CLOSE WINDOW

Gpb003.011: rin po che bcud kyi yang snying thog tha dras thag gcod pa spros gcod rtsa ba'i rgyud
Wyliee-texts produced with BDRC’s OCR application

བཤད། ཞུ་ཆེན་གྱི་ལོཙྪ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པའོ།། །། @#།། རྒྱ་གར་སྐད་དུ། རཏྣ་ར་ས་ཨ་ཏི་ཧྲྀ་ད་ཡ་ཨཱ་དི་ཨནྟ་རཛྫཙྪེ་ད་པྲ་པཉྩཙྪེ་ད་མཱུ་ལ་ཏནྟ། བོད ་སྐད་དུ། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་ཐ་དྲས་ཐག་གཅོད་པ་སྤྲོས་གཅོད་རྩ་བའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག ་ན། རིན་པོ་ཆེའི་གནས་ཡེ་ཤེས་ཀྱི་ཀློང་། མ་བྲིས་པའི་དཀྱིལ་འཁོར། མཐའ་དབུས་མེད་པའི་གནས་ན། རིན་པོ་ཆེའི་འོད་སྣ་ཚོགས་ཀུན་ཏུ་འབར་བའི་གཞལ་ཡས་ཁང་ན། སྟོན་པའི་རྒྱལ་པོས་བསམ་མེད་བརྗོད ་འདས་དང་།། སྟོན་པའི་རྒྱལ་པོ་མཚན་འདས་དམིགས་མེད་དང་།། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་གསུམ།། འབྱེད་པ་མེད་པའི་ཚུལ་གྱིས་བཞུགས་སོ།། འཁོར་གྱི་ཚོགས་ཀྱང་འདི་ལྟ ་སྟེ།། རྩལ་སྣང་མཚན་ཉིད་ལྟ་བུའི་འཁོར་དང་། ཤུགས་འབྱུང་རིག་པ་བསམ་མི་ཁྱབ་ཀྱི་འཁོར་དང་། ཡིད་སེམས་རྟོག་ཚོགས་བསམ་འདས་ཀྱི་འཁོར་དང་། དེ་གསུམ་རང་བཞིན་གཞིའི་འཁོར་རོ།། གཞན་ཡང ་འཁོར་ཚོགས་འདི་ལྟ་སྟེ། རང་བཞིན་གྱི་འཁོར་དང་། དོན་གྱི་འཁོར་དང་། འདོད་པ་སྐུའི་འཁོར་རོ།། རྒྱུའི་བྱང་ཆུབ་སེམས་དཔའ་དང་། ལམ་གྱི་བྱང་ཆུབ་སེམས་དཔའ་དང་། འབྲས་བུའི་བྱང་ཆུབ་སེམས་དཔའ ་དང་། དེ་ལ་སོགས་ཏེ་ཐབས་ཅིག་དུ་བཞུགས་སོ།། དེ་ནས་རྡོ་རྗེ་སེམས་དཔས་སེམས་ཉིད་ཀུན་བཟང་ལ་འདི་སྐད་ཅེས་གསོལ་ཏོ།། གསུང་གི་སངས་རྒྱས་ཐམས་ཅད་ཀྱིས།། རྒྱུ་ཡི་དོན་རྣམས་མཐར་ཕྱུང་ནས།། རྒྱུ ་དང་རྐྱེན་གྱིས་མ་བསྐྱེད་པའི།། འབྲས་བུའི་ཐེག་པ་མི་གསུང་བར།། ཐུགས་རྗེའི་མཁྱེན་པ་མི་མངའ་འམ།། ངོ་བོའི་སངས་རྒྱས་ཐམས་ཅད་ཀྱིས།། ལམ་གྱི་དོན་རྣམས་མཐར་ཕྱུང་ནས།། བྱར་མེད་འབྲས་བུ་མི་གསུང ་བ།། ཐུགས་རྗེའི་མཁྱེན་པ་ཡལ་ལམ་ཅི།། ཐུགས་ཀྱི་སངས་རྒྱས་ཐམས་ཅད་ཀྱིས།། འབྲས་བུའི་ཐེག་པ་མཐར་ཕྱུང་ནས།། རྒྱུ་འབྲས་འདས་པ་མི་གསུང་བ།། འགག་མེད་ཐུགས་རྗེ་མི་འཆར་རམ།། རིན་ཆེན་ལྟ་བུའི ་སྐལ་ལྡན་ལ།། རྒྱུ་འབྲས་འདས་པའི་གསུང་སྒོ་ཕྱེ།། ཞེས་གསོལ་པ་དང་། དེ་ནས་སེམས་ཉིད་ཀུན་བཟང་གིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། གསུང་གི་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་རང་བཞིན ་ཁྱོད་ཡིན་པས།། མ་འགགས་རྩལ་སྣང་ཡེ་ཤེས་ཤར།། སྐུ་ཡི་སངས་རྒྱས་ཐམས་ཅད་ཀྱི།། ཡེ་ཤེས་འོད་གསལ་ཁྱོད་ཡིན་པས།། ཆོས་རྣམས་བྱང་ཆུབ་སེམས་ལ་སྣང་།། ཐུགས་ཀྱི་སངས་རྒྱས་ཐམས་ཅད་ཀྱི།། མ ་གཡོས་ཡེ་ཤེས་བདེ་ལྡན་པས།། ཡེ་ཤེས་རིན་ཆེན་འོད་དུ་ཤར།། དོན་གཅིག་ཡོན་ཏན་ཀུན་གྱི་བདག། རིན་ཆེན་འོད་འབར་ཐབས་ཀྱི་སྒོ།། ཡང་སྙིང་བཅུད་ཀྱི་དོན་ལྡན་པས།། རྩོལ་མེད་ཡེ་ཤེས་ངོ་སྤྲོད་ཀྱིས།། རིན ་ཆེན་བཅུད་ཀྱི་ཡང་སྙིང་ལ།། ཐ་སྙད་བརྗོད་པའི་ཚིག་བྲལ་ཡང་།། མ་རྟོགས་པ་ལ་མཚོན་པའི་ཕྱིར།། གསུང་གི་བརྗོད་པ་གསལ་བ་ཡིས།། མུན་ཁུངས་གསལ་སྒྲོན་ལྟ་བུར་བཤད།། རང་བཞིན་ངོ་བོ་ཐུགས་རྗེ ་གསུམ།། སྟོན་པ་ཕུན་སུམ་ཚོགས་པར་བཤད།། འདས་དང་མ་བྱོན་ད་ལྟ་གསུམ།། དུས་ནི་ཕུན་སུམ་ཚོགས་པར་བཤད།། ཐམས་ཅད་སྡུད་དང་ཁྱད་པར་འཕགས།། ཁང་བཟངས་སྤྲུལ་པ་བཞུགས་པ ་གསུམ།། གནས་ནི་ཕུན་སུམ་ཚོགས་པར་བཤད།། རང་བཞིན་འབྲེལ་དང་དོན་གྱི་གཅིག། འདོད་པས་བསྡུས་པའི་འཁོར་རྣམས་ནི།། འཁོར་ནི་ཕུན་སུམ་ཚོགས་པར་བཤད།། གཅིག་དང་འབྲེལ་དང་གཏན་ལ ་འབེབས།། མ་ཚང་མེད་དང་དགོས་པ་ཚང་།། རྒྱུད་ནི་ཕུན་སུམ་ཚོགས་པའོ།། རིན་ཆེན་བཅུད་ཀྱི་ཡང་སྙིང་འདི།། ཆོས་རྣམས་མ་ལུས་འདི་རུ་འདུས།། སྣ་ཚོགས་བསམ་ཡས་སེམས་ལ ་འདུས།། སེམས་ཉིད་སྨྲ་བསམ་བརྗོད་འདས་པས།། ཅི་ཡང་མ་ཡིན་བྱང་ཆུབ་སེམས།། རྩིས་གདབ་བློ་དང་བྲལ་བ་ནི།། བལྟ་བ་ཡིན་གྱིས་སྤྲོས་པ་ཆོད།། ཡེ་ཤེས་རྒྱུན་ལ་བར་མ་ཆད།། དོན་ལས་གཞན་དུ་མ་བཀོལ ་བ།། གཡོ་འགུལ་མེད་པའི་དགོངས་པ་ཡིན།། བསྒོམ་པ་ཡིད་ཀྱིས་སྤྲོས་པ་ཆོད།། བྱ་བའི་སྤྱོད་པ་རྣམ་དག་ཅིང་།། བླང་བྱ་དོར་རྒྱུ་མེད་པ་དང་།། བྱར་མེད་གང་ལའང་ཆགས་ཞེན་མེད།། སྤྱོད་པ་ཡིན་གྱིས་སྤྲོས་པ ་ཆོད།། ཡེ་ཤེས་དྲི་མ་མེད་པ་ལ།། རང་ལ་ཡོད་རྟོགས་འདུ་འབྲལ་མེད།། རེ་དོགས་བློ་དང་བྲལ་བ་ནི།། འབྲས་བུ་ཡིན་གྱིས་སྤྲོས་པ་ཆོད།། ཡེ་ཤེས་གང་དུ་རྒྱ་མ་ཆད།། ཐམས་ཅད་འབྱུང་བའི་གཞིར་གྱུར ་པས།། གཞི་མ་ཡིན་གྱིས་སྤྲོས་པ་ཆོད།། ཐམས་ཅད་ཀུན་ཏུ་མ་བསྒྲིབས་པའི།། ཡེ་ཤེས་རང་དུ་སྣང་བ་དེ།། ཡེ་ཤེས་ཡིན་པས་སྤྲོས་པ་ཆོད།། རྟོག་པ་གཞན་གྱིས་གཡོག་ཏུ་མེད།། སྙིང་པོ་ཡིན་གྱིས་སྤྲོས་པ ་ཆོད།། རྟོག་པ་གཞན་ལ་རག་མ་ལས།། བསྒོམ་མེད་ཡིན་གྱིས་སྤྲོས་པ་ཆོད།། འདོད་པའི་དོན་འབྱུང་རིན་པོ་ཆེ།། ཡོན་ཏན་ཡིན་གྱིས་སྤྲོས་པ་ཆོད།། འཁོར་བ་རྩད་བཅད་མྱ་ངན་འདས།། འཁོར་འདས་མེད་ཀྱིས ་སྤྲོས་པ་ཆོད།། རིན་ཆེན་བཅུད་ཀྱི་ཡང་སྙིང་འདི།། རང་སྣང་ཉི་མ་ལྟ་བུར་གསལ།། སྒྲིབ་པ་མེད་ཀྱིས་སྤྲོད་པ་ཆོད།། གསལ་བྱེད་རིན་ཆེན་སྣང་བ་འདི།། མཐའ་ཡས་སེམས་ཅན་ཐམས་ཅད་ལ།། ཁྱབ་པར་གནས ་ཀྱིས་སྤྲོས་པ་ཆོད།། རིན་ཆེན་སྣང་བ་རང་འབར་འདི།། འགྲོ་བའི་བླ་མ་འདས་གྱུར་ཀྱང་།། འགྲོ་བ་མོས་པ་ལ་གནས་ན།། གཏིང་གསལ་མི་གཡོ་རིན་པོ་ཆེ།། རྟོག་མེད་ཡིན་གྱིས་སྤྲོས་པ་ཆོད།། རིན་ཆེན་བཅུད་ཀྱི ་ཡང་སྙིང་འདི།། གཞི་ནི་མ་བཅོས་ལྷུན་གྱིས་གྲུབ།། བསམ་མེད་རང་བཞག་བསྒོམ་མེད་ལ།། བསམ་དུ་མེད་ཀྱིས་སྤྲོས་པ་ཆོད།། བདེ་ཆེན་མི་རྟོག་འགྱུ་བ་བྲལ།། ཡིད་ལ་མི་བྱེད་སྣང་བ་དག། རྩིས་གདབ་མེད་ཀྱིས ་སྤྲོས་པ་ཆོད།། ཡེ་ཤེས་རིན་ཆེན་མ་འགགས་གསལ།། རྩལ་སྣང་ཡིན་གྱིས་སྤྲོས་པ་ཆོད།། དབང་པོ་རབ་སྣང་རྒྱལ་བའི་སེམས།། འགྲོ་བ་ཀུན་ལ་རང་བཞིན་གནས།། མཐོང་བ་ལོག་པ་གཞན་ཡོད་ཀྱང་།། སངས ་རྒྱས་ལོགས་ནས་མི་རྙེད་པས།། རང་སངས་རྒྱས་ཀྱིས་སྤྲོས་པ་ཆོད།། ཆོས་ཉིད་སྐུ་ལ་འགྱུར་བ་མེད།། རང་རིག་བདེ་བ་ཆེན་པོའི་ངང་།། རྒྱུ་ལ་མི་གནས་སྤྲོས་པ་ཆོད།། ཀུན་གྱི་བརྗོད་བྱ་སེམས་ཀྱི་དབྱིངས།། རང ་རང་མོས་པའི་ཤེས་པས་རྟོགས།། སྨོན་པར་འདོད་པ་རེ་ཞིག་གོ།། སྙིང་པོའི་ལམ་ལ་འདོད་པ་བྲལ།། རིག་པའི་རྩ་བ་བཅད་པ་ཡིས།། ཡིད་ལ་མི་བྱེད་རང་བཞིན་གནས།། ཐམས་ཅད་ཅི་སྣང་རང་བཞིན་གྱིས།། རང ་སྣང་ཆེན་པོར་སྤྲོས་པ་ཆོད།། ཡིད་ལ་བྱར་མེད་སྤྲོས་པ་ཆོད།། སེམས་ལ་བཞག་མེད་སྤྲོས་པ་ཆོད།། ཞེ་འདོད་ཀུན་བྲལ་སྤྲོས་པ་ཆོད།། ཅེས་གསུངས་སོ།། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་རྩ་བའི་རྒྱུད ་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་སེམས་ཉིད་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། སངས་རྒྱས་སེམས་ཅན་གཉིས་ཀྱི་གཞི།། ཐོག་མའི ་གནས་ལུགས་ཇི་ལྟར་གནས།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས།། ཐོག་མཐའ་མེད་པའི་བར་དོ་ན།། མ་ཕྱེད་མི་ཕྱེད་སྙིང་པོ་མཉམ་པ་ཉིད།། རང་བཞིན་ཡོངས་ལ་ཁྱབ་པའི་སྟོང་ར ་ན།། ཡེ་ནས་ཡོངས་སུ་བཀོད་པའི་གཞལ་ཡས་ཁང་།། མ་སྐྱེས་མི་འགག་ཆོས་སྐུ་ལྷུན་གྲུབ་དབྱིངས།། མ་མཚོན་མི་མཚོན་མཚོན་མེད་ཆོས་སྐུ་དེ།། སྒྲ་མེད་བརྗོད་མེད་མཚོན་པ་མེད།། བསྟན་མེད་སྟོན་མེད་ཉན་པ ་མེད།། མིང་མེད་བཏགས་མེད་དངོས་པོ་མེད།། བསྒྲུབ་མེད་རྩོལ་མེད་སྨོན་པ་མེད།། བླང་མེད་དོར་མེད་དགག་བསྒྲུབ་མེད།། སྣང་མེད་སྲིད་མེད་སྐྱེ་བ་མེད།། ཡུལ་མེད་སེམས་མེད་དབྱེ་བ་མེད།། བདག་མེད ་གཞན་མེད་གཉིས་སུ་མེད།། དགྲ་མེད་གཉེན་མེད་ཕྱོགས་རིས་མེད།། བདེ་མེད་སྡུག་མེད་གཉིས་ཀ་མེད།། རིག་མེད་འགྱུ་མེད་སེམས་པ་མེད།། དབུས་མེད་མཐའ་མེད་ཕྱོགས་མཚམས་མེད།། གསལ་དང་མི ་གསལ་དབྱེ་རུ་མེད།། ཤེས་མེད་རང་གནས་རྟོག་པ་མེད།། འདི་ཞེས་བསྟན་པར་བྱ་བ་ནི།། ཀུན་ཏུ་བཟང་པོས་མཚོན་བརྗོད་མེད།། མཆོག་ཏུ་གསང་བའི་སྙིང་པོ་ནི།། རྣ་དབང་གཞན་ལས་ཟོས་མི་འགྱུར།། དེ་བཞིན ་ལྕེ་ཡི་དབང་པོས་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། ཚོགས་བདུན་ཡུལ་མིན་སྙིང་པོ་དེ།། ཡོངས་ལ་ཁྱབ་པས་སྙིང་པོ་ཡིན།། ཆགས་མེད་ཅིར་ཡང་སྣང་བ་དེ།། མ་འགགས་རྩལ་གྱི་སྣང་བ་རྣམས།། མ་བཀོལ ་ཆོས་སྐུའི་ཀློང་དུ་ཐིམ།། ཡན་ལག་སྙིང་པོ་དང་ཐིམ་པས།། སྙིང་པོ་ཡན་ལག་འཕྲད་པ་ཡིས།། གཉིས་མེད་ཆོས་སྐུ་ཆེན་པོར་འགྱུར།། མ་རིག་ལོགས་ནས་འགྲུ་སངས་པས།། རིག་མེད་ཆོས་སྐུ་རང་སངས་རྒྱས།། མ ་རིག་འཁྲུལ་སྒོ་སངས་པས་ཡེ་ཤེས་རྒྱས།། གཉིས་འཛིན་རྟེན་མེད་རང་སངས་རྒྱས།། འཛིན་མེད་གདེང་མེད་འགྱུར་མེད་རྒྱས།། བྱ་བའི་ཆ་སངས་བྱར་མེད་རྒྱས།། ཤུགས་ལས་ཐོག་མར་ཡེ་སངས་རྒྱས།། ཐོག་མའི ་སངས་རྒྱས་ཞེས་བྱའོ།། ཞེས་གསུངས་སོ།། རིན་པོ་ཆེའི་བཅུད་ཀྱི་ཡང་སྙིང་རྩ་རྒུད་ལས། ཐོག་མ་གཞིའི་གནས་ལུགས་དང་། ཀུན་བཟང་ཡེ་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས ་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། རང་བཞིན་གཞི་རུ་མཉམ་པ་ན། ཀུན་བཟང་བྱ་བཙལ་མེད་སངས་རྒྱས།། ཁམས་གསུམ་སེམས་ཅན་ཅི་ལྟར་འཁྲུལ།། ཞེས་གསོལ་པ་དང་། ཀུན ་ཏུ་བཟང་པོས་བཀའ་སྩལ་པ།། ཡེ་ནས་ཡོངས་ཁྱབ་ཀུན་གཞིར་བརྗོད།། སྙིང་པོའི་རང་བཞིན་གཡོ་མེད་ལ།། སྣང་ཚུལ་རྒྱ་ཆད་མེད་པ་ཡི།། རྩལ་སྣང་ཟེར་རིག་མ་འགགས་པ།། འགྱུ་ལས་རླུང་གཡོས ་རིག་ཡོད་འགྱུ།། ཟེར་ལས་འོད་ཀྱི་ཚུལ་དུ་ཤར།། ལྡོག་ཐབས་མ་ཤེས་མ་རིག་པ།། གནད་དོན་མ་ཤེས་དོན་མ་རིག། དེ་ཕྱིར་མ་རིག་མུན་པར་གསུངས།། འགྱུ་བ་རླུང་གིས་རྒྱུ་བྱས་ནས།། སྒྲིབ་གཡོགས་མུན་པས ་བར་བཅད་དེ།། མ་རིག་འཁྲུལ་སྒོ་རྐྱེན་དུ་ཤར།། སུས་ཀྱང་བྱས་པ་མ་ཡིན་ཏེ།། ངང་ངམ་ཤུགས་ལས་གཡོས་པ་ཡིས།། ཡིད་ཀྱི་འཁོར་ལོ་གསུམ་དུ་འཁྲུལ།། ངོ་བོ་རང་ས་མ་ཟིན་པར།། རིག་པའི་ངོ་བོ་སྐྱེས་པ ་ཡིས།། ཀུན་ཏུ་འཚོལ་བའི་ཡིད་དུ་འཁྲུལ།། རང་བཞིན་རང་ས་མ་ཟིན་པས།། དེ་ལས་ཡིད་དུ་འགྱུས་པ་ཡིས།། གཏན་ལ་འབེབས་པའི་ཡིད་དུ་འཁྲུལ།། ཐུགས་རྗེས་རང་ས་མ་ཟིན་པར།། དེ་ལས་སེམས་སུ ་བཏགས་པ་ཡིས།། ངེས་པར་འཇོག་པའི་ཡིད་དུ་འཁྲུལ།། འཁོར་ལོ་གསུམ་དུ་འཁྲུལ་པ་ཡིས།། རིག་པའི་གཟུགས་དང་འོད་ཀྱི་གཟུགས།། ཤ་ཡི་གཟུགས་དང་གསུམ་དུ་བྱུང་།། རིག་གཟུགས་བརྟེན་པ་མེད་པ ་ཡིས།། ཡིད་སེམས་ཕྱ་སངས་ཁྱེར་ནས་ནི།། ཕྱོགས་མཚམས་ཀུན་ཏུ་འགྱུ་བ་ཡིས།། མ་ཡིན་ཕ་ཡིན་ཆགས་ཞེན་སྐྱེས།། དེ་ཡིས་མངལ་གྱི་ཁ་སྒོར་ཆུད།། ཕ་རྒྱུད་ཞེ་སྡང་རུས་སུ་སྨིན།། མ་རྒྱུད་འདོད་ཆགས་ཁྲག་ཏུ ་སྨིན།། དུག་གསུམ་རྒྱུ་ལས་ལུས་ངག་ཡིད།། བརྒྱུད་པ་རིམ་འཁྲུལ་འབྲས་བུར་སྨིན།། མེད་པ་གློ་བུར་འཁྲུལ་པ་དང་།། དངོས་པོ་རྐྱེན་སྣང་གསུམ་དུ་འཁྲུལ།། ཕ་མར་སྣང་སྟེ་ཕ་མར་བཏགས།། ཕ་མར་བཟུང་ལ་ཕ། ་མར་ཞེན།། བུ་ཚ་སྣང་བས་བུ་ཚར་བཏགས།། བུ་ཚར་བཟུང་བས་བུ་ཚར་ཞེ་ན།། ཡུལ་དང་ནོར་སྣང་ཡུལ་ནོར་བཏགས།། ཡུལ་ནོར་བཟུང་བས་ཡུལ་ནོར་ཞེ་ན།། སྣང་བཏགས་བཟུང་ཞེན་འཁྲུལ་པ་ལས།། སྣང ་སྲིད་ཐམས་ཅད་དེ་ལས་འཁྲུལ།། མེད་པར་ཡོད་བཟུང་ཡིད་སེམས་ཀྱིས།། རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་།། ཁམས་གསུམ་འགྲོ་དྲུག་དེ་ཡིས་འཁྲུལ།། སྐྱེ་རྒས་ན་འཆིའི་སྡུག་བསྔལ་དང་།། མེད་པ་བཙལ་གྱིས་མ ་རྙེད་སྡུག། ཡོད་པ་ཤོར་གྱིས་དོགས་པའི་སྡུག། སྡང་བའི་དགྲ་དང་འཕྲད་ཀྱིས་དོགས།། བྱམས་པའི་གཉེན་དང་བྲལ་གྱིས་དོགས།། ལུས་ཀྱི་ན་ཚའི་སྡུག་བསྔལ་དང་།། སེམས་ནི་ཞེ་འདོད་སྡུག་བསྔལ་དང་།། སྣང ་བ་ཕྱོགས་རིས་སྡུག་བསྔལ་དང་།། དེ་སོགས་འབུམ་ཕྲག་མང་པོ་རྣམས།། སུས་ཀྱང་མ་ཉེས་རང་ཤུགས་ཡིན།། དཔེར་ན་སྲིན་གྱི་ཁ་ཆུ་དང་།། སྦུར་བ་བལ་དུ་ཟུམ་པ་འདྲ།། རང་ལས་བྱུང་ནས་རང་ཉིད་འཁྲུལ།། ཐོ ་ཡོར་མི་མིན་མི་བཟུང་དང་།། ཟག་པ་སྦྲུལ་མིན་སྦྲུལ་བཟུང་དང་།། སྨིག་རྒྱུ་ཆུ་སྨན་ཆུ་བཟུང་གསུམ།། དཔེ་ཡིས་བསྟན་པ་དེ་བཞིན་དུ།། མེད་པར་ཡོད་བཟུང་འཁྲུལ་པ་ཡིན།། མི་བདེན་བདེན་བཟུང་འཁྲུལ་པ ་ཡིན།། མི་རྟག་རྟག་བཟུང་འཁྲུལ་པ་ཡིན།། དེ་ལ་སོགས་པ་འཁྲུལ་སྣང་སྡུག་བསྔལ་རྣམས།། ལས་དབང་རང་རྐྱེན་ཡིན་མོད་ཀྱི།། གཞི་ལ་མེད་པར་སྤྲོས་པ་ཆོད།། དཔེར་ན་ཧ་ལ་ནག་པོའི་དུག། མ ་ཤེས་ཟོས་པས་འཆི་གྱུར་ཏེ།། དུག་ཏུ་ངོ་ཤེས་ཟ་མི་སྲིད།། ཐབས་དང་སྔགས་ལྡན་དུག་ངོ་ཤེས།། དེ་ཟོས་མི་འཆི་སྨན་དུ་འགྱུར།། དེ་བཞིན་འཁྲུལ་པའི་དུག་ལྔ་རྣམས།། གཞི་ལ་མེད་པར་རྩད་ཆོད་པས།། འཁྲུལ ་མེད་ཡེ་ཤེས་རྣམ་པར་དག། མུན་རུབ་ནམ་ལངས་ཉི་ཤར་བཞིན།། མུན་པ་མ་སངས་འོད་དུ་གསལ།། ཡེ་ཤེས་རིན་ཆེན་ཉི་ཤར་བས།། མ་རིག་འཁྲུལ་པའི་མུན་པ་སངས།། འཁྲུལ་སྣང་མ་སྤངས་འོད་གསལ ་ཤར།། མ་རིག་འཁྲུལ་སྣང་ཐམས་ཅད་སངས།། ཡེ་ཤེས་མཁའ་གསལ་འཁྲུལ་མེད་རྒྱས།། འགྱུར་མེད་སངས་རྒྱས་ཆོས་སྐུར་གྱུར།། སྐྱེ་མེད་དབྱིངས་སུ་མངོན་སངས་རྒྱས།། འཁྲུལ་པ་མ་སྤངས་རྩད་ནས ་ཆོད།། འགྱུར་བ་མེད་པར་རྒྱས་ཐོབ་ལ།། བསམ་མེད་བརྗོད་མེད་དབྱིངས་སུ་སྡོད།། འཁྲུལ་སྣང་ཐམས་ཅད་རྩད་གཅོད་པས།། ཁམས་གསུམ་འཁོར་བ་ཕྱགས་མས་བཏབ།། མྱ་ངན་འདས་པའི་ཞིང་ཁམས ་ལ།། ཐམས་ཅད་སངས་རྒྱས་ཆོས་སྐུར་སྣང་།། ཞེས་གསུངས་སོ།། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་སྤྲོས་གཅོད་རྩ་བའི་རྒྱུད་ལས། སེམས་ཅན་ཇི་ལྟར་འཁྲུལ་པ་དང་། དེའི་རྩད་གཅོད་ཐབས་བསྟན་པའི་ལེའུ་སྟེ་གསུམ ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། སེམས་སྡེ་ཇི་སྙེད་ཡོད་པ་རྣམས།། དེ་ཡི་སྤྲོས་པ་ཇི་ལྟར་བཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ ་པ།། སེམས་སྡེ་སྤྲོས་གཅོད་བསྟན་པ་ལ།། ངོ་བོ་ཅིར་ཡང་གཟུང་མེད་ལ།། མཚན་ཉིད་ཅིར་ཡང་འཆར་བ་ལ།། སྣ་ཚོགས་ངེས་མེད་བསམ་འདས་ཏེ།། མ་བཅོས་མ་བསླད་མ་བསམ་པར།། མཐར་འཛིན་ཅིར་ཡང ་སེམས་པ་མེད།། དེ་བཞིན་ཉིད་དུ་སྤྲོས་པ་ཆོད།། རིན་ཆེན་བཅུད་ཀྱི་ཡང་སྙིང་སྤྲོས་གཅོད་རྩ་བའི་རྒྱུད་ལས། སེམས་ཀྱི་སྤྲོས་པ་གཅོད་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ ་སེམས་དཔས་འདི་སྐད་གསོལ།། ཆོས་སྡེ་ཇི་སྙེད་ཡོད་པ་རྣམས།། དེ་ཡི་སྤྲོས་པ་གང་དུ་བཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། བརྒྱད་ཁྲི་བཞི་སྟོང་ཐེག་པ་རྣམས།། ཆོས་ཀྱི་སྡེ་ཚན་ཐམས ་ཅད་ཀུན།། མཚན་ཉིད་ཅིར་ཡང་མ་ཡིན་པས།། འདི་ཞེས་བསྟན་དུ་མེད་པ་ལ།། བཤད་དུ་མེད་པར་མང་པོར་བཤད།། མང་པོ་མ་ཡིན་བསྟན་དུ་མེད།། འདུས་རྒྱུ་གཅིག་ལས་མེད་པ་ལ།། བཤད་པ་མང་བས་གོལ ་ར་བཤད།། དཔེ་ལ་དོན་ཉིད་མ་ཤོར་ལ།། དོན་ལ་དཔེ་གཉིས་མ་ལུས་ཏེ།། སེམས་ཆོས་གཉིས་སུ་དབྱེར་མེད་བསྟན།། ཆོས་དང་སེམས་སུ་འདྲེས་ཙ་ན།། ཆོས་ཀྱི་རྣམ་གྲངས་ཇི་སྙེད་རྣམས།། ཉན་བཤད་བསམ ་དང་ཤེས་སུ་མེད།། བསྟན་དུ་མེད་པར་སྤྲོས་པ་ཆོད།། རིན་ཆེན་བཅུད་ཀྱི་ཡང་སྙིང་སྒྲོས་གཅོད་རྩ་བའི་རྒྱུད་ལས། ཆོས་སྡེའི་སྤྲོས་པ་གཅོད་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་སེམས་ཉིད་ཀུན ་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། རྒྱུད་སྡེ་ཇི་སྙེད་ཡོད་པ་རྣམས།། དེ་ཡི་སྤྲོས་པ་ཇི་ལྟར་བཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོ་བཀའ་སྩལ་པ།། གཞི་རྒྱུད་ལམ་རྒྱུད་འབྲས་བུའི་རྒྱུད།། དེ ་སོགས་རྒྱུད་སྡེ་ཇི་སྙེད་རྣམས།། སེམས་རྒྱུད་གཉིས་སུ་མེད་པར་འབྲེལ།། རྒྱུད་ཅེས་གཞན་དུ་མ་བཀོད་ལ།། སེམས་ཞེས་གཞན་དུ་མ་བཟུང་བར།། དབྱེ་བསལ་མེད་པར་དབྱེར་མེད་རྒྱུད།། རྩིས་གདབ་མེད་པར ་བསམ་མེད་རྒྱུད།། དགག་བསྒྲུབ་མེད་པར་བྱར་མེད་རྒྱུད།། རྒྱུད་ཀྱི་རྣམ་གྲངས་ཇི་སྙེད་རྣམས།། ཡིད་ལ་བྱར་མེད་སྤྲོས་པ་ཆོད།། སེམས་ལ་བཞག་མེད་སྤྲོས་པ་ཆོད།། བློ་ཡི་མ་བཅོས་སྤྲོས་པ་ཆོད།། རིན་ཆེན ་བཅུད་ཀྱི་ཡང་སྙིང་རྩ་བའི་རྒྱུད་ལས། རྒྱུད་ཀྱི་སྤྲོས་པ་གཅོད་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། དབང་སྡེ་ཇི་སྙེད་ཡོད་པ་རྣམས།། དེ་ཡིས ་སྤྲོས་པ་ཇི་ལྟར་བཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། དབང་བཞི་དབང་ནི་བཅོ་བརྒྱད་དང་།། དབང་སྡེ་ཇི་སྙེད་ཡོད་པ་རྣམས།། ཀུན་གྱི་སྤྱི་བསྡུས་སེམས་ཉིད་དབང་།། དབང་སེམས ་གཉིས་སུ་མེད་པར་འབྲེལ། གཉིས་མེད་གཅིག་ཏུ་འདྲེས་ཙ་ན།། དབང་ནི་ཆོས་སྐུ་སྐྱེ་འཇིག་མེད།། བསྐུར་ནི་འཕོ་འགྱུར་མེད་པར་བསྐུར།། ཐོབ་ནི་འགྱུར་མེད་སྙིང་པོ་ཐོབ།། དབང་ནི་སྣང་སྲིད་སེམས་ལ ་དབང་།། བསྐུར་ནི་དབྱེ་བསལ་མེད་པར་བསྐུར།། ཐོབ་ནི་རྩིས་གདབ་མེད་པར་ཐོབ།། དབང་ནི་དངོས་མེད་བྱང་ཆུབ་སེམས།། བསྐུར་ནི་བསམ་དུ་མེད་པར་བསྐུར།། ཐོབ་ནི་གཡོ་རྩོལ་མེད་པར་ཐོབ།། དབང་ནི ་ལུས་ངག་སེམས་ལ་དབང་།། བསྐུར་ནི་བྱ་བཙལ་མེད་པར་བསྐུར།། ཐོབ་ནི་སྐུ་གསུམ་འགྱུར་མེད་ཐོབ།། དེ་སོགས་དབང་གི་སྡེ་ཚན་རྣམས།། ཡིད་ལ་བྱར་མེད་སྤྲོས་པ་ཆོད།། དབྱེ་བ་མེད་པར་སྤྲོས་པ ་ཆོཚོད།། བསྐུར་རྒྱུ་མེད་པར་སྤྲོས་པ་ཆོད།། རིན་ཆེན་བཅུད་ཀྱི་ཡང་སྙིང་སྤྲོས་གཅོད་རྩ་བའི་རྒྱུད་ལས། དབང་གི་སྤྲོས་པ་གཅོད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་སྟོན་པས་ཀུན་བཟང་ལ།། རྡོ་རྗེ་སེམས ་དཔས་འདི་སྐད་གསོལ།། ཀློང་སྡེ་ཇི་སྙེད་ཡོད་པ་རྣམས།། དེ་ཡི་སྤྲོས་པ་ཇི་ལྟར་བཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཀློང་གི་སྡེ་རྣམས་ཇི་སྙེད་རྣམས།། ཀུན་གཞི་མཁའ་ཀློང་ཡངས ་པར་འདུས།། འཕོ་འགྱུར་མེད་པའི་ཀློང་ཆེན་དུ།། སྐྱེ་འགག་མེད་པར་ཐམས་ཅད་འདུས།། བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ།། སྨྲ་བསམ་བརྗོད་འདས་སྐྱེ་བ་མེད།། ཀ་དག་དབྱིངས་སུ་སྤྲོས་པ་ཆོད།། གང་ཡང་ཡིད་ལ ་བྱར་མེད་པས།། བློ་ལས་འདས་པར་སྤྲོས་པ་ཆོད།། ཆོས་ཉིད་མ་བཅོས་ཀློང་ཆེན་དུ།། སེམས་ལ་བསམ་མེད་སྤྲོས་པ་ཆོད།། ཁ་གཏིང་མེད་པའི་ཀློང་ཆེན་དུ།། རྩིས་འདབ་བྱར་མེད་སྤྲོས་པ ་ཆོད།། སྤྲོས་གཅོད་སྡེ་ལྔ་ཞེས་ནི་དེ་ལ་བྱ།། ཞེས་གསུངས་སོ།། རིན་ཆེན་བཅུད་ཀྱི་ཡང་སྙིང་སྤྲོས་པ་གཅོད་པ་རྩ་བའི་རྒྱུད་ལས། ཀློང་སྡེའི་སྤྲོས་པ་གཅོད་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཀུན་ཏུ་བཟང ་པོ་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། སྤྲོས་གཅོད་སྡེ་ལྔ་དེ་ལྟར་ན།། ལྷ་སྒོམ་སྤྱོད་འབྲས་མན་ངག་སྤྲོས་པ་ཇི་ལྟར་གཅད།། ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ལྟ་བ་བརྒྱད་ཁྲི་བཞི ་སྟོང་རྣམས།། བལྟ་ཡུལ་ལྟ་མཁན་མེད་པ་ཡིས།། བརྟགས་ཞེན་མེད་པར་སྤྲོས་པ་ཆོད།། སྒོམ་པའི་རྣམ་གྲངས་ཇི་སྙེད་པ།། བསྒོམ་ཡུལ་སྒོམ་མཁན་མེད་པ་ཡིས།། ཡིད་ཀྱིས་མ་བཟུང་མ་ཡེངས་པར།། བློ་ཡིས་མ ་བཅོས་མ་བསམ་ཏེ།། དམིགས་མེད་རྟོག་པ་མེད་པ་ཡིས།། འགྱུར་མེད་ཀློང་དུ་སྤྱོད་པ་ཆོད།། སྤྱོད་པ་བྱ་བྱེད་ཐམས་ཅད་ཀུན།། གང་ཡང་བྱ་བ་བཏང་ལ་ནི།། ལུས་ངག་ཡིད་གསུམ་བྱ་བཙལ་མེད།། གང་སྣང་ལུས ་ལ་ཆགས་ཞེན་མེད།། སྒོ་ལྔ་ཅིར་སྣང་སེམས་མི་འཇུག། མ་ཆགས་མ་ཞེན་མེ་ཏོག་བུང་བ་བཞིན།། ཆགས་ཞེན་རྩོལ་བསྒྲུབ་མཐའ་དང་བྲལ།། བྱར་མེད་ཀློང་དུ་སྤྲོས་པ་ཆོད།། འབྲས་བུ་ཇི་སྙེད་ཡོད་པ་རྣམས།། ཡིད ་སྨོན་འབྲས་བུ་ངས་མ་བཤད།། སྙིང་པོའི་ཀློང་ནས་རྟོགས་པའི་ཡེ་ཤེས་ཤར།། གཞི་མོའི་དོན་རྟོགས་རང་སར་རང་ཉིད་ཐིམ།། དབྱེར་མེད་གཅིག་ཏུ་འདྲེས་པས་སྙིང་པོ་ཆོས་སྐུར་གྱུར།། སྐྱེ་མེད་རང་ས་ཟིན་པས་སྙིང ་པོ་ཀློང་ནས་ཤར།། འཁྲུལ་པ་རྩད་ནས་ཆོད་པས་རྣམ་རྟོག་རང་སར་གྲོལ།། བརྗོད་མེད་ཀློང་དུ་གྱུར་པས་སྐྱེ་མེད་རྒྱ་ཡིས་ཐེབས།། སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་དུ་སྤྲོས་པ་ཆོད།། མན་ངག་ཇི་སྙེད་ཡོད་པ ་རྣམས།། དྲན་པ་བཞིར་འགྱུར་ངས་མ་བཤད།། ཞེན་འཛིན་མེད་པའི་མན་ངག་ནི།། སྤྲོས་པའི་མཐའ་ལ་མི་ཞེན་ཏེ།། འཛིན་སེམས་མེད་པར་སྤྲོས་པ་ཆོད།། བདག་འཛིན་མེད་པར་སྤྲོས་པ་ཆོད།། གཟུང་འཛིན་མེད ་པར་སྤྲོས་པ་ཆོད།། དགག་བསྒྲུབ་མེད་པར་སྤྲོས་པ་ཆོད།། དབྱེ་བསལ་མེད་པར་སྤྲོས་པ་ཆོད།། རྩིས་གདབ་མེད་པར་སྤྲོས་པ་ཆོད།། ཡིད་ལ་མ་འགྲུས་སྤྲོས་པ་ཆོད།། རིག་པས་རིག་མེད་སྤྲོས་པ་ཆོད།། བློ་ཡིས་མ ་བཅོས་སྤྲོས་པ་ཆོད།། ཤེས་པས་མ་ཕྱེ་སྤྲོས་པ་ཆོད།། སེམས་ཀྱིས་བསམ་མེད་སྤྲོས་པ་ཆོད།། ལུས་ཀྱིས་བྱར་མེད་སྤྲོས་པ་ཆོད།། ངག་གིས་བརྗོད་མེད་སྤྲོས་པ་ཆོད།། ཡིད་ཀྱིས་གཡོ་མེད་སྤྲོས་པ་ཆོད།། གཡོ་རྩོལ ་མེད་པར་སྤྲོས་པ་ཆོད།། འཕོ་འགྱུར་མེད་པར་སྤྲོས་པ་ཆོད།། སྐྱེ་བ་མེད་པར་སྤྲོས་པ་ཆོད།། འགག་པ་མེད་པར་སྤྲོས་པ་ཆོད།། སྐྱེ་འགག་གཉིས་མེད་སྤྲོས་པ་ཆོད།། དེ་སོགས་ཅིར་སྣང་རྩོལ་བསྒྲུབ་ཀྱི།། མཐའ ་ལས་འདས་པ་སྤྲོས་པ་ཆོད།། དོན་གྱི་སྤྲོས་གཅོད་རྣམ་ལྔར་གསུངས།། ཞེས་གསུངས་སོ།། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་རྩ་བའི་རྒྱུད་ལས། དོན་གྱི་སྤྲོས་གཅོད་བསྟན་པའི་ལེའུ་སྟེ་དགུ ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། རྒྱུད་ཀྱི་མཚན་ནི་ཇི་ལྟར་བཟུང་།། མཚན་མིང་བཏགས་ཐབས་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་འདི་སྐད ་གསུངས།། དགོས་འདོད་མ་ལུས་འབྱུང་བའི་ཕྱིར།། རིན་པོ་ཆེ་ཡི་རྒྱུད་ཡིན་ནོ།། དུས་གསུམ་རྒྱལ་བའི་བཅུད་ཕྱུང་བས།། སེམས་ཉིད་བཅུད་ཀྱི་རྒྱུད་ཡིན་ནོ།། ཆོས་རྣམས་ཀུན་གྱི་ཡང་སྙིང་བསྡུས།། ཡང་སྙིང་ཉིད ་ཁུའི་རྒྱུད་ཡིན་ནོ།། སྡེ་ལྔའི་རྩ་བ་གཅོད་པའི་ཕྱིར།། སྤྲོས་གཅོད་རྩ་བའི་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་སྤྲོས་གཅོད་རྩ་བའི་རྒྱུད་ལས། རྒྱུད་ཀྱི་མཚན་བཏགས་པའི་ལེའུ་སྟེ་བཅུ ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། རིན་ཆེན་བཅུད་ཀྱི་ཡང་སྙིང་མཆོག། སྤྲོས་གཅོད་རྩ་བའི་རྒྱུད་འདི་ནི།། གཏད་རྒྱ་གང་ཟག་གང་ལ་གཏད།། ཅེས་གསོལ་པ ་དང་།། ཀུན་ཏུ་བཟང་པོས་འདི་སྐད་གསུངས།། དཔེར་ན་སེང་གེའི་འོ་མ་ཡང་།། སྣོད་ངན་ཕལ་དུ་བླུགས་གྱུར་ན།། སྣོད་ཀྱང་འཇིག་ལ་བཅུད་ཀྱང་འབོ།། དེ་བཞིན་ཡང་སྙིང་རྩ་རྒྱུད་ཀྱང་།། སྣོད་ངན་ཕལ་ལ་གཏད ་གྱུར་ན།། ཆོས་ཀྱང་འཆོལ་ལ་རང་ཡང་བརླག། རྒྱུད་ངན་སེར་སྣས་བཅིངས་པ་དང་།། ང་རྒྱལ་དྲེགས་པས་ཁེངས་པ་དང་།། མུ་ཅོར་སྨྲ་ཞིང་མཁས་འདོད་དང་།། མན་ངག་བསྒྲུབ་པར་མི་སེམས་པར།། ལག་ཏུ་ཐོབ ་ན་ཟོང་དུ་འཚོང་།། དེ་ལྟ་བུ་ལ་བསྟན་གྱུར་ན།། དུར་ཁྲོད་ངམ་ཤོད་གནས་ཉིད་དུ།། མཁའ་འགྲོ་དམ་ཅན་བཀའ་སྲུང་གིས།། མ་ཤི་བ་ཡི་སྔོན་རོལ་དུ།། ཤ་ཁྲག་རློན་པ་ཟ་བར་བྱེད།། དེ་བས་སྣོད་ངན་མི་བསྟན ་ནོ།། ངང་རྒུད་བཟང་ཞིང་དད་པ་ཆེ།། དམ་ཚིག་གཞུང་བསྲུང་རྣམ་སྨིན་འཛེམ།། སེར་སྣ་ཆུང་ལ་གཏོང་ཕོད་ཆེ།། རིན་ཆེན་སྣོད་ལྡན་དེ་དག་ལ།། ཡང་སྙིང་རྩ་རྒུད་སྤྲོས་གཅོད་གཏད།། མན་ངག་གསང་ཚིག་ཐུབ་པ ་དང་།། སྣོད་དང་ལྡན་པའི་སྐྱེས་བུ་ལ།། ཡང་སྙིང་སྤྲོས་གཅོད་རྩ་རྒྱུད་གཏད།། རིན་ཆེན་ལ་སོགས་འདོད་པའི་ཡོན།། མ་ཆགས་སེར་སྣ་མེད་ལ་གཏད།། ཅེས་གསུངས་སོ།། རིན་ཆེན་བཅུད་ཀྱི་ཡང་སྙིང་རྩ་བའི་རྒྱུད ་ལས། སྣོད་ལྡན་ལ་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་སྤྲོས་གཅོད་རྩ་བའི་རྒྱུད་རྫོགས་སོ།། །། ་