| Wylie | e-texts produced with BDRC’s OCR application |
རྒྱའོ།། ། @#།། རྒྱ་གར་སྐད་དུ། བིན་དུ་ཛྙཱ་ན་སུ་ར་ར་ཤི་ད་རསྨི་ཛ་ལ་ཏནྟྲ། བོད་སྐད་དུ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་བའི་རྒྱུད། དངོས་མེད་ཀུན་གྱི་རྗེ་ལ་ཕྱག་འཚལ ་ལོ།། འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། དབྱིངས་རྣམ་པར་དག་པའི་གནས། སྣང་སྲིད་འཁོར་འདས་སྐྱེ་མེད་དུས་ཀྱི་ཀློང་། འོད་གསལ་འགག་པ་མེད་པའི་མཁའ། རིན་ཆེན་གསལ་དག ་འོད་གསལ་སྒྲིབ་པ་མེད་པའི་གནས། ཀུན་ཁྱབ་ཕྱོགས་མེད་ཀུན་གཞིའི་ཕོ་བྲང་ན།། ཡེ་གསལ་དངོས་མེད་ཀ་དག་ཆོས་སྐུ་བཞུགས།། རང་བྱུང་དང་དངས་འགག་མེད་འཁོར་གྱིས་བསྐོར།། བསྟན་པའི་རྒྱལ་པོ་བྱར ་མེད་བློ་འདས་གསུངས།། དུས་ཀྱི་རྒྱལ་པོ་སྔ་ཕྱི་མེད་པའི་དུས།། སྡུད་པ་པོ་ནི་གསལ་དག་རིན་པོ་ཆེ།། དེ་ནས་གསལ་དག་རིན་ཆེན་དེས་ཞུས་པ།། ཨ་ཏི་བྷ་རང་གྷཱ་ཧ་རི། སྙིང་པོ་ཐིག་ལེ་རང་བཞིན་ཇི་ལྟར ་གནས།། ཡན་ལག་ཡེ་ཤེས་རང་བཞིན་ཇི་ལྟར་ཤར།། བཅུད་སྤུངས་གདམས་ངག་གནད་ཀྱིས་ཇི་ལྟར་རྟོགས།། སྒྲོན་མ་འོད་འབར་དཔེ་ཡིས་ཇི་ལྟར་བསྟན།། བྱར་མེད་བློ་འདས་བསྟན་པ་ཇི་ལྟར་གསུངས།། རྟོགས ་པའི་འཆར་ལུགས་ཇི་ལྟར་འཆར་བར་འགྱུར།། མ་བསྒྲུབས་པར་ནི་འབྲས་བུ་ཇི་ལྟར་ཐོབ།། རིམ་པ་བརྒྱད་ཀྱིས་རྩོལ་བ་མི་འཚལ་ལམ།། ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་བཞི།། དབང་པོ་ཡང་རབ་རྣམས་ལ་དགོས ་མི་དགོས།། བྱ་དང་བཙལ་དང་རྩོལ་སྒྲུབ་མ་བྱས་པར།། དངོས་མེད་ཀ་དག་ཇི་ལྟར་ཐོབ་པར་འགྱུར།། ཞེས་ཞུས་སོ།། སྒྲོན་མ་འབར་བའི་རྒྱུད་ལས། ཕུན་སུམ་ཚོགས་པ་དང་གླེང་གཞིའི་ལེའུ་སྟེ ་དང་པོའོ།། ། དེ་ནས་དངོས་མེད་ཀ་དག་ཆོས་སྐུ་ཡིས།། གསལ་དག་རིན་ཆེན་འཁོར་ལ་འདི་སྐད་གསུངས།། ཀྲ་ར་ཐ་ཀེ་ཛྙཱ་ན་ཟུང་ལ་ཨ་སི་ཐིམ། བྷ་ཡ་ཧྲི་ཏི་ཨ། སྙིང་པོ་ཐིག་ལེའི་རང་བཞིན་ངས ་བཤད་ཀྱིས། གསལ་དག་རིན་ཆེན་ཡིད་ལ་དེ་ལྟར་ཆོངས།། སྙིང་པོ་ཐིག་ལེའི་རང་བཞིན་དངོས་པོ་མེད།། དྲན་རྟོག་བློ་ལས་འདས་པས་མཚོན་དུ་མེད།། འོན་ཀྱང་མ་རྟོགས་པ་ཡི་སེམས་ཅན་ལ།། སྒྲོན་མ་འབར ་བའི་དཔེ་ཡིས་མཚོན་ནས་ནི།། མུན་ཁུང་གསེར་འཚོལ་ལྟ་བུ་བཤད་པར་བྱ།། སྙིང་པོའི་རང་བཞིན་མངོན་དུ་བསྟན་དུ་མེད།། དངོས་མེད་ཀུན་དངོས་ཅད་མེད་ཅིར་ཡང་སྣང་།། གཅིག་ལས་ཀུན་འབྱུང་སྣ་ཚོགས ་གཅིག་འདུས་པ།། ཐ་སྙད་མཚོན་བྲལ་དཔེ་ཟླ་མེད་པའོ།། རྣམ་པ་ཀུན་ལྡན་གང་ཡང་གྲུབ་པ་མེད།། ཐིག་ལེ་ཆེན་པོ་མི་གཡོ་མི་འགྱུར་བ། ཚོགས་རྒྱད་ཡུལ་མིན་བློ་འདས་བྱར་མེད་པའོ།། ཀུན་ཁྱབ ་ཕྱོགས་མེད་གར་ཡང་རྒྱ་མ་ཆད།། ཀ་དག་དངོས་མེད་རྣལ་མ་ཟང་ཀ་དེ།། མཚོན་བྱ་མ་འགགས་མཚོན་གཞི་མི་དམིགས་སོ།། སྣང་ཆ་མ་འགགས་སྣང་གཞི་མ་གྲུབ་བོ།། ཞེས་གསུངས་སོ།། སྙིང་པོ་བསྟན་པའི་ལེའུ་སྟེ། ་གཉིས་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སྐུ་ལ།། ཡན་ལག་ཡེ་ཤེས་ཇི་ལྟར་འཆར།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཐིག་ལེ་མིང ་མེད་བློ་འདས་ཀྱང་།། ཡན་ལག་མ་འགགས་ཡེ་ཤེས་འདི་ལྟར་ཤར།། ཡེ་ནི་ཡེ་ནས་གནས་པའི་རང་བཞིན་ལ།། རྩལ་ཟེར་ཡན་ལག་དང་དངས་རང་བརླག་ཤེས།། དེས་ན་ཡེ་ཤེས་ཞེས་པར་བཤད་པ་ཡིན།། ཨ་ཏི ་ཡོ་གེའི་སྟོང་གསལ་ཁྱབ་གདལ་དེར།། རྩལ་གྱི་ཟེར་དེ་ཐིམ་པས་དབྱེར་མེད་ཤེས།། དེས་ན་དེ་ལ་ཡེ་ཤེས་ཞེས་པར་བཤད།། ཡེ་ནི་དངོས་མེད་ཀ་ནས་དག་པ་སྟེ།། ཤེས་རབ་གསུམ་གྱིས་ཤེས་པས་ཡེ་ཤེས ་ཡིན།། ཡེ་ནི་རང་ལ་ཡེ་ནས་གནས་པ་ཡིན།། ཡེ་ནས་གནས་པར་ཤེས་པས་ཤེས་རབ་བོ།། ཡན་ལག་རྩལ་ཟེར་འགག་མེད་བྱུང་སར་ཐིམ།། དེས་ན་ཡན་ལག་ཡེ་ཤེས་རང་བཞིན་ནོ།། ཞེས་གསུངས་སོ།། སྒྲོན ་མ་འབར་བའི་རྒྱུད་ལས། ཡེ་ཤེས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། ཀ་དག་དངོས་མེད་ཆོས་སྐུ་ལ།། བཅུད་སྤངས་གདམས་ངག་གནད་གང་ཡིན།། ཞེས་ཞུས་པ ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། བཅུད་སྤུངས་མན་ངག་གནད་བསྟན་པ།། ངང་དངས་རིན་ཆེན་ཡིད་ལ་ཆོངས།། བཅུད་ནི་སྙིང་པོ་དོན་གྱི་བཅུད།། སྤུངས་ནི་སྐྱེ་འགག་མེད་པར་སྤུངས།། བཅུད་ནི་ཆོས ་སྐུ་འགྱུར་མེད་བཅུད།། སྤུངས་ནི་རྒྱུ་རྐྱེན་འཕོ་འགྱུར་མེད།། བཅུད་ནི་ཆོས་ཉིད་སྙིང་པོའོ།། སྤངས་ནི་རྩོལ་བསྒྲུབ་མེད་པར་སྤངས།། ཐིག་ལེ་ཡེ་ཤེས་བཅུད་སྤུངས་པས།། མི་འགྱུར་ཡེ་ཤེས་རྒྱ་ཡིས་ཐེབས།། བརྡའ ་ནི་བླ་མའི་སྙན་བརྒྱད་བརྡའ།། ངག་ནི་སློབ་མའི་ངག་ལ་བརྒྱུད།། ཐིག་ལེ་ཡེ་ཤེས་གཉིས་མེད་གནད།། སྙིང་པོ་ཡན་ལག་གཉིས་མེད་གནད།། གསལ་སྟོང་ངོ་འཕྲོད་དབྱེར་མེད་རྟོགས།། ཞེས་གསུངས་སོ།། བཅུད ་སྤུངས་མན་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་རྣལ་མ་ཀུན་བཟང་ལ།། སྒྲོན་མ་འབར་བའི་དཔེ་མཚོན་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར ་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་རང་བཞིན་དཔེ་མེད་ཀྱང་།། དངོས་མེད་བསྟན་ཕྱིར་དཔེ་ཡིས་མཚོན།། དཔེར་ན་མུན་ནག་རྫས་སྟོར་བ།། ལག་ནོམ་གྱིས་བཙལ་མི་རྙེད་དེ།། སྒྲོན་མའི་འོད་གསལ་མུན་རང ་སངས།། རིན་ཆེན་རྫས་སྟོར་མོད་ལ་རྙེད།། དེ་བཞིན་སེམས་ཉིད་ནོར་བུ་ཡང་།། ཐོག་མ་མེད་ནས་བསགས་པ་ཡིས།། སྒྲིབ་གཡོགས་བག་ཆགས་མ་རིག་རྣམས།། ཡེ་ཤེས་འོད་འབར་སྒྲོན་མས ་སངས།། ཟང་ཀ་དང་དངས་ཀ་དག་མཐོང་།། མཐོང་བའི་དངོས་མེད་དངས་སང་ངོ་ངེ།། གཉིས་མེད་གཅིག་གི་བློ་ལས་འདས།། དངོས་མེད་མཚོན་མེད་རྣལ་མ་དེ།། གང་ཡང་མི་སེམས་དགོངས་པ་རྟོགས།། ཀ་དག ་ཟང་མའི་ཆོས་སྐུ་རྙེད།། ངོ་འཕྲད་ཐེ་ཚོམ་སོམ་ཉི་མེད།། ཐོག་མ་ནས་བསགས་མ་རིག་སངས།། འཁོར་བའི་འདམ་གྱི་རྫབ་ནང་ནས།། བསམ་གྲུབ་དང་དངས་རིན་ཆེན་རྙེད།། མྱ་ངན་འདས་པའི་ཞིང་ཁམས ་ན།། རྟོགས་པའི་ཡེ་ཤེས་ལོངས་སྤྱད་དོ།། ཐོག་མ་མེད་ནས་ཐ་མ་རུ།། རང་བཞིན་རྒྱུན་དུ་གནས་པའི་ཕྱིར།། ཡེ་ཤེས་རྒྱུན་ཆད་མེད་པའི་རྒྱུ།། ཞེས་གསུངས་སོ།། སྒྲོན་མ་འབར་བའི་དཔེ་བསྟན་པའི་ལེའུ་སྟེ་ལྔ ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སྐུ་ལ།། བྱར་མེད་བློ་འདས་ཐེག་པ་གང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། དགུ་རྩེ་སྤྱི་ཡིས་སྤྱི་ཏི་བཤད།། གསལ ་དག་རིན་ཆེན་ཡིད་ལ་ཆོངས།། ཐེག་དགུ་ཞེ་འདོད་བློ་ཡི་ཆོས།། དགུ་ལས་དཔག་པའི་སྤྱི་ཕུད་འདི།། བྱར་མེད་ཞེ་འདོད་བློ་ལས་འདས།། ཅང་མེད་དངོས་མེད་དངས་སང་ངོ་ངེ།། སྟོང་གསལ་གདངས་ལ་དངོས་གཞི ་མེད།། ཐ་སྙད་མ་གོས་དཔེ་ལས་འདས།། ཀ་དག་ཡེ་ཤེས་ལྟ་བ་ཡིན།། ཇི་ལྟར་ཞེ་འདོད་ཕྱོགས་དང་བྲལ།། མི་བསྒོམ་རྒྱུན་ཆད་མེད་པར་གནས།། འབྱུང་འཇུག་མེད་པའི་ཀློང་སྒོམ་ཡིན།། བྱར་མེད་ལུས་ངག་ཡིད ་གསུམ་གྱི།། བྱ་བ་དང་བྲལ་ཤུགས་འབྱུང་ལ།། ཞེན་པ་མེད་པ་སྤྱོད་པ་ཡིན།། མི་འགྱུར་རང་ཡན་ཟང་ཀ་མ།། གདོད་མ་ཡེ་ནས་གནས་པ་ཡི།། ཀ་དག་ཆེན་པོའི་འབྲས་བུ་ཡིན།། ཞེ་འདོད་བློ་ཆོས་འདིར་མ ་བཤད།། ཅེས་གསུངས་སོ།། བྱར་མེད་བློ་འདས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་གསལ་དག་ཁྱེའུ་ཆུང་གིས།། དངོས་མེད་ཀ་དག་ཀུན་བཟང་ལ།། རྟོགས་པའི་ཡེ་ཤེས་ཇི་ལྟར་འཆར།། ཞེས་ཞུས ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། གདོད་དག་ཟང་ཀའི་དོན་རྟོགས་ན།། རྟོགས་པའི་ཡེ་ཤེས་འཆར་ལུགས་མང་།། བསྡུས་ནས་མདོ་ཙམ་བསྟན་པ་ནི།། དངོས་མེད་ཟང་ཀ་རྟོགས་ཙམ་ན།། བྱ་བཙལ ་མེད་པའི་རྟོགས་པ་འཆར།། ཞེ་འདོད་རྩིས་གདབ་མེད་པར་གནས།། དབྱེ་བསལ་མེད་པའི་རྟོགས་པ་འཆར།། སྐུ་ཡི་དངོས་པོ་མི་མངའ་བར།། སྟོང་གསུམ་མ་ལུས་ཟིལ་གྱིས་གནོན།། གསུང་གི་དངོས་པོ་ཅིར་ཡང ་མི་མངའ་བར།། བསྟན་པ་མ་ལུས་ཀུན་ལ་རྒྱས།། ཐུགས་ཀྱི་དངོས་པོ་མི་མངའ་བར།། སྣང་སྲིད་འཁོར་འདས་ས་ལེར་མཁྱེན།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི།། བྱེ་བྲག་བསམ་གྱིས་མི་ཁྱབ་འཆར།། ཞེས ་གསུངས་སོ།། རྟོགས་པའི་འཆར་ལུགས་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་གསལ་དག་ཁྱེའུ་ཆུང་གིས།། དངོས་མེད་ཀ་དག་ཀུན་བཟང་ལ།། མ་བསྒྲུབས་འབྲས་བུ་རྫ ་ལྟར་ཐོབ།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་རང་ལ་ཡེ་ཡོད་དོན།། དངོས་མེད་ཟང་ཀ་མཐོང་བ་ཡིས།། མ་བསྒྲུབས་འབྲས་བུ་ཡོངས་སུ་གྲུབ།། ཐེག་པ་གཞན་གྱི་ཆོས་བཞིན ་དུ།། རྩོལ་བསྒྲུབ་འབྲས་བུ་ཡིད་སྨོན་ཡིན།། དེ་བས་བློ་འདས་སྤྱི་ཏི་འདི།། དངོས་མེད་མཚོན་བྲལ་ཡེ་ནས་གནས།། གང་གིས་མ་གོས་ཀ་དག་ཆོས་སྐུ་ཐོབ།། ངང་དངས་རྣལ་མ་གསལ་དངས་ཡང་།། རང་གནས་རང ་སངས་རྒྱས་པ་སྟེ།། གདོད་མ་ཉིད་ནས་རྣམ་པར་དག། ཡེ་ནས་རང་རྟོགས་འདུ་འབྲལ་མེད།། ཅེས་གསུངས་སོ།། མ་བསྒྲུབས་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གསལ་དག་ཁྱེའུ ་གིས།། དངོས་མེད་ཀ་དག་ཆོས་སྐ་ལ།། ཐེག་བརྒྱད་རྩོལ་བ་མི་འཚལ་ལམ།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཅིར་སྣང་སྣ་ཚོགས་གཅིག་རྟོགས་པས།། ཉན་ཐོས ་དཀའ་ཐུབ་སྡོམ་པའི་རྩོལ་མི་དགོས།། རྒྱུ་སྐྱེན་སྐྱེ་འཇིག་འཕོ་འགྱུར་མེད་རྟོགས་པས།། རང་རྒྱལ་རྟེན་འབྲེལ་རྣམ་པར་རིག་བྱེད་མེད།། རང་བྱུང་དང་དངས་ཡུལ་སེམས་གཉིས་མེད་པས།། རང་རིག་རང་གསལ ་སེམས་ཙམ་འདོད་པ་མེད།། ཡིད་གཉིས་རྩད་གཅོད་བདེན་གཉིས་གཉིས་སྣང་མེད།། བྱང་སེམས་ཕར་ཕྱིན་བསླབ་པའི་བསྲུང་སྡོམ་མེད།། ཀ་དག་དངོས་མེད་ཟང་ཀ་འདི་ཡིན་པས།། ཁྲུས་དང་གཙང་སྒྲ་དུས ་ཚིགས་མེད།། རང་རྒྱུད་དག་པའི་དཀྱིལ་འཁོར་ཆེན་པོ་ལ།། ཚུལ་ཁྲིམས་སྔགས་དང་ཕྱག་རྒྱ་སྐྱེ་འགག་མེད།། གཉིས་མེད་ཐིག་ལེ་ཆེན་པོའི་རང་བཞིན་ལས།། མར་སྤྱོད་ཡར་ལ་བལྟ་བའི་རྩེ་གཉིས ་མེད།། ངང་དངས་རང་སངས་རང་སར་གྲོལ་བ་ཡིས།། ཏིང་འཛིན་རྣམ་གསུམ་བསྙེན་བསྒྲུབ་སྣང་སྟོང་མེད།། གང་ལ་མི་སེམས་སྣང་སྲིད་རང་གྲོལ་བས།། དབྱིངས་དང་ཡེ་ཤེས་གཉིས་ཀྱི་ཞེ་འདོད་མེད།། རང་བྱུང ་གདོད་ནས་དངོས་མེད་ཟང་ཀ་བས།། རིག་པ་རང་རྒྱུད་སྣང་བ་ཆོས་སྐུའི་འདོད་པ་མེད།། ང་ཡི་སྐྱེ་མེད་ཀ་དག་ཆོས་སྐུ་ལ།། ཐེག་པ་རིམ་པ་བརྒྱད་ཀྱི་རྩོལ་བསྒྲུབ་མེད།། ཅེས་གསུངས་སོ།། ཐེག་པ་བརྒྱད་ཀྱི་རྩོལ ་བསྒྲུབ་མི་དགོས་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སྐུ་ལ།། ལྷ་སྒོམ་སྤྱོད་པ་འབྲས་བུ་བཞི།། ཡང་རབ་རྣམས་ལ་དགོས་མི་དགོས།། ཞེས ་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཡང་རབ་དབང་པོ་ཐོད་རྒལ་གྱིས།། ཐིག་ལེ་བཅུད་སྤུངས་གནད་གོ་ན།། ལོགས་ནས་འབྱུང་བའི་བལྟ་བསྒོམ་བཞི།། དགོས་པ་ཡོད་པར་མ་གསུངས་སོ།། འོན་ཀྱང ་རབ་འོག་བློ་ཅན་ལ།། ལྷ་སྒོམ་སྤྱོད་འབྲས་བཞི་རུ་བསྟན།། ཀ་དག་ལྟ་བ་བསམ་འདས་སྒོམ་པ་དང་།། རང་སངས་སྤྱོད་པ་གདོད་ནས་འབྲས་བུར་གྲུབ།། ཚིག་བྲལ་བློ་ལས་འདས་པས་ཞེ་འདོད ་མེད།། ཀ་དག་ཕྱོགས་བྲལ་ལྟ་བའི་རྒྱལ་པོ་ཡིན།། སེང་གེ་རྩལ་རྫོགས་བྱ་རྒྱལ་ཁྱུང་དང་འདྲ།། དངོས་མེད་བློ་སྟོར་བསམ་བརླག་འཛིན་མེད་པོ།། གང་ལའང་མི་སེམས་མི་འགྱུ་བསྒོམ་པའི་རྒྱལ།། དཔེར་ན་ཉི་ཟླ་རྒྱ ་མཚོ་ཤེལ་གོང་བཞིན།། རང་དངས་རང་སངས་རང་སར་གྲོལ་བ་ཡིས།། སྣ་ཚོགས་གང་ལའང་ཆགས་མེད་བྱ་བ་ཐོང་།། སྣང་སྲིད་དགྲ་གཉེན་དཀར་དམར་ཡུལ་རྣམས་ལ།། ཆགས་སྡང་མེད་པར་སྤྱོད་པའི་རྒྱལ་པོ ་ཡིན།། གླང་ཆེན་སྨྱོན་པ་བུ་ཆུང་དཔེ་བཞིན་ནོ།། འཕོ་དང་འགྱུར་བ་མེད་པའི་ཀློང་ཡངས་ནས།། སྙིང་པོ་ཀ་དག་སྐྱེ་མེད་ཆོས་སྐུ་རྟོགས།། དངོས་མེད་ཀ་དག་བསམ་འདས་དགོངས་པ་འགྲུབ།། ཡེ་ཤེས་ཀློང་གྱུར ་འབྲས་བུའི་རྒྱལ་པོ་ཡིན།། དཔེར་ན་རིན་ཆེན་རི་བོ་གསེར་བཞིན་ནོ།། ཞེས་གསུངས་སོ།། ལྷ་སྒོམ་སྤྱོད་འབྲས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག ་ཆོས་སྐུ་ལ།། བྱ་བཙལ་རྩོལ་བསྒྲུབ་མི་དགོས་པར།། དངོས་མེད་ཀ་དག་ཇི་ལྟར་འཐོབ།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོའི་རང་བཞིན་བཙལ་བྱ་རྩོལ་བསྒྲུབ་མེད།། གཞི་ཡི་རང ་བཞིན་འཕོ་འགྱུར་སྐྱེ་འགག་མེད།། ཐིག་ལེའི་རང་བཞིན་རྒྱུ་རྐྱེན་རྩོལ་བསྒྲུབ་མེད།། ཆོས་ཉིད་རང་བཞིན་སྒྲིབ་གཡོགས་དྲི་མ་མེད།། རྩལ་གྱི་རང་བཞིན་འགག་མེད་འཛིན་རྟོགས་མེད།། དངོས་མེད་ཀ་དག་མཚོན ་དུ་མེད་ན་ཡང་།། རང་བྱུང་ཡེ་ཤེས་ཀ་དག་མཐོང་ཚུལ་བཤད།། ངང་དངས་གསལ་དག་ཐུགས་ལ་ཆོངས།། དགུ་རྩེ་སྤྱི་ཏིར་རྩོལ་བསྒྲུབ་མི་འཚལ་ཏེ།། བློས་བཅོས་བྱས་ཆོས་ཐམས་ཅད་སུན་ཕྱུང་ཞིག། བདེན་གཉིས ་ཞེ་འདོད་ཐམས་ཅད་ལ་དོར་ཅིག། ཡེ་ནས་ལས་ཟིན་ད་གདོད་བྱ་མི་དགོས།། ཡེ་ནས་གསལ་བས་ལྟ་བས་བལྟ་མི་དགོས།། ཆགས་སྡང་ཡེ་གྲོལ་སངས་རྒྱས་བཤད་མི་དགོས།། དགོས་མེད་ཀ་དག་ཆེན་པོ་རང་ལས ་གྲུབ།། རྩོལ་བསྒྲུབ་བསམ་པས་མི་འགྲུབ་རྟོགས་པས་འགྲུབ།། ཅེས་གསུངས་སོ།། བྱ་བཙལ་མ་བྱས་པར་དངོས་མེད་ཀ་དག་ཐོབ་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གསལ ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཀུན་བཟང་ལ།། གང་ཞུས་ལན་རྣམས་དེ་ལྟར་རྟོགས་ལགས་ན།། དཀྱིལ་འཁོར་ལྷ་དབང་ཕྲིན་ལས་དམ་ཚིག་དང་།། དངོས་གྲུབ་འབྲས་བུ་སྨོན་ལམ་ཇི་ལྟར་ལགས།། ཞེས ་ཞུས་པ་དང་། ཀ་དག་སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་དངོས་མེད་མཚོན་ལས་འདས།། ཡན་ལག་ཡེ་ཤེས་གསལ་ཕྱིར་འཁོར་ལ་བཤད།། སེམས་ཉིད་ཁྱབ་གད་ལ་དཀྱིལ་འཁོར་ཆེན་པོ་ན།། འཁོར ་འདས་ཀུན་འབྱུང་མཁའ་ཀློང་ཡངས་པའི་གནས།། མ་བཅོས་གདོད་དག་ཀུན་གཞིའི་དཀྱིལ་འཁོར་ན།། མ་བསྐྱེད་གདོད་ནས་ཆོས་སྐུ་རྣལ་མ་བཞུགས།། དབྱེར་མེད་གཏི་མུག་རྣམ་པར་སྣང་མཛད ་དང་།། གསལ་ལ་དག་པ་ཞེ་སྡང་རྡོ་རྗེ་དང་།། ང་རྒྱལ་མཉམ་ཉིད་ཡེ་ཤེས་རིན་ཆེན་དང་།། འདོད་ཆགས་ཞེན་པ་ཆོད་པ་པདྨ་དང་།། ཕྲག་དོག་རང་སར་གྲོལ་བ་དོན་གྲུབ་ལྔ།། དུག་ལྔ་མ་སྦྱངས་ཀ་དག་བསྐྱེད་རྫོགས ་ལྷ།། སྤྱན་འདྲེན་ཕྱག་འཚལ་བསྙེན་བསྒྲུབ་ཚོགས་གཏོར་མེད།། དངོས་མེད་ཀ་དག་རང་ལ་ཡེ་གནས་པས།། རང་དབང་རང་ཐོབ་དབང་གི་རྒྱལ་པོ་ཡིན།། སྟོང་ཞིང་གསལ་ལ་དངོས་མེད་དངས་སང་ངོ་ངེ།། བྱ་བྲལ་བློ ་ལས་འདས་པའི་དབང་ཐོབ་པས།། མ་བསྐུར་རང་ཆས་ཀ་ནས་དག་པ་ཐོབ།། བསྐུར་བྱ་སྐུར་བྱེད་རྫས་དང་བུམ་པ་མེད།། སྣ་ཚོགས་འུབ་འདུས་དབྱེ་བསལ་མེད་པའི་དབང་།། རྩིས་གདབ་གཉིས་མེད་ཆོས་སྐུ་རྣལ ་ཐོབ།། ཐིག་ལེ་བཅུད་སྤུངས་ཡང་གསང་འདུས་པའི་དབང་།། སྣང་སྲིད་རྩལ་ཟེར་ཐོབ་བྱུང་ཐིག་ལེར་ཐིམ།། སྙིང་པོ་ཟེར་འཕྲད་དབྱེར་མེད་དབང་བསྐུར་རོ།། མ་ཕྱེད་མི་ཕྱེད་དབང་གི་རྒྱལ་པོ་ཐོབ།། དངོས་གྲུབ ་ཀ་དག་ཡེ་གསལ་བློ་འདས་དེ།། དངོས་མེད་བསམ་བྲལ་རང་ལ་གྲུབ་པ་ལས།། ལྷ་ཡིས་གནང་ཞིང་གཞན་ནས་ཐོབ་པ་མེད།། ཕྲིན་ལས་རྒྱལ་པོ་བྱ་རྩོལ་མེད་པ་ཡིན།། དམ་ཚིག་རྒྱལ་པོ་གདོད་དག་སྐྱོན་བྲལ ་ཡིན།། འབྲས་བུའི་རྒྱལ་པོ་དངོས་མེད་ཟང་ཀ་ཡིན།། སྨོན་ལམ་རྒྱལ་པོ་ཡིད་སྨོན་མེད་པ་ཡིན།། དགོངས་པའི་རྒྱལ་པོ་ཡིད་ལ་བྱར་མེད་ཡིན།། དགོངས་པའི་རྒྱལ་པོ་གཡོ་འགུལ་མེད་པ་ཡིན།། ཞེས་གསུངས ་སོ།། དཀྱིལ་འཁོར་ལྷ་དབང་དམ་ཚིག་ཕྲིན་ལས་དངོས་གྲུབ་འབྲས་བུ་སྨོན་ལམ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཆོས་སྐུ་ལ་ཞུས ་པ།། རྫོགས་ཆེན་སྤྱི་ཏི་ཡོ་ག་རུ།། སྣང་སྲིད་འཁོར་འདས་ཇི་ལྟར་རྫོགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཐིག་ལེ་ཀུན་གཞི་ཁྱབ་གདལ་དུ།། མ་བཀག་རྩལ་ཟེར་ཡན་ལག་བུ ་རྣམས་རྫོགས།། ཡེ་ཐོག་ཁྱབ་གཞི་དངོས་གཞི་མཁའ་ཀློང་དུ།། སྣང་སྲིད་འཁོར་འདས་ཡོད་མེད་རྟག་ཆད་རྫོགས།། སྙིང་པོ་ཡན་ལག་དབྱེར་མེད་གནད་ཆེན་དུ།། ངོ་སྤྱོད་གདམས་ངག་བརྒྱད་ཁྲི་བཞི་སྟོང ་རྫོགས།། ཐིག་ལེ་ཡེ་ཤེས་བཅུད་འདུས་གཉིས་མེད་དུ།། རྩད་གཅོད་རྟོགས་ལུགས་བརྒྱད་ཁྲི་བཞི་སྟོང་རྫོགས།། བྱ་བྲལ་བློ་འདས་མཚོན་མེད་བསམ་བྲལ་དུ།། དགོངས་པ་ཏིང་འཛིན་བརྒྱད་ཁྲི་བཞི་སྟོང ་རྫོགས།། དངོས་མེད་ཀ་དག་མཚོན་མེད་རྣལ་མ་རུ།། འབྲས་བུ་གདོད་དག་ཆོས་སྐུ་མ་ལུས་རྫོགས།། དཀྱིལ་འཁོར་དབང་དམ་ཕྲིན་ལས་མ་ལུས་རྫོགས།། ལྷ་མཆོད་དངོས་གྲུབ་ཚོགས་གཏོར་སྨོན་ལམ ་རྫོགས།། བལྟ་བསྒོམ་སྤྱོད་འབྲས་འདུལ་ཁྲིམས་སྡོམ་པ་རྫོགས།། ཕ་རོལ་ཕྱིན་དྲུག་ལམ་ལྔ་ས་བཅུ་རྫོགས།། ཁྲུས་དང་གཙང་སྒྲ་མཚན་མ་ཡོད་མེད་རྫོགས།། དམ་རྫས་ཏན་གཎ་མ་བསྐྱེད་རྫོགས ་ཚུལ་རྫོགས།། མེད་པ་ཕྱལ་པ་གཅིག་པུ་ལྷུན་གྲུབ་རྫོགས།། དགུ་རྩེ་སྤྱི་ཏིར་བརྒྱད་ཁྲི་བཞི་སྟོང་རྫོགས།། སྣང་སྲིད་འཁོར་འདས་འུབ་ཆུབ་རྫོགས།། རྫོགས་ལུགས་བསྟན་པའི་ལེའུ་སྟེ་བཅུ་གསུམ ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཀུན་བཟང་ལ།། ཐེག་པ་དགུ་རྩེ་སྤྱི་ཏི་ལ།། གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད།། ཅེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ ་པ།། སྤྱི་ཏི་ཡོ་ག་འདི་རྟོགས་ན།། གོལ་སྒྲིབ་འཁྲུལ་པ་གང་ཡང་མེད།། དངོས་མེད་ཀ་དག་རྣལ་མ་རྟོགས།། གོལ་སྒྲིབ་འཁྲུལ་པའི་མིང་ཡང་མེད།། མི་རྟོག་བློ་ལ་གོལ་སྒྲིབ་མེད།། ཅེས་གསུངས་སོ།། སྤྱི་ཏི་རྟོགས ་ན་གོལ་སྒྲིབ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ངང་དངས་ཀྱིས་ཞུས་པ།། གདམས་པའི་གནད་ནི་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དངོས་མེད་སྟོན་པས་བཀའ་སྩལ་པ།། ཤེས་རིག ་ཡིད་སེམས་དྲན་རྟོག་ཅན་གྱི་བློ།། གང་ལའང་འཛིན་མེད་འདི་ཡིན་ཏེ།། སྣང་སྲིད་གང་སྣང་དབྱེ་དང་བཙལ་མེད་པར།། རང་སར་གྲོལ་ན་གནད་ཡིན་ངེས་འཚལ་ལོ།། ཞེས་གསུངས་སོ།། སྒྲོན་མ་འབར་བའི་རྒྱུད ་ལས། གདམས་པའི་གནད་མཆོག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས།། དངོས་མེད་ཀ་དག་ཆོས་སྐུ་ལ།། རྒྱུད་འདིའི་མཚན་ནི་ཇི་ལྟར་གཟུང་།། ཞེས་ཞུས་པས། སྟོན ་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་ཐིག་ལེ་བཅུད་སྤུངས་པས།། ཐིག་ལེ་ཡེ་ཤེས་བཅུད་སྤུངས་རྒྱུད།། མ་རིག་མུན་པ་སེལ་བའི་ཕྱིར།། བཅུད་སྤུངས་སྒྲོན་མའི་རྒྱུད་དུ་ཟུང་།། སྒྲིབ་གཡོགས་བག་ཆགས་སེལ ་བས་ན།། སྒྲོན་མ་འབར་བའི་རྒྱུད་དུ་ཟུང་།། ཐེག་པ་དགུ་ལས་སྤགས་པའི་ཕྱིར།། དགུ་རྩེ་སྤྱི་རྗེའི་ཐེག་པར་ཟུང་།། སྣང་གསལ་འོད་གསལ་སྟོན་པའི་ཕྱིར།། སྒྲོན་མ་གསལ་ཁྱབ་རྒྱུད་དུ་ཟུང་།། སྙིང་པོ་ཐིག་ལེའི་དོན ་བསྡུས་ཕྱིར།། ཡང་གསང་བཅུད་འདུས་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། སྒྲོན་མ་འབར་བའི་རྒྱུད་ལས། མཚན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་གསལ་དག་རིན་ཆེན་གྱིས་ཞུས ་པ།། རྒྱུད་འདི་གང་ཟག་གང་ལ་གཏད།། ཅེས་ཞུས་པ་དང་། སྟོན་པས་གཏད་པའི་གནད་བརྟན་པ།། ལས་འཕྲོ་སྐལ་བར་ལྡན་པ་ནི།། རྒྱུད་བཟང་ཤེས་ཆེ་དམ་ཚིག་བསྲུང་།། རྣམ་སྨིན་ལ་འཛེམ་གཏོང་ཕོད ་ཆེ།། གུས་ལྡན་གསང་ཐུབ་དྲང་ལ་བསྟན།། དེ་ལྟ་བུ་ལ་རྒྱུད་འདི་གཏད།། དཔེར་ན་སེང་གེའི་འོ་མ་ཡང་།། རིན་ཆེན་གསེར་ཟོར་བླུགས་པ་ལས།། སྣོད་ངན་ཕལ་དུ་བླུགས་གྱུར་ཀྱང་།། སྣོད་ཀྱང་ཆགས་ལ་བཅུད ་ཀྱང་འབོ།། དེ་བཞིན་ཐིག་ལེ་བཅུད་སྤུངས་ཀྱང་།། སྣོད་ངན་རྣམས་ལ་གཏེར་གྱུར་ན།། ཆོས་ཀྱང་འཆོལ་ལ་བཀའ་ཆད་འོང་།། ཞེས་གསུངས་སོ།། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར ་བའི་རྒྱུད་ལས། རྒྱུད་གཏད་པའི་གནས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་བའི་རྒྱུད་རྫོགས་སོ།། །། ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས ་དང་། ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ།། ། @#།། རྒྱ་གར་སྐད་དུ། ཨ་མྲྀ་ཏ་ར་ས་བིནྡ་དཱི་པ་ཀུ་ཊ ་