| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ས་མ་དྷྱེ་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། སྤྱན་རས་གཟིགས་སེང་གེ་རྣམ་པར་རྩེ་བ་དང་མཁའ་འགྲོ་རྣམས་ཀྱིས་རབ་ཏུ་བསྐོར། རང་བྱུང་བྱིན་རླབས་སྟོན་པའི་དུས་བྱིན ་གྱིས་རླབས་ཀྱི་ཡེ་ཤེས་ཤར་བའི་ཚེ་བསྟན་པ་རང་སྣང་ཤུགས་ཆོད་ལ།། ཏིང་འཛིན་རྩེ་གཅིག་རྒུད་པའོ།། དེ་ནས་མཁའ་འགྲོ་ཉི་མའི་ཕྲེང་བ་ཡིས།། ཆོས་ཉིད་བརྡལ་བའི་ཕོ་བྲང་དུ།། བཅོམ་ལྡན་ཀུན་ཏུ་བཟང་པོ ་ལ།། བལྟ་བ་རྐྱེན་ཐབས་ཇི་ལྟར་ལགས།། བསམ་གཏན་རྐྱེན་ཐུབ་ཇི་ལྟར་ལགས།། སྤྱོད་པ་རྐྱེན་ཐུབ་ཇི་ལྟར་ལགས།། གཉིད་ལོག་རྐྱེན་ཐུབ་ཇི་ལྟར་ལགས།། རྨི་ལམ་རྐྱེན་ཐུབ་ཇི་ལྟར་ལགས།། བར་དོ་རྐྱེན་ཐུབ ་ལྟར་ལགས།། ཡེ་ཤེས་རྐྱེན་ཐུབ་ཇི་ལྟར་ལགས།། འབྲས་བུ་རྐྱེན་ཐུབ་ཇི་ལྟར་ལགས།། བག་ཆགས་རྐྱེན་ཐུབ་ཇི་ལྟར་ལགས།། འཁྲུལ་པ་རྐྱེན་ཐུབ་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ།། ་ཉོན་ཅིག་མཁའ་འགྲོ་ཉི་མའི་ཕྲེང་།། ང་ཡིས་ཁྱོད་ལ་བསྟན་པར་བྱ།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། ཞུས་པ་དང་ལན་གནང་བའི་ལེའུ་སྟེ་དང་པོའོ།། །། ཀུན་ཏུ་བཟང་པོས ་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ལྟ་བ་རྐྱེན་ཐུབ་མི་ཐུབ་གཉིས།། རྐྱེན་ཐུབ་འདི་ལྟར་ཤེས་པར་གྱིས།། རང་སྣང་ཐིག་ལེའི་ཀློང་ཆེན་ལ།། རྒྱུ་མེད་པ་ལ་རྐྱེན་མེད་པས།། ཕྱི་ནང་མེད་པར་ལྟ་བའི ་གདེང་།། ཟང་ཐལ་ཤར་བས་གཉེན་པོ་མེད།། སྐྱེ་མེད་རྡོ་རྗེ་རང་སྣང་བ།། གཉེན་པོས་ཆོམས་པའི་སྐབས་མེད་པས།། ལྟ་བ་ཀློང་ཆེན་རྩོལ་བསྒྲུབ་གྲོལ།། ཡེ་གྲོལ་ཐིག་ལེ་རང་ལ་ཤར།། མ་བྱས་རང་སྒོ་ལྟ་བས ་མཆོག། རྐྱེན་མེད་རྣམ་དག་འུབ་ཆུབ་ཀློང་།། ཕྱི་ནང་མེད་པས་མན་ཤེལ་འདྲ།། དཔེ་ཟླ་མེད་པས་ནམ་མཁའ་འདྲ།། རྒྱུ་རྐྱེན་མེད་པས་ཉི་མ་འདྲ།། ཐམས་ཅད་རྫོགས་པས་ནོར་བུ་འདྲ།། ལྟ་བ་ལྐོག་འགྱུར་སྟོང་ཉིད ་མཁན།། ད་ལྟ་སྦྱངས་ནས་ཕྱི་དུས་འདེབས།། སངས་རྒྱས་ཕྱི་དུས་མཁན་པོ་དེ།། ལྟ་བ་རྐྱེན་ཁར་ཤོར་བ་ཡིན།། རྐྱེན་ཐུབ་རྐྱེན་ཉིད་ལས་གྲོལ་བ།། གཉིས་མེད་ལྟ་བ་རང་ལ་སྣང་།། དེ་ནི་ལྟ་བ་རྐྱེན་ཐུབ་ཡིན།། ཞེས ་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། ལྟ་བ་རྐྱེན་མེད་ངོ་སྤྲོད་ཀྱི་ལེའུ་སྟེ་གཉིས་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ལ།། བསམ་གཏན ་རྐྱེན་ཐུབ་བསྟན་པ་ནི།། བསམ་གཏན་ཆེན་པོ་ཐུན་གཅིག་པོ།། བསམ་གཏན་རང་སྒོ་བྱིང་རྨུགས་སེལ།། རང་བྱུང་ཉམས་ལས་གྲོལ་བ་ཡིན།། རྩེ་གཅིག་ཡེ་ཤེས་ཉམས་ལས་གྲོལ།། ཉམས་མྱོང་བག་ཆགས་ཕྲག་དོག ་ཆུང་།། ཕྲ་མོའི་རྟོག་པ་རང་སར་དག། ཡེངས་པ་མེད་པ་རིག་པའི་གནད།། བྱིང་རྨུགས་རྒོད་དང་འཕྲོ་བ་རྣམས།། དགུག་པ་སེལ་བར་བྱ་མི་དགོས།། ཡེ་ཤེས་རང་ཤར་བྱིང་རྒོད་ཀྱང་།། རང་གྲོལ་འུབ ་ཆུབ་རྩེ་མོར་ཕྱིན།། ཐུན་ཚད་གཟུང་དུ་གཅིག་པོར་འདུས།། ཉག་གཅིག་རྟོགས་བསྒོམ་ཉམས་ལས་འདས།། ཡེ་ཤེས་བསྒོམ་པ་མ་ཡིན་ཏེ།། ཡེ་ཤེས་བསྒོམ་དུ་བློ་སྣང་མེད།། བློ་སྣང་བསྒོམ་པས་རྐྱེན་མི་ཐུབ།། ངོ་བོ ་བློ་སྣང་རང་སྒོ་དེ།། ཡེ་ཤེས་རང་ཤར་ཏིང་འཛིན་རྐྱེན་ཐུབ་ཡིན།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། རྩེ་གཅིག་རང་སྒོའི་ལེའུ་མཐའ་གྲོལ་རྐྱེན་ཐུབ་ཀྱི་ལེའུ་སྟེ་གསུམ ་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ།། སྤྱོད་པ་རྐྱེན་ཐུབ་བསྟན་པ་ནི།། རང་བྱུང་ཤུགས་བྱུང་སྤྱོད་པ་ནི།། སྣང་སྲིད་ཐུག་ཕྲད་ཤེས་པ་ནི།། ཤེས་རབ་ཐབས ་ཀྱི་སྤྱོད་པ་སྟེ།། བྱས་སྤྱོད་མ་ཡིན་རང་ཤར་ལ།། བཟང་རྟོགས་ངན་རྟོགས་ཚོགས་སུ་སྤྱོད།། སྤྱོད་མེད་རང་ཤར་འུབ་ཆུབ་དང་།། མཉམ་པར་ཤེས་པས་ཡུལ་མེད་དེ།། སྤྱོད་པ་སྤང་ལེན་རྐྱེན་མི་ཐུབ།། དུག་ལྔ་རང ་ཤར་བདེ་བར་སྤྱོད།། རང་བྱུང་གྲོགས་སུ་ཤར་བའི་རྐྱེན་རྣམས་ཐུབ།། སྣང་བ་འོད་གསལ་ཕྱི་ཡི་རྐྱེན་ཐུབ་ཡིན།། ཚོགས་དྲུག་རང་དག་ནང་གི་རྐྱེན་ཐུབ་ཡིན།། འགྱུ་བ་དངས་སངས་གསང་བའི་རྐྱེན་ཐུབ་ཡིན།། རོལ ་པ་རང་གྲོལ་ངོ་བོའི་རྐྱེན་ཐུབ་ཡིན།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། སྤྱོད་པ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཞི་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། གཉིད་ལོག་རྐྱེན་ཐུབ ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ལུང་མ་བསྟན་གྱི་གཉིད་དང་ནི།། དེ་ཉིད་གཉིད་ཀྱི་རྩ་བའོ།། རྩ་བའི་གཉིད་ནི་འདི་ལྟ་སྟེ།། ཐོག་མར་རང་ལུས་གྲུབ་ཙ་ན།། མཛོད་སྤུའི་སྒོ་རུ་བག་ཆགས་གཉིད།། མ ་ཡིས་ཤེས་རབ་དེ་ཡིས་རྩར།། འགྱུ་བའི་ཤེས་པ་བྱིང་བར་བྱེད།། གཉིད་ཀྱིས་གདམས་པ་དེ་ལྟར་ཤེས།། གཉིད་ལོག་རྟོག་པ་མེད་པ་ཡི།། ལྷུན་གྱིས་གྲུབ་པའི་སྤྱན་ཡིན་པས།། གཉིད་དེ་ཐིག་ལེའི་ཀློང་དུ ་གྲོལ།། ཐིག་ལེ་སྟོང་པར་ངོ་སྤྲད་ན།། གཉིད་ལོག་རྐྱེན་ཐུབ་ཞེས་བྱའོ།། ལུང་མ་བསྟན་གྱི་གཉིད་དག་ནི།། གཏི་མུག་མ་རྟོགས་ཤེས་པ་བག་ལ་ཞ།། ཡེ་ཤེས་མ་ཤར་འཁྲུལ་པར་མི་སྣང་བས།། ལུང་དུ་མ་བསྟན་རང ་གྲོལ་མ་ཤེས་པས།། གཉིད་ལོག་ལམ་བྱུང་རྨིས་པ་གསུམ།། རྨི་བ་འཁྲུལ་པ་བག་ཆགས་ཡིན།། འཁྲུལ་པའི་ངོ་བོ་འགྱུ་བ་རང་ཤར་ཡིན།། གཉིད་ཀྱི་གཞི་མ་མཛོད་སྤུར་ལོག། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ ་ཅན།། ཁྲག་གི་དྲོད་དང་ཐིག་ལེའི་རླུང་།། དེ་གསུམ་འདུས་པ་གཉིད་ཀྱི་རྒྱུ།། རྩ་དེ་སྙིང་ལ་ཟུག་པས་ན།། ངོ་བོ་རང་བཞིན་ཐུགས་རྗེ་ཡི།། འཁྲུལ་པའི་ངོ་བོ་འགྲུ་བ་རང་ཤར་ཡིན།། འགྱུ་བའི་གསང་ལམ་འགྲུས་ནས ་@ནི།། མཛོད་སྤུར་གཉིད་ནི་ཕེབས་པ་ནི།། སྙིང་སྨད་ཁྲག་གི་རྩ་དང་ནི།། སྙིང་སྟོད་ཐིག་ལེའི་རྩ་དང་ནི།། དབུས་ན་རླུང་གི་རྩ་གསུམ་གནས།། ཁྲག་གི་རྩ་ཡིས་རླུང་རྩ་མནན།། ཐིག་ལེའི་སྟེང་དུ་འགྲུ་བ ་ལོག། བསམ་གཏན་རང་ས་རྩ་རླུང་མནན།། ཤེས་རབ་ཡེ་ཤེས་རླུང་དུ་ངོ་སྤྲད་པས།། གཉིས་མེད་ཐིག་ལེ་རང་གྲོལ་ནས།། གཉིད་ལོག་རྐྱེན་ཐུབ་ཞེས་བྱའོ།། ཞེས་གསུངས་སོ།། བསམ་གཏན་རྩེ་གཅིག་གི་རྒྱུད ་ལས། གཉིད་ཐིག་ལེ་རང་སྣང་གི་ལེའུ་སྟེ་ལྔ་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྨི་ལམ་རྨིས་པ་རྐྱེན་ཐུབ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། ལམ་ནི་མཛོད་སྤུ་གསང་སྒོ་ཡིན།། ཤེས ་རབ་ཡེ་ཤེས་རླུང་གི་ལམ་མི་སྣང་།། རྨི་བ་རྣམ་པ་བཞི་ཡིན་ཏེ།། བག་ཆགས་གཉིད་ནི་མཐུན་པའི་རྨི་ལམ་ཡིན།། འཁྲུལ་པའི་གཉིད་ནི་དང་པོའི་དུས་ནས་ལྡང་།། མཚམས་སྦྱོར་ཚེ་སྔའི་གཉིད་རྨིའོ།། ཡེ་ཤེས་གཉིད ་ཀྱི་ངོ་སྤྲད་རྐྱེན་ཐུབ་པ།། འཁྲུལ་པའི་གཉིད་ནི་ཡེ་ཤེས་རླུང་གིས་གྲོལ།། མཚམས་སྦྱོར་ཚེ་སྔའི་རྨི་བས་གྲོལ།། བག་ནི་རྨིས་པ་རང་བྱུང་ཡེ་ཤེས་ཀྱི།། བག་ནི་ཐིག་ལེ་དཀར་དམར་རོ།། ཆགས་པ་རང་བྱུང་ཆེན་པོར ་སྤྲོསྤྱོད།། ཡེ་ཤེས་རྨིས་པ་རང་བྱུང་རླུང་དང་སྤྲོད།། ཤེས་རབ་རླུང་སྟེ་ཡེ་ཤེས་ཟང་ཐལ་རླུང་།། ཆགས་པ་འགྱུ་བའི་ཐིག་ལེ་ལ།། དེ་ནས་རང་བྱུང་རྐྱེན་ལས་གྲོལ།། ཞེས་གསུངས་སོ།། བསམ་གཏན་རྩེ་གཅིག་གི་རྒྱུད ་ལས།། རྨི་ལམ་རྨིས་པ་རྐྱེན་ཐུབ་པའི་ལེའུ་སྟེ་དྲུག་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། བར་དོ་རྐྱེན་ཐུབ་བསྟན་པ་ནི།། ཉོན་ཅིག་རྡོ་རྗེ་མཁའ་འགྲོ་མ།། དྲན་པ་བཞི་པོ་རྐྱེན་ཐུབ་ལ།། མངོན་ཤེས ་དྲུག་ལྡན་རྗེས་དྲན་དྲུག། བར་མ་དོ་ཡིས་འོད་སྣང་དེ།། རང་འོད་རང་སྣང་རྐྱེན་ཐུབ་ཡིན།། འགྱུ་བ་ཡེ་ཤེས་རླུང་ཡིན་པས།། ཡེ་ཤེས་རྐྱེན་ཐུབ་ཞེས་ཀྱང་བྱ།། ཡིད་འཇུག་ཤེས་རབ་ངོ་སྤྲད་པས།། ངོ་སྤྲོད་རྐྱེན་ཐུབ ་ཞེས་ཀྱང་བྱ།། བར་དོ་ཡིན་པ་དྲན་པ་དང་།། ཚེ་འཕོས་པ་ནི་དྲན་པ་དང་།། འགྲོ་དྲུག་རང་སྣང་དྲན་པ་དང་།། ཀུན་བཟང་རང་ས་དྲན་པའོ།། མངོན་ཤེས་དྲུག་ནི་འདི་ལྟ་སྟེ།། འགྱུ་བའི་སྤྱན་གྱིས་སྔ་ཕྱི་མཐོང་།། བར ་དོ་འོད་ཀྱི་སྣང་བ་མཐོང་།། དགེ་སྡིག་ལས་ཀྱི་འབྲས་བུ་མཐོང་།། ངོ་སྤྲོད་སངས་རྒྱས་ས་ཡང་མཐོང་།། རིགས་མཐུན་དག་པའི་ལྷ་མི་མཐོང་།། འབྱུང་པོ་མི་མིན་འཇིག་རྟེན་མཐོང་།། སྤྱིར་ནི་འགྲོ་དྲུག་ལོངས ་སྒུསྐུར་མཐོང་།། རྗེས་དྲན་དྲུག་ནི་འདི་ལྟ་སྟེ།། རྣམ་པར་ཤེས་པ་འགག་པར་དྲན།། འབྱུང་བ་ལྔ་པོ་ནུབ་པར་དྲན།། རང་གི་སྲོག་དབུགས་སྡུད་ཆད་དྲན།། བར་དོ་ལུས་པོ་མེད་པ་དྲན།། འགྲུ་བ་སྲོག་རྟེན་མེད་པ ་དྲན།། བླ་མའི་ངོ་སྤྲོད་གདམས་པ་དྲན།། དྲན་པ་དྲུག་པོ་རང་སྣང་བས།། སངས་རྒྱས་ས་ལས་མི་འདའ་བས།། བར་དོ་རྐྱེན་ཐུབ་ཅེས་བསྟན་ནོ།། ཞེས་གསུངས་སོ།། རྩེ་གཅིག་ཟང་ཐལ་གྱི་རྒྱུད་ལས། རྨི་ལམ་རྨིས་པ ་རྐྱེན་ཐུབ་དང་བར་དོ་སྦྱར་བ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བདུན་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ།། ཡེ་ཤེས་རྐྱེན་ཐུབ་བསྟན་པ་ནི།། ཡེ་ཤེས་པ ་ཤེས་ཁྱད་པར་ཆེ།། ཡེ་ཤེས་ཟང་ཐལ་རྐྱེན་མེད་དེ།། འབྱུང་བ་ལྔ་པོ་ཡེ་ཤེས་ལྔ།། ཆགས་སྡང་མེད་པས་ཡེ་ཤེས་འཇིག། གནས་དང་སྟོང་པའི་རྐྱེན་ཐུབ་ཡིན།། ཕུང་པོ་སྒོ་ལྔ་ཡེ་ཤེས་ལྔ།། རང་བྱུང་ཡེ་ཤེས་ཁོ་ན ་ལ།། སྐྱེ་རྒ་ན་འཆི་བཞི་པོ་ལ།། རྐྱེན་ཐུབ་པར་དོར་གདོད་ནས་དག། དུག་ལྔ་ཡེ་ཤེས་ལྔ་རུ་སྣང་།། རང་སྣང་ཡེ་ཤེས་འཕེལ་འགྲིབ་མེད།། ཆགས་སྡང་རྐྱེན་ཐུབ་རང་སྣང་གསལ།། རང་བྱུང་རྩ་ལྔ་ཡེ་ཤེས་ལྔ།། ཁ ་དོག་ལྔ་ལས་གྲུབ་པའི་རྩ།། དབུས་མཐིང་གཡས་དཀར་གཡོན་དམར་བ།། མདུན་དང་རྒྱབ་ནི་སེར་དང་ལྡང་།། སྐུད་པ་ལྔ་ཡང་ཡེ་ཤེས་ལྔ།། གསལ་བྱེད་སྤྱན་ལྔས་རབ་ཏུ་མཛེས།། ཤེལ་གྱི་སྦུ་གུ་ཞེས་ཀྱང ་བྱ།། ལོངས་སྐུ་འོད་གསལ་ཞེས་ཀྱང་བྱ།། ཚངས་པའི་སྐུད་པ་ཞེས་ཀྱང་བྱ།། ཡེ་ཤེས་རྒྱུ་སྲང་ཞེས་ཀྱང་བྱ།། གསང་བའི་ལམ་ཆེན་འདི་ཡིན་ནོ།། དེ་ཡི་ནང་ན་འདས་པ་ལྔ།། མུ་ཏིག་དཀར་པོ་དྲི་མ་མེད།། རཱ་ག ་དམར་པོ་ཤིན་ཏུ་དངས།། གསེར་འདྲ་སེར་པོ་ཡོན་ཏན་རྒྱས།། བཻ་ཌཱུར་མཐིང་ག་འགྱུར་མེད་སྟོན།། ནཱི་ལ་ལྗང་གུ་རབ་ཏུ་འཕྲོ།། ཚངས་པའི་སྐུད་པའི་ནང་ན་གསལ།། རིན་ཆེན་སྣ་ལྔ་ལས་གྲུབ་པའི།། ཡེ་ཤེས་ཁོ་ན ་ཆོས་མིན་ཏེ།། གསང་བའི་ཡེ་ཤེས་རྐྱེན་ཐུབ་ཡིན།། བར་ཆད་མེད་པས་རྐུན་མི་ཆད།། བྱེད་པས་མ་བྱས་འདུས་བྱས་མིན།། ཡེ་ཤེས་ཆད་མེད་རྐྱེན་ཐུབ་བོ།། རྐྱེན་མེད་ཡེ་ཤེས་རང་སྣང་གཅེས།། ཞེས་གསུངས ་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། ཡེ་ཤེས་རྐྱེན་ཐུབ་ཀྱི་ལེའུ་སྟེ་བརྒྱད་པའོ།། །། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། མཁའ་འགྲོ་མ་ཡི་ཚོགས་རྣམས་ལ།། ངེས་ཤེས་རྐྱེན་ཐུབ་བསྟན་པ་ནི།། གཞི་ངེས ་སངས་རྒྱས་གཞི་རུ་ཤེས།། ལམ་ངེས་གཞི་ཤེས་ཆོས་ཀྱི་མཆོག། འབྲས་བུ་གཞི་འདས་ངོ་ཤེས་ཕྱིར་མི་ལྡོག། རྒྱུ་མེད་རང་ཤར་ངེས་ཤེས་རང་བྱུང་བ།། ལྟ་བ་རང་བལྟ་སྣང་སྲིད་ངེས་ཤེས་བརྟས།། བསྒོམ་པ་རང་ཤར ་ངེས་ཤེས་ཕྱོགས་རིས་མེད།། སྤྱོད་པ་ངེས་ཤེས་རང་བྱུང་རྒྱུ་རྐྱེན་མེད།། འབྲས་བུ་ངེས་ཤེས་མི་ལྡོག་རང་ས་ནོན།། སྐྱེད་མེད་ངེས་ཤེས་སྣང་སྲིད་རང་བྱུང་བས།། རང་བྱུང་ཡེ་ཤེས་རང་ལ་ཤར།། མ་རིག་རང་བྱུང ་གཟུང་འཛིན་ཁོ་ནར་འཆར།། གཞི་རུས་ངེས་ཤེས་གཉིས་མེད་ཟང་ཐལ་ཡིན།། ལམ་དུ་ངེས་ཤེས་གཟུང་འཛིན་ལམ་དུ་སློངས།། འབྲས་བུ་ངེས་ཤེས་གཟུང་འཛིན་ཡེ་ཤེས་གྲོལ།། ཡེ་ཤེས་རྐྱེན་ཐུབ་གཟུང་འཛིན་ཀ ་ནས་དག། ཅེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒུད་ལས། ངེས་ཤེས་རྐྱེན་ཐུབ་ཀྱི་ལེའུ་སྟེ་དགུ་པའོ།། ། བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།། རྡོ་རྗེ་མཁའ་འགྲོ་འཁོར་བཅས ་ལ།། འབྲས་བུ་རྐྱེན་ཐུབ་བསྟན་པ་ནི།། ཕྱི་དང་ནང་དང་གསང་བ་གསུམ།། དེ་ལ་ཕྱི་ཡི་རྐྱེན་ཐུབ་བསྟན་པ་ནི།། ཕྱི་ཡི་འབྲས་བུ་འབྱུང་བ་ལྔ།། རང་སྣང་ལོངས་སྐུ་རྒྱུན་ཆད་མེད།། ལྷ་མོ་ལྔ་ལ་སྒྲ ་མེད།། ཕྱི་ཡི་འབྲས་བུ་རྐྱེན་ཐུབ་ཡིན།། ནང་གི་འབྲས་བུ་ཕུང་པོ་ལྔ།། དབྱེར་མེད་ཆོས་སྐུ་རྒྱུན་ཆད་མེད།། ཡེ་ཤེས་ལྔ་ལ་སྐྱེ་ཤི་མེད།། ནང་གི་འབྲས་བུ་རྐྱེན་ཐུབ་ཡིན།། གསང་བའི་འབྲས་བུ་ཆགས་སྡང་ལྔ།། རང ་བྱུང་ཡེ་ཤེས་རང་རིག་དང་།། ལྷག་མཐོང་ཉིད་དང་ཐམས་ཅད་མཁྱེན།། ཡེ་ཤེས་ལྔ་ལ་རྒྱུན་ཆད་མེད།། དེ་ནི་གསང་བའི་འབྲས་བུ་ཡིན།། ཡང་གསང་འབྲས་བུ་རྩ་ལྔ་ལ།། རླུང་དང་ཐིག་ལེ་རྩ་དང་ནི།། ལྷན ་ཅིག་སྐྱེས་པའི་ཡེ་ཤེས་དང་།། ཐིག་ལེ་ཆོས་ཉིད་འདུ་འབྲལ་མེད།། འདུ་འབྲལ་འབྲས་བུའི་རྐྱེན་ཐུབ་ཡིན།། འདུ་འབྲལ་མེད་པ་འབྲས་བུའི་མཆོག། རྒྱུན་ཆད་མེད་པས་རྐྱེན་ཐུབ་ཡིན།། བར་ཆད་མེད་ན་འབྲས་བུའི ་རྒྱལ་པོ་ཡིན།། ཕྱིར་མི་ལྡོག་ན་འབྲས་བུའི་ངེས་ཤེས་ཡིན།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། འབྲས་བུ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཀུན་ཏུ་བཟང་པོ་ཡིས།། བག་ཆགས ་རྐྱེན་ཐུབ་བསྟན་པ་ནི།། བག་ཆགས་རྣམ་པ་གསུམ་ཡིན་ཏེ།། ཐོག་མའི་འོད་ཀྱི་བག་ཆགས་དང་།། བར་དུ་ལུས་ཀྱི་བག་ཆགས་དང་།། ཐ་མ་འཁྲུལ་པའི་གནས་སྐབས་བག་ཆགས་གསུམ།། ཐོག་མ་འོད་ཀྱི་བག ་ཆགས་དེ་ལ་ནི།། རང་བྱུང་རང་ལ་ཤར་བས་རྐྱེན་ཐུབ་བོ།། འགྱུ་བ་ཡེ་ཤེས་གསལ་བ་བག་རྐྱེན་ཐུབ།། བར་དུ་ལུས་ཀྱི་བག་དང་ཆགས།། རང་ལུས་ཆོས་སྐུ་བག་རྐྱེན་ཐུབ།། ཆགས་པ་རང་བྱུང་ཤེས་པས་ཆགས ་རྐྱེན་ཐུབ།། ཐ་མ་འཁྲུལ་པ་གནས་སྐབས་ཆོས།། ཆོས་ཉིད་ཡེ་ཤེས་འབར་བས་བག་རྐྱེན་ཐུབ།། རང་རྐྱེན་རང་ལ་ཤར་བས་ཆགས་པ་མེད།། གཉིས་མེད་རང་ལ་ཤར་བས་བག་རྐྱེན་ཐུབ།། བག་ཆགས་རྐྱེན་ཁར་མི ་སྣང་རང་བྱུང་ཡེ་ཤེས་གསལ།། བག་ཆགས་རྐྱེན་ཐུབ་སྲིད་པ་རང་བྱུང་གསལ།། ཞེས་གསུངས་སོ།། ཏིང་ངེ་འཛིན་རྩེ་གཅིག་གི་རྒུད་ལས། འབྲས་བུ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། བཅོམ་ལྡན་ཀུན ་ཏུ་བཟང་པོ་ཡིས།། འཁྲུལ་པ་རྐྱེན་ཐུབ་བསྟན་པ་ནི།། ཐོག་མ་འཁྲུལ་པ་རླུང་གིས་འཁྲུལ།། བར་དུ་འཁྲུལ་པ་ཆགས་སྡང་འཁྲུལ།། ཐ་མ་རང་སྣང་འོད་ལ་འཁྲུལ།། ལྷུན་གྲུབ་མ་ནིང་འཁྲུལ་པའི་རླུང་།། རླུང ་གིས་ཐམས་ཅད་གྲུབ་པ་ཡིན།། འབྲས་བུ་འཁྲུལ་པ་སྣ་ཚོགས་སྨིན།། རླུང་དེའི་ཡེ་ཤེས་ཤེས་པ་དེ།། མི་འགག་པ་ལ་རླུང་ཞེས་བྱ།། རང་ལུས་རླུང་གི་དཀྱིལ་འཁོར་ན།། རྩ་ལྔ་ཚངས་པའི་སྐུད་པ་ལ།། རླུང་རྒྱུ་རླུང་ལ ་དྲོད་ཡོད་པས།། ཚངས་པའི་སྐར་ཁུང་རླངས་པ་དེ།། ཉིན་ཞག་གཅིག་ལ་བརྒྱད་ཁྲི་བཞི་སྟོང་རྒྱུ།། ཆོས་ཉིད་མེ་ལོང་གསལ་བ་ན།། རླུང་ནི་འགག་མེད་གསལ་བར་རྒྱུ།། སྟོད་ནི་མྱ་ངན་འདས་པའི་རླུང་།། ཤེས་རབ ་དག་ལ་རྒྱུ་བའོ།། སྨད་ནི་འཁོར་བ་དག་གི་རླུང་།། ཐིག་ལེ་དཀར་དམར་གཉིས་ལ་རྒྱུ།། ལྟེ་བ་རླུང་གི་འཁོར་ལོ་ན།། ངན་འགྲོ་གསུམ་གྱི་སྒོ་ཡང་ཡོད།། སྙིང་ག་ཆོས་ཀྱི་འཁོར་ལོ་ན།། མཐོ་རིས་གསུམ ་གྱི་སྒོ་ཡང་ཡོད།། ཐེག་དགུ་སྒོ་དགུ་སྟོད་ན་གསུམ།། ཐེག་གསུམ་སྤྱན་གསུམ་དག་ལ་སྣང་།། ཐེག་གཅིག་མི་གཅིག་དྲི་མ་མེད།། མཛོད་སྤུ་རང་གསལ་སྒྲོན་མེ་ཡང་།། དེ་ལ་ངོ་སྤྲོད་འཁྲུལ་པ་རྐྱེན་ཐུབ་ཡིན།། ངན ་འགྲོའི་སྒོ་གསུམ་དཀར་དམར་དང་།། དྲི་ཆེན་སྒོ་རུ་བྱུང་བ་ཡིན།། དཀར་པོ་དམྱལ་བ་དམར་པོ་ཡི་དྭགས་སྒོ།། བཤང་ཁ་བྱོལ་སོང་སྒོ་ཡིན་ནོ།། ཕོ་དང་མོ་ལ་གསུམ་ཀ་ཚང་།། དུས་ཚོད་འབྱུང་བས་རང་བྱུང ་ཡིན།། ཞེས་གསུངས་སོ།། སྤྱན་རས་གཟིགས་ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས་འཁྲུལ་པ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོའོ།། སྡུད་པ་པོ་སྤྱན་རས་གཟིགས ་སེང་གེ་རྣམ་པར་བརྩེ་བའོ།། ཞུ་བ་པོ་མཁའ་འགྲོ་མ་ཉི་མའི་ཕྲེང་བའོ།། སྤྱན་རས་གཟིགས་ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ཆེན་པོ་ཞེས་བྱ་བ་འཁོར་མཁའ་འགྲོ་མ་ལ་རབ་ཏུ་གཏད་པའི་ལེའུ་སྟེ་བཅུ་གསུམ ་པའོ།། །། རྩེ་གཅིག་གི་རྒྱུད་ཆེན་པོ་ཞེས་བྱ་བ་རྫོགས་སོ།། །། ་