགགས་གོ་ལྡོག་ལ།། སྣང་སྲིད ་འཁོར་འདས་འུབ་ཆུབ་བོ།། ངོ་འཕྲད་དབྱེར་མེད་ཀ་དག་གྲོལ།། དགུ་རྩེ་སྤྲི་ཏིའི་གོ་ལྡོག་ནི།། ཐེག་པའི་ཆོས་རྣམས་གོ་ལྡོག་ལ།། ཆོས་ལས་འདས་པས་ཀ་དག་རྟོགས།། གཞན་དག་འཁྲུལ་གཞི་ཀུན་གཞིར ་འདོད།། ཀུན་གཞི་གོ་ལྡོག་ཀླུང་ཡིན་ནོ།། འཁྲུལ་རྒྱུ་མ་རིག་ཡིན་པར་འདོད།། མ་རིག་གོ་ལྡོག་རིག་པ་ཡིན།། དུག་གསུམ་གོ་ལྡོག་སྐུ་གསུམ་ཡིན།། མུན་པ་གོ་ལྡོག་གསལ་དག་རྟོགས།། འཁྲུལ་པ་གོ་ལྡོག་འཆར་སྒོ ་རྟོགས།། མ་རིག་གོ་ལྡོག་ཀ་དག་རྟོགས།། འཁྲུལ་སྣང་གོ་ལྡོག་འོད་སྣང་རྟོགས།། རྩད་གཅོད་རང་གྲོལ་རང་སངས་རྟོགས།། སེམས་ཅན་གོ་ལྡོག་སངས་རྒྱས་རྟོགས།། འཁོར་བ་གོ་ལྡོག་མྱང་འདས་རྟོགས།། གོ་ལྡོག ་གདམས་པ་གསུམ་དུ་བཤད།། ཆོས་རྣམས་བོར་བས་ཀ་དག་རྟོགས།། སེམས་ཅན་ལས་འདས་དངོས་མེད་རྟོགས།། སྣ་ཚོགས་མིང་མེད་བློ་འདས་རྟོགས།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས ་ཀྱི་རྒྱུད་ལས།། གོ་ལྡོག་རྟོགས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། དུག་ལྔ་སྔ་ལོག་ཇི་ལྟར་འགྱུར།། ཞེས་ཞུས་པས། སྟོན ་པས་འཁོར་ལ་བཀའ་སྩལ་པ།། དུག་ལྔ་སྔ་ལོག་སྐུ་ལྔར་འགྱུར།། གཏི་མུག་སྔ་ལོག་ཆོས་སྐུར་འགྱུར།། ཞེ་སྡང་སྔ་ལོག་ལོངས་སྐུར་འགྱུར།། འདོད་ཆགས་སྔ་ལོག་སྦྲུལ་སྐུར་འགྱུར།། ང་རྒྱལ་སྔ་ལོག་དབྱེར་མེད ་སྒྲ།། ཕྲག་དོག་རྫ་ལོག་བརྗོད་མེད་སྐུ།། དུག་ལྔ་རྫ་ལོག་སྤུ་ལྔར་འགྱུར།། ཞེས་གསུངས་སོ།། ནམ་མཁའ་ཀློངས་ཡངས་ཀྱི་རྒྱུད་ལས། དུག་ལྔ་རྫ་ལོག་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། བཅོམ་ལྡན་གསང་བའི་བདག་པོ་ལ།། ཐམས་ཅད་ལ་ནི་གང་དུ་བཟླ།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཆོས་དབྱིངས་ཀློང་ཡངས་སུ།། མ་འགགས་རྩལ་ཟེར་ཇི ་སྙེད་པ།། མ་ལུས་འུབ་ཆུབ་སྙིང་པོར་བཟླ།། ཀ་དག་ཟང་ཀ་དངོས་མེད་དུ།། སྣང་སྲིད་འཁོར་འདས་རྟག་ཆད་རྣམས།། ཐམས་ཅད་ཐམས་ཅད་ཇི་སྙེད་ལ།། གང་ལ་མི་འགྱུར་རྩིས་གདབ་མེད།། ཡིད་སེམས་བློ་ཡི ་འཛིན་རྟོག་མེད།། མ་ལུས་རིལ་པོ་བློ་ལས་འདས།། སངས་རྒྱས་ཀ་དག་དངོས་མེད་པས།། གཞན་རྣམས་མེད་པར་ལ་བཟླའོ།། སངས་རྒྱས་སྐུ་དང་ཡེ་ཤེས་མེད།། སེམས་ཅན་ལུས་དང་བག་ཆགས་མེད།། སྐུ་ལྔ ་རིགས་ལྔ་དུག་ལྔ་མེད།། འཁོར་བ་མྱང་འདས་བྱང་ཆུབ་མེད།། འཁོར་བའི་ཆོས་ལ་ལྟ་ཅི་སྨོས།། བལྟ་བསྒོམ་སྤྱོད་པ་འབྲས་བུ་དང་།། འདུལ་སྡོམ་བསླབ་པ་དམ་ཚིག་མེད།། ཕར་ཕྱིན་ལམ་ལྔས་བཅུ་མེད།། ཐམས ་ཅད་དངོས་མེད་ཟང་ཀར་བཟླ།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཐམས་ཅད་ལ་བཟླ་བའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང ་བདག་ཆེན་པོ་ལ།། མདོ་དོན་གཅིག་ཏུ་ཇི་ལྟར་བསྡུ།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ་ཕྱེ་མ་བཀོལ་སྙིང་པོའི་ཀློང་།། སྣང་བརྟག་བཟུང་ཞེན་ཇི་སྙེད་ཀུན།། སྙིང་པོ་ཆོས་ཉིད་ཀློང་དུ ་འདུས།། དངོས་པོ་ཐམས་ཅད་དངོས་མེད་ཀློང་དུ་འདུས།། སྣང་སྲིད་འཁོར་འདས་གཉིས་མེད་ཀློང་དུ་འདུས།། མཚོན་བརྗོད་བཏག་ཆགས་མཚོན་མེད་ཀློང་དུ་འདུས།། བལྟ་བསྒོམ་གྲུབ་མཐའ་བློ་འདས་ངང་དུ ་འདུས།། ཚིག་ཚོགས་རྒྱ་མཚོ་བརྗོད་མེད་གཅིག་ཏུ་འདུས།། འབྲས་བུ་ཐམས་ཅད་ཀ་དག་གཅིག་ཏུ་འདུས།། དགོངས་པ་བརྒྱད་ཁྲི་བསམ་འདས་ངང་དུ་འདུས།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད ་ལས། མདོ་དོན་གཅིག་ཏུ་འདུས་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ།། སྙིང་པོ་བཅུད་ནི་གང་དུ་སྤུངས།། ཞེས་ཞུས ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། མཁའ་དབྱིངས་རྣམ་དག་འོད་གསལ་ཀློང་ཆེན་དུ།། རང་བྱུང་རྩལ་ཟེར་ཡན་ལག་མ་ལུས་སྤུངས།། ཀ་དག་དངོས་མེད་ཟང་ཀ་ཆེན་པོ་རུ།། སྣང་སྲིད་འཁོར་འདས་ཡོད ་མེད་རྟག་ཆད་སྤུངས།། ཡེ་གདངས་གསལ་ལ་དངས་པའི་ཀློང་ཆེན་དུ།། རང་བྱུང་ངང་དངས་ཆེན་པོར་བཅུད་སྤུངས་སོ།། སྙིང་པོ་ཆོས་ཉིད་ཀུན་གཞིའི་ཀློང་ཡངས་སུ།། རྩལ་ཟེར་སྣ་ཚོགས་མ་འགགས་བཅུད་སྐྲངས ་སོ།། རང་བྱུང་རང་སར་བརླག་པས་བཅུད་སྤུངས་སོ།། རང་དངས་རང་སངས་ཆེན་པོར་བཅུད་སྤུངས་སོ།། ཡིད་སེམས་གང་ལ་འཛིན་མེད་བཅུད་སྤུངས་སོ།། ཀ་དག་ཟང་ཀ་ཆེན་པོར་བཅུད་སྤུངས་སོ།། ཤེས་རིག ་གང་ལའང་མི་འཇུག་བཅུད་སྤུངས་སོ།། ཡིད་གཉིས་རྩད་ཆོད་གཟུང་འཛིན་གཉིས་མེད་བཅུད་སྤུངས་སོ།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། སྙིང་པོའི་བཅུད་སྤུངས་བསྟན་པའི་ལེའུ་སྟེ་བཅུ ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང་བདག་ཆེན་པོ་ལ།། ནམ་མཁའ་ཀློང་ཡངས་དཔེ་ཡིས་ཇི་ལྟར་བསྟན།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང ་པོ་ཀ་དག་དཔེ་མེད་ཀྱང་།། འཁོར་གྱི་རྟོག་པ་བསལ་ཕྱིར་དཔེ་ཡིས་བསྟན།། འཁོར་རྣམས་མ་ཡེངས་གུས་པར་ཉོན།། སེམས་ཀྱི་དཔེ་ནི་ནམ་མཁའ་བསྟན།། ནམ་མཁའ་མཚོན་པ་ཀུན་དང་བྲལ།། ནམ་ནི་སྐྱེ་བ་མེད ་པ་ཡིན།། མཁའ་ནི་འགག་པ་མེད་པ་ཡིན།། སྐྱེ་འགག་གཉིས་སུ་མེད་པ་དེ།། སྙིང་པོ་ཆོས་ཉིད་ཀློང་དུ་འདུས།། ནམ་མཁའ་ཕྱོགས་རིས་ཀུན་དང་བྲལ།། ནམ་མཁའ་ཞེས་ནི་མཚོན་པ་ཡང་།། མ་རྟོགས་བློ་ལ་མཚོན ་པ་ཡིན།། ནམ་མཁའ་ཐ་སྙད་ཀུན་དང་བྲལ།། སྐྱེ་མ་མྱོང་ལ་འགག་མ་མྱོང་།། གཉིས་སུ་མ་ཆད་གཅིག་མ་མྱོང་།། མཚོན་དུ་མེད་པས་མཚོན་ལས་འདས།། སྣང་མེད་མི་སྣང་བ་ལས་འདས།། མིང་འདོགས་མེད་པས ་བཏགས་ཆགས་འདས།། མིང་མེད་ཚིག་ཏུ་བརྗོད་ལས་འདས།། ནམ་མཁའ་དེ་ནི་བསྐལ་པ་ནས།། བསྐལ་པའི་བར་དུ་ཡོད་མ་མྱོང་།། མེད་མ་མྱོང་ལ་སྟོང་མ་མྱོང་།། སྣང་མ་མྱོང་ལ་གསལ་མ་མྱོང་།། བཟང་ངན ་བདེ་དང་སྡུག་མ་མྱོང་།། འཁྲུལ་དང་འཁོར་དང་རྒྱས་མ་མྱོང་།། མི་རྒྱས་མ་མྱོང་ནམ་མཁའ་ནི།། ཁ་དོག་ཕྱོགས་མཚམས་བརྗོད་ལས་འདས།། དེ་བཞིན་སེམས་ཉིད་ཀ་དག་སྟེ།། ཐ་སྙད་མཚོན་ཚིག་བློ་ལས ་འདས།། ཀློངས་ཡངས་ཞེས་བྱའི་དཔེ་ཡིས་ནི།། ཞེ་འདོད་རྟེན་མེད་བལྟ་བའི་ཀློང་ཡངས་སོ།། ཡིད་རིག་གང་ལའང་མི་རྟོག་བསྒོམ་པའི་ཀློང་ཡངས་སོ།། སྣ་ཚོགས་ཡུལ་ལ་མ་ཆགས་སྤྱོད་པའི་ཀློང་ཡངས་སོ།། ཀ ་དག་བློ་ལས་འདས་པས་འབྲས་བུའི་ཀློང་ཡངས་སོ།། གཡོ་འགུལ་དྲན་རྟོག་མི་འགྱུ་དགོངས་པའི་ཀློང་ཡངས་སོ།། དབྱེ་བསལ་མེད་པ་ཤེས་རབ་ཀློང་ཡངས་སོ།། བསྲུང་བ་མེད་པས་དམ་ཚིག་ཀློང ་ཡངས་སོ།། བྱ་རྩོལ་མེད་པ་ཕྲིན་ལས་ཀློང་ཡངས་སོ།། སྤྱད་དུ་མེད་པ་ས་ཡི་ཀློང་ཡངས་སོ།། བགྲོད་དུ་མེད་པ་ལམ་གྱི་ཀློང་ཡངས་སོ།། ཆོས་རྣམས་དབྱེར་མེད་སྙིང་པོའི་ཀློང་ཡངས་སོ།། ཐོག་མ་མེད་ནས་ཐ་མ་ད ་ལྷལྟའི་བར།། དངོས་མེད་རྣལ་མར་རྒྱུན་དུ་གནས་པའི་ཕྱིར།། ཀ་དག་འགྱུར་བ་མེད་པའི་རྒྱུད།། རང་བཞིན་དང་དུ་གནས་པའི་ཕྱིར།། ཡེ་ཤེས་རྒྱུན་ཆད་མེད་པའི་རྒྱུད།། ཀ་དག་འགྱུར་བ་མེད་པའི་ཕྱིར།། དུས་གསུམ ་ཀུན་ཏུ་འཕོ་འགྱུར་མེད་པའི་རྒྱུད།། དེ་ཕྱིར་སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་སོ།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང་བའི་བདག་པོ་ལ།། ཐེག་པ་བརྒྱད་ཁྲི་བཞི་སྟོང་གང་དུ་འདུས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྠི་ཏི་ཡོ་གའི་ཐེག་པ ་རུ།། ཐེག་ཆོས་བརྒྱད་ཁྲི་བཞི་སྟོང་འདུས།། མི་འགེག་མི་སྤྱོད་མ་བསྒྱུར་བར།། ཆོས་སྡེ་བརྒྱད་ཁྲི་བཞི་སྟོང་འདུས།། གཟུང་འཛིན་རྟེན་འབྲེལ་ཡུལ་སེམས་དང་།། བདེན་གཉིས་མེད་པས་མཚན་ཉིད ་འདུས།། དག་གསུམ་བློ་འགག་རྩེ་གཉིས་མེད།། ཀྱཻ་ཀླུང་སྡེ་གསུམ་ཐེག་པ་འདུས།། སྣང་སྟོང་དབྱིངས་དང་ཡེ་ཤེས་མེད།། རང་བྱུང་ཡེ་ཤེས་སྣང་བ་འདི།། ཆོས་སླར་འདོད་པ་མེད་པ་ཡིས།། བསྐྲད་རྫོགས་རྣམ ་གསུམ་ཐེག་པ་འདུས།། རིམ་དགུ་སྠི་ཏི་ཡོ་གར་འདུས།། སྣང་སྲིད་ཆོས་རྣམས་ཡོད་མེད་རྟག་ཆད་རྫོགས།། ཞེས་གསུངས་སོ།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། སྠི་ཏི་ཡོ་གའི་ཐེག་པར་བརྒྱད་ཁྲི་བཞི་སྟོང ་རྫོགས་པར་འདུས་པར་བསྟན་པའི་ལེན་རྩེ་བརྒྱ་དགུ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡས།། སྟོན་པ་གསང་བའི་བདག་པོ་ལ།། ཀྲུད་འདིའི་མཚན་ནི་ཇི་སྐར་གཟུང་།། ཞེས་ཞུས་པ་དང་། ་པས་འཁོར་ལ་བཀའ་སྩལ་བ།། ཕུང་བའི་ཀློང་དུ་གདམས་པའི་བརྒྱད།། སྤངས་པའི་སྙིང་པོ་བརྒྱད་སྤངས་སྲུང་།། སྨྲེ་འགག་མེད་པའི་ནམ་མཁའ་ལ།། འཕོ་འགྱུར་གམ་རྩོལ་བྷ་ལས་འདས།། ནམ་མཁའ་གླང་མ ་རྒྱུང་དུ་ཟང་།། ཟག་པའི་བཅུད་རྣམས་འདུས་པའི་བྱེར།། བརྒྱད་འདུས་མོ་གང་ཟང་།། ཞེས་གསུངས་སོ།། ནམ་མཁའ་ཀྱང་ཡངས་ཀྱི་གྱད་ལས། གྱད་ཀྱི་མཚན་བསྟན་པའི་ལེན་རྩེབརྒྱ ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་གསང་བའི་བདག་པོ་ལ།། རྒྱུད་འདི་གཏད་པའི་གནས་ནི་གང་།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆུད་འདི་གཏད་པའི་སྐལ ་ལྡན་ནི།། ནམ་མཁའི་བློ་ལ་ཉི་ཟླའི་སེམས།། དར་དཀར་རྒྱུད་ལ་རི་བོའི་བློ།། རལ་གྲིའི་ཤེས་རབ་རྒྱ་མཚོའི་ཐུགས།། བླ་མ་ལ་གུས་སྙིང་རྗེ་ཆེ།། དམ་ཚིག་གཞུང་བསྲུང་རྣམ་སྨིན་འཛེམ།། ཆགས་པ ་ཆུང་ལ་གཏོང་ཕོད་ཆེ།། མན་ངག་གསང་ཐུབ་སྤྱོད་ལམ་ཡངས།། དེ་ལྟ་བུ་ལ་རྒྱུད་འདི་གཏད།། རྒྱུད་ངན་ང་རྒྱལ་དམ་ཚིག་མེད།། ཆེ་ངག་དགེ་སློང་གྲོགས་མཆེད་བསླུ།། ཁ་གསགས་གཡོ་སྤུ་ཐབས་ཀྱིས་བྲིད།། མི ་འཆང་ཟོང་འཚོང་ལོག་ལྷ་སྐྱེན།། ཁྲེལ་མེད་གཡོ་སྤུའི་འབྲེལ་བ་ལ།། ཡུལ་མངའ་སྟེར་ཡང་མ་སྦྱིན་ཅིག། དེ་ལྟ་བུ་ལ་ཕྱིན་གྱུར་ན། གཉིས་ཀ་དམྱལ་བར་སྐྱེ་བར་འགྱུར། ཞེས་སྣོད་ཀྱི་ཁྱད་པར་གྱི་རིམ་པ་བསྟན་པ་སྟེ། ་ལེའུ་ཉི་ཤུ་པའོ།། །། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་རྫོགས་སོ།། །། ཨུ་རྒྱན་གུ་རུ་པདྨས་བཤད། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྐུར་ཞིང་ཞུས་ནས་གཏན་ལ་ཕབ་པ ་ཁྲི་སྲོང་ལྡེའུ་བཙན་ལ་གཏད། སྤེལ་བའི་གནས་མེད་གཏེར་དུ་སྦས།། གཏེར་རྒྱ། ཟབ་རྒྱ།། སྦས་རྒྱ།། ་