CLOSE WINDOW

Gpb003.006: ye shes 'khor lo'i rgyud
Wyliee-texts produced with BDRC’s OCR application

གཏེར་གྱིས་བསྒྱུར།། འདི་མཚམས་ཕྱི་མ་གསང་བའི་རྒྱུད་དང་མཐར་ཟུག་གི་རྒྱུད་འཛུད།། ། @#།། རྒྱ་གར་སྐད་དུ། ཛྙཱ་ན་ཙཀྲ་ཏནྟྲ། བོད་སྐད་དུ། ཡེ་ཤེས་འཁོར་ལོའི་རྒྱུད། བཅོམ ་ལྡན་ཀུན་ཏུ་བཟང་པོ་ཡིས།། འོག་མིན་བརྡལ་བའི་ཕོ་བྲང་དུ།། འཁོར་གྱི་རྡོ་རྗེ་སེམས་དཔའ་ལ།། ཡང་ཏིང་ནག་པོ་འཆད་པའི་དུས།། བྱིན་རླབས་བསྟན་པ་རང་ཤར་དུས།། ཐིག་ལེ་གཅིག་ཏུ་བསྡུས་པའི་ཚེ།། ངོ ་སྤྲོསྤྱོད་བཞི་ཡི་གདམས་ངག་གསུངས།། མེ་མར་མེ་ལོང་དཀྱིལ་འཁོར་དང་།། རིན་ཆེན་མན་ཤེལ་བཞི་པོ་ལ།། རྡོ་རྗེ་སེམས་དཔར་ངོ་སྤྲད་པས།། རང་གྲོལ་ཉིད་དུ་མངོན་སངས་རྒྱས།། གླུར་བླངས་པས་ལེའུ་ལས ་ཀྱང་།། ཚིག་བདེན་བདེན་པར་སྨྲ་བ་སྟེ།། བདེན་པ་བཞི་ནི་སྟོན་པ་པོ།། ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། ཞེས་གསུངས་སོ།། རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པོའོ།། །། བཅོམ་ལྡན་རོ་ལངས་བདེ་བ ་ཡིས།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ།། ངོ་སྤྲོད་བཞི་ཡི་རྒྱུད་ཞུས་པར།། ལེགས་པར་ཉོན་ལ་ཐུགས་ལ་ཆོངས།། གླུར་བླངས་པའི་ལེའུ་ལས་ཀྱང་།། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།། ཞེས་གསུངས་སོ།། ་སྐྲོསྤྱོད་བཞི་པོ་མ་ལུས་པར།། བདག་ལ་གནང་བར་མཛད་དུ་གསོལ།། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། མར་མེ་ངོ་སྐད་རྣམ་གསུམ་སྟེ།། ཚོགས ་དྲུག་ཡུལ་ངོ་སྤྲད་པ་དང་།། སྙིང་པོ་ཡེ་ཤེས་ལ་ངོ་སྤྲད་པ་དང་།། ཐུགས་རྗེ་སྐུ་གསུམ་དུ་ངོ་སྤྲད་པ་དང་།། ལུང་ལས་གསུམ་རིག་གཙང་མ་དག་པ་སྟེ།། ཞེས་གསུངས་སོ།། ངོ་སྤྲོད་དང་པོའི་ལེའུ་རྩེ ་གཉིས་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། མེ་ལོང་གསུམ་གཏུགས་ངོ་སྤྲད་པས།། སྐུ་གསུམ་གཅིག་པའི་རོལ་པ་ལ།། འཁྲུལ་སྣང་ལོངས་སྐུའི་ངོ་སྤྲོད་དང་།། བདེ་ཆེན་ཆོས་སྐུའི་ངོ་སྤྲོད ་དོ།། ལུང་ལས་ཀྱང་།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། ཞེས་འབྱུང་ངོ་།། ངོ་སྤྲོད་གཉིས་པའི་ལེའུ་སྟེ་གསུམ་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། རིན་ཆེན་མན་ཤེལ་ངོ་སྤྲད་པས།། རིག་པ ་གོས་དང་དཔྲལ་བ་དང་།། རིག་པ་རྐྱང་པ་ཟང་ཐལ་དང་།། ལྷག་མཐོང་རིག་པའི་འཁོར་ལོ་དང་།། གཟུང་འཛིན་ཞགས་པ་བཅད་པ་དང་།། ཡིད་ཀྱི་ཕུ་ཟག་བཅད་པའོ།། ལུང་ལས་བདག་རིགས་གཞན ་རིགས་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག་མཆོག། ཡིད་བཞིན་ནོར་བུ་ཆེན་པོ་འཆང་།། ཞེས་གསུངས་སོ།། ངོ་སྤྱོད་གསུམ་པའི་ལེའུ་སྟེ་བཞི་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ ་པ།། དཀྱིལ་འཁོར་བཞི་ལ་ངོ་སྤྲད་པ།། སྣང་བྱེད་ཕྱི་ཡི་དཀྱིལ་འཁོར་ནི།། གདུལ་བྱའི་དོན་དུ་གསུངས་པ་ཡིན།། རང་ལུས་དཀྱིལ་འཁོར་བསྟན་པ་ནི།། རྫོགས་པའི་དོན་དུ་བསྟན་པ་ཡིན།། ཡེ་ཤེས་དཀྱིལ་འཁོར ་བསྟན་པ་ནི།། ཐིག་ལེ་ཆོས་སྐུར་བཤད་པ་ཡིན།། གཉིས་མེད་ཆོས་སྐུར་བཤད་པ་ཡིན།། ལྟ་བའི་དོན་དུ་བསྟན་པའོ།། ལུང་ལས་ཀྱང་། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།། གཉིས་མེད་གཉིས་སུ་མེད་པར ་སྟོན།། ཡང་དག་མཐའ་ལ་རྣམ་པར་གྲོལ།། ཞེས་གསུངས་སོ།། ངོ་སྤྲད་བཞི་པའི་ལེའུ་སྟེ་ལྔ་པའོ།། །། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ངོ་སྤྲོད་བཞི་ཡི་དོན་ཆོད་ནས།། རྟགས་ཀྱང་རྣམ་པ་གསུམ ་འབྱུང་སྟེ།། ཕྱི་ཡི་རྟགས་དང་ནང་གི་རྟགས།། གསང་བའི་རྟགས་དང་གསུམ་དུ་འབྱུང་།། ཕྱི་ཡི་རྟགས་ལ་རྣམ་གསུམ་སྟེ།། སྣང་བས་གནོད་པར་མི་ནུས་ན།། དེ་ནི་རྟགས་ཀྱི་དང་པོ་ཡིན།། ལུས་ལ་འབྱུང་བས ་མི་ཚུགས་ན།། དེ་ནི་རྟགས་མཆོག་གཉིས་པ་ཡིན།། རྐྱེན་རྣམས་ཐིག་ལེར་ཤེས་པ་ནི།། དེ་ནི་རྟགས་མཆོག་གསུམ་པ་ཡིན།། ཕྱི་རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །། ནང་གི་རྟགས་ལ་རྣམ་གསུམ་སྟེ།། མཁའ ་འགྲོའི་ལུང་སྟོན་དང་པོ་ཡིན།། ཆོས་ཀྱི་སྐད་སྟེར་གཉིས་པ་ཡིན།། རིག་པའི་དབང་ཐོབ་གསུམ་པ་ཡིན།། ཞེས་འབྱུང་ངོ་།། གསང་བའི་རྟགས་ལ་རྣམ་གཉིས་ཏེ།། གསང་བའི་རྟགས་དང་ཡང་གསང་རྟགས།། གསང ་བའི་རྟགས་ལ་རྣམ་ལྔ་སྟེ།། རིག་པས་གཟུང་འཛིན་མི་ནུས་ཏེ།། རིག་པ་ཡེ་ཤེས་རང་ཤར་ལ།། དུག་ལྔ་ཡེ་ཤེས་ཐུག་ཕྲད་ཤེས།། ཤེས་པ་རྐྱེན་གྱིས་འགྱུར་མི་ནུས།། ཡེ་ཤེས་ཟང་ཐལ་སྐྱེ་བ་ནི།། དེ་ནི་གསང་རྟགས ་རྣམ་ལྔ་ཡིན།། ཡང་གསང་རྟགས་ལ་བརྟག་ཏུ་མེད།། སངས་རྒྱས་རྟགས་དང་སེམས་ཅན་རྟགས།། དེ་རྣམས་སེམས་ཅན་རྟགས་སུ་བསྟན།། སངས་རྒྱས་རྟགས་ལ་སུ་རྟོགས་པ།། དེ་ཡང་སེམས་ཅན་བློ ་ཡི་ཆོས།། སྡུག་བསྔལ་བདེ་ཆེན་ཡེ་ཤེས་ལ།། རྟག་ཏུ་དུག་ལྔ་རང་ཤར་འབྱུང་།། རང་ལས་འབྱུང་ཞིང་རང་ལས་གྲོལ།། རང་གིས་བྱས་ཤིང་རང་གིས་ཤེས།། རྟོགས་དང་མ་རྟོགས་བློ་དང་དངོས།། འཁོར་དང ་མྱང་འདས་དབྱིངས་ཡེ་ཤེས།། སངས་རྒྱས་སེམས་ཅན་གཉིས་མེད་ན།། ཡང་གསང་རྟགས་སུ་བསྟན་པའོ།། ཀུན་ཏུ་བཟང་པོའི་སྲོག་ལེན་པ།། རྡོ་རྗེ་སེམས་དཔའི་སྲོག་གི་ཡང་སྙིང་། དགའ་རབ་རྡོ་རྗེས་ཞུས་པ། ཡེ ་ཤེས་འཁོར་ལོའི་རྒྱུད་ལེའུ་སྟེ་བདུན་པ་རྫོགས་སོ།། །། @#།། རྒྱ་གར་སྐད་དུ།། མ་ཧཱ་སན་དྷི་ཛྙཱ་ན་ཙཀྲ་གུ་ཧྱ་ཙེཏྟ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང ་