| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རྒྱ་ཚིག་བཀྲོལ་བ། ཨཱ་ལོ་ག་བྷ་བ་ས་པུཊ་མྲྀ་ཏ་སུ་ར་བིནྡ་ས་སཱ་རཱ་དྱནྟ་ཙྪེ་ད་ན་ཏནྟ། བོད་སྐད་དུ། སྣང་སྲིད་ཁ་སྦྱོར་བདུད་རྩི་ཆུ་ཐིག་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། ་བཅོམ་ལྡན་འདས་མཚོན་མེད་བརྗོད་ལས་འདས་པའི། སེམས་ཉིད་སྐྱེ་མེད་ཀུན་བཟང་ཀློང་ལ་ཕྱག་འཚལ་ལོ།། བརྟགས་སྣང་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་གོ་ཞིང་བཤད་པའི་དུས ་གཅིག་ན། འོག་མིན་གྱི་གནས་མཐའ་དང་དབུས་མེད་པའི་གཞལ་ཡས་ཁང་ན། ཆོས་ཉིད་སྟོང་ར་ཀུན་གཞི་གད་ལ་ཁྱབ་ཆེན་པོའི་དཀྱིལ་འཁོར་དེར། རིན་པོ་ཆེ་འོད་སྤྲང་པ་འོད་འཕྲོ་འདུ་དང་འཕེལ་འགྲིབ་མེད ་པའི་གནས་དེ་ན། སྙིང་པོ་དོན་གྱི་སྐུ་གསུམ་འདི་ལྟར་བཞུགས།། བསམ་བརྗོད་སྔོ་ལས་འདས་པའི་མཚོན་མེད་ཆོས་སྐུ་དང་།། འགག་མེད་བསམ་ལས་འདས་པའི་ལོངས་སྤྱོད་རྫོགས་སྐུ་དང་། ཐུགས་རྗེ་ཀུན་ཁྱབ ་དྲན་མེད་སྦྲུལ་སྐུ་གསུམ།། སྟོན་པ་ཕུན་སུམ་ཚོགས་པའོ།། དེ་ཡི་དྲུང་དུ་འཁོད་པའི་འཁོར་ཡང་འདི་ལྟ་སྟེ། དོན་གྱི་འཁོར་དང་། ཡེ་ནས་གནས་པའི་འཁོར་དང་། དུས་གསུམ་གྱི་འཁོར་རོ།། དོན་གྱི་འཁོར་ནི་འདི ་ལྟར་ཏེ། སེམས་ཉིད་སྐྱེ་བ་མེད་པ་ལ། རིག་པ་འགག་པ་མེད་པའི་འཁོར་དང་། ཆོས་ཉིད་འགྱུར་བ་མེད་པ་ལ། ཡིད་འགྱུ་སྣ་ཚོགས་ཀྱི་འཁོར་དང་། སེམས་ཉིད་གཉིས་སུ་མེད་པ་ལ། གཟུང་འཛིན་གཉིས་སྣང ་རྟགས་ཞེན་གྱི་འཁོར་རོ།། ཡེ་ནས་གནས་པའི་འཁོར་ཡང་འདི་ལྟ་ཏེ།། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའོ།། དུས་གསུམ་གྱི་འཁོར་ཡང་འདི་ལྟ་སྟེ། འདས་པའི་སངས་རྒྱས་དང་། མ ་འོངས་པའི་སངས་རྒྱས་དང་། ད་ལྟར་གྱི་སངས་རྒྱས་སོ།། གཞན་ཡང་འཁོར་གྱི་ཚོགས་འདི་ལྟ་སྟེ། རྗེས་ཀྱི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའོ།། ཉིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར ་དང་། རང་བཞིན་གྱི་ལྟ་བའི་འཁོར་དང་། རང་བཞིན་གྱི་རྟོགས་པའི་འཁོར་རོ།། དེ་རྣམས་འཁོར་ཕུན་སུམ་ཚོགས་པའོ།། བསྟན་པའི་དོན་ཡང་འདི་ལྟ་སྟེ། ཡེ་ནས་མཚོན་དུ་མེད་པའི་བསྟན་པ་དང་། དེ་ལ་མཚོན ་པའི་ཆོས་ཀྱི་སངས་མི་རྒྱ་བའི་བསྟན་པ་དང་། མཚན་མ་དང་མཚོན་བྱེད་གཉིས་མེད་དེ་ཚིག་དང་ཡི་གེའི་མིང་བཏགས་ལས་གྲོལ་བའི་བསྟན་པའོ།། དེ་ནི་བསྟན་པ་ཕུན་སུམ་ཚོགས་པའོ།། དུས་བསྟན་པ་ཡང་འདི ་ལྟར་ཏེ། འདས་པའི་རྗེས་མི་བཅད། མ་འོངས་པའི་བདུན་མི་བསུ། ད་ལྷའི་རྐྱེན་ཁར་མ་ཤོར་ཏེ། དུས་གསུམ་དབྱེར་མེད་ཀྱི་དུས་སོ།། སྔོན་བྱུང་རྗེས་འཇུག་གདུང་སོབ་གསུམ་སྟེ། དུས་ཕུན་སུམ་ཚོགས་པའོ།། ་ནས་འཁོར་ཚོགས་དེའི་ནང་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཞུས། ཀྱེ་ཀྱེ་ཀྱེ། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་ལགས།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟ་ན།། ཐོག་མ་གཞི་ཡི་གནས་ལུགས ་དང་།། སངས་རྒྱས་སེམས་ཅན་གཉིས་ཀྱི་ས་མཚམས་དང་།། ཡང་རྒྱས་མར་འཁྲུལ་གཉིས་ཀྱི་བྱེ་བྲག་དང་།། ཅིས་ལེན་ཅིས་ཕན་གཉིས་ཀྱི་གཏན་ཚིགས་དང་།། དེ་ཉིད་རྟོགས་པར་བྱེད་པའི་ཐབས་རྣམས ་དང་།། རྟོགས་ནས་འབྲས་བུ་ཐོབ་ལུགས་དང་།། མི་འགྱུར་གདེང་གིས་ཟིན་ལུགས་དང་། སྤྱི་ཏི་ཡོ་གའི་བསྟན་ལུགས་དང་།། གང་ཟག་རྗེས་འསྡུག་རྣམས་ཀྱིས་རྟོགས་པའི་ཐབས།། དེ་རྣམས་སྟོན་པས་བཀའ་སྩོལ ་ཅིག། བདག་ཅག་ཉན་པའི་འཁོར་རྣམས་ལ།། ཤིན་ཏུ་ཟབ་པར་གསུང་དུ་གསོལ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།། ། ་ཨ[]།། དེ་ནས་འཁོར་ནང་ནས་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ནས། པུས་བཙུགས་ཐལ་སྦྱར་འདི་སྐད་གསོལ།། བཀའ་ཆེན་བཤད་ལུགས་ཅི་ལྟར་ལགས།། སེམས་ཉིད་ཀུན་བཟང་གསུང་དུ ་གསོལ།། ཞེས་གསོལ་པ་དང་། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་གིས།། འདུས་པའི་ཚོགས་ལ་བསྟན་པའི་ཕྱིར།། རིན་ཆེན་འོད་འབར་གཞལ་ཡས་ཁང་།། དབྱིངས་ཆེན་ཆོས་ཉིད་སྟོང་ར་རུ། ཆོས་ཐམས ་ཅད་དབྱེ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་འདུས་པའི་ཚོགས་རྣམས་དྲུང་ན་འཁོད་པར་གཟིགས་ནས།། ཏིང་ངེ་འཛིན་ལས་བཞེངས་ནས། འདི་སྐད་ཅེས་འཁོར་རྣམས་ལ་བཀའ་གླལ ་ཏོ།། ང་ཡི་སྠི་ཏི་ཡོ་ག་འདི།། འདུས་པའི་འཁོར་ལ་བཤད་བགྱི་ཡིས།། འཁོར་རྣམས་མ་ཡེངས་གོ་བར་ཟུང་།། སྠི་ཏི་ཡོ་ག་བཤད་ལུགས་འདི།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། མ་བྱུང་མི་འབྱུང ་འབྱུང་མི་སྲིད།། བཀའ་ཆེན་བཤད་ལུགས་གསུམ་དུ་བཤད།། སྐྱེ་མེད་མཚན་མེད་བཤད་པ་དང་།། བླ་དགས་ཚིག་གིས་བཤད་ལུགས་དང་།། མཚོན་པའི་བརྡ་གྲོལ་བཤད་ལུགས་སོ།། ཐུན་མོངས་བཤད་ལུགས ་རྣམ་གསུམ་ནི།། བྱིན་གྱིས་བརླབས་ཀྱིས་བཤད་པ་དང་།། རང་གི་ངོ་བོས་བཤད་པ་དང་།། སྡེབ་སྦྱོར་གྱིས་བཤད་ལུགས་དང་གསུམ་མོ།། སྠི་ཏིའི་བཤད་ལུགས་རྣམ་གསུམ་ནི།། སྐྱེ་མེད་ཆོས་སྐུའི་བཤད་ལུགས ་དང་། འགག་མེད་ལོངས་སྐུའི་བཤད་ལུགས་དང་།། ཐུགས་རྗེ་སྦྲུལ་སྐུའི་བཤད་ལུགས་སོ།། ཕྱི་བས་སུམ་ཅུ་དགུ་ཡིན་ཏེ།། སྤྱི་སྡོམ་སུམ་ཅུར་ཤེས་པར་བྱ།། སྐྱེ་མེད་མཚོན་མེད་བཤད་ལུགས་ནི།། མཚོན་པའི་ཆོས ་ཀྱིས་སངས་མི་རྒྱ།། མཚོན་དུ་མེད་པའི་ཆོས་གཅིག་དགོས།། བཤད་པའི་ཆོས་ཀྱིས་སངས་མི་རྒྱ།། མ་བཤད་གོ་བའི་ཆོས་གཅིག་དགོས།། བསྟན་དུ་ཡོད་པས་སངས་མི་རྒྱ།། མ་བསྟན་བསྟན་མེད་ཆོས་ཤིག། ་དགོས།། བརྟགས་པའི་ཆོས་ཀྱིས་སངས་མི་རྒྱ།། བརྟགས་སྣང་གྲོལ་བའི་ཆོས་ཤིག་དགོས།། བློས་བརྟགས་ཆོས་ཀྱིས་སངས་མི་རྒྱ།། བློ་ལས་འདས་པའི་ཆོས་ཤིག་དགོས།། བྱས་པའི་ཆོས་ཀྱིས་སངས་མི་རྒྱ།། མ ་བྱས་བྱུང་བའི་ཆོས་ཤིག་དགོས།། བསྒྲུབ་པའི་ཆོས་ཀྱིས་སངས་མི་རྒྱ།། བྱར་མེད་སྤྲོས་བྲལ་ཆོས་ཤིག་དགོས།། དེ་ནི་སྐྱེ་མེད་མཚོན་མེད་བཤད་ལུགས་སོ།། བླ་དགས་ཚིག་གི་བཤད་ལུགས་ནི།། མཚན་ཉིད་སྡེ ་གསུམ་བཤད་ལུགས་དང་།། ཀྲི་ཡོག་སྡེ་གསུམ་བཤད་ལུགས་དང་།། བསྐྱེད་རྫོགས་རྣམ་གསུམ་བཤད་ལུགས་སོ།། ཡང་ན་རྒྱུ་ཡིས་བཤད་ལུགས་རྣམས།། འདི་རུ་བརྗོད་པས་མི་ལངས་ཏེ།། རང་རང་དཀྱུས་ནས ་ཞིབ་པར་གསུངས།། བླ་དགས་ཚིག་གི་བཤད་ལུགས་སོ།། མཚན་པའི་བརྡ་འགྲོལ་བཤད་ལུགས་སོ།། ཨཱ་ཧོ་ཧེ་ཧེ་ཨ་ལ་ལ་ཧོ། ཤིན་ཏུ་ངོ་མཚར་ཆེ་བའི་བཀའ།། སྠི་ཏི་ཡོ་ག་འདི་ལྟ་བུ།། གཞན་ན་མེད་དེ་ཨ་ལ ་ལ།། ང་ཡི་རང་བཞིན་འདི་ལྟར་ཏེ།། ཡོད་ནི་ཅི་ཡང་མེད་པ་སྟེ།། སྣང་ནི་ཅིར་ཡང་སྣང་བའོ།། དངོས་པོ་ཅི་ཡང་མེད་པ་སྟེ།། སྣ་ཚོགས་ཀུན་གྱི་གཞི་མ་བྱས།། མཚོན་དུ་རྡུལ་ཙམ་མེད་པ་སྟེ།། མཚོན་པ་སྣ་ཚོགས་རྩ ་བ་བྱས།། ཚིག་གི་ཡུལ་དུ་མ་གྱུར་ཏེ།། ཚིགས་ཚོགས་རྒྱ་མཚོའི་རྩ་བ་བྱས།། ངོས་ཟིན་རྟག་པ་མེད་པ་སྟེ།། བརྟགས་སྣང་ཀུན་གྱི་རྩ་བ་བྱས།། ཆགས་ཞེན་རྟེན་ས་མེད་པ་སྟེ།། ཆགས་ཞེ་ན་ཀུན་གྱི་རྩ་བ་བྱས།། བརྗོད ་པའི་ཡུལ་དུ་མ་གྱུར་ཏེ།། མིང་ཚིག་བརྗོད་བཞི་ཀུན་གྱི་རྩ་བ་བྱས།། ཐ་སྙད་གང་གིས་མ་གོས་ཏེ།། ཐ་སྙད་ཀུན་གྱི་རྩ་བ་བྱས།། སྐྱེ་ཤི་ཀུན་བྲལ་སྐྱེ་བ་སྟེ།། སྐྱེ་རྒ་ན་འཆིའི་གཞི་མ་བྱས།། བསྐྱེད་པ་ཀུན་དང་བྲལ་བ ་སྟེ།། ཐམས་ཅད་བསྐྱེད་པའི་གཞི་མ་བྱས།། འབྱུང་བའི་གཞི་མ་མ་གྲུབ་སྟེ།། སྣང་སྲིད་སྐྱེ་འགུལ་འབྱུང་བའི་ཡུམ་ཆེན་བྱས།། ཕྱོགས་མཚམས་མཐའ་དབུས་ཀུན་དང་བྲལ་བ་སྟེ།། མཐའ་དབུས་ཕྱོགས ་མཚམས་ཀུན་གྱིས་རྟེན་པ་བྱས།། དེ་ལ་སོགས་ཏེ་དབྱེ་ན་བསམ་ལས་འདས།། མནོ་བསམ་ཀུན་གྱི་རྩ་བ་བྱས།། བྱས་ཀྱང་དོན་གྱི་ངོ་བོ་འདི་ལྟར་སྟེ།། ཚོགས་བརྒྱད་ཡུལ་དུ་མ་གྱུར་སྙིང་པོ་ཅན།། རང་བཞིན་མི ་དམིགས་བརྗོད་པ་ཀུན་དང་བྲལ།། གང་གིས་ཀྱང་ནི་མཚོན་པར་མི་ནུས་སོ།། རིན་ཆེན་འོད་འབར་རང་བཞིན་འདི་ལྟར་སྟེ།། མཚོན་དུ་ཅི་ཡང་མེད་པ་ཏེ།། བསྟན་ནི་རྣམ་པ་གཉིས་སུ་བསྟན།། བྱུང་ནི་བརྒྱད་ཁྲི་བཞི ་སྟོང་བྱུང་།། འདུས་ནི་ཐེག་པ་དགུ་རུ་འདུས།། ལ་ནི་སྠི་ཏི་ཡོ་གར་བཟླ།། ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ།། གནས་ནི་སྐྱེ་མེད་དབྱིངས་ན་གནས།། གསལ་ནི་འོད་ཀྱི་སྦུབས་ན་གསལ།། ཁྱབ་ནི་སྣང་སྲིད་ཀུན་ཏུ ་ཁྱབ།། མཐོང་དུ་དངོས་པོ་མཚན་མ་མེད།། བརྗོད་དུ་དམིགས་པའི་ཡུལ་ལས་འདས།། བསམ་དུ་བློ་ཡིས་ཡུལ་ལས་འདས།། རིག་དང་རིག་ཚོར་རྩད་ནས་བཅད།། དྲན་དུ་སེམས་ཀྱི་གཞི་མ་རྙེད།། དེས་ན་མཚོན ་བརྟགས་ཀུན་བྲལ་ལོ།། མཚོན་པ་ཀུན་བྲལ་བཤད་ལུགས་སོ།། སྐྱེ་མེད་དོན་གྱི་བཤད་ལུགས་ནི།། ཆོས་རྣམས་སྐྱེ་མེད་དབྱིངས་སུ་བཤད།། འགྱུར་མེད་ཆོས་སྐུའི་ངོ་བོར་བསྟན།། བརྗོད་མེད་ཀློང་དུ་བསྟིམ་ནས ་བཞག། ལོངས་སྤྱོད་རྫོགས་སྐུའི་བཤད་ལུགས་ནི།། ཆོས་རྣམས་འགག་པ་མེད་པར་བསྟན།། གད་ལ་ཁྱབ་འགག་མེད་ལོངས་སྐུའོ།། ལོངས་སྤྱོད་རྫོགས་སྐུའི་བཤད་ལུགས་སོ།། ཐུགས་རྗེས་སྦྲུལ་སྐུའི་བཤད་ལུགས ་ནི།། སྣང་སྲིད་གཉིས་མེད་སྤྲུལ་པའི་སྐུ།། སྣ་ཚོགས་སྣང་ལ་ངེས་བཟུང་མེད།། གང་སྣང་ཡུལ་ལ་ཆགས་ཞེན་མེད།། དྲན་མེད་སྦྲུལ་སྐུའི་བཤད་ལུགས་སོ།། བྱིན་གྱིས་བརླབས་ཀྱིས་བཤད་ལུགས་ནི།། ཡེ་ཐོག་ཡེ ་གནས་དབྱིངས་ནས་དབྱེར་མེད་བསྟན་པ་བཤད།། སྙིང་པོའི་ཀློང་ནས་ཀུན་ཏུ་བཟང་པོས་མཉན།། སྙིང་པོའི་ཀློང་ནས་ཀུན་ཏུ་བཟང་པོས་བཤད།། ཕྱོགས་མེད་ཀུན་གཞིའི་གནས་ནས་རྡོ་རྗེ་སེམས་དཔས ་མཉན།། རྡོ་རྗེ་སེམས་དཔས་ཀུན་གཞིའི་ཀློང་ནས་བཤད།། སེམས་དཔའ་རྡོ་རྗེས་འོད་གསལ་གནས་ནས་མཉན།། སེམས་དཔའ་རྡོ་རྗེས་འོད་གསལ་གནས་ནས་བཤད།། རང་གསལ་ཁྱེའུ་ཆུང་གིས་འོད་ཀྱི་དབུས ་ནས་མཉན།། རང་གསལ་ཁྱེའུ་ཆུང་གིས་འོད་ཀྱི་དབུས་ནས་བཤད།། ངང་དངས་ཆེན་པོས་ཀུན་གསལ་གནས་ནས་མཉན།། ངང་དངས་ཆེན་པོས་ཀུན་གསལ་ཀློང་ནས་བཤད།། དགའ་རབ་རྡོ་རྗེས་རི་རབ་རྩེ་ནས ་མཉན།། དགའ་རབ་རྡོ་རྗེས་རི་རབ་རྩེ་ནས་བཤད།། འབླམ་དཔལ་བཤེས་གཉེན་རི་རབ་སྐེད་ནས་མཉན།། བསྟན་པས་གོ་བ་མ་ཡིན་ཏེ།། བྱིན་གྱི་རླབས་ཀྱིས་གོ་བར་བཤད།། བྱིན་གྱི་བརླབས་ཀྱིས་བཤད་ལུགས ་སོ།། རང་གི་ངོ་བོས་བཤད་པ་ནི།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ།། སྟོན་པ་ས་ཡི་སྐུར་བྱུང་ནས།། ཚིག་དང་ཡི་གེར་མི་སྟོན་ཏེ།། བདག་ཏུ་མི་རྟོགས་གཞན་མི་རྟོགས།། མི་རྟོགས་མཉམ་པའི་དགོངས ་པར་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ།། སྟོན་པ་ཆུ་ཡི་སྐུར་བསྟན་ནས།། ཚིག ་དང་ཡི་གེར་མི་སྟོན་ཏེ།། བདག་ཏུ་མི་འབྱེད་གཞན་མི་འབྱེད།། མི་འབྱེད་མཉམ་པའི་དགོངས་པ་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས ་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ།། སྟོན་པ་མེ་ཡི་སྐུར་བྱུང་ནས།། བདག་ཏུ་མི་འཛིན་གཞན་མི་འཛིན།། གཟུང་འཛིན་གཉིས་མེད་དགོངས་པ་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད ་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ།། སྟོན་པ་རླུང་གི་སྐུར་བྱུང་ནས།། བདག་ཏུ་མི་བསྒྲུབ་གཞན་མི་སྤང་།། དགག་བསྒྲུབ ་གཉིས་མེད་དགོངས་པ་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད།། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ།། སྟོན་པ་ནམ ་མཁའི་སྐུར་བྱུང་ནས།། བཟང་པོ་མི་བསྒྲུབ་ངན་མི་འདོར།། དབྱེ་བསལ་མེད་པའི་དགོངས་པ་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས ་དབྱིངས་མི་བསྐྱོད།། དེ་བཞིན་སྣང་སྲིད་ཐམས་ཅད་ཀྱིས།། ཚིག་དང་ཡི་གེར་མི་སྟོན་ཏེ།། རང་རང་སྒོ་ནས་དབྱེར་མེད་ཆོས་སྟོན་ཏོ།། རང་གི་ངོ་བོས་བཤད་ལུགས་སོ།། སྡེབ་སྦྱོར་ཚིག་གི་བཤད་ལུགས་ནི།། སྙན ་ནས་སྙན་དུ་བརྒྱུད་ནས་བསྟན།། དེ་རྣམས་སྠི་ཏིའི་བཤད་ལུགས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་ཐིགས་པ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གླེང་བསླང་བཤད་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ ་ནས་ཡང་སེམས་ཉིད་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། སངས་རྒྱས་སེམས་ཅན་མ་བྱུང་བ།། དེ་ཡི་གོང་ནས་སྡེ་ལྟར་གནས།། འདུས་པའི་འཁོར་ལ་གསུང་དུ་གསོལ།། ཞེས་གསོལ་པ་དང་།། ་སེམས་ཉིད་ཀུན་ཏུ་བཟང་པོ་དེས།། རིན་ཆེན་འོད་སྤུངས་གཞལ་ཡས་ནས།། དབྱེ་བསལ་མེད་པའི་ཏིང་ངེ་འཛིན་ལ་བཞུགས།། འདུས་པའི་ཚོགས་རྣམས་འཁོད་པར་གཟིགས།། བཞེངས་ནས་སྟོན་པ་ཀུན་བཟང ་གིས།། འདུས་པའི་འཁོར་ལ་འདི་སྐད་གསུངས།། སངས་རྒྱས་སེམས་ཅན་མེད་པའི་སྔོན་རོལ་ན།། ཅི་ཡང་མ་ཡིན་ཅི་ཡང་མ་གྲུབ་པ།། ཐ་སྙད་གང་གིས་མཚོན་པར་མི་ནུས་སོ།། མིང་འདོགས་ཚིག་གི་མཐའ་ལས ་གྲོལ་བ་ཡིན།། ཐོག་མ་གཞི་ལ་དབྱེར་མེད་པས།། སངས་རྒྱས་སེམས་ཅན་མིང་ཡང་མེད།། བརྡ་དང་ཐ་སྙད་འདོགས་མཁན་མེད།། དཔེ་དང་དོན་དུ་སྟོན་མཁན་མེད།། ཚིག་དང་ཡི་གེར་འདོགས ་མཁན་མེད།། བདེ་སྡུག་གཉིས་སུ་མྱོང་མཁན་མེད།། རྒྱུ་འབྲས་གཉིས་སུ་འདོགས་མཁན་མེད།། བདག་གཞན་གཉིས་སུ་འབྱེད་མཁན་མེད།། སངས་རྒྱས་སེམས་ཅན་གཉིས་མེད་གྲུབ་ཙ་ན།། ཅིར་ཡང་མ་ཡིན་ངོ ་བོཔོར་གནས།། ཅི་ཡང་མི་སྣང་ངོ་བོར་གནས།། མཚོན་པ་བླ་དྭགས་ཚིག་ལས་གྲོལ།། བསམ་བརྗོད་བློ་ཡིས་ཡུལ་ལས་འདས་པ་ཡིན།། ཇི་ལྟ་བུས་ཀྱང་བརྗོད་མཚན་མཐའ་ལས་འདས།། དེ་ཕྱིར་གཞི་ལ་བྱེར་མེད ་ཕྱིར།། བརྟགས་ཞེན་ཀུན་ལས་བྲལ་བར་གསུངས།། མཚོན་པའི་མཐའ་ལས་འདས་པར་གསུངས།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། སྟོན་པ་སེམས་ཉིད་ཀུན་བཟང་ལ།། ཀུན་གཞིའི་གནས་ལུགས་ཇི་ལྟར ་ལགས།། ཞེས་གསོལ་བ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། བང་མཛོད་ཞིང་ས་དར་ཆགས་གསུམ།། གཞི་ཡི་དཔེ་རུ་ཤེས་པར་བྱ།། སངས་རྒྱས་སེམས་ཅན་གཞི་མོ་ཡང་།། འཁོར་བ་རུ་ཡང་རྒྱ ་མ་ཆད།། མྱ་ངན་འདས་པར་རྒྱ་མ་ཆད།། གཉིས་མེད་དུ་ཡང་རྒྱ་མ་ཆད།། ཐ་དད་དུ་ཡང་རྒྱ་མ་ཆད།། ཡོད་མ་མྱོང་ལ་མེད་མ་མྱོང་།། སྟོང་མ་མྱོང་ལ་གསལ་མ་མྱོང་།། བདེ་མ་མྱོང་ལ་སྡུག་མ་མྱོང་།། སྣང་མ་མྱོང་ལ ་སྟོང་མ་མྱོང་།། ཡིན་མ་མྱོང་ལ་མིན་མ་མྱོང་།། སྟོར་མ་མྱོང་ལ་རྙེད་མ་མྱོང་།། གང་མ་མྱོང་ལ་ལུད་མ་མྱོང་།། པོ་མ་མྱོང་ལ་ཟད་མ་མྱོང་།། འདོད་མ་མྱོང་ལ་རྩོལ་མ་མྱོང་།། ཞེན་མ་མྱོང་ལ་ཆགས་མ་མྱོང་།། ངན་མ་མྱོང ་ལ་སྤང་མ་མྱོང་།། བཟང་མ་མྱོང་ལ་བསྒྲུབས་མ་མྱོང་།། བསྒོམས་མ་མྱོང་འཇོགས་མ་མྱོང་།། གཟུང་མ་མྱོང་ལ་འཛིན་མ་མྱོང་།། འཁྲུལ་མ་མྱོང་ལ་སྒྲིབ་མ་མྱོང་།། རྟོགས་མ་མྱོང་ལ་རྒྱས་མ་མྱོང་།། གཉིས་སུ་རྒྱ་ཆད ་མེད་པ་ཡིན།། གཅིག་ཏུ་བསྡུ་མ་མྱོང་བ་ཡིན།། རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིགས་པར།། ངོ་བོ་མི་འགྱུར་རང་བཞིན་མི་དམིགས་པས།། སྐྱེ་འཇིག་གང་དུ་རྒྱ་ཆད་མེད་པ་ཡིན།། མཚོན་མེད་ཚིག་གིས་སྟོན་པ ་མེད།། ཆོས་མེད་སྟོན་མེད་ཉན་པ་མེད།། སྨྲར་མེད་ཚིག་མེད་བརྗོད་པ་མེད།། བདེ་མེད་སྡུག་མེད་སྐྱིད་པ་མེད།། བཟང་མེད་ངན་མེད་གཉིས་ཀ་མེད།། དབུས་མེད་མཐའ་མེད་ཕྱོགས་མཚམས་མེད།། སངས་མེད ་ཆུབ་མེད་སེམས་ཅན་མེད།། རིགས་མེད་ཡིད་མེད་སེམས་མེད་བཏགས་པ་མེད།། གནས་མེད་ཆགས་མེད་ཞེན་མེད་བཟུང་བ་མེད།། ཅི་ཡང་མཚོན་དུ་མ་བཏུབ་པོ།། རྟོགས་ཚོགས་བརྟག་པའི་ཚིག་ལས་གྲོལ།། རྣམ ་པ་ཅི་ཡང་མི་འབྱེད། སེམས་ཉིད་བརྗོད་མེད་ཀློང་།། ཀུན་གཞིའི་གནས་ལུགས་དེ་ལྟར་རོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།། ཀུན་གཞིའི་གནས ་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་ལ། སྡུད་པའི་རྡོ་རྗེ་སེམས་དཔའ་ཡིས།། སངས་རྒྱས་སེམས་ཅན་གཉིས་ཀྱི་སོ་མཚམས་དང་།། ཡར ་རྒྱས་མ་འཁྲུལ་གཉིས་ཀྱི་བྱེ་བྲག་རྣམས།། ཤིན་ཏུ་ཟབ་པར་གསུང་དུ་གསོལ།། ཞེས་གསོལ་པ་དང་། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་དེ། རིན་པོ་ཆེ་འོད་ཁ་སྦྱོར་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་བཞུགས ་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས།། ཁྱེད་ཀྱིས་དྲིས་པའི་དོན་རྣམས་བཤད།། འཁོར་རྣམས་མ་ཡེངས་ཡིད་ལ་ཟུང་།། སེམས་ཅན་སངས་རྒྱས་སོ་མཚམས་ནི།། རིག་དང་མ་རིག་སོ་མཚམས་དང་།། འགྱུ ་དང་མི་འགྱུའི་སོ་མཚམས་དང་།། བརྟགས་དང་མ་བརྟགས་སོ་མཚམས་དང་།། ཟིན་དང་མ་ཟིན་སོ་མཚམས་དང་།། མཚོན་དང་མ་མཚོན་སོ་མཚམས་དང་།། རྟོགས་དང་མ་རྟོགས་སོ་མཚམས་དང་།། འགྱུར་དང་མི ་གྱུར་སོ་མཚམས་དང་།། འཆར་སྒོ་འཁྲུལ་སྒོའི་སོ་མཚམས་དང་།། ལྡོག་བཅས་གཉིས་ཀྱི་སོ་མཚམས་སོ།། འདི་ནི་སངས་རྒྱས་སེམས་ཅན་གཉིས་ཀྱི་སོ་མཚམས་སོ།། ཡར་རྒྱས་མ་འཁྲུལ་གཉིས་ཀྱང་འདི་ལྟ ་སྟེ།། སྔོན་ནས་གདོད་མ་ཉིད་ནས་གནས།། སྟོང་ཉིད་ཡབ་ཀྱི་ཚུལ་དུ་གནས།། ཡེ་ནས་མཚོན་པ་མེད་པ་དེ།། ཆོས་ཉིད་ཡུམ་གྱི་ཚུལ་དུ་གནས།། སྐྱེ་མེད་འབྱེད་མེད་སྲས་གཅིག་འཁྲུངས།། འབྱེད་མེད་གཏི་མུག ་ཆེན་པོ་དེ།། ཐབས་ཀྱི་རྒྱལ་པོ་ཡབ་ཏུ་གནས།། སྐྱེ་འགག་ཀུན་བྲལ་ཤེས་རབ་ཡུམ་གྱི་ཚུལ།། རྩིས་གདབ་མེད་པའི་སྲས་གཅིག་འཁྲུངས།། ཐོག་མ་མེད་པ་ཡབ་ཀྱི་ཚུལ་དུ་གནས།། མཐའ་མ་མེད་པ་ཡུམ་གྱི་ཚུལ་དུ ་གནས།། དབྱེ་བསལ་མེད་པའི་སྲས་དེ་ཐོག་མཐའི་དྲས་ཐག་བཅད།། རང་བཞིན་ཡེ་གནས་ཡབ་ཀྱི་ཚུལ་དུ་གནས།། ཀུན་ཁྱབ་ཡེ་གནས་ཡུམ་གྱི་ཚུལ་དུ་གནས།། འོད་གསལ་ཆོས་ཉིད་སྲས་གཅིག་འཁྲུངས།། ཆོས ་རྣམས་མཉམ་ཉིད་དབྱིངས་སུ་ཐིམ།། བག་ཙམ་གཡོ་བ་ཡབ་ཀྱི་ཚུལ།། ཀུན་ཏུ་གཡོ་བ་ཡུམ་གྱི་ཚུལ།། འགྱུ་བ་བུ་ཡི་ཚུལ་དུ་སྐྱེས།། ཀུན་གཞི་ཡབ་ཀྱི་ཚུལ་དུ་གནས།། ཀུན་ཁྱབ་ཀློང་ཆེན་ཡུམ་གྱི་ཚུལ།། རྒྱ་ཆད་སྐྱེ ་འགག་མེད་པའི་སྲས་ཤིག་འཁྲུངས།། འབྱུང་ལྔ་ཡབ་ཀྱི་ཚུལ་དུ་གནས།། འོད་ལྔ་ཡུམ་གྱི་རང་བཞིན་ནོ།། རླུང་ལྔ་རྩལ་གྱི་སྲས་ཤིག་འཁྲུངས།། རྩལ་ལ་གདེང་རྙེད་རྟོགས་པར་ཤར།། བུ་ཉིད་ཡུམ་གྱི་ངང ་དུ་ཐིམ།། མ་ལ་བུ་ཐིམ་དབྱེར་མི་ཕྱེད།། མ་བུ་ངོ་འཕྲད་འགྱུར་མེད་སྙིང་པོ་ཆོས་སྐུར་གནས།། ཡབ་ཡུམ་འགྱུར་མེད་དབྱིངས་སུ་ཐིམ།། སྙིང་པོ་ཡབ་ཡུམ་མཁའ་ཀློང་ནས།། རིག་པའི་རྩལ་མ་འགག་པའི་བུ་རྣམས ་འཕྱོ།། འཕྱོ་ས་མ་རྙེད་སྙིང་པོའི་ཀློང་དུ་ཐིམ།། ཟེར་གྱི་ཤེས་པས་ཡབ་ཡུམ་དང་ཐིམ་པས།། ཡབ་ཡུམ་སྲས་དང་དབྱེར་མེད་ཐོག་མར་ཡེ་སངས་རྒྱས།། ཆོས་ཉིད་གཞི་ལ་འཕྲད་པས་ཐོག་མར་ཡེ་ཤེས་རང་ས ་ཟིན།། རྣམ་རྟོག་རྩད་ནས་བཅད་པའི་འཁྲུལ་པ་རང་སར་གྲོལ།། འགྱུར་མེད་ཀློང་དུ་འཐིམ་པས་སྙིང་པོ་ཆོས་སྐུར་གྱུར།། མ་རིག་མུན་ཁང་བཅོམ་པས་ཡེ་ཤེས་རྒྱ་མ་ཆད།། ཡེ་ཤེས་འཆར་སྒོ་ཕྱེ་བས ་མ་རིག་འཁྲུལ་སྒོ་བསྡམས།། འཁོར་བ་ཡོངས་སུ་སྤངས་པས་སྙིང་པོ་ཆོས་སྐུར་རྒྱས།། བྱ་བཙལ་དགག་བསྒྲུབ་སྤངས་པས་བྱར་མེད་སྤྲོས་བྲལ་རྒྱས།། ཡར་རྒྱས་ཀུན་བཟང་དེ་ལྟར་ཤེས་པར་གྱིས།། ཅི་ཕན་འདྲི་བའི ་གཏན་ཚིགས་དེ།། བྱ་བཙལ་གང་གིས་ཕན་པ་མ་ཡིན་ཏེ།། རང་སར་ངང་ཉིད་ཐིམ་པ་ཡིན།། ངང་ཉིད་ངང་གིས་གྲོལ་བ་ཡིན།། རང་གིས་རང་ཉིད་རྟོགས་པ་ཡིན།། སྤང་ལེན་འགག་བསྒྲུབ་ཕན་པ་མ་ཡིན་ནོ།། རྣམ ་རྟོག་སངས་པས་ཡེ་ཤེས་རྒྱས།། སུས་ཀྱང་རྒྱས་སུ་མ་བཅུག་གོ།། རང་ཉིད་རང་གིས་རྒྱས་པ་ཡིན།། རང་ཉིད་རང་གིས་རྟོགས་པ་ཡིན།། དེ་ལྟར་འགྱུར་མེད་སངས་རྒྱས་རྟོགས་ཙམ་ན།། མ་རིག་མེད་དེ་དང་དངས ་ཆེན་པོ་ཡིན།། ཡེ་ཤེས་ཡེ་ནས་གསལ་བའི་ངང་དངས་ཆེན་པོ་ཡིན།། རྣམ་རྟོག་མེད་དེ་དང་དངས་ཆེན་པོ་ཡིན།། ཆོས་ཉིད་ཡེ་ནས་ཡིན་ཏེ་ངང་དངས་ཆེན་པོ་ཡིན།། དུག་གསུམ་མེད་དེ་དང་དངས་ཆེན་པོ་ཡིན།། སྐུ ་གསུམ་ཡེ་ནས་ཡིན་ཏེ་ངང་དངས་ཆེན་པོ་ཡིན།། དུག་ལྔ་མེད་དེ་ངང་དངས་ཆེན་པོ་ཡིན།། ཡེ་ཤེས་ལྔ་ལ་གནས་ཏེ་ངང་དངས་ཆེན་པོ་ཡིན།། འཁོར་བ་མེད་དེ་དང་དངས་ཆེན་པོ་ཡིན།། ཡེ་ནས་མྱ་ངན་འདས་ཏེ་ངང ་དངས་ཆེན་པོ་ཡིན།། སེམས་ཅན་མེད་དེ་དང་དངས་ཆེན་པོ་ཡིན།། ཡེ་ནས་སངས་རྒྱས་ཡིན་ཏེ་ངང་དངས་ཆེན་པོ་ཡིན།། སྐྱེ་བ་མེད་དེ་དང་དངས་ཆེན་པོ་ཡིན།། འགག་པ་མེད་དེ་དང་དངས་ཆེན་པོ་ཡིན།། ན་བ་མེད ་དེ་དང་དངས་ཆེན་པོ་ཡིན།། རྒ་ཤི་མེད་དེ་དང་དང་ས་ཆེན་པོ་ཡིན།། སྣང་བ་མེད་དེ་དང་དང་ས་ཆེན་པོ་ཡིན།། སྟོང་པ་མེད་དེ་དང་དངས་ཆེན་པོ་ཡིན།། གཉིས་སུ་མེད་དེ་དང་དངས་ཆེན་པོ་ཡིན།། ཡུལ་སེམས་གཉིས ་མེད་དང་དངས་ཆེན་པོ་ཡིན།། གཟུང་འཛིན་གཉིས་མེད་དང་དངས་ཆེན་པོ་ཡིན།། དགག་བསྒྲུབ་གཉིས་མེད་དང་དངས་ཆེན་པོ་ཡིན།། བདག་གཞན་གཉིས་མེད་ངང་དངས་ཆེན་པོ་ཡིན།། རིག་པ་མྱོང་མེད་དང ་དངས་ཆེན་པོ་ཡིན།། སྤང་ལེན་གཉིས་མེད་དང་དངས་ཆེན་པོ་ཡིན།། བླང་དོར་གཉིས་མེད་དང་དང་ས་ཆེན་པོ་ཡིན།། བྱ་བཙལ་གཉིས་མེད་དང་དངས་ཆེན་པོ་ཡིན།། ཕྱོགས་རིས་གཉིས་མེད་ངང་དངས་ཆེན་པོ ་ཡིན།། དབྱེ་བསལ་གཉིས་མེད་དང་དངས་ཆེན་པོ་ཡིན།། རྩིས་གདབ་གཉིས་མེད་ངང་དངས་ཆེན་པོ་ཡིན།། རིག་པ་མྱོང་མེད་དང་དངས་ཆེན་པོ་ཡིན།། ཡིད་ཀྱི་འགྱུ་མེད་དང་དངས་ཆེན་པོ་ཡིན།། སེམས་ཀྱི་མིང ་མེད་དང་དངས་ཆེན་པོ་ཡིན།། མཚོན་དུ་མེད་དོ་དང་དངས་ཆེན་པོ་ཡིན།། མིང་ཚིག་བརྗོད་མེད་དང་དངས་ཆེན་པོ་ཡིན།། བརྟགས་ཞེན་མེད་དེ་དང་དངས་ཆེན་པོ་ཡིན།། ཆགས་འཛིན་མེད་དེ་དང་དངས་ཆེན་པོ ་ཡིན།། བརྟགས་སྣང་ཀུན་ལས་གྲོལ་ཏེ་ངང་དངས་ཆེན་པོ་ཡིན།། རྟོག་ཚོགས་མཚན་མ་གྲོལ་ཏེ་ངང་དངས་ཆེན་པོ་ཡིན།། བརྗོད་གཞི་ཐམས་ཅད་དང་དངས་ཆེན་པོར་གྲོལ།། སངས་རྒྱས་ཆེ་བའི་ཡོན ་ཏན་འདི་ལྟར་རོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སངས་རྒྱས་སེམས་ཅན་གཉིས་ཀྱི་ས་མཚམས་དང་། སངས་རྒྱས་ཆེ་བའི་ཡོན་ཏན་དང་བཅས་པ་བསྟན ་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། པུས་བཙུགས་ཐལ་སྦྱར་འདི་སྐད་གསོལ།། གཞི་ཉིད་མཉམ་པོར་གནས་པ་ན།། ཁམས་གསུམ་འཁོར་བ་ཅི་ཡིས་ཉེས།། འདུས་པའི་འཁོར་ལ ་གསུང་དུ་གསོལ།། སྟོན་པ་ཀུན་ཏུ་བཟང་པོ་རིན་པོ་ཆེ་དབྱེ་བསལ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས།། ཨཱ་ཡི་བར་ནས་མ་བར།། ཨཱ་ལེ་ཨེ་མ།། ཀྱེ་མ་ཀྱེ་མ ་ཧོ། ཡང་དག་དོན་ལས་གོལ་བ་རྣམས།། རྣམ་རྟོག་བདག་ཏུ་བཟུང་བ་ཡིས།། ནན་གྱིས་ནམ་མཁར་མདུད་པ་བྱས།། རང་མགོ་རང་གིས་རྐང་པས་མནན།། རང་གི་སྐེ་ལག་རང་གིས་བཅིངས།། རང་གི་རིན་ཆེན་རང ་གིས་སྟོར།། རང་གི་སྒྲོན་མེ་རང་གིས་བསད།། རང་གི་ཉི་ཟླ་རང་གིས་བསྒྲུབས།། ཀྱེ་མ་བདག་ཏུ་འཛིན་པའི་སེམས་ཅན་ཉོན་རེ་མོངས།། མཉམ་པའི་དོན་ལ་ཕྱོགས་རིས་བྱུང་།། སངས་རྒྱས་སེམས་ཅན་གཉིས་ཀྱི ་གཞི།། ངོ་བོ་སྤྱིས་མཉམ་པར་གནས།། གཡོ་བའི་རླུང་ཡང་མཉམ་པར་གནས།། འཆར་བའི་ཟེར་ཡང་མཉམ་པར་གནས།། སྐྱེ་བའི་རིམ་པ་མཉམ་པར་གནས།། དཔེར་ན་མཚོ་ལ་དར་ཆགས་འདྲ།། འགྱུ་བའི་རླུང ་དག་མཉམ་པ་ལ།། རང་ས་མ་ཟིན་གསུམ་གྱིས་ལན།། ཡར་རྒྱས་དོན་ལ་མི་རྟོགས་པས།། གཡོ་དང་འགྱུ་མི་འགྱུ་དང་ནི།། ཟེར་དང་འོད་དང་ཤེས་པ་དང་།། སང་ངེ་སིང་ངེ་རྟེན་མེད་དེ།། ཕྱོགས་མཚམས་ཀུན་ཏུ ་འགྱུ་བའི་ས།། རྩལ་སྣང་བུ་ཡིས་ཤེས་པ་འཕྱོ་སར་ཁྱེར།། ཡིན་སྙམ་རིག་པ་ཆགས་སྡང་སྐྱེས།། ཆགས་ཞེན་སྐྱེས་པས་མིན་པར་འཁྲུལ།། གནས་དོན་མ་ཤེས་དོན་མ་རིག། དེ་ལ་མ་རིག་མུན་པར་གསུངས།། འགྱུ་བ ་རླུང་གིས་རྒྱུ་བྱས་ནས།། སྒྲིབ་གཡོགས་མུན་པ་རྐྱེན་དུ་བྱུང་།། ཡེ་ཤེས་འཆར་སྒོ་མ་ཤར་བར།། མུན་པའི་འཁོར་སྒོ་རྐྱེན་དུ་བྱུང་།། མ་རིག་འཁྲུལ་སྒོར་འཁྱམས་པ་ཡི།། རིག་པས་ཀུན་དུ་འཚོལ་ཁྲོ་བྱས།། ཡིད་ནི ་འགྲུ་བ་ཉིད་དང་བཅས།། སེམས་ནི་གསལ་ཆ་ལྔ་རུ་ཤར།། གསལ་དང་མི་གཡོའི་རྒྱ་མ་ཆད།། མི་འགྱུར་གཡོ་ཞིང་འགྱུ་བ་སྟེ།། སེམས་ནི་སྣང་ཚུལ་ལྔ་རུ་ཤར།། འོད་གཟུགས་རིག་གཟུགས་ཤ་གཟུགས་སོ།། རིག ་པའི་གཟུགས་ལ་ཤ་གཟུགས་ཉིད་དུ་འཁྲུལ།། ཕ་ཡིན་མ་ཡིན་སྙམ་བྱེད་ཀྱི།། མངལ་གྱི་སྒོ་རུ་འཁྱམས་ནས་ནི།། ཤ་ཁྲག་པགས་པའི་གཟུགས་སུ་འཐུམ།། ཕ་ཡིས་ཞེ་སྡང་རྒྱུ་ལས་ནི།། ཤ་ཁྲག་རུས་པའི་ཚུལ་དུ ་ཆགས།། མ་ཡིས་འདོད་ཆགས་རྐྱེན་ལས་ནི།། ཁྲག་དང་ཆུ་སེར་ཉིད་དུ་ཆགས།། དུག་གསུམ་རྒྱུ་ཡིས་ལུས་ངག་ཡིད་གསུམ་བསྡུས།། འཁྲུལ་པ་ཡིས་ནི་འབྲས་བུ་ཡིན།། དངོས་པོ་རྐྱེན་སྣང་འདི་ལྟར ་འཁྲུལ།། ཕ་རུ་སྣང་སྟེ་ཕ་རུ་བཟུང་།། ཕ་རུ་བརྟགས་ཏེ་ཕ་རུ་ཞེ་ན།། མ་རུ་སྣང་ཏེ་མ་རུ་བཟུང་།། མ་རུ་བརྟགས་ཏེ་མ་རུ་ཞེན།། བུ་རུ་སྣང་སྟེ་བུ་རུ་བཟུང་།། བུ་རུ་བརྟགས་ཏེ་བུ་རུ་ཞེ་ན།། ཡུལ་དུ་སྣང་སྟེ་ཡུལ ་དུ་བཟུང་།། ཡུལ་དུ་བརྟགས་ཏེ་ཡུལ་དུ་ཞེ་ན།། འཁྲུལ་པ་ཐམས་ཅད་བརྟགས་སྣང་ཞེ་ན་གསུམ་མོ།། དང་པོ་རིག་པ་སྐྱེས་པས་ཡིད་ནི་འགྱུས།། སེམས་སུ་བསལ་བའི་མིང་དུ་བརྟགས།། མིང་ནི་དོན་མེད་ཚིག་ཡིན ་ནོ།། ཚིག་ནི་བླ་དགས་བརྗོད་རྟོགས་ཚིག། ཀུན་ཏུ་འཚོལ་དང་གཏན་ལ་འབེབས།། ངེས་པར་བརྗོད་དང་འཁོར་ལོ་གསུམ་དུ་འཁྲུལ།། མཉམ་པ་ཆེན་པོའི་ཆོས་ཉིད་ལ།། ལོག་པར་བརྟགས་པའི་ཤེས་པ་སྣ་ཚོགས ་ཀྱིས།། མི་མཉམ་པ་ཡི་ངོ་བོར་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུ་བརྟས།། འཁྲུལ་དང་མ་འཁྲུལ་གཉིས་མེད་ལ།། ཞེན་རྟོག་མཚན་མ་བརྟས་པ་ཡིས།། མིན་པའི་ཆོས་ལ་ཡིན་པར་བཟུང་།། དེ་ཡིས་འཁྲུལ་པའི ་འབྲས་བུར་སྨིན།། སྐྱེ་མེད་མཚོན་མེད་འགྱུར་མེད་ལ།། རྣམ་རྟོག་བློས་བརྟགས་ཤེས་པ་ཡིས།། སྐྱེ་རྒ་ན་འཆི་བདེ་བའི་ཆོས་སུ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། གཉིས་མེད་ངང་ལ་གཉིས་སུ ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། བདག་གཞན་མེད་ལ་བདག་ཏུ་བཟུང་།། དེ་ཡི་འཁྲུལ་པའི་འབྲས་བུར་སྨིན།། དབྱེ་བསལ་མེད་ལ་དབྱེ་བསལ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། རྩིས ་གདབ་མེད་ལ་རྩིས་གདབ་བཟུང་།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། དགག་བསྒྲུབ་མེད་ལ་སྤང་ལེན་བྱས།། དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན།། བྱ་བཙལ་མེད་ལ་རྩོལ་བསྒྲུབ་བྱས།། དེ་ཡིས་འཁྲུལ་པའི ་འབྲས་བུར་སྨིན།། དེ་ལྟར་མེད་ལ་ཡོད་བཟུང་གིས།། རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་།། རིགས་དྲུག་སྐྱེ་འགུལ་དེ་ལས་བྱུང་།། མི་བདེན་བདེན་བཟུང་རྟོག་ཚོགས་ཀྱིས།། ཐམས་ཅད་འཁྲུལ་པའི་འབྲས་བུར ་སྨིན།། གཞི་ལ་མེད་དེ་རྟོག་པས་བཟུང་།། བཟུང་བས་ཞེན་ནས་ཆགས་ཏེ་འཁྲུལ།། ངེས་འཁྲུལ་རྟགས་གཏན་ལ་ཕབ་པའོ།། ཅིས་ལན་བྱ་བའི་ཚིག་དེ་ཡང་།། ཅིས་ཀྱང་མ་ལན་རང་གིས་ལན།། རང་ས་མ་ཟིན ་གསུམ་གྱིས་ལན།། སུས་ཀྱང་མ་ལན་རང་གིས་ལན།། ཆོས་ཉིད་མ་དང་མ་འཕྲད་པས།། རང་ལ་རང་ཉིད་ཡི་རེ་མུག། ཡེ་ཤེས་རང་ས་མ་ཟིན་པས།། རང་ལ་རང་ཉིད་ཞེ་རེ་ཁྲེལ།། རྣམ་རྟོག་རང་སར་མ་སངས ་པས།། རང་ལ་རང་ཉིད་སྐྱུགས་རེ་ལོག། སྙིང་པོ་ཀློང་ནས་མ་ཤར་བས།། རང་གིས་རང་འཐུམས་མུན་པར་འཐུམས།། འཁྲུལ་པ་རང་སར་མ་གྲོལ་བས།། རང་གིས་རང་མནར་རང་རེ་མནར།། སུས་ཀྱང་གནོད་པ་མ ་བསྐྱལ་ཏེ།། ཆོས་དང་སེམས་སུ་མ་འདྲེས་ལན།། དུག་གསུམ་རྩ་བ་མཆོད་ལན།། ཞེན་པ་རང་ལོག་མ་བྱུང་ལན།། དུག་ལྔ་རང་གྲོལ་མ་བྱུང་ལན།། ཆགས་སྡང་ལྔ་དང་མ་བྲལ་ལན།། གཏི་མུག་མུན་པ ་མ་སངས་ལན།། ཡེ་ཤེས་ཉི་མ་མ་ཤར་ལན།། རང་གིས་རང་ཉིད་འཁོར་དུ་བཅུག། རང་གིས་རང་ཉིད་འཁྲུལ་དུ་བཅུག། ཅིས་ལན་ཅིས་ཕན་གཏན་ཚིགས་དེ་ལྟར་རོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། ་འཁོར་བ་ཟོག་མཐའ་གཅོད་པའི་རྒྱུད་ལས། འཁྲུལ་པ་གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཆོས་སྐུ་རྟོགས་པར་བྱ ་བའི་ཐབས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། སྟོན་པ་ཀུན་ཏུ་བཟང་པོ་དེ།། རིན་པོ་ཆེའི་འོད་ནང་དུ་ཞི་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཨཱ་པཾ་ཀ་རི ་མ་ཧཱ་ཨཱ་ཏི་ཏ་ཨཱཿ། ཐེག་པའི་རྒྱལ་པོ་སྠི་ཏི་ཡོ་ག་འདི། ཐེག་པ་ཀུན་གྱི་སྤྱི་མེས་ཡིན་པར་གསུངས།། བཀའ་ཆེམས་མན་ངག་བསྟན་ལུགས་ཀྱིས།། སྐྱེ་མེད་ཚིག་མེད་མཚོན་མེད་བཏགས་མེད་ཡིན་པ་ལ།། ཨེ་མ ་ཧོ།། དེ་ལྟར་མ་གོའི་སེམས་ཅན་རྣམས།། དངོས་པོ་མེད་པར་མཚོན་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། སྐྱེ་མེད་དོན་ལ་བརྗོད་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ཡེ་མེད་དོན་ལ ་དངོས་པོར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ང་ཡི་རང་བཞིན་ཅིར་ཡང་མ་གྲུབ་པར།། ཐེག་པ་ཆེན་པོར་ཁ་སྨྲས་འཛུགས།། འདི་ཡང་སེམས་ཅན་ཉོན་རེ་མོངས།། མཐར་ལྟ་མངོན་པར་ཞེན་པའི་ཐེག ་བརྒྱད་ཀྱིས།། ང་མ་མཐོང་བས་སྙིང་རེ་རྗེ།། གཞན་ལྷ་རྒྱབ་ཀྱིས་ཕྱོགས་པའི་རིམ་པ་བརྒྱད།། ང་ཡིས་རང་བཞིན་མ་ཤེས་ཉོན་རེ་མོངས།། ངོ་མཚར་ཆེ་བའི་ཀུན་བཟང་གིས།། དྲུང་ན་གནས་པའི་འཁོར་རྣམས ་ལ།། དབྱེ་བསལ་མེད་ལ་དབྱེ་བའི་ས།། འཁོར་རྣམས་ཀུན་ལ་འདི་སྐད་གསུངས།། གཉིས་སུ་མེད་པར་གཉིས་སུ་ཕྱེ།། འདི་ཡང་སེམས་ཅན་ཉོན་རེ་མོངས།། སྐུ་གསུམ་མེད་པར་སྐུ་གསུམ་བསྒྲུབ་པར་འདོད།། འདི ་ཡང་སེམས་ཅན་ཉོན་རེ་མོངས།། དུས་གསུམ་མེད་པར་སྤང་བར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། དུག་ལྔ་མེད་པར་སྤང་བར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། སྐུ་ལྔ་མེད་པར་བསྒྲུབ ་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། སེམས་ཅན་མེད་པར་སྤང་བར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། སངས་རྒྱས་མེད་པར་བསྒྲུབ་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ ་མོངས།། མ་རིག་མེད་པར་སྤང་བར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ཡེ་ཤེས་མེད་པར་བསྒྲུབ་པར་འདོད།། འདི་ཡང་སེམས་ཅན་ཉོན་རེ་མོངས།། ཡུལ་སེམས་མེད་པར་སྤང་བར་འདོད།། འདི་ཡང ་སེམས་ཅན་ཉོན་རེ་མོངས།། བཟུང་བ་མེད་པར་བསླབ་པར་འདོད།། འདི་ཡང་སེམས་ཅན་ཅན་རེ་མོངས།། དེ་ལ་སོགས་པ་གཉིས་སྣང་ཐམས་ཅད་ཀུན།། སེམས་ཅན་ཟླ་ཡི་ཆོས་སུ་བསྟན་པ་ཆ་མེད ་དམ།། བརྟགས་པ་སྣང་བ་ཡིན་པར་ཆ་མེད་དམ།། ཚིག་ནི་བླ་དགས་ཡིན་པར་ཆ་མེད་དམ།། ཚིག་ནི་ཐ་སྙད་ཡིན་པར་ཆ་མེད་དམ།། བརྗོད་གཞི་ཐ་སྙད་ཡིན་པར་ཆ་མེད་དམ།། བློ་དམན་ཆོས་སུ་བསྟན་པ་ཆ་མེད ་དམ།། ཐམས་ཅད་བསླུ་བྲིད་ཡིན་པར་ཆ་མེད་དམ།། དེས་ན་གང་བརྟགས་སྣང་བཞེན་དང་གསུམ་གྱི་ཆོས་ཀྱིས་ཆོས་མི་བཏུབ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད ་ལས། གཉིས་སྣང་ཆོས་ཀྱི་གྲོལ་བ་མི་ཐོབ་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཆོས་ཉིད་མཚོན་དུ་མེད་པའི་དོན།། བདག་ཅག་རྣམས ་ལ་བསྟན་དུ་གསོལ།། ཞེས་གསོལ་པ་དང་། སེམས་ཉིད་སྟོན་པ་ཀུན་བཟང་དེ། རིན་པོ་ཆེ་འོད་འབར་བ། དོན་མཚོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། ཏིང་ངེ་འཛིན་ལས་བཞེངས་ནས་ནི།། ་འདུས་པའི་འཁོར་ལ་འདི་སྐད་གསོལ།། ཨ་ཏ་པ་ཏ་རི་ཨཱ་ཐིམ།། ང་ཡིས་མཚོན་པ་ཀུན་བྲལ་བཤད།། རྡོ་རྗེ་སེམས་དཔས་གོ་བར་ཟུང་།། སྐྱེད་མེད་དངོས་མེད་མཚོན་འདས་དངོས་མེད་ཡིན།། དེ་ལ་མཚོན་པའི་ཆོས ་ཀྱིས་སངས་མི་རྒྱ།། མཚོན་དུ་མེད་པའི་ཆོས་ཤིག་དགོས།། སྐུ་གསུང་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྣང་བ་སྟོང་པ་སྐྱེ་མེད་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང ་བྲལ་བའི་ཆོས་ཤིག་དགོས།། སེམས་དང་རིག་པ་ཡིད་དང་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སངས་རྒྱས་ཆོས་དང་དགེ་འདུན་གསུམ།། དེ་གསུམ་བསྒྲུབ་པས ་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སེམས་དང་ཡེ་ཤེས་བག་ཆགས་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། རིག་པ་སྟོང་པ་གཉིས་མེད་གསུམ།། དེ ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། ཚིག་དང་མཚོན་པ་བཏགས་པ་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྐྱེ་མེད་དམིགས་མེད ་བརྗོད་མེད་གསུམ།། དེ་གསུམ་བསྒྲུབས་པས་སངས་མི་རྒྱ།། དེ་གསུམ་བྲལ་བའི་ཆོས་ཤིག་དགོས།། བླང་བྱ་འཛིན་བྱ་དོར་བྱ་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག ་དགོས།། རྩོལ་བྱ་བསྒྲུབ་བྱ་འདོད་བྱ་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་གསུམ་བྲལ་བའི་ཆོས་ཤིག་དགོས།། བལྟ་བྱ་སྤྱོད་བྱ་བསྒྲུབ་བྱ་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི ་ཆོས་ཤིག་དགོས།། བསྲུང་བྱ་ཐོབ་བྱ་བགྲོད་བྱ་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། སྣང་བ་བཏགས་པ་ཞེན་པ་གསུམ།། དེ་གསུམ་བསྒྲུབ་པས་སངས ་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། མིང་ལྟ་བདག་ལྟ་བློས་བཏགས་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། བློ་ཡུལ་ཡིད་སྨོན་མེད་བཟུང་གསུམ།། དེ་གསུམ ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། རྩོལ་བཅས་བཅོས་མ་ཆགས་ཞེན་གསུམ།། དེ་གསུམ་སྤྱད་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། བསྒྲུབས་འདོད་རེ་དོགས་ཐོབ་རྒྱུ ་གསུམ། དེ་གསུམ་བསྒྲུབ་པས་སངས་མི་རྒྱ། དེ་དང་བྲལ་བའི་ཆོས་ཤིག་དགོས།། རྟོག་ཚོགས་གཟུང་འཛིན་ཆགས་ཞེན་གསུམ། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། དགག ་བསྒྲུབ་སྤང་ལེན་བླང་དོར་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ། དེ་དང་བྲལ་བའི་ཆོས་ཞིག་དགོས།། ཡི་གེ་ཚིག་ཚོགས་བླ་དགས་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག། ་དགོས།། སྣང་བ་ཕྱོགས་རིས་ཁ་དོག་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང་བྲལ་བའི་ཆོས་ཤིག་དགོས།། གཉིས་སྣང་རྟོགས་ཞེན་ཕྱོགས་འཛིན་གསུམ།། དེ་གསུམ་བསྒྲུབ་པས་སངས་མི་རྒྱ།། དེ་དང ་བྲལ་བའི་ཆོས་ཤིག་དགོས།། མིང་ཚིག་དབྱེ་བ་རྟག་ཆད་གསུམ།། བསམ་ལས་འདས་པ་མདོ་ཙམ་ཕྱེ།། བསྒྲུབ་པར་འདོད་པ་རྣམས་ལ་དེ་ཡིས་སུན་ཕྱུང་ཅིག། ཆོས་གཅིག་བྱ་བའི་མཚན་ཉིད་ནི།། ལ་ཆེན་བཟླ་བའི ་གདམས་ངག་ཡིན།། དེ་ཡང་འདི་ལྟར་ཤེས་པར་བྱ།། ཆོས་གཅིག་བྱ་བའི་མིང་ཡང་མེད།། གཅིག་པོ་ཉིད་ཀྱང་གཅིག་ལས་འདས།། འདས་པའི་དོན་ལ་བརྗོད་དུ་མེད།། འདས་པའི་དོན་ལ་མཚོན་དུ་མེད།། འདས ་པའི་དོན་ལ་བདེ་རུ་མེད།། འདས་པའི་དོན་ལ་གཟུང་དུ་མེད།། འདས་པའི་དོན་ལ་འདོད་དུ་མེད།། འདས་པའི་དོན་ལ་བྱ་རུ་མེད།། འདས་པའི་དོན་ལ་བཙལ་དུ་མེད།། འདས་པའི་དོན་ལ་དགག་ཏུ་མེད།། འདས ་པའི་དོན་ལ་བསྒྲུབ་ཏུ་མེད།། འདས་པའི་དོན་ལ་བླང་བྱ་མེད།། འདས་པའི་དོན་ལ་དོར་བྱ་མེད།། འདས་པའི་དོན་ལ་སྤང་བྱ་མེད།། འདས་པའི་དོན་ལ་བསྒོམ་དུ་མེད།། འདས་པའི་དོན་ལ་སྤྱད་དུ་མེད།། འདས་པའི ་དོན་ལ་བསྲུང་དུ་མེད།། འདས་པའི་དོན་ལ་བྱ་བཙལ་མེད།། འདས་པའི་དོན་ལ་བགྲོད་དུ་མེད།། འདས་པའི་དོན་ལ་ཐོབ་ཏུ་མེད།། མེད་པ་ཉིད་ཀྱང་དེ་ལས་འདས།། དེ་ལ་ཡིད་ལ་བྱ་རྒྱུ་མེད།། དེ་ལ་སེམས་ཀྱིས ་གཟུང་དུ་མེད།། དེ་ལ་བློ་ཡིས་བཅོས་སུ་མེད།། དེ་ལ་འཕྲོས་དང་མ་འཕྲོས་མེད།། དེ་ལ་ཟིན་དང་མ་ཟིན་མེད།། དེ་ལ་བྱུང་དང་མ་བྱུང་མེད།། དེ་ལ་བཟང་དང་ངན་པ་མེད།། དེ་ལ་དབྱེ་དང་བསལ་དུ་མེད།། དེ་ལ ་བསལ་དང་མ་བསལ་མེད།། མཆོག་ཏུ་གསང་བའི་ཆོས་ཉིད་ནི།། རྣ་དབང་གཞན་ལས་ཟོས་མི་འགྱུར།། དེ་བཞིན་ལྕེ་ཡི་དབང་པོས་ཀྱང་།། དེ་ལ་བརྗོད་དུ་རྡུལ་ཙམ་མེད།། བརྗོད་པས་ཐོག་ཏུ་མི ་ཕེབས་ཏེ།། བརྗོད་པ་ཐམས་ཅད་བླ་དྭགས་ཡིན།། བླ་དྭགས་ཚིག་གིས་སངས་མི་རྒྱ།། དེས་ན་བླ་དྭགས་ཚིག་ལས་འདས།། ཡེ་ནས་སྨྲ་བསམ་བརྗོད་ལས་འདས།། བརྗོད་འདས་རྟོགས་པས་འགྱུར་བ་མེད།། དྲན་པ ་མེད་པས་ཡིད་ལ་གཞག་ཏུ་མེད།། བསམ་དུ་མེད་པས་བློ་ཡི་ཡུལ་ལས་འདས།། ཡེ་ནས་སངས་རྒྱས་མེད་པས་འདོད་པའི་བསྒྲུབ་བྱ་མེད།། སྐྱེ་མེད་འགྱུར་མེད་ཆོས་སྐུ་དེ།། ཡེ་ནས་ཡིན་པས་བསྒྲུབ་མི་དགོས།། ཆོས ་སྐུ་ཡེ་ནས་འགྱུར་མེད་ལ།། སྐྱེ་མེད་སྙད་ཀྱི་སྒྲོས་མི་གདགས།། ནམ་མཁའ་འདི་ནི་མེད་དོ་ཞེས།། བླུན་པོ་གང་ཞིག་རྟོག་དཔྱོད་འཇུག། མཁས་པས་སྔོན་ནས་ཡོད་མི་འཛིན།། ཡེ་ནས་གཉིས་སུ་མེད་པ་ལ།། བདེན ་པ་གཉིས་སུ་འབྱིན་པ་སུན་ཕྱུང་ཞིག། གཉིས་སུ་མེད་པའི་དོན་མཆོག་འདི།། ཀུན་བཟང་ང་ཡིས་སུན་དབྱུང་མ་བཏུབ་པོ།། དེ་བས་འཁོར་རྣམས་ཀུན་གྱིས་དེ་ལྟར་ཤེས་གྱིས་ཤིག། སྣང་སྲིད་ཁ་སྦྱོར་བདུད ་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཉིད་མཚོན་འདས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། མཚོན་དུ་མེད ་པའི་དོན་དེ།། རྩོལ་བསྒྲུབ་བགྱི་རུ་འདོགས་ན་མི་འགལ་ལམ།། ཞེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་འགྱུར་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་བཞེངས་ནས ་འདི་སྐད་གསུངས།། ང་ཡི་སྤྱི་ཏི་ཡོ་ག་ལ།། དགག་བསྒྲུབ་སྤང་ལེན་བྱུང་ན་བཀའ་དང་འགལ།། དུག་གསུམ་སྤངས་ཀྱང་ང་སྤངས་སོ།། སྐུ་ལྔ་བསྒྲུབས་ཀྱང་ང་སྤངས་སོ།། དུག་ལྔ་སྤངས་ཀྱང་ང་སྤངས་སོ།། མ་རིག ་སྤངས་ཀྱང་ང་སྤངས་སོ།། ཡེ་ཤེས་བསྒྲུབས་པས་ང་སྤངས་སོ།། རྣམ་རྟོག་སྤངས་པས་ང་སྤངས་སོ།། ཆོས་ཉིད་བསྒྲུབས་པས་ང་སྤངས་སོ།། འཁོར་བ་སྤངས་ཀྱང་ང་སྤངས་སོ།། མྱང་འདས་སྤངས་ཀྱང་ང་སྤངས ་སོ།། སེམས་ཅན་སྤངས་ཀྱང་ང་སྤངས་སོ།། སངས་རྒྱས་བསྒྲུབས་ཀྱང་ང་སྤངས་སོ།། བདག་གཞན་སྤངས་ཀྱང་ང་སྤངས་སོ།། བདག་མེད་བསྒྲུབས་ཀྱང་ང་སྤངས་སོ།། ཕྱོགས་མེད་བསྒྲུབས་ཀྱང་ང་སྤངས་སོ།། དགྲ ་གཉེན་སྤངས་ཀྱང་ང་སྤངས་སོ།། དགྲ་གཉེན་གཉིས་མེད་བསྒྲུབས་ཀྱང་ང་སྤངས་སོ།། གསལ་བ་བསྒྲུབས་ཀྱང་ང་སྤངས་སོ།། ལྟ་བ་བལྟས་པས་ཆོས་ཉིད་སྤངས།། སྒོམ་པ་བསྒོམས་པས་ཆོས་ཉིད་སྤངས།། སྤྱོད ་པ་སྤྱད་པས་ཆོས་ཉིད་སྤངས།། དམ་ཚིག་བསྲུངས་པས་ཆོས་ཉིད་སྤངས།། ཕྲིན་ལས་བཙལ་བས་ཆོས་ཉིད་སྤངས།། ས་ལམ་བགྲོད་པས་ཆོས་ཉིད་སྤངས།། འབྲས་བུ་བསྒྲུབ་པས་ཆོས་ཉིད་སྤངས།། དེ་ཅིའི་ཕྱིར་ཞེ ་ན། དེ་དག་ཐམས་ཅད་དགག་བསྒྲུབ་གཉིས་ཀྱི་ཆོས།། དེ་དག་སྤང་ལེན་གཉིས་ཀྱི་ཆོས།། དེ་དག་བལྟ་བྱ་བལྟ་བྱེད་གཉིས་ཀྱི་ཆོས།། དེ་དག་བསྒོམ་བྱ་བསྒོམས་བྱེད་གཉིས་ཀྱི་ཆོས།། དེ་དག་སྤྱད ་བྱ་སྤྱོད་བྱེད་གཉིས་ཀྱི་ཆོས།། དེ་དག་བཙལ་བྱ་རྩོལ་བྱེད་ཆོས།། དེ་དག་བསྲུང་བྱ་སྲུང་བྱེད་གཉིས་ཀྱི་ཆོས།། ས་ལམ་བགྲོད་བྱའི་ཆོས་དང་འབྲས་བུ་ཐོབ་བྱའི་ཆོས།། དེ་དག་ཐམས་ཅད་བྱ་བཙལ་ནད་ཡིན་ནོ།། དེ ་ལ་སྤྱད་པས་ནམས་ཀྱང་སངས་མི་རྒྱ།། གཉིས་སྣང་ཞེན་པ་མཆོད་པར།། ཕ་རོལ་ཕྱིན་པའི་སེམས་ཅན་ཉུང་།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དགག་བསྒྲུབ ་སྤང་ཐོབ་གཉིས་ཀྱིས་གྲོལ་བ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། མ་འཁྲུལ་ཁམས་གསུམ་འཁོར་བའི་སེམས་ཅན ་རྣམས།། འགྱུར་མེད་ཆོས་སྐུ་འཐོབ་པའི་ཐབས།། དེ་ཡི་གདམས་ངག་གསུང་དུ་གསོལ།། ཞེས་གསོལ་པ་དང་།། སྟོན་པ་སེམས་ཉིད་ཀུན་བཟང་དེས།། རིན་པོ་ཆེ་རྩིས་གདབ་མེད་པའི་འོད་ནང་ན།། གསལ་བའི ་ཏིང་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས།། ཆོས་སྐུ་འགྱུར་མེད་ཐོབ་ཐབས་ལ།། རྩོལ་བསྒྲུབ་བགྱི་ཡང་མི་འཚལ་ལོ།། བྱ་བ་ཐམས་ཅད་བཏང་ལ་ནི།། ངང་ཉིད་རང་སར་བཞག་པར ་འཚལ།། སྤང་ལེན་ཆགས་འཛིན་ནད་དང་བྲལ།། ང་ཡི་བཀའ་ཆེམས་བསྟན་ལུགས་ནི།། གཞན་ལས་མ་བྱུང་མི་བྱུང་འབྱུང་མི་སྲིད།། ཨ་ལ་ལ་ཧོ།། ང་ཡི་བདུད་རྩི་བཅུད་ཀྱི་སྙིང་ཁུ་འདི་ཡིན་ནོ།། ང་ནི་སྣང་སྲིད་ཀུན ་ལ་སྣང་།། ཀུན་ལ་སྣང་སྟེ་ང་མི་མཐོང་།། མ་མཐོང་བ་ཡིས་ངང་ལ་ཞོག། ང་ནི་སྣོད་བཅུད་ཀུན་ལ་ཁྱབ།། ཀུན་ལ་ཁྱབ་པས་ངོས་ཟུང་མེད།། ངོས་ཟུང་མེད་པའི་ངང་ལ་ཞོག། ང་ནི་ཀུན་གྱི་དངོས་གཞི་སྟེ།། དངོས ་གཞི་མེད་པས་གྲུབ་པ་མེད།། གྲུབ་པ་མེད་པས་ངང་ལ་ཞོག། ང་ཡིས་ཐམས་ཅད་ཕྱེ་བ་སྟེ།། ཕྱེ་མཁན་རྟོག་པ་གཅིག་ཀྱང་མེད།། མ་ཕྱེ་བ་ཡིས་དང་ལ་ཞོག། ང་ནི་ཀུན་ལ་སྣང་བ་སྟེ།། ཀུན་གྱིས་ང་ནི་སྣང་མི ་འགྱུར།། མི་སྣང་བ་ཡི་ངང་ལ་ཞོག། ང་ཡིས་ཐམས་ཅད་བྱས་པ་སྟེ།། ང་ནི་སུས་ཀྱང་མ་བྱས་སོ།། མ་བྱས་པ་ཡི་ངང་ལ་ཞོག། ང་ཡིས་ཐམས་ཅད་བཙལ་བ་སྟེ།། ང་ནི་སུས་ཀྱང་མ་བཙལ་ལོ།། མ་བཙལ་བ་ཡི་ངང་ལ ་ཞོག། ང་ཡིས་ཐམས་ཅད་སྤངས་པ་སྟེ།། ང་ནི་སུས་ཀྱང་མ་སྤངས་སོ།། མ་སྤངས་པ་ཡི་དང་ལ་ཞོག། ང་ཡིས་ཐམས་ཅད་བསྒྲུབ་པ་སྟེ།། ང་ནི་སུས་ཀྱང་མ་བསྒྲུབས་སོ།། མ་བསྒྲུབས་པ་ཡི་དང་ལ་ཞོག། ང ་ཡིས་ཐམས་ཅད་བརྟགས་པ་སྟེ།། ང་ནི་སུས་ཀྱང་མ་བརྟགས་སོ།། མ་བརྟགས་པ་ཡི་ངང་ལ་ཞོག། ང་ཡིས་ཐམས་ཅད་མཚོན་པ་སྟེ།། ང་ནི་སུས་ཀྱང་མ་མཚོན་ནོ།། མ་མཚོན་པ་ཡི་ངང་ལ་ཞོག། ང་ཡི་ཐམས་ཅད ་ཤེས་པ་སྟེ།། ང་ཡི་རང་བཞིན་སུས་ཀྱང་མ་ཤེས་སོ།། མ་ཤེས་པ་ཡི་ངང་ལ་ཞོག། ང་ཡིས་ཐམས་ཅད་བསྐྱེད་པ་སྟེ།། ང་ནི་སུས་ཀྱང་མ་བསྐྱེད་དོ།། མ་བསྐྱེད་རྫོགས་པའི་ངང་ལ་ཞོག། ང་ནི་ཀུན་ལ་སྐྱེ ་བ་སྟེ།། ང་ཡི་རང་བཞིན་ཀུན་ལ་སྐྱེ་བ་མེད།། མ་སྐྱེས་སྐྱེ་བ་མེད་པའི་ངང་ལ་ཞོག། ང་ཡིས་ཐམས་ཅད་རྟོགས་པ་སྟེ།། ང་ནི་སུས་ཀྱང་མ་རྟོགས་སོ།། མ་རྟོགས་པ་ཡི་ངང་ལ་ཞོག། རིག་པ་སྐྱེ་བ་མེད་པ་ཡིས།། མྱང་བ ་མེད་པའི་ངང་ལ་ཞོག། ཡིད་ལ་འགྱུ་བ་མེད་པ་ཡིས།། གཡོས་པ་མེད་པའི་ངང་ལ་ཞོག། སེམས་ལ་མིང་འདོབས་མེད་པ་ཡིས།། ཆགས་འཛིན་སྤྲོས་པ་རྟགས་ཞེན་མེད་པའི་ངང་ལ་ཞོག། གནས་ལུགས་འགྱུར་མེད ་ང་ལ་ཞོག། སྣང་བ་སོར་བཞག་ངང་ལ་ཞོག། དེ་གཉིས་དབྱེ་བསལ་མེད་པར་ཞོག། གནས་ལུགས་དངོས་པོ་མེད་པར་ཞོག། སྣང་བ་དགག་བསྒྲུབ་མེད་པར་ཞོག། དེ་གཉིས་རྩིས་གདབ་མེད་པར་ཞོག། ཕྱི ་ཡི་དཀར་དམར་ཡུལ་རྣམས་ཀུན།། སྣང་ལ་རང་བཞིན་མེད་པར་ཞོག། གནས་ལུགས་སེམས་ཉིད་རྩལ་སྣང་ཀུན།། མི་སྣང་རང་བཞིན་མེད་པར་ཞོག། བར་གྱི་གཉིས་སྣང་རང་བཞིན་ཀུན།། སྤྲོས་པ་ཐག་ཆོད་དང ་ལ་ཞོག། སྐྱེ་བ་མེད་པའི་ངང་དུ་ཞོག། སྨྲ་བསམ་བརྗོད་མེད་ངང་དུ་ཞོག། འགག་མེད་ཆོས་སྐུའི་ངང་དུ་ཞོག། བརྟགས་སྣང་རྣམ་རྟོག་ཐམས་ཅད་ཀྱང་།། གཉིས་མེད་ངང་དུ་ཐམས་ཅད་ཞོག། ཞོག་པའི་ཚིགས་ཀྱང ་མཚོན་མེད་ངང་དུ་ཞོག། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཉམས་བླངས་དང་བཞག་བདུད་རྩིའི་ཉིང་ཁུའི་ལེའུ་སྟེ་དགུ་པའོ།། །། དེ་ནས་སེམས་ཉིད ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། མ་བཅོས་རྣལ་དུ་བཞག་པ་ཡི།། དེ་ཡི་བཞག་ཐབས་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཞེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོ ་དེས།། རིན་པོ་ཆེ་འོད་འཕྲོ་འདུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཏིང་ངེ་འཛིན་ལས་བཞེངས་ནས།། ང་ཡིས་མ་བཅོས་གནས་བཞག་བསྟན།། རྡོ་རྗེ་སེམས་དཔས་གོ་བར་གྱིས།། ང་ལ་བལྟ ་བར་འདོད་པ་རྣམས།། བལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག། བལྟས་པས་མཐོང་བའི་ཡུལ་མེད་ཀྱིས།། མ་བལྟས་བཞག་པས་ལྟ་བ་ཉིད་དང་མཇལ།། ང་ལ་བསྒོམ་པར་འདོད་པ་རྣམས།། བསྒོམ་པར་མ་བྱེད་གཡོ ་མེད་ངང་ལ་ཞོག། འགྱུ་མེད་ངང་ལ་བཞག་པས་སྒོམ་པ་ཉིད་དང་མཇལ།། ང་ལ་སྤྱོད་པར་འདོད་པ་རྣམས།། སྤྱད་པར་མ་བྱེད་བྱར་མེད་ངང་ལ་ཞོག། བྱར་མེད་ངང་ལ་བཞག་པས་སྤྱོད་པ་ཉིད་དང་མཇལ།། ང་ལ ་བསྲུང་བར་འདོད་པ་རྣམས།། བསྲུང་བར་མ་བྱེད་མི་འདའི་ངང་ལ་ཞོག། འདའ་མེད་ངང་ལ་བཞག་པས་དམ་ཚིག་ཉིད་དང་མཇལ།། ང་ལ་བཙལ་བར་འདོད་པ་རྣམས།། བཙལ་བར་མ་བྱེད་རྩོལ་མེད་ངང་ལ ་ཞོག། རྩོལ་མེད་གདེང་ལ་བཞག་པས་ཕྲིན་ལས་ཉིད་དང་འཇལ།། ང་ལ་བགྲོད་པར་འདོད་པ་རྣམས།། བགྲོད་པར་མ་བྱེད་དབྱར་མེད་ངང་ལ་ཞོག། ང་ལ་བསྒྲུབ་པར་འདོད་པ་རྣམས།། བསྒྲུབ་པར ་མ་བྱེད་བསྒྲུབ་མེད་དང་ལ་ཞོག། ང་ལ་ཐོབ་པར་འདོད་པ་རྣམས།། ཐོབ་རྒྱུ་མེད་ཀྱིས་རང་སར་རང་ཉིད་ཞོག། བཞག་ཏུ་མེད་པས་འབྲས་བུ་ཆེན་པོ་ཐོབ།། ཐོབ་ཏུ་མེད་པས་ཐོབ་པའི་དོན་དང་མཇལ།། མཇལ་དུ ་མེད་པས་འགྱུར་མེད་ངང་ལ་ཞོག། སྣང་བ་ཐམས་ཅད་སོར་བཞག་ངང་ལ་ཞོག། གནས་ལུགས་ཐམས་ཅད་འགྱུར་མེད་ངང་ལ་ཞོག། སྤྲོས་པ་ཐམས་ཅད་ཐག་ཆོད་ངང་ལ་ཞོག། སྙིང་པོ་ཆོས་སྐུའི་རང་བཞིན་ནི།། མི ་སྣང་རང་བཞིན་མེད་པའི་ངང་ལ་ཞོག། རྟོག་ཚོགས་བློ་ལ་སྣང་བའི་ཡུལ་སྣང་རྣམས།། སྣང་ལ་རང་བཞིན་མེད་པའི་ངང་ལ་ཞོག། གཉིས་སྣང་གཟུང་འཛིན་གཉིས་ཀྱིས་བཅིངས་པ་རྣམས།། དབྱེ་བསལ་རྩིས་འདབ ་མེད་པའི་ངང་ལ་ཞོག། ཡིད་དཔྱོད་སེམས་ཀྱི་དྲན་རིག་རྣམས།། རང་དངས་ཆེན་པོའི་ངང་ལ་ཞོག། རྟོག་ཚོགས་སེམས་ཀྱི་ཆོ་འཕྲུལ་རྣམས།། རང་སངས་ཆེན་པོའི་ངང་ལ་ཞོག། འགྱུ་བ་རིག་པ་བརྟག་པ ་རྣམས།། གསལ་གདངས་ཆེན་པོའི་ངང་ལ་ཞོག། ངང་བཞག་ཐབས་ཀྱི་དྲིལ་བས་གསུམ་དུ་འདུས།། རིག་པ་སྐྱེ་བ་མེད་པའི་ངང་ལ་ཞོག། ཡིད་ནི་འགྱུ་བ་མེད་པའི་ངང་ལ་ཞོག། སེམས་ནི་མིང་མེད་ངང་ལ ་ཞོག། ཐམས་ཅད་གཅིག་ཏུ་དྲིལ་བའི་ངང་བཞག་རྣམ་གསུམ་འདི།། ཐོབ་ཏུ་མེད་པས་སྐུ་གསུམ་འདིས།། སྲིད་གསུམ་ཟིལ་གནོན་ས་གསུམ་རང་སར་ནོན།། དུག་གསུམ་རྩད་བཅད་ཁམས་གསུམ་ཕྱགས་མས ་བཏབ།། ངོ་བོ་རང་བཞིན་ཐུགས་རྗེའི་སྣང་བའོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་བཅོས་རྣལ་དུ་བཞག་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་སེམས ་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། སྙིང་པོ་འགྱུར་མེད་ཆོས་སྐུ་ལ།། མིང་མེད་མིང་བཏགས་ཇི་ལྟར་ལགས།། སེམས་ཉིད་སྟོན་པ་ཀུན་བཟང་དེ།། རིན་པོ་ཆེ་འོད་འབར་བའི་ཏིང་ངེ་འཛིན་ལ ་ཞུགས་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས།། ཆོས་སྐུ་མིང་མེད་མཚོན་མེད་ལ།། མཚོན་པའི་མིང་གིས་གོལ་བར་བཤད།། གོལ་སྒྲིབ་མཚན་ཉིད་ངས་བཤད་ཀྱིས།། རྡོ་རྗེ་སེམས་དཔས་ཡིད་ལ ་ཟུང་།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། མེད་པར་འདོད་པས་སངས་རྒྱས་གོལ།། ཆོས་སྐུ་མེད་པས་ཆོས་སྐུའི་མིང་ཡང་མེད།། མེད་པར་འདོད་པས་ཆོས་སྐུ་གོལ།། ལོངས་སྐུ་མེད་པས་ལོངས་སྐུའི ་མིང་ཡང་མེད།། མེད་པར་འདོད་པས་ལོངས་སྐུ་གོལ།། སྦྲུལ་སྐུ་མེད་པས་སྦྲུལ་སྐུའི་མིང་ཡང་མེད།། མེད་པས་འདོད་པས་སྦྲུལ་སྐུ་གོལ།། འཁོར་བ་མེད་པས་འཁོར་བའི་མིང་ཡང་མེད།། མེད་པར་འདོད་པས་རང ་གིས་གོལ།། མྱང་འདས་མེད་པས་མྱང་འདས་མིང་ཡང་མེད།། མེད་པར་འདོད་པ་རང་གིས་གོལ།། མ་རིག་མེད་པས་མ་རིག་མིང་ཡང་མེད།། མེད་པར་འདོད་པ་རང་གིས་འཁྲུལ།། ཡེ་ཤེས་མེད་པས ་ཡེ་ཤེས་མིང་ཡང་མེད།། མེད་པར་འདོད་པ་རང་གིས་འཁྲུལ།། རྣམ་རྟོག་མེད་པས་རྣམ་རྟོག་མིང་ཡང་མེད།། མེད་པར་འདོད་པ་རང་གིས་འཁྲུལ།། ཆོས་ཉིད་མེད་པས་ཆོས་ཉིད་མིང་ཡང་མེད།། མེད་པར་བསྒྲུབ ་པར་འདོད་པ་དང་གིས་འཁྲུལ།། ཕྱོགས་རིས་མེད་པས་ཕྱོགས་རིས་མིང་ཡང་མེད།། མེད་པར་བསྒྲུབ་པར་འདོད་པ་རང་གིས་འཁྲུལ།། དེ་དག་ཐམས་ཅད་གཉིས་མེད་ལ།། གཉིས་སུ་བཟུང་བས་འཁྲུལ་པ ་ཡིན།། དེ་དག་ཐམས་ཅད་དབྱེར་མེད་ལ།། དབྱེ་བ་བྱུང་བས་བསྒྲིབས་པ་ཡིན།། དེ་དག་ཐམས་ཅད་བརྗོད་མེད་ལ།། བརྗོད་པ་བྱུང་བས་བསྒྲིབས་པ་ཡིན།། དེ་དག་ཐམས་ཅད་མིང་མེད་ལ།། མིང་དུ་བཏགས་པས ་འཁྲུལ་པ་ཡིན།། དེ་དག་ཐམས་ཅད་མཉམ་པ་ལ།། ཕྱོགས་སུ་བཟང་བས་འཁྲུལ་པ་ཡིན།། དེ་དག་ཐམས་ཅད་ཆགས་མེད་ལ།། ཆགས་ཞེན་བྱུང་བས་འཁྲུལ་པ་ཡིན།། གནས་དོན་མ་རྟོགས་སྒྲིབ་པ་ཡིན།། འགྲོ་སྒྲ ་ནོར་བས་གོལ་ས་ཡིན།། སྒོ་ལྔར་འཁྱམས་པས་འཁྲུལ་པ་ཡིན།། གོལ་སྒྲིབ་གཉིས་སྟོང་ལྔ་བརྒྱ་ཡང་།། དབྱེ་ན་བསམ་གྱིས་མི་ཁྱབ་སྟེ།། བསྡུས་པས་གསུམ་པོ་དེ་རུ་འདུས།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གོལ་སྒྲིབ་འཁྲུལ་གསུམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། གོལ་སྒྲིབ་ལ་བཟླ་ཇི ་ལྟར་ལགས།། ཞེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེའི་འོད་ཐིག་ལེར་བསྡུས་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཐེག་པའི་གོལ་སྒྲིབ་འཁྲུལ་པ ་ངས་མང་བསྟན།། བརྗོད་ཀྱིས་མི་ལང་བསམ་གྱིས་མི་ཁྱབ་སྟེ།། ཡང་ན་རྒྱུད་ནས་ཞིབ་པར་གསུངས།། རང་རང་ནང་ན་རྒྱས་པར་བཞུགས།། སྠི་ཏི་ཡོ་གའི་གོལ་སྒྲིབ་འཁྲུལ་པ་ལ་བཟླ་བཤད།། རྡོ་རྗེ་སེམས་དཔས ་གོ་བར་ཟུང་།། མ་རྟོགས་བློ་ལ་གོལ་སྒྲིབ་སྣང་མོད་ཀྱང་།། སྙིང་པོའི་དོན་རྟོགས་གོལ་སྒྲིབ་མེད།། མིང་མེད་མིང་བཏགས་གོལ་བ་ཡང་།། མིང་མེད་བརྗོད་ལས་འདས་པས་གོལ་བ་མེད།། གཟུང་འཛིན་གཉིས་ཀྱིས ་བཅིངས་པའི་སྒྲིབ་པ་ཡང་།། དབྱེ་གསལ་རྩིས་གདབ་མེད་པས་སྒྲིབ་པ་མེད།། མཚོན་པ་རྣམ་རྟོག་བློ་ཡི་འཁྲུལ་པ་རྣམས།། སྨྲ་བསམ་བརྗོད་ལས་འདས་པས་འཁྲུལ་དུ་མེད།། གོལ་སྒྲིབ་བསམ་གྱིས་མི་ཁྱབ ་ཀྱང་།། བསྡུས་པས་གོལ་སྒྲིབ་འཁྲུལ་གསུམ་སྟེ།། འཆར་བའི་སྒོ་ནོར་གོལ་ས་ཡང་།། ལྡོག་པའི་ཐབས་ཤེས་གོལ་དུ་མེད།། གནས་དོན་མ་ཤེས་སྒྲིབ་པ་ཡང་།། སྙིང་པོར་དོན་ཤར་སྒྲིབ་ཏུ་མེད།། ལྷོ་ལྔར་འཁྱམས ་པའི་འཁྲུལ་པ་ཡང་།། ཡིད་རྩད་ཆོད་པའི་འཁྲུལ་དུ་མེད།། འགྲོ་སྒོམ་ནོར་ཡང་དག་ལ།། ངེས་པའི་དོན་མཐོང་ཡང་དག་ལམ།། ཟག་ཚོད་གདོང་ལྡན་རེ་དོགས་བྲལ།། སྙིང་པོའི་དོན་རྟོགས་གོལ་སྒྲིབ ་མེད།། མཉམ་པའི་དོན་རྟོགས་འཁྲུལ་པ་མེད།། གཉིས་མེད་དོན་རྟོགས་ཕྱོགས་རིས་མེད།། དབྱེར་མེད་དོན་རྟོགས་གཟུང་འཛིན་མེད།། ཡེ་ཤེས་དོན་རྟོགས་མ་རིག་མེད།། སྐུ་གསུམ་དོན་རྟོགས་དུག་གསུམ ་སྐུ་ལྔའི་དོན་རྟོགས་དུག་ལྔ་མེད།། སངས་རྒྱས་དོན་རྟོགས་སེམས་ཅན་མེད།། མྱང་འདས་དོན་རྟོགས་འཁོར་བ་མེད།། ཐག་ཆོད་དོན་རྟོགས་ཡུལ་སེམས་མེད།། རྟོགས་པ་ཀློང་ནས་ཤར་བས་མ་རྟོགས ་མེད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གོལ་སྒྲིབ་ལ་བཟླ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ ་སེམས་དཔས་འདི་སྐད་ཞུས།། རང་ལ་ཡེ་ནས་ཡོད་པ་ལ།། བྱ་བཙལ་རྩོལ་བསྒྲུབ་མི་འཚལ་ལམ།། ཞེས་གསོལ་པ་དང་། སེམས་ཉིད་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་ལྔའི་ནང་ན་གསལ་བའི་ཏིང་ངེ་འཛིན་ལ ་བཞུགས་སོ།། དེ་ལས་བཞེངས་ནས་འདི་སྐད་གསུངས།། རང་ལ་ཡེ་ནས་ཡོད་པ་ལ།། རྩོལ་བསྒྲུབ་བྱ་བཙལ་མི་འཚལ་ཏེ།། ང་ཡིས་རེ་མེད་རང་གནས་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། ངང་དངས་ལྟ་བ ་ཡིན་ཤེས་ལ།། ཁྱོད་ཀྱིས་བལྟ་བ་མ་ལྟ་ཅིག། ངང་དངས་སྒོམ་པ་ཡེ་ཤེས་ལ།། ཁྱོད་ཀྱི་བསྒོམ་པས་མ་སྒོམ་ཤིག། ངང་དངས་སྤྱོད་པ་ཡིན་ཞེས་ལ།། ཁྱོད་ཀྱི་སྤྱོད་པ་མ་སྤྱད་ཅིག། ངང་དངས་འབྲས་བུ་ཡིན་ཤེས ་ལ།། ཁྱོད་ཀྱིས་འབྲས་བུ་མ་སྒྲུབས་ཤིག། ང་ཉིད་སྐུ་གསུམ་ཡེ་ཤེས་ལ།། ཁྱོད་ཀྱིས་སྐུ་གསུམ་མ་སྒྲུབས་ཤིག། རང་ཉིད་སངས་རྒྱས་ཡིན་ཤེས་ལ།། ཁྱོད་ཀྱིས་སངས་རྒྱས་མ་སྒྲུབས་ཤིག། སེམས་ཉིད་ཆོས་སྐུ་ཡིན། ་ཤེས་ལ།། ཆོས་སྐུ་གཞན་ནས་མ་བཙལ་ཅིག། བཙལ་བས་བསྐལ་པ་འབུམ་ཕྲག་དུ་ཡང་མི་རྙེད་དོ།། འདས་པའི་སངས་རྒྱས་རྣམས་ཀྱིས་མ་བཙལ་ཏོ།། ཕྱིས་འབྱུང་སངས་རྒྱས་རྣམས་ཀྱིས་མི་འཚོལ་ལོ།། ད་ལྟའི ་རྒྱལ་བ་རྣམས་ཀྱིས་བཙལ་བས་མི་རྙེད་དོ།། བཙལ་བས་རྙེད་པའི་སངས་རྒྱས་སམ།། བསྒྲུབ་པས་འགྲུབ་པའི་སྐུ་གསུམ་མམ།། ལྷ་སྒོམ་སྤྱོད་འབྲས་བཙལ་བའི་བྱང་ཆུབ་བམ།། དེ་རྣམས་བརྒྱ་ལ་རྙེད་ཀྱང་རྣམ་རྟོག ་གམ།། སྐྱེ་བའི་འཇིག་རྟེན་རྡོས་པའི་ཆོས་སུ་འགྱུར།། དེ་བས་གོང་ལྟར་ཤེས་པར་གྱིས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རང་གནས་རེ ་མེད་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། རང་མདངས་ཆེན་པོ་ཅི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཞེས ་གསོལ་པ་དང་། སྟོན་པ་རིན་པོ་ཆེ་འོད་བཀོལ་བ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། བཞེངས་ནས་འཁོར་ལ་འདི་སྐད་གསུངས།། བདུད་རྩི་ཡང་ཞུན་རང་མདངས་བཤད།། འཁོར་རྣམས ་མ་ཡེངས་གུས་པས་ཉོན།། ཨཱ་པ་ར་ཙིཏྟ་ཨཱ་སིམ། སྐུ་གསུམ་འགྱུར་བ་མེད་དེ་རང་མདངས་ཆེན་པོར་གདའ།། དུག་གསུམ་སྤང་བ་མེད་དེ་རང་དང་ས་ཆེན་པོར་གདའ།། ཡེ་ཤེས་བཙལ་བ་མེད་དེ་རང་དང་ས་ཆེན་པོར ་གདའ།། མ་རིག་སངས་པ་མེད་དེ་རང་དངས་ཆེན་པོར་གདའ།། ཆོས་ཉིད་བཙལ་བ་མེད་དེ་རང་དངས་ཆེན་པོར་གདའ།། རྣམ་རྟོག་སྤང་བ་མེད་དེ་རང་དངས་ཆེན་པོར་གདའ།། སངས་རྒྱས་བསྒྲུབ་པ་མེད་དེ་རང ་དངས་ཆེན་པོར་གདའ།། སེམས་ཅན་སྤང་བ་མེད་དེ་རང་དངས་ཆེན་པོར་གདའ།། མྱང་འདས་བསྒྲུབ་པ་མེད་དེ་རང་དངས་ཆེན་པོར་གདའ།། འཁོར་བ་སྤངས་པ་མེད་དེ་རང་དངས་ཆེན་པོར་གདའ།། ཕྱོགས་རིས ་སྤངས་པ་མེད་དེ་རང་དངས་ཆེན་པོར་གདའ།། ཆོས་སྐུ་འགྱུར་བ་མེད་དེ་རང་དངས་ཆེན་པོར་གདའ།། སྙིང་པོ་འགྱུར་བ་མེད་དེ་རང་དངས་ཆེན་པོར་གདའ།། ངང་ཉིད་འགྱུར་བ་མེད་དེ་རང་དངས་ཆེན་པོར ་གདའ།། ངང་དངས་གཡོ་འགུལ་མེད་དེ་རང་དངས་ཆེན་པོར་གདའ།། སེམས་ཉིད་བསླད་པ་མེད་དེ་རང་དངས་ཆེན་པོར་གདའ།། གཞི་ཉིད་འགྱུར་བ་མེད་དེ་རང་དངས་ཆེན་པོར་གདའ།། དེ་ལ་སོགས་པ་བརྟགས ་སྣང་ཐམས་ཅད་རང་དངས་ཆེན་པོར་གདའ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བདུད་རྩི་ཡང་ཞུན་རང་དངས་ཀྱི་ལེའུ་སྟེ་བཅུ་བཞི ་པའོ།། །། དེ་ནས་སེམས་ཉིད་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཆོས་ཉིད་གཏིང་གསལ་ཆེན་པོའི་དོན།། འདུས་པའི་འཁོར་ལ་བསྟན་དུ་གསོལ།། ཞེས་གསོལ་པ་དང་།། སེམས་ཉིད ་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་གཏིང་ནས་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཨ་མུན་དྷ་རི་པེ་ཏ་ཨ་ཏི། བདུད་རྩི་བཅུད་ཀྱི་སྒྲོན ་གསལ་བཤད།། རྡོ་རྗེ་སེམས་དཔས་གོ་བར་ཟུང་།། སྙིང་པོ་འགྱུར་མེད་ཆོས་སྐུའི་ཀློང་ཡངས་དེར།། ཤེས་པ་མ་འགགས་སྣ་ཚོགས་ཀུན་ཏུ་རྒྱུ།། གར་ཡང་འགྲོ་ས་མ་རྙེད་སྙིང་པོའི་ཀློང་དུ་ཐིམ།། ཆོས་ཉིད་མ་ལ་མ ་འགགས་རྩལ་སྣང་དུ་ཐིམ་པས།། མ་བུ་ངོ་འཕྲད་ཐོག་མར་ཡེ་སངས་རྒྱས།། དབྱེར་མེད་དང་ཐིམ་ཡེ་ཤེས་རང་ས་ཟིན།། འཁྲུལ་པ་རང་སངས་རྣམ་རྟོག་རང་སར་གྲོལ།། སྐྱེ་མེད་དོན་རྟོགས་སྙིང་པོའི་ཀློང་ནས ་ཤར།། བརྗོད་མེད་དོན་རྟོགས་འགྱུར་མེད་དང་ལ་གནས།། དེ་ལ་ཀུན་ཀྱང་གང་གནས་པ།། སྣང་བ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། སྟོང་པ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། གཉིས་མེད ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། སྐུ་གསུམ་ཡིད་ལ་མ་བྱས་གཏིང་གསལ་ཆེན་པོ་ཡིན།། དུག་གསུམ་རྩད་ནས་གཅོད་པའི་གཏིང་གསལ་ཆེན་པོ་ཡིན།། སྟོང་པ་ཡིད་ལ་མི་བྱེད་གཏིང ་གསལ་ཆེན་པོ་ཡིན།། བདེ་བ་ཡིད་ལ་མི་བྱེད་གཏིང་གསལ་ཆེན་པོ་ཡིན།། སྐྱེ་མེད་ཡིད་ལ་མི་བྱེད་གཏིང་གསལ་ཆེན་པོ་ཡིན།། དེ་ལ་སོགས་པ་ཐམས་ཅད་གཏིང་གསལ་ཆེན་པོ་ཡིན།། སྣང་སྲིད་ཁ་སྦྱོར་བདུད ་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས་བདུད་རྩི་བཅུད་ཀྱི་སྒྲོན་གསལ་གྱི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཀུན་ཏུ་བཟང་པོ་དེས།། རིན་པོ་ཆེ་བརྡའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་རྣམས་བརྡ་ཡིས་ཇི་ལྟར་བཤད།། ཅེས་གསོལ་པ་དང་། སྡུད་པ་སེམས་དཔའ་རྡོ་རྗེ་ལ།། ཀུན་ཏུ་བཟང་པོས་ཏིང་ངེ ་འཛིན་ལས་བཞེངས་ཏེ། དེ་ནས་འཁོར་ལ་འདི་སྐད་གསུངས།། ཨཱ་ཨཱ་འགས་ཡ།། མ་ཧཱ་སུ་ཁ་ཧོ།། སྠི་ཏི་བརྡ་ཡི་ལེའུ་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། ནམ་མཁར་བྲོ་བརྡུངས། རི་ཁར་བསོས་རྡེབ། ་གངས་ཁར་མདུང་ཚུགས། མཁར་ཁར་དར་ཕྱོར། རྒྱ་མཚོར་ཁྱིམ་གྱིས། ནམ་མཁས་ཡུལ་གྱིས། དབུས་ཀྱི་རི་བོས་མཁར་གྱིས། བར་སྣང་ལུས་ལ་གོན། ན་བུན་མགོ་ལ་གོན།། སྐར་མདའ་སྐེད་ལ་ཆིངས། གཡས ་སུ་ཉི་མ་ཐོགས། གཡོན་དུ་ཟླ་བ་ཐོགས། སྤྲིན་གྱི་ལྷམ་གྱིས། འབྱུང་བ་ལྔ་གོས་གྱིས། སྣང་བ་ཟས་སུ་ཟོ། སྲིད་པ་ལྟོ་རུ་ཆུག་འཇའ་ཚོན་གྱི་རྒྱལ་མཚན་གྱིས། གཅིག་སོད། གཉིས་སྤོངས། གསུམ་རྟེན། གཅིག་ཡུལ ་ཕྱུང་། གསུམ་སྙིང་ནས་དྲོངས། གཉིས་ཀྱི་སྐེ་ཆོད། གཅིག་ཡུལ་འཛིན་དུ་ཆུག། གསུམ་གྱི་དགྲ་དཔུང་ཆོམས། གཉིས་རོག་བྱེད་དུ་ཆུག། ལོང་བའི་མིག་ལ་ཉི་མ་ཁོ་བ། མེ་ཆེན་འབར་བ་ཆུ་ཡིས་སོད། མཚོ་ཆེན་ཁོལ ་མ་མེ་ཡིས་སོད། ཀུན་གཞི་ལྕགས་སུ་ཆུག་ཡིད་ལ་མདས་རྒྱོབ། ཕུང་མཁན་ངོས་ཟུང་། ལྔ་པོ་ཁྱེར།། གཅིག་པོ་སོད། ཐོག་མཐའ་གཉིས་ཀྱི་དྲང་ཐག་ཆོད།། དགྲ་དཔུང་ཚོམས་ལ་རྫོངས་སུ་ཞུགས།། གནད་མཁར ་བསྲུང་ལ་ཟམ་འཕྲང་སྡོམས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བརྡའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་སྟོན་པ་ཀུན་བཟང ་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཐེག་པ་གཞན་ལ་མེད་པའི་སྤྱི་ཏིའི་བརྡ་ཆོས་ཅི་ལྟར་ལགས།། ཞེས་གསོལ་པ་དང་།། དེ་ནས་སེམས་ཉིད་ཀུན་བཟང་དེ། རིན་པོ་ཆེ་འོད་བཀོལ་བ་མེད་པའི་ཏིང་ངེ་འཛིན་ལ ་བཞུགས་སོ།། དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདི་སྐད་ཅེས་གསུངས་སོ།། ང་ཡི་བརྡ་ཆོས་འདི་ལྟ་བུ།། ཐེག་པ་གཞན་ལ་མི་འབྱུང་བས།། བརྡ་ཡི་ཆོས་རྣམས་ང་ཡིས་བཤད།། འཁོར་རྣམས་མ་ཡེངས ་གུས་པས་ཉོན།། རི་བསྙིལ་མེ་སོད་བྲག་ཆོ་ག་ལ།། མཚོ་སྐོམས་མདུད་ཁྲོལ་ཕྱགས་མས་ཐོབ།། རྒན་རྒོན་སོད་ལ་བུ་ཕྲུག་སྤོས།། ཆོ་གང་སོད་རལ་གྲི་ཐོགས།། ཕག་སྦྲུལ་བྱ་དང་ཁྱི་སོད་ལ།། ནམ ་མཁའི་དབྱིངས་སུ་སྤོས་ལ་ཞོག། ཁྱུང་ལ་ཞོན་ནས་སེང་གེ་ཁྲིད། ནམ་མཁའ་གོས་སུ་གོན། ས་གཞི་སྟན་དུ་ཐིང་། སྣང་སྲིད་ཁ་རུ་ཆུག་ལ་རྒྱ་མཚོ་ཁྲོགས་ཆོད་གྱིས། མཁའ་ལ་ལྟོས་ལ་སྤྲིན་ལ་ཚུགས། མཚོ་གཏིང ་ཉོལ་ལ་ཉི་ཟླ་མིག་ཏུ་ཆུག། རླུང་པོ་སྟོད་ལ་ནོན་ལ་རྨིག་རྒྱུ་དབྱིངས་སུ་སྒྲོལ།། སྤྲེའུ་སོད་ལ་ནམ་མཁར་སྡོད།། རིག་པའི་ཁྱེའུ་ཆུང་ནམ་མཁར་ཕྱིན།། འགྲོ་ས་མ་རྙེད་ཡི་མུག་ནས།། ནམ་མཁའི་དབྱིངས་སུ་ངལ ་ཅིག་སོས།། ཉི་ཟླའི་དབྱིངས་སུ་ཤུལ་བཏོད་ལ།། འཇའ་ཚོན་ལྔ་ཡི་ལམ་དུ་ཞུགས།། རྒྱ་མཚོ་ཆེན་པོའི་གཏིང་དུ་ཕྱིན།། འགྲོ་ས་མ་རྙེད་ལྕིབས་ནས་བཏང་།། མུན་སྣང་གཉིས་སུ་གསལ་བའི་སྒོ་ཕྱེ་ལ།། དགྲ་ཟིན ་གཉིས་ཀྱི་ས་མཚམས་སུ།། མི་འཇིགས་པ་ཡི་སྐྱེལ་མ་ཚོལ།། རྣོ་བའི་མཚོན་ཐོགས་སྲ་བའི་གོ་གོན་ལ།། མགྱོགས་པའི་རྟ་ཞོན་མི་བསྐུའི་གྲོགས་པོ་ཚོལ།། འཕྲང་གསུམ་ནང་དུ་སྐྲག་བཅུག་ལ།། དགྲ་ངོས་ཟུང་ལ ་དགྲ་རྣམས་སོད།། གནད་གསུམ་ནང་དུ་གཙིགས་ལ་དབབ།། རྒྱལ་པོ་བཙོན་དུ་ཟིན་པ་དང་།། དགྲ་ཡི་བུ་རྣམས་བསད་པ་ཡིས།། རྒྱལ་ཁམས་ཆམ་ལ་འབབ་པ་ཡིན།། འཁོར་འདས་གཉིས་ཀྱི་འཁྲུག་པ ་ཟིན།། གཏན་མཁར་བཙན་པོ་བསྲུང་བ་ལ།། རྫོང་གསུམ་ནང་དུ་ཉལ་ལ་བསྡད།། སོ་མཚམས་ཡུལ་སྲུངས་འཕྲང་གསུམ་སྡོམས།། ཉོན་མོངས་དམག་དཔུང་ཆེན་པོ་ནི།། མ་བཟློག་པ་རུ་གྱུར་པ་ན།། སྲིད་སྡེ་བཙལ ་ལ་དམག་སོ་བལྟ།། གོ་ཆ་མཚོན་ལ་ནན་ཏན་བསྐྱེད།། བསྒོམ་པའི་ཁྲབ་ཆེན་ལུས་ལ་གོན།། མན་ངག་གནད་ཀྱི་སྐེ་རགས་བཅིངས།། བྱིན་རླབས་ཆེན་པོའི་ཁྲབ་ལག་བཅུག། བཀའ་ལུང་མ་ནོར་ཧེལ་སྐྲག ་གོན།། གཉིས་མེད་ཆེན་པོའི་རྐང་ཆས་བཅུག། འགྱུར་བ་མེད་པའི་ཐག་གུས་བཅིངས།། ལུང་རིགས་གཉིས་ཀྱི་འཁོར་གསུམ་བཏགས།། སྟོང་ཉིད་གཞུ་མོ་ལག་ཏུ་ཐོགས།། ཐབས་དང་ཤེས་རབ་མཆོག་མ་ལ།། ཆང ་ཟུང་ཐིག་ལེ་ཉག་གཅིག་ཡིན།། རྒྱུད་ནི་འགྱུར་བ་མེད་པ་ཡིན།། བདེ་བ་ཆེན་པོའི་སྡུག་མ་ལ།། ལུང་རིགས་གཉིས་ཀྱི་སྟོང་ཞིག་བཏོད།། ཚད་མེད་བཞི་ཡི་སྒྲོ་ཞིག་བསྒོན།། འགྱུར་བ་མེད་པའི་གཅས་གཅིག ་དཀྲིས།། ཤེས་རབ་རྣོན་པོའི་མདེའུ་བཅུག། མདའ་དེ་སྟོང་ཉིད་དང་པོར་གསལ།། བལྟ་བའི་ཕུབ་ཆུང་རྒྱབ་ཏུ་གོན།། སྒོམ་པའི་རྨོག་གཞུ་མགོ་ལ་གོན།། དེ་ལྟར་བྱས་ནས་དམག་ལ་འགྲོ།། དམག་དཔོན་ཆེན་པོ ་འགྱུར་མེད་དང་།། དམག་དཔོན་ཆེན་པོ་སྐྱེ་མེད་དང་།། དམག་དཔོན་ཆེན་པོ་འགག་མེད་དང་།། སྐྱེ་འགག་གཉིས་མེད་དམག་དཔོན་བཞིས།། དཔའ་བོ་ཆེན་པོ་བཞི་བཙལ་ཏེ།། དཔའ་བོ་ཆེན་པོ་གྲོས་ཐག ་ཆོད།། དཔའ་བོ་ཆེན་པོ་ལམ་ལ་མཁས།། དཔའ་བོ་ཆེན་པོ་མངོན་ཤེས་ཅན།། དཔའ་བོ་ཆེན་པོ་མཐུ་བོ་ཆེ།། དཔའ་བོ་བཞི་དང་དམག་དཔོན་བཞི།། དེ་ཡིས་སྣ་གྲངས་བསམ་ལས་འདས།། འཁོར ་འདས་གཉིས་ཀྱི་འཁྲུག་པ་བྱེད།། མ་རིག་ཡེ་ཤེས་འཁྲུག་པ་བྱེད།། སེམས་ཅན་སངས་རྒྱས་འཁྲུག་པ་བྱེད།། ཀུན་གཞིའི་སྟོང་ར་ཆེན་པོ་ན།། སེམས་ཀྱི་ནོར་བུ་རིན་ཆེན་འབར།། མ་འཚམས་འཁྲུག་པ་ཆེན་པོ ་བྱུང་།། ཉོན་མོངས་འཁོར་བའི་དམག་དཔུང་ལ།། རང་དངས་དཔའ་བོས་མདའ་ཞིག་འཕེན།། སྟོང་ཉིད་གཞུ་མོ་ལྕོག་གིས་བརྡུངས།། བདེ་བ་ཆེན་པོའི་མདའ་སྟོང་དེ།། ལུང་རིགས་གཉིས་ལ་མདའ་སྟོང་སྦྱར།། སྟོང ་པ་ཉིད་དུ་མདེལ་གྱིས་བཀང་།། ཉོན་མོངས་དམག་ལ་མདའ་གཅིག་བརྡེག། ང་བདག་གཉིས་ལ་གཟིར་གཟིར་ནས།། འགོང་པོ་ངར་འཛིན་སྙིང་ལ་བརྒྱ་པ།། ང་རྒྱལ་ང་བདག་ལྷན་གྱིས་ཤི།། ངང་དངས་ཆེན་པོའི ་མདའ་འཕངས་པས།། མ་རིག་གཏི་མུག་སྙིང་ལ་བརྒྱབ།། ཡེ་ཤེས་གསལ་བའི་ཀློང་དུ་ཤི།། མུན་པ་མི་གསལ་སྒྲིབ་པ་བརླག། རང་དངས་ཆེན་པོའི་མདའ་འཕངས་པས།། གཟུང་འཛིན་སྦྲང་ལེན་སྙིང་ལ ་བརྒྱ་པ།། དགག་བསྒྲུབ་མེད་པའི་ངང་དུ་ཤི།། གསལ་དངས་ཆེན་པོའི་མདའ་འཕངས་པས།། ང་བདག་ཕྱོགས་རིས་སྙིང་ལ་བརྒྱ་པ།། དབྱེ་བསལ་མེད་པའི་ངང་དུ་ཤི།། གཏིང་གསལ་ཆེན་པོའི་མདའ་འཕངས ་པས།། དུས་ལྔ་ཆོས་བརྒྱད་སྙིང་ལ་བརྒྱབ།། ཡེ་ཤེས་མཐའ་བྲལ་ཀློང་དུ་ཤི།། སྤྲོས་པ་ཟག་ཆོད་མན་ངག་གིས།། ཉོན་མོངས་དམག་གི་གཡུལ་ངོ་ཟློག། མ་རིག་པ་ཡི་མཁར་ཁང་བཅོམ།། ཉོན་མོངས་བརྒྱད་ཁྲིའི་རྩ ་བ་བརླགས།། དུག་གསུམ་རྩ་བ་གཏན་ནས་བཅད།། ཉོན་མོངས་དམག་རྣམས་ཕྱགས་མས་བཏབ།། ཡེ་ཤེས་ཟང་ཐལ་ཐོ་ལེས་བཏབ།། དམག་དཔུང་བཟློག་པ་ངོ་མཚར་ཆེ།། བདུད་རྩི་བཅུད་འཐུང་སྡོང་པོའི་རྩ ་བཆོད།། ཟས་ཀྱི་བྲོ་བ་མྱོང་ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཟོག་མཐའ་གཅོད་པའི་རྒྱུད་ལས། བརྡའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་རྣམས་བརྡ་ཡིས་ཇི་ལྟར་བཤད།། ཅེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་འགྱེད་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཡུལ་ཁམས་གཅིག་ན་མི་གཅིག་བདོག། ནོར་ཅིག་པོ་ལ་མི་ཟད་གཏེར་ཆེན་ཡོད་དོ་སྐད།། ནོར་དེ་ཐོབ་པ་བདོག་ལགས་སམ།། ཐོབ་ཏུ་མི་སྟེར་འདྲེ་གཅིག ་ཡོད།། འདྲེ་དེ་ངོ་ཡིས་ཤེས་ལགས་སམ།། ནོར་ལ་སྦས་པས་ས་གཅིག་བདོག། སྦས་ས་གང་ཡིན་ཤེས་ལགས་སམ།། ནོར་ལ་ཕྱོགས་མེད་ཡུལ་ཅིག་ཡོད།། ཡུལ་གྱི་ངོས་ནི་ཟིན་ལགས་སམ།། ནོར་ལ་བདག་པོ་མི ་གཉིས་ཡོད།། དེ་གཉིས་གང་ལགས་ཤེས་ལགས་སམ།། ནོར་ལ་ཐོབ་ཐབས་རྣམ་གསུམ་ཡོད།། དེ་གསུམ་གང་ལགས་ཤེས་ལགས་སམ།། ནོར་ལ་ཐོབ་རྟགས་རྣམ་བཞི་ཡོད།། དེ་བཞི་གང་ལགས ་ཤེས་ལགས་སམ།། སྤྱི་ཡུལ་ཆེན་པོ་དེ་ན་དབང་ཡོད་མི་གཉིས་ལ།། སྤྱི་ཡི་ནོར་བུ་རིན་ཆེན་ཡོད།། མི་སྣ་སོང་ལ་མི་གཅིག་ཞོག། ནོར་དེ་རང་གིས་ཐོབ་པར་གྱིས།། མིག་དེ་ཕྱེ་ལ་མུན་པ་སོལ།། ཉི་ཟླ་གཉིས་ཀྱི ་མཚམས་སུ་སྡོད་ལ། སྣང་བའི་མེ་ལོང་ལྟོས། ས་གཞི་སྟེང་དུ་ཁོ་བ་ལ། ནམ་མཁའ་གདན་དུ་ཐིང་། ན་བུན་ལ་ཞྭ་གྱིས་ལ། བར་སྣང་ལ་ཉལ་ས་ཆོས། སྣང་སྲིད་ལྟོར་ཆུག། སྤྲེའུ་དང་ཆུ་གཉེར་ལག་པས་བཟུང་། རླུང ་པོ་རྐང་པས་ནོན་ལ་འཇའ་ཚོན་མགོ་ལ་ཚུགས། རི་རབ་མཁའ་རུ་སྡོད་ལ་ཆུ་རྣམས་ཁ་རུ་ལུག། མུན་སྣང་གཉིས་ཀྱི་སོ་མཚམས་ན།། ཅི་བཏབ་སྐྱེ་བའི་ལྡུམ་ར་ཡོད།། དེ་ན་ཐམས་ཅད་ཡིད་དུ་འོང་བའི་མེ་ཏོག ་རྒྱས།། འབྲས་བུ་རང་འབར་དང་དངས་རིན་པོ་ཆེ།། དེ་ལ་ཀུན་ཀྱང་འདོད་པ་སྐྱེས།། ཡོ་ཡིས་འདོད་ཀྱང་མ་ཐོབ་པས།། མ་འཆམ་སིད་ཚན་གཉིས་སུ་བྱེ།། ཁོང་གཉིས་འཁྲུག་པ་ཆེན་པོ་བྱེད།། ཁྱེའུ་ཆུང་དང་དངས ་སྣང་གསལ་ཀུན་རིག་འཕྲུལ་གྱི་མེ་ལོང་ཅན་ཁྱོད་དགྲ་ཟིན་གཉིས་ཀྱི་སོ་མཚམས་སྤྱི་བར་སོང་ལ་སྐྱེད་པུ་གསུམ་གསུམ་དྲུག་ཚུགས་ལ་ཟངས་པོ་ཆེ་ནི་གཉིས་བཙུགས་ཏེ། གཅིག་ཏུ་དུག་ཆུ་ཟངས་གང་སྐོལ། གཅིག། ་ཏུ་བདུད་རྩི་ཟངས་གང་སྐོལ།། རྒན་པོ་རྒན་མོ་བུ་ཚ་མིང་སྲིང་གསུམ།། དམག་དཔོན་གསུམ་གྱིས་སྣ་དྲངས་པའི།། ཉི་མ་ནུབ་པའི་གྲིབ་སོ་ཙམ་འོང་གིས།། དེ་རྣམས་བྱུང་བར་གྱུར་པ་ལ།། ཟངས་སུ་བསྐོལ་བའི་དུག ་ཆུ་ལུད་ལ།། དགྲ་དཔུང་ཆོམས་ལ་དགྲ་རྣམས་སོད།། དེ་མ་སོད་ན་གཏོ་ཆོས་སུ།། གངས་ཀྱི་རྩེ་མོར་སེང་གེ་ཞོན།། ནམ་མཁའི་ངང་དུ་མདུང་བསྐོར་གྱིས།། རི་རྒྱལ་ལྷུན་པོའི་ཁར་མེ་ཆེན་སྤོར།། རྒྱ་མཚོའི་ནང་དུ་མེ ་ཆེན་སྤོར།། མུན་པའི་ནང་དུ་ཉི་ཟླ་ཐོགས།། རླུང་པོའི་གསེབ་ཏུ་རལ་གྲི་ཐོགས།། བདུད་རྩིའི་བཅུད་འཐུངས་སྤང་ལ་གསེར་ཕུར་ཐོབ།། གངས་ལ་ཉི་མ་ཤར་དུ་ཆུག། འོན་ཀྱང་ཟངས་སུ་བསྐོལ་བའི་དུག་ཆུ ་ཡིས།། དགྲ་ཡིས་དཔུང་རྣམས་བཅོམ་གྱུར་ནས།། དགྲ་ཡི་དཔུང་རྣམས་རྩད་ཆོད་སོང་།། གཉེན་སྲིད་མ་གཏོགས་དགྲ་ནི་གཅིག་ཀྱང་མེད།། སྲིད་སྡེ་ཚོགས་པར་གྱུར་བ་ལ།། ཟངས་ཀྱི་བདུད་རྩི་སྨན་ལུད་ལ།། འོན ་ཏང་ཐམས་ཅད་བདེ་བ་ཆེན་པོར་སངས་རྒྱས་སོ།། སྡུག་བསྔལ་ཀུན་གྲོལ་སངས་རྒྱས་ཆོས་སྐུ་ཐོབ།། ཀུན་ཀྱང་དབྱེ་བསལ་རྩིས་གདབ་མེད།། བདག་གཞན་གཉིས་མེད་དབྱེ་བསལ་རྩིས་གདབ་མེད།། ཅེས་གསུངས ་སོ།། རང་སེམས་བརྡ་རུ་བཀོད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཆོས་རྣམས་དཔེ་ཡིས་ཇི་ལྟར་མཚོན།། ཞེས་གསོལ་བ་དང་།། དེ། ་ནས་སྟོན་པ་ཀུན་བཟང་དེས།། རིན་པོ་ཆེ་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་འདི་སྐད་གསུངས།། འཁོར་རྣམས་མ་གཡེངས་གུས་པས་ཉོན།། སྙིང་པོ་དོན་གྱི ་གནས་ལུགས་དེ།། མཚོན་པའི་ཡུལ་དུ་མ་གྱུར་ཀྱང་།། རེ་ཞིག་དཔེ་ཡི་སྒོ་ནས་མཚོན།། དར་ཆགས་བང་མཛོད་ས་གཞི་གསུམ།། ཀུན་གཞིའི་མཚོན་དཔེར་ཤེས་པར་བྱ།། ཆུ་དང་འཁྱགས་པ་ཏིལ་བྲུ་གསུམ།། གནས ་ལུགས་མཚོན་པའི་དཔེ་རུ་གསུངས།། ཕུག་རོན་སྐྱེ་དང་ཤེལ་སྒོང་ག་བུར་གསུམ།། སྣང་ཚུལ་མཚོན་པའི་དཔེ་རུ་གསུངས།། ཐོ་ཡོར་ཟག་པ་སྨིག་རྒྱུ་གསུམ།། འཁྲུལ་པ་མཚོན་པའི་དཔེ་རུ་གསུངས།། ཉི་ཟེར་སྤུ་གྲི ་ཤེལ་བརྒྱུས་གསུམ།། རྩལ་སྣང་འབྲེལ་ཡོད་མཚོན་དཔེར་གསུངས།། ཙནྡན་གླ་རྩི་སྒོག་པ་གསུམ།། ཤུགས་འབྱུང་འགག་མེད་དཔེ་རུ་གསུངས།། རལ་གྲི་སྤུ་གྲི་གཟོང་དང་གསུམ།། ཤེས་རབ་མཚོན་པའི་དཔེ་རུ ་གསུངས།། བྱིས་པ་ཟླ་མཛུབ་འོ་མ་གསུམ།། གདམས་ངག་མཚོན་པའི་དཔེ་རུ་གསུངས།། ནམ་ལངས་མིག་དང་ཉི་མ་གསུམ།། རྟོགས་པ་མཚོན་པའི་དཔེ་རུ་གསུངས།། སྤྲིན་དང་ལིང་ཏོག་མུན་པ་གསུམ།། སྒྲིབ ་གཡོག་མཚོན་པའི་དཔེ་རུ་གསུངས།། ལམ་ནོར་བྱ་མིག་འགྲོ་རྗེས་གསུམ།། གོལ་ས་མཚོན་པའི་དཔེ་རུ་གསུངས།། ཚེར་མ་མདུང་རྩེ་མདེ་ལ་རྩེ་གསུམ།། རིག་པ་མཚོན་པའི་དཔེ་རུ་གསུངས།། བྱ་རྒོད་ནམ་མཁའ ་ཁྱུང་དང་གསུམ།། ལྟ་བ་མཚོན་པའི་དཔེ་རུ་གསུངས།། མེ་ལོང་འཇའ་ཚོན་སྒྲོན་མེ་གསུམ།། སྒོམ་པ་མཚོན་པའི་དཔེ་རུ་གསུངས།། བུང་བ་གླང་ཆེན་སྨྱོན་པ་གསུམ།། སྤྱོད་པ་མཚོན་པའི་དཔེ་རུ་གསུངས།། སེང ་གེ་ཐོག་དང་རྦབ་དང་གསུམ།། ཕྲིན་ལས་མཚོན་པའི་དཔེ་རུ་གསུངས།། ན་ཆུང་ཆུ་བུར་སྟི་རྡོལ་གསུམ།། ཉམས་ཀྱི་དཔེ་རུ་ཤེས་པར་བྱ།། ལྷ་ཁང་ནང་གི་ལྷ་ཚོགས་དང་།། བུམ་པ་ནང་གི་མར་མེ་དང་།། མེ་ལོང་ནང ་གི་གཟུགས་བརྙན་གསུམ།། སེམས་ཉིད་སྣང་གསལ་དཔེ་རུ་བསྟན།། སྟག་ལྤགས་གཟིག་ལྤགས་རྨ་བྱའི་མདོངས།། སེམས་ཉིད་མི་གསལ་དཔེ་རུ་བསྟན།། ཤེལ་སྒོང་གཟི་རྙིང་ཆུ་དང་གསུམ།། ཕྱི་ནང་གཉིས་མེད ་དཔེ་རུ་བསྟན།། སོལ་ནག་བལ་ནག་དར་ནག་གསུམ།། འགྱུར་བ་མེད་པའི་དཔེ་རུ་བསྟན།། རླུང་དང་སྤྲིན་དང་སྨུག་པ་གསུམ།། མ་ཆགས་མ་ཞེན་བྱར་མེད་དང་།། གཟུང་འཛིན་མེད་པའི་དཔེ་རུ་བསྟན།། མེ་ཏོག། ་ལོ་ཏོག་རྩཝ་ཡི་ཟིལ།། མི་རྟག་པ་ཡི་དཔེ་རུ་བསྟན།། ཆུ་དང་རྙོག་མ་འདྲེས་པ་དང་།། ཆུ་ལ་ཆུ་རླབས་ཐིམ་པ་དང་།། འཇའ་ཚོན་མཁའ་ལ་ཐིམ་པ་གསུམ།། དབྱེར་མེད་དཔེ་རུ་ཤེས་པར་བྱ།། དུག་ལ་སྔགས ་ཀྱིས་ཐེབས་པ་དང་།། ཡུར་ཆུས་རྒྱ་མཚོར་སླེབས་པ་དང་།། ལན་ཚྭ་ཆུ་ལ་ཐིམ་པ་གསུམ།། ཕྱིར་མི་ལྡོག་པའི་དཔེ་རུ་བསྟན།། པདྨ་རྨ་བྱ་དུག་དང་གསུམ།། དམ་ཚིག་མཚོན་དཔེར་ཤེས་པར་བྱ།། ཟླ་བ་འོད་དང ་དཀར་ཆེན་གསུམ།། ཡེ་ཤེས་དཔེ་རུ་ཤེས་པར་བྱ།། མི་རྒུད་ཆུ་རྒུད་གཞུང་རྒུད་གསུམ།། རྒུན་ཆད་མེད་པའི་དཔེ་རུ་གསུངས།། གློག་དང་སྐར་མདའ་མདའ་འཕང་གསུམ།། བར་དོའི་རྟགས་ཚད་དང ་རུ་གསུངས།། གསེར་དང་རི་བོ་རིན་ཆེན་གསུམ།། འབྲས་བུའི་དཔེ་རུ་ཤེས་པར་བྱའོ།། ཆོས་ཉིད་དོན་གྱི་གནས་ལུགས་ལ།། འདྲ་བཞི་ཡོད་པས་དཔེ་བཞིས་མཚོན།། དངོས་གཞི་མེད་པས་དམིགས་སུ་མེད།། སྐྱེ ་མེད་བསམ་འདས་འགྱུར་མེད་ཡིན།། དམིགས་མེད་མཚོན་འདས་ཆོས་སྐུ་ཡིན།། མཚོན་དུ་མེད་པས་དཔེ་ལས་འདས།། རེ་ཞིག་མཚོན་ནས་གོ་ཕྱིར་བསྟན།། དོན་གྱི་ངོ་བོ་བརྗོད་ལས་འདས།། ཞེས་གསུངས ་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཐམས་ཅད་དཔེར་བཤད་པའི་ལེའུ་སྟེ་བཅུ་དགུ་པའོ།། ། བུདྡྷ་བོ་དྷི་ཨཱཿམ་ཧཱ་སུ་ཁ་ཧོཿམཎྜལ། བ་ག ་བེ་མ་ལ་པ་ཏ་ཨཱཿདེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། རྫོགས་ཆེན་སྤྱི་ཏི་ཡོ་ག་ཡི།། མ་བྲིས་དཀྱིལ་འཁོར་ཆེན་པོ་ཇི་ལྟར་ལགས།། དེ་ནས་སྟོན་པའི་རྒྱལ་པོ་ཀུན་ཏུ་བཟང་པོ ་དེ།། རིན་པོ་ཆེ་འོད་གཡོས་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྷོ་ན་བྷེ་ཏྲ་དྷ་ན་མཎྜ་ལ།། ང་ཡིས་མ་བྲིས་རྫོགས་པའི་དཀྱིལ ་འཁོར་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། སྙིང་པོའི་རང་བཞིན་འགྱུར་བ་མེད་པ་ཡང་།། ཀུན་གཞི་ཀློང་ཡངས་གད་ལ་ཁྱབ་ཆེན་པོ་ལ།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བྲིས།། དཀྱིལ ་འཁོར་ཆེན་པོ་བཞེངས་ལུགས་ཀྱང་།། ཆོས་ཉིད་གད་ལ་ཁྱབ་ས་གཞི་ལ།། ལུང་རིགས་གཉིས་ཀྱིས་ས་བརྟགས་ལ།། ཤེས་རབ་གསུམ་གྱིས་ས་བླང་ལ།། དད་པའི་འཇོར་གྱིས་ས་བསྐོས་ཏེ།། དམ་ཚིག་ཕད་ཚེར་ས ་བླུགས་ནས།། ཕྱོགས་རིས་ཞེན་ཆགས་སངས་པའི་གནས་ཕྱོགས་སུ།། ཀུན་གཞི་ཆོས་ཉིད་གནས་དག་ཏུ།། ཆོས་དབྱིངས་དག་པའི་མཆོད་ཁང་དུ།། དམ་ཚིག་ཕད་ཆེའི་ས་བླུགས་ནས།། གད་ལ་ཁྱབ་ཆེན་པོར་འཁོད ་སྙོམས་ཏེ།། རྣམ་རྟོག་བློ་ཡི་རྡུལ་བསལ་ནས།། བྱང་ཆུབ་ཆུ་ཡིས་ཆག་ཆག་གདབ།། མཉམ་པ་ཉིད་ཀྱི་ཕྱི་ལ་ཕྱིལ་བྱས།། མི་འགྱུར་དབྱིངས་ཀྱི་ཐིག་ཅིག་གདབ།། ཡེ་ཤེས་ལྔ་པོའི་ས་ཚོན་བཀྱེ།། སྙིང་པོ་འགྱུར་བ་མེད ་པའི་དབུས་སུ་ཟླུམ་པོར་བྱ།། རྣམ་ཤེས་ཚོགས་བརྒྱད་འཆར་བས་པདྨ་འདབ་བརྒྱད་བྱ།། ཡེ་ཤེས་ལྔ་ཡི་རྟགས་སུ་ཕྱོགས་བཞི་དབུས་དང་ལྔ།། ཚད་མེད་བཞི་ཡི་རྟགས་སུ་གྲུ་ཆད་བཞི།། གཏན་ཚིགས་བཞི་ཡི་རྟགས ་སུ་སྒོ་བཞིར་བཏོད།། རིག་པ་བཞི་ཡི་རྟགས་སུ་ཟུར་བཞིའོ།། དཀར་དང་སེར་དང་དམར་དང་སྔོ།། ནག་པོ་ཡང་ནི་རྣམ་ལྔ་ཡང་།། གསལ་དང་མི་གཡོ་རྒྱ་མ་ཆད།། མི་འགྱུར་བརྟན་དང་ལྔ་ཡི་རྟགས།། རིན་ཆེན་ལྔ ་ཡི་རྩིགས་པ་ཡང་།། ཡུམ་ལྔ་སྣང་ཚུལ་ལྔ་ཡི་རྟགས།། ལྷ་དང་ལྷ་མོས་བརྒྱན་པ་ཡང་།། མ་འགགས་རོལ་པས་བརྒྱན་པའི་རྟགས།། དྲ་བ་དྲ་ཕྱེད་དར་ཕྱང་བརྒྱན་པ་ཡང་།། ཆོས་དང་ཆོས་ཉིད་འདྲེས ་པའི་རྟགས།། སྒོ་རྒྱན་ལ་སོགས་བརྒྱན་པ་ཡང་།། ཆོས་ཉིད་སྣང་ལ་གསལ་བའི་རྟགས།། སྒོ་བཞི་འཁོར་ལོ་བཞི་ཡིས་བརྒྱན་པ་ནི།། མཐའ་བཞི་བྲལ་ཞིང་སྤྲོས་པ་གཅོད།། ཀ་བ་ལ་སོགས་བཙུགས་པ་ཡང་།། སྙིང ་པོ་མི་འགྱུར་བརྟན་པའི་རྟགས།། ཉི་མ་ཟླ་བས་བརྒྱན་པ་ཡང་།། ངང་དངས་གསལ་འགྲིབ་མེད་པའི་རྟགས།། སྒོ་ལ་གདུགས་ནི་བཙུགས་པ་ནི།། སྤྱི་ཏིའི་ཆོས་འཁོར་བསྐོར་བའི་རྟགས།། རྡོ་རྗེ་ར་བས་བསྐོར ་བ་ཡང་།། ཨ་ནུ་མན་ཆད་ཟིལ་གྱིས་གནོན་པའི་རྟགས།། ཕྱི་རིམ་ནག་པོས་བསྐོར་བ་ཡང་།། སྠི་ཏི་ཡོ་ག་འདི་རྟོགས་ན།། ཨ་ནུ་མན་ཆོད་དགོས་པ་མེད་པའི་རྟགས།། རྡོ་རྗེ་ར་བས་བསྐོར་བ་ཡང་།། མི་འགྱུར་བརྟན ་པ་ཐོབ་པའི་རྟགས།། དེ་ལ་མེ་རིས་བསྐོར་བ་ཡང་།། ནན་བརྟགས་བལྟ་བ་བསྲེགས་པའི་རྟགས།། ཡིད་བཟུང་བསྒོམ་པ་བསྲེག་པའི་རྟགས།། ཆེད་བྱས་སྤྱོད་པ་བསྲེག་པའི་རྟགས།། རེ་དོགས་འབྲས་བུ་བསྲེག་པའི ་རྟགས།། དེ་ལ་ཤིང་ལོས་བརྒྱན་པ་ཡང་།། ཐེག་པ་འོག་མ་ལོ་མ་ཡིན་པའི་རྟགས།། འདུས་བྱས་དཀྱིལ་འཁོར་འཇིགས་པ་ལ།། དཀྱིལ་འཁོར་བཞེངས་ན་སེམས་ལ་བཞེངས།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ ་འཁོར་འདི།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བྱང་སེམས་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དགུ ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྙན་པ་ཀུན་ཏུ་བཟང་པོ་ལ།། དཀྱིལ་འཁོར་བྲི་ཐབས་དེ་ལྟར་ན།། དེ་ཡི་ངེས་ཚིག་ཇི་ལྟར་ལགས།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ ་པ།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ངེས་ཚིག་རྒྱས་པར་བཤད་པ་ལ།། ཀུན་ཀློང་མཐའ་དབྱིངས་རྣམ་དག་དཀྱིལ་འཁོར་དེ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས་པར་བཤད།། དཀྱིལ་འཁོར་དཀྱིལ ་འཁོར་ཞེས་བྱ་བ།། སྐུ་ཡི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། གསུང་གི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། ཐུགས་ཀྱི་དཀྱིལ་འཁོར་ཡང་དག ་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་གནས།། དཀྱིལ་ནི་ཆོས་སྐུར་འགྱུར་བ་མེད།། རིག་པའི་རྩལ་མ་འགགས་པའི་འཁོར་གྱིས་བསྐོར།། དེས་ན་དཀྱིལ་འཁོར་ཞེས་སུ་བཤད།། དཀྱིལ་འཁོར་མ་ལུས་སེམས་ལ ་རྫོགས།། རྫོགས་པའི་དོན་ནི་འདི་ལྟ་སྟེ།། དཀྱིལ་ནི་མ་ནོར་བ་ལོ་བྱ།། མ་ནོར་མ་བཅོས་དཀྱིལ་འཁོར་དེ།། སེམས་ཉིད་སྐྱེ་མེད་ངང་ལ་རྫོགས།། དཀྱིལ་ནི་སྙིང་པོའི་དོན་ལ་བྱ།། འཁོར་ནི་སྣང་ཚུལ་བསམ་མི ་ཁྱབ།། སྙིང་པོ་བསམ་མི་ཁྱབ་པ་དེ།། དབྱེར་མེད་སེམས་ཉིད་ངང་ལ་རྫོགས།། དཀྱིལ་ནི་འགྱུར་བ་མེད་པ་ལ།། འཁོར་ནི་མ་བཅོས་པ་ཡི་དོན།། འགྱུར་མེད་མ་བཅོས་སེམས་ལ་རྫོགས།། དཀྱིལ་ནི ་ཆོས་ཉིད་སྐྱེ་བ་མེད།། འཁོར་ནི་སེམས་ཉིད་འགག་པ་མེད།། སྐྱེ་འགག་མེད་པའི་དཀྱིལ་འཁོར་ཡིན།། སྣང་སྲིད་མ་བཅོས་དཀྱིལ་ཡིན་ལ།། དབྱེ་བསལ་མེད་པའི་འཁོར་ཡིན་ནོ།། དབྱེར་མེད་མ་བཅོས་དཀྱིལ ་འཁོར་ཡིན།། མི་འཁོར་བ་ནི་དཀྱིལ་ཡིན་ལ།། ཁྱབ་གདལ་ཆེན་པོ་འཁོར་ཡིན་ནོ།། མི་འགྱུར་གད་ལ་ཁྱབ་དཀྱིལ་འཁོར་ཡིན།། དཀྱིལ་ནི་གཉིས་མེད་ཆེན་པོ་སྟེ།། འཁོར་ནི་རྩིས་གདབ་མེད་པ་ཡིན།། རྩིས་གདབ ་གཉིས་མེད་དཀྱིལ་འཁོར་ཡིན།། མི་འགྱུར་དབྱིངས་ཀྱི་དཀྱིལ་འཁོར་གྱི།། ངེས་ཚིག་ཆེན་པོ་རྒྱས་པར་བཤད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད ་ལས། དཀྱིལ་འཁོར་གྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། དཀྱིལ་འཁོར་ལྷ་ཡི་གྲངས་དགོད་ཕྱོགས།། འདུས་པའི ་ཚོགས་ལ་བཤད་དུ་གསོལ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོ་འོད་ཡོངས་ལ་ཁྱབ་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཀུན་གཞི་མཁའ་དབྱིངས་མ་བཅོས་ཀློང ་དཀྱིལ་དེ།། མི་འགྱུར་ཆོས་དབྱིངས་འཕོ་འགྱུར་མེད།། རྣམ་དག་བསམ་མི་ཁྱབ་པའི་དཀྱིལ་འཁོར་དེ།། རིན་ཆེན་འོད་འབར་གདལ་བའི་དཀྱིལ་འཁོར་དུ།། སྣང་སྲིད་ཐམས་ཅད་མ་བྲིས་དཀྱིལ ་འཁོར་དེར།། སེམས་ཉིད་འགྱུར་བ་མེད་པའི་གཙོ་མཆོག་ལ།། རིག་པའི་རྩལ་མ་འགགས་པའི་འཁོར་གྱིས་བསྐོར།། མ་བསྐྱེད་ཡོངས་སུ་རྫོགས་པའི་ལྷ་ཚོགས་འདི་ལྟར་བཞུགས།། དབུས་ཕྱོགས་ནམ་མཁའི་གདན ་སྟེངས་སུ།། གཏི་མུག་རང་བཞིན་རྣམ་དག་པས།། བསམ་དུ་མེད་ཅིང་བློ་ཡི་ཡུལ་ལས་འདས།། སྐྱེ་མེད་ཆོས་སྐུར་དབུས་ན་བཞུགས།། ཤར་ཕྱོགས་ཉི་ཟླའི་གདན་སྟེངས་སུ།། ཞེ་སྡང་རང་བཞིན་རྣམ་དག་པས།། སྐྱེ ་བ་མེད་ཅིང་འགག་པ་མེད།། ལོངས་སྐུ་རྫོགས་སྐུ་ཤར་ན་བཞུགས།། ལྷོ་ཕྱོགས་ཁྱུང་གི་གདན་སྟེངས་སུ།། ང་རྒྱལ་རང་བཞིན་རྣམ་དག་པས།། དྲན་མེད་ཡིད་ལ་བྱར་མེད་པའི།། མཉམ་ཉིད་རིན་ཆེན་འབྱུང་ལྡན ་བཞུགས།། ནུབ་ཕྱོགས་རྒྱ་མཚོའི་གདན་སྟེངས་སུ།། འདོད་ཆགས་རང་བཞིན་རྣམ་དག་པས།། སྐུ་གསུམ་དབྱེ་རུ་མེད་པ་ཡི།། དབྱེར་མེད་སྣང་བ་མཐའ་ཡས་བཞུགས།། བྱང་ཕྱོགས་རླུང་གི་གདན་སྟེངས་སུ།། སྐུ ་བཞི་བདེ་ཆེན་ཀློང་དུ་རྫོགས།། འོད་གསལ་དོན་ཡོད་གྲུབ་པ་བཞུགས།། བསྐྱེད་ནས་བཞུགས་པ་མ་ཡིན་ཏེ།། རྩོལ་བསྒྲུབ་འདས་དེ་རང་སར་བཞུགས།། རིགས་ལྔ་ཆ་མཐུན་ཁྱད་པར་འཕགས།། དཀྱིལ་འཁོར ་པདྨའི་གྲུ་བཞི་རུ།། མ་བསྐྱེད་ལྷ་མོའི་བཞུགས་ཚུལ་ནི།། ཤར་ལྷོ་པདྨའི་འདབ་མ་ལ།། འཁྲུལ་སེམས་བྱང་ཆུབ་སེམས་སུ་རིགས།། དྲི་ཡི་རྟོག་ཞེན་རྣམ་དག་པས།། དེ་ན་ལྷ་མོ་རིགས་ལྕམ ་བཞུགས།། ལྷོ་ནུབ་པདྨའི་གདན་སྟེངས་སུ།། རིག་པ་འཛིན་མེད་གསལ་དངས་པ།། མེ་ལོང་ནང་གི་གཟུགས་བརྙན་བཞིན།། རེག་བྱའི་རང་བཞིན་རྣམ་དག་པས།། དེ་ལ་ལྷ་མོ་གསལ་ལྕམ་བཞུགས།། ནུབ་བྱང ་མཚམས་ཀྱི་པདྨ་ལ།། དྲན་པ་ཡིད་ལ་བྱར་མེད་པས།། སྒྲ་ཡི་རང་བཞིན་རྣམ་དག་པས།། དེ་ན་ལྷ་མོ་བདེ་ལྕམ་བཞུགས།། བྱང་ཤར་མཚམས་ཀྱི་པདྨ་ལ།། ཡིད་ལ་འགྱུ་མེད་རང་དངས་པས།། རོ་ཡི་ལྷ་མོ་ཀུན་སངས ་མ།། རོ་ཡི་རང་བཞིན་རྣམ་དག་པས།། སྣ་ཚོགས་གཉིས་མེད་སྟོང་ཉིད་དང་།། དེས་ན་ལྷ་མོ་སྟོང་ལྕམ་བཞུགས།། ལྷ་མོ་ཆ་མཐུན་ཁྱད་པར་འཕགས།། མ་སྐྱེས་སྒོ་མའི་བཞུགས་ལུགས་ནི།། ཤར་སྒོར་སྤྲིན་གྱི་གདན ་སྟེངས་སུ།། སྐྱེ་བའི་ཆོ་འཕྲུལ་རྩད་གཅོད་པའི།། སྒོ་སྲུང་སྐྱེ་མེད་གཏིང་གསལ་བཞུགས།། དེ་ཡིས་ཕུང་པོའི་བདུད་རྣམས་བཏུལ།། ལྷོ་སྒོ་འཇའ་ཚོན་གདན་སྟེངས་སུ།། ན་ཚའི་སྡུག་བསྔལ་རྩད་གཅོད་པའི།། སྒོ་སྲུང ་ང་དངས་ཆེན་པོ་བཞུགས།། དེ་ཡིས་ཉོན་མོངས་བདུད་རྣམས་བཏུལ།། ནུབ་སྒོ་སྨིག་རྒྱུའི་གདན་སྟེངས་སུ།། རྒ་བའི་སྡུག་བསྔལ་རྩད་གཅོད་པའི།། སྒོ་སྲུང་རང་སངས་ཆེན་པོ་བཞུགས།། ལྷ་ཡི་བུ་ཡི་བདུད་རྣམས ་ཏྟཱ།། ཐང་ཤོར་ན་ཐུན་གདོན་བླངས་ས།། འཚོ་བའི་སྡུག་བསྔལ་ཅད་གཅོད་པའོ།། ། གྲང་ཆོས་ཉིད་གསལ་དངས་བཞུགས།། འཆི་བདག་བདུད་རྣམས་ཀུན་བཅམ་ནས།། ཟླ་བ་དང་ནོན་པ་དང་།། ན་ག་རང ་ང་ལ་གནས།། རྒ་ཟུང་ཆེན་པོ་བཞི་པ་མས།། བདུད་པནི་བཙམ་ནས་མཐའ་བརྒྱད་བརྟུལ།། ཆགས་འཛིན་ཞེན་པའི་མཚནས་ཅན།། ན་འད་གཟང་འཛིན་རྣག་ནས་ཚལ།། དགག་བསྒྲུབ་ཀྱང་ཡིན་འདས ་ནས་ཐར།། རེག་པའི་རྩལ་སྣང་ལ་ཆགས་ཀྱང་།། རྩལ་བཟླབ་སྤྱན་དྲངས་མ་བསྐྱེད་པར།། ཐོག་མ་ཛད་ནས་དེ་ཀར་བཞུགས།། ཚོགས་མ་མཐུན་ཆད་པར་འཕགས།། བྷཱུ་ཧ~ཾ་ལ་ག་འདི་ཉིད་ལས།། ཐེག་པ ་འགྱུ།། ནས་གསངས་། ཟེད་གྱུར་བདུད་བཅད་བགས། འབང་བག་མཔའ་བཅད་པ། སབཀང# ་ནས་རྡོ་རྗེ་ཐམས་དཔའ་བག།། ཀུན་བབང་བྱེད་ལ་འདི་སྐད་ཐུས།། མམས་བཅད་ཟིན་པ་ཡར་ལགས།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་བས་བཀའ་རྒྱལ་བ། མམ ་ཆེན་པོ་རང་ཐམས་ཅན་ཐོས།། མརྣམས་ཀྱི་རྒྱལ་ཐམ་ཆག་སེ་གས་ཀྱིས།། བགགས་ཀྱི་རྒྱལ་པོ་རང་གི་རྟག་པ་བསལ།། བྱ་བ་མེད་པ་ལས་ཀྱི་རྒྱལ་བ་འདས།། གཟུང་འཛིན་ཆགས་ཞེན་པ་བདག་བཤེགས་རྣམ ་གྱིས།། ཆོས་དབྱིངས་རྣམ་དག་ཧོམ་ཁུང་བྲུས།། དུག་གསུམ་དུག་ལྔ་ཉོན་མོངས་རྣམས།། རྣམ་དག་རང་གྲོལ་རེ་བར་གཏུམ།། ཡེ་ཤེས་རྣམ་ལྔའི་མཚོན་སྐུད་ཀྱིས།། འགྱུར་མེད་རྒྱ་གྲམ་མདུད་པ་བྱས།། ང་བདག ་གཉིས་འཛིན་ཐལ་བ་རྣམས།། གྲུ་གསུམ་དབྱིངས་ཀྱི་ཧོམ་ཁུང་ཉིད་དུ་བཅུག། ཆོས་ཉིད་གདེང་ཆོད་གཡམ་པས་བཀབ།། འགྱུར་མེད་རི་རྒྱལ་འོག་ཏུ་མནན།། སྐུ་གསུམ་རྒྱལ་བའི་ཕོ་བྲང་བཏབ།། མི་འགྱུར་དབྱིངས ་ཀྱི་རྒྱ་ཡིས་གདབ།། སྟེང་དུ་ཆོས་ཉིད་བྲོ་ཡང་བརྡུང་།། འདི་སྐད་ཚིག་ཏུ་བརྗོད་པར་བྱ།། ཨེ་མ་ཧོ།། ང་བདག་གཉིས་ཀྱིས་བཅིངས་པའི་སེམས་ཅན་ཀུན།། སྔར་ཡང་མི་གྲོལ་ད་རུང་མི་གྲོལ་བ།། དེ་ལ་འདྲེ་ཆེན་ཤིན ་ཏུ་གནོད།། འདྲེ་ཡི་རྩ་བ་ང་བདག་ཉིད།། དེ་ཡིས་རྒྱབ་རྟེན་དུག་གསུམ་ཡིན།། སྡོང་ཟླ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྣམས།། མནན་ནོ་སྐྱེ་བ་མེད་པར་མནན།། སྐྱེ་བའི་མ་རིགས་མ་སྔངས་ཤིག། བཅིང་ངོ་ཆོས ་ཉིད་དབྱིངས་སུ་ཆིང་།། ཡིད་ཀྱི་དྲན་རྟོག་མ་འགྱུ་ཅིག། གདབ་པོ་འགྱུར་མེད་རྒྱ་ཡིས་གདབ།། སེམས་ཀྱི་ཆགས་སྡང་མ་སྐྱེ་ཞིག། བཅད་དོ་དུག་གསུམ་རྩད་ནས་གཅོད།། སེམས་དང་དུག་ལྔ་མ་སྔངས་ཤིག། མནན ་ནི་སྐུ་གསུམ་འོག་ཏུ་དུག་གསུམ་མནན།། བསྐལ་པ་བརྒྱར་ཡང་མ་ལྡངས་ཤིག། འདི་སྐད་བྱ་བའི་དབྱངས་ཀྱང་བླང་།། ལྟ་བ་ཕྱེད་དེ་ཕྱོད་དེར་ཐོང་།། ཕྱོགས་མེད་འགྱུར་མེད་རྒྱ་ཡིས་ཐོབ།། བསྒོམ་པ་མེ་རེ་ལྷན ་དམར་ལ།། སྲེག་ནི་རྩིས་གདབ་མེད་པར་སྲེག། སྦྱིན་ནི་གླིང་བཞི་རི་རབ་ལ།། སྲེག་ནི་དབྱེ་བསལ་མེད་པར་སྲེག། སྦྱིན་ནི་རྒྱ་ཆད་མེད་པ་ལ།། སྲེག་ནི་མཉམ་པ་ཉིད་དུ་སྲེག། སྦྱིན་ནི་ཡུལ་སེམས ་གཉིས་ཡིན་ཏེ།། སྲེག་ནི་གཉིས་སུ་མེད་པར་སྲེག། སྦྱིན་ནི་ཕྱི་དང་ནང་ཡིན་ཏེ།། སྲེག་ནི་གཟུང་འཛིན་མེད་པར་སྲེག། སྦྱིན་ནི་ང་དང་བདག་ཡིན་ཏེ།། སྲེག་ནི་གཉིས་མེད་ངང་དུ་སྲེག། སྦྱིན་ནི་ཆོས་ཅན་མཚན་མ ་སྟེ།། སྲེག་ནི་ཆོས་ཉིད་ཀློང་དུ་སྲེག། དེ་ནི་སྦྱིན་སྲེག་ངེས་ཚིག་གོ།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།། ་རང་སེམས་སྦྱིན་སྲེག་ཏུ་བཀོད་པའི་ལེའུ་སྟེ་སོ་དྲུག་པའོ།། \ུ0f7fམཐ་རྫས་པ།། དེ་ནས་སེམས་ཉིད་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། ཉོན་མོངས་དུག་གསུམ་སྲེག་པ ་ཡི།། དེ་ཡི་ཐལ་བ་ཇི་ལྟར་མནན།། ཞེས་གསོལ་པ་དང་། དེ་ནས་སྟོན་པས་འདི་སྐད་གསུངས།། དུག་ལྔ་དུག་གསུམ་གཉིས་འཛིན་ལངས་དོགས་ན།། སྙིང་པོ་ཆོས་ཉིད་དཔལ་འགྱུར་མེད་ཀྱང་།། ཆོས་ཅན་རྩལ་གྱི ་རིག་པས་མནན་པར་བྱེད།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། རྫོགས་པ་ཆེན་པོའི་གཉེན་ས་རུ།། འཁྲུལ་པ་རྩད་གཅོད་སྐྱེས་བུ་ཡིས།། ཐབས་དང་ཤེས་རབ་ལག་པ་རུ།། ཤེས་རབ་རིག་པའི་འཇོར་རྣོན ་བསྲེག། མི་ལྟ་བལྟར་མེད་ཆེན་པོར་རྒྱས།། མི་བསྒོམ་བསྒོམ་མེད་ཆེན་པོ་རྒྱས།། མི་སྤྱོད་སྤྱོད་མེད་བྱར་མེད་རྒྱས།། མི་བསྒྲུབ་བསྒྲུབ་མེད་ཐོབ་མེད་རྒྱས།། དེ་ནི་རྒྱས་པའི་སྦྱིན་སྲེག་གོ།། མཆོད་བསྟོད་སྲེག་རྫས་མི ་དགོས་ཏེ།། སེམས་ཀྱི་མཆོད་བསྟོད་ཁྱད་པར་འཕགས།། ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་གོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཀྱི་དྲི་མ་རྟོག་ཚོགས ་སྤྲོས་པ་མཐའ་དག་བསྲེག་པའི་ལེའུ་སྟེ་སོ་ལྔ་པའོ།། \ུ0f7fས?ཿ།། དེ་ནས་སྟོན་པ་ཀུན་བཟང་ལ།། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། སྦྱིན་སྲེག་བྱ་ལུགས་དེ་ལྟར་ན།། སྦྱིན་སྲེག་ངེས་ཚིག་ཇི་ལྟར ་ལགས།། ཞེས་ཞུས་པ་དང་།། སྦྱིན་སྲེག་བྱ་བའི་ངེས་ཚིག་ནི།། སྤྲིན་ནི་སྙིང་པོའི་རང་བཞིན་ཡིན།། སྐྱེ་མེད་འགག་མེད་དང་དུ་སྲེག། སྦྱིན་ནི་ཐུགས་རྗེ་སྦྲུལ་སྒྲ་ཡིན།། དྲན་མེད་ཡིད་ལ་བྱར་མེད་དང་དུ་སྲེག། སྦྱིན་ནི ་སྣང་ཚུལ་མ་འགགས་པ།། སྲེག་ནི་རྒྱ་ཆད་མེད་པར་སྲེག། སྦྱིན་ནི་རིག་པ་མ་འགགས་པ།། སྲེག་ནི་རིག་མེད་ངང་དུ་སྲེག། སྦྱིན་ནི་དྲན་པ་སྣ་ཚོགས་པ།། སྲེག་པ་དྲན་མེད་ཀློང་དུ་སྲེག། སྦྱིན་ནི་སེམས་རྟོག་སྣ་ཚོགས ་སྲེག་ནི་རྟོག་མེད་བརྟགས་ཞེན་མེད་པར་སྲེག། སྤྲིན་ནི་སྣང་བའི་རང་བཞིན་ལ།། སྲེག་ནི་སྤོང་ལེན་མེད་པར་སྲེག། སྤྲིན་ནི་སྒོ་ལྔའི་རང་བཞིན་ལ།། མ་འདྲང་མི་འབྲུག་དབྱིངས་སུ་སྲེག། སྤྲིན་ནི་ཕྱི་ཡུལ་དཀར ་དགོས་ཏེ།། སེམས་ཀྱིས་སྲེག་རྫས་མཆོད་བསྟོད་བགྱིས།། ཞི་བ་གཉིས་མེད་ཆེན་པོར་ཞི།། དེ་ནི་ཞི་བའི་སྦྱིན་སྲེག་གོ། གཉིས་པ་དྲག་པོའི་སྦྱིན་སྲེག་ནི།། ཨེ་ཡི་ཆོས་དབྱིངས་གྲུ་གསུམ་ཐབ་ཁུང ་དུ།། ཐམས་ཅད་དྲག་པོས་ཚར་གཅོད་ཕྱིར།། བདེན་པ་གཉིས་ལ་ཞེན་པའི་སེམས་ཅན་ཀུན།། ཡེ་ཤེས་ཆེན་པོའི་མེ་སྦར་ཏེ།། གཉིས་སུ་འཛིན་པ་བསྲེག་པ་ཡིན།། གཉིས་མེད་ཆེན་པོ་དང་དུ་བསྒྲལ།། དངོས ་འཛིན་ཐམས་ཅད་རྩིས་གདབ་མེད་པར་བསྲེག། མཆོད་རྫས་སྲེག་རྫས་བསྟོད་པ་ཡང་།། མ་ཕུལ་བསྙེན་པ་བྱ་མི་དགོས།། དེ་ནི་དྲག་པོའི་སྦྱིན་སྲེག་གོ།། གསུམ་པ་དབང་གི་སྦྱིན་སྲེག་ནི།། ཆོས་དབྱིངས་ཟླ་གམ་ཐབ ་ཁུང་དུ།། ཐམས་ཅད་དབང་དུ་སྡུད་པ་ཡི།། རྐྱེ་རྒ་ན་འཆིས་བཅིང་པའི་སེམས་ཅན་ཐམས་ཅད་བཀུག། སྤྲོས་པ་ཐམས་ཅད་གཅོད་པའི་མེ་སྦར་ཏེ།། གཉིས་སུ་འཛིན་པ་བསྲེག་པ་ཡིན།། སྐྱེ་ཤི་མེད་པའི་ངང་དུ ་བསྒྲལ།། དགག་སྒྲུབ་གཉིས་མེད་དོན་ལ་དབང་།། དེ་ནི་དབང་གི་སྦྱིན་སྲེག་གོ།། བཞི་པ་རྒྱས་པའི་སྦྱིན་སྲེག་ནི།། ཐམས་ཅད་རྒྱས་པར་བྱ་བ་ཡི།། བལྟ་བསྒོམ་སྤྱོད་དང་འབྲས་བུ་བཞི་ལ་ཞེན་པའི་སེམས་ཅན ་ཀུན།། རང་དངས་རིན་ཆེན་འོད་འབར་མེ་སྦར་ཏེ།། བློས་བརྟགས་ལྟ་བ་ཐམས་ཅད་བསྲེག། ཡིད་བཟུང་བསྒོམ་པ་ཐམས་ཅད་བསྲེག། ཆེད་བྱས་སྤྱོད་པ་ཐམས་ཅད་བསྲེག། ཡིད་སྨོན་འབྲས་བུ་ཐམས་ཅད ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རང་སེམས་མཆོད་རྟེན་དུ་བཀོད་པའི་ལེའུ་སྟེ་སཽ་བཞི་པའོ།། རྒྱམ་།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ ་སེམས་ཉིད་ཀུན་བཟང་ལ།། སྦྱིན་སྲེག་ཆེན་པོ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས།། རིན་པོ་ཆེ་འོད་ཀྱི་སྤྲོས་པ་ཐམས་ཅད་སྲེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། སྙིང་པོ་མ་ཡིན་རང་བཞིན་སྐྱེ་མེད་འགྱུར་མེད་ལ།། མ་འགགས་རྩལ་སྣང་བུ་ཡིས་སྦྱིན་སྲེག་བྱེད། སྐྱེ་མེད་སེམས་ཀྱིས་སྦྱིན་སྲེག་འདི་ལྟར་ཡིན།། ཕྲིན་ལས་རྣམ ་བཞིའི་སྦྱིན་སྲེག་ནི།། ཞི་རྒྱས་དབང་དང་དྲག་པོ་བཞི།། གདུལ་བྱ་བཞི་ལ་དགོངས་ནས་གསུངས།། དང་པོ་ཞི་བའི་སྦྱིན་སྲེག་བྱ།། གཉིས་པ་དྲག་པོའི་སྦྱིན་སྲེག་བྱ།། གསུམ་པ་དབང་གི་སྦྱིན་སྲེག་བྱ།། བཞི་པ་རྒྱས ་པའི་སྦྱིན་སྲེག་བྱ།། སྠི་ཏི་ཡོ་གའི་སྦྱིན་སྲེག་འདི།། རྡོ་རྗེ་སེམས་དཔས་གོ་བར་གྱིས།། དེ་ལ་ཞི་བའི་སྦྱིན་སྲེག་ནི།། མཁའ་ཀློང་ཡངས་པའི་ཟབ་ཁུང་ཟླུམ་པོར་བྱ།། ཐམས་ཅད་ཞི་བར་བྱ་བའི་ཕྱིར།། གཟུང་འཛིན ་གཉིས་ཀྱིས་བཅིངས་པའི་སེམས་ཅན་ཀུན།། བཀུག་ནས་ཐབ་ཁུང་ནང་དུ་གཞུག། ཤེས་རབ་ཆེན་པོའི་མེ་སྦར་ཏེ།། ང་དང་བདག་ཏུ་བཅིང་པ་བསྲེག། དབྱེ་བསལ་མེད་པའི་ངང་དུ་ཞི།། སྲེག་རྫས་མཆོད་པ་མི ་འདས།། མཆོད་ནི་སྐྱེ་བ་མེད་པར་མཆོད།། རྟེན་ནི་འགག་པ་མེད་པར་རྟེན།། མཆོད་ནི་དྲན་པ་མེད་པར་མཆོད།། རྟེན་ནི་ཡིད་ལ་བྱ་རུ་མེད།། མཆོད་ནི་སྣང་ཞིང་སྲིད་པ་སྟེ།། རྟེན་ནི་རྩིས་གདབ་དབྱེ ་བསལ་མེད།། མཆོད་ནི་སྒོ་ལྔའི་རྣམ་ཤེས་མཆོད།། རྟེན་ནི་མི་སྤྱོད་མི་འཇུག་གོ། མཆོད་ནི་ཕྱི་ཡུལ་དཀར་དམར་སྟེ།། རྟེན་ནི་མ་ཆགས་ཞེན་མེད་དོ།། མཆོད་ནི་སྙིང་པོའི་ཀློང་ཡངས་ཏེ།། རྟེན་ནི་ཆོས་སྐུ་འགྱུར་བ ་མེད།། མཆོད་ནི་ཀུན་གཞིའི་མཁའ་ཀློང་སྟེ།། རྟེན་ནི་རིག་པའི་རྩལ་སྣང་ངོ་།། མཆོད་ནི་མ་འགགས་རྩལ་སྣང་ཐིམ།། རྟེན་ནི་གཉིས་མེད་ངང་དུ་གནས།། མཆོད་ནི་ཐིག་ལེ་ཆེན་པོ་ཡིན།། རྟེན་ནི་སྤྲོས་པ་མཐའ་དག ་བྲལ།། མཆོད་ནི་སྣ་ཚོགས་རྫོགས་པ་ཡིན།། རྟེན་ནི་ཅིར་མ་སྤངས་པ་ཡིན།། མཆོད་ནི་བདེ་བ་ཆེན་པོ་སྟེ།། རྟེན་ནི་སྡུག་བསྔལ་ཀུན་བྲལ་ལོ།། མཆོད་ནི་རྟོག་ཚོགས་མཚན་མ་སྤངས།། རྟེན་ནི་མི་རྟོག་ཡེ་ཤེས ་རྒྱས།། མཆོད་ནི་སྐྱེ་མེད་དོན་གྱི་ཆོས།། རྟེན་ནི་འགྱུར་བ་མེད་པའི་སྒྲ།། མཆོད་ནི་གཉིས་སྣང་ཀུན་བྲལ་ཡིན།། རྟེན་ནི་གཉིས་མེད་ཆེན་པོར་ཆུབ།། དེ་ཕྱིར་མཆོད་རྟེན་བྱང་ཆུབ་ཡིན།། མི་འགྱུར་དབྱིངས་ཀྱི་མཆོད ་རྟེན་འདི།། ཐེག་པ་གཞན་ལས་འབྱུང་མི་འགྱུར།། མཆོད་རྟེན་བཞེངས་ན་སེམས་ལ་བཞེངས།། མཆོད་བརྟེན་ཆ་མཐུན་ཁྱད་པར་འཕགས།། སྐྱེ་འཇིག་མེད་པའི་མཆོད་རྟེན་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ ་རྩལ་མ་འགགས་པའི་བྱེ་ཆུང་མང་པོ་བཏགས།། སྣང་ཚུལ་བཅུ་དགུའི་རྒྱན་ཆ་མང་པོ་བཏགས།། མཆོད་རྟེན་དབྱིབས་ནི་ནམ་མཁའ་ལྟ་བུར་གནས།། སྣང་སྲིད་ཀུན་ལ་ཁྱབ་པར་གནས།། མཆོད་རྟེན་ཆེ་ཆུང་མཚན ་ཉིད་ནི།། ཚོགས་བརྒྱད་ཡུལ་དུ་མ་གྱུར་བསམ་མི་ཁྱབ།། སྣང་བའི་ཡུལ་དུ་མ་གྱུར་དམིགས་དང་བྲལ།། དངོས་པོ་མཚན་མ་དག་གི་སྤྱོད་ཡུལ་མིན།། བྱིས་པ་མ་རབས་རྟོག་གེའི་བློ་ཡིས་འདི་མི་མཐོང་།། མཚན་ཉིད ་མཐའ་ཡས་རྣམ་ཀུན་བྲལ།། ཅིར་ཡང་གཟུང་དུ་མེད་པ་ཡི།། མཆོད་རྟེན་དེ་ཡི་སྐུ་མདོག་ནི།། རིན་ཆེན་སྣ་ཚོགས་འོད་འཕྲོ་ཡང་།། ངོས་བཟུང་མ་བཏུབ་མཚོན་ལས་འདས།། རྩིས་གདབ་དབྱེར་མེད་ཞལ་ཞལ ་བྱས།། གཟུང་འཛིན་དྲི་མས་མགོས་དཀར་རྩི་བསྐུས།། གཉིས་མེད་དབྱེ་བསལ་མེད་པར་གནས་པའོ།། སེམས་ཉིད་མཆོད་རྟེན་དུ་བཀོད་པའི་ལེའུ་སྟེ་སོ་གསུམ་པའོ།། ##།། དེ་ནས་རྡོ་རྗེ་སེམས ་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མཆོད་རྟེན་ངེས་ཚིག་ཇི་ལྟར་ལགས།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས།། སྙིང་པོ་རང་བཞིན་གཡོས་པ་མེད་ན་ཡང་།། ཡན་ལག་རྩལ ་གྱིས་རིག་པས་ངེས་ཚིག་བཤད།། མཆོད་རྟེན་བྱ་བའི་ངེས་ཚིག་ནི།། མཆོད་ནི་སྐུ་གསུམ་དབྱེར་མེད་མཆོད།། རྟེན་ནི་འདུ་འབྲལ་མེད་པ་ཡིན།། མཆོད་ནི་བསམ་དུ་མེད་པ་ཡིན།། རྟེན་ནི་བློ་ཡི་ཡུལ་ལས ་མཆོད་རྟེན་བརྩིགས།། མ་ལུས་རྒྱས་འདེབས་སྐུ་གདུང་བཞེངས།། བརྩོན་འགྲུས་དད་པའི་འཇོར་རྣོན་ནི།། བྱམས་དང་སྙིང་རྗེར་ལྡན་པའི་སྐྱེས་བུས་ཐོགས།། སྡུག་བསྔལ་ཆུ་བོ་བཞི་ཡི་བརྐོས ་ནས།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདག་པར་བསྣོས།། སྐྱེ་རྒས་ན་འཆི་དངོས་མེད་འཇིམ་པར་བཏང་།། ཉོན་མོངས་དུག་གསུམ་འོག་ཏུ་བཅུག། ང་བདག་གཉིས་ཀྱིས་ནང་ཁྲོལ་བྱས།། ཁམས་གསུམ་འཁོར་བ ་རྨང་རྡོར་བཅུག། འགྲོ་བ་རིགས་དྲུག་གདན་ཁྲིར་བརྩིགས།། མཚན་ཉིད་སྡེ་གསུམ་ཐེག་པ་ཡང་།། མཆོད་རྟེན་བང་རིམ་ཐ་མ་བྱས།། ཕྱི་རྒྱུད་སྡེ་གསུམ་ཐེག་པ་ཡང་།། མཆོད་རྟེན་བང་རིམ་གཉིས་པ་བྱས།། བསྐྱེད ་པ་མ་ཧཱ་ཡོ་ག་ཡང་།། མཆོད་རྟེན་བང་རིམ་གསུམ་པ་བྱས།། རྫོགས་པ་ཨ་ནུ་ཡོ་ག་ནི།། མཆོད་རྟེན་བང་རིམ་བཞི་པ་བྱས།། རྫོགས་པ་ཆེན་པོས་བུམ་རྟེན་བྱས།། སྤྱི་ཏི་ཡོ་གས་མཆོད་རྟེན་བུམ་པ་བྱས།། སྐྱེ་མེད ་སེམས་ཉིད་མཆོད་རྟེན་བྱས།། སྙིང་པོ་འགྱུར་མེད་སྲོག་ཤིང་བཙུགས།། ཡེ་ཤེས་བཅུ་གསུམ་འཁོར་ལོ་བྱས།། མཁའ་གསལ་ཀློང་ཡང་ནམ་མཁའི་ཆར་ཁེབས་བྱ།། སྙིང་པོ་ཡན་ལག་བྱ་རུ་བཙུགས།། ཐབས་དང ་ཤེས་རབ་གཉིས་ཀྱི་ཉི་ཟླས་བརྒྱན།། སེམས་ཉིད་ནོར་བུ་རིན་ཆེན་ཉི་ཟླའི་ཁ་ལ་བཞག། མ་འདྲེས་ཡོངས་སུ་རྫོགས་པའི་དར་དཔྱངས་བཏང་།། མཚོན་དུ་བརྗོད་ལས་འདས་པའི་སིལ་སྙན་བཏགས།། རིག་པའི ་ཁྱོན་ཡང་།། ནམ་མཁའ་དང་ནི་མཉམ་པར་གནས།། མཆོད་རྟེན་དེ་ཡི་སྐུ་གཟུགས་ཀྱང་།། མི་སྣང་ཀུན་གྱི་དངོས་གཞིར་ནས།། དུས་གསུམ་འཕོ་འགྱུར་མེད་པར་བཞུགས།། མཚན་ཉིད་ཅིར་ཡང་བཟུང་དུ ་མེད།། རང་བཞིན་ཀུན་ལ་ཁྱབ་པར་གནས།། ངོ་བོ་དམིགས་པའི་ཡུལ་ལས་འདས།། སྨྲ་བསམ་བརྗོད་འདས་སྐུ་གདུང་ངོ་།། སེམས་ཉིད་མཆོད་རྟེན་འཇིག་འབྲལ་མེད།། ཚ་ཚ་འདེབས་ན་སེམས་ལ་ཐོབ།། རྩོལ ་བསྒྲུབ་མི་དགོས་ངོ་མཚར་ཆེ།། དེ་ནི་སེམས་ཉིད་ཚ་ཚའོ།། ཚ་ཚ་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཉིད ་ཚ་ཚར་བཀོད་པའི་ལེའུ་སྟེ་སོ་གཉིས་པའོ།། ཐ་ཐ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སེམས་ཀྱི་ཚ་ཚ་བཞུགས་པ་ཡི།། སེམས་ཉིད་མཆོད་རྟེན་ཇི་ལྟར ་བརྩིགས།། དེ་ནས་ཀུན་ཏུ་བཟང་པོ་ཡིས།། རིན་པོ་ཆེ་འོད་སྐུ་མི་འགྱུར་མི་ཤིགས་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། སྙིང་པོ་སྐྱེ་མེད་འགྱུར་བ་མེད་པ ་ལ།། རྩལ་སྣང་མ་འགགས་མཆོད་རྟེན་བཞེངས་ལུགས་ནི།། ཁྱབ་གདལ་ཆེན་པོའི་ས་གཞི་ལ།། མི་འགྱུར་དབྱིངས་ཀྱི་ཐིག་བཏབ་ལ།། འགྱུར་མེད་བརྟན་པའི་འགྲམ་རྡོ་གདིང་།། སྣང་ཞིང་སྲིད་པས་བསྡུས་པའི ་ཕྱག་འཚལ་ལོ།། སྣ་ཚོགས་སྣང་ལ་ངོས་བཟུང་མེད།། སེམས་ཉིད་ངོས་བཟུང་མེད་ལ་ཕྱག་འཚལ་ལོ།། སྣང་སྲིད་ཐམས་ཅད་མཆོད་པར་འབུལ།། དབྱེ་བསལ་མེད་པར་བཞེས་སུ་གསོལ།། དྲན ་རིག་ཐམས་ཅད་མཆོད་པར་འབུལ།། རིག་མེད་དྲན་མེད་འགྱུར་མེད་ཀློང་དུ་བཞེས་སུ་གསོལ།། གཉིས་སྣང་ཐམས་ཅད་མཆོད་པར་འབུལ།། སྤྲོས་གཅོད་གཉིས་མེད་ཀློང་དུ་བཞེས་སུ་གསོལ།། རང་བལྟ་མངོན ་པར་ཞེན་པ་མཐོལ་ལོ་བཤགས།། གཞན་བལྟ་རྒྱབ་ཀྱིས་ཕྱོགས་པ་མཐོལ་ལོ་བཤགས།། བདེན་པ་གཉིས་བཟུང་ཐམས་ཅད་མཐོལ་ལོ་བཤགས།། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། སྐྱེ་བ་མེད་པར་བྱིན ་གྱིས་རློབས།། འགག་པ་མེད་པར་བྱིན་གྱིས་རློབས།། རང་གཞན་མེད་པར་བྱིན་གྱིས་རློབས།། མཐའ་ཡས་སེམས་ཅན་ཐམས་ཅད་ལ།། རྒྱ་ཆད་མེད་པར་བསྔོ་བར་བགྱི།། ཤུགས་འབྱུང་ཆེན་པོར་བསྔོ་བར ་བགྱི།། ཐམས་ཅད་མཉམ་པ་ཉིད་དུ་བསྔོ་བར་བགྱི།། རྒྱལ་བ་དེ་དག་ཐམས་ཅད་ཀྱང་།། མངོན་མེད་དབྱིངས་སུ་གཤེགས་སུ་གསོལ།། མཚོན་མེད་བརྗོད་འདས་དབྱིངས་སུ་གཤེགས་སུ་གསོལ།། རིན་ཆེན་འོད ་འབར་ཆོས་དབྱིངས་གཤེགས་སུ་གསོལ།། མཆོད་རྟེན་སྐུ་གཟུགས་མཚན་ཉིད་ནི།། དབྱིབས་ནི་ཟླུམ་པོར་གནས་པ་སྟེ།། གང་ཟག་དབང་པོའི་ཁྱད་པར་གྱིས།། བང་རིམ་རྒྱུ་རུ་གནས་པའོ།། མཆོད་རྟེན་ཚ་ཚའི་རྒྱ ་བའི་ཐོ་ཆེན་གྱིས།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བརྡུངས།། སྐྱེ་རྒས་ན་འཆི་འདག་པར་བཏང་།། ང་བདག་གཟུང་འཛིན་རུ་ང་མེད་པར་བརྡུངས།། དྲན་རྟོགས་བརྟགས་ཞེན་འདག་པར་བཏང་།། ཐིག་ལེ་ཆེན་པོ ་གཅིག་ཏུ་དྲིལ།། མཉམ་པ་ཉིད་དུ་དགོངས་པ་གཅིག་ཏུ་དྲིལ།། འགྱུར་བ་མེད་པར་བྱིན་གྱིས་བརླབ།། ཆོས་ཉིད་མཁའ་ཀློང་ཡངས་པའི་བརྐོས་ཕོར་དུ།། རིག་པ་རྣོན་པོའི་ལག་པའི་འཇིམ་པར་བཅད།། ཐབས་དང ་ཤེས་རབ་ལག་པ་ཡིས།། ཐིག་ལེ་གཅིག་ཏུ་འབི་འབི་བྱས།། ཆོས་རྣམས་ཆོས་སྐུ་གཅིག་ཏུ་དྲིལ།། ཆོས་དབྱིངས་ཡངས་པའི་བརྐོས་ཕོར་དུ།། རིག་རྩལ་མ་འགགས་པ་ཡི་འདག་པ་བཅུག། ཕྱི་ནང་སྣང་སྲིད་གཉིས་སུ ་མེད་པར་སྦྱར།། ཐབས་དང་ཤེས་རབ་ལག་པ་ཡིས།། ཁམས་གསུམ་འཁོར་བ་སྤྱི་ནས་གདབ།། མཁའ་དབྱིངས་རྣམ་དག་དཀྱིལ་འཁོར་ནས།། རྩལ་སྣང་རིག་པའི་མཆོད་རྟེན་ཕྱུང་།། སྙིང་པོ་ཡན་ལག་འདྲེས་པའི ་ཆོས་སྐུ་དེ།། གཞི་ལ་རྩལ་ཐིམ་དབྱེར་མེད་མཆོད་རྟེན་དེ།། ཀུན་གཞི་སྟོང་ཉིད་གནས་སུ་བཞུགས།། མཁའ་ཀློང་ཡངས་པའི་ཁྲི་སྟེངས་སུ།། མི་འགྱུར་ཡངས་པའི་གདན་སྟེངས་སུ།། འགྱུར་བ་མེད་པར་བཞུགས་སུ ་གསོལ།། སྐྱེ་བ་མེད་པར་བྱིན་གྱིས་བརླབ།། སྙིང་པོའི་ཀློང་ན་སྐྱེ་མེད་ཆོས་སྐུ་བཞུགས།། ཆོས་ཉིད་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། སྣང་སྲིད་ཀུན་གྱི་རྩ་བ་གཅིག་འདུས་པས།། སེམས་ཉིད་གཅིག་ཏུ་འདུས་ལ ་བྱ།། མ་འགགས་འབྱུང་བས་གཏོར་ཞེས་བྱ།། རྩིས་གདབ་མེད་པས་མ་ཞེས་བྱ།། རིག་པ་རྩལ་སྣང་གཏོར་ཞེས་བྱ།། གཞི་ལ་རྩལ་ཐིམ་མ་ཞེས་བྱ།། སྣ་ཚོགས་སྣང་བས་གཏོར་ཞེས་བྱ།། གཅིག་ཏུ ་འདུས་པས་མ་ཞེས་བྱ།། བརྗོད་མཐའ་ཡས་པས་གཏོར་ཞེས་བྱ།། བརྗོད་དུ་མེད་པས་མ་ཞེས་བྱ།། ཆོས་རྣམས་གཅིག་ཏུ་ཤེས་པས་གཏོར་ཞེས་བྱ།། ཆོས་རྣམས་ཀུན་ལས་གྲོལ་བསམ་ཞེས་བྱ།། གཅིག་ཤེས་ཀུན ་གྲོལ་གཏོར་མའི་ངེས་ཚིག་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།། གཏོར་མའི་ངེས་ཚིག་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། ། ་\ུ0f7f།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། བྱ་བཙལ་རྩོལ་བསྒྲུབ་མི་དགོས་པས།། ཆོས་ཉིད་ཚ་ཚ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་ཏུ ་བཟང་པོས་འོད་མི་འགྱུར་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས་སོ།། སྙིང་པོའི་རང་བཞིན་གཡོས་པ་མེད་པ་ལ།། ཡན་ལག་རྩལ་གྱིས་སེམས་ཀྱི་ཚ་ཚ་འདེབས།། ་འཁོར་རྣམས་མ་ཡེངས་གུས་པས་ཉོན།། འགྱུར་བ་མེད་པའི་ས་གཞི་ལ།། ཆོས་ཉིད་མི་འགྱུར་བསྟན་པ་བཙུགས།། ཐོགས་རྡུགས་མེད་པའི་འཇོར་རྣོན་གྱིས།། བརྒྱད་ཁྲི་བཞི་སྟོང་ས་བརྐོས་ལ།། ཤེས་རབ་འབར ་གྱིས་རློབས།། མིང་འདོགས་མེད་པར་གཏོར་མ་འབུལ།། བརྟགས་སྣང་མེད་པར་བྱིན་གྱིས་རློབས།། བྱ་བཙལ་མེད་པར་གཏོར་མ་འབུལ།། བྱར་མེད་ཆེན་པོར་བྱིན་གྱིས་རློབས།། བཟང་ངན་ཐམས་ཅད་གཏོར་མར ་འབུལ།། སྤང་ལེན་མེད་པར་བྱིན་གྱིས་རློབས།། གཞི་དང་རྩལ་སྣང་གཏོར་མར་འབུལ།། གཞི་དང་རྩལ་ཐིམ་བཞེས་སུ་གསོལ།། དབྱེར་མེད་འཕོ་འགྱུར་མེད་པར་བྱིན་གྱིས་རློབས།། ཟང་ཟིང་འདུས་རྫས་གཏོར་མ ་མིན།། གཏང་བྱ་གཏོང་བྱེད་མེད་པ་ཡི།། བྱང་ཆུབ་སེམས་ཀྱི་གཏོར་མ་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས།། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རང་སེམས ་གཏོར་མར་བཀོད་པའི་ལེའུ་སྟེ་སུམ་ཅུ་ཟམ་པའོ།། འ@##།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་སེམས་ཉིད་ཀུན་བཟང་ལ།། གཏོར་མའི་ངེས་ཚིག་ཇི་ལྟར་ལགས།། ཞེས་གསོལ་པ ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། གཏོར་མའི་ངེས་ཚིག་བཤད་ཀྱིས་ཉོན།། གཏོར་མར་གཏོར་མ་ཞེས་བྱ་བ།། འཛིན་ཆགས་མེད་པར་གཏོར་ཞེས་བྱ།། ཀུན་ལ་ཁྱབ་པས་མ་ཞེས་བྱ།། སྣང་སྲིད་གཏོར་མར ་ཕུལ་བས་གཏོར་ཞེས་བྱ།། དབྱེ་བསལ་མེད་པས་མ་ཞེས་བྱ།། འགྲོ་དྲུག་ཕུལ་བས་གཏོར་ཞེས་བྱ།། འགྲོ་དྲུག་གཡང་ས་གཅོད་པའི་མ་ཞེས་བྱ།། གཉིས་སྣང་ཕུལ་བས་གཏོར་ཞེས་བྱ།། གཉིས་སུ་མེད་པས་མ་ཞེས ་རྟགས་ཞེན་ཀུན།། འགྱུར་མེད་ཀློང་དུ་མཆོད་པར་འབུལ།། རང་སངས་ཆེན་པོར་བྱིན་གྱིས་རློབས།། སྙིང་པོ་དོན་གྱི་ལྷ་ཚོགས་ལ།། བྱུང་ཚོར་ཐམས་ཅད་གཏོར་མར་འབུལ།། སྤྲོས་པ་ཟག་ཆོད་བཞེས ་སུ་གསོལ།། རྩིས་གདབ་མེད་པར་བྱིན་གྱིས་རློབས།། རིག་ལྔ་སྐུ་ལྔ་ཡབ་ཡུམ་ལ།། ཕྱི་ནང་གཉིས་མེད་གཏོར་མར་འབུལ།། དབྱེ་བསལ་མེད་པར་བཞེས་སུ་གསོལ།། མ་ཕྱེ་མ་བཀོལ་བྱིན་གྱིས་རློབས།། བདེ་ལྕམ ་གསལ་བའི་ལྷ་མོ་ལ་སོགས་ལ།། རིག་ཡིད་དྲན་སེམས་གཏོར་མར་འབུལ།། རིག་མེད་འགྱུ་མེད་སེམས་པ་མེད་པར་བཞེས་སུ་གསོལ།། གཡོས་པ་མེད་པར་བྱིན་གྱིས་རློབས།། ཤར་སྒོ་སྲུང་བ་དང་དངས ་ལ།། གཟུང་འཛིན་ཆགས་ཞེན་གཏོར་མར་འབུལ།། ཆགས་མེད་ཞེན་མེད་བཞེས་སུ་གསོལ།། ཤུགས་སྒྲོལ་ཆེན་པོ་བྱིན་གྱིས་རློབས།། ལྷོ་ཡི་སྒོ་སྲུང་རང་སངས་ལ།། ཡུལ་སེམས་གཉིས་ནི་མཆོད་པར ་འབུལ།། དགག་བསྒྲུབ་མེད་པར་བཞེས་སུ་གསོལ།། གཉིས་སུ་མེད་པར་བྱིན་གྱིས་རློབས།། ནུབ་སྒོའི་སྒོ་སྲུང་རང་སངས་ལ།། མ་རིག་གཉིས་འཛིན་གཏོར་མར་འབུལ།། གསལ་བའི་ཀློང་དུ་བཞེས་སུ་གསོལ།། ཡེ ་ཤེས་རང་ཤར་བྱིན་གྱིས་རློབས།། བྱང་སྒོའི་སྒོ་སྲུང་མཁའ་གསལ་ལ།། ལྷ་བསྒོམ་སྤྱོད་འབྲས་མཆོད་པར་འབུལ།། བལྟ་བྱ་ལྟ་བྱེད་མེད་པ་ཡི།། ཞེ་འདོད་མེད་པར་བཞེས་སུ་གསོལ།། སྤྲོས་ཆོད་ཀ་དག་ཆེན་པོ་བྱིན ་བཅུད།། ཨོཾ་ཨཱཿཧཱུཾ་གསུམ་གྱི་བྱིན་རླབས་ཀྱིས།། དུག་གསུམ་ཀ་དག་སྣང་སྲིད་བདུད་རྩིར་བསྒྱུར།། དབྱེ་བསལ་རྩིས་གདབས་མེད་པའི་བྱིན་རླབས་ཀྱིས།། ཕྱི་ནང་སྣོད་བཅུད་བསྡུས་པ་ཡིས།། ཁམས་གསུམ་སྲིད ་གསུམ་འགྲོ་དྲུག་རྣམས།། མཉམ་ཉིད་བདུད་རྩིའི་རྒྱ་མཚོར་གྱུར།། སྐྱེ་འགག་མེད་པའི་བྱིན་རླབས་ཀྱིས།། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན།། སྐྱེ་མེད་དབྱིངས་སུ་མཆོད་པར་འབུལ།། སྐྱེ་ཤི་རྩད ་གཅོད་བྱིན་གྱིས་བརླབས།། སངས་རྒྱས་བསམ་ལས་འདས་པ་ལ།། སྣང་སྲིད་རྒྱས་འདེབས་མཆོད་པར་འབུལ།། འཕོ་འགྱུར་མེད་པར་བྱིན་གྱིས་རློབས།། སྐྱེ་བ་མེད་པར་བཞེས་སུ་གསོལ།། སྐུ་གསུམ་དཀོན་མཆོག ་དུས་གསུམ་སངས་རྒྱས་ལ།། སེམས་ཀྱི་བརྟགས་སྣང་མཆོད་པར་འབུལ།། བརྗོད་མེད་བསམ་འདས་བཞེས་སུ་གསོལ།། བརྟགས་སྣང་གཟུང་འཛིན་གྲོལ་བར་བྱིན་གྱིས་རློབས།། བླ་མ་ཡི་དམ་མཁའ་འགྲོ་བྱེ་བ ་ཁྲག་ཁྲིག་ལ།། སྣང་སྲིད་སྐྱེ་འགྲོ་ཐམས་ཅད་དང་།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཏོར་མར་འབུལ།། སྡུག་བསྔལ་ཀ་དག་བྱིན་གྱིས་རློབས།། བཀའ་སྲུང་ཆོས་སྐྱོང་མཁའ་འགྲོ་བསམ་འདས་ལ།། སྣང་སྲིད་སྐྱེ ་འགྲོ་གཏོར་མའི་རྫས།། བློ་ཡིས་ཆུད་ཚད་གཏོར་མར་འབུལ།། ཆོས་ཀྱི་དབྱིངས་སུ་བཞེས་སུ་གསོལ།། སྐྱེ་བ་མེད་པར་བྱིན་གྱིས་རློབས།། དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐམས་ཅད་ལ།། སེམས་ཀྱི་དྲན་རྟོག་པ ་སྩོལ།། ཨ་སང་ཀ་ར་ཨ། སི་ཏ་ཨ། ཞེས་གསུངས་སོ།། སྡང་ཕྲད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཟག་མཐའ་གཅོད་པའི་རྒྱུད་ལས། སྣང་སྲིད་ཐམས་ཅད་བདུད་རྩི་རྣམ་དག་གི་ལནུ་དྷནཱ ་ཤུ་རྩ་དགུ་པའོ།། ས་པ་གྲས་སའས།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་སེམས་ཉིད་ཀུན་བཟང་ལ།། དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ལ།། ཟན་ཐུལ་ཟང་ཟིང་མ་ཡིན་པའི།། ཆོས་ཉིད་གཏོར ་མ་ཇི་ལྟར་བཏང་།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེ་འོད་འཕེལ་འགྲིབ་དབྱེ་བསལ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས། ཆོས་ཉིད ་སེམས་ཀྱིས་གཏོར་མ་བཤད། འཁོར་རྣམས་མ་ཡེངས་གུས་པས་ཉོན།། སྙིང་པོའི་རང་བཞིན་འགྱུར་མེད་ལ།། རིག་པ་རྩལ་སྣང་མ་འགགས་གཏོར་མ་གཏོང་།། ཤ་ཕྲག་ཟན་བྲུལ་འདུས་བྱས་རྫས་མིན་པའི།། སྣང ་སྲིད་རྒྱས་འདེབས་ཆོས་སླར་གཏོར་མ་གཏོང་།། སྣོད་ཀྱི་འཇིག་རྟེན་གསེར་དངུལ་ཟངས་ལྕགས་སྣོད།། ནང་བཅུད་འཇིག་རྟེན་གཏོར་མའི་རྫས་རྣམས་ལ།། སྐྱེ་འགྲོ་གཟུགས་སོགས་ཤ་ཆང་ཟན།། རང་ལས་འབྱུང ་བའི་བདུད་རྩི་ལྔ།། དུག་ལྔ་ཀ་དག་ཡེ་ཤེས་ལྔ།། དུག་གསུམ་ཀ་དག་སྐུ་གསུང་ཐུགས།། རྣམ་ཤེས་རྣམ་ལྔ་གཏོར་མའི་རྒྱན།། དབང་པོ་ཡུལ་ལྔ་གཏོར་མའི་རྟེན།། དབང་པོ་རང་དག་རྒྱལ་བའི་དགོངས་པའི ་ཡིན།། སྟོང་ནི་ཐེག་པ་བརྒྱད་ཁྲི་སྟོང་།། སྦྱར་ནི་མཉམ་ཉིད་ཀློང་དུ་སྦྱར།། སྨན་ནི་ཉོན་མོངས་བརྒྱད་ཁྲིའི་སྨན།། རྩ་བ་ཐིག་ལེ་ཉག་གཅིག་ཡིན།། འབུམ་ཕྲག་ཐིག་ལེ་རྩལ་སྣང་ཡིན།། ཡངས་པ་ཆོས་ཉིད་རོལ་པས ་ཡངས།། བཅུད་ནི་སྙིང་པོ་འགྱུར་མེད་ཡིན།། སྙིང་པོ་ཆོས་སྐུ་སྐྱེ་འཆི་མེད།། བདུད་ནི་ཉོན་མོངས་ལྔ་ལྡན་ཏེ།། རྩི་ནི་ཡེ་ཤེས་རྣམ་ལྔའོ།། ར་ནི་ང་བདག་རྣམས་གཉིས་ཏེ།། ས་ནི་བདག་བཅོམ་ཆོས་ཉིད་བསྟན།། ཡ ་ནི་ཐེག་པ་རིམ་བརྒྱད་སྟེ།། ཐམས་ཅད་རྫོགས་པ་ཆེན་པོར་འདུས།། སྙིང་པོ་སྤྱི་ཏི་ཡོ་ག་ཡིན།། ཐོག་མཐའ་གཉིས་ཀྱི་གདམས་ངག་ཡིན།། འགྲོ་དྲུག་གཡང་ས་གཅོད་པ་ཡིན།། དྲས་ཐག་ཆོད་པའི་བཀའ་ལུང ་གིས།། སེམས་ཅན་ཀུན་བསྒྲལ་དབྱིངས་སུ་བསྒྲལ།། སྐྱེ་མེད་ཆོས་ཉིད་ཀློང་དུ་བཞག། དུག་ལྔ་ཞེ་སྡང་འདོད་ཆགས་གཟུང་འཛིན་ལྔ།། ཤེས་རྟོགས་ལྟ་སྒོམ་སྤྱོད་འབྲས་སེལ།། བདུད་ནི་རྣམ་རྟོག་ཆོས་རྣམས ་ཡིན།། རིན་ཆེན་འོད་གསལ་ཤེས་པའི་མཆོག། བདུད་རྣམས་ཞེན་མེད་ངང་དུ་བཅོམ།། རྩི་ནི་རྣམ་གཉིས་འབྲང་གསུམ་སྟེ།། ཐབས་ནི་སྣང་སྲིད་བདེ་ཆེན་ཀློང་།། མཆོད་ནི་དམིགས་པ་མེད་པར་མཆོད།། ཕུལ་ནི ་གཉིས་སུ་མེད་པར་ཕུལ།། དགྱེས་ནི་མཉམ་ཉིད་ཆེན་པོར་དགྱེས།། དངོས་ནི་རང་སེམས་སྐྱེ་བ་མེད།། གྲུབ་པ་རྟོགས་པའི་ཡེ་ཤེས་སོ།། འགྱུར་མེད་སེམས་ཉིད་ལྷ་ཚོགས་ལ།། མཆོད་འབུལ་དགྱེས་པའི་དངོས་གྲུབ ་ཆུབ་སེམས་ཀྱི་དབང་བསྐུར་འདི།། ཐེག་པ་གཞན་ལས་འབྱུང་མི་སྲིད།། སྠི་ཏིའི་དབང་བསྐུར་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ ་གཅོད་པའི་རྒྱུད་ལས། དབང་བསྐུར་རྒྱལ་པོའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། 2་ས་མ་ཐམཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སེམས་ཉིད་སྟོན་པ་ཀུན་བཟང་ལ།། དཀྱིལ་འཁོར་ཆོས་ཉིད ་ལྷ་ཚོགས་ལ།། བདུད་རྩི་སྨན་མཆོད་ཅི་ལྟར་བྱ།། ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ང་ཡིས་བདུད་རྩི་སྨན་མཆོད་བཤད།། རང་བྱུང་གདོད་ནས་རྣམ ་དག་པས།། རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན།། རྩ་བ་འབུམ་ཕྲག་ཡངས་པའི་བཅུད།། འཆི་མེད་བདུད་རྩི་ར་ས་ཡན།། ཐམས་ཅད་འདུས་པའི་སྙིང་པོ་སྟེ།། འགྲོ་དྲུག་སེམས་ཅན་ཀུན་སྒྲོལ་བའི།། དུག་ལྔ་སེལ ་བའི་བདུད་རྩི་མཆོག། མི་འགྱུར་སྙིང་པོའི་ལྷ་ཚོགས་ལ།། སྨན་མཆོད་མི་དམིགས་དབྱིངས་ཉིད་འབྲལ།། སྐྱེ་མེད་བདེ་ཆེན་དངོས་གྲུབ་རྩོལ།། སྙིང་པོའི་རང་བཞིན་འགྱུར་མེད་ཀྱང་།། ཆོས་རྣམས་ཐམས་ཅད་བདུད ་རྩི་རྣམ་དག་དགོངས་པར་བསྟན།། རང་བྱུང་རྒྱུ་རྐྱེན་སྐྱེ་འཇིག་མེད།། གཞི་མ་འོད་གསལ་གདོད་མ་ནས།། འཁྲུལ་སྣང་མ་རིག་རྣམ་པར་དག། རྩ་བ་བྱང་ཆུབ་སེམས་ཉིད་ཡིན།། བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད ་གསལ་གདངས་ཐོབ།། གཟུང་འཛིན་གཉིས་སྣང་བདེན་གཉིས་རྣམས།། དབྱེར་མེད་སྤྲོས་པ་ཟག་ཆོད་པའི།། འཁྲུལ་སྣང་རྩད་བཅད་དབང་བསྐུར་བས།། རང་སངས་ཆེན་པོར་དབང་ཐོབ་བོ།། སྣང་སྲིད་རྣམ་དག ་མཁའ་ཀློང་དཀྱིལ་ཡངས་སུ།། ཅི་སྤྱོད་ཐམས་ཅད་ཆོས་ཉིད་རོལ་པའི་རྒྱན།། ཆོས་ཅན་རོལ་པ་ཆོས་ཉིད་མ་དང་འཕྲད།། མ་བུ་དབྱེར་མེད་ཆེན་པོར་དབང་ཐོབ་པ།། དབང་བཞི་ཟིལ་གནོན་རིག་པ་སྤྱི་ཡི ་ལུགས།། དབང་བཞི་རྒྱས་བཏབ་དབང་གི་རྒྱལ་པོ་ཡིན།། སྣང་སྲིད་སེམས་ལ་དབང་བས་དབང་གི་རྒྱལ་པོ་ཡིན།། སྐྱེ་མེད་རྒྱ་ཡི་ཐེབས་པས་དབང་གིས་རྒྱལ་པོ་ཡིན།། འགྱུར་མེད་རྟོད་ལ་ནོན་པས་དབང་གི་རྒྱལ ་པོ་ཡིན།། དབྱེར་མེད་ས་ལ་གནས་པའི་དབང་གི་རྒྱལ་པོ་ཡིན།། བྱ་བ་ཐམས་ཅད་བཏང་བས་དབང་གི་རྒྱལ་པོ་ཡིན།། དགག་བསྒྲུབ་ཡང་དོགས་བྲལ་བས་དབང་གི་རྒྱལ་པོ་ཡིན།། སངས་རྒྱས་སེམས་ལ་དབང་བས ་དབང་གི་རྒྱལ་པོ་ཡིན།། ཆོས་སྐུ་སེམས་ལ་དབང་བས་དབང་གི་རྒྱལ་པོ་ཡིན།། སྣང་སྲིད་རྒྱ་ནས་འདེབས་པའི་དབང་གི་རྒྱལ་པོ་ཡིན།། འཁོར་བ་རྩད་ནས་བཅད་པས་དབང་གི་རྒྱལ་པོ་ཡིན།། རང་དབང་རང ་གིས་ཐོབ་པས་དབང་གི་རྒྱལ་པོ་ཡིན།། བརྗོད་མེད་ཀློང་དུ་ཐིམ་པས་དབང་གི་རྒྱལ་པོ་ཡིན།། འགྱུར་མེད་ངང་ལ་གནས་པས་དབང་གི་རྒྱལ་པོ་ཡིན།། སྐྱེ་མེད་རང་ས་ཟིན་པས་དབང་གི་རྒྱལ་པོ་ཡིན།། ཆོས་ཉིད་བྱང ་ནི།། ཤེས་ནི་གཞི་ཡི་འོད་གསལ་ཤེས།། རབ་ནི་བུམ་པ་ངོ་སྤྲད་ཤེས།། ཡེ་ནི་ཐོག་མ་མེད་པར་བྱང་།། ཤེས་ནི་འགྱུར་བ་མེད་པར་ཤེས།། དབང་ནི་ཆོས་ཀྱི་སྐུ་ལ་དབང་།། བསྐུར་ནི་དམིགས་དང་བྲལ ་བར་བསྐུར།། ཐོབ་ནི་ཆོས་ཉིད་འགྱུར་མེད་ཐོབ།། རྫོགས་ནི་རང་སེམ་རང་ལ་རྫོགས།། དེ་ཕྱིར་ཤེས་རབ་ཡེ་ཤེས་རྫོགས།། རིན་ཆེན་ཚིག་དབང་རྫོགས་ལུགས་ནི།། རིན་ནི་སེམས་ཉིད་རིན་པོ་ཆེ།། ཆེ་ནི་ཆེ་བ ་ལྔ་ཡིས་འཕགས།། ཚིག་ནི་བརྗོད་དུ་མེད་པའི་ཚིག། དབང་ནི་ཆོས་ཉིད་འོད་གསལ་དབང་།། བསྐུར་ནི་མི་འགྱུར་དབྱིངས་སུ་བསྐུར།། ཐོབ་ནི་སངས་རྒྱས་ལྔ་རྣམས་ཐོབ།། དེ་ཕྱིར་རིན་ཆེན་ཚིག་དབང ་རྫོགས།། དབང་བཞི་རྫོགས་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། \ུ0f7fམཱ་ཊ\ུ0f89\ུ0f4་མཱཿཱཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དབང་བཞི་ཟིལ་གྱིས་གནོན་པ་ཡི།། རིག་པ་རྩལ་དབང་ཇི་ལྟར་ལགས།། ཞེས་གསོལ ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། རིག་པ་སྤྱི་བླུགས་དབང་བསྐུར་ནི།། པ་ཐ་ཨ་ཐ་སཾ་ཀ་རི་ཞེས་བྱ་བ་སྟེ། སྤྱི་བླུགས་དབང་གི་བསྐུར་ཐབས་ནི།། ཆོས་སྐུ་གཅེར་མཐོང་མན་ངག་ཡིན།། སྣང་ཞིང་སྲིད ་པས་བསྡུས་པ་རྣམས།། དགག་བསྒྲུབ་མེད་པར་དབང་བསྐུར་བས།། ཕྱོགས་རིས་མེད་པའི་དབང་ཆེན་ཐོབ།། ཡིད་འགྱུ་དྲན་རིག་རྣམ་རྟོག་རྣམས།། རྩིས་གདབ་མེད་པར་དབང་བསྐུར་བས།། ངང་དངས་ཆོས་ཉིད ་ཡིས།། སྟོན་པ་ཀུན་ཏུ་བཟང་པོ་ལ།། དབང་བསྐུར་ཐོབ་ལུགས་རྫོགས་ལུགས་རྣམས།། འདུས་པའི་འཁོར་ལ་གསུང་དུ་གསོལ།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྙིང་པོ་མིང་མེད་ངང་ལ་ཐོབ་དང་མི་ཐོབ ་མེད།། དེ་ལྟར་མ་རྟོགས་ཐོབ་དང་མ་ཐོབ་བྱུང་།། དབང་ཐོབ་དབང་བཞི་རྫོགས་ལུགས་ནི།། ཆོས་ཉིད་མ་བཅོས་དང་གནས་པས། གནས་ཀྱི་དབང་བསྐུར་ཐོབ། འགྱུར་མེད་ཆོས་སྐུ་ཐོབ་པས། སྐུའི་དབང་ཐོབ།། ་བརྗོད་མེད་ངང་ལ་གནས་པས་གསུང་གི་དབང་ཐོབ། གཡོ་མེད་དབྱིངས་སུ་ཐིམ་པས། ཐུགས་ཀྱི་དབང་བསྐུར་ཐོབ། མ་བསྐུར་རང་ལ་རྫོགས་པས། སྐུ་གསུང་ཐུགས་དབང་ཐོབ། དེ་ནི་དབང་བསྐུར་ལུགས་ཐོབ ་ལུགས་སོ།། དབང་བསྐུར་རྫོགས་པའི་རྫོགས་ལུགས་ནི།། བུམ་པའི་དབང་ཡང་སེམས་ལ་རྫོགས།། བུམ་ནི་སྙིང་པོ་འོད་ཀྱི་བུམ།། པ་ནི་ཆོས་ཉིད་མ་འགག་པས།། དབང་བ་སྐྱེ་མེད་དོན་ལ་དབང་།། བསྐུར་བ ་གཉིས་སུ་མེད་པར་བསྐུར།། ཐོབ་ནི་སྙིང་པོའི་ཆོས་སྐུ་ཐོབ།། དེ་ཕྱིར་བུམ་པ་སེམས་ལ་རྫོགས།། གསང་བའི་དབང་གི་རྫོགས་ལུགས་ནི།། གསང་བ་བློ་ཡི་ཡུལ་མ་གྱུར།། སྨྲ་བསམ་བརྗོད་འདས་དོན་ཡིན་ནོ།། བ་ནི ་སྙིང་པོའི་ཡེ་ཤེས་ཡིན།། དབང་ནི་བརྗོད་མེད་དོན་ལ་དབང་།། བསྐུར་ནི་མཚོན་དུ་མེད་པར་བསྐུར།། ཐོབ་ནི་བརྗོད་བྲལ་ངོ་བོར་ཐོབ།། དེ་ཕྱིར་གསང་དབང་སེམས་ལ་རྫོགས།། ཤེས་རབ་ཡེ་ཤེས་རྫོགས་ལུགས ་ཏེ།། རྒྱལ་བ་རིགས་ལྔའི་དབང་བསྐུར་བས།། ཡེ་ཤེས་རྣམ་ལྔ་གསལ་བ་དང་།། རང་ཉིད་རིགས་ལྔའི་སྐུར་གྱུར་ཅིག། དེ་ནས་རྡོ་རྗེ་སྦྱིན་བྱས་ཏེ།། རྡོ་རྗེ་འབར་བ་འདི་གཏད་པས།། མ་ནོར་མ་བཅོས ་བྱར་མེད་པའི།། མི་འགྱུར་བརྟན་པའི་རྒྱས་ཐོབ་ཅིག། དེ་ནས་དྲིལ་བུ་སྦྱིན་བྱས་ལ།། སྟོང་ཉིད་དྲིལ་བུ་འདི་གཏད་པས།། དངོས་མེད་སྟོང་པའི་རང་བཞིན་ལ།། འགྱུར་བ་མེད་པར་རྒྱས་ཐོབ་ཅིག། ཅེས་བུམ་པའི ་དབང་བསྐུར་རོ།། གཉིས་པ་གསང་བའི་དབང་བསྐུར་བ་ནི།། སྣང་གྲགས་རྟགས་སྣང་ཐབས་ཡིན་ཏེ།། རང་བཞིན་དངོས་མེད་ཤེས་རབ་ཡུམ།། གཉིས་མེད་ཆེན་པོར་སྦྱོར་བ་ལས།། དབྱེ་བསལ་མེད་པའི ་དབང་ཐོབ་ཤོག། གསུམ་པ་ཤེས་རབ་ཡེ་ཤེས་ནི།། ཡུལ་གྱིས་མ་ཕྱེས་ཆོས་ཀྱི་དབྱིངས།། སེམས་ཀྱིས་མ་བསམས་ཆོས་ཀྱི་དབྱིངས།། ཆོས་སྐུ་ཆོས་དབྱིངས་བརྗོད་མེད་ཀློང་།། ཤེས་རབ་ཡེ་ཤེས་དབང ་བསྐུར་ཐོབ།། བཞི་པ་རིན་ཆེན་ཚིག་དབང་ཀྱང་།། སེམས་ཉིད་དང་དངས་རིན་ཆེན་དེ།། རྣམ་རྟོག་མཚན་མའི་ཚོགས་ལས་བྱུང་།། ཆོས་ཉིད་རང་གསལ་རང་དབང་ཐོབ།། རིན་ཆེན་ཚིག་དབང་བསྐུར ་བས་ཐོབ།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དབང་བསྐུར་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་གྱིས་སློབ་མར་མིག་དར་བཀབ་ལ། ཡོལ་བའི་ཕྱི་རོལ་ནས་ནང་དུ་ཁྲིད་ལ། རྟོག་ཚོགས་ཀྱི་བགེགས་བསྐྲད་ལ། དེ་ནས་སློབ་མས་ཀྱང་རྟོག་པ་ཐམས་ཅད་ཕྱག་པའི་ཕྱག་བྱས་ལ། མ་ཆགས་སེར་སྣ་མེད་པའི་རིན་པོ ་ཆེཚེ། ཆེ་བ་ལྔ་ཡི་ནོར་ཀུན་མི་ཕངས་པར་འབུལ་ལོ།། དེ་ནས་སློབ་མ་དེས། མི་འགྱུར་དབྱིངས་ཀྱི་དཀྱིལ་འཁོར་དེ།། བདག་ཅག་རྣམས་ཀྱིས་མཐོང་བྱའི་ཕྱིར།། མ་རིག་པ་ཡི་མིག་ཕྱེ་ལ།། སྙིང་པོ་དོན་གྱི་ལྷ་ཚོགས ་བསྟན་དུ་གསོལ།། ཞེས་གསོལ་པ་དང་། དེ་ནས་སློབ་དཔོན་གྱིས། འདི་སྐད་གསུང་ངོ་།། བུ་ཁྱོད་སྐལ་ལྡན་རིགས་ཅན་ཁྱོད།། ཐོག་མ་མེད་པའི་དུས་ཉིད་ནས།། གནས་དོན་མ་ཤེས་དོན་མ་རིག། མ་རིག་མུན་པས ་མིག་ལོང་བས།། དེ་རིང་ཤེས་རབ་འོད་གསལ་གྱིས།། མ་རིག་པ་ཡི་མིག་དབྱེའོ།། མི་འགྱུར་ལྷ་ཚོགས་བལྟ་བར་གྱིས།། རང་གི་རིན་ཆེན་འོད་གསལ་བསྟན།། ཐོག་མའི་སངས་རྒྱས་ངོ་སྤྲད་དོ།། ཞེས་མིག་ཕྱེའོ།། དེ ་ནས་སློབ་མ་དེས་མེ་ཏོག་དོར་ནས། མིག་ཕྱེ་ནས་ལྷ་ངོ་བལྟའོ།། རིགས་གང་ཡིན་གྱི་གསང་མཚན་གདགས་སོ།། དེ་ནས་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་བུམ་པ་བཞག་ལ། འདི་སྐད་བརྗོད་པར་བྱའོ།། ཆོས ་དབྱིངས་རྣམ་དག་བུམ་པ་འདི།། བུ་ཁྱོད་སྤྱི་བཙུགས་བཞག་བྱས་ནས།། ཡེ་ཤེས་བུམ་པའི་དབང་བསྐུར་བས།། སྣང་སྲིད་མ་བཀག་ཆོས་སྐུ་རུ།། ཕྱོགས་རིས་བྲལ་བའི་དབང་ཐོབ་ཤོག། དེ་ནས་དབུ་རྒྱན་བསྐོན་བྱས ་དེ།། སྐལ་ལྡན་རིགས་ཆེན་སློབ་མ་དེ།། འོག་མིན་གནས་མཆོག་དཀྱིལ་འཁོར་དུ།། ཚོགས་དང་གཏོར་མ་ལུགས་སུ་བཤམ།། བསྒྲུབ་པའི་རྫས་དང་དཀྱིལ་འཁོར་རྫས།། ཆད་པ་མེད་པར་བསགས ་བྱས་ལ།། དོན་དམ་སློབ་མ་སྐལ་ལྡན་དེས།། བྱང་ཆུབ་ཆེན་པོའི་ཆུ་རྒྱུན་གྱིས།། སེམས་ཀྱི་དྲི་མ་དག་པར་བཀྲུས།། རྡོ་རྗེ་སློབ་དཔོན་བཞུགས་པ་ལ།། པུས་བཙུགས་ཐལ་སྦྱར་འདི་སྐད་ཞུས།། ཨེ་མ་ཧོ། ཡེ་ནས་བདེ ་གཤེགས་སྙིང་པོ་ལ།། ཉོན་མོངས་མ་རིག་དབང་གིས་ནི།། རང་གི་དེ་ཉིད་ངོ་མ་ཤེས།། བསྐལ་པར་འགྲོགས་ཀྱང་དོན་མ་རྟོགས།། ལྷན་ཅིག་གནས་ཀྱང་ཞལ་མ་འཚོས།། ཉོན་མོངས་དུག་ལྔའི་བདག་ཉིད ་ཀྱིས།། ཁམས་གསུམ་འཁོར་བའི་གནས་སུ་འཁྱམས།། ཐོག་མའི་སངས་རྒྱས་མ་དང་སྤྲོད།། ཆོས་ཉིད་མ་བུ་ངོ་སྤྲད་ཕྱིར།། མི་འགྱུར་ཆོས་ཉིད་དཀྱིལ་འཁོར་སྟོན།། འཁོར་བའི་ནང་ནས་གདོན་དུ་གསོལ།། སློབ ་དཔོན་ཉིད་ཀྱིས་བྱིན་གྱིས་རློབས།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། སྐྱབས་མེད་བདག་ནི་འཇུག་ཏུ་གསོལ།། ཞེས་གསོལ་པ་དང་། སློབ་དཔོན་གྱིས་གསུངས་པ།། ཀྱེ་ཀྱེ་བུ་ཁྱོད་སྐལ་ལྡན་རིགས་ཀྱི་བུ།། མི ་འགྱུར་དཀྱིལ་འཁོར་འཇུག་འདོད་ན།། གཟུང་འཛིན་གཉིས་ཀྱི་སྒྲོག་ཁྲོལ་ལ།། སེམས་ཀྱི་དྲི་མ་དག་པར་གྱིས།། སེམས་ལ་ཞེན་འདོད་མ་བྱེད་པར།། ཆགས་ཞེན་བྲལ་བས་འཇུག་པར་གྱིས།། དེ་ནས་སློབ་དཔོན ་དང་།། དེ་ནས་སྟོན་པ་ཀུན་བཟང་དེ།། རིན་པོ་ཆེ་འོད་ཀྱི་བྱིན་རླབས་ནང་དུ་འབར་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་རྣམས་ལ།། དབང་གི་བསྐུར་ཐབས་འདི་ལྟར་གསུངས།། འཁོར ་རྣམས་མ་ཡེངས་གུས་པས་ཟུང་།། སྙིང་པོ་དོན་གྱི་གནས་ལུགས་ལ།། བསྐུར་བྱ་སྐུར་བྱེད་གཉིས་མེད་ཀྱང་།། རེ་ཞིག་མ་རྟོགས་བློ་ཅན་ལ།། རིག་པ་སེམས་ཀྱི་རྩལ་དབང་བསྐུར།། ཀུན་གཞི་ཀློང་ཡངས་མཚོ་ཆེན ་ལ།། འདུས་མ་བྱས་པའི་མཁའ་དབྱིངས་ཀློང་དཀྱིལ་དུ།། ཆོས་ཉིད་དོན་དབང་འདོད་པ་རྣམས།། རྩོལ་མེད་ཚུལ་གྱིས་འཇུག་པར་བྱ།། དང་པོ་བུམ་པའི་དབང་ཉིད་དང་།། གཉིས་པ་གསང་བའི་དབང་བསྐུར ་དང་།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། བཞི་པ་རིན་ཆེན་ཚིག་དབང་ངོ་།། རྒྱལ་ཐབས་སྤྱི་བླུགས་དབང་གིས་ལ་བཟླའོ།། དང་པོ་བུམ་པའི་དབང་བསྐུར་ལ།། ལས་དང་སྐལ་བར་ལྡན་པའི་སློབ་མ་ཡིས།། སྙིང ་པོ་དོན་གྱི་གདམས་ངག་ཡོད་པ་ཡི།། བླ་མ་དག་ལ་ཞུ་བ་དབུལ།། བླ་མས་གནང་བར་གྱུར་པ་ན།། རྫས་དང་ཡོ་བྱད་ལྡན་བྱས་ཏེ།། གཟུང་འཛིན་དག་པའི་ས་ཕྱོགས་སུ།། ཕྱོགས་རིས་སངས་པའི་དབེན་རྩ ་རུ།། མཁའ་ཀློང་ཡངས་པའི་མཆོད་ཁང་དུ།། མི་འགྱུར་དབྱིངས་ཀྱི་དཀྱིལ་འཁོར་ནི།། མ་བྲིས་གསལ་བའི་དཀྱིལ་འཁོར་ན།། མ་བསྐྱེད་རྫོགས་པའི་ལྷ་ཚོགས་བཞུགས།། དེ་ལ་སློབ་མས་དབང་ནོད ་པའི།། ལྷོ་ཡི་སྒོ་བར་ཕྱག་འཚལ་བསྟོད།། འཁྲུལ་པ་ཐམས་ཅད་རང་སར་དེངས།། རང་སངས་ནུབ་སྒོར་ཕྱག་འཚལ་བསྟོད།། བརྟགས་ཞེན་མཚན་མ་ཡོངས་དང་བྲལ།། གསལ་གདངས་བྱང་སྒོར ་ཕྱག་འཚལ་བསྟོད།། བསྟོད་པ་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། ། ་ཨམྲཿཿམཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་ཀུན་ཏུ་བཟང་པོ་ལ།། གཤེགས་སུ་གསོལ་ན་ཇི་ལྟར་གསོལ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། བརྗོད་མེད་བདེ་ཆེན་ཀློང ་དུ་གཤེགས་སུ་གསོལ།། བསམ་མེད་འགྱུར་མེད་དབྱིངས་སུ་གཤེགས་སུ་གསོལ།། རང་བྱུང་ཆེན་པོའི་ཀློང་དུ་གཤེགས་སུ་གསོལ།། མངོན་མེད་དབྱིངས་སུ་གཤེགས་སུ་གསོལ།། མཚོན་མེད་བརྗོད་འདས་དབྱིངས ་སུ་གཤེགས་སུ་གསོལ།། རིན་ཆེན་འོད་འབར་ཆོས་ཉིད་ཀློང་དུ་གཤེགས་སུ་གསོལ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གཤེགས་སུ་གསོལ ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། \ུ0f7fབཱ་ཐཱ་ཀྵཀྵནཿ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རྫོགས་ཆེན་སྠི་ཏི་ཡོ་ག་ཡིས།། དབང་གི་སྒྲུབ་ཟབས་ཅི་ལྟར་ལགས།། ཞེས་གསོལ་པ ་བསྟོད།། དངོས་མེད་ཀུན་ཁྱབ་སྤྲོས་པ་མཐའ་དག་གཅོད།། ཐུགས་རྗེ་ཀུན་ཁྱབ་འགྲོ་བ་ཡོངས་ཀྱི་མགོན།། ཐུགས་རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད།། མི་བསྐྱོད་རིན་འབྱུང་སོགས་ཆད་པ་ཡིན་ནམ ་བརྟག། དབྱེར་མེད་གཅིག་ཏུ་འདྲིལ་མཛད་པ།། མཐའ་ཡས་ཆོས་ཉིད་ངང་དུ་སྡུད།། སངས་རྒྱས་སྣང་བ་མཐའ་ཡས་སྐུ་ལ་ཕྱག་འཚལ་བསྟོད།། རྩོལ་བསྒྲུབ་བྱ་བཙལ་ལས་རྣམས་ཀུན།། དབྱེར་མེད་སྤྲོས་བྲལ ་ང་དུ་སྡུད།། སངས་རྒྱས་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད།། ཆགས་འཛིན་སྤྲོས་པ་ཡོངས་ཆོད་ནས།། བྱམས་པ་ཆེན་པོས་ཀུན་ལ་ཁྱབ།། དྲི་ཡི་ཆགས་པ་སེལ་མཛད་པ།། རིགས་ལྕམ་སྐུ་ལ་ཕྱག་འཚལ ་བསྟོད།། དགག་བསྒྲུབ་སྤང་ལེན་ཀུན་བྲལ་ནས།། རེག་བྱའི་ཡུལ་ལ་དབྱེ་བསལ་མེད།། གསལ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད།། ཕྱི་ནང་གཉིས་མེད་ཆོས་ཉིད་དང་།། སྒྲ་ཡི་རང་བཞིན་སྤྲོས་དང་བྲལ།། སྒྲ་ཡི་ལས ་རྣམས་ཡོངས་སུ་རྫོགས།། བདེ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད།། སྤྲོས་པའི་མཐའ་བརྒྱད་ཀུན་དང་བྲལ།། རོ་ཡི་བརྟགས་ཞེན་རྣམ་པར་དག། བཏང་སྙོམས་ཡོངས་སུ་རྫོགས་པར་མཛད།། ལྷ་མོ་སྟོང་ལྕམ་སྐུ་ལ་ཕྱག ་འཚལ་བསྟོད།། རྒྱུ་རྐྱེན་སྐྱེ་འགག་ཡོངས་དང་བྲལ།། རྩོལ་བསྒྲུབ་མཐའ་རྣམས་རྩད་ནས་གཅོད།། གཏིང་གསལ་ཤར་གྱི་སྒོ་སྲུངས་བསྟོད།། ཐམས་ཅད་མཉམ་ཉིད་ངང་དུ་སྡུད།། རིག་ཚོར་འགྱུ་བ་དང་སངས ་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན།། མ་ཆགས་སེར་སྣ་མེད་པར་མཆོད་པར་མཆོད།། རྒྱ་ནས་འདེགས་ཀྱིས་བཞེས་སུ་གསོལ།། ནང་འཛིན་སེམས་ཀྱི་དྲན་རྟོགས་ཀུན།། ངང་དངས་ཆེན་པོར ་མཆོད་པར་འབུལ།། མི་དམིགས་དབྱིངས་སུ་བཞེས་སུ་གསོལ།། རང་གི་ལྷར་ནི་རང་མཆོད་ན།། དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་།། མཆོད་པ་འབུལ་ན་སེམས་ལ་འབུལ།། བྱང་ཆུབ་སེམས་ཀྱི་མཆོད་པ ་འདི།། ཐེག་པ་གཞན་དུ་ཡོངས་མ་གསུངས།། མཆོད་པ་ཆ་མཐུན་ཁྱད་པར་འཕགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མཆོད་པ་དབུལ ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། སྭ་ཛ་སྭ་\ུ0f89\ུ0f4། ཛཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ལ།། བསྟོད་པའི་ལེའུ་གསུང་དུ་གསོལ།། ཀུན་བཟང་ཉིད་ལ་དེ་སྐད་གསོལ་པ ་དང་།། ཀུན་ཏུ་བཟང་པོས་འཁོར་རྣམས་ལ་བཀའ་སྩལ་པ།། དོན་ཉིད་དབྱེ་རུ་མེད་མོད་ཀྱང་།། དཀྱིལ་འཁོར་ལྷ་ཡི་བསྟོད་པ་བསྟན།། ཆོས་ཀྱི་དབྱིངས་ན་གཅིག་པུར་བཞུགས་པའི་ལྷ།། གཙོ་མཆོག་བྱང་ཆུབ ་སེམས་ལ་ཕྱག་འཚལ་བསྟོད།། འགྱུར་མེད་ཀུན་ཁྱབ་ནམ་མཁའ་ལྟ་བུའི་སྐུ།། མ་རིག་མུན་སེལ་ཉི་ཟླ་ལྟ་བུའི་སྤྱན།། འདོད་པ་ཀུན་བྲལ་ཡིད་བཞིན་ནོར་བུའི་ཐུགས།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ ་བཤད།། སྙིང་པོ་དོན་གྱི་ཆོས་སྐུ་ཡང་།། མི་དམིགས་དབྱིངས་ནས་གཤེགས་སུ་གསོལ།། འོད་གསལ་ཆོས་ཉིད་ཀློང་ཆེན་དུ།། སྐྱེ་འགག་མེད་པའི་ལོངས་སྐུ་ཡང་།། འོག་མིན་གནས་ནས་གཤེགས་སུ་གསོལ།། སྣང ་སྲིད་མཁའ་ཀློང་ཡངས་པ་ནས།། ཀུན་ཁྱབ་དྲན་མེད་སྦྲུལ་སྐུ་ཡང་།། འགྲོ་དོན་མ་སྤངས་གཤེགས་སུ་གསོལ།། སེམས་ཀྱི་བརྟགས་སྣང་ལྷ་ཚོགས་རྣམས།། སྐྱེ་མེད་བསྟན་ཕྱིར་གཤེགས་སུ་གསོལ།། རྣམ་རྟོག་གཟུང ་འཛིན་ཕྱག་ནས་ཀྱང་།། དོན་དམ་འགྱུར་བ་མེད་ལ་ཕྱག་འཚལ་ལོ།། མཁའ་ཀློང་ཡངས་པའི་གཞལ་ཡས་སུ།། མཉམ་པ་ཉིད་ཀྱི་ཁྲི་སྟེངས་སུ།། ཆོས་ཉིད་གདན་ལ་བཞུགས་སུ་གསོལ།། སྣང་བ་ཡུལ་གྱི་བྱེ་བྲག ་ཀུན།། དགག་བསྒྲུབ་མེད་པར་མཆོད་པར་འབུལ།། ནང་འཛིན་སེམས་ཀྱི་དྲན་རྟོགས་ཀུན།། དངོས་པོ་མེད་པར་མཆོད་པ་འབུལ།། ཕྱི་ནང་གཉིས་སུ་སྣང་བ་རྣམས།། དབྱེ་བསལ་མེད་པར་མཆོད་པ་འབུལ།། ཡུལ ་དུ་སྣང་བའི་དཀར་དམར་རྣམས།། སོར་བཞག་ཆེན་པོར་མཆོད་པར་འབུལ།། སེམས་ལས་བྱུང་བའི་དྲན་རྟོག་རྣམས།། རྩིས་གདབ་མེད་པར་མཆོད་པ་འབུལ།། གཟུང་འཛིན་གཉིས་ཀྱིས་བཅིངས་པ་རྣམས།། སྤྲོས ་པ་ཟག་ཆོད་མཆོད་པ་འབུལ།། ཕྱི་རུ་སྣང་བའི་ཡུལ་སྣང་ཀུན།། སྣང་ལ་རང་བཞིན་མེད་པར་མཆོད་པར་འབུལ།། ནང་ལ་གསལ་བའི་སེམས་ཉིད་ཀུན།། མི་སྣང་རང་བཞིན་མེད་པར་མཆོད་པ་འབུལ།། སྣང་ཞིང ་བསྐྲད།། ཁྲོ་བོའི་རྒྱལ་པོ་དང་དངས་འགྱུར་མེད་ཀྱིས།། འཁྲུལ་པ་རྣམ་རྟོག་ཞེན་ཆགས་བདུད་རྣམས་བསྐྲད།། ཡེ་ཤེས་ཁྲོ་བོ་རང་ཤར་གྱིས།། རྣམ་པར་རྟོག་པའི་བགེགས་བསལ་ནས།། ཡེ་ཤེས་རང ་ཤར་དགོངས་པར་གནས།། མཉམ་ཉིད་ཡེ་ཤེས་གསལ་བ་ཡིས།། གཟུང་འཛིན་ཕྱོགས་རིས་བགེགས་བསལ་ནས།། ཆོས་རྣམས་མཉམ་ཉིད་ཀློང་ན་གནས།། མ་འདྲེས་ཡེ་ཤེས་དབྱེར་མེད་ཀྱིས།། དབྱེ་བསལ་རྩིས ་གདབས་བགེགས་རྣམས་བསྐྲད།། དབྱེར་མེད་ཡོངས་གསལ་དགོད་པར་གནས།། དོན་གྲུབ་རང་དངས་ཡེ་ཤེས་ཀྱིས།། མཚན་རྟོག་འདོད་པའི་བགེགས་བསྐྲད་ནས།། འགྱུར་མེད་དོན་གྲུབ་དགོངས་པར ་གནས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མཚམས་བཅད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འདུས་བྱས་མཆོད་པ་མ་ཡིན་པའི།། མི་འགྱུར་སྙིང་པོའི་ལྷ་ཚོགས་ལ།། སེམས་ཉིད་མཆོད་པ་ཇི་ལྟར་དབུལ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ ་པ།། ཟང་ཟིང་མཆོད་པ་མ་ཡིན་པའི།། རང་སེམས་རྫས་ཀྱི་རྒྱལ་པོའི་མཆོད་པ་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། ཆོས་ཉིད་དོན་ལ་བཞུགས་མཆོད་མི་མངའ་ཡང་།། རྩལ་སྣང་ཆོས་ཀྱི་རོལ་པར ་ནེར་ཟོང་།། གཡོ་འགུལ་མེད་པའི་རྒྱ་ཡིས་ཐོབ།། སྤྱོད་པ་ཟད་དེ་དྲུད་དེར་ཐོང་།། བྱར་མེད་སྤྲོས་བྲལ་རྒྱ་ཡིས་ཐོབ།། ཉམས་མྱོང་བན་ནེ་བྲན་ནེར་ཟོང་།། སྐྱེ་འགག་མེད་པའི་རྒྱ་ཡིས་ཐོབ།། འབྲས་བུ ་འབད་མེད་འབུད་མེད་ཞོག། སྐུ་གསུམ་འདུ་འབྲལ་མེད་པའི་རྒྱ་ཡིས་ཐོབ།། རེ་མེད་རང་གནས་རྒྱ་ཡིས་ཐོབ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད ་ལས། དུག་གསུམ་དུག་ལྔ་ང་བདག་མནན་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མནན་པའི་ངེས་ཚིག་ཇི་ལྟར་ལགས།། ཞེས་ཞུས་པ ་དང་།། སྟོན་པ་ཀུན་ཏུ་བཟང་པོ་ཡིས།། འདུས་པའི་འཁོར་ལ་འདི་སྐད་གསོལ།། ཆོས་ཉིད་གཞི་མོའི་དོན་ལ་དབྱེར་མེད་ཀྱང་།། སྣང་ཚུལ་ཟེར་གྱི་རིག་པས་ངེས་ཚིག་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ ་ཟུང་།། མནན་པ་བྱ་བའི་ངེས་ཚིག་ནི།། མནན་ནི་ང་བདག་དུག་གསུམ་མནན།། པ་ནི་སྐུ་གསུམ་འགྱུར་མེད་པ།། མནན་ནི་ཉོན་མོངས་དུག་ལྔ་མནན།། པ་ནི་སྐྲ་ལྔ་བདེ་ཆེན་པ།། མནན་ནི་ཉོན་མོངས་བརྒྱད་ཁྲི་བཞི ་སྟོང་མནན།། པ་ནི་ཆོས་སྒོ་བརྒྱད་ཁྲི་པ།། མནན་ནི་ཁམས་གསུམ་འཁོར་བ་མནན།། པ་ནི་ཞིང་ཁམས་རྣམས་གསུམ་པ།། མནན་ནི་འཁོར་བ་མ་ལུས་མནན།། པ་ནི་མྱ་ངན་ལས་འདས་པ།། མནན་ནི་སེམས ་ཅན་ཐམས་ཅད་སྡུག་བསྔལ་མནན།། པ་ནི་སངས་རྒྱས་ཐམས་ཅད་པ།། མནན་ནི་སྲིད་པ་ཐམས་ཅད་མནན།། པ་ནི་དབྱེ་བསལ་མེད་པར་པ།། མནན་ནི་ཕྱི་ཡིས་དཀར་དམར་མནན།། པ་ནི་རྩིས་གདབ་མེད་པར ་པ།། མནན་ནི་སྒོ་ལྔའི་རྣམ་ཤེས་མནན།། པ་ནི་ཆགས་ཞེན་མེད་པར་པ།། མནན་ནི་ཕྱི་ཡིས་ཡུལ་རྣམ་མནན།། པ་ནི་བླང་དོར་མེད་པར་པ།། མནན་ནི་བཟང་ངན་མེད་པར་མནན།། པ་ནི་སྔགས་བསྒྲུབ་མེད་པར ་པ།། མནན་ནི་ཆོས་ཉིད་མ་བུ་འཕྲད།། པ་ནི་དབྱེར་མེད་རང་གྲོལ་པ།། མནན་པས་འཁྲུལ་རྟོག་རང་གྲོལ་སངས།། པ་བས་སྙིང་པོ་ཀློང་དུ་གྲོལ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མནན་པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། @6།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སེམས ་ཀྱི་སེར་བ་ཇི་ལྟར་དབབ།། ཞེས་གསོལ་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ། སྙིང་པོ་ཆོས་ཉིད་རིན་པོ་ཆེའི་འོད་ཀུན་ཏུ་འཕྲོ་ཞིང་ཆོས་ཉིད་ཀློང་དུ་སྡུད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས ་སྟོན་པས་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྙིང་པོ་ཆོས་ཉིད་མ་ལ་འགྱུར་མེད་ཀྱང་།། ཡན་ལག་བུ་ཡིས་ཉོན་མོངས་གཉིས་འཛིན་ལ།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་སེར་ཆེན་འབེབས།། དུག ་གསུམ་དུག་ལྔའི་འཛིན་ཆགས་ལ།། སྐུ་གསུམ་སྐུ་ལྔ་འཛིན་མེད་སེར་ཆེན་འབེབས།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ།། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སེར་ཆེན་འབེབས།། ཁམས་གསུམ་འཁོར་བའི ་ས་གཞི་ལ།། ཉོན་མོངས་དུག་ལྔའི་ལོ་ཐོག་རྒྱས།། ང་བདག་གཉིས་འཛིན་འབྲས་བུ་སྨིན།། ཡུལ་སེམས་ཆགས་ཞེན་ལོ་ཏོག་རྒྱས་པ་ལ།། མ་རིག་ཞིང་ཟན་སྡུག་བསྔལ་ང་བདག་ལ།། མ་རྟོགས་མ་གོའི་སེམས་ཅན ་རྣམས།། རང་དངས་ཡེ་ཤེས་སློབ་དཔོན་གྱིས།། ཕྱི་ནང་གཉིས་ཀྱི་ཐོད་པ་རུ།། ཡུལ་སེམས་འཛིན་ཆགས་གཟུང་འཛིན་བཅུག། སྙིང་པོ་རང་བྱུང་སྔགས་པ་ཡིས།། ཞེན་པ་རང་ལོག་རག་ཤ་བགྲད།། ཤུགས་འབྱུང ་རང་གྲོལ་དྲག་སྔགས་བཟླས།། ཐེག་ཆེན་སྠི་ཏིའི་གཉེན་ས་རུ།། སྐུ་གསུམ་མི་འགྱུར་སྐྱེད་པུ་བཙུགས།། མཁའ་ཀློང་རྣམ་དག་ཟངས་བུ་རུ།། བལྟ་བྱ་བསྒོམ་བྱ་སྤྱོད་བྲལ་རྣམས།། ཁྲག་ཏུ་བསམ་ཏེ་བསྐོལ་བྱས ་ལ།། བལྟར་མེད་བསྒོམ་མེད་བྱར་མེད་ཟབ་ཆེན་བྱས།། རང་བྱུང་རང་སངས་ཁྲོས་པ་ཡིས།། ཆོས་ཉིད་ཀློང་ཡངས་ནམ་མཁའ་ནས།། ལོངས་སྤྱོད་རྫོགས་པའི་སྤྲིན་ནག་གཏིབས།། འགག་མེད་སྦྲུལ་སྐུའི་སེར་ཆེན ་འབེབས།། ཉོན་མོངས་དུག་ལྔའི་ལོ་ཐོག་བཅོམ།། ང་བདག་ཆགས་འཛིན་གཉིས་ཀ་བརླག། མཐའ་རྣམས་མ་རིག་ཐ་བར་བཏང་།། ཡུལ་སེམས་གཉིས་མེད་རུ་མ་མེད།། དགག་སྒྲུབ་གཉིས་མེད་སྐྱོ་མར ་བསྣུར།། བསྐལ་པ་སྟོང་དུ་བསགས་པའི་མ་རིག་པ་བདག་ཉིད།། ཁམས་གསུམ་སེམས་ཅན་རིགས་དྲུག་ལོ་ཐོག་རྒྱས།། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འབྲས་བུར་སྨིན།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལོ་ཐོག ་ལ།། ཐེག་པ་བརྒྱད་ཁྲི་བཞི་སྟོང་སེར་ཆེན་ཕབ།། སྡུག་བསྔལ་བསམ་གྱིས་མི་ཁྱབ་སྦར་བ་ལ།། བདེ་ཆེན་བསམ་གྱིས་མི་ཁྱབ་སེར་ཆེན་འབེབས།། འགོང་པོ་ང་བདག་གདོན་གཉིས་ལ།། ཆོས་སྐུ་རང་མདངས་སེར ་བ་ཕབ།། མ་རིག་ལིང་ཐོག་ཐིབས་པོ་ལ།། ཡེ་ཤེས་གསལ་བའི་སེར་བ་ཕབ།། བྱང་ཆུབ་སེམས་ཉིད་སེར་བ་ཡིས།། ཉོན་མོངས་ལོ་ཏོག་གཏན་ནས་བརླག། སེམས་ཀྱི་སེར་བ་ཆེན་པོའོ།། སེར་བ་བྱ་བའི་ངེས་ཚིག ་ཀྱང་།། སེར་ནི་སྣང་སྲིད་ཀུན་བཟང་ཡུམ།། བ་ནི་སྣང་གསལ་སྣང་རིག་ཚོར་བ་ཡབ།། འབེབས་པ་ཀུན་བཟང་ཡབ་ཡུམ་དབྱེར་མེད་ཡིན།། དེས་ན་སེར་བ་ཀུན་བཟང་ཡབ་ཡུམ་མོ།། སེར་ནི་སྙིང་པོ་ཆོས་ཉིད ་མ།། བ་ནི་མཚན་ཉིད་རིག་པའི་བུ།། འབེབས་ནི་གཉིས་མེད་ངང་དུ་འབེབས།། དེས་ན་སེར་བ་མ་བུ་ཡིན།། སེར་ནི་ནང་གི་སེམས་ལ་བྱ།། བ་ནི་ཕྱི་ཡི་ཡུལ་ལ་བྱ།། འབེབས་ནི་ཡུལ་སེམས་དབྱེ་བས་ལ་མེད།། སེར ་བ་ཡུལ་སེམས་གཉིས་མེད་ཡིན།། སེར་ནི་སྙིང་པོ་ཆོས་ཀྱི་སྐུ།། བ་ནི་རྒྱུ་རྐྱེན་སྐྱེ་འགག་འཕོ་འགྱུར་མེད།། འབེབས་པ་རྩིས་གདབ་བརྗོད་མེད་ཡིན།། དེས་ན་སེར་བ་ཆོས་ཀྱི་སྐུ།། སེར་ནི་མ་འགགས་སྣ་ཚོགས ་པ།། བ་ནི་མི་དམིགས་མིང་འདོགས་མེད།། འབེབས་པ་མ་འགགས་མི་དམིགས་གཉིས་སུ་མེད།། སེར་ནི་སྣ་ཚོགས་ཅིར་ཡང་བྱ།། བ་ནི་ཅིར་ཡང་མ་སྤངས་ཅི་ཡང་མ་བསྒྲུབས་པ།། འབེབས་པ ་རྫོགས་པ་ཆེན་པོ་ཡིན།། སེར་ནི་མཚན་ཉིད་མ་འགགས་རྫོགས།། པ་ནི་མི་དམིགས་སྙིང་རྗེ་ཆེན་པོའོ།། སེར་ནི་མ་འགགས་བུ་གསལ་རྫོགས།། བ་ནི་མི་དམིགས་སྟོང་པ་ཆེན་པོའོ།། འབེབས་པ་མ་བུ་དབྱེར་མེད ་རྫོགས།། མ་འགགས་མི་དམིགས་དབྱེར་མེད་སྤྱི་ཏི་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རྫོགས་ཆེན་སེམས་ཀྱི་སེར་བ་དབབ་པའི་ལེའུ ་སྟེ་སོ་དགུ་པའོ།། བྷག་བརྡ་པྲ། ཏྲཿཥུཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། དགྲ་ལ་སོད་དུས་མ་བྱུང་བས།། མཐུ་ཆེན་གཏོང་ཐབས་བསྟན་དུ་གསོལ།། ཞེས་ཞུས་པ་དང་། དེ ་ས་སེམས་ཉིད་ཀུན་བཟང་དེས། རིན་པོ་ཆེ་འོད་ཟེར་གྱིས་དགྲ་ཁ་ཕུང་དུ་གསོད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཡེ་ཀློང་ཆོས་ཉིད་མ་ལ་དབྱེར་མེད ་ཀྱང་།། རྩལ་སྣང་ཡན་ལག་བུ་ལ་དགྲར་སྣང་དགྲར་བཟུང་བས།། དགྲ་ཡི་རྩ་བ་འགོང་པོ་ང་བདག་ཡིན།། དགྲ་ཡི་ངོ་བོ་ཉོན་མོངས་དུག་གསུམ་ཡིན།། དགྲ་ཡི་སྡོང་ཟླ་ཉོན་མོངས་དུག་ལྔ་ཡིན།། དགྲ་ཡི་རྒྱབ་བརྟེན ་ཉོན་མོངས་བརྒྱད་ཁྲི་སྟོང་།། དམག་དཔོན་ལོག་མིན་ལམ་མཁན་དང་།། མི་བདེན་པ་ཡང་བདེན་འཛིན་དང་།། མི་བྱེད་ལམ་དུ་འཇུག་མི་བྱེད།། དེ་གསུམ་མུན་པའི་འཁོར་སྒོ་བཅད།། མི་བསལ་མི་འཕར་མི་ཁོམ ་འཁོར་བའི་ཡུལ་ན་གནས།། མ་རིག་གཉིད་ལོག་གཟུང་འཛིན་ཐུལ་ཆེན་གོན།། འདོད་ཆགས་ལོངས་སྤྱོད་གཟུང་འཛིན་སྒྲོག་ཏུ་བཅུག། རེ་དོགས་ལྕག་བྲབ་ཁམས་གསུམ་སྲིད་གསུམ་འཁྱམས།། ཐར་པའི་དུས་མེད ་འོལོ་འདོད་རྟག་ཏུ་འབོད།། ཟོན་པའི་དུས་མེད་འཁོར་བའི་ནང་ན་གནས།། ཐར་པའི་དུས་མེད་མ་རིག་མུན་ནག་གནས།། རྟོགས་པའི་དུས་མེད་མ་རྟོགས་སེམས་ཅན་ལ།། ང་བདག་ངར་འཛིན་དགྲར་ལངས ་པས།། དགྲ་ཚོགས་དེ་རྣམས་བསད་ཐབས་ནི།། སྙིང་པོ་ཆོས་སྐུའི་སློབ་དཔོན་གྱིས།། གཅིག་ཤེས་ཀུན་གྲོལ་མན་ངག་བཙལ།། རང་དངས་ཆེན་པོའི་བསྒྲུབ་རོགས་བཙལ།། མི་འགྱུར་དབྱིངས་ཀྱི་ཕུར ་པ་ཐོགས།། རང་བྱུང་རང་སངས་དྲག་སྔགས་བཟླས།། མཁའ་གསལ་ནམ་མཁའི་དབྱིངས་ནས་བཟླས།། རང་སངས་རང་དངས་ཟོར་འཕང་པས།། འགོང་པོ་ང་བདག་སྙིང་ལ་བརྒྱཔ།། བདག་མེད་རང་གྲོལ་དབྱིངས ་སུ་བསྒྲལ།། མི་འགྱུར་དབྱིངས་ཀྱི་ཕུར་པ་ཡིས།། ངོ་བོ་དུག་གསུམ་སྲོག་རྩ་བཅད།། སྐུ་གསུམ་རྒྱལ་བའི་ཀློང་དུ་བསྒྲལ།། རང་བྱུང་ཆེན་པོའི་ཐུན་བརྒྱབ་པས།། ཉོན་མོངས་དུག་ལྔ་གཏན་ནས་བརླག། དུག་ལྔ་སྐུ ་ལྔའི་ཀློང་དུ་བསྒྲལ།། རང་སངས་ཆེན་པོའི་ཐུན་བརྒྱབ་པས།། ཉོན་མོངས་ཐམས་ཅད་དུས་གཅིག་བརླགས།། ཆགས་འཛིན་ཆགས་ཞེན་ཐམས་ཅད་སངས།། མ་སྤངས་མི་གནས་བདེ་ཆེན་ཀློང་དུ ་བསྒྲལ།། དགྲ་ཡི་རྩ་བ་གཅིག་ཆོད་པས།། དགྲ་རྣམས་ཐམས་ཅད་དུས་གཅིག་སོད།། མཐུ་བོ་ཆེ་ཞེས་བྱ་བ་ཡིན།། མཐུ་ནི་སྣང་སྲིད་ཐམས་ཅད་སྟེ།། ཆེ་བ་མ་སྤངས་མི་གནས་ཆེ།། མཐུ་ནི་བུ་ཡི་རང་བཞིན་ཏེ།། ཆེ ་བ་སྙིང་པོ་མ་ཡི་ཀློང་།། མཐུ་ནི་ཆོས་ཅན་བུ་ཡིན་ཏེ།། ཆེ་བ་ཆོས་ཉིད་མ་ཡི་ཆེ།། མ་འགགས་མི་དམིགས་མཐུ་བོ་ཆེ།། རྫོགས་པ་ཆེན་པོའི་མཐུ་ཆེན་ཡིན།། མཐུ་ཆེན་བཏང་ན་སེམས་ལ་མཐོང་།། ཞེས་གསུངས ་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བརྒྱད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རྫོགས་ཆེན་མཐུ་རུ་བཀོད་པའི་ལེའུ་སྟེ་བཞི་བཅུ་བམ་པ་ལ། ལམ་མ། ཡུལ་མམ།། ། པ་ས་ཨ་བ་རི་བྷཱུ་ཏ་ཀ། ་ཀ་ཡ་ཝཱ་ཀ་སིདྡྷི་ཨཱ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སྣང་སྲིད་ཐམས་ཅད་རྒྱས་འདེབས་པའི།། བདེ་གཤེགས་བཀའ་ཡི་ཐིག་པ་ཐམས་ཅད་གཅིག་ཏུ་འདུས་པ། བདུད་རྩི ་བཅུད་ཐིགས་རྒྱུད། དེའི་བཤད་ལུགས་ཇི་ལྟར་ལགས། ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་དེས། རིན་པོ་ཆེ་འོད་རྩིས་གདབ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས ་འཁོར་ལ་འདི་སྐད་གསུངས། རྡོ་རྗེ་སེམས་དཔའ་ཡིད་ལ་ཟུང་།། སྣང་སྲིད་ཁ་སྦྱོར་བྱ་བ་ནི།། སྣང་བ་ཕྱི་ཡིས་ཡུལ་ལ་བྱ།། སྲིད་པ་ནང་གི་སེམས་ལ་བྱ།། ཁ་སྦྱོར་གཉིས་སུ་མེད་པ་ཡིན།། སྣང་བ་སྒོ་ལྔའི་རྟགས་ཡུལ ་ཡིན།། སྲིད་པ་རྣམ་ཤེས་རྣམ་ལྔ་ཡིན།། ཁ་སྦྱོར་མི་འགྱུར་རྩིས་གདབ་མེད།། སྣང་བ་ཕྱི་ཡིས་དཀར་དམར་ཡུལ།། སྲིད་པ་སེམས་ཀྱི་དྲན་རིག་གོ།། ཁ་སྦྱོར་དབྱེ་བསལ་མེད་པ་ཡིན།། སྣང་བ་སྒོ་ལྔའི་རྣམ་ཤེས ་ཡིན།། སྲིད་པ་འགྱུ་ལུགས་རྣམ་ལྔ་ཡིན།། ཁ་སྦྱོར་མི་འགྱུ་མི་འཇུག་བརྟགས་ཆགས་མེད།། སྣང་བ་ཕྱི་སྣོད་གླིང་བཞི་ཆགས་ཚུལ་ཡུལ།། སྲིད་པ་སེམས་ཅན་སྐྱེ་འགྲོ་ཡིད་གཟུགས་ཡིན།། ཁ་སྦྱོར་བཟང་ངན་དགག ་བསྒྲུབ་མེད།། བདུད་ནི་སེམས་ཀྱི་རྟོག་ཚོགས་ཡིན།། རྩི་ནི་ཡེ་ཤེས་ཆེན་པོ་ཡིན།། བདུད་ནི་མུན་པའི་འཁོར་སྒོ་ཡིན།། རྩི་ནི་ཡེ་ཤེས་རིག་པའི་འཆར་སྒོ་ཡིན།། བདུད་ནི་འཁྲུལ་ལུགས་རྣམ་གསུམ་ཡིན།། རྩི་ནི་ལྡོག ་ལུགས་རྣམ་གསུམ་ཡིན།། བདུད་ནི་ཁམས་གསུམ་འཁྲུལ་པ་སྟེ།། རྩི་ནི་འཁྲུལ་གཞི་རྩད་གཅོད་ཡིན།། བདུད་ནི་ཉོན་མོངས་དུག་གསུམ་ཡིན།། རྩི་ནི་སྐུ་གསུང་ཐུགས་ཡིན་ནོ།། བདུད་ནི་ཉོན་མོངས་དུག་ལྔ ་ཡིན།། རྩི་ནི་སྐུ་ལྔ་ཡེ་ཤེས་ལྔ།། བདུད་ནི་ཉོན་མོངས་བརྒྱད་ཁྲི་སྟོང་།། རྩི་ནི་ཆོས་སྒོ་བརྒྱད་ཁྲི་སྟོང་།། བདུད་ནི་ཁམས་གསུམ་འཁོར་བའི་སེམས།། རྩི་ནི་སྐུ་གསུམ་རྒྱལ་བའི་ཐུགས།། བདུད་ནི་འཁོར་བའི་སེམས ་ཅན་ཏེ།། རྩི་ནི་མྱང་འདས་སངས་རྒྱས་སོ།། བཅུད་ནི་སྙིང་པོ་མ་ཡི་བཅུད།། ཐིགས་ནི་ཡན་ལག་བུ་ཡི་ཐིགས།། བཅུད་ནི་སྙིང་པོ་འགྱུར་མེད་བཅུད།། ཐིགས་ནི་སྐྱེ་མེད་བྱང་ཆུབ་སེམས།། བཅུད་ནི ་སྙིང་པོ་ཆོས་ཉིད་ཀློང་།། ཐིགས་ནི་སྙིང་པོའི་ཀློང་དུ་ཐིགས།། བཅུད་ནི་རྩལ་སྣང་མ་འགག་ལ།། ཐིགས་ནི་སྙིང་པོ་མི་དམིགས་པའོ།། འཁོར་བ་ཆགས་སྡང་སྡུག་བསྔལ་ཡིན།། འཁོར་བ་མུན་པ་མི་གསལ ་ཡིན།། འཁོར་བ་མི་ཐར་འདམ་རྫབ་ཡིན།། འཁོར་བ་སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་ངོ་།། དེ་ལ་ཐོག་མཐའ་བཅད་ཐབས་དགོས།། ཐོག་མ་འགྱུར་མེད་ཀུན་ཁྱབ་ཡིན།། ཐ་མ་འགྱུར་བའི་ཆོས་ཅན་ཡིན།། ཐོག་མ་སྤྱི ་ས་ཆེན་པོ་ཡིན།། ཐ་མ་སྣང་ཞིང་སྲིད་པའི་ཆོས།། ཐོག་མ་སྨྲ་བསམ་བརྗོད་ལས་འདས་པ་ཡིན།། ཐ་མ་བློ་ཡི་སྤྲོས་པ་ཡིན།། ཐོག་མ་སྐྱེ་བ་མེད་པ་ཡིན།། ཐ་མ་སྐྱེ་བའི་ཆོ་འཕྲུལ་བྱུང་།། ཐོག་མ་གཉིས་སུ་མེད་པ ་ཡིན།། ཐ་མ་གཉིས་སྣང་ཤེས་པ་བྱུང་།། ཐོག་མ་མཉམ་ཉིད་ཆེན་པོ་ཡིན།། ཐ་མ་ཕྱོགས་རིས་སྣ་ཚོགས་བྱུང་།། ཐོག་མ་དགག་བསྒྲུབ་སྤང་ལེན་མེད།། ཐ་མ་དགག་བསྒྲུབ་སྤང་ལེན་བྱུང་།། ཐོག་མ་འཁྲུལ་དང་མ ་འཁྲུལ་མེད།། ཐ་མ་འཁྲུལ་སྣང་སྣ་ཚོགས་བྱུང་།། ཐོག་མ་དབྱེ་བསལ་རྩིས་གདབ་མེད།། ཐ་མ་དབྱེ་བསལ་རྩིས་གདབ་བྱུང་།། ཐོག་མ་བསྟན་བྱ་སྟོན་བྱེད་མེད།། ཐ་མ་བསྟན་བྱ་སྟོན་བྱེད་བྱུང་།། ཐོག་མ་མཚོན་བྱ ་མཚོན་བྱེད་མེད། ཐ་མ་མཚོན་བྱ་མཚོན་བྱེད་བྱུང་།། ཐོག་མ་བྱ་བའི་མཚན་ཉིད་ནི།། སྐྱེ་མེད་འགྱུར་མེད་དངོས་མེད་ཡིན།། མཚོན་འདས་སྨྲ་བསམ་བརྗོད་ལས་འདས་པ་ཡིན།། ཐ་མ་སེམས་ཀྱི་དྲན་རྟོགས་ལ།། འོད ་དང་འགྱུ་བ་ཟེར་རིག་ལས།། ཤེས་པ་ཕྱ་སངས་བན་བུན་ཁྱེར།། ཡིན་སྙམ་མིན་སྙམ་མིང་གི་རྣམ་ཤེས་ལས།། ཡིན་པ་མ་རིག་མིན་པ་རིག། གནད་དོན་མ་ཤེས་མར་མ་འཕྲད།། རང་ས་མ་ཟིན་འཁྲུལ་མཆོད།། དེ ་ཕྱིར་མ་རིག་འཁྲུལ་སྒོར་ཆུང་།། འཁྲུལ་ཚུལ་གསུམ་དུ་འཁྲུལ་ནས་ནི།། ཁམས་གསུམ་འགྲོ་དྲུག་སྡུག་བསྔལ་མྱོང་།། གཟུང་འཛིན་བརྟགས་ཞེན་གཉིས་སྣང་དང་།། བདེན་པ་གཉིས་འཛིན་དགག་བསྒྲུབ་དང་།། རྩོལ ་བསྒྲུབ་གཉིས་འཛིན་སྤང་ལེན་རྟོག་ཚོགས་རྣམས།། བསམ་གྱིས་མི་ཁྱབ་བརྗོད་མི་ལངས།། དེ་ནི་ཟ་མའི་ཤེས་པའོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི ་རྒྱུད་ལས། འཁོར་བའི་ཐོག་མཐའ་གཏན་ལ་དབབ་པས་ལེའུ་སྟེ་ཞེ་གཅིག་པའོ།། མས་ཐར།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཐོག་མཐའ་རྩད་གཅོད་སྡེ་ལྟར ་ལགས།། ཞེས་ཞུས་པ་དང་། ཀུན་བཟང་ཉིད་ཀྱིས་འཁོར་ལ་འདི་སྐད་གསུངས།། ཨཱ་ཐ་གྷུའི་སིདྡྷི་གྷཱ་ཡ་ཨཱ་ཨཱཿགཅོད་པ་བྱ་བའི་ཚིག་དེ་ཡིས།། ཐོག་མའི་དྲས་ཟག་གཅོད་པ་ཡི།། གནད་ཀྱི་མན་ངག་ཆེན་པོར ་བསྟན།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། འོད་ཆེན་དང་དུ་ཟེར་རིག་ཟིམ།། འདུ་འབྲལ་མེད་པར་སྤྲོས་པ་ཆོད།། འགྲུ་བ་ངན་པ་རིག་སེམས་རྣམས།། རང་དངས་འགྱུར་མེད་དྲན་རིག་སེམས་མེད ་པས།། རང་སངས་ཡེ་ཤེས་ཆེན་པོ་ཡིས།། མ་རིག་པ་ཡིས་མུན་ཁང་བཅོམ།། ཆོས་སྐུ་གསལ་གདངས་ཀློང་ནས་ཤར།། ཁམས་གསུམ་སྲིད་གསུམ་སངས་རྒྱས་པས།། འགྲོ་དྲུག་སེམས་ཅན་ཁམས་གསུམ་འཁྲུལ་པ ་རྩད་ནས་གཅོད།། འཆར་སྒོ་ཡེ་ཤེས་ཟང་ཐལ་གྱིས།། མུན་པའི་འཁོར་སྒོ་རྩད་ནས་གཅོད།། མྱ་ངན་འདས་པའི་རྒྱས་ཐེབས་པས།། འཁོར་བའི་སྡུག་བསྔལ་མ་ལུས་ཕྱགས་མས་བཏབ།། ཀུན་ལ་ཁྱབ་པར་སྤྲོས་པ ་ཆོད།། ངོས་བཟུང་མེད་པར་སྤྲོས་པ་ཆོད།། སྐྱེ་བ་མེད་པར་སྤྲོས་པ་ཆོད།། འགག་པ་མེད་པར་སྤྲོས་པ་ཆོད།། གཉིས་སུ་མེད་པར་སྤྲོས་པ་ཆོད།། དམིགས་སུ་མེད་པར་སྤྲོས་པ་ཆོད།། གདགས་སུ་མེད་པར་སྤྲོས་པ ་ཆོད།། བརྗོད་དུ་མེད་པར་སྤྲོས་པ་ཆོད།། བསམ་དུ་མེད་པར་སྤྲོས་པ་ཆོད།། དངོས་པོ་མེད་པར་སྤྲོས་པ་ཆོད།། རིག་པ་མེད་པར་སྤྲོས་པ་ཆོད།། འགྱུ་བ་མེད་པར་སྤྲོས་པ་ཆོད།། བརྟགས་པ་མེད་པར་སྤྲོས་པ ་ཆོད།། དབྱེ་བ་མེད་པར་སྤྲོས་པ་ཆོད།། རྩིས་གདབ་མེད་པར་སྤྲོས་པ་ཆོད།། དགག་བསྒྲུབ་མེད་པར་སྤྲོས་པ་ཆོད།། སྤང་ལེན་མེད་པར་སྤྲོས་པ་ཆོད།། གཟུང་འཛིན་མེད་པར་སྤྲོས་པ་ཆོད།། བྱ་བཙལ་མེད་པར་སྤྲོས ་པ་ཆོད།། བགྲོད་དུ་མེད་པར་སྤྲོས་པ་ཆོད།། བྱ་རྒྱུ་མེད་པར་སྤྲོས་པ་ཆོད།། གཞག་ཏུ་མེད་པར་སྤྲོས་པ་ཆོད།། ཡེ་གྲུབ་ཆེན་པོར་སྤྲོས་པ་ཆོད།། རང་གནས་ཆེན་པོར་སྤྲོས་པ་ཆོད།། ངང་གནས་ཆེན་པོར་སྤྲོས་པ ་ཆོད།། ཡེ་གནས་ཆེན་པོར་སྤྲོས་པ་ཆོད།། རང་གདངས་ཆེན་པོར་སྤྲོས་པ་ཆོད།། རང་སངས་ཆེན་པོར་སྤྲོས་པ་ཆོད།། གསལ་གདངས་ཆེན་པོར་སྤྲོས་པ་ཆོད།། གཏིང་གསལ་ཆེན་པོར་སྤྲོས་པ་ཆོད།། ཡིད་ལ་བྱར་མེད ་སྤྲོས་པ་ཆོད།། སེམས་ལ་བཞག་མེད་སྤྲོས་པ་ཆོད།། བློ་ཡིས་སྤྲོས་མེད་སྤྲོས་པ་ཆོད།། རྟོག་པས་མ་བསླད་སྤྲོས་པ་ཆོད།། མ་ནོར་མ་མ་བཅོས་སྤྲོས་པ་ཆོད།། བསྐྱེད་པ་མེད་པར་སྤྲོས་པ་ཆོད།། མ་ཕྱེ་མ་བཀྲོལ་སྤྲོས ་པ་ཆོད།། མ་བཟུང་འཛིན་མེད་སྤྲོས་པ་ཆོད།། འཕེལ་བ་མེད་པར་སྤྲོས་པ་ཆོད།། འགྲིབ་པ་མེད་པར་སྤྲོས་པ་ཆོད།། རྒྱུ་རྐྱེན་མེད་པར་སྤྲོས་པ་ཆོད།། མི་བལྟ་ལྟར་མེད་སྤྲོས་པ་ཆོད།། མི་བསྒོམ་བསྒོམ་མེད་སྤྲོས་པ ་ཆོད།། མི་སྤྱོད་བྱར་མེད་སྤྲོས་པ་ཆོད།། མི་བསྲུང་བསྲུང་མེད་སྤྲོས་པ་ཆོད།། མི་ཐོབ་ཐོབ་མེད་སྤྲོས་པ་ཆོད།། སྣང་བ་སོར་བཞག་སྤྲོས་པ་ཆོད།། གནས་ལུགས་རང་གནས་སྤྲོས་པ་ཆོད།། སྣང་སེམས་གཉིས་མེད ་སྤྲོས་པ་ཆོད།། སེམས་ཀྱི་བརྟགས་ཚད་སྤྲོས་པ་ཆོད།། དྲན་བརྟགས་ཆགས་ཞེན་སྤྲོས་པ་ཆོད།། སྣང་སྲིད་འཁོར་བ་སྣ་ཚོགས་བསམ་ཡས་པ།། མི་འཇུག་མི་སྤྱོད་རྩིས་གདབ་མེད།། ཐམས་ཅད་སྤྲོས་པ ་ཆོད་པ་ནི།། ལུས་ནི་འགྱུར་མེད་རྡོ་རྗེའི་སྐུ།། སྐྱེ་རྒས་ན་འཆིའི་སྡུག་བསྔལ་སྤངས།། ཡེ་ཤེས་ཆེན་པོའི་སྤྱན་གྱིས་ནི།། མ་རིག་པ་ཡི་མུན་པ་སངས།། རྣ་བ་ཐོགས་མེད་ཡེ་ཤེས་ཟང་ཐལ་གྱིས།། བརྗོད ་པའི་རྣམ་རྟོག་མཐའ་དག་སངས།། སྣ་ནི་འགག་མེད་ཡེ་ཤེས་ཀྱིས།། གཟུང་འཛིན་དྲི་མ་ཐམས་ཅད་སངས།། ལྕེ་ནི་འགྱུར་མེད་ཡེ་ཤེས་ཀྱིས།། བདེན་པ་གཉིས་འཛིན་རོ་རྣམས་སངས།། ཡིད་ཀྱི་དབང་པོ་ཐོགས ་མེད་ཀྱིས།། སྣང་སྲིད་སྐྱེ་མེད་དབྱིངས་སུ་སངས།། ཕྱག་གཉིས་ལུང་རིག་གཉིས་པོ་ཡིས།། ཆོས་རྣམས་ཐིག་ལེ་ཆེན་པོར་རྒྱས།། ཞབས་གཉིས་ཐབས་དང་ཤེས་རབ་ཀྱིས།། གཉིས་འཛིན་ཆགས་པ་མེད་པར ་སངས།། ཐམས་ཅད་སྤྲོས་གཅོད་ཆོས་སྐུའི་ཀློང་དུ་རྒྱས།། ཕྱོགས་རིས་མཐའ་དག་གཉིས་མེད་པས།། འགྱུར་མེད་བདེ་ཆེན་ཀློང་དུ་རྒྱས།། མི་གསལ་མ་རིག་མུན་ནག་སངས།། གསལ་གདངས་ཡེ་ཤེས་ཆེན་པོར ་རྒྱས།། སྡུག་བསྔལ་ངར་འཛིན་ཉོན་མོངས་རྒྱས།། བདེ་ཆེན་འཛིན་མེད་ཡེ་ཤེས་ཟང་ཐལ་རྒྱས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རིན་པོ་ཆེ ་སྤྲོས་པ་གཅོད་པ་རྩ་བའི་རྒྱུད་ལེའུ་སྟེ་ཞེ་གཉིས་པའོ།། 62་ཨཛཿན་མྲ་ཧྲ་མཱཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་སེམས་ཉིད་ཀུན་བཟང་ལ།། འབྲས་བུ་ཐོབ་ལུགས་ཇི་ལྟར་ལགས།། ཞེས་གསོལ་པ་དང་། ་དེ་ནས་སེམས་ཉིད་ཀུན་བཟང་དེས། རིན་པོའི་ཆེ་འོད་རང་ལ་ཐིམ་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འཁོར་རྣམས་ལ།། སྟོན་པའི་རྒྱལ་པོས་འདི་སྐད་གསུངས།། ང་ཡི་སྤྱི་ཏི་ཡོ་ག ་ལ།། འབྲས་བུ་ཐོབ་དང་མི་ཐོབ་མི་མངའ་ཡང་།། སྙིང་པོ་རང་བཞིན་གཡོས་པ་མེད་ན་ཡང་།། བདུད་རྩི་བཅུད་ཐིགས་འབྲས་བུ་བཤད།། རྡོ་རྗེ་སེམས་དཔས་གོ་བར་ཟུང་།། ཀུན་གཞི་མཛོད་ཆེན་ཆོས་སྐུའི་ཀློང ་ཡངས་དེ།། རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པ།། ངོ་བོ་མི་འགྱུར་རང་བཞིན་མ་བཅོས་པ།། མིང་མེད་བརྟགས་མེད་བརྗོད་པའི་གཞི་ཡང་མེད།། སྒྲར་མེད་བརྗོད་མེད་མཚོན་པའི་དངོས་གཞི་མེད།། སངས་མེད ་རྒྱས་མེད་སྐུ་ཡི་དངོས་གཞི་མེད།། མཐའ་མེད་དབུས་མེད་ཕྱོགས་མཚམས་ཡོངས་དང་བྲལ།། བདེ་མེད་སྡུག་མེད་སྡུག་བསྔལ་ཡོངས་སུ་བྲལ།། དེ་ལྟ་བུ་ཡི་རང་བཞིན་དེ།། ཆོས་ཉིད་གཞི་ཡི་རང་བཞིན་ཡིན།། སྣང ་ཚུལ་ཟེར་གྱི་མཚན་ཉིད་ཀྱང་།། མེད་ལ་ཡོད་པའི་ངོ་བོ་བྱུང་།། མིན་པའི་དོན་ལ་ཡིན་པར་བཟུང་།། མེད་པའི་ཆོས་ལ་ཡོད་པར་བཟུང་།། མི་རྟག་པ་ལ་རྟག་པར་བཟུང་།། གཉིས་མེད་དོན་ལ་གཉིས་སུ ་བཟུང་།། སྡུག་བསྔལ་རྣམས་ལ་བདེ་བར་བཟུང་།། ཕྱོགས་རིས་མེད་ལ་དགྲ་གཉེན་བཟུང་།། དེ་སོགས་མེད་ལ་ཡོད་བཟུང་གིས།། རྨི་ལམ་ཚུལ་དུ་སྡུག་བསྔལ་མྱོང་།། རིགས་དྲུག་ཁམས་གསུམ་འཁོར་བ་དེ་ལས ་བྱུང་།། བྱུང་ཡང་གཞི་ལས་གཡོས་པ་མེད།། སྣང་ཚུལ་ཟེར་གྱིས་ཤེས་པ་དེ་ལ་ཐིམ།། སྒྲ་བརྗོད་རྟོག་ཚོགས་ཐམས་ཅད་དེ་རུ་ཐིམ།། བརྟག་སྣང་བློ་ཡུལ་ཐམས་ཅད་གཞི་ལ་ཐིམ།། གཟུང་འཛིན ་དགག་བསྒྲུབ་ཐམས་ཅད་དབྱིངས་སུ་ཐིམ།། སེམས་ཀྱི་དྲན་རིགས་ཐམས་ཅད་ཀློང་དུ་ཐིམ།། ཡིད་དཔྱོད་རྟོགས་སྣང་སྣ་ཚོགས་ཐམས་ཅད་དབྱིངས་སུ་ཐིམ།། ཡན་ལག་བུ་ཡི་མཚན་ཉིད་མ་ལ་ཐིམ།། ཟེར་གྱི་སྣང ་ཚུལ་སྙིང་པོའི་ཀློང་དུ་ཐིམ།། ཡིད་ཀྱི་དྲན་སེམས་རིལ་པོ་དབྱིངས་སུ་ཐིམ།། མིང་ཚིག་བརྟགས་སྣང་བརྗོད་ཚད་ཆོས་དབྱིངས་ཀློང་དུ་ཐིམ།། དགག་བསྒྲུབ་སྤང་ལེན་ཆོས་ཉིད་དབྱིངས་སུ་ཐིམ།། གཉིས་འཛིན་ཆགས ་ཞེན་ཐམས་ཅད་གཞི་མོའི་ཀློང་དུ་ཐིམ།། དྲན་ཚད་ཕྱེད་ཚད་བརྗོད་ཚད་བརྗོད་མེད་ཀློང་དུ་ཐིམ།། གཞི་ལ་རྩལ་སྣང་དབྱེར་མི་ཕྱེད།། སྙིང་པོ་ཡན་ལག་ཐིམ་པས་དབྱེར་མི་ཕྱེད།། མ་ལ་བུ་ཐིམ་དབྱེར་མི་ཕྱེད།། ཡིད ་རིག་དྲན་རིག་དབྱེར་མི་ཕྱེད།། སེམས་རིག་རྩལ་སྣང་ཐིམ་པས་དབྱེར་མི་ཕྱེད།། དྲན་ཚད་བརྗོད་ཚད་ཐིམ་པས་དབྱེར་མི་ཕྱེད།། གཉིས་འཛིན་ཆགས་ཞེ་ན་མཐའ་དག་ཐིམ་པས་དབྱེར་མི་ཕྱེད།། བསམ་ཚད་རྟགས ་སྣང་བློ་ཡུལ་མཐའ་དག་ཐིམ་པས་དབྱེར་མི་ཕྱེད།། དཔེར་ན་ཅི་དང་འདྲ་ཤེས་ན།། དྭ་ཕྲུག་མ་དང་འཕྲད་པ་འདྲ།། ལན་ཚྭ་ཆུ་ལ་ཐིམ་པ་འདྲ།། ཆུ་ལ་ཆུ་བུར་ཐིམ་པ་འདྲ།། ཡུལ་ཆུ་རྒྱ་མཚོར་སླེབ་པ་འདྲ།། འཁྱགས ་པ་ཆུ་རུ་ཞུ་བ་འདྲ།། ཆར་པ་མཚོ་ལ་འབབ་པ་འདྲ།། མཁའ་ལ་འཇའ་ཚོན་ཐིམ་པ་འདྲ།། སྤྲིན་རྣམས་ནམ་མཁར་དེངས་པ་འདྲ།། ཆུ་ནང་ཟླ་བ་ཤར་བ་འདྲ།། འོ་མ་ཆུ་དང་འདྲེས་པ་འདྲ།། སྙིང་པོའི་དབྱིངས་སུ་སྣང ་ཚུལ་ཟེར་ཐིམ་པས།། གཞི་ལ་རྩལ་ཐིམ་ཐོག་མར་ཡེ་སངས་རྒྱས།། ཆོས་ཉིད་མ་དང་འཕྲད་པས་འཁྲུལ་པ་རང་སར་གྲོལ།། སྐྱེ་མེད་རང་ས་ཟིན་པའི་སྙིང་པོའི་ཀློང་ནས་ཤར།། རྣམ་རྟོག་རང་སར་གྲོལ་བས་འགྲུར ་མེད་ཆོས་སྐུར་གྱུར།། ངོ་བོ་རང་ས་ཟིན་པས་གསལ་དངས་ཆོས་སྐུའོ།། རང་བཞིན་རང་ས་ཟིན་པས་རང་དངས་ལོངས་སྐུའོ།། ཐུགས་རྗེ་རང་ས་ཟིན་པས་རང་སངས་སྤྲུལ་སྐུའོ།། སྐུ་གསུམ་དབྱེར་མེད་གཅིག་པས ་རང་དངས་ཆེན་པོའོ།། སྐུ་ལྔ་བདེ་བ་ཆེ་བས་མཁའ་གསལ་དང་ཉིད་སྒྲ།། སྒྲ་ལྔ་འགྱུར་མེད་དབྱིངས་ཐིམ་པས།། དབྱེར་མེད་གཏིང་གསལ་ངོ་བོ་ཉིད་ཀྱི་སྐུ།། རང་སེམས་ཆོས་སྐུའི་འབྲས་བུ་ཡིན།། ཐོག་མ་མེད་པའི ་དུས་མཐའ་ནས།། རང་ལ་རང་ཆས་ཡོད་རྟོགས་པས།། སྐུ་ལྔ་རྒྱལ་བའི་ཞིང་ཁམས་སོ།། འབྲས་བུའི་མཆོག་ཏུ་རྒྱལ་བས་གསུངས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག ་མཐའ་གཅོད་པའི་རྒྱུད་ལས། བདུད་རྩི་བཅུད་ཐིགས་འབྲས་བུ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། མམ་ཀྱ་ཐམ་།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རང ་གདངས་ཆེན་པོ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། སེམས་ཉིད་སྟོན་པ་ཀུན་བཟང་དེ།། རིན་པོ་ཆེ་འོད་འབར་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་བཞེངས་ནས་འདི་སྐད་གསུངས།། སྙིང ་པོའི་རང་བཞིན་སྐྱེ་མེད་འགྱུར་མེད་ལ།། སྐུ་གསུམ་ཡིད་ལ་མ་བྱས་རང་གསལ་ཆེན་པོ་ཡིན།། སྐུ་ལྔ་ཡིད་ལ་མ་བྱས་རང་གསལ་ཆེན་པོ་ཡིན།། སྣང་བ་ཡིད་ལ་མ་བྱས་རང་དངས་ཆེན་པོ་ཡིན།། སྟོང་པ་ཡིད་ལ་མ ་བྱས་རང་གདངས་ཆེན་པོ་ཡིན།། སྐྱེ་མེད་ཡིད་ལ་མ་བྱས་གསལ་དངས་ཆེན་པོ་ཡིན།། ཆོས་སྐུ་ཡིད་ལ་མ་བྱས་གསལ་དངས་ཆེན་པོ་ཡིན།། ལོངས་སྐུ་ཡིད་ལ་མ་བྱས་གསལ་དངས་ཆེན་པོ་ཡིན།། སྦྲུལ་སྐུ་ཡིད་ལ་མ ་བྱས་གསལ་དང་ས་ཆེན་པོ་ཡིན།། དབྱེར་མེད་ཡིད་ལ་མ་བྱས་གསལ་དང་ས་ཆེན་པོ་ཡིན།། མ་རིག་བློ་ཡིས་མ་སྤངས་གསལ་དང་ས་ཆེན་པོ་ཡིན།། འགྱུར་བ་མེད་དེ་གསལ་དང་ས་ཆེན་པོ་ཡིན།། སྐྱེ་ཤི་མེད་དེ་གསལ ་དངས་ཆེན་པོ་ཡིན།། རྒྱུ་ཡི་མ་བསྐྱེད་གསལ་དངས་ཆེན་པོ་ཡིན།། རྐྱེན་གྱིས་མི་འཇིག་གསལ་དང་ས་ཆེན་པོ་ཡིན།། ངོ་བོ་མི་འགྱུར་གསལ་དང་ས་ཆེན་པོ་ཡིན།། ཡུལ་ལ་དགག་བསྒྲུབ་མེད་དེ་གསལ་དངས་ཆེན་པོ ་ཡིན།། སེམས་ལ་དངོས་པོ་མེད་དེ་གསལ་དངས་ཆེན་པོ་ཡིན།། ཡུལ་སེམས་དབྱེ་བསལ་མེད་དེ་གསལ་དངས་ཆེན་པོ་ཡིན།། ཡིད་ལ་མ་བསམ་གསལ་དངས་ཆེན་པོ་ཡིན།། སེམས་ཀྱིས་མ་ཕྱེད་གསལ་དངས་ཆེན ་པོ་ཡིན།། བློ་ཡིས་མ་བཅོས་གསལ་དང་ས་ཆེན་པོ་ཡིན།། རྟོག་པས་མ་བསླད་གསལ་དངས་ཆེན་པོ་ཡིན།། མ་ཕྱེ་མ་བཀོལ་གསལ་དངས་ཆེན་པོ་ཡིན།། མི་ལེན་མི་འདོར་གསལ་དངས་ཆེན་པོ་ཡིན།། མི་སྤང་མི ་བསྒྲུབ་གསལ་དངས་ཆེན་པོ་ཡིན།། བྱར་མེད་བཙལ་མེད་གསལ་དངས་ཆེན་པོ་ཡིན།། མི་བལྟ་བལྟར་མེད་གསལ་དངས་ཆེན་པོ་ཡིན།། མི་བསྒོམ་རྟོག་མེད་གསལ་དངས་ཆེན་པོ་ཡིན།། མི་སྤྱོད་བྱར་མེད་གསལ ་དངས་ཆེན་པོ་ཡིན།། མི་བསྲུང་བསྲུང་མེད་གསལ་དངས་ཆེན་པོ་ཡིན།། མི་རྩོལ་བཙལ་མེད་གསལ་དངས་ཆེན་པོ་ཡིན།། མི་བགྲོད་བགྲོད་མེད་གསལ་དངས་ཆེན་པོ་ཡིན།། མི་བསྒྲུབ་རང་བཞིན་གསལ་དངས་ཆེན ་པོ་ཡིན།། བརྟག་སྣང་ཐམས་ཅད་གསལ་དངས་ཆེན་པོ་ཡིན།། སྣང་སྲིད་ཐམས་ཅད་གསལ་དངས་ཆེན་པོ་ཡིན།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་སྐུ ་གསལ་དངས་ཆེན་པོ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། ཨཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རང་དངས་ཆེན་པོ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། ་སེམས་ཉིད་སྟོན་པ་ཀུན་བཟང་དེས།། རིན་པོ་ཆེའི་འོད་རང་སངས་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་སོ།། བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཆོས་སྐུ་ཀློང་ཡངས་ནམ་མཁའི་རང་བཞིན ་ལས།། སྙིང་པོ་འགྱུར་བ་མེད་པའི་རྒྱས་ཐེབས་པས།། རྣམ་རྟོག་མཚན་མའི་རྐྱེན་གྱིས་ཅི་ལ་གོས།། གཡོས་པ་མེད་པའི་ཆོས་ཉིད་ཆེན་པོ་ལ།། ཆོས་སྐུ་འགྱུར་མེད་སྐྱེ་མེད་རྣམ་རྟོག་གྲུབ་པ ་མེད།། འབྲས་བུ་གདེང་ཟིན་འདི་ལྟར་ཤེས་པར་གྱིས།། སྐྱོན་ཅན་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། མ་རིག་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། ཡེ་ཤེས་འགྱུར་བ་མེད་པས་རང་སངས་ཆེན་པོ ་ཡིན།། དུག་གསུམ་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། སྐུ་གསུམ་འཕོ་འགྱུར་མེད་པས་རང་སངས་ཆེན་པོ་ཡིན།། དུག་ལྔ་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། ཡེ་ཤེས་ལྔ་ལ་འདུ་འབྲལ་མེད་པས་རང ་སངས་ཆེན་པོ་ཡིན།། འཁོར་བ་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། མྱང་འདས་འགྱུར་བ་མེད་པས་རང་སངས་ཆེན་པོ་ཡིན།། རྣམ་རྟོག་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། ཆོས་ཉིད་འགྱུར་བ་མེད་དེ ་རང་སངས་ཆེན་པོ་ཡིན།། གཟུང་འཛིན་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། འཛིན་མེད་འགྱུར་བ་མེད་པས་རང་སངས་ཆེན་པོ་ཡིན།། གཉིས་འཛིན་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། གཉིས་མེད ་འགྱུར་བ་མེད་པས་རང་སངས་ཆེན་པོ་ཡིན།། ཕྱོགས་རིས་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། ང་བདག་གྲུབ་པ་མེད་པས་རང་སངས་ཆེན་པོ་ཡིན།། བདག་མེད་འགྱུར་བ་མེད་དེ་རང་སངས་ཆེན་པོ ་ཡིན།། ཆགས་འཛིན་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། ཆགས་མེད་འགྱུར་བ་མེད་དེ་རང་སངས་ཆེན་པོ་ཡིན།། རྩོལ་བསྒྲུབ་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། རྩོལ་མེད་འགྱུར་བ་མེད་དེ་རང་སངས ་ཆེན་པོ་ཡིན།། བྱ་བ་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། བྱར་མེད་འགྱུར་བ་མེད་དེ་རང་སངས་ཆེན་པོ་ཡིན།། བལྟ་བྱ་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། བལྟར་མེད་འགྱུར་བ་མེད་དེ་རང་སངས་ཆེན་པོ ་ཡིན།། བསྒོམ་བྱ་བསྒྲུབ་བྱ་མེད་དེ་རང་སངས་ཆེན་པོ་ཡིན།། བསྒོམ་མེད་འགྱུར་བ་མེད་དེ་རང་སངས་ཆེན་པོ་ཡིན།། སྤྱོད་པ་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། སྤྱོད་མེད་འགྱུར་བ་མེད་དེ་རང་སངས་ཆེན་པོ ་ཡིན།། ཐོབ་བྱ་གྲུབ་པ་མེད་དེ་རང་སངས་ཆེན་པོ་ཡིན།། ཐོབ་མེད་རེ་དོགས་མེད་དེ་རང་སངས་ཆེན་པོ་ཡིན།། དེ་དག་ཀུན་གྱི་རང་བཞིན་ཀྱང་།། བློ་ཡིས་མ་བཅོས་ཡིད་ཀྱིས་མ་འགྱུས་སོ།། རིག་པས་མ་ཕྱེ་སེམས ་ཀྱིས་མ་བརྟགས་སོ།། ཡེ་ཇི་བཞིན་པའི་ངང་ཉིད་དོ།། མ་བསླད་པ་ཡི་ཆོས་ཉིད་ཡིན།། མ་བཅོས་པ་ཡི་སེམས་ཉིད་ཡིན།། གདལ་བ་ཆེན་པོའི་གནས་ཉིད་ན།། འགྱུར་བ་མེད་པའི་ཆོས་སྐུ་བཞུགས།། མ་ཡེངས་བྱ། ་བཏང་ས་མཱ་ཏི།། ཁོ་ན་ཉིད་ལ་འགྱུར་བ་མེད།། དབྱིངས་ཀྱི་སྟོང་ར་ཆེན་མོ་རུ།། འཕོ་འགྱུར་ཐམས་ཅད་བྲལ་བའི་སྐུ།། སྨྲ་བརྗོད་ཐམས་ཅད་བྲལ་བའི་ངག། ཡིད་རིག་སེམས་དཔྱོད་བློ་ཡི་ཡུལ་ལས་འདས།། གཡོ ་འགུལ་མེད་པའི་ཐུགས་ཡིན་ནོ།། མ་བཅོས་མ་བསླད་སོ་མ་ཉིད།། རང་དངས་ལྷག་པ་དེ་བཞིན་ཉིད།། སྙིང་པོའི་དོན་ལས་མ་གཡོས་པར།། ཐ་མལ་རང་ལུགས་གནས་པ་ཡིན།། ཀུན་བཟང་རྒྱལ་བའི ་དགོངས་པའོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་བཅོས་རྣལ་དུ་བཞག་པའི་འབྲས་བུ་གདེང་ཟིན་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། ། ་མཉཿ#\ུ0f7f།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སེམས་ཉིད་མཁའ་གསལ་སྡེ་ལྟར་ལགས།། ཞེས་གསོལ་པ་དང་། སེམས་ཉིད་སྟོན་པ་ཀུན་བཟང་དེ། རིན་པོ་ཆེ་འོད ་མཁའ་གསལ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཆོས་སྐུ་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན།། སྙིང་པོ་འདུས་མ་བྱས་པས་མཁའ་གསལ་ཆེན ་པོ་ཡིན།། ཀུན་གཞི་དུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན།། ཆོས་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན།། དབྱིངས་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན།། སྐྱེ་མེད་འདུས་མ་བྱས ་པས་མཁའ་གསལ་ཆེན་པོ་ཡིན།། འགྱུར་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན།། ངང་ཉིད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ་ཡིན།། གཡོ་མེད་འདུས་མ་བྱས་པས་མཁའ་གསལ་ཆེན་པོ ་ཡིན།། ཆགས་མེད་ཞེན་མེད་མཁའ་གསལ་ཆེན་པོ་ཡིན།། བསམ་བརྗོད་བློ་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན།། མིང་མེད་རྟོག་མེད་ཡུལ་མེད་མཚོན་ལས་འདས་པས་མཁའ་གསལ་ཆེན་པོ་ཡིན།། ཞེས ་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཉིད་མཁའ་གསལ་གྱི་ལེའུ་སྟེ་ཞེ་དྲུག་པའོ།། []###།། ། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་ཉིད་གཏིང་གསལ་ཆེན་པོ་ཇི་ལྟར་ལགས།། ཞེས་གསོལ་པ་དང་། དེ་ནས་སེམས་ཉིད་ཀུན་བཟང་དེ།། རིན་པོ་ཆེ་འོད་འཕྲོ་འདུ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ཟིམ ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཆོས་ཉིད་དོན་གྱི་གནས་ལུགས་དེ།། ཚོགས་བརྒྱད་ཡུལ་དུ་མ་གྱུར་གཏིང་གསལ་ཆེན་པོ་ཡིན།། མིག་གི་ཡུལ་དུ ་མ་གྱུར་གཏིང་གསལ་ཆེན་པོ་ཡིན།། རྣ་བའི་ཡུལ་དུ་མ་གྱུར་གཏིང་གསལ་ཆེན་པོ་ཡིན།། སྣ་ཡི་ཡུལ་དུ་མ་གྱུར་གཏིང་གསལ་ཆེན་པོ་ཡིན།། ལྕེ་ཡི་ཡུལ་དུ་མ་གྱུར་གཏིང་གསལ་ཆེན་པོ་ཡིན།། ཡིད་ཀྱི་ཡུལ་དུ་མ་གྱུར ་གཏིང་གསལ་ཆེན་པོ་ཡིན།། ལུས་ཀྱི་དངོས་གཞི་མེད་དེ་གཏིང་གསལ་ཆེན་པོ་ཡིན།། རོ་ཡི་མྱང་རྒྱུ་མེད་དེ་གཏིང་གསལ་ཆེན་པོ་ཡིན།། མི་དམིགས་དམིགས་ལས་འདས་ཏེ་གཏིང་གསལ་ཆེན་པོ་ཡིན།། སྒྲ་བརྗོད ་ཡོངས་ལས་འདས་པས་གཏིང་གསལ་ཆེན་པོ་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཉིད་གཏིང་གསལ་ཆེན་པོར ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། \ུ0f7f་#།། ཨ་ཐ་བཛྲ་པ་ཏ་ལི།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སྠི་ཏིའི་འདོད་གཞུང་དེ་ལྟར་ན།། ཐེག་པ་གཞན ་དང་མི་འགལ་བའི།། མ་འདྲེས་ཡོངས་རྫོགས་ཇི་ལྟར་ལགས།། ཞེས་གསོལ་པ་དང་།། སེམས་ཉིད་སྟོན་པ་ཀུན་བཟང་དེ།། རིན་པོ་ཆེ་འོད་སྣ་ཚོགས་ཀུན་ཏུ་གསལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། ཏིང་ངེ་འཛིན ་དེ་ལས་བཞེངས་ནས།། འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ཡི་སྠི་ཏི་ཡོ་ག་འདིར།། ཐེག་པ་མཐའ་དག་འདི་ལ་རྫོགས།། སྙིང་པོ་ཆོས་སྐུའི་རང་བཞིན་ནི།། དུས་གསུམ་འཕོ་འགྱུར་མེད་པར ་གནས།། མུ་སྟེགས་རྟག་ལྟ་འདི་ལ་རྫོགས།། དངོས་མེད་དམིགས་པའི་ཡུལ་ལས་འདས།། མུ་སྟེགས་ཆད་ལྟ་འདི་ལ་རྫོགས།། ཕྲ་རབ་རྡུལ་དུ་མ་གྲུབ་པ།། ཉན་ཐོས་ལྟ་བ་འདི་ལ་རྫོགས།། རྟེན་འབྲེལ་རྣམ་པར་རིག ་བྱེད་པ།། རང་རྒྱལ་ལྟ་བ་འདི་ལ་རྫོགས།། ཡུལ་སེམས་གཉིས་མེད་གཟུང་འཛིན་བྲལ།། སེམས་ཙམ་ལྟ་བ་འདི་ལ་རྫོགས།། མཐའ་བཞི་བྲལ་བས་བདེན་གཉིས་ཆོམ།། དབུ་མའི་ལྟ་བ་འདི་ལ་རྫོགས།། དག་གསུམ ་རིགས་གསུམ་དབྱེར་མེད་པས།། ཀྲི་ཡའི་ལྟ་བ་འདི་ལ་རྫོགས།། ལྟ་སྤྱོད་ཡ་འགལ་མ་གྱུར་པས།། ཨུ་པ་ཡ་ཡི་ལྟ་བ་རྫོགས།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་དང་།། རྣམ་ཤེས་ལྔ་ལ་ལྷར་འདོད་ཀྱང་།། དོན་གྱི་སྐྱེ ་འགག་གཉིས་མེད་པས།། དེ་ཕྱིར་ཡོ་གའི་ལྟ་བ་རྫོགས།། ཐབས་དང་ཤེས་རབ་གཉིས་མེད་པས།། མ་ཧཱ་ཡོ་གའི་ལྟ་བ་རྫོགས།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། ཨ་ནུ་ཡོ་གའི་ལྟ་བ་རྫོགས།། ཐམས་ཅད་མ ་འགགས་རོལ་པའི་རྒྱུན།། རྫོགས་ཆེན་ལྟ་བ་འདི་ལ་རྫོགས།། ང་ཡིས་སྤྱི་ཏི་ཡོ་ག་ལ།། སྤྲོས་དང་བྲལ་བའི་སྒོར་ཞུགས་པས།། འཇུག་སྒོ་མཐའ་དག་འདི་ལ་རྫོགས།། དོན་ལས་མི་འདའི་དོན་བསྲུངས་པས།། དམ ་ཚིག་མཐའ་དག་འདི་ལ་རྫོགས།། དུག་ལྔ་རང་རྒྱུད་ངན་ཐུལ་བས།། འདུལ་ཁྲིམས་མཐའ་དག་འདི་ལ་རྫོགས།། བྱར་མེད་སྤྲོས་བྲལ་ཆོས་ཉིད་ངང་ལ་རྫོགས།། སྤྱོད་པའི་བྱ་བཙལ་མཐའ་དག་རྫོགས།། སྙིང་པོའི་དོན ་ལ་འདུ་འཕྲོ་མེད།། འཕྲོ་འདུ་མ་ལུས་དེ་ལ་རྫོགས།། སྐྱེ་མེད་ངང་ལ་བསྐྱེད་དུ་མེད།། བསྐྱེད་རིམ་མ་ལུས་འདི་ལ་རྫོགས།། སྙིང་པོ་དོན་གྱི་ལྷ་ཚོགས་ཉིད།། ལྷ་ཚོགས་མ་ལུས་འདི་ལ་རྫོགས།། བསྐྱེད་མེད་འགྱུར ་མེད་ཡི་དམ་ལྷ།། ཡི་དམ་ལྷ་ཚོགས་འདི་ལ་རྫོགས།། མི་འགྱུར་གད་ལ་ཁྱབ་མ་འདྲེས་གསལ།། དཀྱིལ་འཁོར་མ་ལུས་འདི་ལ་རྫོགས།། ཕྱི་ནང་དབྱེ་བསལ་མེད་གཏོར་ལ།། གཏོར་མ་མ་ལུས་འདི་ལ་རྫོགས།། རང ་གི་ལྟར་ནི་རང་མཆོད་པས།། མཆོད་པ་མ་ལུས་འདི་ལ་རྫོགས།། བྱར་མེད་བཙལ་མེད་དགག་བསྒྲུབ་མེད།། ཕྲིན་ལས་མ་ལུས་འདི་ལ་རྫོགས།། བགྲོད་མེད་སྦྱང་མེད་སྙིང་པོའི་ཀློང་།། ས་ལམ་མ་ལུས ་འདི་ལ་རྫོགས།། ཡེ་ནས་ཡིན་པས་དོན་རྟོགས་ན།། ཐམས་ཅད་མ་ལུས་འདི་ལ་རྫོགས།། རྒྱུ་ལ་མ་བརྟེན་འབྲས་བུའི་མཆོག། ཚོགས་ལམ་བགྲོད་དུ་མེད་པར་རྫོགས།། ཚིག་གསུམ་ངོ་ཆད།། བསྒོམ་ལམ་བགྲོད ་དུ་མེད་པར་རྫོགས།། འདི་ཞེས་བྱ་བའི་མཐའ་ལས་འདས།། མཐོང་ལམ་བགྲོད་དུ་མེད་པར་རྫོགས།། དབུས་མཐའ་གཉིས་མེད་དེ་བཞིན་ཉིད།། མཐར་ཕྱིན་བགྲོད་དུ་མེད་པར་རྫོགས།། བགྲོད་དུ་མེད་པའི་ལམ་ལྔ ་རྫོགས།། བླ་མེད་སྤྱི་ཏི་འདི་ཉིད་ནི།། ཤེས་པ་མེད་པས་ཤེས་རབ་མཆོག། སྙིང་རྗེ་མེད་པའི་ལམ་ལས་འདས།། གང་ཡང་མ་བཙལ་ལྷུན་གྲུབ་པས།། ས་བཅུ་ཐེག་པ་རིམ་དགུ་རྫོགས།། བླ་མེད་རྫོགས་ཆེན་འདི་ཉིད ་ནི།། འཛིན་ཅིང་ཆགས་པ་མི་འབྱུང་བས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། འདི་ལ་ཀུན་འབྱུང་སྡུག་བསྔལ་མེད།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས།། འདི་ལ་བདེ་སྡུག་བྱུང་ཚོར་མེད།། བཟོད་པའི་ཕ་རོལ་ཕྱིན ་པ་རྫོགས།། འདི་ལ་ལེ་ལོ་བཏང་སྙོམས་མེད།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། འདི་ལ་འགྱུར་ཞིང་ལྡོག་ཏུ་མེད།། བསམ་གཏན་ཕ་རོལ་ཕྱིན་པ་རྫོགས།། འདི་ལ་ལྟུང་བའི་གཡང་ས་མེད།། སྟོབས་ཀྱི་ཕ་རོལ ་ཕྱིན་པ་རྫོགས།། འདི་ལ་ཉོན་མོངས་སྡུག་བསྔལ་མེད།། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། འདི་ལ་རེ་དོགས་གཉིས་མེད་དེ།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། འདི་ལ་འཁོར་ཞིང་ཆགས་སུ་མེད།། ཐབས་ཀྱི་ཕ ་རོལ་ཕྱིན་པ་རྫོགས།། འདི་ལ་ཡེ་ནས་འཁྲུལ་པ་མེད།། ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས།། སྤྱི་ཏིའི་ནང་དུ་ཀུན་རྫོགས་པས།། འབྱུང་བ་ནམ་མཁའི་མཁའ་ཀློང་དུ།། ཉི་ཟླ་གཟའ་སྐར་ཡོངས་སུ་རྫོགས།། འབྱུང་བ་ཆེན ་པོ་ནམ་མཁའ་རུ།། འབྱུང་ཆེན་བཞི་པོ་ཡོངས་སུ་རྫོགས།། ཕྱི་ཡི་རྒྱ་མཚོ་ཆེན་པོ་རུ།། ཆུ་ཕྲན་མ་ལུས་ཡོངས་སུ་རྫོགས།། དབུས་ཀྱི་རི་བོ་མཆོག་རབ་ལ།། རྩི་ཤིང་ནགས་ཚལ་ཡོངས་སུ་རྫོགས།། དཀྱིལ་འཁོར་ཆེན ་པོའི་ནང་དུ་ནི།། ས་ཚོན་སྣ་ལྔ་ཡོངས་སུ་རྫོགས།། ཟ་འོག་སྣམ་བུའི་ནང་དུ་ནི།། དར་སྣ་རྣམ་ལྔ་ཡོངས་སུ་རྫོགས།། མཁའ་ལ་འཇའ་ཚོན་གསལ་བའི་ཚེ།། ཁ་དོག་རྣམ་ལྔ་ཡོངས་སུ་རྫོགས།། ནམ་མཁའ་ཕྱི་ཡིས་རྒྱ ་མཚོ་རུ།། གླིང་བཞི་གླིང་ཕྲན་མ་ལུས་ཡོངས་སུ་རྫོགས།། རིན་པོ་ཆེའི་ནང་དུ་རིན་པོ་ཆེ་སྣ་ལྔ་ཡོངས་སུ་རྫོགས།། ས་གཞི་ཀུན་ཁྱབ་ཡོངས་སུ་གདལ་བ་རུ།། སྐྱེ་འགྲོ་རྩི་ཤིང་ནགས་ཚལ་མ་ལུས་རྫོགས།། ཀུན་གཞི ་གདལ་ཁྱབ་མཁའ་ཀློང་དུ།། སེམས་ལ་འཕྲོས་སྐྱེས་ཡོངས་སུ་རྫོགས།། རྫོགས་ཆེན་སྤྱི་ཏི་ཡོ་ག་རུ།། ཐེག་པ་མ་ལུས་མཐའ་དག་རྫོགས།། གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས།། ཡོད་མཐའ་རྫོགས་ལ ་མེད་མཐའ་རྫོགས།། སྣང་བ་རྫོགས་ལ་སྟོང་པ་རྫོགས།། རྟག་པ་རྫོགས་ལ་ཆད་པ་རྫོགས།། མ་རིག་རྫོགས་ལ་ཡེ་ཤེས་རྫོགས།། འཆར་སྒོ་རྫོགས་ལ་འཁྲུལ་སྒོ་རྫོགས།། སེམས་ཅན་རྫོགས་ལ་སངས ་རྒྱས་རྫོགས།། འཁོར་བ་རྫོགས་ལ་མྱང་འདས་རྫོགས།། བཟང་པོ་རྫོགས་ལ་ངན་པ་རྫོགས།། དགག་བྱ་རྫོགས་ལ་བསྒྲུབ་བྱ་རྫོགས།། འཛིན་ཆགས་རྫོགས་ལ་འཛིན་མེད་རྫོགས།། གཉིས་འཛིན་རྫོགས་ལ་གཉིས ་མེད་རྫོགས།། སྐུ་ལྔ་རྫོགས་ལ་རིགས་དྲུག་རྫོགས།། བདེ་བ་རྫོགས་ལ་སྡུག་བསྔལ་རྫོགས།། རྫོགས་དང་མ་རྫོགས་གཉིས་ཀྱང་རྫོགས།། ང་ཡི་སྠི་ཏི་ཡོ་ག་འདིར།། བརྗོད་ཚད་མནོས་ཚད་པ་ལ་རྫོགས།། སྐྱེས་ཚད ་འཁོར་ཚད་པ་ལ་རྫོགས།། རྟོགས་ཚད་འཁྲུལ་ཚད་ང་ལ་རྫོགས།། འགྲུས་ཚད་དྲན་ཚད་ང་ལ་རྫོགས།། ཕྱེད་ཚད་གཉིས་སྣང་བ་ལ་རྫོགས།། སྣང་ཚད་བརྟགས་ཚད་པ་ལ་རྫོགས།། བརྟགས་བཟུང་ཞེན་ཆགས་པ་ལ ་རྫོགས།། སངས་རྒྱས་སྐུ་དང་ཡེ་ཤེས་རྫོགས།། སེམས་དང་ལུས་དང་བག་ཆགས་རྫོགས།། བལྟ་བྱ་བསྒོམ་བྱ་འབྲས་བུ་རྫོགས།། བལྟར་མེད་བསྒོམ་མེད་སྤྱོད་མེད་རྫོགས།། བཙལ་བྱ་བགྲོད་བྱ་མཐའ་དག ་རྫོགས།། བསྲུང་མེད་བཙལ་མེད་བགྲོད་མེད་སྦྱང་མེད་རྫོགས། ཐམ་མ#།། ཐམས་ཅད་རྫོགས་པའི་སྤྱི་ཏི་ཡོ་ག་ནི།། ཅི་ཡང་མ་བསྒྲུབས་ཅི་ཡང་མ་སྤངས་པའི།། ཕྱོགས་སུ་མ་ལྷུང་མཐའ་རུ་མ་རེག ་པའོ།། ཀུན་དང་མཐུན་ལ་ཀུན་ལ་ཁྱབ་པས་ཁྱད་པར་འཕགས།། ཅི་ཡང་མ་ཡིན་བྱང་ཆུབ་སེམས།། གཞི་ནི་མ་བཅོས་ལྷུན་གྱིས་གྲུབ།། ཐ་མལ་རང་ལུགས་རང་དངས་པས།། སྙིང་པོ་ལྷུན་གྲུབ་ཆོས་སྐུར་གནས ་པའོ།། ཅི་ཡང་མེད་ལ་ཅི་ཡང་བྱུང་།། བྱུང་ཡང་སེམས་ལས་བྱུང་ལ་སེམས་ལ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སྣ་ཚོགས་སེམས་ལ ་བཀོད་ནས་སྠི་ཏི་རྫོགས་ལུགས་ཡོངས་སུ་བཀོད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། \ུ0f7fགྷུཿ་ཨཱལླ་ཨཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པ་ཀུན་ཏུ་བཟང་པོ་ལ།། སྠི་ཏིའི་རང་བཞིན་ཅི་ལྟར་ལགས།། ཞེས ་ཞུས་པ་དང་། དེ་ནས་ཀུན་ཏུ་བཟང་པོས། འོད་རྩིས་གདབ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་རྣམས་ལ་འདི་སྐད་གསུངས་སོ། \ུ0f7f་མ6། ཨ་ཟ་པ་ཏ་རི། ཀང ་ཀ། ཀ་ཡ་སིདྡྷི་ཨཱ། ང་ཡི་སྠི་ཏི་ཡོ་ག་འདི།། དཔེ་དོན་རྟགས་དང་རྣམ་པ་གསུམ།། དཔེ་ནི་ནམ་མཁའ་དང་འདྲ་སྟེ།། ཆོས་ཉིད་ཐོགས་མེད་གསལ་བའི་ནམ་མཁའ་ལ།། དངོས་པོ་ཡེ་ནས་མེད་པ་ལ།། དངོས་མེད ་ཉིད་རང་སྣ་ཚོགས་པའོ།། བརྗོད་གཞིའི་སྒོ་ནས་སྣ་ཚོགས་མཚོན།། དེ་བཞིན་ཆོས་ཉིད་ནམ་མཁའ་ལ།། བསྟོད་ར་བཏང་བས་བཟང་མི་འགྱུར།། སྨད་ར་བཏང་བས་ངན་མི་འགྱུར།། བསྟོད་ར་སྨད་ར་གཉིས་ལས ་གྲོལ།། མཐའ་དབུས་མི་མངའ་ཁ་དོག་མེད།། དགག་བསྒྲུབ་མི་མངའ་སྤང་ལེན་མེད།། བཟང་ངན་མི་མངའ་བླང་དོར་མེད།། ཡུལ་སེམས་མི་མངའ་རྩིས་གདབ་མེད།། འཁོར་འདས་མི་མངའ་དབྱེ ་བསལ་མེད།། དེ་བཞིན་སེམས་ཉིད་ནམ་མཁའ་ཡང་།། དངོས་མེད་མཚོན་མེད་བརྗོད་ལས་འདས།། གཞི་མེད་རླུང་མེད་འགྱུ་བ་མེད།། ཁ་དོག་མི་མངའ་དབྱིབས་ལས་འདས།། ཕོ་མོ་མ་ཡིན་མ་ནིང་མིན།། ཕོ་མོ་མ ་ནིང་གཉིས་ལས་གྲོལ།། སེམས་ཉིད་མ་ཡིན་རང་བཞིན་ནི།། ཚད་མེད་ཚད་དུ་ཟུག་པ་མེད།། སྣང་མེད་བརྟག་མེད་ཡིད་རྟོག་མེད།། དབྱིབས་མེད་དབྱིབས་སུ་འཛིན་ལས་འདས།། ཕྱོགས་མེད་ཕྱོགས་སུ་འཛིན་ལས ་འདས།། སྒྲ་མེད་གྲངས་མེད་མིང་ལས་འདས།། མཚོན་དུ་མེད་པས་མཚོན་ལས་འདས།། དཔག་ཏུ་མེད་པས་གཞི་ལས་འདས།། འཕེལ་བ་མེད་པས་འགྲིབ་ལས་འདས།། རྒྱུ་མེད་རྐྱེན་མེད་གཉེན་པོ་མེད།། སྐྱེ་རྒས ་ན། འཆིའི་ཆུ་བོ[:]མེད།། ཡུལ་མེད་ཡུལ་ལ[:]ཆགས་པ[:]མེད།། གནས་མེད་གནས[:]ལ[:]གཏད་འཛིན་མེད།། ཡིད་མེདའགྱུ་མེད། སེམས་པ[:]མེད།། གཉིས་མེདགཉིས་སུ[:]བརྗོད་ལས་འདས། ་\ུ0f7f་ཨ་ཎྜ8\ུ0f7f། ཨ་ལ་པའི་ཐིམ། ཆོས་ཀྱི་དགོངས་པ་ཐམས་ཅད་གཅིག་ཏུ་རུབ་ཀྱིས་བསྡུས།། དོན་གྱི་ཡང་སྙིང་གདམ་ངག་ནི།། ཀུན་གཞི་མེད་པས་ཀུན་གཞི་མིང་ལས་འདས།། ཆོས་སྐུ་མེད་པས་ཆོས་སྐུར ་བཟུང་ལས་འདས།། དུག་གསུམ་མེད་པས་སྐུ་གསུམ་བསྒྲུབ་ལས་འདས།། དུག་ལྔ་མེད་པས་སྐུ་ལྔ་ཡེ་ཤེས་ལྔ་ནི་བསྒྲུབ་ལས་འདས།། མ་རིག་མེད་པས་ཡེ་ཤེས་བསྒྲུབ་ལས་འདས།། འཁྲུལ་སྒོ་མེད་པས་འཆར་སྒོ ་བསྒྲུབ་ལས་འདས།། སེམས་ཅན་སྤང་དུ་མེད་པས་མྱང་འདས་བསྒྲུབ་ཏུ་མེད།། བློ་ཡིས་བཅོས་སུ་མེད་པས་བློ་ལས་འདས་པ་ཡིན།། ཡིད་ལ་བྱ་རུ་མེད་པས་བྱ་བའི་ཡུལ་ལས་འདས་པ་ཡིན།། སེམས་ཀྱིས་བསམ་དུ ་མེད་པས་བསམ་པའི་ཡུལ་ལས་འདས་པ་ཡིན། སྔ་དགས་ཀྱི་ཚིག་གི་གདགས་སུ་མེད་པས་མིང་འདོགས་བརྟགས་ཞེ་ན་ལས་འདས་པ་ཡིན། ཇི་ལྟ་བུས་ཀྱང་གཏན་ལ་དབབ་ཏུ་མེད། དབབ་པ་དང་ཕེབས་པ་ལས ་འདས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། འགྱུ་ཚད། སྤྲོས་ཚད། ཕྱེ་ཚད། བརྟགས་ཚད། བཟུང་ཚད། བརྗོད་ཚད། བསམ་ཚད། དྲན་ཚད། རིག་ཚད། ཚོར་ཚད། བརྟགས་ཞེ་ན་གཉིས་སྣང་། ཆགས་ཞེ་ན་ཡུལ་སེམས། དེ ་དག་ཐམས་ཅད་ཀུན་རང་གི་སེམས་ཡིན་ནོ།། སེམས་ཅི་ཡང་མ་ཡིན་པའོ།། མ་ཡིན་པ་དེ་རང་རང་སངས། རང་དངས། རང་འགྱུར། རང་གདངས། མཁའ་གསལ། གཏིང་གསལ། རང་ཆུབ། རང་རྒྱས། ཐ་མལ ་ང་ལུགས་མ་བཅོས་ཤིང་། རང་བབ་ལྷག་པ་བསྒྲུབ་རྩོལ་དང་བྲལ་བར་གནས་པ་ནི། ཀུན་བཟང་རྒྱལ་བའི་དགོངས་པའོ།། སྙིང་པོའི་ནང་ན་གནས་པའོ།། སྐྱེ་མེད་རང་གནས་བརྗོད་མེད་ངང་ལ་ཐིམ།། ཞེས ་གསུངས་སོ།། བདུད་རྩི་ཡང་ཞུན། བདུད་རྩི་ཐིགས་པའི་ལེའུ་སྟེ། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བདུད་རྩི་ཡང་ཞུན་དངོས་བསྟན་པའི་ལེའུ་སྟེ ་ཞེ་དགུ་པའོ།། \ུ0f7fཁ་མམ#།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ངེས་པ་རྣམ་བཞི་སྡེ་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས།། བལྟ་བ ་འགྱུར་བ་མེད་པར་ངེས།། བསྒོམ་པ་གཡོས་པ་མེད་པར་ངེས།། སྤྱོད་པ་ཆགས་ཞེན་མེད་པར་ངེས།། འབྲས་བུ་རེ་དོགས་མེད་པར་ངེས།། དེ་ནི་ངེས་པ་རྣམ་བཞིའོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད ་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ངེས་པ་རྣམ་བཞིའི་ལེའུ་སྟེ་ལྔ་བཅུ་ཟམ་པའོ།། མ་མཛ་ཐཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མེད་པ་རྣམ ་གསུམ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། ལྟ་བའི་ཕུགས་སུ་གཞུང་མེད་ཞེ་འདོད་མེད།། ཡིད་ལ་འགྱུར་མེད་བསྒོམ་བྱ་མེད།། ཉམས་ལས་སྐྱེ་མེད་འགག་པ ་མེད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མེད་པ་རྣམ་གསུམ་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།། 6ཐ་ན་#།། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཡིན་པ་རྣམ་དགུ་སྡེ་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས།། ལྟ་བ་ཡིན་པ་མེད་པ་ཡིན།། བསྒོམ་པ་ཡེངས་པ་མེད་པ ་ཡིན།། སྤྱོད་པ་ངེས་པ་མེད་པ་ཡིན།། དམ་ཚིག་བསྲུང་དུ་མེད་པ་ཡིན།། ཕྲིན་ལས་བརྩམ་དུ་མེད་པ་ཡིན།། ལམ་ལ་བགྲོད་དུ་མེད་པ་ཡིན།། ས་ལ་སྦྲང་དུ་མེད་པ་ཡིན།། མན་ངག་ཞེན་འཛིན་མེད་པ་ཡིན།། འབྲས ་བུ་བསྒྲུབ་ཏུ་མེད་པ་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཡིན་པ་རྣམ་པ་དགུའི་ལེའུ་སྟེ་ང་གཉིས་པའོ།། \ུ0f7f9ཐུན།། ། དེ་ནས་རྡོ ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མེད་པ་རྣམ་དགུ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སེམས་ཉིད་སྟོན་པ་ཀུན་བཟང་གིས།། འདུས་པའི་འཁོར་ལ་འདི་སྐད་གསུངས།། རྡོ་རྗེ་སེམས ་དཔའ་ཡིད་ལ་ཟུང་།། སེམས་ལ་ཡེ་ནས་དངོས་པོ་མེད།། སེམས་ལ་ཡེ་ནས་མཚོན་དུ་མེད།། སེམས་ལ་ཡེ་ནས་དམིགས་སུ་མེད།། སེམས་ལ་ཡེ་ནས་ཁ་དོག་མེད།། སེམས་ལ་ཡེ་ནས་བརྗོད་དུ་མེད།། སེམས་ལ་ཡེ ་ནས་ཡི་གེ་མེད།། སེམས་ཉིད་ཡེ་ནས་བརྟགས་པ་མེད།། སེམས་ཉིད་ཡེ་ནས་བསམ་དུ་མེད།། སེམས་ཉིད་ཡེ་ནས་བྱ་རུ་མེད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ ་གཅོད་པའི་རྒྱུད་ལས། མེད་པ་རྣམ་དགུ་བསྟན་པའི་ལེའུ་སྟེང་གསུམ་པའོ།། \ུ0f7f15།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འགྱུར་མེད་རྣམ་དྲུག་སྡེ་ལྟར ་ལགས།། ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། འཕོ་འགྱུར་མེད་པས་ཆོས་ཉིད་འགྱུར་བ་མེད།། སྐྱེ་ཤི་མེད་པས་ཆོས་ཉིད་འགྱུར་བ་མེད།། སྐྱེ་འགག་མེད་པས་ཆོས་ཉིད་འགྱུར་བ་མེད།། བསམ ་ལས་འདས་པས་ཆོས་ཉིད་འགྱུར་བ་མེད།། དམིགས་ལས་འདས་པས་ཆོས་ཉིད་འགྱུར་བ་མེད།། བློ་ལས་འདས་པས་ཆོས་ཉིད་འགྱུར་བ་མེད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར ་བ་ཟོག་མཐའ་གཅོད་པའི་རྒྱུད་ལས། འགྱུར་མེད་དྲུག་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། ས་@#།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་སྐུ་གཅེར་མཐོང་ཇི་ལྟར ་ལགས།། ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་གླལ་པ།། གཡོ་འགུལ་དྲན་རྟོག་ཀུན་སངས་པས།། དམིགས་མེད་བསམ་མེད་ཆོས་སྐུ་གཅེར་གྱིས་མཐོང་།། ལུས་ཀྱིས་ཅེར་ཡང་བྱར་མེད་པས།། རྩོལ ་མེད་ཆོས་སྐུ་གཅེར་གྱིས་མཐོང་།། ངག་གིས་སྨྲ་བརྗོད་རྒྱུ་མེད་པས།། བརྗོད་མེད་ཆོས་སྐུ་གཅེར་གྱིས་མཐོང་།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད ་ལས། ཆོས་སྐུ་གཅེར་མཐོང་མཛུབ་ཚུགས་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། \ུ0f7f་མ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། གདེང་ཟིན་རྣམ་དགུ་ཇི་ལྟར་ལགས།། ་འོག་ལ་བཅུ་བཞི་དང་། ལེའུར་བཅོ་ལྔ་བྱུང་།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་གླལ་པ།། ལྟ་བ་ཚིག་ལས་འདས་པས་གསལ་གདངས་གདེང་གྱིས་ཟིན།། བསྒོམ་པ་བསམ་ལས་འདས་པས་འགྱུར་མེད ་གདེང་གྱིས་ཟིན།། བྱར་མེད་རྩོལ་བསྒྲུབ་འདས་པས་བྱར་མེད་གདེང་གིས་ཟིན།། རྟོགས་པའི་དོན་ལས་མི་འདའ་དམ་ཚིག་གདེང་གིས་ཟིན།། བཙལ་དུ་ཡེ་མེད་ཕྲིན་ལས་གདེང་གིས་ཟིན།། སྤྱད་དུ་ཡེ་མེད་པ་ཡི ་གདེང་གིས་ཟིན།། བགྲོད་དུ་ཡེ་མེད་ལམ་གྱི་གདེང་གིས་ཟིན།། བསྒྲུབ་ཏུ་ཡེ་མེད་བསྒྲུབ་མེད་གདེང་གིས་ཟིན།། བཟུང་དུ་ཡེ་མེད་མན་ངག་གདེང་གིས་ཟིན།། དབྱེ་བ་མེད་པས་ཤེས་རབ་གདེང་གིས་ཟིན།། ཐོབ་ཏུ ་མེད་པས་འབྲས་བུའི་གདེང་གིས་ཟིན།། འཛིན་པ་མེད་པས་ཐེག་པས་གདེང་གིས་ཟིན།། རང་བཞིན་བཞག་པས་ཏིང་འཛིན་གདེང་གིས་ཟིན།། གཞན་ལ་མི་སྨོན་སྤྱི་ཏིའི་གདེང་གིས་ཟིན།། ཞེས་གསུངས་སོ།། སྣང ་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གདེང་ཟིན་བཅུ་བཞི་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། \ུ0f7f་ཨཱཋ་ཨརྠ་མཿ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད ་ལ་འདི་སྐད་ཞུས།། བཞག་པ་རྣམ་དྲུག་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། གནས་ལུགས་རང་གནས་ཉིད་དུ་བཞག། སྣང་བ་རང་སོ་ཉིད་དུ་བཞག། སྣང་སེམས ་དབྱེར་མེད་ཉིད་དུ་བཞག། སྒོ་ལྔ་འཁྲུལ་སྣང་ཡིན་པར་བཞག། ཡིད་གཉིས་འཛིན་པ་མེད་པར་བཞག། སྤྲོས་ཆོད་རྩིས་གདབ་མེད་པར་བཞག། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར ་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བཞག་པ་རྣམ་པ་དྲག་བསྟན་པའི་ལེའུ་སྟེང་བདུན་པའོ།། \ུ0f7fཐམྲ་ཝཝ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། བདེ་གཤེགས་བཀའ་ཡི ་དགོངས་འདུས་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས། ཐེག་པ་བརྒྱད་ཁྲི་བཞི་སྟོང་དགོངས་པ་གཅིག་ཏུ་འདུས།། རྡོ་རྗེ་སེམས་དཔས་གོ་བར་ཟུང་།། དུས་གསུམ་རྒྱལ ་པབའི་དགོངས་འདུས་པ།། བརྗོད་མེད་དང་དུ་འུབ་ཀྱིས་འདུས།། སངས་རྒྱས་རྣམས་ཀྱི་དགོངས་འདུས་པ།། སྐྱེ་བ་མེད་པར་འུབ་ཀྱིས་འདུས།། ཆོས་ཉིད་དོན་གྱི་དགོངས་འདུས་པ།། འགྱུར་བ་མེད་པར་འུབ་ཀྱིས ་འདུས།། དམ་ཆོས་རྣམས་ཀྱི་དགོངས་འདུས་པ།། ཆགས་འཛིན་མེད་པར་འུབ་ཀྱིས་འདུས།། མན་ངག་རྣམས་ཀྱི་དགོངས་འདུས་པ།། ཞེན་འཛིན་མེད་པར་འུབ་ཀྱིས་འདུས།། རྣལ་འབྱོར་རྣམས་ཀྱི་དགོངས་འདུས ་པ།། གཟུང་འཛིན་མེད་པར་འུབ་ཀྱིས་འདུས།། བཀའ་བརྒྱུད་རྣམས་ཀྱི་དགོངས་འདུས་པ།། རྒྱུད་སེམས་གཉིས་སུ་མེད་པ་ཡི།། ཆོས་དང་སེམས་འདྲེས་ངང་དུ་འདུས།། ཆོས་སྤྱོད་རྣམས་ཀྱི་དགོངས་འདུས་པ།། ཆོས ་ཉིད་ཀློང་ནས་སྙིང་རྗེར་ལྡན།། འབད་རྩོལ་བྱར་མེད་ངང་དུ་འདུས།། ལྟ་བ་རྣམས་ཀྱི་དགོངས་འདུས་པ།། ཞེ་འདོད་མེད་པར་འུབ་ཀྱིས་འདུས།། སྒོམ་པ་རྣམས་ཀྱི་དགོངས་འདུས་པ།། ཞེན་མེད་གཡོ་མེད་ངང་དུ ་འདུས།། སྤྱོད་པ་རྣམས་ཀྱི་དགོངས་འདུས་པ།། ཆགས་མེད་ངེས་མེད་བྱར་མེད་ངང་དུ་འདུས།། འབྲས་བུ་རྣམས་ཀྱི་དགོངས་འདུས་པ།། རེ་མེད་དོགས་མེད་ཡིད་སྨོན་མེད་པའི་ངང་དུ་འདུས།། དགོངས་པ་ཐམས ་ཅད་གཅིག་ཏུ་འདུས།། གཅིག་པོ་སེམས་ཉིད་ངང་དུ་འདུས།། སེམས་ཉིད་དངོས་པོ་མེད་པར་འདུས།། དངོས་མེད་དམིགས་མེད་ངང་དུ་འདུས།། སྨྲ་བསམ་བརྗོད་འདས་ངང་དུ་འདུས།། སྐྱེ་མེད་ངང་དུ་འུབ་ཀྱིས ་འདུས།། བརྗོད་མེད་ངང་དུ་ནུབ་ཀྱིས་འདུས།། འགྱུར་མེད་ངང་དུ་ཡོད་ཚད་ཐིམ།། ཐིམ་པ་གང་ཡིན་ཆོས་སྐུ་ཡིན།། ཆོས་སྐུ་རང་ཡང་མཚན་ལས་འདས།། འདས་པའི་དོན་ལ་སྨྲ་རྒྱུ་མེད།། འདས་པའི་དོན་ལ་མིང ་འདོགས་མེད།། འདས་པའི་དོན་ལ་འདོད་རྒྱུ་མེད།། འདོད་བྱ་གང་ཡང་མ་འགགས་ལ།། འདོད་རྒྱུ་ཅི་ཡང་མི་དམིགས་སོ།། ཇི་ལྟར་སྣང་ཡང་འདོད་ཞེན་མེད།། ཡང་དག་དོན་ལ་ཡི་གེ་མེད།། མེད་པ་དེ་ལ་མཚོན་པ ་མེད།། མེད་པ་དེ་ལ་བརྟག་པ་མེད།། མེད་པ་དེ་ལ་དབྱེ་བ་མེད།། མེད་པ་དེ་ལ་གཉིས་སུ་མེད།། མེད་པ་དེ་ལ་འབད་པ་མེད།། མེད་པ་དེ་ལ་སྤང་ལེན་མེད།། མེད་པ་དེ་ལ་དགག་བསྒྲུབ་མེད།། མེད ་པ་དེ་ལ་དབྱེ་བསལ་མེད།། མེད་པ་དེ་ལ་རྩིས་གདབ་མེད།། ཇི་ལྟར་སྣང་ཡང་མ་འགགས་པ།། འཛིན་པ་མེད་པས་མི་དམིགས་སོ།། ཡོད་པ་རྒྱ་ཆད་མེད་པ་ཡིན།། མེད་པ་ཕྱོགས་ལྷུང་མེད་པ་ཡིན།། ཞེས་གསུངས ་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས།། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དགོད་པ་ཐམས་ཅད་གཅིག་ཏུ་འབ་ཀྱིས་འདུས་པའི་ལེའུ་སྟེ་ང་བརྒྱད་པའོ།། ཐཝ་ཋ་ཨཿ།། དེ་ནས་རྡོ་རྗེ་སེམས ་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སངས་རྒྱས་མཛུབ་བཙུགས་ཇི་ལྟར་ལགས།། ཞེས་གསོལ་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། སངས་རྒྱས་ཡེ་ནས་སེམས་ལ་གྲུབ།། གྲུབ ་ཟིན་དོན་ལ་མ་ཡེངས་ན།། གཞན་ནས་སངས་རྒྱས་བཙལ་མི་དགོས།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ལས་མ་བསམས་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལས་གྲུབ།། སེམས ་ཉིད་འདུས་མ་བྱས་པ་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་དབྱེར་མེད་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་གཡོ་མེད་སངས་རྒྱས ་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་འགྱུར་མེད་སངས་རྒྱས་ཡིན། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་སྐྱེ་མེད་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ ་འདུས། སེམས་ཉིད་བརྗོད་མེད་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་སེམས་ལ་འདུས།། སེམས་ཉིད་བསྒྲུབ་མེད་སངས་རྒྱས་ཡིན།། གཡོ་རྩོལ་དགག་བསྒྲུབ་བྱ་བཙལ་སངས།། མ་བཅོས་བྱར་མེད་སྤྲོས་བྲལ ་རྒྱས།། མ་བསམས་མ་བཅོས་མ་བསླད་ན།། ཡེ་ནས་སངས་རྒྱས་ཡིན་པར་གསུངས།། ཡིད་སྤྱོད་སེམས་ཀྱི་དྲན་རྟོག་མཚོན་པ་སངས།། རིག་དང་ཡིད་ཀྱིས་སེམས་པ་མེད་པར་རྒྱས།། ཆགས་མེད་ཞེན་མེད་འཛིན། ་པ་ཐམས་ཅད་སངས།། བསམ་མེད་འགྱུས་མེད་བདེ་ཆེན་ཀློང་དུ་རྒྱས།། སེམས་ཀྱི་འབད་རྩོལ་བློ་ཡིས་བཅོས་ཐབས་སངས།། གཞི་གནས་མ་བཅོས་བྱར་མེད་སྤྲོས་བྲལ་རྒྱས།། སྣང་སྲིད་སེམས་ལ་འདུས་པས ་སངས་རྒྱས་མཛུབ་བཙུགས་ཡིན།། དཔེ་ནི་ནམ་མཁར་གནས་པའི་བྱ།། ནམ་མཁའ་མཐའ་དབུས་ཕྱོགས་མཚམས་མེད།། ཐ་སྙད་ཀུན་ལ་གྲོལ་བར་གནས།། རྟགས་ནི་སེམས་ཉིད་འགག་པ་མེད།། སྣ་ཚོགས་ཅིར ་སྣང་རྫོགས་པ་ལ།། མ་སྤངས་མ་བསྒྲུབས་ཆེན་པོ་ལ།། དོན་ནི་ཆོས་ཉིད་སྐྱེ་བ་མེད།། དངོས་མེད་བརྗོད་མེད་དམིགས་མེད་སྙིང་པོའི་ཀློང་ན་གནས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སངས་རྒྱས་མཛུབ་བཙུགས་གཅེར་མཐོང་དུ་བསྟན་པའི་ལེའུ་སྟེང་དགུ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ཀུན་བཟང་ཉིད་ལ་འདི ་སྐད་ཞུས།། དེ་ལྟར་གྱུར་ན་ཅི་བྱས་ལྟོ་མི་ལྟོ།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། སྙིང་པོ་མ་ལ་མཚན་ཉིད་བུ་ཐིམ་པས།། མ་བུ་ངོ་སྤྲད་དབྱེར་མེད་ཆོས་སྐུ་ཐོབ།། དེ་ཐོབ་བརྟན་པས ་ཅི་བྱས་ཆོས་ཀྱི་ཀློང་།། ཡོན་ཏན་དཔག་མེད་སངས་རྒྱས་ཏེ།། འགྲོ་ཡང་མི་ལྟོ་ཆོས་ཉིད་ཀློང་།། འདུག་ཀྱང་མི་ལྟོ་འགྱུར་མེད་པ།། ཟ་ཡང་མི་ལྟོ་ཏིང་འཛིན་ཟས།། གོན་ཀྱང་མི་ལྟོ་བྱིན་རླབས་གོས།། གདན་ཡང་མི ་ལྟོ་མི་འགྱུར་གདན།། སྔས་ཀྱང་མི་ལྟོ་དངོས་མེད་སྔས།། ཉལ་ཡང་མི་ལྟོ་སྙིང་པོའི་ཀློང་།། གཉིད་ཀྱང་མི་ལྟོ་བདེ་ཆེན་ཀློང་།། ནོར་ཡང་མི་ལྟོ་སེམས་ཉིད་ནོར་བུ་རིན་པོ་ཆེ།། ཡུལ་ཡང་མི་ལྟོ་བསམ་མི་ཁྱབ།། ཁྱིམ ་ཡང་མི་ལྟོ་མཁའ་ཀློང་རྣམ་དག་ཁྱིམ།། གནས་ཀྱང་མི་ལྟོ་སྙིང་པོ་འགྱུར་མེད་གནས།། མཁར་ཡང་མི་ལྟོ་མ་འགགས་བསམ་གཏན་མཁར།། ཡུལ་ཡང་མི་ལྟོ་གཉིས་མེད་ཡུལ།། བུ་ཡང་མི་ལྟོ་རང་བྱུང་རང་དངས ་ཡིན།། འཁོར་ཡང་མི་ལྟོ་མ་འགགས་སྐུ་ལྔ་སེམས་ཀྱི་འཁོར།། ཡུལ་ཡང་མི་ལྟོ་ཀུན་གཞི་སྤྱི་ཁྱབ་ཡུལ།། བསྟན་པའི་སྙིང་པོ་ཡང་ཏི་ཡོ་ག་འདི།། ཐེག་པ་ཀུན་གྱི་སྤྱི་ཡི་མེས་པོ་ཡིན་པར་བཤད།། རིམ་པ་དགུ་ཡི་ཡང ་རྩེ་ཡིན་པར་བཤད།། ལྟ་མཁན་རྣམས་ཀྱི་གཤེད་དུ་བཤད།། སྒོམ་མཁན་ཀུན་གྱི་གཉེན་པོར་བཤད།། སྤྱོད་མཁན་ཀུན་གྱི་བདུད་དུ་བཤད།། སྒྲུབ་མཁན་ཀུན་གྱི་ཕྱགས་མར་བཤད།། ཐེག་པའི་རྒྱལ་པོ་སྤྱི་ཏི ་འདི།། བདེན་པ་གཉིས་སུ་བལྟ་བས་འདི་མི་མཐོང་།། ཡུལ་སེམས་གཉིས་ཀྱིས་བཅིངས་པས་འདི་མི་མཐོང་།། གཟུང་འཛིན་གཉིས་སུ་བལྟ་བས་འདི་མི་མཐོང་།། དག་པ་རྣམ་གསུམ་སྤྱོད་པས་འདི་མི ་མཐོང་།། ལྟ་སྤྱོད་འབྲེལ་པ་མེད་པས་འདི་མི་མཐོང་།། སྐྱེ་འགག་གཉིས་སུ་བལྟ་བས་འདི་མི་མཐོང་།། ཐབས་དང་ཤེས་རབ་བལྟ་བས་འདི་མི་མཐོང་།། དབྱིངས་དང་ཡེ་ཤེས་བལྟ་བས་འདི་མི་མཐོང་།། ཐམས་ཅད ་ཆོས་སྐུ་འདོད་པས་འདི་མི་མཐོང་།། རང་ལྟ་མཐོ་སར་ཞེན་པས་འདི་མི་མཐོང་།། གཞན་ལྟ་རྒྱབ་ཀྱིས་ཕྱོགས་པས་འདི་མི་མཐོང་།། གཟུང་འཛིན་གཉིས་ཀྱིས་བཅིངས་པའི་འདི་མི་མཐོང་།། དགག་སྒྲུབ་གཉིས་ཀྱིས ་བཅིངས་པའི་འདི་མི་མཐོང་།། སྤང་ལེན་གཉིས་ཀྱིས་བཅིངས་པས་འདི་མི་མཐོང་།། ཤིན་ཏུ་རྣལ་འབྱོར་མིག་གིས་མཐོང་།། མཐོང་བའི་དུས་ན་ངོས་གཟུང་མེད།། མེད་པའི་དུས་ན་ཅིར་ཡང་སྣང་།། སྣང་བའི་དུས་ན ་ངོ་ཤེས་པས།། ཐམས་ཅད་རང་སངས་རང་གྲོལ་གྱུར།། དེ་ལ་གནད་ཀྱི་མན་ངག་དགོས།། ཀུན་བཟང་ཉིད་དང་དབྱེར་མེད་གདམས་ངག་འདི།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། ཡང་ཏི་ཡོ་གའི་གདམས་ངག ་འདི།། བདེན་པ་གཉིས་སུ་མི་སྟོན་ཏེ།། ལྷག་པ་ཆེན་པོའི་གདམས་ངག་བཤད།། བདེན་པ་གཉིས་ནི་སུན་ཕྱུང་ཞིག། ནམ་མཁའི་དབྱིངས་ནས་གདམས་ངག་བཤད།། སྙིང་པོ་རང་དངས་རང་བྱུང ་ཡིན་ཤེས་ན།། ཡིད་ལ་བྱའོ་མ་སེམས་ཤིག། རང་དངས་རང་སངས་ཡིན་ཤེས་ལ།། སེམས་ལ་བསམ་མོ་མ་སེམས་ཤིག། བློ་ཡིས་བཅོས་སོ་མ་སེམས་ཤིག། རང་སེམས་སངས་རྒྱས་ཡིན་ཤེས་ལ།། རིག་པས་མིང ་འདོགས་མ་བྱེད་ཅིག། བྱེད་བྱེད་པོ་རུ་ངས་མ་བསྟན།། རྩོལ་རྩོལ་པོ་རུ་ངས་མ་བསྟན།། གཟོ་གཟོ་བོ་རུ་ངས་མ་བསྟན།། འཛིན་འཛིན་པོ་རུ་ངས་མ་བསྟན།། དམིགས་དམིགས་པོ་རུ་ངས་མ་བསྟན།། བལྟ་བལྟ་པོ་རུ ་མ་སེམས་ཤིག། བསྒོམ་བསྒོམ་པོ་རུ་མ་སེམས་ཤིག། སྤྱོད་སྤྱོད་པོ་རུ་མ་སེམས་ཤིག། བསྒྲུབ་བསྒྲུབ་པོ་རུ་མ་བྱེད་ཅིག། བསྲུང་བསྲུང་པོ་རུ་མ་བྱེད་ཅིག། སྤྱོད་བྱ་སྤྱོད་བྱེད་མ་སེམས་ཤིག། བགྲོད་བགྲོད་པོ་རུ་མ ་སེམས་ཤིག། བདེ་བདེ་པོ་རུ་མ་སེམས་ཤིག། ཡིན་ཡིན་པོ་རུ་མ་སེམས་ཤིག། ཕྱ་ཕྱ་པོ་རུ་མ་སེམས་ཤིག། གསལ་གསལ་པོ་རུ་མ་སེམས་ཤིག། སེང་སེང་པོ་རུ་མ་སེམས་ཤིག། ཙན་ཙན་པོ་རུ་མ་སེམས ་ཤིག། གནས་གནས་པོ་རུ་མ་སེམས་ཤིག། ལྷན་ལྷན་པོ་རུ་མ་སེམས་ཤིག། རེ་རེ་པོ་རུ་མ་སེམས་ཤིག། དོགས་དོགས་པོ་རུ་མ་སེམས་ཤིག། རེ་དོགས་གཉིས་སུ་མ་འཛིན་ཅིག། དགག་བསྒྲུབ་སྤང་ལེན་གཉིས ་འཛིན་ཆོས།། ཀུན་ཏུ་བཟང་པོས་མ་བཤད་དོ།། ཆོས་སྐུ་ལོངས་སྐུ་སྦྲུལ་སྐུའམ།། སངས་རྒྱས་ཆོས་དང་སྐུ་ལྔའམ།། ཇི་ལྟ་བུ་ལ་འདོད་རྒྱུ་མེད།། ཡིད་ལ་མི་བྱེད་བྱ་བ་བཏང་།། མི་བྱ་རྩོལ་བའི་ལས་མི་བྱ།། བསམ ་མེད་ངང་ནས་འགྱུར་བ་མེད།། སྣང་བྱེད་དབྱེར་མེད་དོན་གྱི་གནས་ལུགས་ལ།། བཅོས་སུ་མེད་པས་རིག་པ་རང་གནས་བཞག། བསམ་དུ་མེད་པའི་ཆོས་ཉིད་ཀློང་ཡངས་ལ།། བསྒོམ་དུ་མེད་པའི་དྲན་སེམས་རང ་དངས་རང་སར་བཞག། ཀུན་ཏུ་བཟང་པོས་མ་བསྒོམས་མ་བསམས་ན།། རྡོ་རྗེ་སེམས་དཔས་དེ་ལ་ཅི་ཞིག་བསྒོམ།། བལྟ་རུ་མེད་པས་བལྟ་བ་ཁྱད་པར་འཕགས།། བསྒོམ་དུ་མེད་པའི་ཏིང་འཛིན་ཆེན་པོ ་ཡིན།། སྤྱད་དུ་མེད་པས་སྤྱོད་པ་ཁྱད་པར་འཕགས།། བསྒྲུབ་ཏུ་མེད་པས་ཆོས་སྐུ་རང་འཁྲུངས་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སྤྱི ་ཏིའི་མན་ངག་བདུད་རྩི་ཉིང་ཁུ་བསྟན་པའི་ལེའུ་སྟེ་དྲུག་ཅུ་ཐམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རང་སེམས་སྔ་མར་བཀོད་པ་ཡི།། དེ་ཡི་བཤད་ལུགས་སྡེ ་ལྟར་ལགས།། ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་ངས། རིན་པོ་ཆེ་འགྱུར་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས་སོ།། སྙིང་པོའི་རང ་བཞིན་སྐྱེ་མེད་འགྱུར་མེད་ཀྱང་།། ཡན་ལག་རིག་པའི་རྩལ་གྱིས་བླ་མར་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། རང་སེམས་བླ་མར་བཤད་པ་ལ།། དེ་ལ་བླ་མ་རྣམ་པ་དགུ་ཡོད་དེ།། ཡེ་ཐོག་གཞི ་ཡི་བླ་མ་དང་།། ཡེ་ཀློང་ཀུན་ཁྱབ་གཉིས་མེད་བླ་མའོ།། ཐེག་ཁྱབ་གཉིས་མེད་བླ་མའོ།། ཐོག་མ་གཞི་ཡི་བླ་མ་དང་།། མ་འགགས་རྩལ་སྣང་བླ་མ་དང་།། གཞི་རྩལ་གཉིས་མེད་བླ་མའོ།། ཀུན་གཞི་ཡོང་ཁྱབ་བླ་མ ་དང་།། ཟེར་རིག་མ་འགགས་བླ་མ་དང་།། ཀུན་རིག་གཉིས་མེད་བླ་མའོ།། ཡེ་ཐོག་གཞི་ཡི་བླ་མ་དེས།། ཚོགས་བརྒྱད་ཡུལ་དུ་མ་གྱུར་པའི།། དམིགས་དང་བྲལ་བའི་ཆོས་རྣམས་སྟོན།། ཡེ་ཀློང་ཀུན་ཁྱབ་བླ་མ ་དེས།། ངོ་ཚིག་གཅིག་ཆད།། ཐེག་ཁྱབ་གཉིས་མེད་བླ་མ་དེས།། མ་ཕྱེད་མ་གོལ་ཆོས་རྣམས་བསྟན།། ཐོག་མ་གཞི་ཡི་བླ་མ་དེས།། སྙིང་པོ་འགྱུར་མེད་ཆོས་རྣམས་བསྟན།། མ་འགགས་རྩལ་སྣང་བླ་མ་དེས།། སྐྱེ ་གག་མེད་པའི་ཆོས་རྣམས་བསྟན།། གཤིས་རྩལ་གཉིས་མེད་བླ་མ་དེས།། རྩིས་གདབ་མེད་པའི་ཆོས་རྣམས་བསྟན།། ཀུན་གཞི་སྤྱི་ཁྱབ་བླ་མ་དེས།། ཀུན་གཞི་འབྱུང་གནས་ཡུལ་དུ་བསྟན།། ཟེར་རིག་མ་འགགས ་བླ་མ་དེས།། གཞི་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་རྣམས་བསྟན།། ཀུན་རིག་གཉིས་མེད་བླ་མ་དེས།། གཞི་ལ་རྩལ་ཐིམ་དབྱེར་མེད་ཐིམ་པར་བསྟན།། སྐྱེ་མེད་སེམས་ཀྱི་བླ་མ་དགུས།། སྙིང་པོ་རྩལ་སྣང་གཉིས ་མེད་དགུ།། ཡན་ལག་རིག་པ་དགུ་རུ་བསྟན།། སེམས་ཉིད་གཞི་ཡི་བླ་མའོ།། སྣང་ཚུལ་ཟེར་སྣང་བླ་མ་ལ།། མ་ཧཱ་གུ་རུ་དྲུག་ཏུ་གསུངས།། ཡིད་རིག་འགྱུར་མེད་བླ་མ་དང་།། མ་བཅོས་སེམས་ཉིད་བླ་མ ་དང་།། སྐྱེ་མེད་དོན་གྱི་བླ་མ་དང་།། གད་ལ་ཁྱབ་ཆེན་པོའི་བླ་མ་དང་།། འབྲས་བུ་སེམས་ཀྱི་བླ་མ་དང་།། བརྡ་དོན་སྤྱོད་པའི་བླ་མ་དང་།། དེ་ནི་བླ་མ་རྣམ་དྲུག་གོ།། ཡིད་རིག་འགྱུར་མེད་བླ་མ་དེས།། སྐྱེ་མེད་ཆོས་སྐུའི ་ངོ་བོ་བསྟན།། མ་བཅོས་སེམས་ཉིད་སྔ་མ་དེས།། ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྟན།། སྐྱེ་མེད་དོན་གྱི་སྔ་མ་དེས།། སྨྲ་བསམ་བརྗོད་ལས་འདས་པ་ཡི།། སྣ་ཚོགས་གཉིས་མེད་སྦྲུལ་སྐུར་བསྟན།། གད་ལ་ཁྱབ་ཆེན ་པོའི་བླ་མ་དེས།། སྣང་སྲིད་དབྱེ་བསལ་མེད་པར་བསྟན།། དབྱེར་མེད་ངོ་བོ་ཉིད་སྐུ་བསྟན།། འབྲས་བུ་སེམས་ཀྱི་སྔ་མ་དེས།། གད་ལ་ཁྱབ་འུབ་ཀྱིས་བསྡུས་པ་ཡི།། མཐའ་དབུས་མེད་པའི་ཀློང་ཆེན་དུ།། འབྲས ་བུ་ཐམས་ཅད་གཅིག་ཏུ་བསྡུས།། སྙིང་པོ་འགྱུར་མེད་ངང་དུ་ཐིམ།། སྐྱེ་ཤི་མེད་པར་རྒྱ་ཡིས་བཏབ།། འཕོ་འགྱུར་མེད་པའི་རྟོད་ལ་མནན།། སྐུ་བཞི་དབྱེར་མེད་འབྲས་བུ་ཡང་།། མི་བྱ་བྱར་མེད་རྩོལ་བ་ཀུན་ལས ་འདས།། བརྗོད་མེད་བདེ་ཆེན་དབྱིངས་སུ་ཐིམ།། བརྡ་དོན་སྤྲོད་པའི་བླ་མ་ཡི། 8། ཚིག་གཅིག་ཆད།། སློབ་དཔོན་མ་ཧཱ་གུ་རུ་རྣམ་དྲུག་ནི།། སངས་རྒྱས་གང་བས་གཉེན་པར་གསུངས།། ཅི་ཕྱིར་ཞེ ་ན་བསྐལ་པ་སྟོང་གི་སངས་རྒྱས་ཀྱང་།། གུ་རུ་དག་ལ་བརྟེན་ནས་རྒྱས།། དེ་ཕྱིར་མ་ཧཱ་གུ་རུ་རྣམས།། སྙིང་དང་མིག་བཞིན་བཀུར་བར་གྱིས།། ཕྱི་ཡི་གུ་རུ་བརྟེན་པ་ཡིས།། ནང་གི་བླ་མ་གསལ་བར ་འགྱུར།། བྱིན་རླབས་དངོས་གྲུབ་མན་ངག་རྣམས།། མ་ཧཱ་གུ་རུ་དྲུག་ལ་གནས།། དེ་ཕྱིར་སློབ་དཔོན་གཉན་པར་གསུངས།། འོན་ཀྱང་བྱིན་རླབས་དངོས་གྲུབ་འབྱུང་།། དེ་བས་གོང་ལྟར་བཀུར་བསྟི་གྱིས།། རང ་སེམས་བླ་མར་བཀོད་པའོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཉིད་བླ་མར་བཀོད་པའི་ལེའུ་སྟེ་རེ་གཅིག་པའོ།། །། དེ ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། བླ་མའི་ངེས་ཚིག་ཇི་ལྟར་ལགས།། ཞེས་གསོལ་པ། སྟོན་པས་འཁོར་ལ་འདི་སྐད་གསུངས།། སྙིང་པོའི་རང་བཞིན་མིང་མེད་བརྗོད་མེད ་ཀྱང་།། ཡན་ལག་ཕལ་གྱི་དབང་གི་ངེས་ཚིག་བཤད།། བླ་མ་བྱ་བའི་ངེས་ཚིག་ནི།། བླ་ནི་ཡང་དག་སངས་རྒྱས་ཡིན།། མ་ནི་སྐྱེ་མེད་རྒྱུ་རུ་གསུངས།། བླ་ནི་རྩལ་སྣང་བུ་ཡིན་ཏེ།། མ་ནི་ཆོས་ཉིད་ཡུལ་དུ ་གསུངས།། བླ་ནི་སྙིང་པོ་ཆོས་སྐུ་ཡིན།། མ་ནི་འགྱུར་མེད་སྐྱེ་བ་མེད།། བླ་ནི་རིག་པའི་སྣང་ཚུལ་ཏེ།། མ་ནི་ཀུན་གཞི་སྤྱི་ཁྱབ་བོ།། བླ་ནི་སྤྱི་ཡི་མཚན་ཉིད་དེ།། མ་ནི་འཆར་སྒོ་གཉིས་སུ་གསུངས།། བླ་ནི་འཁྲུལ ་ལུགས་རྣམ་གསུམ་སྟེ།། མ་ནི་གཅོད་ལུགས་གསུམ་དུ་གསུངས།། བླ་ནི་དུག་གསུམ་ང་བདག་ཉིད།། མ་ནི་སྐུ་གསུམ་ཤེས་རབ་ཐབས།། སྔ་ནི་ཁམས་གསུམ་འཁོར་བ་སྟེ།། མ་ཡིས་དེ་རྣམས་སྡུག་བསྔལ་སྒྲོལ།། བླ་ནི ་སྡུག་བསྔལ་བརྒྱད་ཁྲི་སྟེ།། མ་ཡིས་དེ་རྣམས་བདེ་ཆེན་སྐྱོབས།། བླ་ནི་སྐྱེ་རྒས་ན་འཆི་སྟེ།། མ་ཡིས་ཆུ་བོའི་གཞི་རྩ་ཆོད།། བླ་ནི་གཉིས་འཛིན་ཐམས་ཅད་དེ།། མ་ཡིས་གཟུང་འཛིན་གཉིས་ལས་གྲོལ།། བླ་ཡིས་སྣང ་སྲིད་ཡུལ་སེམས་གཉིས།། མ་ནི་གཉིས་མེད་དབྱེ་བསལ་མེད།། བླ་ནི་ཕྱི་ནང་གཉིས་མེད་དེ།། མ་ནི་བཟང་ངན་དགག་སྒྲུབ་མེད།། བླ་ནི་སྒོ་ལྔ་ཡུལ་ལྔ་ཡིན།། མ་ནི་མི་འཇུག་མི་འབྲིད་ཡིན།། བླ་ནི་དཀར་དམར་སྣ ་ཚོགས་ཏེ།། མ་ནི་སྣ་ཚོགས་མི་འཛིན་ཞེན་པ་མེད།། བླ་ནི་བདེན་པ་གཉིས་ཀྱི་ཆོས།། མ་ནི་བདེན་པ་གཉིས་མེད་དོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི ་རྒྱུད་ལས། བླ་མའི་ངེས་ཚིག་བསྟན་པའི་ལེའུ་སྟེ་རེ་གཉིས་པའོ།། ་དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མ་ཧཱ་གུ་རུ་ཀུན་བཟང་གིས།། བསྡུས་པའི་གདམས་ངག་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད ་གསུངས།། འདུས་པ་རྣམ་གསུམ་ངས་བཤད་ཀྱི།། འཁོར་རྣམས་མ་ཡེངས་ཡིད་ལ་ཟུང་།། སྙིང་པོའི་རང་བཞིན་གཡོ་བ་མེད་པ་ལ།། ཡན་ལག་རིག་པ་རྩལ་གྱིས་མིང་བཏགས་པས།། ཐེག་པ་བརྒྱད ་ཁྲི་བཞི་སྟོང་ཡང་།། སྤྱི་ཏི་ཡོ་གའི་ངང་དུ་འདུས།། དམ་ཆོས་བརྒྱད་ཁྲི་བཞི་སྟོང་ཡང་།། ཆགས་འཛིན་མེད་པའི་ངང་ལ་འདུས།། བསོད་ནམས་ཚོགས་ཀྱི་ཡན་ལག་བརྒྱད་ཁྲི་བཞི་སྟོང་ཡང་།། ཕྱོགས་མཚམས་མེད ་པའི་སྙིང་རྗེ་ཆེན་པོར་འདུས། ཨེ་མ་ཧོ། འདུས་པ་གསུམ་གྱི་མན་ངག་འདིས།། དུག་གསུམ་རྩད་ནས་གཅོད་པར་ངེས།། སྲིད་གསུམ་ཟིལ་གྱིས་ནོན་པར་ངེས།། ཁམས་གསུམ་འཁོར་ས་མེད་པར་ངེས།། སྐུ་གསུམ ་རང་ལས་གྲུབ་པར་ངེས།། ས་གསུམ་མ་བགྲོད་སངས་རྒྱས་ས།། ཁམས་གསུམ་མ་སྤངས་སྐུ་གསུམ་ཞིང་།། འདི་ལྟ་བུ་ཡི་གདམས་ངག་ལ།། བལྟ་བས་མ་བལྟས་སེམས་ཉིད་དབྱིངས་སུ་ཐིམ།། བསྒོམས་པས་མ ་བསྒོམས་རྟོག་མེད་འགྱུར་མེད་ངང་དུ་ཐིམ།། སྤྱོད་པས་མ་སྤྱད་ཆགས་མེད་ཞེན་མེད་བྱར་མེད་སྤྲོས་བྲལ་དང་དུ་ཐིམ།། འབྲས་བུ་མ་བསྒྲུབས་རེ་མེད་རང་གནས་ཚིག་ཆོད་སྐུ་གསུམ་འགྱུར་མེད་ཀློང་དུ་ཐིམ།། དུས ་གསུམ་ཐིམ་པས་གཞི་ཡི་གདམས་ངག་འདིས།། ཁམས་གསུམ་རྩད་བཅད་འགྲོ་དྲུག་གཡང་ས་ཆོད།། རྡོ་རྗེ་སེམས་དཔས་ཐུགས་ཀྱི་དཀྱིལ་དུ་ཆོངས།། དགའ་རབ་རྡོ་རྗེས་ཕྱིས་འབྱུང་ལ།། དོན་གྱི་གདམས་ངག་འདི ་རྣམས་སྟོན།། གཞན་ལ་བསྟན་པའི་དུས་མ་ཡིན།། ཅིའི་ཕྱིར་ཞེ་ན་འཁོར་བའི་བདུད་ཀྱིས་བསླུས་པ་མང་།། གཟུང་འཛིན་གཉིས་ཀྱིས་བཅིངས་པ་མང་།། ཆགས་སྡང་གཉིས་ལ་ཞེན་པ་མང་།། རེ་དོགས་གཉིས་སུ ་ཆུད་པ་མང་།། དེ་ཕྱིར་སྣོད་མེད་ཆོས་མ་ཡིན།། གང་གིས་ཉམས་སུ་སྤངས་ཀྱང་སྐུ་གསུམ་རང་ལ་འཆར།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།། ་རང་སེམས་བླ་མར་བསྟན་པའི་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་རྣམས་བརྡའ་ཡིས་ཇི་ལྟར་བཤད།། ཅེས་ཞུས་པ་དང་། དེ་ནས་སྟོན ་པ་ཀུན་བཟང་དེ།། རིན་པོ་ཆེ་འོད་དབྱེ་བ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ཡུལ་ཁམས་གཅིག་ན་མི་གཅིག་བདོག་པར་གདའ།། དེ་ལ་ནོར་གཅིག་ཡོད ་པར་འདའ།། ནོར་གཅིག་པོ་དེ་མི་ཟད་གཏེར་ཡིན་སྐད།། ནོར་དེ་ཐོབ་པར་བདོག་ལགས་སམ།། ཐོབ་ཏུ་མི་སྟེར་འདྲེ་གཅིག་ཡོད།། འདྲེ་དེ་ངོ་ཤེས་སྐད་ལགས་སམ།། ནོར་ལ་སྦས་པའི་ས་གཅིག་བདོག། སྦས་ས ་གང་ཡིན་ཤེས་ལགས་སམ།། ནོར་ལ་ཕྱོགས་མེད་ཡུལ་ཞིག་ཡོད།། ཡུལ་དེ་ངོས་ཤིག་ཟིན་ལགས་སམ།། ནོར་ལ་བདག་པོ་མི་གཉིས་ཡོད།། དེ་གཉིས་གང་ཡིན་ཤེས་ལགས་སམ།། ནོར་ལ་ཐོབ་ཐབས་རྣམ་གསུམ ་ཡོད།། དེ་གསུམ་གང་ལགས་ཤེས་ལགས་སམ།། ནོར་ལ་ཐོབ་རྟགས་རྣམ་བཞི་ཡོད།། དེ་བཞི་གང་ལགས་ཤེས་ལགས་སམ།། སྤྱི་ཡུལ་ཆེན་པོ་ཤེ་ན། དབང་ཡོད་མི་གཉིས་ཡོད།། སྤྱི་ཡི་ནོར་བུ་རིན ་ཆེན་ཡིན།། མི་གཅིག་སོད་ལ་མི་གཅིག་ཞོག། ནོར་དེ་རང་གིས་ཐོབ་པར་གྱིས།། མིག་དེ་ཕྱེ་ནས་མུན་པ་སོལ།། ཉི་ཟླའི་མཚམས་སུ་སྡོད་ལ།། སྣང་བའི་མེ་ལོང་ལྟོས། ས་གཞི་སྟེང་དུ་ཁོབ། ནམ་མཁའ ་གདན་དུ་ཐིང་། ན་བུན་ཞྭ་གྱིས་ལ་བར་སྣང་ལ་ཉལ་ས་ཆོས། སྣང་སྲིད་ལྟོར་ཆུག། སྤྲེའུ་དང་ཆུ་གཉེར་ལག་པས་ཟུང་། རླུང་པོ་རྐང་པས་ནོན་ལ། འཇའ་ཚོན་འོག་ལ་ཆུག། རི་རབ་རྩེར་སྡོད་ལ་ཆུ་རྣམས་ཁ་རུ ་ལུགས། མུན་སྣང་གཉིས་ཀྱི་ས་མཚམས་ན།། ཅི་བཏབ་སྐྱེ་བའི་ལུང་པ་ཡོད།། དེ་ན་ཐམས་ཅད་ཡིད་འོང་མེ་ཏོག་རྒྱས། འབྲས་བུ་རང་འབར་དང་དངས་རིན་པོ་ཆེ་དེ་ལ་ཀུན་ཀྱང་འདོད་པ་སྐྱེས། ཡོ་གས་འདོད་ཀྱང ་མ་ཐོབ་པས།། མ་འཚམས་མི་ཚན་གཉིས་སུ་ཕྱི།། ཁོང་གཉིས་འཁྲུག་པ་ཆེན་པོ་བྱེད། ཁྱེའུ་ཆུང་དང་དངས་སྣང་གསལ་ཀུན་རིག་འཁྲུལ་གྱི་མེ་ལོང་ཅན། ཁྱོད་རང་དགྲ་ཟིན་གཉིས་པོའི་མཚམས་སུ་སྤྱི་པར ་སོང་ལ། སྐྱེད་བུ་གསུམ་གསུམ་དྲུག་ཚུགས་ལ། ཟངས་པོ་ཆེ་ཡང་གཉིས་ཚུགས་ལ།། གཅིག་ཏུ་དུག་ཆུ་ཟངས་གང་སྐོལ།། གཅིག་ཏུ་བདུད་རྩི་ཟངས་གང་སྐོལ།། རྒན་པོ་རྒན་མོ་བུ་ཚ་མིང་སྲིང་གསུམ།། ་དམག་དཔོན་གསུམ་གྱིས་སྣ་དྲངས་པའི།། ཉི་མ་ནུབ་པའི་གྲིབ་སོ་ཙམ་ལ་འོང་གིས། དེ་རྣམས་བྱུང་བར་གྱུར་པ་ན། ཟངས་སུ་བསྐོལ་བའི་དུག་ལུད་ལ།། དགྲ་དཔུང་ཆོམ་ལ་དགྲ་རྣམས་སོད།། དེས་མ་སོད་ན་ལྟོ། ་ཆོས་སུ།། གངས་ཀྱི་རྩེ་མོར་སེང་གེ་ཞོན།། ནམ་མཁའི་ངང་དུ་མདུང་བསྐོར་གྱིས།། རི་རྒྱལ་ཆེན་པོའི་རྩེ་མོར་མེ་ཆེན་སྒོར།། རྒྱ་མཚོའི་གཏིང་དུ་མེ་མར་ཐོགས།། མུན་པའི་ནང་དུ་ཉི་ཟླ་ཐོགས།། རླུང་པོའི་གསེབ་ཏུ ་རལ་གྲི་ཐོགས།། བདུད་རྩིའི་བཅུད་འཐུང་སྤངས་ལ་གསེར་ཕུར་ཐོབ།། གང་ལ་ཉི་མ་ཤར་དུ་ཆུག། འོན་ཀྱང་ཟངས་སུ་བསྐོལ་བའི་དུག་ཆུ་ཡིས།། དགྲ་ཡི་དཔུང་རྣམས་བཅོམ་གྱུར་ནས།། དགྲ་ཡི་དཔུང་རྣམས་རྩད ་ཆོཚོད་སོང་།། གཉེན་སྲིད་མ་གཏོགས་དགྲ་ནི་གཅིག་ཀྱང་མེད།། སྲིད་སྡེ་ཚོགས་པར་གྱུར་པ་ལ།། ཟངས་ཀྱི་བདུད་རྩི་སྨན་བླུད་ལ།། འོན་ཀྱང་ཐམས་ཅད་བདེ་ཆེན་སངས་རྒྱས་ས།། སྡུག་བསྔལ་ཀུན་གྲོལ་སངས་རྒྱས ་ཆོས་སྐུ་ཐོབ།། ཀུན་ཀྱང་དབྱེ་བསལ་རྩིས་གདབ་མེད།། བདག་གཞན་གཉིས་མེད་དབྱེ་བསལ་རྩིས་གདབ་མེད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི ་རྒྱུད་ལས། རང་སེམས་བརྡའ་རུ་བཀོད་པའི་ལེའུ་སྟེ་རེ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། བརྡའ་ཡི་ལེའུ་ཇི་ལྟར་ལགས་ཞེས་ཞུས་པ་དང་། དེ་ནས་ཀུན ་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྣོད་དང་སྐལ་བར་ལྡན་པའི་རྡོ་རྗེ་སེམས་དཔའ་ཉོན།། སྙན་ནས་སྙན་དུ་བརྒྱུད་པའི་སྙན་རྒྱུད་བརྡའ་ཡི་མན་ངག་བཤད།། སྙིང་པོ་མ་ཡི་རང་བཞིན་གཡོ ་མེད་འགྱུར་བ་མེད།། རྩལ་སྣང་ཡན་ལག་ངང་དངས་རིན་ཆེན་རྒྱལ་ཁང་བརྩིགས།། ཆོས་ཉིད་ཡངས་པའི་ས་གཞི་ལ།། དམ་ཚིག་དག་གི་འགྲམ་རྡོ་བཏིང་།། དམ་པའི་ཆོས་ཀྱི་རྩིགས་པ་བརྩིགས།། སྙིང་རྗེ་ཆེན་པོ ་འདག་པས་སྦྱར།། མཚན་ཉིད་སྡེ་གསུམ་ཁང་པ་ལ།། གཏན་ཚིགས་སྒྲ་ཡི་ཐོག་གཅིག་ཕུབ།། དོན་དམ་བདེན་པའི་གདུང་གཅིག་བཏང་།། སྤྲོས་དང་བྲལ་བའི་ཀ་བ་བཙུགས།། སྒྲ་དང་གཏན་ཚིགས་མང་པོའི་ལྕམ ་བཀོད་ལ།། དངོས་སུ་རྗེས་དཔག་མང་པོའི་དྲལ་མ་བཏང་།། ཐ་སྙད་མང་པོའི་འདག་པས་མནན་པའོ།། ཁས་མི་ལེན་གྱི་སྒོ་བཏོད་ལ།། ཚད་མེད་བཞི་ཡི་རུ་བཞི་བཏང་།། རབ་ཏུ་མི་གནས་སྒོ་ཡི་བསྡམས།། ཟུར ་བཞི་ཚད་མ་བཞི་ཡི་ཀ་ཞུ་བཞིས།། ལོགས་བཞི་རབ་ཏུ་མི་གནས་བཞི།། མཚན་ཉིད་སྡེ་གསུམ་ཁང་པའོ།། བསྐྱེད་རྫོགས་རྣམ་གསུམ་མཁར་གཅིག་བརྩིགས།། ཟུར་བཞི་ཚད་མ་བཞི་ཡི་ཀ་ཞུ་བཞིས།། ལོགས ་བཞིར་རབ་ཏུ་མི་འགྱུར་རྨང་ཞིག་བཙུགས།། ཆོས་ཉིད་བརྟན་པའི་གོར་མ་བརྩིགས།། ཆོས་ཉིད་རླན་དང་མ་བྲལ་འདག་པས་སྦྱར།། དག་པ་རྣམ་གསུམ་ཐོག་གཅིག་འབུབས།། དག་པ་ཆེན་པོའི་གདུང་ཞིག ་བཏང་།། དོན་དམ་མི་འགྱུར་ཀ་བ་བཙུགས།། སུམ་ཅུ་རྩ་ལྔའི་ལྕམ་གཅིག་བཏང་།། ཁྲུས་དང་གཙང་སྦྲའི་དྲལ་ལྕམ་བཏང་།། དམ་ཚིག་རྣམ་ལྔའི་འདག་པས་མནན།། ཕྱི་རྒྱུད་སྡེ་གསུམ་འོག་ཁང་ལ།། བསྐྱེད་རྫོགས ་གཉིས་ཀྱི་བར་ཁང་བརྩིགས།། ཐབས་དང་ཤེས་རབ་ཐོག་གཅིག་ཕུབ།། དོན་དམ་འགྱུར་བ་མེད་པའི་གདུང་ཞིག་བཏང་།། ཀུན་རྫོབ་ལྷ་དང་ལྷ་མོའི་ལྕམ་རྣམས་བཀོད།། ཐབས་དང་ཤེས་རབ་གཉིས་མེད་ཀ་བ ་བཙུགས།། ཆོ་ག་ལྔ་གསུམ་བཅོ་ལྔའི་དྲལ་ལྕམ་བཏང་།། དམ་ཚིག་ས་མ་ཡ་ཡི་འདག་པས་མནན།། བསྐྱེད་རྫོགས་གཉིས་ཀྱི་བར་ཁང་ལ།། རྫོགས་པ་ཆེན་པོའི་སྟེང་ཁང་བརྩིགས།། སྐྱེ་བ་མེད་པའི་གདུང་བཏང ་ལ།། མཉམ་པ་ཉིད་ཀྱི་བྱོ་ལེ་བྱས།། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཐོག་གཅིག་ཕུབ།། འགྱུར་བ་མེད་པའི་གདུང་ཞིག་བཏང་།། ཐིག་ལེ་ཉག་གཅིག་ཀ་བ་བཙུགས།། མ་འདྲེས་ཡོངས་སུ་རྫོགས་པའི་ལྕམ་ཞིག ་བཀོད།། ཐེག་དམན་རྣམས་ཀྱི་དྲལ་ཚག་བཏང་།། ཆོས་ཉིད་འདལ་བའི་འདག་པས་མནན།། སྤྱི་ཏི་ཡོ་གའི་པུ་ཤུ་ལ།། གཏན་ཚིགས་བཞི་ཡི་བག་མ་བཏགས།། ཡེ་ཤེས་ཟང་ཐལ་མདའ་ཡབ་བཏོད།། ཟུར་བཞི ་གཏན་ཚིགས་ཆེན་པོ་བཞི།། ལོངས་སྤྱོད་རྫོགས་པའི་རྫོགས་ལུགས་བཞི།། བསྐྱེད་རྫོགས་རྣམ་གསུམ་མི་འགྱུར་བསམ་གཏན་མཁར།། མཁར་ཁང་གཉིས་ཀྱི་བདག་པོ་བདག་མོ་བ།། ཀུན་བཟང་ཡབ་ཡུམ་ཕ་མ ་ལ།། བུ་ནི་ངང་དངས་རིན་ཆེན་འོད།། བཟའ་མི་གསུམ་གྱི་མཁར་ཁང་ཡིན།། དེ་ལྟར་མཁར་དང་ཁང་པ་བརྩེགས།། མཁར་ཁང་བདོག་སྟེ་ནོར་མི་བདོག། ངང་དངས་ཁྱེའུ་ཆུང་ཚོང་ལ་འགྲོ།། ཟོང ་ཞིག་དག་ནི་ཁྱེར་ནས་འགྲོ།། ཆོས་ཉིད་རྟ་ལ་ཞོན་ནས་འགྲོ།། ངར་འཛིན་ཟས་སུ་ཟ་ཞིང་འགྲོ།། སྲ་བའི་གོ་ཆ་གོན་ནས་འགྲོ།། རྣོ་བའི་མཚོན་ཆ་ཐོགས་ནས་འགྲོ།། མི་འཇིགས་ཐུབ་ངེས་སྐྱེལ་མ་ཚོལ།། ཆོས་ཉིད ་དབྱེ་ཐང་ཡངས་ལ་འགྲོ།། འཕྲང་ཆེན་བཞི་ནི་བརྒལ་ནས་འགྲོ།། ལ་ཆེན་བཞི་ཡང་བརྒལ་ནས་འགྲོ། ཐང་ཆེན་བཞི་ཡང་བརྒལ་ནས་འགྲོ།། ཆུ་ཆེན་བཞི་ཡང་བརྒལ་ནས་འགྲོ།། འཕྲང་གསུམ་བསྡམས་ནས་ལམ ་གསུམ་ཕྱེ།། རྫོང་ཆེན་བཞི་རུ་ཞུགས་ནས་འགྲོ།། མལ་ས་བཞི་རུ་ཉལ་གྱིན་འགྲོ།། ལངས་ས་བཞི་རུ་ལངས་ནས་འགྲོ།། འགྲོ་ས་བཞི་ཡི་ཕ་རོལ་ན།། ཡུལ་མུན་སྣང་གཉིས་ཀྱི་སོ་མཚམས་ན།། ཅི་བཏབ་སྐྱེ་བའི་ལྡུམ ་།། རིན་ཆེན་རང་སངས་ངང་དངས་བཞུགས།། སེམས་ཉིད་རིན་ཆེན་ངང་དངས་ལ།། མུན་པ་སེལ་བའི་ཉི་ཟླ་ཡོད།། འཁྲུལ་པ་གཅོད་པའི་སྒྲ་གྲི་ཡོད།། ཀུན་འབྱུང་འཚོ་བའི་ནོར་བུ་རིན་ཆེན་ཡོད།། ཟད་མེད ་གཏེར་ཆེན་དེ་ན་གདོག། ངང་དངས་རིག་གསལ་ཁྱེའུ་ཆུང་དེར་ཕྱིན་ནས།། ཕྱོགས་གཅིག་སྣང་བར་འདའོ་སྐད།། ཕྱོགས་གཅིག་མུན་པར་གདའོ་སྐད།། མུན་སྣང་གཉིས་ཀྱི་སོ་མཚམས་སུ།། སུས་ཀྱང་མ་རྙེད་མ ་མཐོང་བ།། སུས་ཀྱང་མ་ཤེས་མ་མངོན་པ།། སུས་ཀྱང་མ་རྟོགས་མི་འགྱུར་བ།། སུས་ཀྱང་མ་ཐོབ་བརྗོད་མེད་པ།། མི་འགྱུར་ནོར་བུ་རིན་ཆེན་དེ།། ཀུན་འབྱུང་མི་ཟད་གཏེར་མཛོད་ཆེ།། སེམས་ཉིད་ནོར་བུ་རིན་ཐང ་ཆེ།། ངང་དངས་ཁྱེའུ་ཆུང་འོད་གསལ་ནོར་དེ་ཉོ།། བདག་མོ་རྒན་མོ་ལོང་མ་གཅིག་ལས་ཉོ།། བར་མིར་ཤེས་རབ་རྣམ་གསུམ་བཏང་།། ལུང་རིགས་གཉིས་ཀྱི་ཚོང་ཞིག་བྱས།། བློས་བརྟགས་བལྟ་བ་རིན་དུ ་འཇལ།། ཡིད་བཟུང་བསྒོམ་པ་རིན་དུ་འཇལ།། ཆེད་བྱས་སྤྱོད་པ་རིན་དུ་འཇལ།། ཡིད་སྨོན་འབྲས་བུ་རིན་དུ་འཇལ།། འདོད་པ་ངོམས་མེད་རིན་དུ་འཇལ།། འཛིན་པའི་ཕུར་པ་རིན་དུ་འཇལ།། ཞེན་པའི་མཚོ་མོ ་རིན་དུ་འཇལ།། མུན་པའི་འཁར་སྒོ་རིན་དུ་འཇལ།། རིན་བརྒྱད་བཅལ་ནས་ནོར་ཞིག་ཐོབ།། ནོར་ནི་ཀུན་འབྱུང་རིན་པོ་ཆེ།། གཉིས་མེད་ཆེན་པོར་ཚོང་ཞིག་ཟིན།། འཁོར་འདས་གཉིས་མེད་ཚོང་ཞིག་ཟིན།། སངས། ་རྒྱས་སེམས་ཅན་གཉིས་མེད་ཚོང་ཞིག་ཟིན།། མ་རིག་ཡེ་ཤེས་གཉིས་མེད་ཚོང་ཞིག་ཟིན།། དེ་རུ་ཚོང་ཟིན་ཁྱིམ་དུ་ཕྱིན།། ཆོས་ཉིད་དབྱིངས་ཀྱི་ཁྱིམ་ནང་དུ།། གདམས་ངག་ཟབ་མོའི་བྱོན་ཆང་འཐུངས།། ཏིང་འཛིན ་བདུད་རྩི་ཆེན་པོ་ཟོས།། བདེ་བ་ཆེན་པོའི་གོས་ཤིག་གོན།། འགྱུར་བ་མེད་པའི་གདན་ཞིག་བཏིངས།། ཆོས་ཉིད་འགྱུར་མེད་སྔས་ཤིག་བཅུག། བདེ་ཆེན་ཀློང་དུ་ཁྱུར་གྱིས་ཉལ།། མི་བྱ་རྩོལ་བའི་ལས་མ་བྱས།། བྱ ་བ་ཐམས་ཅད་བཏང་ལ་ཐ་མལ་རང་ལུགས་བཞུགས།། ཆོས་ཉིད་དབྱིངས་སུ་མནལ་ལོག་གོ།། བརྡ་ཡི་མན་ངག་དོན་གྱི་གནད།། རྡོ་རྗེ་སེམས་དཔའི་ཐུགས་ལ་ཆོངས།། དགའ་རབ་རྡོ་རྗེས་ཉམས་སུ ་ལོངས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བརྡའ་ཡི་ལེའུ་སྟེ་རེ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ ་འདི་སྐད་ཞུས།། བྱང་ཆུབ་སེམས་ཀྱི་སོ་ནམ་ཇི་ལྟར་བྱ།། ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེས། རིན་པོ་ཆེའི་འོད་འཕེལ་འགྲིབ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས ་ནས་འཁོར་ལ་འདི་སྐད་གསུངས།། སྙིང་པོའི་རང་བཞིན་འགྱུར་བ་མེད་པ་ལས།། ཡན་ལག་རིག་པའི་མཚན་ཉིད་ཞིང་ཞིག་འདེབས།། ཐམས་ཅད་སྐྱེ་འབྱུང་ཀུན་གཞིའི་ཞིང་ས་ལ།། མ་རིག་འཁྲུལ་སྒོའི་དབང་གི ་ཉོན་མོངས་ཐ་རྒོད་ལ།། རིག་པ་རང་གདངས་འཆར་སྒོའི་ཆུ་ཡིས་སྤང་།། ཉོན་མོངས་དུག་ལྔའི་ཐ་རྒོད་བྱང་ཆུབ་ཆུ་ཡིས་སྤང་།། སེམས་ཉིད་ཀ་དག་ས་བོན་བཏབ།། ཉམ་ང་མེད་པའི་གླང་གཉིས་ལ།། སྙིང་པོ་མ་ཡི ་གཤོལ་གུག་ལ།། ཡེ་ཤེས་ཟང་ཐལ་གཤོལ་མདའ་བཙུགས།། རྩལ་སྣང་དང་དངས་སྦྲུལ་སྐུའི་ཐོང་ལྕགས་བཅུག། ཕྱི་ནང་གཉིས་མེད་གཉའ་ཤིང་བཀལ།། མི་འགྱུར་བརྟན་པའི་ཆུ་ཐག་བཅིངས།། ཡུལ་སེམས ་གཉིས་མེད་རུ་ཐག་དཀྲིས།། རྩིས་གདབ་མེད་པའི་དོར་ཟག་བཏང་།། རང་འགྱུར་རང་སངས་ཐོང་མཁན་པས།། ཁམས་གསུམ་འགྲོ་དྲུག་ཉོན་མོངས་ཟ་བ་ལ།། ཤེས་རབ་ཟབ་མོའི་ཐོད་པ་བཙུགས།། སྡུག་བསྔལ ་ཉོན་མོངས་ཐ་བ་རྨོས།། ཉོན་མོངས་བརྒྱད་ཁྲི་རྩད་ནས་ཕྱུང་།། འཁྲུལ་པའི་སྡུག་བསྔལ་རམ་པ་བཏོན།། འགོང་པོ་ངར་འཛིན་རུ་མ་མེད།། རྒྱུ་དྲུག་དུག་ལྔ་དུག་གསུམ་ཐ་རྒོད་ཐུལ།། མཉམ་པ་ཉིད་ཀྱི་བཤལ་བས ་བཤལ།། འགྱུར་བ་མེད་པའི་ཐོག་བཏབ་ལ།། ཡེ་ཤེས་ཟང་ཐལ་གནང་མ་བཏོད།། ཐུགས་རྗེ་ཀུན་ཁྱབ་བེའུ་བྱས།། རྩིས་གདབ་མེད་པའི་ག་གཅིག་བྱས།། དེ་ནས་བྱང་ཆུབ་མྱུ་གུ་སྐྱེས།། འཁྲུལ་ཆོད་ཡེ་ཤེས་ལྡང ་པ་སྐྱེས།། བག་ཙམ་ཉོན་མོངས་བག་ཆགས་ཀྱིས།། གཟུང་འཛིན་རྣམ་རྟོག་སྔོ་ཡང་སྐྱེས།། རང་རིག་འཕྲུལ་གྱི་ཁྱེའུ་ཆུང་གིས།། ཤེས་རབ་རྣོན་པོའི་རྐོ་མ་ཐོག། རྣམ་རྟོག་ཆགས་ཞེན་སྔོ་རུ་ཕྱེ།། འཁྲུལ་སྣང་མང་པོའི ་སྔོ་རྣམས་རྩད་ནས་བཅད།། སྤྲོས་པ་ཐག་ཆོད་ཡུར་མ་ཟིན།། གསང་སྔགས་བཀའ་ཡི་རྒྱ་མཚོ་ནས།། ཐེག་ཆེན་བདུད་རྩིའི་བྱང་ཆུབ་ཆུ་ཆེན་དེ།། ཐེག་པ་དགུ་ཡི་ཡུར་བར་དྲངས།། སྣང་སྲིད་འཁོར་འདས་ཞིང་རྣམས ་བཅུས།། ཁ་གཏིང་མེད་པ་ཆོས་ཉིད་ཆུ་ཡིས་སྤངས།། མྱ་ངན་འདས་པའི་ལོ་ཏོག་རྒྱས།། སྐུ་གསུམ་སངས་རྒྱས་འབྲས་བུ་སྨིན།། སྐུ་གསུམ་ཡིད་ལ་མི་བྱེད་རྩས་མ་བྱེད།། སངས་རྒྱས་ཡིད་ལ་མི་བྱེད་རྩས་མ་བྱེད།། སྐུ ་ལྔ་ལྟ་སྒོམ་དབྱིངས་དང་ཡེ་ཤེས་སངས་རྒྱས་ཞིང་ཁམས་རྣམས།། མ་འགྲུས་མི་བསྐྱོད་ཞེན་འཛིན་མེད།། དབྱེ་བསལ་རྩིས་གདབ་མེད་པའི་རྩས་མཆོད།། སྙིང་པོ་འདུས་མ་བྱས་པའི་གཡུལ་དུ ་བསྡུས།། འཁྲུལ་སྣང་རྩད་གཅོད་རྒྱ་ཟོར་གྱིས།། ཡན་ལག་བུ་ཡི་རྟོག་ཚོགས་སྙེ་མ་རྣམས།། སྒོ་ལྔ་ཡུལ་འཛིན་ཆགས་ཞེན་རྩད་ནས་གཅོད།། རང་བྱུང་རྒྱལ་བའི་རྒྱ་བརྡུང་གིས།། ཉོན་མོངས་སྙེ་མ་ཐལ་རྡུལ་དུ ་བརྡུངས།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རླུང་ལ་བསྐུར།། སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་གཏན་ནས་བརླག། སྐུ་གསུམ་འདུ་འབྲལ་མེད་པའི་དཀར་མོ་ནས།། སྙིང་པོ་མཁའ་དབྱིངས་རྣམ་དག་མཛོད་དུ ་བླུགས།། ངང་དངས་ཞེན་ཆགས་འཛིན་པ་རྩད་ནས་གཅོད།། སྙིང་པོ་འགྱུར་མེད་སྐྱེ་མེད་རྒྱ་ཡིས་བཏབ།། བྱང་ཆུབ་སེམས་ཀྱི་ལོ་ཏོག་བདུད་རྩིར་འཁྲུངས།། ཕུག་ཆུད་རྒྱས་ཐེབས་རྒྱུ་རྐྱེན་སྐྱེ་འཇིག་མེད།། གཉེན ་པོས་མི་ཤིགས་གཞན་གྱིས་ཕྲོག་དབང་མེད།། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སོ་ནམ་སེམས་ལ་བྱ་བའི་ལེའུ་སྟེ་རེ་དྲུག ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་སྐུ་བརྡའ་ཡི་ངོ་སྤྲོད་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་བཟང་དེ།། སྙིང་པོ་མ་བུ་དབྱེར་མེད ་གདེང་ཟིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྙིང་པོ་མ་ཡི་རང་བཞིན་གཡོས་པ་མེད།། ཡན་ལག་བུ་ཡིས་མ་རྟོགས་སྣ་ཚོགས་ཡུལ་ལ ་འཇུག། དེ་ཡི་དབང་གིས་ཆོས་སྐུ་བརྡའ་ཡི་ངོ་སྤྲོད་བསྟན།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། མི་འགྱུར་ངོ་སྤྲོད་རྣམ་གསུམ་ལ།། གནས་ལུགས་མི་འགྱུར་ངོ་སྤྲོད་དང་།། སྣང་ཚུལ་མ་ངེས་ངོ་སྤྲོད་དང་།། དེ་གཉིས ་གཉིས་མེད་ངོ་སྤྲོད་དོ།། གནས་ལུགས་མི་འགྱུར་ངོ་སྤྲོད་བསྟན་པ་ལ།། རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པ།། ངོ་བོ་མི་འགྱུར་རང་བཞིན་གཉིས་སུ་མེད།། དེ་ཡི་དོན་ཡང་འདི་ལྟ་སྟེ།། རིན་ཆེན་འོད་འབར ་གཞལ་ཡས་ན།། གཟུགས་མེད་ཀུན་ཁྱབ་སྐུ་གཅིག་བཞུགས།། མིང་ནི་སྐྱེ་མེད་བརྗོད་བྲལ་དམིགས་མེད་ཀུན་གསལ་གྲགས།། དེ་དང་ངོ་སྤྲོད་བསྟན་པ་ནི།། བླ་མའི་ཞལ་ལས་ཤེས་པར་བྱ།། སྣང་ཚུལ་མ་ངེས་ངོ ་སྤྲོསྤྱོད་ནི།། ཅེར་གྱི་སྣང་བ་དེ་ཉིད་དུ།། ཆོས་དབྱིངས་དཀྱིལ་འཁོར་ནང་དེ་ནས།། སོར་བཞག་དབྱེར་མེད་སྐུ་གཅིག་བཞུགས།། མིང་ནི་གཉིས་མེད་རང་གནས་འབར།། དེ་དང་ངོ་སྤྲོད་བསྟན་པ་ནི།། བླ་མའི་ཞལ་ནས ་ཤེས་པར་བྱ།། གཉིས་མེད་དོ་སྤྲོད་བསྟན་པར་བྱ།། འཕྲོ་འདུ་མེད་པའི་རིན་ཆེན་འོད་ཁང་ན།། ངང་དངས་དབྱེར་མེད་སྐུ་གཅིག་བཞུགས།། མིང་ནི་སྤྲོས་བྲལ་ཆོས་སླར་གྲགས།། དེ་དང་ངོ་སྤྲོད་བསྟན་པ་ནི།། བླ ་མའི་ཞལ་ལས་ཤེས་པར་བྱ།། ངོ་སྤྲོད་རྣམ་གསུམ་དྲིལ་བས་གཅིག་ཏུ་འདུས།། སྙིང་པོ་འོད་ཀྱི་དཀྱིལ་འཁོར་ཅན།། འོད་མཐའ་མེད་པའི་གཞལ་ཡས་ཁང་།། སྙིང་པོ་དམིགས་མེད་བརྗོད་བྲལ་ཀུན་གྱི ་དངོས།། འོད་འབར་དྲི་མེད་ཆོས་སྐུ་བཞུགས།། དེ་དང་ངོ་སྤྱོད་བསྟན་པ་ནི།། དཔེ་དང་དོན་དང་གཏན་ཚིགས་གསུམ།། དོན་ནི་འདི་བཞིན་ཤེས་པར་བྱ།། བརྗོད་བྱ་ཐམས་ཅད་བརྗོད་མེད་ངང་དུ་སྤྱོད།། མཚོན ་བྱ་ཐམས་ཅད་མཚོན་མེད་ངང་དུ་སྤྱོད།། མིང་འདོགས་ཐམས་ཅད་མིང་མེད་ངང་དུ་སྤྲོད།། འདོད་ཞེན་ཐམས་ཅད་འདོད་མེད་ངང་དུ་སྤྲོད།། བྱ་བྱེད་གཉིས་འཛིན་རྟག་ཞེན་རྣམས།། བྱར་མེད་འཛིན་མེད་རྟག་ཞེན ་པར་སྤྱོད།། དཔེ་ནི་དེ་བཞིན་ཤེས་པར་བྱ།། རྒྱ་མཚོ་ཆུ་བྲན་ངོ་སྤྱོད་དབྱེར་མེད་ཕྱེད།། འོ་མ་ཆུར་འདྲེས་དབྱེར་མི་ཕྱེད།། ཚྭ་དང་ཆུར་འདྲེས་དབྱེར་མི་ཕྱེད།། གཏན་ཚིགས་འདི་བཞིན་ཤེས་པར་བྱ།། མཚན་ཉིད ་སྙིང་པོར་ཐིམ་པས་དབྱེར་མི་ཕྱེད།། སྙིང་པོ་ཡན་ལག་ཐིམ་པས་དབྱེར་མི་ཕྱེད།། འོད་དང་ཟེར་འཕྲད་དབྱེར་མི་ཕྱེད།། ཆོས་སྐུ་ལོངས་སྐུར་ཐིམ་པས་དབྱེར་མི་ཕྱེད།། རིག་པའི་སྙིང་པོར་ཐིམ་པས་དབྱེར་མི ་ཕྱེད།། མ་ལ་བུ་ཐིམ་དབྱེར་མི་ཕྱེད།། ཡེ་ཤེས་རང་སར་ཐིམ་པས་རྣམ་རྟོག་རང་སར་གྲོལ།། སྙིང་པོ་ཀློང་ནས་ཤར་བས་སྐུ་གསུམ་འདུ་འབྲལ་མེད།། ཆུ་དང་མེ་ལོང་ཤེལ་སྒོང་གསུམ་ལ་དཔེ་ཡི་ངོ་སྤྲོད་བྱ།། ཆོས་སྐུ ་ལོངས་སྐུ་སྦྲུལ་སྐུ་གསུམ་ལ་དོན་གྱི་ངོ་སྤྲོད་བྱའོ།། སེམས་ཉིད་ཆོས་ཉིད་རིག་པའི་ཡེ་ཤེས་གསུམ་ལ་རྟགས་ཀྱི་ངོ་སྤྲོད་བྱ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད ་པའི་རྒྱུད་ལས། ངོ་སྤྲོད་རྣམ་གསུམ་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་གསོལ།། དེ་ལྟར་སངས་རྒྱས་ངོ་སྤྲོད་ནས།། རྩོལ་བསྒྲུབ་བཅས ་བཅོས་མི་འཚལ་ལམ།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། སྙིང་པོ་མ་ཡིན་རང་བཞིན་འགྱུར་མེད་ལ།། རྩལ་སྣང་ཡན་ལག་མཚན་ཉིད་སྣ་ཚོགས་སྣང་།། སྣང་ཡང་སྣ་ཚོགས་དང ་ལས་གཡོས་པ་མེད།། གཞན་དུ་མ་བཀོལ་སྙིང་པོའི་ཀློང་དུ་ཐིམ།། ཐིམ་ནས་དབྱེར་མེད་སྐྱེ་མེད་རྟོགས་ཙ་ན།། ཅི་ལྟར་བྱས་ཀྱང་ཆོས་ཉིད་གྲོགས་སུ་འགྱུར།། བྱ་བ་ཐམས་ཅད་བཏང་ལ་ནི།། བྱར་མེད་ངང་ལ ་གནས་པར་བྱ།། ཞི་གནས་མ་བཅོས་ལྷུན་གྱིས་གྲུབ།། ཐ་མལ་རང་ལུགས་གནས་པ་ནི།། སྙིང་པོ་ཆོས་ཉིད་ཀློང་ན་གནས།། མི་བྱ་བཙལ་བའི་ལས་མི་བྱ།། གཡོ་རྩོལ་དགག་བསྒྲུབ་སྤང་ལེན་མེད།། གཉིས་མེད ་རྩིས་གདབ་མེད་པས་གནས་པར་གྱིས།། ཅོག་གེར་ཞོག་ཅིག་གནས་ལུགས་ལ།། བཞག་པ་མེད་པའི་ངོ་བོ་ལ།། འགྲོ་ས་མེད་པའི་སྙིང་པོ་ལ།། རང་ཉིད་ཡིན་གྱིས་རང་སར་གནས།། བསྒྲུབ་རྒྱུ་མེད་ཀྱིས་ཡེ་ནས ་ན་དུ་ཀུན་ན་དུན་ཎཱ་ཧཱ་ཎ་ནཱ་དུ་ཤཱ་། ་སྭཱཥྚ་ཏུ ་སག ་དོ།། ཕ་མ་ཀུན་བཟང་ཡབ་ཡུམ་བདེ་ཆེན་གྲོགས།། སྲས་ནི་ངང་དངས་ཡེ་ཤེས་ལྔ་ཡི་འཁོར།། ཉི་ཟླ་གཟའ་སྐར་མཛའ་ཚོན་ན་བུན་ཆུ་ཟླའི་ཚོགས།། ཆོས་ཉིད་རང་རྩལ་མ་འགགས་རིག་པའི་རྒྱན།། དེ་ཙམ་ཉིད་ན ་འདི་ལྟ་སྟེ།། སངས་དུ་མེད་པའི་མ་རིག་མུན་པ་སངས།། ཤར་དུ་མེད་པས་ཡེ་ཤེས་ཉི་མ་ཤར།། གསལ་དུ་མེད་པའི་རང་སེམས་ཆོས་སྐུ་གསལ།། ཕྱེད་དུ་མེད་པའི་རིག་པའི་འཆར་སྒོ་ཕྱེད།། ཟིན་དུ་མེད་པའི་རང་ས ་ཟིན།། ཟིན་དུ་མེད་པའི་འཁོར་བའི་ལས་རྣམས་ཟིན།། ཐོང་དུ་མེད་པའི་འཁོར་བའི་བྱ་བ་ཐོང་།། ཐར་དུ་མེད་པས་འཁོར་བའི་སྒྲོག་ནས་ཐར།། ཐོན་དུ་མེད་པས་འཁོར་བའི་རྫབ་ནས་ཐོན།། གྲུབ་ཏུ་མེད་པས་སྐུ ་གསུམ་རང་ལ་གྲུབ།། རྒྱས་སུ་མེད་པས་ཡེ་ཤེས་ཆོས་ཉིད་རྒྱས།། ཟིན་དུ་མེད་པས་ཆོས་ཉིད་རང་ས་ཟིན།། ཆོད་དུ་མེད་པས་འཁྲུལ་པ་རྩད་ནས་ཆོད།། སངས་དུ་མེད་པས་རྣམ་རྟོག་ཆགས་ཞེན་སངས།། གྲོལ་དུ ་མེད་པས་དུག་ལྔ་རང་སར་གྲོལ།། རྟོགས་སུ་མེད་པས་སྙིང་པོ་ཆོས་སྐུ་རྟོགས།། རེ་བའི་ས་མེད་དོགས་པའི་ལྟུང་ས་མེད།། རིགས་དྲུག་རྩད་བཅད་ཁམས་གསུམ་སངས་རྒྱས་ས།། སྐྱེ་རྒས་ན་འཆིའི་སྒོ་བཅད་ཐོག། ་མཐའི་དྲས་ཐག་ཆོད།། སྲིད་གསུམ་ཟིལ་གནོན་སྣང་སྲིད་རྒྱ་ནས་འདེགས།། དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་།། དགོངས་པའི་དོན་ནི་དེ་ལས་མ་གསུངས་སོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད ་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སྠི་ཏི་རྟོགས་པའི་རྣལ་འབྱོར་པས་ཅི་ལྟར་སྤྱད་ཀྱང་ཆོས་ཉིད་ཀྱི་རྩིས་ཟིན་ན་ཆོས་ཉིད་ཀྱི་རོལ་པ་སྟེ་ལེའུ་སྟེ་རེ་བརྒྱད ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རང་སེམས་གསལ་བའི་མེ་ལོང་དགུ་སྐོར་ཇི་ལྟར་ལགས།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད ་གསུངས།། སྙིང་པོ་མ་ཡི་རང་བཞིན་གཡོ་མེད་འགྱུར་མེད་ཀྱང་།། རིན་ཆེན་གསལ་བའི་མེ་ལོང་རྣམ་དགུ་བཤད།། རྡོ་རྗེ་སེམས་དཔས་ཡིད་ལ་ཟུང་།། སྣང་བ་རང་གནས་མེ་ལོང་དང་།། རིག་པ་རང་ཤར་མེ་ལོང ་དང་།། ཀུན་གཞི་སྤྲོས་བྲལ་མེ་ལོང་སྟེ།། དེ་རྣམས་ཕྱི་ཡི་མེ་ལོང་ངོ་།། ནང་གི་མེ་ལོང་བསྟན་པ་ནི།། སྣང་བ་བརྟགས་སྣང་མེ་ལོང་དང་།། རིག་པ་སྟོང་པའི་མེ་ལོང་དང་།། ཐམས་ཅད་སྐྱེ་འབྱུང་ཀུན་གཞི་སེམས་ཀྱི་མེ ་ལོང་ངོ་།། གསང་བའི་མེ་ལོང་བསྟན་པ་ནི།། སྣང་སེམས་གཉིས་མེད་མེ་ལོང་དང་།། ཡིད་རིག་འགྱུར་མེད་མེ་ལོང་དང་།། སྙིང་པོ་དོན་རྟོགས་སྐྱེ་མེད་སེམས་ཀྱི་མེ་ལོང་ངོ་།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར ་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རིན་ཆེན་འཕྲུལ་གྱི་མེ་ལོང་དགུ་སྐོར་བསྟན་པའི་ལེའུ་སྟེ་རེ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི ་སྐད་ཞུས།། ཀུན་ཏུ་བཟང་པོའི་གདམས་ངག་ཚིག་གསུམ་པོ།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་འཁོར་ལ་འདི་སྐད་གསུངས།། ཕྱི་ཡི་ཡུལ་བརྟགས་སྣང་བ་ཐམས་ཅད་འཁྲུལ་པར་ཤེས ་པར་གྱིས།། ཡིད་དཔྱོད་དྲན་རིག་འགྱུ་བ་མྱོང་བ་རྣམས།། སྤྲོས་པ་ཐག་ཆོད་དང་དངས་རང་གྲོལ་འགྱུར་མེད་རྒྱ་ཡིས་ཐོབ།། སྤྲོས་པའི་མཐའ་བརྒྱད་ཆོས་བརྒྱད་བྲལ་བའི་ས་དེ་ལ།། སྒྲ་མེད་བརྗོད་མེད་འགྱུར་བ་མེད ་པའི་དོན།། མི་འགྱུར་ཆོས་ཀྱི་དབྱིངས་ལ་སྐྱེ་མེད་ཆོས་སྐུ་གནས།། ཀུན་བཟང་བདག་གི་གདམས་ངག་ཚིག་གསུམ་འདི།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་དཀྱིལ་དུ་ཞོག། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད ་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གདམས་ངག་ཚིག་གསུམ་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ངེས ་པའི་ཚིག་བཞི་ཇི་ལྟར་ལགས།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་འཁོར་ལ་འདི་སྐད་གསུངས།། ལྟ་བའི་རྒྱལ་པོ་ཞེ་འདོད་མེད་པར་ངེས།། སྒོམ་པའི་རྒྱལ་པོ་བསྒྲུབ་བྱ་མེད་པར་ངེས།། སྤྱོད་པའི་རྒྱལ་པོ་བྱ ་བཙལ་མེད་པར་ངེས།། འབྲས་བུའི་རྒྱལ་པོ་རེ་དོགས་མེད་པར་ངེས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ངེས་པ་རྣམ་བཞི་བསྟན་པའི་ལེའུ ་སྟེ་དོན་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ལྷག་མཐོང་རྣམ་དྲུག་ཇི་ལྟར་ལགས།། ལྟ་བ་ངོས་གཟུང་མེད་པས་ཕྱོགས་མེད་ལྷག་གིས ་མཐོང་།། སྒོམ་པ་འགྱུར་མེད་རྟོག་མེད་ལྷག་གིས་ཤར།། སྤྱོད་པ་བྱར་མེད་སངས་རྒྱས་དགོངས་པ་ལྷག་གིས་མཐོང་།། དམ་ཚིག་བསྲུང་མེད་སྐྱོན་མེད་དགོངས་པ་ལྷག་གིས་མཐོང་།། ཕྲིན་ལས་བཙལ་མེད་བགྲོད ་མེད་ལྷག་གིས་ཤར།། འབྲས་བུ་བསྒྲུབ་མེད་རེ་མེད་དོགས་མེད་ལྷག་གིས་མཐོང་།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ལྷག་མཐོང་རྣམ་དྲུག ་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འདས་པ་རྣམ་བཅུ་ཇི་ལྟར་ལགས།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་འདི་སྐད ་གསུངས།། ལྟ་བ་གཞུང་མེད་ཚིག་ལས་འདས།། སྒོམ་པ་བསམ་མེད་བློ་ལས་འདས།། སྤྱོད་པ་བྱར་མེད་འཁོར་བའི་ལས་ལས་འདས།། དམ་ཚིག་བསྲུང་མེད་འདའ་མེད་བསྲུང་ལས་འདས།། ཕྲིན་ལས་བཙལ་མེད ་དབྱེར་མེད་ངང་ལས་འདས།། ལམ་རྣམས་མ་བགྲོད་བགྲོད་མེད་ངང་ལས་འདས།། ས་རྣམས་མ་སྦྱངས་སྦྱང་མེད་ངང་ལས་འདས།། ལུང་ནི་མ་ནོར་ཚིག་གི་ལུང་ལས་འདས།། མན་ངག་ཞེན་མེད་འཛིན་མེད་ངང ་ལས་འདས།། འབྲས་བུ་ཡེ་ནས་ཡོད་སྨོན་ཡིད་ལས་འདས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། འདས་པ་རྣམ་བཅུ་བསྟན་པའི་ལེའུ་སྟེ་དོན ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། གནས་ལུགས་བརྡའ་ཡི་དོན་བཤད་དུ་གསོལ།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད ་གསུངས།། ནམ་མཁའ་སྟོང་པ་དག་ལ་བསོས་ཀྱང་ཐོབ།། ནམ་མཁའ་ལ་ནི་བསོས་བཏབ་པས།། ཆུ་བོ་ཆེན་པོ་རྒྱུན་མི་འཆད།། ཆུ་བོ་རྒྱུན་ཆད་མེད་པ་ཡིས།། རྒྱལ་པོའི་དཀོར་སྲུང་པ་དང་འདྲ།། དྲན་པ་མི་འབྱུང ་ཆོས་ཉིད་ཀློང་ན་གནས།། ཡེངས་ཀྱང་ཆོས་ཉིད་མ་ཡེངས་ཆོས་ཀྱི་དབྱིངས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཉིད་བརྡར་བསྟན་པའི ་ལེའུ་སྟེ་དོན་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། དུག་ལྔ་སྐུ་ལྔའི་བརྡའ་ཆོས་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། མ ་བསྒྲུབས་ཀུན་ཏུ་གསལ་བའི་འོད་ཁང་ན།། རྒྱལ་པོ་ལྷ་གཅིག་བཞུགས་པ་ལ།། བློན་པོ་དབང་ཆེན་མི་བཞིས་བསྐོར།། རྒྱལ་པོས་བླུན་པོ་མི་བཞི་བཏུལ།། མི་བཞི་བཏུལ་ནས་སྐུ་བཞིར་བསྒྱུར།། རྒྱལ་པོ་མི་འགྱུར ་ཆོས་ཀྱི་སྒྲ།། མི་བཞི་ཡེ་ཤེས་རྣམ་པ་བཞི།། མི་གཅིག་ཆོས་དབྱིངས་ཡེ་ཤེས་སོ།། མ་རིག་པ་ཡི་མུན་ཁང་ཐིབ་པོ་ན།། མ་རིག་ལོང་མ་ཞེ་སྡང་ཕྲང་རྒྱལ་ཡོད།། མཐོ་ལ་སྒྲ་མཆུ་དམའ་ལ་སྨོད།། འཕྲད ་ཚད་ཆགས་ལས་བ་སོགས་པའི་གཟའ་མི་ལྔ།། ཁམས་གསུམ་འཁོར་བར་བསྒྱུར་བའི་མཁན་པོ་ཡིན།། སྐྱེ་རྒས་ན་འཆིའི་སྡུག་བསྔལ་ལས་སུ་སྤྱོད།། སྡུག་བསྔལ་དེ་ལས་བཟློག་འདོད་ན།། མུན་པའི་སྒོ་ཕྱེ་གསལ ་བའི་ཡེ་ཤེས་ཐོབ།། མ་རིག་མིག་ཕྱེ་ཡེ་ཤེས་ཉི་མ་ཤར།། ཞེ་སྡང་རྩད་གཅོད་ཕུང་རྒྱལ་གཏན་ནས་རློགས།། ང་རྒྱལ་རང་བརླག་ཕྲག་དོག་མིང་ཡང་མེད།། ཁམས་གསུམ་མི་གནས་སྟོང་གསུམ་སངས་རྒྱས་པ།། སྡུག ་བསྔལ་བཞི་ཡི་རྩད་གཅོད་སྐུ་བཞི་ཡེ་ཤེས་བཞི།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། དུག་ལྔ་ཡེ་ཤེས་ལྔ་བརྡར་བསྟན་པའི་ལེའུ་སྟེ་དོན་ལྔ ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་ནི་ཇི་ལྟར་ལགས།། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། སྣང་བ་བཀག་པས ་མི་ཁེགས་འོ་ན་ཁེགས་དང་ཡ།། སེམས་ཉིད་བལྟས་པས་མི་མཐོང་འོ་ན་ལྟོས་དང་ཡ།། གཉིས་མེད་བསྒྲུབས་པས་མི་འགྲུབ་འོ་ན་སྒྲུབ་དང་ཡ།། སངས་རྒྱས་བཙལ་བས་མི་རྙེད་འོ་ན་འཚོལ་དང་ཡ།། ཤེས་ནམ་ཤེས ་མ་བསྒོམས་ན་རྡོ་རྗེ་ཀུན་ཏུ་བཟང་པོ་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་ཉིད་གཏན་ལ་དབབ་པའི་ལེའུ་སྟེ་དོན་དྲུག ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སྙིང་པོའི་དོན་འདི་བཤད་དུ་གསོལ།། ཞེས་ཞུས་པ་དང་། ཀུན་བཟང་ཉིད་ཀྱིས་འདི་སྐད་གསུངས།། སྙིང་པོ་འདུས་མ ་བྱས་པ་ཡིན།། སྙིང་པོ་སྐྱེ་མེད་འགྱུར་མེད་ཡིན།། སྙིང་པོ་སྐྱེ་མེད་ཆོས་ཀྱི་སྐུ།། སྙིང་པོ་སངས་རྒྱས་ཉག་གཅིག་ཡིན།། སྙིང་པོ་འགྱུར་བ་མེད་པ་ཡིན།། སྙིང་པོ་འགྱུར་མེད་གཡུང་དྲུང་གཉུག་མའི་ངང་།། སྙིང་པོ་འོད ་གསལ་དྲི་མ་མེད།། སྙིང་པོ་ཀུན་གཞི་འདུས་མ་བྱས།། སྙིང་པོ་རིན་ཆེན་འོད་སྲུངས་ཡིན།། དཔེར་ན་མར་ཁལ་གཅིག་ལ་བཞུ་བཏུལ་བྱས་པས་བྲེ་བཞིར་འདུས་པ་མར་གྱི་སྙིང་པོ་ཡིན།། དེ་བཞིན་ཆོས་རྣམས་ཐམས ་ཅད་ཀྱང་།། ཐམས་ཅད་གཅིག་ཏུ་འདུས་པའི་སྙིང་པོ་ཆོས་སྐུ་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སྙིང་པོ་བཤད་པ་བསྟན་པའི་ལེའུ་སྟེ། ་དོན་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཆོས་སྐུའི་བཤད་ལུགས་ཇི་ལྟར་ལགས།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས།། ཆོས ་སྐུ་དངོས་པོ་མེད་པ་ཡིན།། ཆོས་སྐུ་དམིགས་པའི་ཡུལ་ལས་འདས།། ཆོས་སྐུ་རྒྱུ་རྐྱེན་འཕོ་འགྱུར་མེད།། ཆོས་སྐུ་རྩོལ་བསྒྲུབ་བྱ་བཙལ་མེད།། ཆོས་སྐུ་བརྗོད་པའི་ཡུལ་ལས་འདས།། ཚིག་དང་ཡི་གེ ་ཆོས་སྐུ་མཚོན་དུ་མེད།། ཐུགས་རྗེ་ཀུན་ལ་ཁྱབ་ཀྱང་ངོས་བཟུང་གཅིག་ཀྱང་མེད།། ཆོས་སྐུ་རྩོལ་བསྒྲུབ་སྤང་ལེན་མཐའ་དང་བྲལ།། ཆོས་སྐུ་མི་བསྒྲུབ་རང་སེམས་ཆོས་ཀྱི་སྐུ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར ་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཆོས་སྐུའི་ངེས་ཚིག་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། བྱང ་ཆུབ་དོན་འདི་བཤད་དུ་གསོལ།། ཞེས་ཞུས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། བྱང་ནི་ཡུལ་སེམས་གཉིས་མེད་བྱང་།། ཆུབ་ནི་དབྱེར་མེད་ཆེན་པོར་ཆུབ།། བྱང་ནི་ནང་གི་རྣམ་རྟོག་བྱང་།། ཆུབ་ནི་སྤྲོས ་པ་ཐད་ཀར་ཆུབ།། བྱང་ནི་གཟུང་འཛིན་གཉིས་སྣང་བྱང་།། ཆུབ་ནི་གཟུང་འཛིན་མེད་པར་ཆུབ།། བྱང་ནི་མཚན་མའི་རྣམ་རྟོག་བྱང་།། ཆུབ་ནི་མཚན་མ་མེད་པར་ཆུབ།། བྱང་ནི་བརྟགས་ཚད་ཞེན་ཚད་འགྱུ་ཚད ་བྱང་།། ཆུབ་ནི་བརྗོད་མེད་ཀློང་དུ་ཆུབ།། བྱང་ནི་དུག་ལྔ་དུག་གསུམ་བྱང་།། ཆུབ་ནི་སྐུ་ལྔ་ཡེ་ཤེས་ལྔ།། བྱང་ནི་རྟོག་ཚོགས་ཇི་སྙེད་བྱང་།། ཆུབ་ནི་རྟོག་མེད་ཡེ་ཤེས་ཆེན་པོར་ཆུབ།། ཅེས་གསུངས་སོ།། སྣང་སྲིད་ཁ ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། བྱང་ཆུབ་ཀྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད ་ཞུས།། སེམས་དཔའི་དོན་ནི་བཤད་དུ་གསོལ།། ཞེས་ཞུས་པ་དང་།། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས་སོ།། སེམས་ནི་ཡང་དག་དོན་ལ་སེམས།། དཔའ་ནི་གཉིས་མེད་དོན་ལ་དཔའ།། སེམས་ནི་སྐྱེ་མེད ་དོན་ལ་སེམས།། དཔའ་ནི་འགག་མེད་དོན་ལ་དཔའ།། སེམས་ནི་རྒྱུ་རྐྱེན་མེད་པར་སེམས།། དཔའ་ནི་འཕོ་འགྱུར་མེད་པར་དཔའ།། སེམས་ནི་འཁོར་འདས་གཉིས་ལ་སེམས།། དཔའ་ནི་གཉིས་མེད་ཆེན་པོར ་དཔའ།། སེམས་ནི་འགྱུར་མེད་ངང་ལ་སེམས།། དཔའ་ནི་མི་བསྐྱེད་ཆགས་ཞེན་མེད།། སེམས་ནི་ཡུལ་སེམས་མེད་པར་སེམས།། དཔའ་ནི་བཟང་ངན་དགག་སྒྲུབ་མེད།། སེམས་ནི་ཆོས་ཉིད་མ་ལ་སེམས།། དཔའ ་ནི་མ་བུ་དབྱེར་མེད་དཔའ།། སེམས་ནི་འགྱུར་མེད་ཀློང་ནས་སེམས།། དཔའ་ནི་བརྗོད་མེད་བདེ་ཆེན་ཀློང་ན་དཔའ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི ་རྒྱུད་ལས། སེམས་དཔའི་ངེས་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་ཟམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རང་བྱུང་དོན་ཚིག་བཤད་དུ་གསོལ།། ཞེས ་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་འདི་སྐད་གསུངས།། རང་ནི་ཐོག་མའི་ཡེ་ཡོད་གཞི།། བྱུང་ནི་ཡིད་ཙམ་ཡོད་དེ་ཙམ།། རང་ནི་དངོས་མེད་ཀུན་ཁྱབ་གཞི།། བྱུང་ནི་གཞི་ལ་གནས་པའི ་རླུང་།། རང་ནི་ཡིད་ཙམ་གཡོ་བའི་གཞི།། བྱུང་ནི་བག་ཙམ་འགྱུར་བས་བྱུང་།། རང་ནི་ཀུན་གཞི་སྤྱི་ཁྱབ་སྟེ།། བྱུང་ནི་རང་སྣང་འོད་ལྔར་བྱུང་།། རང་ནི་འོད་ཀྱི་དཀྱིལ་འཁོར་སྟེ།། བྱུང་ནི་འོད་གསལ་ཟེར་ལྔར ་བྱུང་།། རང་ནི་ཟེར་ལྔའི་རང་བཞིན་ཏེ།། བྱུང་ནི་ཤེས་པའི་སྣང་ཚུལ་ལྔ།། རང་ནི་ཡེ་ཡི་ཤེས་པ་སྟེ།། བྱུང་ནི་གནས་པའི་དོན་མ་རིག། ཡེ་དོན་མ་ཤེས་དོན་མ་ཤེས།། དེ་ཕྱིར་མ་རིག་འཁྲུལ་པར་གསུངས།། རང་ནི ་མ་རིག་འཁྲུལ་པའི་སྒོ།། བྱུང་ནི་རིག་ཡིད་སེམས་ཡིད་བྱུང་།། རང་ནི་འཁྲུལ་ལུགས་རྣམ་གསུམ་སྟེ།། བྱུང་ནི་རིགས་དྲུག་ཁམས་གསུམ་འཁོར་བ་བྱུང་།། རང་ནི་རང་གི་སེམས་ཡིན་ཏེ།། བྱུང་ནི་རྟོག་ཚོགས་བརྒྱད་ཁྲི ་བཞི་སྟོང་བྱུང་།། རང་ནི་མ་རྟོགས་འཁོར་བའི་སེམས།། བྱུང་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང་།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། རང ་བྱུང་གི་ངེས་ཚིག་མ་རྟོགས་འཁོར་བ་བྱུང་ཞིང་འཁྱམས་པས་ལེའུ་སྟེ་གྱ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཀུན་གཞིའི་དོན་ནི་ཇི་ལྟར་ལགས།། ཞེས་ཞུས ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཀུན་ནི་སྣང་སྲིད་འཁོར་འདས་ཡིན།། གཞི་ནི་བྱང་ཆུབ་སེམས་ཡིན་ནོ།། ཀུན་ནི་སྐྱེ་འགྲོ་གཟུགས་བསྡུས་ཡིན།། གཞི་ནི་སེམས་ཀྱི་འབྱུང་གཞི་ཡིན།། ཀུན་ནི་འབྱུང ་སྣང་ཆོས་ལ་བྱ།། གཞི་ནི་ཐོག་མའི་གཞི་ལ་བྱ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། ཀུན་གཞིའི་ངེས་ཚིག་བསྟན་པའི་ལེའུ་སྟེ་གྱ་གཉིས ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡི།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མ་ནོར་སངས་རྒྱས་ཇི་ལྟར་ལགས།། ཞེས་ཞུས་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། མ་ནོར་སངས་རྒྱས་ངོ་བོ ་ནི།། བསྒྲུབས་པས་སངས་རྒྱས་མི་འགྲུབ་ཀྱི།། སེམས་ལ་སངས་རྒྱས་ཡེ་ནས་གྲུབ།། གྲུབ་ཟིན་དོན་ལས་མ་གཡོས་ན།། ཐུན་མོང་རྩོལ་བསྒྲུབ་བྱ་མི་དགོས།། དྲང་པོར་འདུག་ལ་ལྷུན་གྲུབ་ལྟོས།། བལྟས་པས་མཐོང ་བ་གཅིག་ཀྱང་མེད།། མེད་པ་དེ་ཀ་མཐོང་བ་ཡིན།། མ་རིག་འཁོར་བའི་མུན་པ་སངས།། ཡེ་ཤེས་རིག་པའི་འཆར་སྒོ་རྒྱས།། བདག་འཛིན་ཉོན་མོངས་འགྱུ་མཁན་སངས།། འཛིན་མེད་ཡེ་ཤེས་རྣམ་དག་རྒྱས།། ཞེས ་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར་སངས་རྒྱས་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང ་ཉིད་ལ་འདི་སྐད་ཞུས།། མྱང་འདས་མ་ནོར་ཇི་ལྟར་ལགས།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། མ་ནོར་ངེས་པའི་མྱང་འདས་ནི།། སྐྱེ་འབྱུང་ཀུན་གཞིའི་ཀློང་དུ་འདུས།། ཡན ་ལག་བུ་ཡི་ཤེས་པ་རྣམས།། སྙིང་པོ་མ་ཡི་ཀློང་དུ་འདུས།། མཚན་ཉིད་སྣང་ཚུལ་རྩལ་སྣང་རྣམས།། སྟོང་ཉིད་མཁའ་ཀློང་དབྱིངས་སུ་འདུས།། སེམས་ཀྱི་སྣང་ཚུལ་སྣ་ཚོགས་བརྟགས་ཞེན་རྣམས།། ཆོས་ཉིད་བྱང ་ཆུབ་སེམས་སུ་འདུས།། བློ་ལ་སྣང་བའི་ཐེ་ཚོམ་རྣམས།། ཀུན་གཞི་ནམ་མཁའི་ཀློང་དུ་འདུས།། མ་རིག་དངོས་པོ་རིག་པར་འདུས།། སྣང་བའི་ངོ་བོ་སྟོང་པར་འདུས།། གཉིས་སྣང་ཐམས་ཅད་གཉིས་མེད ་འདུས།། བདག་འཛིན་ཐམས་ཅད་འཛིན་མེད་འདུས།། ཕྱོགས་རིས་ཐམས་ཅད་ཞེན་མེད་འདུས།། ཞེན་ཆགས་ཐམས་ཅད་ཞེན་མེད་འདུས།། ཁམས་གསུམ་འཁོར་བའི་སྡུག་བསྔལ་རྣམས།། མྱ་ངན་འདས་པའི་ཀློང ་དུ་འདུས།། སེམས་ཅན་ངན་རྟོག་བདག་འཛིན་རྣམས།། སངས་རྒྱས་བདེ་ཆེན་དབྱིངས་སུ་འདུས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཟིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར ་ངེས་པར་མྱ་ངན་ལས་འདས་པའི་ལེའུ་སྟེ་གྱ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་གསོལ།། མ་ནོར་སེམས་ཉིད་ཇི་ལྟར་ལགས།། ཀུན་ཏུ་བཟང་པོས་བཀའ ་སྩལ་པ།། མ་ནོར་སེམས་ཉིད་རང་བཞིན་ནི།། བཅོས་པ་མེད་པའི་སེམས་ཉིད་དེ།། སོ་མ་རང་ལུགས་གྱི་ནར་འདུའོ།། བདག་འཛིན་བྲལ་བའི་སེམས་ཉིད་དེ།། འཛིན་མེད་གསལ་དངས་སངས་རྒྱས་སོ།། རྟགས ་སྣང་གྲོལ་བའི་སེམས་ཉིད་དེ།། མ་ནོར་རྣམ་དག་ཡེ་ཤེས་སོ།། བློས་བཅུག་ཡིད་སྨོན་སངས་པ་དེ།། ཡིད་སྨོན་མེད་པའི་སེམས་ཉིད་དོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག ་མཐའ་གཅོད་པའི་རྒྱུད་ལས། མ་ནོར་སེམས་ཉིད་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སེམས་ཀྱི་སྣང་ཚུལ་ཇི་ལྟར་ལགས།། ཀུན ་ཏུ་བཟང་པོས་བཀའ་སྩལ་པ།། སེམས་ཀྱིས་སྣང་ཚུལ་བསམ་ཡས་ཏེ།། འཁོར་འདས་གཉིས་ཀྱང་སེམས་ཀྱི་སྣང་ཚུལ་ཡིན།། སངས་རྒྱས་སེམས་ཅན་སེམས་ཀྱི་སྣང་ཚུལ་ཡིན།། སྣང་སྲིད་སྣོད་བཅུད་སེམས་ཀྱི་སྣང ་ཚུལ་ཡིན།། སྐྱེ་འགྲོ་གཟུགས་བསྡུས་སེམས་ཀྱི་སྣང་ཚུལ་ཡིན།། བརྒྱད་ཁྲི་བཞི་སྟོང་སེམས་ཀྱི་སྣང་ཚུལ་ཡིན།། ཐེག་པ་རིམ་དགུ་སེམས་ཀྱི་སྣང་ཚུལ་ཡིན།། རྟོགས་དང་མ་རྟོགས་སེམས་ཀྱི་སྣང་ཚུལ་ཡིན།། རིག ་དང་མ་རིག་སེམས་ཀྱི་སྣང་ཚུལ་ཡིན།། ཐམས་ཅད་གཉིས་མེད་དབྱེ་བསལ་མེད་པ་ལ།། མ་རིག་འཁྲུལ་པའི་བློ་ལ་གཉིས་སུ་སྣང་།། ཤེས་ལ་རྟོགས་ན་རང་བཞིན་ཡོངས་ཀྱིས་མཉམ།། སེམས་ཀྱི་སྣང་ཚུལ་བསམ ་ལས་ཀྱང་།། མཉམ་པར་གསན་སངས་ཀྱིས་ཀུན་དང་མཉམ།། ནས་གསུངས་ས།། སེམས་ཀྱི་ཀྱང་ཚུལ་མད་ཅམ་བསྟན་པའི་ལནས་སུ་དྲུག་པ་ལ།། ། དེ་ནས་རྔ་རྫ་སེམས་དཔའ་ལས། ་བཟང་ཉིད་ལ་འདི་སྐད་ཞུས།། སྣང་ཚུལ་ཚིག་ཏུ་ཇི་ལྟར་སྡུད།། ཅེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སྣང་ཚུལ་བསམ་ཡས་སེམས་ལ་སྡུད།། བལྟ་བྱ་ལྟ་བྱེད་སེམས་སུ་སྡུད།། བསྒོམ་བྱ། ་སྒོམ་བྱེད་སེམས་སུ་སྡུད།། སྤྱད་བྱ་སྤྱོད་བྱེད་སེམས་སུ་སྡུད།། བསྒྲུབ་བྱ་སྒྲུབ་བྱེད། སེམས་སུ་སྡུད།། བསྲུང་བྱ་སྲུང་བྱེད་སེམས་སུ་སྡུད།། བཙལ་བྱ་རྩོལ་བྱེད་སེམས་སུ་སྡུད།། བརྒྱད་ཁྲི་བཞི་སྟོང་སེམས་སུ ་སྡུད།། ཐེག་པ་རིམ་དགུ་སེམས་སུ་སྡུད།། ཡིད་རིག་སེམས་ཀྱི་བརྟག་སྣང་སེམས་སུ་སྡུད།། རྩོལ་བས་སྡུད་པ་མ་ཡིན་ཐོག་མ་ཉིད་ནས་དེ་ལྟར་བསྡུས།། དཔེར་ན་རྒྱ་མཚོར་ཆུ་བྲན་བཞིན།། མཚོ་ལས་བྱུང་ཞིང་མཚོ ་རུ་བསྡུས།། བྱས་ནས་བསྡུས་པ་མ་ཡིན་ཏེ།། ཡེ་ནས་དེ་ལྟར་བསྡུས་པའོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། སེམས་ཀྱི་སྣང་ཚུལ་བསྡུས ་པའི་ལེའུ་སྟེ་གྱ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མ་ནོར་ངེས་པའི་གདམས་ངག་གསུང་དུ་གསོལ།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ ་སྩལ་པ།། མ་ནོར་ངེས་པའི་གདམས་ངག་ནི།། མཚོན་དུ་མེད་པའི་བྱང་ཆུབ་སེམས།། སྒྲ་བརྗོད་མེད་པའི་ངང་ལ་ཞོག། བསྟན་དུ་མེད་པའི་བྱང་ཆུབ་སེམས།། བློ་ལས་འདས་པའི་ངང་དུ་ཞོག། བལྟ་རུ་མེད་པའི་བྱང ་ཆུབ་སེམས།། བལྟ་བྱ་ལྟ་བྱེད་མེད་པའི་ངང་ལ་ཞོག། བསམ་དུ་མེད་པའི་བྱང་ཆུབ་སེམས།། བསྒོམ་དུ་མེད་པའི་ངང་ལ་ཞོག། སྤྱད་དུ་མེད་པའི་བྱང་ཆུབ་སེམས།། བྱ་བཙལ་མེད་པའི་ངང་ལ་ཞོག། བསྒྲུབ་ཏུ་མེད ་པའི་བྱང་ཆུབ་སེམས།། ངང་དངས་རང་སངས་ངང་ལ་ཞོག། རེ་དོགས་བསྒྲུབ་མེད་ངང་ལ་ཞོག། སྤྲོས་པ་མེད་པའི་བྱང་ཆུབ་སེམས།། སྤྲོས་བྲལ་ཆེན་པོའི་ངང་ལ་ཞོག། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། མ་ནོར་ངེས་པའི་གདམས་ངག་བསྟན་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། དུག་ལྔ་སེམས་སུ ་ཇི་ལྟར་དགྲོལ།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། དུག་ལྔ་སེམས་སུ་དགྲོལ་བ་ནི།། གཏི་ནི་ཆོས་ཉིད་བསྟན་པ་ལ།། མུག་ནི་མཚན་མའི་ཆོས་ལ་མུག། དེ་ཕྱིར་སེམས་ཉིད་གཏི་མུག ་གོ།། འདོད་ནི་ཆོས་སྐུ་སྐྱེ་མེད་འདོད།། ཆགས་ནི་བདེ་ཆེན་ཀློང་དུ་ཆགས།། དེས་ན་སེམས་ཉིད་འདོད་ཆགས་ཡིན།། ཞེ་ནི་ཆོས་ཉིད་དབྱིངས་ནས་ཞེ།། སྡང་ནི་འཁོར་བའི་ཆོས་ལ་སྡང་།། དེ་ཕྱིར་སེམས་ཉིད་ཞེ་སྡང ་ཡིན།། ང་ནི་སྐྱེ་མེད་བྱང་ཆུབ་སེམས།། རྒྱལ་ནི་འཁོར་བའི་དམག་ལས་རྒྱལ།། དེ་ཕྱིར་སེམས་ཉིད་ང་རྒྱལ་ཡིན།། ཕྲག་ནི་འགྱུར་མེད་དབྱིངས་ཀྱི་ཕྲག། དོག་ནི་ཆགས་སྡང་ལྔ་ལ་དོག། དེ་ཕྱིར་སེམས ་ཉིད་ཕྲག་དོག་ཡིན།། དུག་ལྔ་སྐྱེ་མེད་བྱང་ཆུབ་སེམས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། དུག་ལྔ་ཆོས་ཉིད་དུ་འགྲོལ་བའི་ལེའུ་སྟེ་གྱ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འབྱུང་ལྔ་སེམས་སུ་ཇི་ལྟར་གྲོལ།། ཞེས་ཞུས་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འབྱུང་ལྔ་སེམས་ཉིད་གྲོལ་བ་ནི།། ནམ་ནི་སྐྱེ་བ་མེད་པའི་ནམ།། མཁའ་ནི ་འགག་པ་མེད་པའི་མཁའ།། སྐྱེ་འགག་གཉིས་སུ་མེད་པའི་བྱང་ཆུབ་སེམས།། དེ་ཕྱིར་སེམས་ཉིད་ནམ་མཁའ་ཡིན།། ས་ནི་ཀུན་གཞི་སེམས་ཀྱི་གཞི།། སྣ་ཚོགས་ཐམས་ཅད་སྐྱེ་འབྱུང་ཡང་།། ཆོས་ཉིད་རང་བཞིན་སྲ ་ཞིང་བརྟན།། དེས་ན་སེམས་ཉིད་ས་ཡང་ཡིན།། བྱང་ཆུབ་སེམས་ཀྱིས་མེ་ཆེན་གྱིས།། ཉོན་མོངས་དུག་ལྔའི་བུད་ཤིང་བསྲེག། དེ་ཕྱིར་སེམས་ཉིད་མེ་ཡང་ཡིན།། ཆོས་ཉིད་རླན་དང་མ་བྲལ་ཆུ།། གཉིས་མེད་སྡུད་པར ་བྱེད་པས་ཆུ་ཡང་ཡིན།། དེ་ཕྱིར་སེམས་ཉིད་ཆུ་ལྟར་སྣང་།། རང་བྱུང་རྩལ་གྱི་རླུང་ཆེན་གྱིས།། ཉོན་མོངས་བརྒྱད་ཁྲི་ཕྱགས་མས་བཏབ།། རྣམ་པར་རྟོག་པ་རླུང་ལ་བསྐུར།། དེ་ཕྱིར་སེམས་ཉིད་རླུང་ཡང་ཡིན།། འབྱུང ་ལྔ་མ་ལུས་སེམས་ལ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། འབྱུང་ལྔ་སེམས་སུ་གྲོལ་བའི་ལེའུ་སྟེ་དགུ་ཅུ་ཐམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད ་ཞུས།། མཐའ་དབུས་ཕྱོགས་མཚམས་སེམས་སུ་ཇི་ལྟར་གྲོལ།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཕྱོགས་མཚམས་སེམས་ལ་གྲོལ་ལུགས་ནི།། ཆོས་སྐུ་མི་འགྱུར་བསྟན་པ་སྟེ།། བྱང་ཆུབ ་སེམས་ནི་དབུས་ཀྱང་ཡིན།། སྙིང་པོའི་ཀློང་ནས་ཡེ་ཤེས་ཤར།། བྱང་ཆུབ་སེམས་ནི་ཤར་ཕྱོགས་ཡིན།། ཉོན་མོངས་ཆགས་སྡང་འཛིན་ཆགས་བཏོན།། བྱང་ཆུབ་སེམས་ནི་ལྷོ་ཕྱོགས་ཡིན།། རྣམ་པར་རྟོག་པའི་མཚན ་མ་ཇི་སྙེད་རྣམས།། མི་རྟོག་སྐྱེ་བ་མེད་པའི་དབྱིངས་སུ་ནུབ།། བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན།། ཉོན་མོངས་དགག་བསྒྲུབ་གཟུང་འཛིན་བྱང་།། བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན།། ཤར་ལྷོའི་མཚམས་ནི་སྐྱེ ་བ་མེད།། ལྷོ་ནུབ་མཚམས་ནི་འགག་པ་མེད།། ནུབ་བྱང་མཚམས་ནི་གཉིས་སུ་མེད།། བྱང་ཤར་མཚམས་ནི་རང་སར་གྲོལ།། སྟེང་འོག་གཉིས་ནི་གཉིས་མེད་དབྱེ་བསལ་མེད།། སྟེང་ཕྱོགས་ཐེག་དམན་ཐམས་ཅད ་ཟིལ་གྱིས་མནོན།། འོག་ཕྱོགས་ཁྱབ་གད་ལ་འུབ་ཆུབ་ཡིན།། དེ་ཕྱིར་ཕྱོགས་མཚམས་མེད་པར་སེམས་སུ་གྲོལ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཕྱོགས་མཚམས་སེམས་སུ་གྲོལ་བའི་ལེའུ་སྟེ་གོ། ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཁ་དོག་རྣམ་ལྔ་སེམས་སུ་ཇི་ལྟར་གྲོལ།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད ་གསུངས།། གཟུང་འཛིན་དྲི་མས་མ་གོས་དཀར་པོ་ཡིན།། ཡོན་ཏན་མ་ལུས་ཀུན་འབྱུང་སེར་པོ་ཡིན།། སྣང་བ་དབང་དུ་འདུས་པས་དམར་པོ་ཡིན།། འཁོར་བའི་ལས་རྣམས་དག་པས་ལྗང་ཁུ་ཡིན།། ཆོས་ཉིད ་འགྱུར་བ་མེད་པས་ནག་པོ་ཡིན།། ཁ་དོག་རྣམ་ལྔ་བྱང་ཆུབ་སེམས་སུ་གྲོལ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཁ་དོག་རྣམ་ལྔ་སེམས་ལ་རྫོགས་པའི་ལེའུ་སྟེ་གོ་གཉིས ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སྐྱེས་པ་སེམས་སུ་ཅི་ལྟར་གྲོལ།། ཀུན་ཏུ་བཟང་པོས་འདི་སྐད་གསུངས།། སྐྱེས་པ་སེམས་སུ་གྲོལ་བ་ནི།། སྐྱེས ་ནི་རང་བྱུང་ཡེ་ཤེས་སྐྱེས།། པ་ནི་ཀུན་གསལ་ཆེན་པོར་པ།། སྐྱེས་ནི་རང་རིག་དང་དངས་སྐྱེས།། པ་ནི་རང་རླག་རང་སངས་པ།། སྐྱེས་ནི་རྟོགས་པའི་ཤེས་རབ་སྐྱེས།། མ་རིག་མུན་སངས་ཤེས་རབ་པ།། ཞེས ་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སྐྱེས་པ་སེམས་སུ་གྲོལ་བའི་ལེའུ་སྟེ་གོ་གསུམ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བུད་མེད་སེམས་སུ་ཇི་ལྟར་གྲོལ།། ཞེས་ཞུས་པ ་དང་།། ཀུན་བཟང་འཁོར་ལ་འདི་སྐད་གསུངས།། བུད་མེད་སེམས་སུ་གྲོལ་བ་ནི།། བུད་ན་འཁོར་བའི་ཆོས་རྣམས་བུད།། མེད་ནི་མ་རིག་མུན་ནག་མེད།། དེ་ཕྱིར་བུད་མེད་བྱང་ཆུབ་སེམས།། བུད་ནི་ཉོན་མོངས ་བརྒྱད་ཁྲི་བཞི་སྟོང་བུད།། མེད་ནི་ཆགས་སྡང་གཉིས་འཛིན་དགག་བསྒྲུབ་མེད།། དེ་ཕྱིར་བུད་མེད་སེམས་སུ་གྲོལ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། བུད་མེད་སེམས་སུ་གྲོལ་བའི་ལེའུ་སྟེ་གོ་བཞི ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། རྣལ་འབྱོར་སེམས་ལ་ཇི་ལྟར་རྫོགས།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། རྣལ་འབྱོར་སེམས་ལ ་རྫོགས་ལུགས་ནི།། སྤྱིར་ནི་རྣལ་འབྱོར་རྣམ་བཞི་སྟེ།། ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་།། རྩལ་ཆེན་རྫོགས་པའི་རྣལ་འབྱོར་དང་།། མོས་པ་སྤྱོད་པའི་རྣལ་འབྱོར་དང་།། དོན་དམ་པ་ཡི་རྣལ་འབྱོར་བཞི།། ལུང ་ཆེན་ཐོབ་པའི་རྣལ་འབྱོར་ནི།། ཀུན་ཏུ་བཟང་པོ་སྐྱེ་མེད་ཀློང་།། རྡོ་རྗེ་སེམས་དཔའི་ཐུགས་ཀྱི་རྟོགས།། རྡོ་རྗེ་སེམས་དཔའི་ཐུགས་དགོངས་དེ།། ཨུ་རྒྱན་དགའ་རབ་རྡོ་རྗེས་ཐོབ།། ལུང་ཆེན་ཐོབ་པའི་རྣལ་འབྱོར ་རོ།། རྩལ་ཆེན་རྫོགས་པའི་རྣལ་འབྱོར་ནི།། སྐྱེ་ཤི་མེད་པའི་རྩལ་རྣམས་རྫོགས།། རྒྱལ་བའི་བཀའ་ཡི་དབང་ཡང་རྫོགས།། རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ།། མོས་པ་སྤྱོད་པའི་རྣལ་འབྱོར་ནི།། དམ་པའི་བཀའ ་ཕྱིར་འབྲང་བའི་འདུན་པ་དེ་ནི་རྣལ་འབྱོར་ཡིན།། ཆགས་སྡང་ལྔ་ལ་སྤྱོད་ཅིང་ཆགས།། དམ་པའི་རྣལ་འབྱོར་ཡང་མ་ཡིན།། ཡང་དག་དོན་གྱི་རྣལ་འབྱོར་ནི།། རྣལ་ནི་སྐྱེ་མེད་འགྱུར་མེད་རྣལ།། འབྱོར ་ནི་སྙིང་པོའི་ཀློང་དུ་འབྱོར།། རྣལ་ནི་གཞི་གནས་རང་བཞག་པ།། འབྱོར་ནི་ཆོས་ཉིད་ཀློང་དུ་འབྱོར།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། རྣལ་འབྱོར་སེམས་ལ་རྫོགས་པའི་ལེའུ་སྟེ་གོ་ལྔ ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། སྒོ་ལྔ་ཟང་ཐལ་ཇི་ལྟར་ལགས།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་འདི་སྐད་གསུངས།། སྒོ་ལྔ་ཡེ་ཤེས་ཟང་ཐལ ་ནི།། གསལ་འགྲིབ་མེད་པའི་ཡེ་ཤེས་ནི།། མིག་གི་རྣམ་ཤེས་ཟང་ཐལ་ཡིན།། དྲི་མ་མེད་པའི་ཡེ་ཤེས་ནི།། སྣ་ཡི་རྣམ་ཤེས་ཟང་ཐལ་ཡིན།། སྒྲིབ་པ་མེད་པའི་ཡེ་ཤེས་ནི།། རྣ་བའི་རྣམ་ཤེས་ཟང་ཐལ་ཡིན།། འགྱུར ་བ་མེད་པའི་བྱང་ཆུབ་སེམས།། ལྕེ་ཡི་རྣམ་ཤེས་ཟང་ཐལ་ཡིན།། སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས།། ལུས་ཀྱི་རྣམ་ཤེས་ཟང་ཐལ་ཡིན།། སྒོ་ལྔ་བྱང་ཆུབ་སེམས་སུ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར ་གྱི་རྒྱུད་ལས། སྒོ་ལྔ་ཟང་ཐལ་གྱི་ལེའུ་སྟེ་གོ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། འགག་མེད་ཡེ་ཤེས་ཇི་ལྟར་ལགས།། ཀུན་ཏུ་བཟང་པོས་འཁོར་ལ་བཀའ ་སྩལ་པ།། སྣང་བ་མ་འགགས་རང་སྣང་ཆོས་ཀྱི་དབྱིངས།། རིག་པ་མ་འགགས་རང་བྱུང་ཡེ་ཤེས་སོ།། ཕྱི་ནང་གཉིས་མེད་དབྱེར་མེད་ཡེ་ཤེས་སོ།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། མ་འགགས ་རང་སྣང་བའི་ལེའུ་སྟེ་གོ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་གསོལ།། མཚན་ཉིད་སྡེ་གསུམ་ཇི་ལྟར་རྫོགས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། མཚན་ཉིད་སྡེ ་གསུམ་རྫོགས་ལུགས་ནི།། དེ་ལ་ཉན་ཐོས་རྫོགས་ལུགས་ནི།། ཉན་ནི་སྐྱེ་མེད་དོན་ལ་གནས།། ཐོས་ནི་འགྱུར་བ་མེད་པར་ཐོས།། གཟུང་འཛིན་གཉིས་མེད་དབྱེ་བསལ་མེད།། དེ་ཕྱིར་ཉན་ཐོས་སེམས་ལ ་རྫོགས།། རང་རྒྱལ་རྫོགས་པའི་རྫོགས་ལུགས་ནི།། རང་ནི་ངང་དངས་ཆོས་ཀྱི་སྐུ།། རྒྱལ་ནི་ཆགས་སྡང་གཉིས་ལས་རྒྱལ།། དགག་བསྒྲུབ་གཉིས་མེད་བྱང་ཆུབ་སེམས།། དེ་ཕྱིར་རང་རྒྱལ་སེམས་ལ་རྫོགས།། མདོ ་སྡེ་བྱང་སེམས་རྫོགས་ལུགས་ནི།། མདོ་ནི་ཐེག་པའི་སྤྱི་མདོ་སྟེ།། སྡེ་ནི་སེམས་ཀྱི་རྣམ་གྲངས་ཏེ།། བྱང་ནི་འུབ་ཆུབ་ཀློང་དུ་བྱང་།། སེམས་ནི་འགྱུར་མེད་དོན་ལ་སེམས།། ཐེག་ནི་བརྒྱད་ཁྲི་བཞི་སྟོང་ཐེག། པ་ནི་སྠི་ཏི ་ཡོ་གར་པ།། དེ་ཕྱིར་མདོ་སྡེ་སེམས་ལ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་ཀྱི་རྒྱུད་ལས། མཚན་ཉིད་སྡེ་གསུམ་སྤྱི་ཏིར་བསྟན་པའི་ལེའུ་སྟེ་གོ་བརྒྱད་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། གསང་སྔགས་ཕྱི་རྒྱུད་ཇི་ལྟར་རྫོགས།། ཞེས་ཞུས་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཀྲི་ཡའི་ཐེག་པའི་རྫོགས་ལུགས་ནི།། ཀྲི་ནི ་སྙིང་པོའི་ཀློང་ན་འགྱུར་མེད་ཀྲི།། ཡ་ནི་སྐྱེ་བ་མེད་པའི་ཡ།། ཐེག་པ་བརྟན་ཞིང་མི་འགྱུར་བའོ།། ཕྱི་དག་ནང་དག་གསང་བ་དག། ཀྲི་ཡའི་ཐེག་པ་སེམས་ལ་རྫོགས།། ཨུ་པ་ཡ་ཡི་ཐེག་པའི་རྫོགས་ལུགས་ནི།། ཨུ་ནི ་སྐྱེ་བ་མེད་པ་ཡིན།། པ་ནི་འགག་པ་མེད་པ་ཡིན།། ཡ་ནི་ཡང་བལྟ་མར་སྤྱོད་སྐྱེ་འགག་མེད།། ཨུ་པ་བྱང་ཆུབ་སེམས་ལ་རྫོགས།། ཡོ་གའི་ཐེག་པའི་རྫོགས་ལུགས་ནི།། ཡོ་ནི་མ་ལུས་ཀུན་གཞིའི་ཀློང་།། ག་ནི་སྣང ་ཚུལ་ཀློང་དུ་ཐིམ།། སྐྱེ་འགག་གཉིས་མེད་དབྱེ་གསལ་མེད།། སུམ་བཅུ་རྩ་ལྔའི་ལྷ་ཚོགས་རྣམས།། ཆོས་ཉིད་བྱང་ཆུབ་སེམས་ལ་རྫོགས།། ཕྱི་རྒྱུད་སྡེ་གསུམ་སེམས་ལ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར ་གྱི་རྒྱུད་ལས། ཕྱི་རྒྱུད་སྡེ་གསུམ་རྫོགས་པའི་ལེའུ་སྟེ་གོ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ནང་རྒྱུད་སྡེ་གསུམ་བསྟན་པ་ཡི།། དེ་ཡི་རྫོགས་ལུགས་ཇི་ལྟར ་ལགས།། ཞེས་ཞུས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། མ་ཧ་ཡོ་གའི་རྫོགས་ལུགས་ནི།། མ་ནི་སྙིང་པོ་དོན་གྱི་མ།། ཧཱ་ནི་རྩལ་སྣང་བུ་ཡིན་ཏེ།། མ་འགགས་བུ་ཡི་ལྷ་ཚོགས་རྣམས།། མ་ནི་སྐྱེ་མེད་ཆོས་ཉིད ་ལ།། ཧཱ་ནི་སྣང་བའི་ཐབས་ཡིན་ནོ།། ཡོ་གས་གཉིས་མེད་རྩིས་གདབ་མེད།། བཞི་བཅུ་རྩ་གཉིས་སེམས་ལ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུ་ལས། མ་ཧཱ་ཡོ་གའི་རྫོགས་ལུགས་བསྟན་པའི་ལེའུ ་སྟེ་བརྒྱ་ཐམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ཨ་ནུ་ཡོ་ག་ཇི་ལྟར་རྫོགས།། ཞེས་ཞུས་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཨ་ནུ་ཡོ་གའི་རྫོགས ་ལུགས་ནི།། ཨ་ནི་སྐྱེ་མེད་བྱང་ཆུབ་སེམས།། ནུ་ནི་འགག་མེད་ཡེ་ཤེས་ཡིན།། ཡོ་ནི་སྣང་སྲིད་ཆོས་དབྱིངས་ལ།། ག་ནི་ཡེ་ཤེས་སྐྱེ་མེད་དོ།། དབྱིངས་དང་ཡེ་ཤེས་གཉིས་མེད་དེ།། ཆོས་ཉིད་བྱང་ཆུབ་སེམས་ལ ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས།། ཨ་ནུ་ཡོ་ག་སེམས་ལ་རྫོགས་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད ་ཞུས།། ཨ་ཏི་ཡོ་གའི་ཐེག་པ་ཇི་ལྟར་རྫོགས།། ཞེས་གསོལ་པ་དང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཨ་ཏི་ཡོ་ག་རྫོགས་ལུགས་ནི།། ཨ་ནི་མ་སྐྱེས་སྙིང་པོའི་ཀློང་།། ཏི་ནི་བསྟན་པ་མི་འགྱུར་བ།། ཡོ་ནི་ཐེག ་པ་སྤྱི་བསྡུས་ཡིན།། ག་ནི་འགྱུར་མེད་ཆོས་ཀྱི་སྐུ།། ཐེག་པ་རྫོགས་པ་ཆེན་པོའོ།། རྫོགས་པ་འཁོར་འདས་སྣང་སྲིད་རྫོགས།། ཆེན་པོ་འགྲན་ཟླ་མེད་པས་ཆེ།། རྫོགས་ཆེན་བྱང་ཆུབ་སེམས་ལ་རྫོགས།། ཞེས་གསུངས ་སོ།། སྣང་སྲིད་ཁ་སྦྱོར་ལས། སེམས་ལ་རྫོགས་ཆེན་རྫོགས་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །། སས་སྟཱ་ཏ་ཨི་ལ་ཨ་སཾ་དྷརྨཱ་ཨ་ཏི་གྷ་ཨ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང ་ཉིད་ལ་འདི་སྐད་ཞུས།། སྤྱི་ཏི་ཡོ་གའི་ཐེག་པ་རུ།། ཐེག་པ་ཐམས་ཅད་ཇི་ལྟར་རྫོགས།། ཞེས་གསོལ་པ་དང་།། དེ་ནས་སྟོན་པ་ཀུན་བཟང་དེས།། རིན་པོ་ཆེ་འོད་བརྡའ་སྦྱོར་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་བཞུགས ་སོ།། དེ་ལས་བཞེངས་ནས་འཁོར་ལ་འདི་སྐད་གསུངས།། ང་ཡི་སྠི་ཏི་ཡོ་ག་འདིར།། ཐམས་ཅད་མ་ལུས་ཡོངས་སུ་འདི་ལྟར་རྫོགས།། སྙིང་པོ་རྩལ་སྣང་བརྟགས་ཞེན་མིང་ཚིག་རྫོགས།། སྣང་སྲིད་སྐྱེ་འགུལ་འཁོར ་འདས་གཉིས་སྣང་རྫོགས།། ཐམས་ཅད་སྐྱེས་འབྱུང་འཁོར་བའི་ས་བོན་རྫོགས།། བྱས་པས་མ་ཟིན་འཁོར་བའི་ལས་རྣམས་རྫོགས།། བསྒྲུབས་པས་མི་འགྲུབ་ཡིད་སྨོན་རེ་དོགས་རྫོགས།། ཕྱི་ནང་དགག་བསྒྲུབ་སྤང ་ལེན་གཟུང་འཛིན་གཉིས་སྣང་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། འཁོར་བའི་ལས་རྣམས་རྫོགས་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བརྒྱད ་ཁྲི་བཞི་སྟོང་ཇི་ལྟར་རྫོགས།། ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས།། བརྒྱད་ཁྲི་བཞི་སྟོང་ཐེག་པ་ཡང་།། ང་ཡི་སྤྱི་ཏི་ཡོ་གར་རྫོགས།། ཐེག་པ་རིམ་དགུའི་ལྟ་བ་གྲུབ་མཐའ་རྫོགས།། དཀྱིལ ་འཁོར་དབང་དང་དམ་ཚིག་གྲུབ་མཐའ་རྫོགས།། སྡོམ་པ་བསླབ་པ་ཉན་ཐོས་འདུལ་ཁྲིམས་རྫོགས།། ས་དང་ལམ་དང་ཕ་རོལ་ཕྱིན་དྲུག་རྫོགས།། ས་བཅུ་སྨོན་ལམ་ཡིད་སྨོན་རེ་དོགས་རྫོགས།། བྱིན་རླབས་དངོས ་གྲུབ་ཚོགས་དང་དབང་ཡང་རྫོགས།། མཆོད་དང་བསྟོད་དང་འགྱོད་ཚངས་སྒྲིབ་སྦྱངས་རྫོགས།། སྣང་བ་དབྱེ་བསལ་མེད་པར་རྫོགས།། སྲིད་པ་སྐྱེ་བ་མེད་པར་རྫོགས།། ཡིད་གཉིས་གཟུང་འཛིན་མེད་པར ་རྫོགས།། རིག་པ་དང་དངས་ཆེན་པོར་རྫོགས།། སེམས་རྟོགས་རང་བརླག་ཆེན་པོར་རྫོགས།། བློས་བཏགས་རང་སངས་ཆེན་པོར་རྫོགས།། ཡུལ་སེམས་རྩིས་གདབ་མེད་པར་རྫོགས།། ཕྱི་ནང་གཉིས་སུ་མེད་པར ་རྫོགས།། ཚ་ཚ་བསྐོར་བ་མར་མེ་སྦྱིན་གཏོང་རྫོགས།། ཟ་འཆག་ཆུ་གཏོར་སྨོན་ལམ་ཡིད་སྨོན་རྫོགས།། མནོས་ཚད་ཤེས་ཚད་མ་ལུས་རྫོགས།། ཐམས་ཅད་སྠི་ཏི་ཡོ་གར་རྫོགས།། ཐམས་ཅད་ཡོད་ཚད་རྫོགས ་པའི་སྤྱི་ཏི་ཡོ་ག་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། ཐམས་ཅད་སྤྱི་ཏི་ཡོ་གར་རྫོགས་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད ་ཞུས།། སྠི་ཏི་སེམས་ལ་ཇི་ལྟར་རྫོགས།། ཞེས་གསོལ་པ་དང་། ཀུན་བཟང་འཁོར་ལ་འདི་སྐད་གསུངས།། སྠི་ཏི་སེམས་ལ་རྫོགས་ལུགས་ནི།། སྤྱི་ནི་ཡོད་ཚད་མ་ལུས་ལ།། ཏི་ནི་སྙིང་པོ་ཀློང་དུ་འགྱུར།། སྤྱི་ནི་རིག ་ཡིན་སེམས་རྟོག་སྟེ།། ཏི་ནི་སྙིང་པོ་ཀློང་དུ་གྱུར།། ཡོ་ནི་མ་ལུས་དབྱེར་མེད་རྩིས་གདབ་མེད།། ག་ནི་སྙིང་པོ་ཆོས་ཉིད་ཀློང་ནས་འཆར།། དེ་ཕྱིར་ཐེག་པ་ཐམས་ཅད་ཟིལ་གྱིས་གནོན།། དེ་ཕྱིར་སྤྱི་ཏི ་སེམས་ལ་རྫོགས།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སེམས་ལ་སྠི་ཏི་རྫོགས་ལུགས་བསྟན་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ ་འདི་སྐད་ཞུས།། སྤྱི་ཏི་ཤེས་པས་ཡོ་ག་ཤེས་གྱུར་རམ།། སྟོན་པས་འཁོར་ལ་འདི་སྐད་གསུངས།། སྠི་ཏི་ཡོ་ག་ཤེས་རྟོགས་ན།། ཐམས་ཅད་མ་ལུས་ཤེས་པར་འགྱུར།། སྤྱི་ཏི་ཡོ་ག་ཤེས་ན་ཐེག་པ་མཐའ་དག ་ཤེས།། སྠི་ཏི་ཡོ་ག་རྟོགས་ན་ལྟ་བ་མཐའ་དག་རྟོགས།། སྠི་ཏི་ཡོ་ག་གྲུབ་ན་དངོས་གྲུབ་ཐམས་ཅད་གྲུབ།། སྠི་ཏི་ཡོ་ག་གོ་ན་ཐེག་པའི་ལ་ཤན་གོ། སྨོན་པའི་སངས་རྒྱས་ས་ལ་སླེབས།། དཔེར་ན་འདི་ལྟར་གོ་བར ་གྱིས།། མཆོག་རབ་རྩེ་ནས་བལྟས་པས་རི་ཕྲན་རི་བོ་ཐམས་ཅད་མཐོང་།། རྒྱ་མཚོ་ཆེན་པོར་བལྟས་པས་ཆུ་ཕྲན་ཐམས་ཅད་མཐོང་།། སྡོང་པོ་རྩ་བ་ཆོད་པས་ཡལ་གཡོ་ག་སྐམས།། འདམ་བུ་གཅིག་ཁོག་སྟོང ་པས་ཐམས་ཅད་སྟོང་།། འབྱུང་བ་ནམ་མཁའི་ངང་ནས་འབྱུང་བ་བཞི་ཡང་གསལ།། སྐྱུ་རུ་ར་གཅིག་སྒྱུར་ན་ཀུན་ཀྱང་སྒྱུར་བར་གོ།། ཉི་ཟླ་གཉིས་མཐོང་གཟའ་སྐར་ཐམས་ཅད་གསལ།། གསེར་གཅིག་ངོ་ཤེས་པས ་གསེར་ཐམས་ཅད་རྒྱུ་གཅིག་གོ། ནོར་བུ་རིན་ཆེན་རྙེད་ན་དགོས་འདོད་ཐམས་ཅད་འབྱུང་།། ཟ་འོག་གཅིག་ཡོད་དར་སྣ་སྣ་ཚོགས་ཡོད།། ཐེག་པའི་རྒྱལ་པོ་སྤྱི་ཏི་འདི་འཆང་ན།། ཐེག་པ་མ་ལུས་མཐའ་དག་འཆང ་བར་འགྱུར།། ཚིག་གཅིག་ཤེས་ན་ཚིག་ཀུན་ཤེས་པར་འགྱུར།། དོན་གཅིག་ཤེས་ན་ཡོན་ཏན་ཀུན་གྱི་བདག། ཅེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས།། སྤྱི་ཏི་ཡོ་ག་རྟོགས་པས་ཀུན་ཤེས་པར་བསྟན་པའི ་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། སྠི་ཏིའི་འབྲས་བུ་ཇི་ལྟར་རྫོགས།། ཞེས་གསུངས་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྠི་ཏི་ཡོ་གའི་འབྲས་བུ་ལ།། བལྟ་རུ་མེད ་པས་ལྟ་བ་དེ་བལྟས་པས།། མཐོང་དུ་མེད་པའི་ཆོས་ཉིད་བྱང་སེམས་མཐོང་།། མཐོང་བའི་དུས་སུ་དངོས་མེད་རང་སར་དངས།། བསྒོམ་དུ་མེད་པས་སྒོམ་པ་དེ་བསྒོམས་པས།། ཞི་རྒྱུ་མེད་པའི་རྣམ་རྟོག་གཟུང་འཛིན ་ཞི།། སྤྱོད་དུ་མེད་པའི་དོན་ལ་རང་སྤྱོད་པས།། བྱ་བ་མེད་པའི་ལས་རྣམས་ཐམས་ཅད་འགྲུབ།། བསྒྲུབ་ཏུ་མེད་པའི་འབྲས་བུ་དེ་བསྒྲུབས་པས།། ཐོབ་ཏུ་མེད་པའི་སྐུ་གསུམ་ལྷུན་གྲུབ་ཐོབ།། འགྱུར་དུ་མེད་པའི ་སེམས་ཉིད་མངོན་དུ་འགྱུར།། སངས་དུ་མེད་པའི་མ་རིག་མུན་པ་སངས།། ཤར་དུ་མེད་པའི་ཡེ་ཤེས་ཉི་མ་ཤར།། རྒྱས་སུ་མེད་པའི་སྙིང་པོ་ཀློང་ན་རྒྱས།། རྩོལ་བསྒྲུབ་མེད་པའི་ངང་དངས་ཆོས་སྐུ་ཐོབ།། བསྟན་པའི ་སྙིང་པོ་ཀློང་ཡང་བསྟན།། མི་འགྱུར་གདེང་ལྡན་སྣང་སྲིད་རྒྱ་ཡིས་ཐེབ།། སྐྱེ་མེད་ཀློང་ནས་འགྱུར་མེད་ཆོས་སྐུ་ཐོབ།། སྣང་གསལ་དངོས་མེད་ལོངས་སྤྱོད་རྫོགས་སྐུར་འགྱུར།། སྣ་ཚོགས་གཉིས ་མེད་ཐུགས་རྗེ་སྦྲུལ་སྐུའོ།། སྐུ་གསུམ་དབྱེར་མེད་གཅིག་སྟེ་ངོ་བོ་ཉིད་ཀྱི་སྐུ།། ཐམས་ཅད་དབྱེར་མེད་རྡོ་རྗེ་ལྟ་བུའི་སྐུ།། སྐུ་ལྔ་ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ཐོབ།། ཐོབ་པ་དེ་ཡང་རེ་ཞིག་པའོ།། ཞེས་གསུངས ་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། སྠི་ཏིའི་འབྲས་བུ་ཐོབ་ལུགས་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། མཚན་དང་གཏད་རྒྱ ་གང་ལ་གཏད།། ཅེས་གསོལ་པ་དང་།། སྟོན་པས་འཁོར་ལ་བཀའ་སྩལ་པ།། རྒྱུད་ཀྱི་རྒྱལ་པོའི་མཚན་དང་གཏད་རྒྱ་ནི།། སྣང་སྲིད་གཉིས་མེད་ཀློང་སྦྱོར་རྒྱུད་ཀྱི་རྒྱལ་པོ་ཡིན།། ཉོན་མོངས་བདུད་ལས་ཆོས་ཉིད་རྩིས ་བཏུལ་བས།། བདུད་རྩི་ནད་སེལ་རྒྱུད་ཀྱི་རྒྱལ་པོ་ཡིན།། ཁམས་གསུམ་འཁོར་བའི་ནང་ལ་གདམས་ངག་བཅུད་ཐིགས་པས།། བཅུད་ཐིགས་སྨན་སྦྱོར་རྒྱུད་ཀྱི་རྒྱལ་པོ་ཡིན།། འཁོར་བ་ཐོག་མཐའ་མ་ལུས་གཅོད ་མཛད་པའི།། གཟེང་ཆེན་སྤུ་གྲི་རྒྱུད་ཀྱི་རྒྱལ་པོ་ཡིན།། ཐེག་པ་སྤྱི་ཡི་དོན་རྣམས་སྟོན་པའི་ཕྱིར།། སྤྱི་ཏི་ཡོ་ག་རྒྱུད་ཀྱི་རྒྱལ་པོ་ཡིན།། ཐེག་པ་སྤྱི་ཡི་འཕྲང་རྣམས་སེལ་བའི་ཕྱིར།། འཕྲང་སོལ་གོ་འབྱེད་རྒྱུད་ཀྱི་རྒྱལ་པོ ་ཡིན།། བརྒྱད་ཁྲི་བཞི་སྟོང་བལྟ་བསྒོམ་འབྱེད་པའི་ཕྱིར།། འཕྲུལ་གྱི་ལྡེ་མིག་རྒྱུད་ཀྱི་རྒྱལ་པོ་ཡིན།། དགོས་འདོད་མ་ལུས་འདི་ལས་འབྱུང་བའི་ཕྱིར།། ནོར་བུ་རིན་ཆེན་རྒྱུད་ཀྱི་རྒྱལ་པོ་ཡིན།། རེ་ཞིག་རྒྱུད་ཀྱི་མཚན ་ནི་དེ་ལྟར་རོ།། ཞེས་གསུངས་སོ།། རྒྱུད་འདི་གཏད་པའི་གང་ཟག་ནི།། ཕྱོགས་རིས་ཆུང་ལ་དད་པ་ཆེ།། སེར་སྣ་ཆུང་ལ་གཏོང་ཕོད་ཆེ།། ཉོན་མོངས་ཆུང་ལ་ཤེས་རབ་ཆེ།། ཆགས་ཞེན་ཆུང་ལ་དམ་ཚིག་ཆེ།། དེ་ལ ་ད་ཀྱི་རྒྱལ་པོ་གཏད།། སློབ་དཔོན་སྙིང་ལ་སེམས་པ་དང་།། གདམས་ངག་སྲོག་བཞིན་འཆང་བ་ལ།། རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གཏད།། དམ་ཚིག་གཞུང་བསྲང་རྣམ་སྨིན་འཛེམ།། དམ་པའི་ཆོས་ཀྱི་དོན་དུ ་ནི།། ལུས་སྲོག་ཕངས་པ་མེད་པར་གཏོང་།། རིན་ཆེན་གསེར་ལ་སོགས་པ་འདོད་པའི་དོན།། མ་ཆགས་སེར་སྣ་མེད་པས་འབུལ།། དེ་ལ་རྒྱུད་ཀྱི་རྒྱལ་པོ་བཤད་ཅིང་གཏད།། བློ་ཆེ་བློ་ཡངས་བློ་རྣོ་བློ་ཟབ་ལ།། རྒྱུད ་ཀྱི་རྒྱལ་པོ་བཤད་ཅིང་གདམས་ངག་གཏད།། དམ་ཚིག་མེད་ལ་སྙིང་རྗེ་ཆུང་།། ཤེས་རབ་མེད་ལ་འདོད་པ་ཆེ།། གདུང་སེམས་མེད་ལ་གྲོགས་མཆེད་བསླུ།། བརྩོན་འགྲུས་ཆུང་ལ་ཆགས་སྡང་ཆེ།། མ་ཐོབ་བར་དུ་ངོ ་དགའ་ཁ་བསགས་རྒྱུ་ཡིས་འབྲེལ།། ལག་ཏུ་ཐོབ་ན་ཟོང་དུ་འཚོང་།། དམ་མེད་ཁྲེལ་མེད་ཐབས་ཀྱིས་འདོད་པ་ལ།། མ་སྦྱིན་སྡིག་པའི་གནས་སུ་འགྱུར།། དེ་ལྟ་བུ་ལ་བྱིན་གྱུར་ན།། ངམ་ཤོད་གླིང་གི་དུར་ཁྲོད ་ན།། མཁའ་འགྲོ་བཀའ་སྲུང་ཆོས་སྐྱོང་ཚོགས།། དེ་ནི་མ་ཤིའི་སྔོན་རོལ་དུ།། ཤ་ཁྲག་རློན་པར་བཟའ་བར་བྱེད།། ཕྱི་མར་གཉིས་ཀ་དམྱལ་བར་ལྷུང་།། རྒྱ་མཚོར་དུག་སྦྱོར་སྡིག་པས་ཆར་མི་ཕོད།། དེ ་བས་མི་བསྟན་གསང་བར་འོས།། སྣོད་མེད་རྣམས་ཀྱི་ཆོས་མ་ཡིན།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། མཚན་དང་གཏད་རྒྱ་སྣོད་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོ།། །། དེ ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་ཞུས།། ནམ་ཞིག་དུས་ནི་ཕྱི་མ་ལ།། རྒྱུད་འདི་འབྱུང་བའི་དུས་ནི་ཇི་ལྟར་ལགས།། ཞེས་གསོལ་པ་དང་།། མ་འོངས་དུས་སུ་འབྱུང་བ་ཡི།། དེ་དུས་མངོན ་པར་ཤེས་པས་མཁྱེན།། རྒྱུད་ཀྱི་རྒྱལ་པོ་འབྱུང་དུས་སུ།། སྐུ་དང་གསུང་གི་བསྟན་པ་ནུབ།། བདེ་གཤེགས་བཀའ་ཡི་བྱིན་རླབས་ཡལ།། ཐུགས་ཀྱིས་བསྟན་པ་དར་བའི་ཚེ།། དེ་ཚེ་ང་ཡི་རྒྱུད་འདི་འབྱུང་།། གནས ་གཞི་འཐབ་རས་བསྐོར་བ་དང་།། ཆེ་བཙུན་སྡེ་འཁྲུག་བྱེད་པ་དང་།། དགེ་སློང་ཚོང་དཔོན་བྱེད་པ་དང་།། ཆོས་གོས་འོག་ཏུ་གྲི་འཛུགས་དང་།། བཙུན་མ་བུ་ཆུང་འཚོ་བ་དང་།། བཙུན་ཆེན་ཆུང་མ་ལེན་པ་དང་།། ཆེ ་བཙུན་དུག་སྦྱོར་བྱེད་པའི་དུས།། དེ་དུས་རྒྱུད་ཀྱི་རྒྱལ་པོ་འབྱུང་། བན་མེད་སྐྱེ་མེད་ནག་པོ་གོན་པའི་དུས།། ལྷམ་བུ་རེ་བས་བྱེད་པའི་དུས།། ཕོ་རུ་ས་རུས་བྱེད་པའི་དུས།། གོས་ལ་སྣུམ་གྱི་ཐིག་ལེ་བྱུགས།། ཕ་ཟེར ་བུ་ཡང་མི་ཉན་ཏེ།། མི་རྣམས་གཡོ་སྒྱུས་འཚོ་བའི་དུས།། ཆགས་སྡང་ལྔ་དང་མ་བྲལ་བར།། ལྟ་བ་ཁ་ཁྱེར་ཞེན་པ་མ་ལོག་པར།། རྣལ་འབྱོར་སྟོན་པ་བྱེད་པའི་དུས།། ད་ལྟ་སངས་རྒྱས་ཡིན་སྨྲ་བ།། ཆོས་སུ་རྫོགས ་ཆེན་དར་བའི་དུས།། སྟོན་པ་རྣལ་འབྱོར་བྱེད་པའི་དུས།། དེ་དུས་རྒྱུད་ཀྱི་རྒྱལ་པོ་འབྱུང་།། བདེ་གཤེགས་བྱིན་གྱིས་བརླབ་མི་ཐུབ།། འབྱུང་བ་ས་ཡིས་གསེར་མི་ཐུབ།། མཁའ་འགྲོ་གཏད་པའི་གཏེར་མི་ཐུབ།། སྐྱེ ་འགྲོས་བློ་གཏད་གཉེར་མི་ཐུབ།། དེ་དུས་རྒྱུད་ཀྱི་རྒྱལ་པོ་འབྱུང་།། ཞེས་གསུངས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་རྫོགས་སོ།། །། སློབ་དཔོན་པདྨས ་བཤད། ཞུ་ཆེན་གྱི་ལོཙྪ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པའོ།། །། @#།། རྒྱ་གར་སྐད་དུ། རཏྣ་ར་ས་ཨ་ཏི་ཧྲྀ་ད་ཡ་ཨཱ་དི་ཨནྟ་རཛྫཙྪེ་ད་པྲ་པཉྩཙྪེ་ད་མཱུ་ལ་ཏནྟ། བོད ་