CLOSE WINDOW

Gpb003.002: rdzogs pa chen po'i lta ba thams cad kyi snying po'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་སནྟི་སརྦ་དྲྀཥྚི་གརྦྷ་ཏནྟྲ་ན་མ། བོད་སྐད་དུ། རྫོགས་པ་ཆེན་པོའི་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་རྒྱལ་པོ་དཔལ་ཀུན་ཏུ་བཟང ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན།། ཀུན་རིག་སེམས་ཀྱི་རྒྱལ་པོ་དེས།། འོག་མིན་ཆོས་ཀྱི་དབྱིངས་དག་ན།། མཉམ་ཉིད་དོན་ལ་རབ་བཞུགས་ཏེ།། གསང་སྔགས་བདག་པོ་ལ་སོགས ་པའི།། འཁོར་རྣམས་འདུས་ནས་རབ་ཏུ་འཁོད།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། གུས་པའི་ཚུལ་གྱིས་ཐལ་སྦྱར་ཏེ།། བདེན་པའི་ཚིག་གིས་འདི་སྐད་གསོལ།། རྩ་བ ་གཅིག་པའི་སེམས་ཉིད་ལ།། སངས་རྒྱས་ཆོས་རྣམས་ཅི་ལྟར་གསུངས།། དེ་དོན་དགོངས་པ་ཅི་ལྟར་ཡིན།། ཆོས་རྣམས་གཏན་ལ་ཇི་ལྟར་དབབ།། སྣོད་ཀྱི་རིམ་པ་ཇི་ལྟར་བསྟན།། མཉམ་ཉིད་རྒྱལ་པོས་ལུང་བསྟན ་གསོལ།། དེ་སྐད་གསོལ་བས་ཚིག་གསན་ནས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ལེགས་སོ་ལེགས་སོ་སེམས་དཔའ་རྡོ་རྗེ་ཁྱོད།། དད་ལྡན་བུ་ལ་ངས་བསྟན ་གྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། རྩ་བ་སེམས་ཉིད་རྟོགས་པའི་ཕྱིར།། གཟི་ལྡན་ནོར་བུ་རིན་ཆེན་བཞིན།། སངས་རྒྱས་ང་ཡི་སྐུ་གསུང་སྟེ།། ཆོས་སྐུ་ནམ་མཁའ ་ལྟ་བུ་ལ།། རང་གི་ངོ་བོ་བརྗོད་དུ་མེད།། ཞིང་ཁམས་ཀུན་གཞི་སེམས་ཉིད་ལ།། ཐུགས་ཀྱི་སྒོ་ནས་ངེས་པའི་དོན།། རྒྱུ་འབྲས་དབྱེར་མེད་ལྷུན་རྫོགས་ཆོས།། བྱིན་རླབས་བདེ་གཤེགས་འཁོར་ལ་གསུངས།། ལོངས ་སྐུ་འཇའ་ཚོན་ལྟ་བུ་ལ།། ངོ་བོ་རིགས་ལྔའི་སངས་རྒྱས་ཏེ།། ཞིང་ཁམས་འདུས་པ་ཆེན་པོ་ལ།། དབུས་སུ་ཕྱི་ནང་གསང་བའི་ཆོས།། སྐུ་ཡི་སྒོ་ནས་ལྡེམ་དགོངས་ཀྱིས།། སྐུ་ཡི་སྒོ་ནས་འཁོར་ལ་ངོ་བོར ་གསུངས།། སྦྲུལ་སྐུའི་དཔེ་ནི་ངེས་མེད་ལ།། ཐུབ་དྲུག་ངོ་བོ་ཤཱཀྱ་ཐུབ།། ཞིང་ཁམས་ཁམས་གསུམ་སེམས་ཅན་ལ།། རྒྱུ་འབྲས་དགེ་སྡིག་གཉིས་ཀྱི་ཆོས།། གསུང་གི་སྒོ་ནས་དྲང་དོན་གྱིས།། སྡེབ་སྦྱོར་ལེགས་པའི ་ཚིག་ཏུ་གསུངས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། མན་ངག་འབྱུང་བའི་རྒྱུ་སྐུ་གསུམ་གྱི་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག ་རྒྱལ་པོས་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་ནི།། ཤེས་རབ་བློ་ཡི་ཁྱད་པར་ལས།། སྐུ་གསུམ་ཆོས་རྣམས་ཅིར་གསུངས་ཀྱང་།། དབྱེར་མེད་ངོ་བོ་ཉིད་དུ་གནས།། འཁོར་དང་མྱ་ངན་འདས་པའི ་ཆོས།། ཐམས་ཅད་རྩ་བ་གཅིག་པའི་དོན།། རང་སེམས་རྟོགས་པའི་ཆོས་སྐུ་ལ།། སྣང་སྲིད་གཟུགས་བརྙན་མི་འགོག་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན།། ཡེ་ནས་དག་པ་ངོས་ཟིན་པས།། བྱ་བ་མེད་ཅིང ་སྒྲུབ་ཏུའང་མེད།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། གཞན་ནས་མི་འབྱུང་རང་གི་སེམས།། རྒྱུ་ལས་མ་བྱུང་བདག་མེད་པ།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། མ་བཅོས་མ་བསླད་དོན་ཡིན ་པས།། མ་ནོར་ཇི་བཞིན་མ་འགགས་པ།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། མ་སྐྱེས་མི་ནུབ་ཡེ་ཤེས་ནི།། མི་འབྱུང་མི་འགྲོ་ཡེ་གནས་པ།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། ཀུན་ལ་ཁྱབ་པ་མི་འབྱེད ་པས།། བལྟ་རུ་མེད་པའི་ཐ་སྙད་མེད།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། མཚོན་མེད་དཔེ་མེད་རྟོག་ལས་འདས།། བསམ་དུ་མེད་ལ་བསམ་མི་ཁྱབ།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། རྒྱུ་ལས་མ་བྱུང་རྐྱེན ་མེད་པས།། དངོས་པོ་མ་ཡིན་རྟག་ཆད་མེད།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། སྤྱོད་དང་བྲལ་བས་སྒྲོ་སྐུར་བྲལ།། མཐའ་དབུས་མེད་པར་རྒྱུ་འབྲས་གཅིག། དེ་ཡང་སངས་རྒྱས་དགོངས་པ་ཡིན།། ད ་ང་སེམས་དཔའ་རྡོ་རྗེ་ཉོན།། གཅིག་ལ་སརྦ་རྫོགས་པ་དེ།། སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན།། ཚིག་ཏུ་མཚོན་ན་བསླད་ཅིང་བཅོས།། ཐམས་ཅད་རང་བྱུང་ཡེ་ཤེས་ཉིད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད ་ཀྱི་སྙིང་པོ་ལས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཆོས་རྣམས་གཏན་ལ་དབབ་པའི ་ཕྱིར།། དོན་གྱི་སྙིང་པོ་འདི་གསུངས་པ།། རྩ་བ་བཞི་ཡིས་མདོར་བསྡུས་ནས།། འཕྲང་ཆེན་དྲུག་གིས་གཏན་ལ་དབབ།། མན་ངག་ལྔ་ཡིས་ལ་བཟླས་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱ།། དེ་ཡང་སེམས ་དཔའ་རྡོ་རྗེ་ཁྱོད།། རྩ་བ་བཞི་ཡིས་མདོར་བསྡུས་པ།། གཞི་ངེས་ལྟ་བ་ཕྱོགས་མེད་དང་།། དོན་དང་མི་འབྲལ་ཏིང་འཛིན་དང་།། སྤང་ལེན་མེད་པའི་སྤྱོད་པ་དང་།། རེ་བ་མེད་པའི་འབྲས་བུ་དང་།། རྣམ་པ་བཞི་རུ ་བསྡུས་པ་ཡིན།། འཁོར་གྱི་སྙིང་པོ་དེ་ཉོན་དང་།། གཏན་ལ་དབབ་པའི་འཕྲང་དྲུག་ནི།། ལྟ་བ་སྐྱེ་མེད་དོན་གྱི་འཕྲང་།། བཙལ་བ་མེད་པར་ལྷུན་གྱིས་གྲུབ།། རང་སྣང་འགྱུར་མེད་ཏིང་འཛིན་འཕྲང་།། བསྒོམ་པ་མེད ་པར་ཡེ་ཤེས་གསལ།། ཉམས་ཀྱིས་རིམ་པའི་གདམས་ངག་འཕྲང་།། གོ་རིམ་མ་འཁྲུགས་དབྱིངས་སུ་སླེབ།། ལྟ་བ་ཤེས་རབ་རྟོགས་པའི་འཕྲང་།། ཆོས་རྣམས་ཀུན་གྱི་ཁྱད་པར་དབྱེ།། ལྟ་བ་གདེང་མེད་གོལ་བའི ་འཕྲང་།། ཅི་ཙམ་བསྒོམས་ཀྱང་དོན་མེད་འཁྱམས།། ཕྱིར་རྒོལ་རྩད་གཅོད་ཚིག་གི་འཕྲང་།། དམ་ཚིག་སྐྱོན་ལ་རང་གཞུང་བས།། དེ་དག་དྲུག་གིས་གཏན་ལ་དབབ།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། མན་ངག་ལྔ ་ཡི་ལ་བཟླ་ལ།། སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར།། གཉིས་སུ་མེད་པར་ལ་བཟླའོ།། འཁོར་འདས་རྩ་བ་གཅིག་པའི་ཕྱིར།། ལྷུན་གྱིས་གྲུབ་པར་ལ་བཟླའོ།། གཙང་དང་མི་གཙང་གཞི་གཅིག་པས།། བླང་དོར ་མེད་པར་ལ་བཟླའོ།། སྐྱོན་དང་ཡོན་ཏན་དབྱེར་མེད་པས།། བསྒོམ་དུ་མེད་པར་ལ་བཟླའོ།། འཁྲུལ་དང་མ་རིག་དངོས་མེད་པས།། དུག་ལྔ་ཡེ་ཤེས་ལ་བཟླའོ།། ད་ཡང་འདུས་པའི་ཚོགས་རྣམས ་ཀུན།། ཡིད་ཆེས་པ་ཡི་གཏན་ཚིགས་ནི།། རང་སེམས་སྐྱེ་མེད་གཏན་ཚིགས་ཀྱིས།། ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ།། རོལ་པ་འགག་མེད་གཏན་ཚིགས་ཀྱིས།། གང་ཡང་མི་འགག་ཡིད་ཆེས་བྱ།། མཚན་ཉིད་གཉིས ་མེད་གཏན་ཚིགས་ཀྱིས།། ཆོས་རྣམས་གཅིག་པར་ཡིད་ཆེས་བྱ།། ངོ་བོ་བློ་བྲལ་གཏན་ཚིགས་ཀྱིས།། རྩོལ་བ་མེད་པར་ཡིད་ཆེས་བྱ།། སྙིང་པོའི་དོན་འདི་རྟོགས་འདོད་པས།། དམ་པའི་རྒྱུད་དོན་གནས་པར ་གྱིས།། རྫོགས་པ་ཆེན་པོ་བལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཆོས་རྣམས་ཀྱི་རང་བཞིན་གཏན་ལ་དབབ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ ་པ།། དོན་བསྟན་སྣོད་བཅུད་རིམ་པ་ནི།། གསང་སྔགས་རྣམས་ཀྱི་རྩ་བ་ཡིན།། དབང་རྣམས་རིམ་པར་རྫོགས་བྱས་ནས།། ཟོས་བསམ་བསྒོམ་ལ་རབ་སྦྱངས་ནས།། དམ་པའི་མཛོད་ཀྱི་གཏེར་ལྡན་ཞིང་།། སྲིད་པར ་ཞུས་ཀྱང་ཟད་མེད་པའི།། བླ་མ་རྡོ་རྗེ་སློབ་དཔོན་དེ།། དཔེར་ན་གངས་ཀྱི་སེང་གེ་བཞིན།། གཅིག་པུར་གནས་ཀྱང་དོན་ལྡན་ལ།། སྐལ་ལྡན་སློབ་མའི་མཚན་ཉིད་ནི།། བླ་མ་ལ་གུས་དད་དང་ལྡན།། སེར་སྣ་ཆུང་ལ ་བརྩོན་འགྲུས་ཆེ།། དོན་གསང་ཐུབ་ལ་ཤེས་རབ་ཟབ།། ཚུལ་ཤེས་དང་བཟང་རྣམས་ལ་སྟེར།། དེ་དང་མི་ལྡན་འདི་བསྟན་ན།། སངས་རྒྱས་རྣམས་ཀྱི་བཀའ་བཅག་སྟེ།། མཚམས་མེད་སྡིག་པས་ཆར་མི ་ཕོད།། དམྱལ་བའི་ལོག་གཞི་བྱེད་པར་གསུངས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། སྣོད་བཅུད་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། ཞེན་པའི་སྙོམས་ལས ་དམན་པའི་ཕྱིར།། བག་ཆགས་ལྔ་ལ་ལོངས་སྤྱོད་ནས།། དམྱལ་བས་རང་སེམས་མེ་སོགས་མཐོང་།། ཡི་དྭགས་མི་གཙང་མཐོང་ཡུལ་སྣང་།། མི་ཡི་མཐོང་ཡུལ་བཞི་རུ་མཐོང་།། བྱོལ་སོང་ངམ་གྲོག་གྱེན་ཟུར ་སྣང་།། ལྷ་མ་ཡིན་གྱི་གོ་མཚོན་སྣང་།། ལྷ་རྣམས་རིན་ཆེན་སྣ་བདུན་མཐོང་།། དེ་དག་འགྲོ་དྲུག་སྡུག་བསྔལ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། འགྲོ་དྲུག་གི་སྡུག་བསྔལ་བསྟན་པའི་ལེའུ་སྟེ ་ལྔ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། མུ་སྟེགས་འཁྲུལ་ལུགས་བཀའ་སྩལ་པ།། ཡོད་པར་འཛིན་པའི་ལྟ་བ་ནི།། འགྱུར་བ་བཞི་དང་རྟག་པ ་ལྔ།། ཐམས་ཅད་བདག་གིས་བྱས་པར་འདོད།། རྒྱུ་འབྲས་ལོགས་པའི་བརྟུལ་ཞུགས་ཀྱིས།། ཐར་ལམ་མི་ཐོབ་འཁོར་བར་ལྟུང་།། མར་འདོད་བྱེ་མ་བཙིར་བ་འདྲ།། ཡོད་མེད་འཆད་པར་འདོད་པ་ཡིན།། ཕུང་པོས ་བསྡུས་པའི་ཆོས་རྣམས་ཀྱང་།། རྡུལ་ཕྲན་དག་ལས་བྱུང་བའི་ཕྱིར།། འབྱུང་བ་ལྔ་ཞིག་རང་ཐིམ་ནས།། མེ་ཤི་ཐལ་བ་རླུང་ཁྱེར་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། གཉིས་ཀའི་གཞིར་འདོད་མུ ་སྟེགས་ནི།། རིག་བྱེད་གསང་བར་སྨྲ་བའི་ལྟ་བ་ནི།། གཞི་ནི་ངེས་པ་མེད་པ་ལ།། སྣང་བ་གང་ཡང་མི་འགོག་འདོད།། གདོན་གྱིས་ཟིན་པའི་ནད་པ་བཞིན།། སེམས་ཀྱི་རང་བཞིན་མ་ཤེས་ནས།། འབྱུང་ཆེན་གཏོས ་ཀྱི་མུན་པ་བཞིན།། ཐུགས་རྗེའི་ཟེར་ཞགས་ཟག་བཅད་ནས།། དམྱལ་བའི་འབྲས་བུར་ཐེ་ཚོམ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། མུ་སྟེགས་འཁྲུལ་པའི་ཚུལ་བསྟན་པའི་ལེའུ་སྟེ་དྲུག ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ།། མཐུན་དཔེ་མེ་ལོང་ལྟ་བུ་ལ།། གཟུགས་བརྙན་ཐེག་པ་རིམ་དགུ་བྱུང་།། དེ་ཡང་གང་དང ་གང་ཞེ་ན།། འཕགས་པ་ཉན་ཐོས་ལྟ་བ་ནི།། མདོ་སྡེ་བྱེ་བྲག་རྣམ་གཉིས་པོ།། ཆོ་ག་ཡུལ་གྱི་ཁྱད་པར་ལས།། ལུས་གདུང་སེམས་ཀྱིས་བཙོན་བཟུང་ཡང་།། རྡུལ་དང་ཤེས་པ་ཉིད་འདོད་པས།། གླང་ཆེན་འདམ་བུ ་བྱིང་བ་བཞིན།། ལུས་ངག་ཡིད་ཀྱི་རྩོལ་བ་ཡིས།། འབྲས་བུ་མེད་པའི་སྙིང་པོར་གནས།། བླ་མ་དག་ལ་མི་བརྟེན་པར།། རང་སེམས་དོན་ལ་བློ་སྦྱོང་ཕྱིར།། རྟེན་འབྲེལ་ཕྱི་ནང་རྩད་བཅད་ནས།། རང་བཞིན་མེད་ལ ་རྟེན་བཅའ་བ།། བརྩོན་པར་མི་འགྱུར་ཉམས་པའི་ཕྱིར།། ནོར་བུ་རྒྱལ་སྲིད་བསྒོམ་པ་འདྲ།། ཆོས་རྣམས་སེམས་ཀྱི་རང་བཞིན་ལ།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། བདེན་པ་གཉིས་སུ་རྣམ་པར་དབྱེ།། གཅིག ་བཤིགས་ནས་ནི་གཅིག་ཚོལ་བ།། ཆུ་ཟླ་ཟླ་བར་ངོས་འཛིན་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། ཐམས་ཅད་རྩ་བ་གཅིག་པའི་ཕྱིར།། རང་གི་སེམས་ཀྱི་སྙིང་པོའི་དོན།། བསམ་གྱིས་མི་ཁྱབ་མི ་ཤེས་པར།། བསམ་མེད་ངང་དུ་གང་འཛིན་པ།། བྱིས་པ་དེ་ནི་བླུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། རྒྱུ་མཚན་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བདུན ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ཆོས་ཉིད་སྟོང་པའི་ངང་ལས་ནི།། དག་པ་བཞི་ཡི་སྒོར་ཞུགས་པས།། ཡོ་བྱད་ཕྱི་རོལ་གཙོར་འཛིན་པ།། ཀུན་རྫོབ་ལྷ་ཡི ་དཀྱིལ་འཁོར་དུ།། རྒྱུད་དག་པ་ཡི་ཏིང་འཛིན་གྱིས།། སྐུ་ཡི་གཟུགས་བརྙན་ཕྱག་མཚན་དང་།། བཟླས་བརྗོད་གཙང་སྒྲ་དུས་ཚིགས་ཀྱི།། རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ཡིས།། རིགས་གསུམ་དཀྱིལ་འཁོར་ལྷར ་གསལ་ཡང་།། དངོས་གྲུབ་གཞན་ནས་རེ་བ་ནི།། ཁྱི་རྒན་འདབ་ཆགས་བརྙེག་པ་འདྲ།། རང་སེམས་དབྱེ་བ་མེད་པ་ལ།། ཨུ་པ་ལ་ཡི་ཐེག་པ་ནི།། གོང་འོག་ལྟ་སྤྱོད་གཉིས་འཛིན་པ།། ནེ་ཚོ་མི་སྐད་སྨྲ་བ་འདྲ།། ཡོ་ག ་རྣལ་འབྱོར་སེམས་དཔའ་ཡིས།། ཕྱག་རྒྱ་བཞི་ཡི་སྒོར་ཞུགས་ནས།། ཡོ་བྱད་གཙོ་རུ་མི་འཛིན་པར།། དོན་དམ་སྐྱེ་འགག་མེད་པ་ཡིས།། ལྷ་ཡི་དཀྱིལ་འཁོར་འཕགས་པའི་སྐུ།། རྣམ་པར་སྣང་མཛད ་ཆེན་པོ་ཡི།། ཆོས་དབྱིངས་དག་པས་བྱིན་བརླབ་པས།། ལྷ་དང་བདག་ཏུ་མཉམ་པ་ཡིས།། དམ་ཚིག་ཡེ་ཤེས་ལྟར་གསལ་ཀྱང་།། རྒྱལ་སྲིད་མེད་པས་བློན་པོ་འདྲ།། དེ་ཡང་འདུས་པའི་ཚོགས་རྣམས་ཀུན།། བླ་མའི ་དོན་མིན་ནན་བརྟགས་ཀྱིས།། དམིགས་པ་ཅན་ལ་སེམས་གཏད་ཀྱང་།། རྣམ་པར་གྲོལ་བར་མི་འགྱུར་ཏེ།། ནམ་མཁའ་དག་ལ་འཛིན་པ་འདྲ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཕྱི་བརྒྱུད་ཀྱི་ལྟ ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོགས་ཆེན་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་བ་མྱ་ངན་འདས་པའི་ཆོས།། སེམས་ཀྱི་རྣམ་རྟོག་ཅི་སྐྱེས་ཀྱང་།། མཚན་མའི་དངོས ་པོ་མ་གྲུབ་པས།། དཔེར་ན་ནམ་མཁའི་བསེར་བུ་བཞིན།། ཡོད་མེད་དབུས་ལ་མི་གནས་པས།། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ།། ཡུལ་སེམས་དབྱེ་བ་མེད་པ་ལ།། ཐབས་དང་ཤེས་རབ་སྒོར་ཞུགས་ནས།། ཏིང ་འཛིན་གསུམ་གྱིས་ལྷར་བསྒོམ་པ།། གྲིབ་མ་གཟུགས་སུ་རློམ་པ་འདྲ།། ཕྱི་ནང་ཆོས་རྣམས་མ་ལུས་ཀུན།། ཡིད་དང་ཀུན་གཞི་གཉིས་འདུས་ནས།། ཀུན་གཞིའི་མཁའ་ཀློང་རྣམ་དག་ཏུ།། རྣམ་རྟོག་མཚན་མ ་གང་སྤྱོད་ཀྱང་།། ནམ་མཁའ་གཟའ་སྐར་བཙལ་མེད་བཞིན།། ཀུན་བཟང་བདེ་ཆེན་ཐབས་ཀྱི་གཙོ།། ཀུན་ཏུ་བཟང་མོ་གཉིས་མེད་མཁའ།། འདུ་འབྲལ་མེད་པའི་ཆོས་སྐུ་ནི།། བདེ་ཆེན་གཉིས་མེད་རིག་པའི ་རྩལ།། ངེས་པའི་གསང་སྒོམ་ཤེས་པས།། ཀུན་བཟང་སྤྱོད་པས་དོན་མི་རྟོག། ཉི་མ་སྤྲིན་གྱིས་བསྒྲིབས་པ་འདྲ།། སེམས་ཉིད་རྩོལ་བ་མེད་པ་ལ།། བསམ་པའི་དབང་གིས་བསྒྱུར་བྱས་ནས།། འཁོར་བའི་རྒྱ་མཚོར ་གཡེང་འགྱུར་ཏེ།། མི་ཤེས་པ་ལ་དེ་ལྟར་སྣང་།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། བསྐྱེད་རྫོགས་གཉིས་མེད་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས ་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཡིད་ཀྱིས་དྲན་པས་འདི་སྐད་གསོལ།། ཆོས་རྣམས་སེམས་སུ་འདུས་པ་ཡི།། ལྷུན་གྱིས་གྲུབ་པའི་ལྟ་བ་གང་།། མཚན་མ་ཟིལ་གྱིས་ཇི་ལྟར ་གནན།། འགྲོ་དྲུག་གཡང་ས་ཅི་ལྟར་བཅད།། ཡེ་ཤེས་དོན་ལ་ཇི་ལྟར་བསྒོམ།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་ཚིག་གསན་ནས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འདུས་པའི་འཁོར ་ལ་བཀའ་སྩལ་པ།། སེམས་སུ་ཆོས་རྣམས་གཅིག་པ་ལ།། འཁོར་བ་མྱ་ངན་འདས་པའི་ཆོས།། སྒྱུ་མ་རྣམ་གཉིས་སྐྲོད་ཡུལ་ཏེ།། ལོག་རྟོག་ཡེ་ཤེས་ཐ་དད་ཀྱང་།། སེམས་ཀྱི་ཆོས་ཉིད་ངང་དུ་གཅིག། དེ་ཡིས་དེ་ཉིད ་མཚོན་པའི་དཔེ།། ནམ་མཁའ་འཇའ་ཚོན་ཇི་བཞིན་དུ།། ཡུལ་གྱི་ཐ་སྙད་མཚན་མ་རྣམས།། རང་གི་སེམས་ཀྱིས་བརྟགས་པའི་ཕྱིར།། ཕྱི་ནང་ཆོས་རྣམས་མ་ལུས་པ།། རིགས་རྒྱུད་མེད་ཕྱིར་སེམས་སུ ་གཅིག། དེ་ཉིད་ལྷུན་གྱིས་གྲུབ་པ་ནི།། འགྲོ་ལ་སེམས་ཉིད་གཉིས་མེད་དེ།། ཇི་ལྟར་དམིགས་ཤིང་བསམ་པར་སྣང་།། དཔེར་ན་ཡིད་བཞིན་ནོར་བུ་བཞིན།། དེ་ནི་ལྷུན་གྲུབ་ཀུན་གྱི་གཞི།། དེ་ཡང་སེམས་དཔའ་རྡོ་རྗེ ་ཁྱོད།། ཀུན་ལ་ཁྱབ་པའི་རིག་པ་ཡིས།། འདུས་མ་བྱས་པའི་དོན་རྟོགས་པས།། ཡེ་ཤེས་རིག་པ་གཅིག་ཡིན་ཏེ།། དེ་ཡང་གང་དང་གང་ཞེ་ན།། ཀུན་གཞི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཐམས ་ཅད་ལ།། ཆོས་སྐུ་ཁྱབ་པས་བརྡལ་བའི་སྐུ།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། རིག་པས་མ་བསླད་གཉུག་མར་གནས།། འཛིན་མེད་ཤེས་པ་ངང་གིས་གསལ།། དངོས་པོ་མེད་ལ་ཤེས་པར་ཡོད།། ནམ ་མཁར་ཉི་མའི་འོད་ཤར་འདྲ།། འདུས་མ་བྱས་པའི་ཡེ་ཤེས་ཀྱི།། རྟེན་འཆང་མེད་པར་ཉོན་མོངས་སེལ།། འབྱུང་བ་ལྔ་ལ་རག་མ་ལུས།། མི་འགྱུར་འཇོམས་བྱེད་རྡོ་རྗེ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས།། ཐེ ་ཚོམ་མེད་པར་སེམས་ཉིད་རྟོགས།། ཐམས་ཅད་གཅིག་ལ་མ་འདྲེས་པ།། ཀ་ཤིའི་རས་ཀྱི་རིན་ཆེན་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། སྙིང་པོ་འདི་ཡི་དོན་རྟོགས་ནས།། སེམས་སུ་སྣང་བའི་མཚན་མ ་རྣམས།། རང་བྱུང་ཡེ་ཤེས་ཡང་དག་ཤར།། སྤྲོས་མེད་ངོ་བོ་ལྷུན་གྱིས་གྲུབ།། སྲིད་པ་གསུམ་ནི་རང་གི་རྐྱེན།། མ་བཅོས་རིག་པའི་ཡེ་ཤེས་ཡིན།། བཙལ་དུ་མེད་པའི་ཆོས་ཉིད་ལ།། རྒྱུ་འབྲས་གཉིས་ཀ་མྱ་ངན ་འདས།། ཁམས་གསུམ་སྤྲོས་མེད་དབྱིངས་སུ་གཅིག། ཡུལ་དུ་སྣང་བ་ཐམས་ཅད་ཀྱང་།། ཡེ་ནས་དབྱེར་མེད་མཉམ་པར་གནས།། ཐམས་ཅད་རང་བྱུང་འགག་པ་མེད།། གདོད་ནས་མ་སྐྱེས་ལྷུན་གྱིས་གྲུབ།། ཐམས ་ཅད་ཡེ་ནས་དབྱེར་མེད་པར།། དབྱིངས་ཉིད་ནམ་མཁའ་ལྟ་བུའི་ངང་།། དེ་ཡི་ངང་དུ་ཐམས་ཅད་འདུས།། རྒྱུ་དང་རྐྱེན་ལ་མི་ལྟོས་ཤིང་།། དུས་གསུམ་དབྱེར་མེད་མཉམ་པར་བལྟ།། དཔེར་ན་ནམ་མཁའི་ཉི་མ ་བཞིན།། མ་རིག་མུན་པ་ཐམས་ཅད་འཇོམས།། དེ་ཉིད་རྟོགས་པར་བྱ་བའི་ཕྱིར།། ལྟ་བ་ཡིན་པའི་དོན་ཉིད་ལ།། མ་ནོར་རིག་པ་གཅིག་ཡིན་ཏེ།། ལྷུན་གྲུབ་འབྲས་བུ་གཅིག་ཏུ་བལྟ།། རྫོགས་པ་ཆེན་པོ་ལྟ་བ་ཐམས ་ཅད་ཀྱི་སྙིང་པོ་ལས། ལྷུན་གྲུབ་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། མཚན་མ་ཟིལ་གྱིས་གནན་པའི་ཕྱིར།། མ་རིག་མུན་པ་ལྟ་བུ ་ལ།། རིག་པ་ཡེ་ཤེས་བསྟན་པའི་ཐབས།། རིག་པའི་དབང་ཆེན་བཀའ་སྩལ་པ།། དེ་ལ་དབང་གི་དཔེ་བསྟན་པ།། བྲམ་ཟེ་གཙང་མས་ཁྲུས་གསོལ་ཏེ།། རྒྱལ་སྲིད་དག་ལ་དབང་བསྐུར་བཞིན།། དོན་གྱི་སྣོད་ནང ་རང་བྱུང་འཆར།། དེ་དོན་ཤེས་རབ་དྲན་ཟད་ཀྱིས།། འདུས་མ་བྱས་པའི་དཔེ་ཉིད་ལ།། རང་གི་ཚད་དང་ལྡན་པ་ཡིས།། སེམས་ནི་དྲག་ཏུ་གཏད་པར་བྱ།། དཔེར་ན་གྱི་ལིང་རྟ་འདུལ་བཞིན།། རང་གི ་ཤེས་པ་མ་ཡེངས་པ།། དྲག་གཞན་བར་ན་རྩོལ་བས་ནོན།། ཆད་ཟིན་དོན་ལ་གནས་པར་བྱ།། དེ་ཡང་ཁམས་དང་སྦྱར་བྱས་ལ།། ཁམས་བདེ་ཐུན་ནི་རིང་བར་བྱ།། ཡང་ན་ལངས་ལ་ཅུང་ཟད་བཅག། རྟགས་ནི་ལུས ་སེམས་གཉིས་འབྱུང་སྟེ།། ལུས་ནི་འདར་དང་འཆི་མ་འབྱུང་།། སེམས་ནི་བདེ་ལ་གཏང་དཀའ་སྟེ།། རང་སེམས་རྩལ་གྱི་རྟགས་རྣམས་འབྱུང་།། རྟོག་པ་མེད་པར་གནས་པར་ནི།། བྱ་བ་བཏང་བའི་སྐྱེས་བུ ་བཞིན།། ཅི་ལ་མི་གནས་རང་བཞིན་ལ།། མ་ཡེངས་གསལ་བར་ལྷུག་པར་བཞག། གདོད་ནས་ནམ་མཁའི་སྤྲིན་བཞིན་དུ།། བྱུང་ཡང་གཞི་ལ་གནོད་མེད་ལྟར།། སེམས་ཀྱི་རྩོལ་བ་འཆད་ཟིན་ན།། རྟོག་མེད་མི་སྒྲིབ ་བཅོས་སུ་མེད།། དེ་ཡི་སེམས་ཉམས་བསྟན་པ་ནི།། དམིགས་པའི་དོན་ལ་སེམས་གཏད་ཀྱང་།། ཤེས་པ་གཏན་དུ་མི་ཆུད་པར།། ཡུལ་ལ་མི་རྟོག་བདེ་བར་གནས།། ཞེན་པའི་རྟོག་པ་སྐྱེས་ན་ཡང་།། བ་མོ་དག་ལ་ཉི ་ཤར་བཞིན།། རྗེས་སུ་མི་འབྲངས་ལྷན་གཅིག་འགྲོ།། དེ་ཙམ་ཉིད་ན་མཚན་མ་རྣམས།། སྣང་མེད་འཁྲུལ་སྣང་ལོག་ཙ་ན།། སྣང་བཅས་དོན་ཟིན་ཏིང་འཛིན་ཉམས།། དེ་ཉིད་སོམས་པས་ལམ་དུ་བདེ།། སེམས་དཔའ ་རྡོ་རྗེ་སྙིང་པོ་ཁྱོད།། ང་ཡིས་བྱས་པའི་ཆོས་ཉིད་འདི།། སངས་རྒྱས་ཀུན་གྱི་ལམ་ཡིན་ཏེ།། ཆོས་རྣམས་ཀུན་གྱི་མཚན་ཉིད་ནི།། རྒྱས་འདེབས་བཞི་ཡིས་རང་བཞིན་གྱིས།། འདུ་ཤེས་རྟོགས་པ་ཐམས་ཅད་ས།། རྐྱང་པ ་དུས་མཉམ་ཡུལ་འཛིན་པ།། ཉི་ཟླ་གཟས་ཟིན་ཇི་བཞིན་དུ།། ཕྱི་ནང་གསང་བ་གསུམ་བསྟན་པ།། ཐབས་ཀྱི་ལམ་དུ་བསྟན་པ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ནམ་མཁའི་མཚན་ཉིད་ལ ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འགྲོ་དྲུག་གཡང་ས་བཅད་པའི་ཕྱིར། རྩ་བ་སེམས་ལས ་འདས་པའོ།། ཡེ་ཤེས་ངོས་བཟུང་བཀའ་སྩལ་པ།། ཀུན་གཞི་དགེ་སྡིག་རྣམ་བཞི་ལ།། ཆོས་སྐུ་ངོས་བཟུང་མཐུན་དཔེ་ནི། རྩ་ཆུ་བརྟགས་ནས་ངོས་འཛིན་པའི།། སྨན་པ་མཁས་པ་ཇི་བཞིན་དུ།། ནོར་བུ་ཆུ་འདང་དཔེ ་བཞིན་དུ།། བྱང་ཆུབ་སེམས་ཀྱི་རིག་པའི་དོན།། སྔ་མའི་བག་ཆགས་ཡིད་ཡིན་ཏེ།། ཕྱི་མ་སྐྱེ་བ་ཉོན་མོངས་ཡིན།། རྟོག་པ་སྐྱེ་བ་སྒོ་ལྔ་སྟེ།། གསུམ་དུ་མ་སོང་གཉུག་མར་གནས།། དམིགས་འཛིན་མེད་ལ་ངང་གིས ་གསལ།། ཡེ་ཤེས་ཟང་ཐལ་གཅིག་ཡིན་ཏེ།། རང་གི་ངོ་བོ་ཆོས་ཀྱི་སྐུ།། ཤེས་པ་རྩིས་མེད་དྲང་པོར་འཇུག། དཔེར་ན་ཟི་བྱ་ཚང་འཇུག་བཞིན།། རང་གི་སེམས་ཀྱི་ཆོས་ཉིད་ལ།། བསྒོམ་དུ་མེད་པས་བསྒོམ་པ་བྱ།། དེ ་དོན་རྟོགས་ན་དང་ལ་བདེ།། ཤེས་པ་མི་འགྱུར་བཀྲིར་མི་བཏུབ།། ཆུ་ལས་མི་འདའ་ཉ་བཞིན་དུ།། དོན་ལས་མི་འདའ་ཆོས་ཉིད་རྟོགས།། དེ་དང་མི་ལྡན་རྣལ་འབྱོར་པས།། རྒྱལ་པོས་མངའ་བྱས ་བཙུན་མོ་ལྟར།། སྔ་ཕྱི་གཉིས་པོ་སྐྱེས་པའི་ཚེ།། སྔ་རྗེས་མི་གཅོད་བྱང་ཆུབ་སེམས།། འཕྲོས་པ་རྐུན་པོ་ཚོར་མ་ཐག། ས་བསྐྲད་རང་བཞིན་དེངས་པ་ལྟར།། རང་སེམས་རྩོལ་བ་མེད་པ་ཡི།། མི་གཡོ་མཉམ་པའི་དོན ་ལ་བཞག། དེ་ལྟར་རྟོགས་པའི་རྣལ་འབྱོར་ཉམས།། ཤིང་བལ་ལྟ་བུར་ལུས་འཇམ་པ།། ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས།། སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ང་ཡི་ཆོས་ཉིད་འབྲས་བུ་འདི།། མ་བཅོས ་ནམ་མཁར་ཉི་ཤར་བཞིན།། མུན་པ་མེད་པར་གསལ་བ་ཡིས།། ལྷངས་ཀྱིས་རྟོགས་ན་ལྟ་བའི་མཆོག། དོན་ལ་མ་ཡེངས་བསྒོམ་པ་ཡིན།། གང་ཡང་མ་བཀག་སྤྱོད་པའི་ཡུལ།། དེ་ལས་མི་འདའ་དམ་ཚིག ་ཡིན།། དབྱིངས་ནས་རིག་པ་རང་ལ་ཤར།། སྔ་ཕྱི་ནུབ་པ་ག་ལ་ཡོད།། ཉོན་མོངས་བག་ཆགས་རྟོག་པ་ཡིས།། ཇི་བཞིན་པ་ལ་གཉིས་ཀ་བསྒྲིབས།། རང་བཞིན་དབྱེར་མེད་ཉིད་པས་ན།། གཉིས་མེད་ཤེས་པ་གཅིག ་ཏུ་རྫོགས།། སྔ་ཕྱི་གཉིས་འབྲེངས་རྟོག་པ་ཡིས།། མཁའ་ལ་གློ་བུར་སྤྲིན་གཏིབ་ལྟར།། མཁའ་དག་ནང་དུ་སྤྲིན་སོང་ལྟར།། ང་ཡིས་ཡེ་ཤེས་ངོས་ཟིན་ན།། ཐོག་མ་མེད་པར་བསགས་པ་ཡི།། རྣམ་རྟོག་སྤྲིན་ཕུང ་དཔག་མེད་པ།། སྟོང་ཉིད་སྐད་ཅིག་རིག་པ་ཡིས།། རྣམ་རྟོག་སྟོང་པའི་ངང་དུ་སངས།། སངས་རྒྱས་སེམས་ཅན་ལ་སོགས་པའི།། ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད།། སྟོང་ཉིད་ནམ་མཁའི་ངང་དུ་གཅིག། སྟོང་ཉིད ་ནམ་མཁའི་ངང་དུ་སངས།། མི་མཐུན་པ་དང་གཉེན་པོ་གཉིས།། ཡེ་ནས་གཉིས་མེད་གཅིག་པས་ན།། གདོད་ནས་འཇིག་པ་ག་ལ་ཡོད།། སེམས་དཔའ་ཆེན་པོ་རིག་འཛིན་ཁྱོད།། འཇིག་རྟེན་འཁོར་བའི་ཁ་བརྒྱུད ་པ།། མ་རིག་ངོ་བོ་དེ་བཞིན་པས།། གཞི་མེད་པ་ཡིས་སྐད་ཅིག་པར།། དེ་ཉིད་རིགས་ན་བདེ་ཆེན་གནས།། བསམ་གྱིས་མི་ཁྱབ་ཆོས་ཉིད་རྣམས།། དེ་བཞིན་ཉིད་དུ་གཅིག་པས་ན།། གང་གི་ཡེ་ཤེས་དོན་རྟོགས ་པས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས་སེམས་ཀྱི་སེམས་ཉིད་ལས་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས ་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡི།། ཡེ་ཤེས་སྤྱི་བླུགས་བཀའ་སྩལ་པ།། ཐིག་ལེ་གཅིག་ཏུ་རྫོགས་པ་ཡིས།། ཡེ་ཤེས་ཆེན་པོའི་མཐུན་དཔེ་ནི།། མཐའ་དང་དབུས་མེད་ནམ་མཁའ ་འདྲ།། མི་གཡོ་བས་ན་རྒྱ་མཚོ་འདྲ།། ཕར་འཇོམས་པས་ན་རྡོ་རྗེ་འདྲ།། དེ་དོན་རང་བྱུང་ཡེ་ཤེས་ལ།། སྣང་སྲིད་གསལ་བ་སྒོ་ལྔའི་ཡུལ།། ཤེས་པ་རང་གསལ་ཆོས་ཀྱི་སྐུ།། འཛིན་པ་མེད་པས་ལྷུན་གྱིས་གྲུབ།། ཁྱུད ་ཆེན་ནམ་མཁའ་ལྡིང་བའི་ཚེ།། ཕུར་བརླབས་འོག་ཏུ་ཀུན་ཆུད་ལྟར།། རྫོགས་ཆེན་རྟོགས་པས་སྐུ་གསུམ་རྫོགས།། འབྱུང་འཇུག་མེད་པར་བཞག་པར་བྱ།། ཇི་བཞིན་ཉམས་ཀྱི་གནས་ལུགས་ནི།། རྣམ ་པར་མི་རྟོགས་ལེ་བ།། ས་ལེ་བ་ལ་རྟོག་པ་མེད།། དེ་ནི་རང་བྱུང་ཡེ་ཤེས་ཏེ།། མིང་དུ་མི་ཐོག་ཉམས་མྱོང་ཞིར།། འཁུར་བར་ཆུ་བླུགས་ཅི་བཞིན་དུ།། ཡེ་ཤེས་སྣང་བའི་དོན་ལ་ཕེབས།། ནོར་བུ་རིན་ཆེན་ཡོན་ཏན ་ལ།། དགོས་འདོད་ཐམས་ཅད་ཤུགས་ཀྱིས་འབྱུང་།། དེ་བཞིན་ཡེ་ཤེས་ངོས་ཟིན་པར།། བྱིང་རྒོད་མི་འབྱུང་ཡེ་ཤེས་གསལ།། དཔེར་ན་དུག་ལ་སྔགས་བཏབ་པས།། ནད་རྣམས་སེལ་ཞིང་སྨིན་འགྱུར་ལྟར།། ཆགས ་སྡང་ལ་སོགས་དུག་རྣམས་ལ།། དེ་ཉིད་གསལ་གདབ་བལྟ་བའི་སྟོང་།། དེ་དག་སྒྲ་ཐོས་རྨི་ལམ་བཟང་།། གཟུགས་རྣམས་མཐོང་ཞིང་བསྐོར་བ་བྱེད།། བདུད་རྩི་འདྲེན་དང་ཆོས་སྟོན་པ།། རྟོག་པ་བཟང་ངན་ཅི་སྐྱེས ་ཀྱང་།། བླང་དོར་དགའ་བྲོད་སེམས་མི་བྱེད།། སྣང་བ་མི་འགག་རང་བྱུང་ཉིད།། ཁྱད་བྲོ་ལན་ཚ་ཉིད་བཞིན་དུ།། སེམས་ལས་མི་རྟོག་དག་པའི་རྟགས།། སེམས་པ་ཆེན་པོ་དེ་ཉོན་ཅིག། གསལ་ལ་མི་རྟོག་མི་གཡོ ་བའི།། གཉིད་གསུམ་བསྲེས་པའི་ཆོས་ཉིད་ནི།། ཡེ་ཤེས་རང་བྱུང་ཆེན་པོའི་དོན།། རྒྱུ་དང་འབྲས་བུ་དབྱེར་མེད་པས།། མི་རྟོག་ཡེ་ཤེས་ལྷུན་གྲུབ་སྟེ།། རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས།། གཟུང་འཛིན་འདས ་པའི་ཡེ་ཤེས་གསལ།། གསལ་ཙམ་ཉིད་ནས་དམིགས་པ་མེད།། དེ་བཞིན་ཉིད་དུ་ཀུན་རིག་པ།། དེ་ཁྱབ་གར་གནས་སངས་རྒྱས་ཡིན།། ཡོན་ཏན་རིན་ཆེན་སྤྲིན་བཀོད་པ།། དམིགས་པར་བྱ་བ་ཅི་ཡང་མེད།། ཆོས་སྐུ ་སྙིང་པོ་བྱང་ཆུབ་ལ།། མཚོན་དུ་མེད་པས་རྐྱེན་དང་བྲལ།། མེད་པ་མ་ཡིན་ཆོས་ཉིད་འདི།། དཀའ་དགུ་བརྡོས་པའི་དད་ལྡན་གྱིས།། ཀུན་གྱི་རྩ་བ་འདི་བཅད་པས།། འདི་དོན་གང་རིག་ཐོས་པའི་མཆོག། ཐམས་ཅད ་འདི་ལས་བྱུང་བ་ཡིན།། འདི་ཤེས་པ་ཀུན་ཤེས་པའི་མཆོག། གསང་བའི་ནང་ནས་གསང་ཆེན་འདི།། ཉིད་ཀྱི་ཉིད་ཀྱང་མི་མཐོང་བས།། གཞན་གྱིས་མཐོང་བ་ག་ལ་འགྱུར།། ཇི་སྙེད་བསམ་གྱིས་མི་ཁྱབ ་པའང་།། ཆོས་ཉིད་རྟོགས་པར་རབ་ངེས་པས།། སངས་རྒྱས་ཀུན་དང་མཉམ་སྦྱོར་བ།། རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཡེ་ཤེས་སྤྱི་བླུགས་ཀྱི་ཆོས ་ཀྱི་ཆོས་ཉིད་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། སེམས་དཔའ་རྡོ་རྗེས་དོན་ཞུས་པས།། མ་བསྒོམས་ཡེ་ཤེས་ཇི་ལྟར་གསལ།། ཕྱི་ནང ་ཆོས་རྣམས་ཇི་ལྟར་རྫོགས།། དབང་ཆེན་འབྲས་བུ་ཇི་ལྟ་བུ།། ཆེ་བའི་ཡོན་ཏན་ཇི་ལྟར་འབྱུང་།། དེ་སྐད་གསོལ་པས་ཚིག་གསན་ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། མ་བསྒོམས་དོན་དང་མི་འབྲལ ་བའི།། ཐིག་ལེ་གཅིག་ཏུ་རྫོགས་པ་ཡི།། ཀུན་གཞི་མ་བཅོས་ཆོས་སྐུ་ལ།། སྣ་ཚོགས་སྣང་མེད་འགྱུར་བ་མེད།། ལྷ་དང་ལྷ་མིན་མི་རྣམས་ཀྱིས།། སྐྱེ་བར་བྱེད་པ་སྔ་མ་ཡིན།། དམྱལ་བ་ཡི་དྭགས་བྱོལ ་སོང་གིས།། སྐྱེ་བར་བྱེད་པ་ཉོན་མོངས་ཡིན།། སྒོ་ལྔ་རྗེས་འབྲང་རྣམ་རྟོག་སྟེ།། ཟག་པ་སྦྲུལ་དུ་བློ་སྣང་བ།། སྦྲུལ་སྣང་ཙམ་ཉིད་ཟག་པ་བཞིན།། ཡུལ་དུ་སྣང་བཞི་མཚན་མ་རྣམས།། རང་རིག་ཡེ་ཤེས་ངོས་ཟིན ་པས།། ཐམས་ཅད་རང་བྱུང་ཉིད་ཀྱི་དོན།། མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ།། གསལ་ཙམ་ཉིད་ན་ནུབ་པ་མེད།། ཁྱད་ཙམ་ཉིད་ན་དངོས་པོ་མེད།། མེད་པ་མ་ཡིན་ཤེས་ཤིང་རིག། རིག་ཙམ་ཉིད་ན་ངང་གིས ་སྟོང་།། སྟོང་པ་ཉིད་ན་མཐའ་དབུས་མེད།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱིང་རྒོད་ཞེན་འཛིན་སྐྱོན་བྲལ་བས།། གསལ་བདེ་སྟོང་པ་ཆེན་པོ་ལ།། ངང་དུ་བཞག་པ་ཅི་ཡང་མེད།། མཉམ་བཞག་མེད་པས་རྗེས་ཐོབ ་མེད།། སངས་རྒྱས་མེད་པས་སེམས་ཅན་མེད།། ཐམས་ཅད་རང་བྱུང་ཆེན་པོ་ལ།། གཞན་དུ་གཡོ་བ་རྡུལ་ཙམ་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ ་ཞིང་།། ཐམས་ཅད་ཡེ་ཤེས་ངོ་བོ་ལ།། མ་རིག་མུན་པ་གདོད་ནས་སངས།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། དགེ་བའི་ཆོས་སྤྱོད་མཐོང་བའི་ཚེ།། མཉམ་ཉིད་གུས་པའི་བློ་སྐྱེས་ཤིང་།། ཆོས་ཉིད་གསལ་བས་རྟོག་པ ་མེད།། རིག་པ་རྒྱུན་ཆད་རྟག་ཏུ་གནས།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ནམ་མཁའ་སྤྲིན་བཞིན་དུ།། འགྱུར་ཡང་གཞི་ལ་གནོད་མེད་ལྟར།། རྣམ་རྟོག་ཐམས་ཅད་སེམས་ཡིན་ཏེ།། ཡེ་ཤེས་ཉིད ་དུ་ཐམས་ཅད་གསལ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་དགུན་ཟླ་འབྲིང་པོ་ཡི།། སྤང་ལ་མེ་མཆེད་ཅི་བཞིན་དུ།། རྣམ་རྟོག་མཚན་མ་ཐམས་ཅད་ཀྱང་།། ཐམས་ཅད་ཡེ་ཤེས་ཉིད་དུ ་གསལ།། དཔེར་ན་རིན་ཆེན་གསེར་གླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་བཞིན།། ཐམས་ཅད་སེམས་སུ་དོན་རྟོགས་པས།། ཏིང་འཛིན་དག་ལ་འབྱུང་འཇུག་མེད།། འཁོར་དང་མྱ་ངན་འདས་པའི་ཆོས།། ཐམས་ཅད ་ཆོས་ཉིད་འགྱུར་མེད་ལ།། བསྒོམ་པའི་ཐ་སྙད་བྲལ་བའི་དོན།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ཐུགས་ལས་འདས་པས་བསམ་དུ་མེད།། སྐུ་ལས་འདས་པས་བཟུང་དུ་མེད།། སྒྲ་ལས་འདས་པས་བརྗོད་དུ ་མེད།། རྟོག་པ་མེད་པས་ལྷུན་གྱིས་གྲུབ། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། རྣམ་རྟོག་མཚན་མ་སྐྱེས་པའི་ཚེ།། ཆོས་སྐུ་རྟོག་པ་མེད་པའི་ངང་།། འབྱུང་བའི་ཡོན་ཏན་ལྔ་སྤྱོད་ཚེ།། ལོངས་སྤྱོད་རྫོགས་པ་སྐུ་ཡི་དང་།། འགྲོ ་དྲུག་གཟུགས་སུ་སྣང་བའི་ཚེ།། སྦྲུལ་སྐུ་ཐུབ་པ་ཆེན་པོའི་ངང་།། སྡུག་བསྔལ་སྣ་ཚོགས་སྐྱེས་པའི་ཚེ།། ཡེ་ཤེས་བདེ་བ་ཆེན་པོའི་ངང་།། ཕྱི་ནང་སྒྲ་སྐད་སྣ་ཚོགས་པ།། གསང་སྔགས་གསུང་གི་འཁོར་ལོ་ཡིན།། རྐྱེན ་གྱིས་ཆགས་སྡང་སྐྱེས་པའི་ཚེ།། རང་བྱུང་ཡེ་ཤེས་ཤར་བ་ཡིན།། ཤྭ་དང་སེར་བ་ལ་སོགས་པ།། ཀུན་བཟང་ཐུགས་རྗེའི་རོལ་པ་ཡིན།། ངམ་གྲོག་གཡང་ས་ཚེར་དོང་གཡང་།། རྣམ་པར་དག་པའི་ཞིང ་ཁམས་ཡིན།། མཚན་མ་སྤང་བའི་ཕ་རོལ་ན།། བསྒོམ་པ་བྱ་བ་ལོགས་ན་མེད།། སྡུག་བསྔལ་སྤང་བའི་ཕ་རོལ་ན།། བདེ་བ་བྱ་བ་ལོགས་ན་མེད།། གཏི་མུག་སྤང་བའི་ཕ་རོལ་ན།། ཡེ་ཤེས་བྱ་བ་ལོགས་ན ་མེད།། རང་སེམས་སྤང་བའི་ཕ་རོལ་ན།། སངས་རྒྱས་བྱ་བ་ལོགས་ན་མེད།། ཆོས་ཅན་སྤང་བའི་ཕ་རོལ་ན།། ཆོས་ཉིད་བྱ་བ་ལོགས་ན་མེད།། གནོད་པ་སྤང་བའི་ཕ་རོལ་ན།། སྙིང་རྗེ་བྱ་བ་ལོགས་ན་མེད།། འཁོར ་བ་སྤང་བའི་ཕ་རོལ་ན།། མྱ་ངན་འདས་པ་ལོགས་ན་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཟངས་ལྕགས་ལ་སོགས་པ།། གསེར་འགྱུར་རྩི་ཡིས་བཏབ་གྱུར་ན།། ཐམས་ཅད་གསེར་དུ་འགྱུར་བ ་ལས།། ཟངས་དང་ལྕགས་སུ་མི་འགྱུར་བཞིན།། མ་རིག་རྣམ་རྟོག་མཚན་མ་ལ།། ཡེ་ཤེས་ཆེན་པོའི་རྒྱས་ཐེབ་ན།། སྐུ་གསུམ་ཡེ་ཤེས་རང་བཞིན་ལས།། ཁམས་གསུམ་འཁོར་བར་མི་འགྱུར་ཏེ།། གདོད་ནས་མ་སྐྱེས ་ཡེ་སངས་རྒྱས།། བཙལ་བ་མེད་པར་ཡེ་ནས་གྲུབ།། མི་ནུབ་པ་ལ་དོན་གསལ་བ།། དེ་ཉིད་ལྷུན་གྲུབ་དོན་རྟོགས་ན།། རྟག་ཀྱང་ཡེ་ཤེས་ཆེན་པོར་རྟག། ཆད་ཀྱང་འཁོར་བ་རྩད་ནས་ཆད།། ལྡན་ན་སྐུ ་གསུང་ཐུགས་སུ་ལྡན།། ཡིན་ན་ཡེ་ནས་སངས་རྒྱས་ཡིན།། མེད་ན་ཁམས་གསུམ་འཁོར་བ་མེད།། གོལ་ན་ཆོས་ཀྱི་སྐུ་རུ་གོལ།། འཕྲོས་ན་ཆོས་ཀྱི་དབྱིངས་སུ་འཕྲོས།། བྱིང་ན་ཡེ་ཤེས་ཀློང་དུ་བྱིང་།། གསལ་ན་རང ་སེམས་ཆོས་སྐུར་གསལ།། དེ་ལ་ཡོན་ཏན་སྐྱོན་རྣམས་ཀུན།། སེམས་སུ་འདུས་པའི་དོན་རྟོགས་ན།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་ཡིན།། ཡུལ་དུ་སྣང་བའི་མཚན་མ་རྣམས།། མ་བསྒོམས་ཡེ་ཤེས་ཆེན་པོའི ་དོན།། བརྗོད་པ་མེད་པའི་ཤེས་རབ་ལ།། དམིགས་པ་མེད་པའི་ཏིང་འཛིན་གསལ།། ཤེས་རབ་དྲང་ཟད་སོ་མ་ལ།། འདུ་ཤེས་མི་བསྐུལ་བརྟུལ་ཤུགས་བསྐྱེད།། ཅི་ཡང་མི་བསྒོམ་ཅི་ཡང་མིན།། ཡེ་ཤེས་ཟང་ཐལ ་ཉིད་དུ་གཞུག། ཐམས་ཅད་ཡེ་ནས་མཉམ་ཉིད་ལ།། རྒྱུ་དང་འབྲས་བུ་དབྱེ་རུ་མེད།། ཐ་སྙད་གང་ཡང་མི་གནས་པ།། བཙལ་དུ་མེད་པའི་དངོས་པོ་མེད།། དེ་ཉིད་མི་གནས་བྱང་ཆུབ་སེམས།། སེམས་ཞེས་བྱ་བའི ་དོན་རྟོགས་ན།། སེམས་ལ་གཏད་དང་བཟུང་དུ་མེད།། ཇི་སྲིད་བར་དུ་གཏད་ཡོད་ན།། དེ་སྲིད་བར་དུ་འཁྲུལ་པ་ཡིན།། མི་ཤེས་མ་གྲོལ་དྲན་ཙམ་ན།། དེ་ལྟར་རྟོགས་པའི་རྣལ་འབྱོར་ཐུགས།། ང་ཡི་རིག་པ་འདི་སྤྱོད ་ན།། རང་བྱུང་ཡེ་ཤེས་རྩ་བ་ནི།། བྱང་ཆུབ་སེམས་དཔའ་ཉིད་ཡིན་པས།། དེ་ཉིད་རྟོགས་པར་བྱ་བའི་ཐབས།། ཕྱི་ནང་ཆོས་རྣམས་མ་ལུས་པ།། ཇི་སྲིད་རང་བྱུང་ཉིད་ཀྱི་དོན།། དེ་ལས་གཞན་པའི་ཆོས་མེད ་དོ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། མ་བསྒོམས་དོན་དང་བྲལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ཡང་སེམས་དཔའ་རྡོ་རྗེ་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ ་པ།། ཆོས་རྣམས་ལྷུན་གྱིས་གྲུབ་པར་ནི།། རྣལ་འབྱོར་ཆེན་པོ་སྐལ་ལྡན་ཏེ།། སྙིང་རྗེའི་རླན་དང་མ་བྲལ་བར།། སེམས་བསྐྱེད་རྣམས་གཉིས་དེ་ལ་རྫོགས།། བྱིང་རྒོད་གཉིས་ཀྱི་སྐྱོན་བྲལ་བས།། ཞི་གནས་བདེ་བ་དེ ་ལ་རྫོགས།། སྒྱུ་མ་ལྟ་བུར་ངེས་ཤེས་པས།། དངོས་མེད་རྟོགས་པས་ལྷག་མཐོང་རྫོགས།། སེར་སྣ་འཛིན་པའི་སེམས་མེད་པས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། མི་དགེ་ཉེས་བྱས་མི་འབྱུང་བས།། ཚུལ་ཁྲིམས་པ ་རོལ་ཕྱིན་པ་རྫོགས།། ཆོས་ཀྱི་དབྱིངས་ལ་ཀུན་ཤོང་བས།། བཟོད་པའི་ཕ་རོལ་ཕྱིན་པ་རྫོགས།། ལྟ་བའི་དོན་ལ་མ་གཡོས་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། སེམས་ཉིད་དོན་ལ་མི་གཡོ་བས།། བསམ ་གཏན་ཕ་རོལ་ཕྱིན་པ་རྫོགས།། ཆོས་རྣམས་ལྟ་བ་ཟག་བཅད།། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། སྣང་བ་གང་ཡང་མི་འགོག་པས།། ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། མི་གནས་བླ་མེད་དོན་རྟོགས་པས།། སྨོན ་ལམ་ཕ་རོལ་ཕྱིན་པ་རྫོགས།། མ་རིག་མུན་པ་ཀུན་བཅོམ་པས།། སྟོབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། འཁོར་འདས་ཡེ་ཤེས་ལྷུན་རྫོགས་པས།། ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས།། ལུས་ངག་དེ་ལས་མ་ཉམས ་པས།། རྫོགས་ཆེན་མ་ལུས་ཐམས་ཅད་རྫོགས།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཡིད་བཞིན་ནོར་བུ་ལ།། དགོས་འདོད་ཐམས་ཅད་རྫོགས་པ་བཞིན།། ཆོས་ཉིད་རིག་པའི་དབང་ཐོབ་པས།། ཕྱི་ནང ་དབང་རྣམས་དེ་ལ་རྫོགས།། མི་རྟོག་ཡེ་ཤེས་བགེགས་བསལ་བས།། ཕྱི་ནང་མཚམས་གཅོད་དེ་ལ་རྫོགས།། མ་རིག་རྣམ་རྟོག་སྒྲིབ་མེད་པས།། དོན་གྱི་བཤགས་པ་དེ་ལ་རྫོགས།། གཉིས་མེད་དོན་ལ་རང་གནས ་པས།། བྱིན་ཆེན་དབབ་པ་དེ་ལ་རྫོགས།། ཉོན་མོངས་བདུད་རྩི་ཆེན་པོ་ལ།། ཡེ་ཤེས་བྱིན་རླབས་དོན་གྱིས་རྫོགས།། འབྱུང་བ་ལྔ་ཡིས་ཀུན་ཁྱབ་པས།། དབང་ཆེན་རིག་པ་དོན་གྱིས་རྫོགས།། ཕྱོགས་བཅུ་རང་བཞིན ་ལྷུན་གྲུབ་པས།། གཞལ་ཡས་ཁང་ཆེན་དེ་ལ་རྫོགས།། རིག་ཚོར་དོན་གྱི་ལྷ་ཡིན་པས།། ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས།། སངས་རྒྱས་སེམས་ཅན་དབྱེར་མེད་པས།། སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས།། ཆོས་ཉིད ་དོན་ལས་མི་འགྱུར་བས།། བརྟན་པར་བཞུགས་པ་དེ་ལ་རྫོགས། ཐམས་ཅད་བཟང་ངན་མིང་མེད་པས།། ཟིལ་གྱིས་མནན་པ་དེ་ལ་རྫོགས།། ཐམས་ཅད་འདྲེས་པ་ཆེན་པོ་ལ།། ནན་ཏན་ཕྱག་རྒྱ་དེ་ལ་རྫོགས།། ་བསྒྲུབ་སྤྱོད་ཐམས་ཅད་ཡེ་ཤེས་པས།། ཕྱག་རྒྱའི་མཆོད་པ་དེ་ལ་རྫོགས།། སེམས་ཅན་ཆོས་ཉིད་དོན་འབྱོར་བས།། སྦྱོར་སྒྲོལ་མཆོད་པ་དེ་ལ་རྫོགས།། ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས།། མཐར་ཕྱིན་སྨོན་ལམ་དེ ་ལ་རྫོགས།། སྐུ་གསུང་ཐུགས་ཀྱི་དོན་རྟོགས་པས།། བཟླས་བརྗོད་འཕྲོ་འདུ་དེ་ལ་རྫོགས།། ཚོགས་རྣམས་སྣོད་བཅུད་ཡིན་པའི་ཕྱིར།། ཚོགས་ཀྱི་མཆོད་པ་དེ་ལ་རྫོགས།། བདེ་ཆེན་གཉིས་མེད་ངོ་བོ ་ལ།། ལྷག་མའི་མཆོད་པ་དེ་ལ་རྫོགས།། མི་བཟུང་ཡེ་ཤེས་ཆེན་པོ་ལ།། གཏོར་མའི་མཆོད་པ་དེ་ལ་རྫོགས།། ཐིག་ལེ་གཅིག་ཏུ་འདུས་པ་ལ།། དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས།། ཡེ་ཤེས་ལྷུན་གྲུབ་གོ་ལྡན ་པས།། བཀའ་ནན་ལུས་སྲུང་དེ་ལ་རྫོགས།། གཉིས་མེད་དོན་དུ་སངས་རྒྱས་པས།། དགེ་བ་བསྔོ་བ་དེ་ལ་རྫོགས།། མཚན་དང་དཔེ་བྱད་ཐམས་ཅད་ཀྱི།། ཡེ་ཤེས་ལྷུན་གྲུབ་དེ་ལ་རྫོགས།། རྫོགས་པ་ཆེན་པོའི་ལྷ། ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཆོས་རྣམས་ལྷུན་གྱིས་རྫོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དབང་གི་ཆེ་བ་བཀའ་སྩལ ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་འདི།། ནམ་མཁའ་རྒྱ་མཚོ་ཉི་མ་བཞིན།། མ་སྤྲོས་མ་བསྡུས་རང་སྣང་བཞིན།། བྱང་ཆུབ་སེམས་ལས་མ་གཡོས་པས།། ཀུན་ལ་ཁྱབ་པའི་རིག་པ་གསལ།། འབབ་ཆུ་མར་མེ ་དུག་སྔགས་བཞིན།། དམིགས་པ་དྲུག་ལ་སྒོ་ལྔ་གསལ།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་གསལ།། གསལ་ཙམ་ཉིད་ནས་ནུབ་པ་མེད།། ས་གཞི་ཆུ་ཟླ་གང་བ་བཞིན།། སྣ་ཚོགས་སྣང་ལ་བཟུང་དུ་མེད།། ཆེ་བ་ཡེ་ཤེས ་རྒྱུན་མ་ཆད།། མེད་ལ་མི་ཟད་འབྱུང་བའི་རྗེ།། མཚན་མ་ཟིལ་གྱིས་གནོན་པ་ཡིས།། སེམས་ཀྱི་དབང་ཆེན་དམ་པ་ཡིས།། འདོད་ཁམས་གནས་རིས་ཟིལ་གྱིས་གནོན།། འགྲོ་དྲུག་གཡང་ས་བཅད་པའི་ཕྱིར།། ཡེ ་ཤེས་ཆེན་པོ་ངོས་ཟིན་པས།། གཟུགས་ཁམས་བཅུ་བདུན་དེ་མི་འཁོར།། ཡེ་ཤེས་སྤྱི་བླུགས་དོན་བསྒོམས་པས།། གཟུགས་ཁམས་བཞི་རུ་དེ་མི་སྐྱེ།། ཡེ་ཤེས་ཆེན་པོར་ལ་བཟློས་པས།། ས་བཅུ་རིམ་གྱིས་དེ་མི ་བགྲོད།། དབང་གསུམ་གཅིག་ཏུ་རྟོགས་པ་ཡི།། མ་བཅོས་པ་ཡི་ཆོས་ཉིད་ཀྱིས།། བཅོས་པའི་མཚན་མ་ཟིལ་གྱིས་གནོན།། དམིགས་པ་མེད་པའི་ནམ་མཁའ་ཡིས།། དམིགས་པའི་འབྱུང་བ་ཟིལ་གྱིས་མནན།། སྐྱེ་བ ་མེད་པའི་ཡེ་ཤེས་ཀྱིས།། སྐྱེ་བའི་ཕུང་པོ་ཟིལ་གྱིས་མནན།། རིག་པའི་ཆོས་ཀྱི་ཆོས་ཉིད་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། དུར་ཁྲོད་ཆེན་པོ་ང་ཡི་སེམས།། སེམས་ལས་མ་རྟོགས་སངས་རྒྱས ་མེད།། རིག་པ་སེམས་ཀྱི་དབང་ཆེན་ནི།། སངས་རྒྱས་ཀུན་གྱི་མེས་པོ་ཡིན།། འདི་ལས་མ་བྱུང་སངས་རྒྱས་མེད།། དེ་ཕྱིར་དབང་གསུམ་རབ་ཏུ་བསྔགས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། རིག ་པའི་དབང་གི་ཆེ་བ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཆེ་བའི་ཡོན་ཏན་བཀའ་སྩལ་པ།། སྙིང་པོ་དོན་གྱི་འབྲས་བུའི་ཆོས།། གང་ཞིག་སྣོད་དང་ལྡན་པ་ཡིས།། ཤེས ་ནས་དེ་ལ་གང་གནས་པ།། རང་རིག་ཉིད་ལ་དབང་ཐོབ་ནས།། སྐྱེ་བ་གཞན་དུ་མི་ལེན་པར།། སངས་རྒྱས་རིག་འཛིན་ཆེན་པོ་ཐོབ།། སེམས་དཔའ་ཆེན་པོ་ང་ཡི་དོན།། ཇི་བཞིན་མ་བཅོས་དེ་ཉིད ་ལ།། ཇི་བཞིན་པ་ཡི་རང་བཞིན་བཞག། ཡེ་ཤེས་དེ་ཉིད་མ་ཡིན་པར།། བསྒྲུབ་དང་བསྒྲུབ་བྱ་ག་ལ་ཡོད།། དེ་ལ་ཡེ་ཤེས་མངོན་གྱུར་ན།། མེད་ལ་མི་ཟད་འབྱུང་བའི་གཏེར།། ཁམས་གསུམ་རིན་ཆེན་རྙེད་པའི ་མི།། ཅི་ལྟར་འདོད་པ་བཞིན་དུ་འབྱུང་།། ཡེ་ཤེས་ཆེན་པོ་འདི་རྟོགས་པས།། ཆེ་བའི་ཡོན་ཏན་རྒྱུན་མི་ཆད།། མིང་ཡང་ཀུན་འབྱུང་རིན་ཆེན་གཏེར།། དེ་བཞིན་ཉིད་དུ་ཀུན་རིག་ན།། འཁོར་བ་དང་ནི་མྱ་ངན ་འདས།། སོ་སོར་སྣང་བ་མ་ཡིན་ཏེ།། ཇི་བཞིན་པ་དེ་རྟོགས་ངེས་ན།། དེ་ལ་འཁོར་བའི་རང་བཞིན་མེད།། རྡོ་རྗེ་སྙིང་པོ་དེ་ཉོན་ཅིག། མ་བཅོས་པ་ཡི་མན་ངག་གི།། ལྟ་བ་ཡངས་པའི་ནམ་མཁའ་ལ།། འཛིན་རྟོགས ་མེད་པའི་ཡེ་ཤེས་གསལ།། གང་ཡང་མ་སྤངས་ལྷུན་གྱིས་གྲུབ།། མུན་པ་འཐིབ་པ་དེ་དག་གིས།། མི་གཡོ་མི་རྟོག་ཡེ་ཉིད་བལྟ།། དེ་མཐོང་མུན་པ་རྣམ་དག་སངས།། སངས་རྒྱས་ཀུན་གྱི་མཆོག་ཏུ་བཤད།། རྫོགས་པ ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག ་སེམས་ཀྱི་རྒྱལ་པོ་ལ།། དེ་ལྟར་རྟོགས་པའི་རྣལ་འབྱོར་ལ།། གོལ་ས་སྒྲིབ་པ་ཅི་ལྟར་མེད།། བསྒོམ་དུ་ཡོད་མེད་ཇི་ལྟ་བུ།། འབྱུང་བ་ཉོན་མོངས་ཇི་ལྟར་དག། ཡོན་ཏན་གདུལ་བྱ་ཅི་ལྟར་འབྱུང་།། ལ་བཟླ་བ་ཡིས ་གཏན་ཚིགས་གང་།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་གསོལ་བའི་ཚིག་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལྟ་བ་ལྷུན་གྲུབ་ཆེན་པོ་ལ།། གོལ་སྒྲིབ་མེད་པར་བསྟན་པ་ཡིས།། བཅུ ་གཉིས་གསུམ་དང་བདུན་བསྟན་པ།། ཡིད་ལ་མི་བྱེད་གོལ་སྒྲིབ་མེད།། དེ་དོན་རྣམ་པར་དབྱེ་བ་ནི།། བྱུང་ཚོར་རྗེས་སུ་མི་འབྲངས་པས།། འཇིག་རྟེན་ཕལ་པའི་སར་མི་གོལ།། ཡོད་མེད་ཡུལ་དུ་མི་བསྒོམ ་པས།། རྟག་ཆད་མཐར་ནི་དེ་མི་གོལ།། ཤེས་རབ་ཟབ་མོའི་དོན་ཟིན་པས།། ལུང་དུ་མ་བསྟན་དེ་མི་གོལ།། ཞི་གནས་རོ་ལ་མ་ཆགས་པས།། འཇིག་རྟེན་བསམ་གཏན་སར་མི་གོལ།། སྒོ་ལྔའི་རྣམ་ཤེས་མི་འགོག ་པས།། འདུ་ཤེས་མེད་པར་དེ་མི་གོལ།། རྣམ་རྟོག་མ་སྤངས་མ་ཞི་བས།། ཉན་ཐོས་འགོག་པར་དེ་མི་གོལ།། རྣམ་རྟོག་སྟོང་པར་མ་བསྒོམས་པས།། རང་རྒྱལ་སེམས་སུ་དེ་མི་གོལ།། རང་རིག་གསལ་བར་མ ་བསྒོམས་པས།། སེམས་ཙམ་དུ་ནི་དེ་མི་གོལ།། མཚན་མ་སྟོང་པར་མ་བསྒོམས་པས།། དབུ་མ་ཉིད་དུ་དེ་མི་གོལ།། ཐབས་ཀྱི་བདེ་བ་མ་བསྒོམས་པས།། ཆགས་པའི་ལམ་དུ་དེ་མི་གོལ།། རྒྱུ་འབྲས་རྐྱེན་ལ་མི་ལྟོས ་པས།། འདུ་བྱས་ཆོས་སུ་དེ་མི་གོལ།། དགེ་སྡིག་རེ་དོགས་རྩོལ་མེད་པས།། ལས་ཀྱི་དབང་དུ་དེ་མི་གོལ།། སེམས་ལ་དབེན་པའི་ཡུལ་མེད་པས།། འབྲས་བུའི་ལམ་དུ་དེ་མི་འགྲོ།། ལམ་ལྔ་རིམ་གྱིས ་མ་སྦྱངས་པས།། ས་བཅུ་བགྲོད་པར་དེ་མི་གོལ།། དག་པའི་ལྷ་ལྟར་མི་བསྒོམ་པས།། ཀྲི་ཡའི་ཐེག་པར་དེ་མི་གོལ།། ལྷ་སྤྱོད་གཉིས་འཛིན་མི་བསྒོམ་པས།། ཨུ་པ་ཡར་ནི་དེ་མི་གོལ།། བྱང་ཆུབ་རྣམ་ལྔ་མི་བསྒོམ ་པས།། ཡོ་གའི་སེམས་དཔར་དེ་མི་གོལ།། རྣམ་རྟོག་ལྷར་ནི་མ་བསྒྱུར་བས།། མ་ཧཱ་ཡོ་གར་དེ་མི་གོལ།། འདུ་འབྲལ་མེད་འཛོམ་ཡོད་མེད་པས།། ཨ་ནུ་ཡོ་གར་དེ་མི་གོལ།། ཆོས་ཉིད་མཚོན་དུ་མེད་རྟོགས ་པས།། མཚན་མའི་སྐྱོན་དུ་དེ་མི་གོལ།། བརྟུལ་ཞུགས་ཕྱི་ནང་མི་གོལ་པས།། བླང་དོར་མེད་པར་དེ་མི་གོལ།། གཉིས་མེད་དོན་ལ་མི་གཏོད་པས།། ཕྱོགས་ཅན་ལྟ་བར་དེ་མི་གོལ།། སེམས་ཉིད་དོན་ལ་མི་རྩོལ ་བས།། མཉམ་ཉིད་དོན་ལས་དེ་མི་གོལ།། དེ་ལས་གཞན་པར་གོལ་ས་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། སྒྲིབ་པ་གང་ཡིན་མཚན་ཉིད་ནི།། ཡེ་ཤེས་ཆེན་པོར་ངོས་ཟིན་པས།། སྐབས་འབྱེད་སྒྲིབ་པ་དེ ་ལ་མེད།། སྔ་ཕྱི་རྗེས་སུ་མི་འབྲངས་པས།། བསླབ་པའི་སྒྲིབ་པ་དེ་ལ་མེད།། སྔ་ཕྱི་གློ་བུར་དངོས་མེད་པ།། ཕྱོགས་ལྷུང་སྒྲིབ་པ་དེ་ལ་འབྱུང་།། ལྟ་བ་ངེས་པའི་གདེང་ཟིན་པས།། ཚོགས་ཀྱི་སྒྲིབ་པ་དེ་ལ་མེད།། བྱ་བ ་མེད་པའི་དོན་རྟོགས་པས།། ལམ་བཞིའི་སྒྲིབ་པ་དེ་ལ་མེད།། བག་ཆགས་མི་གཡོའི་སྟོབས་ལྡན་པས།། མཆོད་པའི་སྒྲིབ་པ་དེ་ལ་མེད།། ངེས་པའི་ལུང་ལ་ཡིད་ཆེས་པས།། ལུང་གི་སྒྲིབ་པ་དེ་ལ་མེད།། དེ་དག་གོལ ་ས་སྒྲིབ་པ་ཀུན།། ངང་དུ་རྫོགས་ནས་རང་ཡན་ལ།། བརྒྱ་དང་བརྒྱད་ཅུ་ལ་སོགས་པ།། གོལ་སའི་སྒྲིབ་པ་མུ་མཐའ་ཡས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། གོལ་སྒྲིབ་མེད་པར་བསྟན་པའི་ལེའུ་སྟེ ་བཅོ་བརྒྱད་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ང་ཡིས་བྱས་པའི་ཆོས་རྣམས་ལ།། བསྒོམ་དུ་ཡོད་མེད་མཐའ་ཡིས་ཆོས།། སེམས་ཅན་སངས་རྒྱས་ཚུལ ་གཅིག་ཕྱིར།། རྒྱུ་འབྲས་དབྱེར་མེད་ལྷུན་གྱིས་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། སྐྱོན་དང་ཡོན་ཏན་རྣམ་གཉིས་ཀྱིས།། ཆོས་ཉིད་འཁྲུལ་པ་གཞིར་བཞག་ན།། གཉིས་ཀ་ལྟར་ཡང་མི་འགལ་ཕྱིར།། ཀུན་ཀྱང ་ཡིན་པ་ཐམས་ཅད་མིན།། དཔེར་ན་ཉི་མའི་སྙིང་པོ་ལ།། མུན་སྣང་གཉིས་ཀ་མི་འགལ་བཞིན།། གཞི་གཅིག་གང་ཡང་མ་འགགས་པ།། དེ་ཉིད་དུས་ན་ངོས་བཟུང་མེད།། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། ཆུ་ཕྲན་རྒྱ་མཚོར ་རོ་གཅིག་ཕྱིར།། སྣང་སྲིད་ཡེ་ཤེས་ཆེན་པོ་ལ།། བྱིས་པ་རྣམས་ཀྱིས་ཐ་དད་བཟུང་།། དེ་ཕྱིར་བློ་ཡི་རྣམ་པ་ཡིན།། འབྱུང་བ་ནམ་མཁར་གཅིག་པ་བཞིན།། ཆོས་རྣམས་སེམས་སུ་གཅིག་པ་ལ།། བློ་བཞག་ཐེག་པ ་རིམ་དགུ་བྱུང་།། འབྱུང་བ་ལྷུན་གྲུབ་གཅིག་ལས་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། རང་བྱུང་ཡེ་ཤེས་རྩ་བ་ནི།། དངོས་པོ་མེད་ལ་ཤེས་པར་ཡོད།། ཡིད་སྣང་སེམས་ཀྱི་རང་བཞིན་ལ།། ངེས ་དོན་དྲང་དོན་བསྟན་པ་ལས།། ངོ་བོ་གཞི་གཅིག་མ་འགལ་ཡང་།། ཤཱཀ་ཐུབ་རྣམ་སྣང་མི་འགལ་བཞིན།། དྲུག་ནི་སྣང་བ་ཐ་དད་པས།། གཉེན་པོ་གཞི་ཡི་རང་བཞིན་ལས།། སྣང་བ་ཞེན་པ་གང་འགོག་པ།། བལྟ། ་བའི་ཡུལ་ནི་རྣམ་བཞི་སྟེ།། གཉིས་མེད་སྣང་སྟོང་ཁས་མི་ལེན།། ཐམས་ཅད་བློ་ཡི་སྣང་བ་སྟེ།། དེ་བས་སེམས་ཉིད་རྟོགས་པའི་ཐབས།། རང་རིག་རྒྱལ་པོས་ཤེས་པ་འཕྱོ།། དེ་ཡང་འདུས་པའི་ཚོགས་རྣམས ་ཉོན།། མ་རྟོགས་ལོག་རྟོགས་དག་པའི་ཕྱིར།། མདོ་སྡེ་དང་ནི་རྒྱུད་སྡེ་ལ།། ཚད་མ་བཞི་ཡི་གཏན་ཚིགས་ཀྱིས།། ཐེག་པ་གོང་འོག་ཁྱད་པར་གྱིས།། མིང་དང་ཐ་སྙད་བསམ་ཡས་ཀྱང་།། ཞེན་པ་བཟློག་པའི་ཐབས་སུ ་ཟད།། རྡོ་རྗེ་ཐེག་པ་འདི་ལས་མེད།། དེ་བཞིན་རྟོགས་པའི་རྣལ་འབྱོར་པས།། ཡལ་བར་འདུག་པ་ནམ་ཡང་མེད།། དེ་དོན་རྒྱུད་དུ་མ་ཡེངས་ན།། དགོངས་པ་ཀུན་བཟང་ང་དང་མཉམ།། དེ་ཡང་སེམས་དཔའ་རྡོ།། ་ཁྱོད།། སྣང་བ་མི་འགག་རང་བཞིན་ལས།། ཞེན་པ་མེད་པའི་ཡེ་ཤེས་ཏེ།། ཐམས་ཅད་རང་བྱུང་མ་བཅོས་པ།། དེ་ཉིད་དོན་དང་གང་ལྡན་པ།། དམན་པའི་ལུས་ལས་སངས་རྒྱས་ཡིན།། ཆོས་ཉིད་འབྲས་བུར་ཡེ། ་རྫོགས་པ།། རེ་དོགས་གཉིས་མེད་དེ་ཁོ་ན།། དོར་བར་བྱ་བའི་དངོས་མེད་པར།། བླང་བར་བྱ་བ་ག་ལ་ཡོད།། སེམས་དཔའ་རྡོ་རྗེ་ང་ལ་ནི།། ལམ་མེད་ལམ་ལྟར་མ་སྦྱོར་ཅིག། ས་མེད་ས་བཅུར་མ་བགྲོད་ཅིག། རྟེན ་མེད་དམིགས་ཀྱང་མ་འཆའ་ཞིག། སྒྲིབ་མེད་སྒྲིབ་གཉིས་མ་སྦྱོངས་ཤིག། ཡུལ་མེད་ཚོགས་གཉིས་མ་གསོག་ཅིག། སེམས་ལ་གཉེན་པོ་མེད་པར་སྦྱོར།། ལུང་ལས་མ་བཏུས་མན་ངག་གིས།། སེམས་ལས་མ་རྟོགས ་སངས་རྒྱས་བརྙེས།། རྒྱུ་ལས་མ་བྱུང་འབྲས་བརྩོན་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། ཇི་བཞིན་པ་ཡི་དེ་ཉིད་ལ།། སངས་རྒྱས་ཉིད་ཀྱིས་བྱར་མེད་པས།། བློ་དང་བློ་ཡི་སྣང་བ་ཡིས།། གང་གིས་བཅོས་ཏེ་སུ ་ཡིས་བྱས།། བྱེད་པ་པོ་ཡང་ག་ལ་ཡོད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཐེ་ཚོམ་བསལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ ་བཀའ་སྩལ་པ།། སེམས་དཔའ་རྡོ་རྗེ་ང་ཡི་ཆོས།། འབྱུང་བ་ལྔ་དག་ཉོན་མོངས་དག་པ་ནི།། སྣང་སྟོང་གོ་འབྱེད་ཀུན་ཁྱབ་མཁའ།། ཐེག་ཆེན་པོ་ལ་ཀུན་གནས་པས།། ཞི་གནས་རྣམ་དག་ཆུ་ཆེན་པོ།། ལྷག་མཐོང་ཡེ ་ཤེས་འོད་འབར་མེ།། ཤེས་བྱ་ཐོགས་མེད་ཡེ་ཤེས་རླུང་།། ཀུན་ལ་ཁྱབ་པས་ནམ་མཁའི་དབྱིངས།། འབྱུང་བ་ཡེ་ཤེས་ལྔ་རུ་དག། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། མ་འདྲེས་ཡོངས་རྫོགས་གསལ་སྟོང ་གཟུགས།། ཁམས་གསུམ་རང་བཞིན་གོ་བའི་སྒྲ།། དམ་པའི་ཚིམ་བྱེད་ཆོས་ཀྱི་དྲི།། སྣོད་བཅུད་ཉམས་སུ་མྱོང་བའི་རོ།། བདེ་མཆོག་དོན་ལ་རེག་པའི་ཐུགས།། དེ་ཡང་འདུས་པའི་ཚོགས་རྣམས ་ཀུན།། ཅི་ཡང་མི་སེམས་གཏི་མུག་ལ།། དངོས་པོ་ཀུན་བཅོམ་ཞེ་སྡང་ཉིད།། ཡེ་ཤེས་ང་རྒྱལ་བདག་ཉིད་ཆེ།། རང་བཞིན་སྙིང་རྗེ་འདོད་ཆགས་ཆེ།། སེམས་ཉིད་མི་འགྱུར་གཞན་ཕྲག་དོག། འབྱུང་བ་འདོད་ཡོན་དུག ་ལྔ་ཡང་།། ཐམས་ཅད་ཡེ་ཤེས་ཆེན་པོར་དག། ཀུན་གྱི་རང་བཞིན་དེ་ཤེས་པས།། དེ་ཉིད་དབང་དུ་ཐམས་ཅད་འདུས།། ཀུན་ལ་དབང་བསྒྱུར་ཐོབ་པས་ན།། ཡེ་དབང་ཆེན་པོ་རྫོགས་པ་ཡིན།། ཡེ་ཤེས་སེམས་དཔའ ་ཆེན་པོ་ཁྱོད།། འཇིག་རྟེན་མ་ལུས་ཁམས་རྣམས་ཀྱང་།། བསམ་གྱིས་མི་ཁྱབ་ཚིམ་གྱུར་ཀྱང་།། ནམ་མཁའ་ཚིམ་པར་མི་འགྱུར་བཞིན།། ཆོས་སྐུ་ངོ་བོ་འགྱུར་མེད་པ།། བློ་ཡི་སྣང་བ་སྣ་ཚོགས་པ།། རྟོགས་པའི་དོན ་དབྱེར་མེད་པས།། དེ་ཉིད་ཡེ་ཤེས་ལྷུན་གྲུབ་ཏེ།། བདག་དང་གཞན་དུ་སྣང་བ་མེད།། མེད་པ་མ་ཡིན་རིག་ཅིང་ཚོར།། ཆད་པར་མ་སོང་རིག་ཅིང་གསལ།། རྟག་པར་མ་སོང་དངོས་པོ་མེད།། གཉིས་སུ་མ་སོང ་བོཔོ་མེད།། གཅིག་ཏུ་མ་སོང་ཀུན་ལ་ཁྱབ།། སྟོང་ཉིད་རྣམ་དག་ནམ་མཁའ་འདྲ།། གཙང་སྨེ་བྱ་བ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། འབྱུང་བ་འདོད་པའི་ཡོན་ཏན་ལྔ་དང་ཆགས ་སྡང་ལ་སོགས་དུག་ལྔ་ཡང་མ་སྤངས་གནས་སུ་དག་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ང་ཡིས་བཤད་པའི་ཆོས་རྣམས ་ལ།། གང་ཟག་བློ་ཡི་རབ་འབྲིང་གིས།། ས་དང་ལམ་གྱི་ཁྱད་པར་དང་།། དབང་དང་དམ་ཚིག་ལྟ་བ་དང་།། བསྒོམ་པ་སྤྱོད་པ་ལ་སོགས་པ།། ཐ་དད་སྤྲོས་ཀྱང་གཅིག་ལས་མེད།། གཅིག་ལས་སྤྲོས་པ་ཀུན་གྱི ་མིང་།། སེམས་ཉིད་རྣམ་པ་སྣ་ཚོགས་པས།། སྣ་ཚོགས་སྣང་ཡང་ངོ་བོར་གཅིག། དཔེར་ན་གསེར་རྒྱུ་གཅིག་པ་ལ།། དབྱིབས་སུ་གཟུགས་རྣམས་ཐ་དད་པ།། བྱས་པ་དེ་དག་མིང་རེར་གྲགས།། གྲགས་ཀྱང་གསེར ་དང་ངོ་བོར་གཅིག། འདུས་པའི་རྡོ་རྗེ་སྙིང་པོ་ཁྱོད།། ཤེས་རབ་ཐབས་ཀྱི་སྤྱོད་པ་ཡིས།། ཆོས་སྐུ་ཡེ་ནས་དག་པ་ལ།། ཀློང་གསུམ་ལྡན་པའི་སྐྱེས་མཆོག་གིས།། རྒྱུན་དུ་མ་ཡེངས་རྒྱལ་བའི་སྲས།། དེ་ལ་སྐྱོན་གྱིས ་གོས་མི་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། ངང་སེམས་ཆོས་སྐུར་རྟོགས་པ་ཡིས།། མང་ལ་མི་ཟད་འབྱུང་བའི་གཏེར།། གཞན་དོན་སྨོན་ལམ་མཐར་ཕྱིན་པས།། ཐོགས་མེད་གཟུགས་སྐུ་རྣམ་གཉིས ་པོ།། གསེར་སྦྲུལ་མིག་བཞིན་དུས་གཅིག་འབྱུང་།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས ་པའི་ཚོགས་ལ་བཀའ་སྩལ་པ།། ལ་བཟླ་བ་ཡིས་གཏན་ཚིགས་ནི།། སངས་རྒྱས་ཐུགས་དང་སེམས་ཅན་སེམས།། སོ་སོར་སྣང་བ་མ་ཡིན་ཏེ།། རྩ་བ་ཆོས་སྐུར་གཅིག་པ་ཡིས།། གཉིས་སུ་མེད་པར་ལ ་བཟླའོ།། འཁོར་བ་དག་གི་སྡུག་བསྔལ་དང་།། སངས་རྒྱས་རྣམས་ཀྱི་བདེན་པ་དང་།། གཉིས་ཀ་རྩ་བ་གཅིག་པ་ཡིས།། ལྷུན་གྲུབ་དག་ཏུ་ལ་བཟླའོ།། གཙང་དང་མི་གཙང་གཉིས་ཀ་བཞིན།། ལུད་པ་ལ་སོགས་གང ་རུང་ལ།། བྱ་ཁྱི་ཡིས་ནི་ཟས་སུ་མཐོང་།། དེ་ཕྱིར་བླང་དོར་མེད་པའོ།། མཚན་དང་དཔེ་བྱད་ཡོན་ཏན་དང་།། ལུས་དང་བག་ཆགས་སྐྱོན་རྣམས་ཀུན།། ངང་འཇོག་མེད་པར་ལ་བཟླའོ།། གཞི་ལ་འཁྲུལ་པ་མ་རིག ་མེད།། ཐམས་ཅད་བྱང་ཆུབ་སེམས་སུ་གསལ།། དུག་ལྔ་བྱང་ཆུབ་ལམ་ཡིན་པས།། སྤང་དུ་མེད་པར་ལ་བཟླའོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཁྱོད།། རང་བཞིན་སྐྱེ་མེད་སྤྲོས་བྲལ་བས།། བརྗོད་དུ་མེད་པར་ཡིད་ཆེས ་བྱ།། རྒྱུ་རྐྱེན་མེད་པའི་དོན་གོ་བས།། ལྷུན་གྱིས་གྲུབ་པར་ཟག་ཆོད་དོ།། ཕྱི་ནང་འབྱུང་བ་སྣ་ཚོགས་པ།། ཀུན་བཟང་རོལ་པ་ཡིན་པས་ན།། གང་ཡང་མི་འགལ་ཡིད་ཆེས་པས།། གཏན་ཚིགས་ཆེན་པོར་བཞག་པ ་ཡིན།། ཆོས་ཅན་རང་གི་མཚན་ཉིད་ནི།། གདོད་ནས་གཉིས་སུ་མེད་པ་ཡིས།། ཆོས་རྣམས་རྩ་བ་གཅིག་པའི་དོན།། གཏན་ཚིགས་དག་གིས་ཡིད་ཆེས་བྱ།། ངོ་བོ་ཉིད་དུ་རང་གྲོལ་བས།། གཏན་ཚིགས་དག་གིས་ཡིད ་ཆེས་བྱ།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། ཡེ་ཤེས་ལྷུན་གྲུབ་དག་ཏུ་བསྟན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། མན་ངག་གཏན་ཚིགས་ཀྱི་ལེའུ་སྟེ་ཉེར་གཉིས ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། འཁོར་རྣམས་གུས་པའི་ཚུལ་གྱིས་ནི།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། སྤྱན་སྔར་འདུག་ནས་འདི་སྐད་གསོལ།། རིང་ནས་འདུས་པ་བདག་ཅག་ནི།། རྩ་བ ་རང་སེམས་དོན་གསལ་བས།། བཙལ་བས་མི་རྙེད་རང་སེམས་ནི།། དམིགས་སུ་མེད་པའི་ཆོས་སྐུ་ལ།། གང་ཡང་མ་བཀག་ནམ་མཁའ་བཞིན།། མ་བསྒོམས་མ་ཡེངས་འབྲས་བུ་རྣམས།། ཞལ་མཐོང་སྤྲུལ་པ་བདག ་གིས་ནི།། དུས་གསུམ་རང་སེམས་འགྱུར་མེད་དོན།། མེད་ལ་མི་ཟད་མཐའ་བྲལ་བས།། གང་ཡང་མ་སྤངས་གནས་སུ་དག། མ་བཙལ་རྙེད་པ་ནོར་བུ་བཞིན།། རང་སེམས་ཆོས་ཀྱི་དབྱིངས་སུ་དག། དད་ཉན་འཁོར ་གྱི་རྟོགས་པ་འདི།། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས།། ཆོས་སྐུ་རང་ཆས་དེ་རྟོགས་ན།། རྩོལ་ཞིང་བསྒྲུབ་པའི་ནད་བྲལ་བས།། ཡེ་ཤེས་ངོ་བོར་སངས་རྒྱས་ཏེ།། རེ་དོགས་མེད་པར་ལམ་དུ་རྟོགས།། དེ་སྐད ་བརྗོད་པའི་དོན་རྟོགས་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད་ངོ་བོ་གཅིག། གཅིག་ལས་སྤྲོས་པས་ཀུན་གྱི ་དང་།། དབྱེར་མེད་དོན་དུ་སངས་རྒྱས་ན།། འཕོ་ཞིང་འགྱུར་བའི་ཆོས་མེད་དོ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། འཁོར་གྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉེར་གསུམ ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ལྟ་བ་སྙིང་པོའི་དོན་གཏད་པ།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི།། སྐལ་ལྡན་འདུས་པ་རྣམས་ཀྱིས་ཀྱང་།། ཡིད་ལ ་བཏག་ཅིང་བཅང་བར་གྱིས།། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། ང་ཡི་བསྟན་པའི་སྙིང་པོ་འདི།། ལོག་སྲེད་ཞེན་ཆགས་མ་ངེས་པར།། ནམ་ཡང་བསྟན་པར་མ་བྱེད་ཅིག། ཉན་ཟོས་ལ་སོགས་ལྷ་དམན་ལ།། བསྟན་ཀྱང་གོ། ་བར་མི་འགྱུར་ཏེ།། མི་ཐེག་ཁལ་ཆེན་བཀལ་བ་བཞིན།། དོན་མ་གོ་བས་ངན་སོང་ལྟུང་།། དེ་བས་རང་སེམས་སྔོན་སྦྱངས་པའི།། རྣལ་འབྱོར་གང་ཞིག་དད་ལྡན་ལ།། སྙིང་པོ་འདི་ཡིས་དོན་མཚོན་ནས།། ལྟ་བའི་སྙིང ་པོ་རྟོགས་པར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨད།། ནོར་ཕངས་གཞོག་ངོམས་ཁ་བསགས་ཅན།། གཡོ་རྒྱུ་ཐབས་ཀྱིས་ཆོས་འདོད་པ།། རྒྱུད་ཀྱི་སྙིང་པོ་ལྟ་བ་ནི།། ནམ ་ཡང་བསྟན་པར་མ་གསུངས་སོ།། གལ་ཏེ་སྙིང་པོའི་དོན་བསྟན་ན།། འཕགས་པ་རྣམས་ཀྱང་དགྲར་ལྡང་ན།། མཁའ་འགྲོ་དམ་ཅན་སྨོས་ཅི་དགོས།། ཐར་པའི་སྲོག་བཅད་མནར་མེད་ལྟུང་།། དེ་ཡང་འདུས་པའི་སྙིང ་ང་། ན་། ལཅནརྣམས་ང། ་ད་འདུ ་ན#གང་། ས་པར@། བ་དེད་བས། @ ་བན་པ་ལན་སུ་བ། ས་བམས་ཅད་དག། དགས་པན་པསཆུབ་པ་ལ་པ་ཀཱདྷ་པ་དཔ་ན་གདས་ཡད། ་# ་རྒྱ་རྒྱ་རྒྱ།། ། ་