CLOSE WINDOW

Gpb003.001: rdzogs pa chen po ma rig mun pa rab tu sel bar byed pa'i lta ba ye shes gting nas rdzogs pa'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་སརྦྦ་བིདྱཱ་ཏ་མཿཔྲ་ཏུ་དེ་ཤ་དྲྀཥྚི་ཛྙཱ་ན་ནིམྦྷ་པཱ་ར་ཎ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་མ་རིག་མུན་པ་རབ་ཏུ་སེལ་བར་བྱེད་པའི་ལྟ་བ ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་རིག་ཆོས་ཀྱི་རྗེ་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་གོ་ཞིང་རྟོགས་པའི་དུས་གཅིག ་ན།། ཡེ་ནས་རང་བྱུང་ཀུན་རིག་རྒྱལ་པོ་དེ།། འཁོར་འདས་དོན་གྱི་གནས་ཆེན་དུ།། རང་གིས་རིག་ཅིང་ཡིད་ཆེས་དད་ལྡན་འཁོར།། གང་ཡང་མི་བརྗོད་བསྟན་པ་ལྷུན་གྱིས ་བཞུགས།། སངས་རྒྱས་སེམས་ཅན་ངོ་བོ་ཉིད་ལས་བྱུང་།། ཆོས་རྣམས་ཀུན་གྱི་གཡོ་མེད་རང་བྱུང་སྐུ།། དེ་ཉིད་རང་རིག་རྟོགས་པས་ཀུན་ཏུ་བཟང་།། རང་གི་ངོ་བོ་ཡེ་ཤེས་སྟོན་པའི ་མཆོག། རྣལ་འབྱོར་སྐལ་ལྡན་དམ་པ་ངེས་པའི་དོན།། ཡངས་དོག་སྔ་ཕྱི་མེད་པའི་ཡེ་ཤེས་དེ།། སྐྱེ་འགག་མཐའ་དབུས་མེད་པའི་འོག་མིན་གྱི།། རང་བྱུང་ཀུན་ཁྱབ་ཆོས ་དབྱིངས་གནས་ཀྱི་མཆོག། དེར་འདུས་ཆོས་སྐུ་ལྔ་ཡི་བྱིན་རླབས་ཀྱིས།། བདེ་གཤེགས་རྒྱལ་བ་རིགས་ལྔ་ལ་སོགས་པ།། རིག་འཛིན་སྤྲུལ་པ་དད་ལྡན་འཁོར་རྣམས་ནི།། མ་ལུས་ཡེ ་ནས་འདུས་པའི་འཁོར་གྱི་མཆོག། དུས་གསུམ་གང་ཡང་མི་སེམས་ངོ་བོ་ལ།། སྔར་མེད་ཕྱིས་མིན་ཡེ་ནས་ད་ལྟ་ཉིད།། སེམས་ཉིད་འདོད་ནས་མ་བཅོས་རང་རིག་ལ།། དུས་ཀྱི་ནང་ན ་གཅིག་པ་དམ་པའི་མཆོག། རང་བྱུང་ཆོས་སྐུ་སེམས་ལ་གནས་པའི་ཕྱིར།། ཡང་དག་དོན་གྱི་ངེས་དོན་ཡེ་ཤེས་དེ།། ཚིག་གིས་མི་མཚོན་གོ་བའི་གདམས་ངག་ནི།། སངས་རྒྱས་ཀུན་གྱི ་ཆོས་ཉིད་བསྟན་པའི་མཆོག། དེ་ཚེ་རྡོ་རྗེ་སེམས་དཔས་དོན་ཞུས་པ།། སངས་རྒྱས་ཀུན་གྱི་དགོངས་པ་ངེས་པའི་དོན།། མ་ནོར་མ་བཅོས་རང་བྱུང་ཆོས་སྐུ་དེ།། སེམས་ཅན་བློ་ཡིས་ངེས་པར་རྟོགས་པའི་ཐབས།། ཀུན ་རིག་སྟོན་པ་ཆོས་རྗེས་བཤད་དུ་གསོལ།། ཞུས་པའི་དོན་གསན་ཐུགས་ཀྱི་བཀའ་སྩལ་པ།། ངེས་དོན་མ་ནོར་ངེས་དོན་ངས་བཤད་དོ།། སྲིད་གསུམ་མི་རྣམས་མ་ལུས་ཐམས་ཅད་ཀུན།། ངེས་པའི་དོན་གྱིས་མི་འདུལ ་དྲང་དོན་གྱིས།། གནོད་བཞིན་སྲོག་སེར་སྡིག་ལ་ཕངས་མེད་འབུང་།། དམ་ལོག་མང་བས་ཚེ་ཐུང་བཀྲ་མི་ཤིས།། དེ་དུས་རྫོགས་ཆེན་སྙིང་པོས་དོན་བཤད་ན།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྐྲག། རྒྱུད ་ལུང་རྣལ་འབྱོར་སྒྲོ་སྐུར་འདེབས་ཤིང་འཕྱ།། ཚུལ་འཆོས་སྡེ་སངས་ཞེ་སྡང་ཕྲག་དོག་བྱེད།། ངེས་དོན་འདི་ལ་འགལ་སེམས་སྡིག་ཅན་རྣམས།། དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ།། རྒྱ་མཚོ་ཀུན་བཙལ ་རིན་ཆེན་རྙེད་དཀའ་བཞིན།། སྣོད་ལྡན་སློབ་མ་དད་ལྡན་ཤིན་ཏུ་དཀོན།། དེ་ཕྱིར་ཤིན་ཏུ་གསང་བའི་གཏེར་དུ་བཞག། རྫོགས་པ་ཆེན་པོ་མ་རིག་མུན་པ་རབ་ཏུ་སེལ་བར་བྱེད་པའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས ་པའི་རྒྱུད་ལས། དོན་གྱི་གླེང་གཞི་གསང་བར་གསུངས་པའི་ལེའུ་སྟེ་དང་པོའོ།། །། དེ་སྐད་གསུངས་པས་འཁོར་གྱི་དོན་གོ་ནས།། གདུང་བ་འདོན་ཕྱིར་ཡིད་ཀྱིས་དོན་གསོལ་པ།། མ་རིག་ལས་ཀྱིས་སྡུག་བསྔལ ་འཁྱམས་པའི་སེམས།། གཟུང་འཛིན་བག་ཆགས་དབང་གིས་ཞེན་པ་ལ།། རྣམ་རྟོག་དྲ་བ་གང་གིས་བཅད་པའི་ཐབས།། ཐུགས་རྗེ་ཆེན་པོས་མི་འཛིན་ཡི་རེ་ཆད།། ཤིན་ཏུ་རྣལ་འབྱོར་བཀའ་བདེན ་འབྱུང་བ་དཀའ།། སེམས་ཅན་ཚེ་ཟུང་སྐྱེ་རྒས་གཏིང་ནས་ཐུག། མ་རིག་མུན་པས་གཏིབས་པ་སྙིང་རེ་རྗེ།། འགྲོ་དྲུག་འཁོར་བ་མི་སྒྲོལ་ཡི་རེ་མུག། རང་སེམས་ས་འཁོར་བདག་ལ་ས་མཁན་མཛོད།། སེམས་ཅན ་ལས་ལ་ཐུགས་རྗེས་ཡི་ཆད་ཀྱང་།། སྙིང་རྗེས་འགྲོ་དོན་ཐུགས་རྗེས་མི་མཛད་དམ།། སེམས་ཅན་ལྷ་མི་རྣམས་ནི་ཤེས་པ་རྩིང་།། དབང་པོ་ཡུལ་ལ་གཡེངས་པའི་གཟུང་འཛིན་གྱིས།། འཚོ་བ་དཀོན་ལ་ནད་དང་རྐྱེན ་མང་བས།། ཐར་ལམ་མི་འཐོབ་འཁོར་བར་ལྷུང་ཞིང་འཁྱམས།། ངེས་དོན་མན་ངག་རྟོགས་པར་བྱ་བའི་དོན།། བཀའ་བཞིན་སྣོད་དང་ལྡན་པར་དམ་བཅས་པས།། མ་བསྒོམས་འབྲལ་མེད་ངེས་དོན་ཐུགས་རྗེས ་གསུངས།། རྫོགས་པ་ཆེན་པོའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། འཁོར་གྱིས་གདུང་བ་བཏོན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་འདུས་པའི་རྡོ་རྗེ་སེམས་དཔའ་ལ།། ཐུགས་ཀྱིས ་གཟིགས་ནས་ངེས་པར་བཀའ་སྩལ་པ།། བསྒོམ་དུ་མེད་པ་མི་འབྲལ་གདམས་ངག་རྒྱུན།། ཀུན་བཟང་ང་ཡི་ཐུགས་ནས་བརྒྱུད་པ་ཡི།། ངེས་དོན་བྱིན་གྱིས་བརླབས་པའི་མཁས་པ་ལ།། རང་སེམས་རྟོགས་འདོད་སློབ ་མ་ལས་ཅན་གྱིས།། དད་པས་རང་ཉིད་ཤིན་ཏུ་གུས་བྱས་ནས།། ལུས་དང་ལོངས་སྤྱོད་སྲོག་ལ་མི་བལྟ་བར།། སྲིན་མོ་བུ་མོ་ལ་སོགས་རབ་རྒྱན་ཏེ།། རྟ་དང་གླང་པོ་ནོར་གྱི་དབྱིག་རྣམས་ཀྱང་།། སེར་སྣ་མེད་པར་བླ ་མ་དག་ལ་འབུལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཆོས་ཕྱིར་བརྩོན་འགྲུས་ཆེ་ལ་དམ་ཚིག་ལྡན།། བློ་བརྟན་ཤེས་རབ་ཆེ་ཞིང་དོན་གསང་ཐུབ།། ཚུལ་ཤིས་ངང་བཟང་རྣམས་ཀྱི་དོན་གྱི་གཏེར།། དེ་དག་ཡོན་ཏན ་བརྒྱ་ལྡན་སློབ་མ་ལ།། རབ་ཏུ་གསང་སྟེ་དོན་ཉིད་སྟོན་པ་ཡི།། བླ་མ་མཁས་པ་མཐའ་བཅུ་རྫོགས་པ་ལ།། མཉེན་ཞིང་དུལ་བ་ཐུགས་རྗེ་རབ་ལྡན་ཞིང་།། སྲིད་པར་ཞུས་ཀྱང་དོན་རྣམས་ཟད་མེད་པའི།། དམ་པའི ་མཛོད་ཀྱི་གཏེར་ལྡན་སྟོན་ལ་མཁས།། དཔེར་ན་སེང་གེས་འཇིགས་པ་རྩད་གཅོད་བཞིན།། བློ་དངོས་གཅིག་ལ་གཏོད་ལ་གུས་པར་ཞུས།། དེ་ཡང་རྡོ་རྗེ་སེམས་དཔའ་འཁོར་རྣམས་ཉོན།། ཡང་དག་དོན་གྱི་ལྟ་བ ་གསང་བ་འདི།། གང་ཟག་ཕྱིན་ཅི་ལོག་དང་ལྟ་བ་དམན།། ཟོས་པ་ཆུང་ལ་བློ་བརྟུལ་ཤེས་རབ་མེད།། ནོར་ཕོངས་ཁ་རལ་ལ་སོགས་སྣོད་མེད་ལ།། འདི་བསྟན་གཉིས་ཀ་བསྲེག་ཕྱིར་རབ་ཏུ་གསང་།། དེ་སྐད ་གསུངས་མ་ཐག་ཏུ་ཡིད་དགའ་ནས།། འཁོར་རྣམས་སྣོད་ཀྱི་དོན་དང་ལྡན་པ་ནི།། ཁས་བླངས་དམ་བཅས་ནས་ནི་ཡིད་བསྡུས་ཏེ།། མགྲིན་གཅིག་གསོལ་ཏེ་ལྷགས་ནས་འཁོད་གྱུར་ཏོ།། རྫོགས་པ་ཆེན་པོ་ལྟ་བ་ཡེ ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། སྣོད་བཅུད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་ཀུན་རིག་རྒྱལ་པོ་ཡིས།། ཆེད་དུ་བརྗོད་པའི་དོན་དེ་གསུངས་པ་ནི།། འགྲོ་དྲུག ་སེམས་ཅན་མེད་པའི་གོང་རོལ་དུ།། སངས་རྒྱས་མེད་པས་ཡེ་ཤེས་མིང་ཡང་མེད།། རང་བཞིན་ལྷུན་གྲུབ་སངས་རྒྱས་མ་རིག་མེད།། དེ་ཕྱིར་ཀུན་བཟང་ཉིད་ཀྱང་གློ་བུར་སངས་རྒྱས་ཏེ།། མ་བཅོས་འདོད་ནས་མི ་རྟོག་བློས་བསྒོམས་ཀྱང་།། བག་ལ་ཉལ་གྱི་བག་ཆགས་ཡོད་པའི་ཕྱིར།། བྱང་ཆུབ་སེམས་དཔའ་མན་ཆད་གདེང་མེད་གོལ།། མ་རིགས་སེམས་ཅན་རྣམས་ནི་ཤེས་པ་རྩིང་།། ཀུན་གཞི་རྣམ་གསུམ་བག་ཆགས ་མངོན་རྒྱུ་བས།། འོག་མའི་ཕྲ་མོའི་རྣལ་འབྱོར་ཤིན་ཏུ་གོལ།། དེ་སྐད་གསང་བའི་དོན་གསུངས་མ་ཐག་ཏུ་འཁོར་རྣམས་སེམས་འགྲོགས་ནས་ཡིད་མ་རངས་ཏེ་སེམས་ཀྱི་དོན་ལ་ཐེ་ཚོམ་དུ་གྱུར་ནས། ཏིང་ངེ་འཛིན ་ལ་ཡིད་འབྱུང་བར་འགྱུར་རོ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཆེད་དུ་བརྗོད་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་འདུས་པའི་རྡོ་རྗེ་སེམས་དཔའ་ཡིས།། འཁོར་བའི ་ཞེན་རྟོག་བསལ་བའི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི་རྗེ་ལ་འདི་སྐད་གསོལ།། དང་པོ་སེམས་ཀྱི་ཀུན་གཞི་ཇི་ལྟར་གནས།། དེ་ལས་བག་ཆགས་ཀུན་གཞི་ཇི་ལྟར་བྱུང་།། ལུས་ཀྱི་ཀུན་གཞི་བླང་ཚུལ་ཇི ་ལྟར་འཁོར།། མ་རྟོགས་སེམས་ཅན་བར་དོར་ཇི་ལྟར་འཁྱམས།། ཀུན་རིག་ཆོས་སྐུས་ངེས་པར་བཤད་དུ་གསོལ།། དེ་དོན་ཞུས་པ་ཐུགས་ཆུད་བཀའ་སྩལ་པ།། དང་པོ་སེམས་ཀྱི་ཀུན་གཞི་གནས་ཚུལ་ནི།། ཐོག་མའི ་ཁུངས་དང་ད་ལྟ་ཐ་མ་ཡི།། ངོ་བོ་ངེས་ཚིག་ཆེ་ཆུང་ཤས་སུ་དབྱེ།། མཚན་ཉིད་གཉེན་པོ་ལས་དང་རྩལ་དང་ཡུལ།། དཔེ་རྟགས་སྒོ་ནས་བསྟན་པ་ཤིན་ཏུ་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། དང་པོ ་སེམས་ཀྱི་ཀུན་གཞི་ཐོག་མར་ཡང་།། གང་ལ་མི་རྟོག་དོན་གྱིས་མ་ཟིན་པ།། དེ་ཉིད་མ་ཤེས་ལྷན་ཅིག་མ་རིག་པ།། དེར་རྟོག་ཞུགས་པས་སེམས་ཀྱི་ཀུན་གཞི་བྱུང་།། དེ་ཉིད་ད་ལྟ་ག་ན་གནས་པའི་རྟེན།། འགྲོ་དྲུག ་སེམས་ཅན་ཐམས་ཅད་མ་ལུས་དང་།། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ལ།། ཀུན་དང་ཐུན་མོང་མ་ཡིན་ཚུལ་དུ་གནས།། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། སེམས་ཀྱི་ཀུན་གཞི་ཐ་མ ་གར་འགྲོ་ན།། གཉེན་པོ་ཡེ་ཤེས་ལུང་ལྡན་རང་ཤར་ནས།། ཅིག་ཅར་རིམ་གྱིས་ངེས་པར་ངེས་པ་སྟེ།། དེ་དོན་མ་སྦྱངས་ཟིན་ངེས་པ་མེད།། ངོ་བོ་བཞི་ཡི་དོན་ཉིད་མ་ཤེས་ཕྱིར།། ཤེས་པ་བག་ཆགས་གཉིད་ལོག ་ཀུན་གཞི་སྟེ།། རས་དཀར་ལ་ནི་སྣུམ་ཞེན་དཔེ་བཞིན་དུ།། ཆོས་ཉིད་མ་རིག་རྟོག་པའི་ངོ་བོར་གནས།། དེ་ཡང་འཁོར་གྱི་སྙིང་པོ་ཡང་ཉོན་ཅིག། སེམས་ཀྱི་ཀུན་གཞི་ངེས་ཚིག་སྣང་བ་ལ།། རྣམ་ཤེས་སྣ་ཚོགས་ཡུལ ་ལ་སེམས་པའི་ཕྱིར།། མེད་པའི་ཆོས་ལ་ཡང་དག་ངེས་པར་འཛིན།། ཟག་པ་ལ་ནི་སྦྲུལ་སྙམ་སེམས་འཁྲུལ་འདྲ།། སེམས་ཅན་ཀུན་ལ་ཤས་ནི་ཆེ་ཆུང་ཡོད།། ཉན་ཐོས་བྱང་ཆུབ་སེམས་ལ་གཉེན་པོ ་ནི།། བག་ཉལ་ཕྲ་བ་ཤིན་ཏུ་ཕྲ་བར་གནས།། མངོན་དུ་རྒྱུ་བ་མེད་པ་ཉོན་མོངས་དག། རྒྱུ་རྐྱེན་མཚན་ཉིད་མཉེན་པོས་འཇིག་པའི་ཕྱིར།། ཐ་མ་སོ་སོར་དེངས་པ་དངོས་པོ་མེད།། ད་ལྟ་ཀུན་གཞི་ཇི་སྲིད་ཡོད་ཀྱི ་བར།། རྒྱུན་མི་འཆད་དང་དུས་གསུམ་འགག་པ་མེད།། དེ་ཡང་འཁོར་གྱི་འདུས་པའི་སྙིང་པོ་ཉོན།། ཐུན་མོངས་གཉེན་པོའི་རིགས་ནི་སྦྱིན་སོགས་བཞིས།། ཉོན་མོངས་བག་ཆགས་ཁད་ཀྱིས་རང་ཞི་སྟེ།། བསམ ་གཏན་ཤེས་རབ་མ་རིག་ལོག་ལྟ་འཇོམས།། ཐུན་མོངས་མ་ཡིན་ཡེ་ཤེས་ཅིག་ཆར་རྫོགས།། དགེ་སྡིག་ལས་ཀྱིས་རྒྱུ་མཐུན་གང་རུང་སྐྱེ།། རྣམ་སྨིན་ལས་ནི་རིམ་གྱིས་མ་ཡིན་ཏེ།། མྱུར་དུ་བར་མཆོད་ནས་འབྲས་བུ ་སྨིན།། ལུང་དུ་མ་བསྟན་འབྲས་བུ་ངེས་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། བག་ཆགས་བཟང་ངན་རྩལ་ནི་རིགས་དྲུག་སྟེ།། བདེ་སྡུག་བྱེ་བྲག་སོ་སོར་མྱོང་བ་ལ།། ཆ་ཕྲ་རྩལ་ནི་ཉན་ཐོས་སེམས ་དཔའ་ལ།། ཡེ་ཤེས་མེ་ལོང་ལྟ་བུར་རང་སྣང་གནས།། མཚོན་དཔེ་རས་དང་མར་དང་ནམ་མཁའ་དང་།། ཆུ་དང་མེ་ལོང་ཁ་དོག་ལ་སོགས་རྣམས།། གཞི་ལ་རྒྱུ་ཡི་རྐྱེན་བྱུང་མ་རིག་པ།། མེད་ལས་བྱུང་བ་ཡ་མཚན ་ཆེར་གྱུར་ཏོ།། ཀུན་གཞི་དངོས་པོར་མེད་ལ་སེམས་སུ་འདོད།། དུ་ཡོད་ཕྱིར་ན་མེ་ཡོད་ངེས་པ་བཞིན།། དེ་ལས་སྐྱེ་བའི་འབྲས་བུ་དགེ་སྡིག་ལ།། སེམས་པའི་རྟགས་སུ་ལུས་ངག་ཡིད་གསུམ་འགྲུབ།། དེ་ཡང་འདུས ་པའི་འཁོར་རྣམས་ཡང་ཉོན་ཅིག། དེ་དག་དབྱེ་བ་བསྟན་པ་བློ་དམན་ལ།། ཡིད་ཆེས་བྱ་ཕྱིར་མཚོན་པར་བསྟན་པ་ཡིན།། དོན་ལ་མ་རིག་པ་ལ་སེམས་སུ་གདགས།། གཟུང་འཛིན་འཁོར་བ་བསྐྱེད་ཕྱིར་ཀུན་གཞི ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། གཞི་གནས་སེམས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་གྱི་སྙིང་པོ་ལ།། ཀུན་རིག་སྟོན་པ་ཆོས ་རྗེས་ཡང་གསུངས་པ།། བག་ཆགས་ཀུན་གཞི་འཕྲལ་བྱུང་དང་པོའི་ཁུངས།། ད་ལྟ་གནས་དང་ཐ་མར་གར་འགྲོ་བའི།། ངོ་བོ་མཚན་ཉིད་ངེས་ཚིག་ལས་དང་དཔེ།། རྟགས་དང་གཉེན་པོ་དབྱེ་བ་རྩལ་དང་གྲངས།། དེ ་དག་དོན་དུ་བསྡུས་ཏེ་གསུངས་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་དེ་ཡང་ཉོན།། ཐོག་མ་མཐའ་དྲུག་རྟོག་པ་ལས་བྱུང་བ།། གང་ཡང་མི་རྟོག་ཤེས་པ་དོན་མ་རིག། རང་ཉིད་ཡེངས་པའི་ཚུལ་གྱིས་རྟོག་པ ་འཕྲོས།། མི་རྟོག་རང་སྣང་སྒྲིབ་པ་བག་ཆགས་བརྟས།། མ་རིག་བག་ཆགས་སྔ་མའི་རྒྱུ་ལ་བརྟེན།། འགེག་པ་མ་རིག་པས་ནི་སྡུག་བསྔལ་འབྱུང་།། ཆོས་སྐུ་མི་འགྱུར་བ་ལ་འཁོར་བ་བརྟེན།། དེ་ཕྱིར་ལུས་དང་སེམས ་ལ་བག་ཆགས་ཡོད།། དེ་ཡང་འདུས་པའི་སྙིང་པོ་ཡིད་ཀྱིས་ཉོན།། ཐ་མ་གར་འགྲོ་དུས་ལ་ངེས་མེད་རྐྱེན།། ཡེ་ཤེས་ཕྲད་ནམ་རིག་བག་ཆགས་བརླག། དེ་མེད་བག་ཆགས་དག་པའི་ཐབས་མེད ་དེ།། ཉི་མའི་སྣང་མེད་མུན་པ་མི་འབྲོས་འདྲ།། ངོ་བོ་རྫུན་ལ་ཐོག་མར་བདེན་བཟུང་ནས།། རྟོག་རྟོག་ཞེན་ཞེན་བློ་བརྟས་རྒྱུད་ལ་གནས།། དེ་ལྟར་ཐ་མར་བག་ཆགས་རྒྱུན་མི་འཆད།། དེ་ཕྱིར་འཁོར་བ་འབའ ་ཞིག་ཡང་ཡང་སྐྱེ།། མཚན་ཉིད་གཅིག་གིས་གཅིག་བསྐྱེད་ཡོངས་སུ་འགྱུར།། དེ་ཡི་འབྲས་བུ་རིམ་དང་སོ་སོར་སྨིན།། རྒྱུ་རྐྱེན་ཚོགས་དང་ཡེ་ཤེས་མཉེན་པོས་འཇིག། བཟང་ངན་ཆེ་ཆུང་ཅི་འདྲ་དེ་ལྟར་བརྟེན།། དེ ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། བག་ཆགས་ཀུན་གྱི་གཞི་ནི་རྟོག་པ་སྟེ།། ངེས་ཚིག་རྟོག་རྒྱུན་ཤིན་ཏུ་ཆ་ཕྲ་སྟེ།། བག་ཙམ་ལ་བརྟེན་རྟོག་པ་རགས་བརྟས་པས།། བག་ཆགས་ཀུན་གཞི་སྣང་བ་ཡུལ་དུ ་འབྱུང་།། ལས་ནི་འབྲས་བུ་གང་རུང་སྨིན་པར་བྱེད།། དེ་ཡང་ཐོག་མར་བཅས་དང་ཐོག་མ་མེད།། གང་སྨིན་ཕྲ་རགས་ཟིལ་གནོན་བག་ཆགས་ཆུང་།། ལུང་དུ་མ་བསྟན་འབྲས་བུ་སྨིན་མི་ནུས།། དེ་དཔེ་ནམ་མཁའ ་སྤྲིན་དང་ས་ཞག་སྣུམ།། གཡའ་རྡུལ་ལྦུ་བ་ལ་སོགས་བག་ཆགས་དཔེར།། འདྲ་བ་ཡོད་ཀྱང་དོན་མིན་མཚོན་པར་ཟད།། གློ་བུར་འབྱུང་ཕྱིར་ཡུལ་ནི་གཞི་ལ་མེད།། ད་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས ་ཉོན།། བག་ཆགས་ཀུན་གཞིའི་རྟགས་ནི་ཕུང་པོ་ལྔ།། བག་ཆགས་རྒྱུ་མཐུན་རྣམ་པར་སྨིན་པ་སྟེ།། ཕུང་པོ་ལྔ་དང་དུས་གསུམ་མི་འབྲལ་ཕྱིར།། འཁྲུལ་པ་བརྟས་པའི་རྟགས་སུ་བསྟན་པ་ཡིན།། གཉེན་པོ་ཐུན་མོང་བ ་དང་མ་ཡིན་གཉིས།། ཐུན་མོང་དད་པ་བརྩོན་འགྲུས་བཟོད་པ་དང་།། མོས་པས་དྲངས་པའི་ཏིང་འཛིན་ལ་སོགས་རྣམས།། ཐུན་མོང་མ་ཡིན་ཡེ་ཤེས་མ་རིག་དག། དབྱེ་བ་བག་ལ་ཉལ་དག་མངོན་གྱུར་གྱིས།། བསྐྱེད ་པས་ངེས་པར་འགྲུབ་དང་གཞན་དུ་གྱུར།། གཞན་དུ་ལྟོས་དང་ངོ་བོས་འགྲུབ་པར་འདོད།། དབྱེ་བ་མ་ནོར་མི་འགལ་བསྟན་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་སེམས་དཔའ་ཉོན།། བག་ཆགས་རྩལ་ཀྱང་ཤས་ནི་ཆེ ་ཆུང་སྟེ།། སྤྱི་ཡི་སྡུག་བསྔལ་སྐྱེ་རྒ་ན་འཆི་ཡིན།། བྱམས་བྲལ་དགྲ་ཕྲད་མེད་བཙལ་མི་རྙེད་པ།། གང་བྱུང་འཁོར་བའི་བག་ཆགས་རྩལ་དུ་གསུངས།། མིང་ནི་གྲངས་ལ་མང་དུ་ཡོད་མོད་ཀྱང་།། བག་ཆགས་ཉོན ་མོངས་རྟོག་པ་སྐྱོན་དང་གསོག། སྒྲིབ་པ་ལྟུང་བ་གོལ་ས་འཁྲུལ་པ་སྟེ།། ཡུལ་ཡོད་བར་དུ་གྲངས་ལ་ཐུག་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། དེ་དབྱེ་སྣང་བའི་འཁྲུལ་པ་ཡུལ་ལས་འབྱུང་།། དེ་ཕྱིར ་ཡུལ་སེམས་བར་དུ་གོལ་ས་གཅད།། དེས་ཆོད་བག་ཆགས་གཞི་ལ་གོས་པ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། འཕྲལ་བྱུང་བག་ཆགས་ཀུན་གཞི་བསྟན་པའི་ལེའུ་སྟེ་དྲུག ་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། ལུས་ཀྱི་ཀུན་གཞི་དབྱེ་བའི་དོན་བསྟན་པ།། ལུས་ཀྱི་དབྱེ་བ་ངོ་བོ་མཚན་ཉིད་དང་།། དེ་ཡི་ལས་དཔེ་བསྟན་པས་རྟོགས་པར ་གསུངས།། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། དབྱེ་བ་རང་བཞིན་བག་ཆགས་ཡིད་ཀྱི་ལུས།། ཐོག་མ་ཐ་མ་ད་ལྟ་སོ་སོའི་ཁྱད།། ངེས་པར་གཏན་ལ་ཕབ་པའི་དོན་བསྟན་ཕྱིར།། གཟུགས་ནི་ཐ་དད ་ལུས་ཀྱི་གཞི་ལས་བྱུང་།། ངོ་བོ་རྩལ་ཤུགས་ཐ་དད་ལྟ་བུར་ནི།། དངོས་པོར་སྣང་དང་ཐིག་ལེའི་རྩལ་དེ་ལ།། གོང་གི་ལུས་གཉིས་ཀྱང་ནི་དེ་ལ་བརྟེན།། རེ་ཞིག་ལུས་ཀྱང་བག་ཆགས་དབང་གིས་སྣང་།། དེ་ཡི་མཚན ་ཉིད་ངེས་པར་ཆོས་སྐུ་དང་།། བག་ཆགས་ལུས་ཀྱང་རང་བཞིན་ལུས་ལ་བརྟེན།། གཅིག་དང་ཐ་དད་གཉིས་ཀ་ཡིན་པའི་ཕྱིར།། འཁོར་འདས་བསྟན་པ་དེ་ཡང་དེ་ལྟར་གནས།། དེ་ཡང་འདུས་པའི་སྙིང་པོ་ཡང་ཉོན ་ཅིག། སངས་རྒྱས་བྱང་ཆུབ་ཉན་ཐོས་ལས་ཀྱི་ནི།། རྫུ་འཕྲུལ་མཚན་དང་དཔེ་བྱད་ཀུན་གྱི་གཞི།། སེམས་ཅན་ལུས་ངག་ཡིད་ཀྱང་དེ་ལ་བརྟེན།། ལུས་ཀྱི་ཀུན་གཞི་ཐམས་ཅད་བརྟེན་པའི་ལས།། དེ་ཡིས་དེ་ཉིད ་མཚོན་པའི་དཔེར་གསུངས་པ།། ལུས་ཀྱི་ཀུན་གཞི་རང་གནས་ཁྱིམ་དང་འདྲ།། ཉི་མ་འཇུག་པའི་དཔེ་གད་ལ་དམིགས་པ་འདྲ།། ཉི་ཟླ་གཟའ་སྐར་འཆར་བའི་ནམ་མཁའ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཡང་ཉོན ་ཅིག། དེ་དག་ཀུན་གཞི་རྣམ་གསུམ་བསྟན་པ་ཡང་།། ནང་གི་ཀུན་བརྟགས་སེམས་ཀྱི་ཀུན་གཞི་བསྟན།། ཕྱི་ཡི་ཀུན་བརྟགས་བག་ཆགས་ཀུན་གཞི་བྱུང་།། ཟུང་དུ་འཛོམ་པས་ལུས་ཀྱི་ཀུན་གཞིར་འགྲུབ།། རྫོགས་པ ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཉོན་མོངས་ལུས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ་བདུན་པའོ།། །། ད་ཡང་འདུས་པའི་འཁོར་རྣམས་ཡང་ཉོན་ཅིག། ལུང་ལྡན་ངེས་པའི་གདམས ་ངག་མེད་པའི་མི།། སྐྱེ་བོ་སྔགས་པ་བཙུན་པ་གང་ཡང་རུང་།། ཀུན་གཞི་རྣམ་གསུམ་བག་ཆགས་མཐུ་བརྟས་པས།། དགེ་བའི་ཆོས་སྤྱོད་ལས་རྣམས་ཅི་སྤྱད་ཀྱང་།། དོན་མེད་ཁམས་གསུམ་འཁོར་བར་འཁྱམས་པའི ་སྐྱོན།། དེ་དོན་བཤད་ཅིང་ངེས་པར་འགྲོལ་གྱིས་ཉོན།། སེམས་ཅན་འཆི་ལྟས་རིམ་པར་འབྱུང་བ་ནི།། དང་པོ་འབྱུང་བ་ས་ནི་ཆུ་ལ་ཐིམ།། དེ་རྟགས་ཕུང་པོ་གཟུགས་ནི་མི་ཐེག་ལྕི།། ལུས་ཀྱི་བཀྲག་མདངས་ཉམས ་ཕྱིར་ཁ་དོག་ལོག། དེ་ནས་ཆུ་ནི་མེ་ལ་ཐིམ་གྱུར་ཏེ།། ཁ་སྐམས་མཆུ་དང་ལྕེ་ནི་རྭ་བཞིན་འགྱུར།། ཉམ་ཆུང་སྨྲ་བ་མི་ནུས་ཁར་མི་ཐོན།། དེ་ནས་མེ་ནི་རླུང་ལ་ཐིམ་འགྱུར་ཏེ།། ལུས་ཀྱིས་དྲོད་ཤོར་ཤིན་ཏུ་གྲང་བ ་འབྱུང་།། དེ་ཚེ་ཤི་འདྲད་གདོན་ཅིང་མིག་རྩ་ཟློག། དེ་ནས་རླུང་བཞི་རྣམ་ཤེས་ཐིམ་འགྱུར་ཏེ།། དབུགས་ནི་བརྩེགས་མ་ཟུམ་ཐུམ་བྱེད་པ་འབྱུང་།། དེ་ཚེ་ཆགས་སྡང་མི་མནོ་དགུ་གཅིག་བསམ།། གནད་གཅོད་དྲགས ་ནས་དྲན་པ་བརླག་པར་འགྱུར།། འདི་ནི་སྣང་བ་ནུབ་ཁའི་དུས་ཡིན་ཏེ།། དེ་ཚེ་སྣང་བ་གཉིས་ནི་ཉམས་སུ་མྱོང་།། དང་པོ་སྣང་བ་སྨིག་རྒྱུ་དུ་བ་ལྟར།། བུན་ནེ་ལོང་ལོང་འཇིག་རྟེན་ཞིག་པར ་མཐོང་།། དེ་ཚེ་འཕོས་མ་ཐག་ཏུ་སྣང་བ་མཆེད།། སྲིན་བུ་མེ་འཁྱེར་ལྟ་བུར་དྲབ་དྲིབ་ཙམ།། སྣང་བ་ཐོབ་པ་མར་མེའི་རྩེ་མོ་ལྟར།། ཤིན་ཏུ་བརྟག་དཀའ་རབ་རིབ་འབྱུང་བའི་ཚེ།། ཡེ་ཤེས་གཉུག་གིས་བྱུང་སྟེ་མ་རིག ་བསྒྲིབས།། ད་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་བར་དོའི་འབྲེལ་བྱུང་བག་ཆགས་ཀྱིས།། སྔ་མའི་ལུས་དང་བཅས་ཡོད་སྙམ་པ་འབྱུང་།། བར་དོའི་སྣང་བ་འགྱུར་བ་ཡིད་ཀྱི་ལུས།། འཁོར་ལོས་བསྒྱུར ་རྒྱལ་ཆ་ལུགས་རང་ཡིད་ཀྱིས།། དབང་པོ་ཀུན་ཚང་ཐོག་མེད་ཀུན་ཏུ་འགྲོ།། དེ་ནས་ཤེས་པའི་སྣང་བ་ཡང་འགྱུར་ཏེ།། ཕྱི་མ་གང་ལེན་ལུས་སུ་ཡོད་སྙམ་ནས།། རྩཝ་སྤྱིལ་ཁྱིམ་སོགས་བླ་གབ་གང་རུང་དུ།། རང་དབང ་མེད་པར་ཤེས་པ་མངལ་དུ་འཇུག། ཞུགས་ནས་ཆགས་སྡང་སྐྱེས་ཏེ་ལུས་བླངས་པས།། སྐྱེ་རྒ་ན་འཆི་ཅན་གྱི་འཁོར་བར་འཁྱམས།། ཡང་ནས་ཡང་དུ་འཁོར་བར་སྡུག་བསྔལ་བསྐྱེད།། དེ་ཕྱིར་འཁོར་བའི་མཐའ་ལ ་ཟད་པ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། མ་རྟོགས་པ་བར་དོར་འཁོར་བར་འཁྱམས་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་འཁོར་གྱི་སྙིང་པོ་ཡང་གསོལ་པ།། དད ་ལྡན་འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག་ཆོས་ཀྱི་རྗེ་ལ་འདི་སྐད་གསོལ།། མྱང་འདས་འོག་མའི་བལྟ་སྒོམ་ཇི་ལྟར་དབྱེ།། ཐེག་པའི་བྱེ་བྲག་ས་ལམ་ཇི་ལྟར་སྦྱར།། ལྷུན་གྱིས་གྲུབ་པའི་འདོད་གཞུང ་དབྱེ་བ་གང་།། མཉམ་པའི་རྒྱལ་པོས་ངེས་པར་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་འཁོར་རྣམས་ལ།། སྟོན་པས་ཐེག་པའི་དབྱེ་བ་བཀའ་སྩལ་པ།། མུ་སྟེགས་རྟག་ཆད་ལོག་ལྟ་འཛིན་པ ་དང་།། ཉན་ཐོས་རང་རྒྱལ་མདོ་སྡེའི་མཚན་ཉིད་དང་།། ཕྱི་པ་ཀྲི་ཡ་ཨུ་པ་ཡོ་ག་དང་།། ནང་པ་མ་ཧཱ་ཨ་ནུ་ཡོ་ག་རྣམས།། དེ་ཡིས་དབྱེ་བ་ངས་བཤད་ལེགས་པར་ཉོན།། ཉན་ཐོས་གང་ཟག་བདག་མེད་བློས་བྱས ་ནས།། ལམ་དུ་ཀུན་འབྱུང་བ་དང་སྡུག་བསྔལ་སྤང་།། ཕྱི་ནང་དབུགས་ལ་སེམས་གཏད་འགོག་པ་སྒོམ།། སྔོན་གྱི་མར་མེའི་བསྟན་པ་ལ་ཞུགས་ནས།། ཤཱཀྱ་ཐུབ་པའི་བསྟན་ལ་མཉམ་པར་བཞག། མ་འོངས ་བྱམས་པར་སེམས་བསྐྱེད་དགྲ་བཅོམ་འདོད།། རེ་བ་ཡོད་ཕྱིར་ཆོས་ཉིད་གནས་ལུགས་འཁྲུལ།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། རང་རྒྱལ་འདོད་པ་ཡུལ་རྣམས་ཕྱོགས་ཆས་སྟོང་།། སེམས་སུ་སྣང་བའི ་ཆོས་རྣམས་མ་གཏོགས་པར།། ནེ་ཙོ་ཁྱུ་ལྡིང་བསེ་རུ་དཔུང་བཅས་ནས།། སྒོ་ལྔའི་ཡུལ་ནི་མི་འགེག་རྒྱུ་བ་འགེག། རྗེས་འབྲང་མེད་པར་སྟོང་པ་བློས་བཟུང་བསྒོམ།། ལུང་ལྡན་མན་ངག་མེད་ཕྱིར་རང་སེམས ་གོལ།། ཟེན་ཚོར་མིག་གི་ནམ་མཁའ་ཆུང་བ་ལ།། ཕྲ་རགས་འཐེན་ཟག་ནན་གྱིས་འཛུད་པ་བཞིན།། ཡུམ་ལ་སྤང་སྡུད་ཞེན་པ་བྱེད་པའི་ཕྱིར།། ཡུལ་སེམས་ཐ་དད་བདག་མེད་བློས་བཏགས་ནོར།། ད ་ཡང་འདུས་པའི་འཁོར་གྱི་སྙིང་པོ་ཉོན།། མདོ་སྡེའི་ལྷ་སྒོམ་རྣམ་པ་གཉིས་གསུངས་པ།། སེམས་ཙམ་སྣང་བ་སེམས་སུ་བློས་སྡུད་བྱེད།། བདེན་གཉིས་བཟང་ངན་རིས་སུ་འབྱེད་པའི་ཕྱིར།། ཡང་དག་སེམས་སུ་འཛིན ་པ་རགས་པར་གསུངས།། རྣམ་རིག་བླང་དོར་ཆེད་དུ་ཡང་དག་བྱེད།། ཡུལ་རྣམས་འཁྲུལ་པ་གཉེན་པོས་སྦྱངས་པར་འདོད།། དོན་དམ་འཁྲུལ་མེད་ཉམས་མྱོང་རང་གསལ་བ།། བླང་དོར་ཡོད་ཕྱིར་ངེས་པའི་དོན་དང ་འགལ།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཐེག་ཆེན་དབུ་མའི་ཀུན་རྫོབ་སྒྱུ་མའི་ཡུལ།། དོན་དམ་མཐའ་གཉིས་བྲལ་བའི་དམིགས་མེད་དེ།། ཞི་གནས་དང་ནི་ལྷག་མཐོང་ཟུང་འབྲེལ་བསྒོམ།། རྗེས་ཐོབ ་མཉམ་བཞག་རིམ་གྱིས་ཡོད་ཕྱིར་གོལ།། ཡུལ་ལ་རྟོག་པ་ཞུགས་ནས་སེམས་ཀྱིས་གཞིག། ཡིད་ཀྱིས་དམིགས་པ་ཞུགས་ནས་འཛིན་པ་སྐྱེས།། དེ་ཕྱིར་མ་རྟོགས་བདུད་ཀྱི་སྤྱོད་ཡུལ་ཏེ།། ལམ་ལ་རིམ་པར་བགྲོད ་པའི་གྲངས་བྱུང་ན།། ཆོས་སྐུ་ཡང་དག་དོན་དུ་ག་ལ་འགྱུར།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཕྱོགས་མཚམས་འཛིན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཀུན་རིག་ཆོས ་རྗེས་ཡང་གསུངས་པ།། ཀྲི་ཡའི་བལྟ་བ་ཆོས་ཉིད་སྟོང་བསྒོམ་ནས།། སྣང་བ་ཀུན་རྫོབ་ཆོ་འཕྲུལ་རིགས་གསུམ་ལྷ།། རྗེ་འབངས་རིམ་པ་བཞིན་དུ་དངོས་གྲུབ་རེ།། གཞི་ལ་གཅིག་པར་མ་རྟོགས་དོན་དང ་འགལ།། གཉིས་ཀ་རྒྱུད་ཀྱིས་ལྟ་སྤྱོད་ཡ་འགལ་སྟེ།། གོང་འོག་གཟུང་འཛིན་ཐེག་པས་མ་ཟིན་པས།། རྩ་བ་གཅིག་ཏུ་མ་ཤེས་དོན་དང་བྲལ།། ལྟ་སྤྱོད་གོང་འོག་གཉིས་འདོད་རང་ཉིད་འཁྲུལ།། རྣལ་འབྱོར་ཡོགས ་ཆོས་དབྱིངས་དཀྱིལ་འཁོར་དུ།། སྤུན་དང་གྲོགས་པོ་མཉམ་ཉིད་ལྷར་བསྒོམས་པས།། ལུས་ངག་རྩོལ་བ་ཡོད་ཕྱིར་གོལ་བ་སྟེ།། ཇི་ལྟར་ནན་གྱིས་བསྒོམས་ཀྱང་ཆོས་སྐུ་མིན།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ ་ཉོན།། ཆེད་དུ་བསྒྲུབས་དང་རྩོལ་བ་ཅི་སྤྱད་ཀྱང་།། བྱས་པ་དོན་མེད་སྡུག་བསྔལ་གྱི་ནར་འཁྱམས།། རྩོལ་སེམས་བྱས་པས་ཐམས་ཅད་དོན་མེད་འཁྲུལ།། བླ་མེད་བྱང་ཆུབ་ཆེན་པོའི་གེགས་སུ་ཆེ།། ཇི་སྲིད་དངོས་པོ ་མཚན་མ་རགས་ཀྱི་བར།། དེ་བཞིན་ལྷ་ཡི་སྐུ་ཡང་ཤིན་དུ་རགས།། དེ་ཕྱིར་དངོས་པོ་མཚན་མ་མེད་ན་ནི།། ལྷ་ཡི་སྐུ་ཡང་གཞི་ལ་མེད་པའི་ཕྱིར།། བློ་དམན་དྲང་བའི་དོན་གྱི་གསང་སྔགས་ལ།། ངེས་དོན་སྙིང་པོ་དོན ་གྱི་ལྟ་བ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། རྩོལ་བ་ཕྲ་རགས་ཀྱི་གོལ་ས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ལེགས་པར་ཉོན།། གཉིས་སུ་མེད ་པའི་རྒྱུད་ཀྱི་ལྟ་བའི་གཞི།། སྣང་བ་འདི་ཉིད་ཡེ་ནས་སྐྱེ་བ་མེད།། སྐྱེ་མེད་ཉིད་ན་གང་ཡང་ཐམས་ཅད་སྐྱེས།། སྐྱེས་ཙམ་ཉིད་ན་རང་སེམས་ངང་གིས་སྟོང་།། དཔེར་ན་ཆུ་དང་མེ་ལོང་གཟུགས་བརྙན ་བཞིན།། སྣང་དང་སྟོང་པ་དབྱེར་མེད་གདོད་ནས་དག། དེ་ཡང་འཁོར་གྱི་སྙིང་པོ་ལེགས་པར་ཉོན།། ཆགས་གྲོལ་གཉིས་ཀྱི་ལམ་དུ་བསྟན་པ་ཡང་།། ཏིང་འཛིན་རྣམ་གསུམ་ལ་སོགས་དམིགས་བསྒོམ་པ།། གཞི་ལ ་རྩོལ་མེད་ལམ་ལ་རྩོལ་ཡོད་ཕྱིར།། རྟོག་ཚོགས་ལྷར་བསྒྱུར་དོན་དང་འགལ་བར་གསུངས།། དེ་ཕྱིར་ལམ་ནོར་འབྲས་བུ་མི་འབྱུང་བས།། ཡེ་སངས་རྒྱས་སུ་འདོད་པ་ཆོས་སྐུ་བྲལ།། དེ་བས་མ་ཧཱ་ལྟ་བ་ཡུལ་སེམས ་བསྲེས།། ནན་གྱིས་གཉིས་མེད་ལྟ་བ་འབྲས་བུ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། ཨ་ནུ་ཡོ་ག་སྣང་བ་སྐྱེ་མེད་ལ།། ཀུན་ཏུ་བཟང་མོའི་མཁའ་དབྱིངས་བྷ་གར་བརྟགས།། ཡུལ་ལ་རྣམ་རྟོག་འཛིན་པ ་ཅིར་སྣང་བ།། ཀུན་ཏུ་བཟང་པོའི་རོལ་པ་ཡིན་པར་བརྟགས།། གཉིས་མེད་བདེ་ཆེན་སྲས་དང་རྩལ་དུ་འགྱུར།། དེ་ལ་རང་གིས་རྒྱུན་དུ་མ་ཡེངས་བསྒོམས།། དེ་ཉམས་བདེ་གསལ་རྩལ་ནི་བཏང་མི་བྲ།། ཇི་བཞིན་པ ་ཡི་དོན་གྱི་ཆོས་ཉིད་ལ།། མ་བཅོས་མ་ཡེངས་ཆེད་དུ་བློ་བཞག་གོ།། དེ་དོན་མི་བརྗེད་སྤྱོད་པའི་འབྲས་བུ་ཡང་།། ཆེད་དུ་བྱར་མེད་དང་ངམ་ཤུགས་ལས་གསལ།། དེ་ལ་ཡིད་འཇོག་རྩོལ་བ་ཕྲ་མོ་ཡོད།། དེ་ཕྱིར་ལུང ་གིས་ཡུལ་སེམས་གཅིག་འདོད་གོལ།། དེ་དག་རྒྱུད་ལུང་ཡུལ་གྱིས་བསྒྲིབས་པའི་ཕྱིར།། རང་བྱུང་ཡེ་ཤེས་དོན་མ་རེག་པའི་ལམ།། དེ་དོན་རིམ་གྱིས་དད་དུ་བཞག་དགོས་པས།། ཡེངས་པ་འབྱུང་ཕྱིར་མ་ནོར་དོན ་དང་བྲལ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། རྒྱུད་ལུང་དང་བསྒོམ་གྱིས་དོན་མ་རེག་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོས ་བཀའ་སྩལ་པ།། ཐེག་བརྒྱད་མྱ་ངན་འདས་པར་བསྟན་པ་ཡང་།། གོང་འོག་ས་ལམ་རིམ་པར་ཕྱེ་བ་སྟེ།། ལ་ཤན་དྲང་དོན་ཡིན་ཏེ་ངས་བཤད་ཉོན།། ཉན་ཐོས་རང་རྒྱལ་མདོ་སྡེ་བྱེ་བྲག་པ།། མུན་ལས་ནམ་ལངས ་བྱད་ལྟས་ཉི་མེད་བཞིན།། བསྐལ་པར་ལམ་ལྔར་རིམ་གྱིས་བགྲོད་གྱུར་ཀྱང་།། ཕྱོགས་ཙམ་རྟོགས་ཀྱང་བག་ལ་ཉལ་ཡོད་ཕྱིར།། གནས་སྐབས་བདེ་ཙམ་མཐར་ཐུག་འབྲས་བུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ ་ཡིད་ཀྱིས་ཉོན།། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ།། ཉི་མའི་སྙིང་པོ་མ་མཐོང་ཟེར་མཐོང་བཞིན།། བདག་གཞན་དོན་དུ་ས་ལམ་རིམ་སྦྱངས་པས།། འོག་མ་དག་ལས་ཁྱད་པར་འཕགས་གྱུར་ཀྱང་།། ཡང ་དག་མ་རྟོགས་བག་ཉལ་ཕྲ་ཡོད་ཕྱིར།། ཤེས་བྱའི་སྒྲིབ་པ་ཡོད་པས་ཆོས་སྐུར་བསྒྲིབས།། དེ་ཡང་རྡོ་རྗེ་སེམས་དཔའ་ལེགས་པར་ཉོན།། ཏིང་འཛིན་ཁྱད་པར་འཕེལ་བའི་རིམ་པ་ལས།། ས་ཡི་ངོ་བོ་ངེས་ཚིག་དབྱེ་བ ་དང་།། རྟེན་དཔེ་རྩལ་གྱི་སྒོ་ནས་སྟོན་པར་གསུངས།། ས་དང་ལམ་ལྔ་རིམ་གྱིས་བསྟན་པ་ཡང་།། ཕ་རོལ་ཕྱིན་པ་བཅུ་དང་སྦྱར་བ་སྟེ།། ཤེས་རབ་ཆེ་ཆུང་ཁྱད་པར་ཆེ་བ་ལས།། ལོག་ནས་འགྲན་ཐུབ ་ཡོད་པ་མ་ཡིན་ནོ།། ད་ཡང་འདུས་པའི་འཁོར་རྣམས་ཡང་ཉོན་ཅིག། གསང་སྔགས་གསང་ཆེན་ལམ་ནི་ཕྱི་ནང་ལྔ།། སྒྲ་མཐུན་དོན་དང་ངེས་པའི་གཏན་ཚིགས་ཀྱིས།། ལམ་ལྔ་པ་ལ་ཁྱད་ཡོད་ཐབས་ཆེན ་ཡང་།། རྒྱལ་སྲིད་མེད་པའི་རྒྱལ་པོ་འཁོར་སྡུད་བཞིན།། བལྟ་བ་ཁྱད་མེད་སྣང་བ་སེམས་སུ་སྡུད།། དེ་ཕྱིར་རང་བྱུང་ཆོས་སྐུའི་གེགས་སུ་ཆེ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཐེག ་པ་ཐུན་མོང་གི་ལམ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་གྱི་སྙིང་པོ་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཀུན་བཟང་གིས།། ལྷུན་གྲུབ་ལ་ཤན་དབྱེ་བ་བཀའ་སྩལ་བ།། གཞི་དང ་བསམ་པ་མཐུན་སྣང་ངེས་མེད་དང་།། སེམས་ཡིན་སྤྲོས་མེད་ཐལ་དྲགས་གྲུབ་ལ་བསྒྲུབ།། རྣམ་དག་དགོས་མེད་རྣམ་པ་མང་ཕྱེ་ཡང་།། དེ་དག་ཆོས་ཉིད་གནས་ལུགས་མིན་ཕྱིར་གོལ།། དེ་ཡང་འདུས་པའི་རྡོ། ་སེམས་དཔའ་ཉོན།། འཁོར་འདས་གཞི་ལ་གནས་པའི་ལྷུན་གྲུབ་ནི།། རང་སེམས་སྙིང་པོ་བྱང་ཆུབ་ཆོས་ཉིད་དེ།། ཀུན་ལ་རང་ཆས་ཡོད་ཕྱིར་ཡེ་སངས་རྒྱས།། རྟོགས་དང་མ་རྟོགས་མེད་པར་ཀུན་གྱི་གཞི།། བསམ ་པ་ལྷུན་གྲུབ་ཡིད་སྨོན་བློ་ཡི་ཆོས།། ས་རྡོ་གསེར་དུ་བྱེད་བཞིན་མེད་དེ་ཡོད་པར་འདོད།། གནས་འགྱུར་ལྷ་བསྒོམ་གྲོལ་འདོད་ཀུན་བརྟགས་ཏེ།། མེད་ལས་ཡོད་འཚོལ་སྨིག་རྒྱུ་བསྙེག་པ་འདྲ།། དེ་ཡང་འཁོར་གྱི་སྙིང ་པོ་ལེགས་པར་ཉོན།། འཇིག་རྟེན་མཐུན་སྣང་ལྷུན་གྲུབ་འཁྲུལ་པ་སྟེ།། སྣང་སྲིད་ཡུལ་སྣང་བློ་ཡིས་འདི་ལྟར་བརྟགས།། གཞི་ནི་ལམ་ལ་མ་བསྐུར་སངས་རྒྱས་སུ།། ལོག་ལྷ་ཡེ་ཡིན་མི་ཕན་འཁོར་བར་སྨིན།། ངེས ་མེད་སྣ་ཚོགས་ལྷུན་གྲུབ་ཡིན་ཟེར་ནས།། གཞི་ནི་ངེས་མེད་ལྟ་བ་ཕྱོགས་མེད་འདོད།། རང་སེམས་སྣ་ཚོགས་ཕྱིར་ན་ཆོས་ཉིད་མིན།། དེ་ཕྱིར་རིག་བྱེད་སྨྲ་བའི་ལྟ་བར་གོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ ་ཉོན།། གང་ཡང་སེམས་ཡིན་ལྷུན་གྲུབ་འདོད་པ་དེ།། ཕྱི་ནང་ཆོས་རྣམས་སེམས་སུ་བློས་བསྡུས་པས།། དབང་པོ་ཡུལ་ཡེངས་ཕྱིར་ན་རང་སེམས་འཁྲུལ།། སེམས་ཙམ་ཀ་ཏ་རི་ཡི་ལྟ་བར་གོལ།། སྤྲོས་མེད་རྒྱུན་ཆད ་ལྷུན་གྲུབ་འདོད་པ་དེ།། མེ་ཤི་ཤིང་ཟད་དཔེ་བཞིན་འདོད་པའི་ཕྱིར།། ཡེ་ཤེས་རྣམ་རྟོག་རྒྱུན་ཆད་སྤང་བྱ་མེད།། དེ་ཕྱིར་གཉེན་པོ་མེད་པས་གྲུབ་བྱ་བྲལ།། ཡེ་ཤེས་མེད་པར་འདོད་ཕྱིར་དོན་ལས་འཁྲུལ།། དེ་ཡང ་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཐལ་དྲགས་གོང་རྒལ་ལྷུན་གྲུབ་འདོད་པ་དེ།། ཆོས་ཅན་ཁ་དཀར་རྫས་གཅིག་གང་རུང་བ།། འཁོར་འདས་དུས་གསུམ་ཚང་ཞིང་རྫོགས་འདོད་པས།། གཅིག་ལ་གཅིག་མེད ་གྲངས་ཅན་ལྟ་བར་གོལ།། གྲུབ་ཟིན་པ་ལ་བསྒྲུབ་པའི་ལྷུན་གྲུབ་དེ།། སངས་རྒྱས་ཡོན་ཏན་གྲུབ་ལ་སེམས་ཅན་སྐྱོན།། རང་ངོར་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར།། སྐྱོན་ཡོན་ཐ་དད་གཉིས་འཛིན་དོན ་ལས་གོལ།། ཆོས་ཉིད་རྣམ་དག་ལྷུན་གྲུབ་འདོད་པ་དེ།། ངོ་བོ་ཉིད་ཀྱི་གཞི་ལ་དགོངས་ནས་ནི།། དཔེ་ནི་རིན་པོ་ཆེ་ཡི་གསེར་གླིང་ལྟར།། སངས་རྒྱས་རྣམས་ཀྱི་དགོངས་པའི་ངོ་བོ་ལ།། བསྒོམ་དུ་རྡུལ་ཙམ་དུ་ཡང ་མེད་དོ་ཟེར།། རང་གི་སེམས་ཀྱིས་ཆོས་སྐུ་མ་རྟོགས་པར།། མི་ལྟོགས་ཕྱུག་པོའི་ནོར་རྣམས་བགྲང་བ་དང་།། སེམས་ཅན་སངས་རྒྱས་ཡོན་ཏན་བརྗོད་དང་འདྲ།། ཡེ་ནས་རྣམ་པར་དག་པར་འདོད་པ་དེ།། གནས ་ལུགས་བདེན་སྟེ་རང་བློ་འཁྲུལ་སྣང་ཚུལ།། དེ་ཡང་འཁོར་གྱི་སྙིང་པོ་ཡང་ཉོན་ཅིག། དགོས་པ་མེད་པས་ལྷུན་གྲུབ་འདོད་པ་དང་།། རང་སེམས་སྙིང་པོ་ཡེ་ཤེས་མ་རྟོགས་པར།། དགེ་རྩ་ཀུན་ལ་ཐུན་མོང་བསྔོ་བའི ་ཕྱིར།། སྡིག་ཅན་སྒྲིབ་སྦྲང་ཚོགས་སུ་འགྱུར་འདོད་གོལ།། དེ་ནས་ལྷུན་གྲུབ་བཅུར་གསུང་གོལ་ས་སྟེ།། དོན་གྱི་ངེས་དོན་ལྷུན་གྲུབ་མེད་པའི་ཕྱིར།། དེ་ཡང་དུས་ཀྱི་ལྷ་ལོག་ནན་བརྟགས་པས།། ངེས་པའི་ལུང་མེད ་བློས་དཔྱད་ཤིན་དུ་འཁྲུལ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། སྤྱིའི་མཚན་ཉིད་ལྷུན་གྲུབ་ཏུ་འདོད་པ་ཤན་དབྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས ་དཔའ་ཡིས།། འཁོར་རྣམས་བསམ་པ་ཐུགས་ཆུད་ནས།། སེམས་རྟོག་གསལ་ཕྱིར་དོན་འདི་ཞུས།། དོན་འདི་སངས་རྒྱས་རྒྱུ་འདི་གང་ལས་བྱུང་།། གཞི་ལ་འཕོ་འགྱུར་མེད་པའི་ལྟ་བ་གང་།། སྣང་བ་ངེས་མེད་སྣ ་ཚོགས་ཅི་ལས་བྱུང་།། མ་བསྒོམས་སྐྱེ་བོར་མི་གོལ་ཐབས་ཅི་ལགས།། ཡིད་ཀྱིས་ཞུས་པས་དོན་གསན་ཐུགས་ཆུད་ནས།། སྟོན་པ་ཀུན་རིག་རྒྱལ་པོ་ཆོས་རྗེ་ཡི།། ཐུགས་ཀྱི་དཀྱིལ་འཁོར་རིན་ཆེན་སྒོ་ཕྱེ ་ནས།། སངས་རྒྱས་དཔལ་གྱི་མགུར་ནས་བཀའ་སྩལ་པ།། འཁོར་འདས་བཞི་ནི་ངོ་བོ་ཉིད་ཀྱི་སྐུ།། དོན་གྱི་སངས་རྒྱས་རང་བྱུང་དོན་རྟོགས་ན།། ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས།། ཡེ་ཤེས་རབ་ཏུ་ཆེ ་མཆོག་ཆོས་ཀྱི་སྐུ།། མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ལ།། འཁྲུལ་རྟོགས་ཉིད་ཀྱང་ཡེ་ཤེས་བདེ་བའི་ཀློང་།། དཔེར་ན་ཁྱུང་ཆེན་ཆུ་ཀླུང་གྱེན་མཐུར་ཀྱང་།། ཉམ་ང་མེད་པར་ནམ་མཁར་སྤྱོད་པའི་ལམ།། དེ ་བཞིན་ཡེ་ནས་བློ་སྦྱངས་རྣལ་འབྱོར་ཐུགས།། སངས་རྒྱས་སྙིང་པོ་རྟོགས་པའི་སྐལ་ལྡན་རྣམས།། ཆོས་སྐུ་མངོན་དུ་གྲུབ་པའི་གདམས་ངག་ཅན།། དོན་རྟོགས་ཡེ་ཤེས་ཡོན་ཏན་དེ་ལས་བྱུང་།། དེ་ཕྱིར་གཞི་ལས ་འགྱུར་མེད་རྒྱལ་བའི་བཀའ།། དེ་ལ་འཕེལ་འགྲིབ་མེད་པ་རྟོགས་པའི་མཆོག། མངོན་འགྱུར་སངས་རྒྱས་ད་ལྟ་ཉིད་དུ་གྲུབ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།། སངས་རྒྱས་ཡེ ་ཤེས་འབྱུང་བར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་རྒྱལ་པོ་ཆོས་ཀྱི་སྐུ་མཆོག་ལ།། འཁོར་འདས་མ་གྲུབ་རིག་པའི་ཀློང་དུ ་རྫོགས།། གཞི་ལ་འགྱུར་བ་མེད་པས་ལྟ་བའི་གདེང་།། ཡུལ་ལ་མི་ལྟོས་རང་རིག་ཆོས་ཀྱི་སྐུ།། ནམ་མཁའ་བཞིན་དུ་ཡེ་ཤེས་མཐའ་མཉམ་པས།། དོན་ལ་འགྱུར་མེད་རང་རིག་ཡེ་ཤེས་ལ།། སྐྱོན་གྱིས་མི་གོས་ལྟ་བ ་ངན་པ་ལ།། འཕོ་འགྱུར་མེད་པས་ཆོས་ཉིད་གདལ་བའི་ཀློང་།། མི་སྐྱེ་མི་འགག་ལྟ་བ་རང་བྱུང་ལ།། སྒོམ་པས་མི་རྙེད་རྟོགས་པས་འགྱུར་མེད་དོན།། མ་བསྒོམས་འདུ་འབྲལ་མེད་ལྟར་རང་རིག་ཐུགས།། བསྐལ་པར ་འཁྱམས་ཀྱང་ངོ་བོ་ཉིད་ལ་ནི།། སྐྱེ་འཆི་མེད་པ་རིག་པ་ལྟ་བའི་མཆོག། དོན་དུ་མ་བསྒོམས་ཡེ་ཤེས་མཐར་ཕྱིན་ལམ།། རེ་དོགས་མེད་ཕྱིར་འཁོར་བར་ལྷུང་མི་སྲིད།། གདོད་ནས་འགྱུར་མེད་བྱང་ཆུབ་སྙིང་པོ ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། དོན་ལ་འགྱུར་བ་མེད་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་ཀུན་རིག་སྟོན་པས་ཡང་གསུངས་པ།། འཁོར་འདས་སྣང ་བ་གཅིག་ཏུ་མ་ངེས་པས།། འཁྲུལ་པའི་ཡུལ་རྣམས་ཇི་ལྟར་སྣང་བ་དེ།། བག་ཆགས་སྣ་ཚོགས་བརྟས་ཕྱིར་འཁྲུལ་ངོར་བདེན།། དོན་ལ་མི་བདེན་གཟུང་འཛིན་མཐུ་བརྟས་པས།། ཇི་ལྟར་གོམས་པ་དེ་ལྟར་སྣང་བའི ་ཕྱིར།། སྣང་བ་བློ་ཡིས་བརྟགས་ལས་ཡོད་མིན་ཏེ།། ཡོད་ན་འགྲོ་དྲུག་ཀུན་ལ་མཐུན་སྣང་རིགས།། དེ་ཡང་འདུས་པའི་སེམས་དཔའ་ཡིད་ཀྱིས་ཉོན།། གདོད་མ་རང་འཁྲུལ་ཀུན་གཞི་རྣམ་གསུམ་གྱིས།། རང་སེམས ་མཐོང་སྣང་སོ་སོ་སྣ་ཚོགས་པས།། དེ་ཕྱིར་བག་ཆགས་སེམས་ནི་སོ་སོར་སྣང་།། ངོ་བོ་ཉིད་ཀྱི་སྐུ་ལ་འགྱུར་མེད་ཕྱིར།། བློ་ཡིས་བཏགས་པ་གཅིག་ཡུལ་གཅིག་མིན་པས།། རང་སེམས་འཁྲུལ་པར་སྣང་བར་ཐེ་ཚོམ ་མེད།། དེ་ཕྱིར་དབང་པོ་ཡུལ་རྣམས་གཞི་ལ་མེད།། འཁྲུལ་པའི་རྟོགས་སེམས་འགྲོ་བ་སོ་སོའི་སེམས།། གཅིག་ན་དགེ་སྡིག་རྣམ་སྨིན་འབྲས་བུ་ཡང་།། མ་སྤྱད་སེམས་ཅན་ཀུན་གྱི་མྱོང་བར་རིགས།། ལས་ཀྱི་རྣམ ་སྨིན་ཐུན་མོང་མ་གྲུབ་ཕྱིར།། བག་ཆགས་བརྟས་པས་འཁྲུལ་པའི་སྡུག་བསྔལ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། གཞི་དང་སྣང་བ་འབྲེལ་མེད་ཡིན་པའི་ཕྱིར།། ཡུལ་ནི་འཁྲུལ་པའི་བག་ཆགས་བརྟས ་པའི་ཕྱིར།། ངེས་མེད་བློ་ཡི་སྤྱོད་ཡུལ་སྣ་ཚོགས་པ།། མ་རིག་མེད་ན་གནོད་མི་ནུས་པར་གསུངས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། སྣང་བ་ངེས་མེད་དོན་དང་མི་འགལ་བར ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་ཀུན་རིག་ཆོས་རྗེས་བཀའ་སྩལ་པ།། མ་བསྒོམས་ཤེས་པ་རང་ཡན་བཞག་གྱུར་ཀྱང་།། ཕྱི་རོལ་ཡུལ་གྱི་རྣམ་པ་གང་ལ་ཡང་།། འཁྲུལ་པ་ཡིན་པར་ཤེས་ཕྱིར ་གཞན་པ་མེད།། ཆོས་བརྒྱད་རང་སར་གྲོལ་བ་མཉམ་པའི་ཕྱིར།། སྐྱེ་བོ་ཉིད་ཀྱང་མ་སྤངས་ཆོས་ཀྱི་སྐུ།། དཔེར་ན་ཨ་ཤུ་ཀ་ཉིད་བདུད་རྩིར་ཤེས།། དེ་བཞིན་སྐྱེ་བོ་རང་སེམས་འདི་ཉིད་ནི།། བླ་མས ་དོན་བསྟན་ཐ་མལ་བྱང་ཆུབ་སེམས།། བདག་ཉིད་སྙིང་པོ་དོན་ཉིད་ཡེ་ནས་ཡིན།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཉིད་དོན་མ་རྟོགས་པའི་སྐྱེ་བོ་སྟེ།། དེ་ཉིད་ལུང་དང་མན་ངག་དོན་སྟོབས ་ཀྱིས།། རང་སེམས་རྟོགས་པས་སྐྱེ་བོ་མིན་པའི་ཕྱིར།། མ་བསྒོམས་གོལ་བ་མེད་པར་མཁས་པས་གསུངས།། ངོ་བོ་ཉིད་ལ་རྟག་ཆད་མེད་པའི་ཕྱིར།། སེམས་ཉིད་རང་གསལ་དོན་གྱིས་མ་བརྗེད་པས།། ཕྱལ་པ་ལུང ་མ་བསྟན་དུ་གོལ་ས་མེད།། དཔེར་ན་གསེར་འགྱུར་རྩི་ཡིས་གང་ཐེབས་རྣམས།། ཐམས་ཅད་གསེར་ལས་གཞན་དུ་མི་འགྱུར་བཞིན།། དེ་བཞིན་མུ་སྟེགས་སྐྱེ་བོ་སེམས་ཉིད་ཀྱང་།། མན་ངག་གསེར་འགྱུར་རྩི ་ཡིས་ཐེབས་པའི་སེམས།། མུ་སྟེགས་རྣམས་ཀྱང་ཡེ་ཤེས་བདེ་བའི་ངང་།། ཡུལ་ལ་མི་ཞེན་ཕྱིར་ན་བསྒོམ་དུ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། མ་བསྒོམས་ཀྱང་གོལ་ས་མེད ་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རང་སེམས་སྙིང་པོ་དོན་རྫོགས་ལྟ་བ་ཡི།། ངེས་དོན་གདམས་ངག་རྟོགས་པའི་འབྲས་བུ་གང་།། ངོ་བོ ་ཉིད་ཀྱང་ལྷུན་གྲུབ་ལྟ་བ་གང་།། སྣང་མེད་བློ་ངོས་དོན་ནི་ཅི་ལྟར་གཅིག། མ་བསྒོམས་འབྲལ་མེད་དོན་ནི་ཇི་ལྟར་འགྲུབ།། ཡེ་ཤེས་དོན་ནི་ཇི་ལྟར་མཚོན་དུ་མེད།། ཉམས་དང་རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང་།། དེ ་སྐད་གསོལ་པས་ཐུགས་ཆུད་བཀའ་སྩལ་པ།། ས་མཁན་ལྡན་པས་ཀུན་ཏུ་རྒྱུ་བ་ལྟར།། འཁོར་བ་མྱང་འདས་གཉིས་ཀྱི་བར་དོ་རུ།། ཐོག་མཐའ་ངེས་པར་གཅོད་པའི་གདམས་ངག་གིས།། རང་བྱུང་ཡེ་ཤེས་ངོ་བོ་ཉིད ་དུ་རྟོགས།། འབྲས་བུ་སྐྱེ་ཤི་མེད་པར་མངོན་སངས་རྒྱས།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། སྒྲོན་བཏགས་མུན་པ་ངེས་པར་སངས་པ་བཞིན།། སྐྱེ་ཤི་རྣམ་གཉིས་འབྱུང་བའི་བར་དོ་རུ།། རང་སེམས་ཆོས ་སྐུ་ངོ་སྤྲད་མན་ངག་གིས།། མ་རིག་འཁོར་བ་སངས་ནས་རིགས་པ་རྒྱས།། ཉོན་མོངས་བག་ཆགས་རྣམ་རྟོག་གཞི་ནས་མེད།། ཆུ་བོ་ཆེན་པོ་གཞུང་འབྲེལ་ཉམས་མེད་བཞིན།། ཏིང་འཛིན་མཉམ་བཞག་རྗེས་ཐོབ་པར ་དོ་རུ།། རྒྱུན་དུ་འབྲལ་མེད་ངེས་པའི་གདམས་ངག་གིས།། བར་ཆད་རྐྱེན་ཐུབ་དོན་ལ་འབྲལ་བ་མེད།། གཞན་དུ་ཀ་ནས་ཡེངས་པ་འབྱུང་མི་སྲིད།། དེ་ཡང་འདུས་པའི་འཁོར་གྱི་སྙིང་པོ་ཉོན།། ངང་པས་ཆུ་འདྲེས་འོ། ་མ་བཅུད་ལེན་བཞིན།། ཞེན་པའི་ལུས་སེམས་གཉིས་ཀྱི་བར་དེ་རུ།། ཕྱི་ཡི་གོ་ལ་ས་བཅད་པའི་མན་ངག་གིས།། སྤང་སྡུད་ཞེན་པའི་ཡུལ་འདི་མེད་པའི་ཕྱིར།། ཡུལ་མེད་རྒོད་འཕྲོ་བྱིངས་རྨུགས་གཞི་ནས ་དག། དཔེར་ན་ཡིད་བཞིན་ནོར་བུ་རིན་ཆེན་ལྟར།། སྲིད་པ་དག་གི་ལས་ཀྱི་བར་དོ་རུ།། སངས་རྒྱས་འབྱུང་བའི་དུས་ཀྱི་མན་ངག་གིས།། མཐར་ཟུག་འབྲས་བུ་ངེས་པའི་ཡོན་ཏན་འབྱུང་།། ཕྱིས་ནི་སྐྱེ ་བ་གཞན་དུ་ལེན་མི་སྲིད།། དེ་ཡང་འདུས་པའི་འཁོར་རྣམས་ལེགས་པར་ཉོན།། གཡུལ་ངོ་ལེགས་པར་རྒྱལ་བའི་དཔའ་བོ་བཞིན།། བདག་གཞན་རྩོད་པ་བྱེད་པ་ཀུན་ལས་རྒྱལ།། གལ་མེད་རྩོད་པའི་ཚིག་གིས་མན ་ངག་གི།། རང་གཞུང་ཟབ་པར་ངེས་པའི་ཁྱད་ཆེན་འཕགས།། དེ་ཕྱིར་འཇིག་རྟེན་གསུམ་ན་འགྲན་ཟླ་མེད།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་གདམས་ངག་དོན་བསྟན་འབྲས་བུ་ཡང་།། ཕྱི་མ ་མ་ཡིན་དུས་འདི་ཉིད་དུ་རྟོགས།། དེ་ཕྱིར་འབྲས་བུ་ངེས་པའི་སངས་རྒྱས་ཐོབ།། ཆེ་བའི་ཡོན་ཏན་ལྷུན་གྱིས་ཐམས་ཅད་རྫོགས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ངེས་དོན་རྟོགས ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་སེམས་ངོ་བོ་ཉིད་ཀྱིས་ལྷུན་གྲུབ་ནི།། ཆོས་རྣམས་ཀུན་གྱི་རྩ་བ་རང་རིག་སྐུ།། དེ་ཉིད་ཡེ་ཤེས ་ཆོས་སྐུར་བལྟ་བའི་ཕྱིར།། རྒྱལ་བའི་ཐུགས་ནས་དམྱལ་བ་ཡན་ཆོད་ཀྱི།། ཀུན་གྱི་གཞི་ནི་རང་བྱུང་ངོ་བོ་ཉིད།། རང་སེམས་གཉུག་མར་གནས་པ་འདི་ཉིད་ནི།། རྒྱུ་རྐྱེན་མ་བསྐྱེད་ཡང་དག་ཡོད་པའི་ཕྱིར།། མཐའ ་ཡི་སྒྲོ་སྐུར་བྲལ་བས་རིག་པ་གསལ།། དེ་ལྡན་ཆོས་སྐུ་གཞི་ངེས་ཡིན་པར་བཤད།། དེ་ཡང་འཁོར་གྱི་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་གདེང་ཆེན་བལྟ་བསྒོམ་སྤྱོད་པ་དང་།། འབྲས་བུ་འབྱུང་མེད་ཡིད་ཆེས་གདེང ་ལྡན་པས།། དེ་ལ་ལྟ་བའི་གདེང་གིས་ངེས་པའི་དོན།། ཟིན་ཕྱིར་ཀུན་བཟང་ཡེ་ཤེས་རྒྱལ་བའི་ཐུགས།། དགེ་ལ་དད་ཅིང་མོས་པའི་རྒྱུ་མི་དམིགས།། བསྒོམ་པའི་གདེང་ཆེན་དོན་ལས་མ་ཡེངས་ན།། ཆེད་དུ་གཏད་ལ ་བསྒོམ་ནི་མི་དགོས་པས།། རང་བྱུང་གདོད་ནས་སྙིང་པོ་སྐྱེ་འགག་མེད།། དེ་ཕྱིར་རང་གསལ་ཡེ་ཤེས་ཆོས་ཀྱི་སྐུ།། འཁོར་འདས་ཆོས་ལ་སྤྱོད་པའི་གདེང་ལྡན་ཕྱིར།། ཅི་སྤྱོད་དོན་ལྡན་ཚམ་ཚོམ་མེད་པར ་བསྟན།། ཉམ་ང་མེད་པར་བརྟུལ་ཞུགས་མཆོག་སྤྱོད་པ།། ཡེ་ཤེས་འབྲལ་མེད་སངས་རྒྱས་དགོངས་པ་ཡིན།། དེ་ཡི་འབྲས་བུ་ངེས་པའི་ཆོས་ཉིད་དེ།། སྡུག་བསྔལ་མི་འབྱུང་མྱ་ངན་འདས་པ་སྟེ།། སྐྱེ་འཆི་མེད་པའི་ཡེ ་ཤེས་རིག་པའི་སྐུ།། དེ་ཕྱིར་ད་ལྟ་ཆོས་སྐུ་ཁ་མིག་ཅན།། རྫོགས་པ་ཆེན་པོ་མ་རིག་མུན་པ་སེལ་བར་བྱེད་པ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ངོ་བོ་ཉིད་ཀྱི་ལྷུན་གྲུབ་རང་གཞུང་བསྟན་པའི་ལེའུ་སྟེ་བཅུ་དགུ ་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས་ཅན་མ་འཁྲུལ་སངས་རྒྱས་མེད་པའི་གོང་།། ངོ་བོ་ཉིད་ཀྱི་སྐུ་ལ་རང་བྱུང་སེམས།། དེ་ཉིད་དོན་གྱི་གནས་ལུགས་ཡིན་པའི་ཕྱིར།། དེ་རྟོགས ་ཆོས་སྐུ་མྱ་ངན་འདས་པའི་ཆོས།། ཀུན་ཏུ་བཟང་པོ་རང་བྱུང་ཡེ་ཤེས་ཐུགས།། རང་སེམས་རང་གིས་རིག་པ་ཆོས་ཀྱི་རྗེ།། རང་སེམས་རང་བྱུང་འགྲོ་དྲུག་སེམས་ཅན་གྱི།། ཀུན་གྱི་གཞི་ཆ་ཆོས་སྐུ་ཡེ ་ཤེས་ལ།། གསུམ་ལྡན་འཁོར་བས་བསྒྲིབས་པ་ལུས་ཡིན་ཕྱིར།། དུས་ཚོད་བླ་མའི་གདམས་ངག་བསྟན་པའི་དོན།། གཞི་ཆ་ཆོས་སྐུ་རང་བྱུང་དེ་ཉིད་དང་།། དང་པོ་སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ།། སྔ་ཕྱིར་མ་བསླད ་ཆོས་སྐུར་གཅིག་པའི་ཕྱིར།། བློ་དངོས་གཅིག་པའི་དོན་ལ་བསྒོམ་མི་དགོས།། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། སངས་རྒྱས་ཡེ་ཤེས་ཐུགས་དང་སེམས་ཅན་སེམས།། འབྲལ་མེད་སོ་སོར་སྣང་བ་མ ་ཡིན་ཏེ།། བཙལ་མེད་རང་སེམས་ཆོས་སྐུར་གཅིག་པའི་ཕྱིར།། བློ་དངོས་གཅིག་པར་ཡིད་ཆེས་སེམས་ཉིད་ཡིན།། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། འཁོར་བའི་སྡུག་བསྔལ་ལུས་འདི་སྒྲིབ་གཡོགས ་དང་།། སངས་རྒྱས་སྐུ་དང་སེམས་ཅན་དོན་གཅིག་ཕྱིར།། ཐ་མལ་འདི་ཉིད་ཡིན་རྟོགས་ཆོས་སྐུ་ལ།། བླང་དོར་མེད་པར་བློ་དངོས་ངོ་བོ་གཅིག། དཔེར་ན་ཆུ་ཉིད་ཆང་དུ་རྐྱེན་གྱིས་འགྱུར།། དེ་བཞིན་སྐྱེ་བོ་རང་སེམས ་འདི་ཉིད་ལ།། བླ་མའི་རྐྱེན་གྱིས་རྟོགས་པས་བསྒོམ་མི་དགོས།། མ་བསྒོམས་ཕྱིར་ན་གོམས་མེད་བློ་དངོས་གཅིག། ད་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། ཡེ་ཤེས་རྟོགས་ནས་མཉམ་པའི་དོན་ཉིད ་ལ།། རྒྱུན་དུ་མ་བརྗེད་རིག་པས་གསལ་ཐེབས་ནས།། བག་ཆགས་ཉོན་མོངས་རྟོག་པའི་སྐྱོན་གྱིས་ཀྱང་།། དེ་ལ་རྡུལ་ཙམ་མི་བསྒྲིབ་ཡེ་ཤེས་གསལ།། དཔེར་ན་སྐྱེས་བུ་སྔགས་ཀྱིས་གདེང་ལྡན་པས།། དུག་མ ་གསལ་བར་དུག་ཉིད་སྨན་འགྱུར་ལྟར།། སྔ་ཕྱི་མ་སོང་ཆོས་སྐུ་ཡིན་ཤེས་ནས།། སྔ་ཕྱིར་མ་སྤངས་གློ་བུར་རང་སྟོང་ཕྱིར།། བླ་དངོས་དབྱེར་མེད་རྟོགས་པའི་ཚད་ཡིན་ནོ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས ་རྫོགས་པའི་རྒྱུད་ལས། བློ་དངོས་གཅིག་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་སེམས་དོན་རྟོགས་སྙིང་པོ་ཆོས་སྐུ་ལས།། བསྒོམ་བྱའི་ཡེ་ཤེས་ཆོས་སྒྲ ་གུད་ན་མེད།། སྔ་ཕྱི་སེམས་ཀྱི་ཡེ་ཤེས་མཐའ་བྲལ་ཕྱིར།། མ་ནོར་སྒོམ་པ་པོ་ཡང་ག་ལ་ཡོད།། དེ་ལྟར་སྒོམ་ཆེན་སེམས་ལ་དངོས་མེད་ན།། མི་གནས་མི་རྟོག་འཇོག་པ་རྣལ་འབྱོར་ཡིན།། རྡོ་རྗེ་སེམས་དཔའི་སྙིང ་པོ་དེ་ཡང་ཉོན།། ཨ་ཏི་རྫོགས་ཆེན་ཆོས་སྐུ་བདེན་གཉིས་བྲལ།། ངོ་བོ་ཉིད་ཀྱི་རང་ཤར་ཡེ་ཤེས་ནི།། ཡོད་མེད་དབུས་ཀྱི་ཡེ་ཤེས་མཐའ་གསུམ་བྲལ།། ཡུལ་ལ་སྤང་སྡུད་གཉིས་པོ་གདོད་ནས་མེད།། དཔེར་ན་ནམ ་མཁའ་རང་དུ་ཤེས་པ་བཞིན།། ཇི་བཞིན་མ་ནོར་རང་སེམས་རྟོགས་པ་ཡིས།། ལུས་ངག་མ་སྐྱེས་རྟོགས་པའི་གཞི་མེད་ཕྱིར།། སྐྱིལ་ཀྲུང་དྲང་འདུག་སྨྲ་བཅད་ཁ་ན་མེད།། དེ་ཕྱིར་སེམས་ཀྱང་དངོས་མེད་རྟག་ཆད ་བྲལ།། རྟོག་སྤངས་མི་རྟག་བསྒོམ་པའི་ཁར་མི་འོང་།། ཡེ་ཤེས་ལྟ་བའི་ཤུགས་ལས་བྱུང་བའི་ཕྱིར།། རྣལ་འབྱོར་དམིགས་པའི་སེམས་ཀྱིས་བསྒོམ་མི་དགོས།། རྣམ་རྟོག་རང་སེམས་མ་སྐྱེས་ཡེ་ཤེས ་ཕྱིར།། དད་ལྡན་ཆེད་དུ་བསྒོམ་པ་བསྟེན་མི་དགོས།། སེམས་དཔའ་འདུས་པའི་སྙིང་པོ་དེ་ཡང་ཉོན།། ཡུལ་གྱི་སྣང་བ་སྤྱོད་ཡུལ་མ་གྲུབ་ཕྱིར།། ནམ་མཁའ་ལྟ་བུར་ཡེ་ཤེས་རང་ཤར་བས།། རང་སེམས་ཆོས་སྐུའི་ངང ་དུ་དོན་རྟོགས་པས།། རྣལ་འབྱོར་ཅི་ཡང་ཡིད་ལ་མི་བསྒོམས་ན།། ཡང་དག་ལྟ་བའི་དོན་དང་མཐུན་པར་གྲུབ།། རྡོ་རྗེ་སེམས་དཔའི་སྙིང་པོ་དེ་ཡང་ཉོན།། རྫོགས་ཆེན་གོལ་ས་བཅད་ཕྱིར་བསྒོམ་མེད་དེ།། ཡེ་ཤེས ་བསྒོམ་མེད་དག་ཏུ་རབ་རྟོགས་ན།། བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ།། བསྒོམ་མེད་དེས་ནི་ཀུན་གྱི་རེ་བ་བསྐངས།། ཀུན་ལ་ཁྱབ་ཕྱིར་མ་རྫོགས་མེད་མོད་ཀྱིས།། ཀུན་གྱིས་གདམས་ངག་མ ་འཕྲད་རྟོགས་པར་དཀའ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། མ་བསྒོམས་འབྲལ་བ་མེད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། ཀུན་རིག་རྒྱལ་པོ་ཆོས་རྗེས་བཀའ་སྩལ་པ།། རང ་སེམས་ངོ་བོ་ཉིད་ཀྱི་ཆོས་སྐུ་ནི།། དབང་པོ་མངོན་སུམ་མི་གནས་ཀུན་ལ་ཁྱབ།། ཆོས་སྐུ་ཚིག་ཏུ་འདི་ཞེས་བསྟན་པ་ནི།། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་མཚོན་དུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས ་ཉོན།། འཁོར་འདས་ཚིག་ལས་འདས་པའི་ཡེ་ཤེས་ནི།། དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་དུ།། སངས་རྒྱས་ཉིད་ཀྱིས་བསྟན་ཅིང་མཚོན་དུ་མེད།། མཚོན་ཅིང་བརྟག་པར་དཀའ་བའི་རང་སེམས་དོན།། ཡོད ་མེད་དབུས་ལས་འདས་པའི་བྱང་ཆུབ་དེ།། དངོས་མེད་ཡིད་ལ་དྲན་པའི་ཡེ་ཤེས་ནི།། ཀུན་བཟང་ཉིད་ཀྱིས་མི་གཟིགས་བལྟ་བའི་མཆོག། གཟུང་འཛིན་མཐུ་བརྟས་རྣམ་སྨིན་ལུས་འདི་ལ།། དབང་པོ་ཡུལ་རྣམས ་མིང་དུ་བརྗོད་བྱེད་ཀྱང་།། དོན་ལ་ཕན་པར་རྡུལ་ཙམ་མཚོན་མི་ནུས།། དཔེར་ན་བུམ་པའི་ནང་གི་ནམ་མཁའ་ལ།། དངོས་མེད་བརྗོད་ཀྱི་ནམ་མཁའ་ཆེན་པོ་མིན།། དེ་བཞིན་རྩེ་གཅིག་མི་རྟོག་དོན་བསྒོམས ་ཀྱང་།། ཡེ་ཤེས་རང་ཤར་ཆེན་པོའི་ལྟ་བ་མིན།། བུམ་ཆག་ནམ་མཁའ་ཆེན་པོར་ཐིམ་པ་བཞིན།། ལུས་བྲལ་རང་སེམས་ངོ་བོ་ཉིད་ཀྱི་སྐུ།། དེ་ཉིད་རིག་པར་གསལ་བཏབ་བདེ་བའི་ཀློང་།། དེ་ཙམ་ཉིད་ལས་ཀུན་ཏུ ་བཟང་པོས་ཀྱང་།། ངོ་བོ་ཉིད་ཀྱི་ཆོས་སྐུ་མཚོན་མི་མཁྱེན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། མཚོན་དུ་མེད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ཡང་འདུས་པའི་རྡོ ་སེམས་དཔའ་ཉོན།། ཉམས་དང་རྟགས་ཀྱི་རིམ་པ་ངས་བཤད་ཀྱིས།། ལེགས་པར་བཟུང་ལ་ཡིད་ཀྱིས་ད་ཉོན་ཅིག། ཞེན་མེད་རང་གསལ་བདེ་ལ་མི་གཡོ་བ།། དེ་ཉིད་རང་གི་ཆོས་སྐུ་ཡེ་ཡིན་ཞེས།། དེ་ཕྱིར་གོལ་བ ་མེད་པ་ཡེ་ཤེས་ཀློང་།། དེ་ལས་མི་འདའ་གདེང་ཆུད་མཆོག་གི་ཉམས།། དེ་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། ངེས་དོན་ནང་དུ་གསལ་བ་ཞེན་མེད་བདེ།། ཆོས་ཉིད་དོན་རྟོགས་ཡེ་ཤེས་མི་གཡོ ་བ།། རྒྱུན་དུ་འབྲལ་མེད་རང་གསལ་མི་རྟོག་ཉམས།། དེ་དོན་རྐྱེན་གྱིས་མི་འགྱུར་རང་རིག་སྐུ།། ཐོག་མཐའ་ཆོད་པས་མ་རིག་མུན་པ་མེད།། དེ་ཕྱིར་རང་བྱུང་ཆོས་སྐུ་ཉམས་ཆེན་ལ།། དུས་གསུམ་གཅིག་པར་བྱིང ་རྒོད་འཕེལ་འགྲིབ་མེད།། དེ་ཡི་ཡོན་ཏན་རང་བྱུང་མཁའ་དང་མཉམ།། ད་ཡང་འདུས་པའི་འཁོར་གྱི་སྙིང་པོ་ཉོན།། གདམས་ངག་གནད་ཆུད་དོན་ལ་མཉམ་པ་མེད།། ཆོས་ཉིད་དོན་ལས་མི་འདའ་རྒྱལ ་བའི་ཐུགས།། ཆེད་དུ་མི་དམིགས་ངང་ལ་གནས་པའི་ཚེ།། ལུས་ངག་སྤྱོད་པ་གང་ཡང་ཉམས་པ་མེད།། དེ་ཉིད་སངས་རྒྱས་དགོངས་པ་ཉམས་སུ་མྱོང་།། ལྟ་བའི་གདེང་ལྡན་ཡེ་ཤེས་རང་གསལ་ཐུགས།། དེ་ཡི་ཡོན ་ཏན་སངས་རྒྱས་ཆོས་ཀུན་རྫོགས།། ཕྱི་མ་མ་ཡིན་དུས་འདིར་འབྲས་བུ་སྨིན།། དེ་ཡང་འཁོར་གྱི་སྙིང་པོ་ལེགས་པར་ཉོན།། རང་བྱུང་གད་ལ་ཁྱབ་བདེ་ལྡན་དགོངས་པའི་ཉམས།། སེམས་ཅན་དུས་ན་སངས་རྒྱས ་འབྲས་བུར་ལྡན།། དེ་ཡི་ཡེ་ཤེས་ད་ལྟ་ཉིད་ཀྱི་སེམས།། དེ་ལྟར་རྟོགས་པ་དགོངས་པའི་ཉམས་སུ་གསུངས།། ཉམས་ཀྱི་རིམ་པ་དེ་དག་གསུངས་པ་ཡང་།། ངོ་བོ་ཆོས་སྐུ་དོན་གཅིག་རང་བྱུང་སྐུ།། དེ་དོན་ཡང་དག ་འབྲས་བུ་གཞི་ལ་གཅིག། དུས་གསུམ་རྒྱལ་བའི་ཡོན་ཏན་མ་ལུས་པ།། རྣལ་འབྱོར་དམ་པ་དེ་ལ་ཚང་ཞིང་རྫོགས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ངེས་པ་དོན་གྱི་ལྟ་བའི་གདེང ་ཉམས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དོན་གྱི་རྟགས་ཆེན་འཁོར་ལ་བཀའ་སྩལ་པ།། རྨི་ལམ་བག་ཆགས་བྱང་རྟགས་འབྱུང་བ་དང་།། ས་ཐོབ་ལྟས་དང་ས ་ནོན་ལྟས་རྣམས་དང་།། ནང་རྟགས་ཀློང་གསུམ་ལྡན་པའི་ཡོན་ཏན་དང་།། འབྲས་བུ་ད་ལྟ་ཉིད་གྲུབ་ངེས་པར་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། དེ་དོན་ངེས་རྙེད་ཉམས་ནི་གསལ་བ་ལ།། རྨི ་ལམ་བག་ཆགས་དག་རྟགས་འབྱུང་བ་ནི།། རྟག་ཏུ་གཅེར་བུར་ཕྱུང་དང་མེ་དཔུང་བསྲེག། ཆུ་བོའི་ཕ་རོལ་ཆོད་པར་རྐྱལ་བ་དང་།། བུམ་ཆུས་སྤྱི་ནས་དག་པར་འཁྲུ་འདོད་དང་།། ནམ་མཁའ་དག་ལ་འཕུར་དང་སྐྱིལ ་ཀྲུཀླུང་འཆའ།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། རྣལ་འབྱོར་དམ་པས་ས་ཐོབ་འབྱུང་བ་ཡང་།། ལྗོན་ཤིང་འཛེགས་དང་མཆོད་རྟེན་ཁར་བྱེད་དང་།། ཁམས་གསུམ་དུས་གཅིག་མཐོང་འགྱུར་མ་ཞེན ་འབྱུང་།། ཏིང་ངེ་འཛིན་གྱིས་ས་ནི་ངེས་པར་ནོན།། དེ་རྟོགས་ལྟས་ནི་འབྱུང་བར་གསུངས་པ་ནི།། ནམ་མཁར་སེང་གེ་ཞོན་འགྲོ་ཉམ་ང་མེད།། དཔུང་པ་གཡས་གཡོན་ཉི་ཟླ་འཆར་བ་དང་།། རི་རབ་ཁར་ཁྱེར་མཁའ ་ལ་ངེས་པར་འགྲོ།། སྤྲིན་ལྡིང་སྟེང་ན་འདུག་པ་ལ་སོགས་འབྱུང་།། དེ་ཡང་འདུས་པའི་ཚོགས་ཀྱི་སྙིང་པོ་ཉོན།། རྣལ་འབྱོར་དམ་པ་སྐྱེས་མཆོག་དམ་ཅན་ལ།། རྟོག་པས་བར་མཆོད་པས་ཡེ་ཤེས ་ཀློང་།། མཉམ་ཉིད་མཐར་ཕྱིན་ལམ་ཆེན་ཀུན་བསྒྲལ་བས།། ཅི་སྤྱོད་ཏིང་འཛིན་ལས་ནི་མ་ཉམས་ཀློང་།། གོམས་པའི་ཀློང་དུ་ཤིན་ཏུ་གསལ་འགྱུར་ཏེ།། རྒྱལ་བའི་དགོངས་པ་ཆོས་ཉིད་རང་བྱུང་ཀློང་།། བདག། ་གཞན་གཉིས་སུ་མཐོང་བ་ཅི་ཡང་མེད།། དེ་ཕྱིར་ཀློང་གསུམ་ལྡན་པའི་ཡེ་ཤེས་བཤད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། རྟགས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ ་ནས་འདུས་པའི་འཁོར་གྱི་ཡང་ཞུས་པ།། རང་སེམས་དོན་རྟོགས་རྣལ་འབྱོར་སྤྱོད་པ་ལ།། འཆིང་གྲོལ་མེད་པའི་སྤྱོད་པའི་དོན་ནི་གང་།། ས་ལམ་སྦྱང་དུ་མེད་པའི་དོན་ནི་ཅི།། དམ་ཚིག་བསྲུང་དང་ཉམས་པ་ཇི་ལྟར ་མེད།། ལ་བཟླ་དོན་གྱི་ལྟ་བ་གང་ལ་བགྱི།། དེ་སྐད་གསོལ་པའི་དོན་གསན་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་ཇི་ལྟ་བ།། རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད།། ཆོས་སྐུ་སྐྱེ་མེད་རྟོགས་ནས ་འགྲོ་དོན་དུ།། ཇི་ལྟར་སྣང་བའི་གཟུགས་ཅན་སྤྲུལ་པའི་སྐུ།། མཛད་པ་བཅུ་གཉིས་འགྲོ་དོན་མཐར་ཕྱིན་པ།། ཐུགས་རྗེའི་སྤྲུལ་པས་གདུལ་བྱ་ཀུན་འདུལ་ཡང་།། ཡེ་ཤེས་བློ་ལྡན་རློམ་སེམས་རྡུལ་ཙམ་མེད།། བདག ་དང་གཞན་དུ་རྟོགས་པ་མེད་པའི་ཕྱིར།། ཡེ་ནས་གཉིས་མེད་དོན་གཅིག་ཆོས་ཀྱི་སྐུ།། མཐུན་འཇུག་མཚན་མར་སྤྱོད་པ་རྒྱ་མཚོར་ནི།། ཐུགས་རྗེ་ཆེན་པོའི་འགྲོ་དོན་རྫོགས་པར་མཛད།། རང་བྱུང་ཡེ་ཤེས་དབྱིངས ་ལས་མ་གཡོས་ཀྱང་།། འགྲོ་བའི་དཔལ་མགོན་ཀུན་ཏུ་བཟང་པོ་སྟེ།། བདག་དང་གཞན་དོན་བླང་དོར་མེད་པའི་ཕྱིར།། སྤྱོད་པ་རྒྱ་མཚོར་སྣ་ཚོགས་ཅི་བདེར་སྤྱོད།། པདྨོ་སྐྱེ་བའི་རྒྱུ་ནི་འདམ་ཡིན་ཏེ།། དེ་ལ་འདམ་གྱི ་སྐྱོན་གྱིས་མ་གོས་བཞིན།། ཆོས་ཉིད་བླང་དོར་མེད་པར་རྟོགས་གྱུར་ན།། ཡེ་ཤེས་རྟོག་མེད་ཉམས་པ་རྡུལ་ཙམ་མེད།། ཐུན་མཚམས་མི་བསྒོམ་རྒྱུན་གྱི་རྣལ་འབྱོར་ལ།། འཆིང་གྲོལ་སྤྱོད་པ་མེད་ཕྱིར་གོལ་ས ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། སྤྱོད་པ་འཆིང་གྲོལ་མེད་པར་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ།། བདེ ་གཤེགས་མྱ་ངན་འདས་པ་ངེས་པའི་དོན།། ས་ལམ་ཡང་དག་ཆོས་སྐུ་གཅིག་ལས་མེད།། གོང་འོག་ཉེ་རིང་ཡོད་པར་གསུངས་པ་ཡང་།། བློ་དམན་དྲང་བའི་དོན་དུ་བཤད་པ་ཡིན།། འདུས་པའི་འཁོར་རྣམས་ཡིད་ཀྱིས ་ད་ཉོན་ཅིག། ས་མེད་རྫོགས་ཆེན་ཆོས་སྐུ་ཡེ་ཤེས་ས།། གར་ཡང་མི་འགྲོ་ས་མཆོག་སྦྱོར་ཆོད་པ།། བགྲོད་མེད་སེམས་གཉིས་ཡེ་ཤེས་མཆོག་གི་ལམ།། ཡེ་ཤེས་ཆོས་སྐུ་མཐར་ཕྱིན་ཆོས་ཉིད་ས།། རྡོ་རྗེ་སེམས ་དཔའི་སྙིང་པོ་དེ་ཉོན་ཅིག། ས་ནི་དང་པོ་འཁོར་བར་མི་ལྡོགས།། སྙིང་པོ་བྱང་ཆུབ་མཆོག་ནི་ཡེ་ཤེས་ན།། གཟའ་ཞིང་བགྲོད་པའི་ཡུལ་ནི་ག་ལ་ཡོད།། བྱར་མེད་རྫོགས་པའི་ངང་དུ་རབ་རྟོགས ་ན།། ལམ་ལ་གཟའ་ཞིང་ས་སྦྱངས་ཡུལ་ལས་འདས།། བགྲོད་མེད་སྙིང་པོ་ལམ་གྱི་མཆོག་སྟོན་པ།། གཞན་ནས་བཙལ་བས་རྙེད་པའི་གནས་མེད་དེ།། ཡེ་ཤེས་ཆེན་པོ་ཀུན་ཏུ་ཁྱབ་གནས་པ།། རང་བྱུང་ཡེ་ཤེས་རང ་རིག་འོད་གསལ་བ། ས་ལམ་བཙལ་དུ་མེད་དེ་སྙིང་པོའི་དོན།། རྣམ་པར་སྣང་མཛད་ཆེ་མཆོག་ཀུན་ཏུ་བཟང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། དཔེར་ན་རྒྱལ་པོ་བཞིན་དུ་མི་འགྲོ་བཞིན།། རང་སེམས ་ཡུལ་ལ་མི་སྤྱོད་དོན་ལ་གནས།། དེ་ཙམ་ཉིད་ནི་ཆོས་སྐུ་བདེ་བའི་ཀློང་།། ས་ལམ་མ་བགྲོད་ཆོས་ཉིད་ཡེ་ཤེས་སྐུ།། ས་དང་ལམ་ལ་ལྟོས་ན་བྱང་ཆུབ་གེགས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི ་རྒྱུད་ལས། ས་ལམ་སྦྱང་དུ་མེད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། དམ་ཚིག་བསྲུང་ཉམས་མེད་པའི་ཡེ་ཤེས་ནི།། འོག་མ་བཞིན་དུ་དམ་དུ་མ་བཅས ་པས།། ཉམས་པ་མེད་ཕྱིར་ཡེ་བསྲུངས་ཆེན་པོ་ཡིན།། གདེང་ལྡན་བལྟ་བའི་དམ་ཚིག་རྒྱུན་དུ་དྲན།། ཆེད་དུ་མ་ཡིན་རང་རིག་དོན་གསལ་བས།། ཡེ་བསྲུངས་ཆེན་པོའི་བལྟ་བ་དམ་ཚིག་ཡིན།། དེ་ཡང་འདུས་པའི ་འཁོར་རྣམས་ཡིད་ཀྱིས་ཉོན།། ཐེག་པའི་ཁྱད་པར་ཇི་སྙེད་བགྲངས་པ་དང་།། ཚུལ་ཁྲིམས་སྡོམ་དང་ཕྱི་ནང་དམ་ཚིག་ཀྱང་།། འགྲོ་བ་གདུལ་བྱའི་ཇི་ལྟར་འདོད་པར་སྟོན།། ཐ་སྙད་ཙམ་དུ་འདུལ་ཞེས་བྱ་མོད ་ཀྱི།། དམ་དུ་བཅའ་བར་དོན་ལ་རྡུལ་ཙམ་མེད།། དམ་དུ་བཅའ་བ་མེད་པའི་ངང་རྟོགས་ན།། དམ་དུ་བཅས་ཀྱང་སྐྱོན་མེད་ནམ་མཁའ་འདྲ།། འདུས་པའི་རྡོ་རྗེ་སེམས་དཔའ་ད་ཡང་ཉོན།། ཆོས་སྐུ་མི་གཡོ་ཐུགས་ཀྱི ་དམ་ཚིག་སྟེ།། བླང་དོར་མེད་པ་སྤྱོད་པའི་དམ་ཚིག་ཡིན།། རང་སེམས་མི་སྤང་ཡེ་ཤེས་ཆེན་པོར་གནས།། དུས་གསུམ་དོན་དང་མ་བྲལ་ཉམས་པ་མེད།། རྫོགས་པ་ཆེན་པོའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པ་རྒྱུད ་ལས། དམ་ཚིག་བསྲུང་ཉམས་མེད་པར་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། ལ་བཟླའ་བ་ཡི་ཡེ་ཤེས་ཆེན་པོ་ནི།། ཀུན་གཞི་གཞི་ཆ་མཁའ་ལ་ཉི་ཤར ་འདྲ།། ཐམས་ཅད་ཀུན་འདུས་རང་སྣང་ཡེ་ཤེས་གསལ།། ཡེ་ནས་བཙལ་མེད་འབྲས་བུ་མངོན་སངས་རྒྱས།། རྒྱལ་བ་ཀུན་གྱི་སྤྱི་མེས་ཆེན་པོ་སྟེ།། གོལ་མེད་གདོད་ནས་དག་པ་ཆོས་ཀྱི་སྐུ།། རང་བྱུང་འགག་པ་མེད ་པ་ཡེ་ཤེས་ཀློང་།། ལམ་ལྔ་མ་བགྲོད་སངས་རྒྱས་ས་ཡི་མཆོག། ཅིར་སྣང་དམིགས་སུ་མེད་པས་རང་བྱུང་སྐུ།། གཞན་ལ་སྨོན་དུ་མེད་པར་རང་ལ་རྫོགས།། ཆོས་སྐུ་འདི་ནི་གཞན་ལས་མ་རྙེད་པས།། རྟོགས་པར ་འདོད་ན་རང་གི་སེམས་ལ་ཚོལ།། སེམས་པ་དོན་རྙེད་ནུས་པའི་རྣལ་འབྱོར་པ།། འཁྲུལ་པ་མེད་ཕྱིར་སེམས་ཅན་འཁོར་བ་མེད།། རང་རིག་རྟོགས་པའི་དོན་ལས་མ་རྟོགས་པ།། བདེ་ཞིང་སྐྱིད་པའི ་སངས་རྒྱས་ལོགས་ན་མེད།། དེ་ཕྱིར་རྒྱུ་ལས་མི་རྩོལ་འབྲས་བུ་ལ།། རེ་དོགས་རྩོལ་བ་རྒྱ་མཚོའི་ཆུ་བོར་ནས།། སྨིག་རྒྱུར་རི་དྭགས་ཆུར་མཐོང་བསྙེགས་པ་བཞིན།། བསྒོམ་མེད་དོན་ཉིད་བོར་ནས་སུ་བསྒོམ ་པ།། བྱང་ཆུབ་མེད་པར་རང་གི་སྡུག་བསྔལ་སྣོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། རང་རིག་དེ་ཉིད་རྟོགས་པའི་རྣལ་འབྱོར་པ།། ཡེ་ཤེས་བཅུད་ཉིད་ཆོས་ཀྱི་གཏེར་དུ་སྨིན།། ནམ་མཁའ་གོ་ཡངས་འབྱུང ་བའི་ལམ་དུ་བདེ།། རྟོགས་པའི་གོ་ཡངས་སངས་རྒྱས་ལམ་དུ་བདེ།། གདམས་ངག་གོ་ཡངས་བསྒོམ་པའི་ལམ་དུ་བདེ།། དུས་གསུམ་འགྱུར་མེད་རང་རིག་ལྟ་བའི་དབྱིངས།། འདོད་དགུ་རང་ལས་ཡོན་ཏན་འཆར ་བའི་ཕྱིར།། རྒྱུ་འབྲས་གཞན་ལ་རག་མ་ལུས་པས་ཟབ།། ཡེ་ནས་ཆོས་ཉིད་ཡེ་ཤེས་རང་བྱུང་ལ།། འཁོར་བར་གནས་ཀྱང་སྒྲིབ་པས་གོས་པ་མེད།། དེ་ཕྱིར་དོན་རྟོགས་ད་ལྟ་ཉིད་ནས་ནི།། ཆོས་སྐུ་མངོན་དུ་གྱུར་པའི ་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཡེ་ཤེས་དོན་ལ་ལ་བཟླ་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ངེས་དོན ་ཆོས་སྐུ་རྟོགས་པའི་རྣལ་འབྱོར་ལ།། དུག་ལྔ་མ་སྤངས་རང་གྲོལ་ཇི་ལྟར་འབྱུང་།། ཚོགས་མ་བསགས་པར་གཟུགས་སྐུ་གང་ལས་འབྱུང་།། གོང་འོག་ཐེ་ཚོམ་གེགས་ནི་ཇི་ལྟར་སེལ།། དེ་སྐད་ཞུས་པའི་དོན་གསན ་བཀའ་སྩལ་པ།། དུག་ལྔ་མ་སྤངས་རང་སར་གོལ་བ་ཡང་།། དཔེར་ན་རིན་ཆེན་འོད་ཀྱིས་མུན་སེལ་ལྟར།། འཁོར་བའི་ཐོག་མཐའ་རྩད་ནས་ཆོད་པའི་ཕྱིར།། ངོ་བོ་ཉིད་ཀྱི་སྐུ་རུ་རང་རྟོགས་ན།། གདོད་ནས་མ་རིག ་དག་པས་གཏི་མུག་བྲལ།། ད་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་མེད་ཕྱིར་ཞེ་སྡང་ཡུལ་མེད་པས།། ཁ་དོག་ཡུལ་ལ་མནར་སེམས་བྱེད་པ་ཡང་།། བ་མོ་ལ་ནི་ཉི་ཤར་དངོས་མེད་ལྟར།། ཡུལ་དང ་འབྲེལ་མེད་དྲན་པས་ཞེ་སྡང་གྲོལ།། ཕོ་མོ་ཆགས་པ་ལས་ཀྱིས་སྐྱེ་གྱུར་ཚེ།། སྔ་ཕྱི་མ་སོང་དེ་དུས་ཆོས་སྐུར་ཤེས།། གཟུགས་བརྙན་བརྡ་ཡིས་ཆགས་མེད་རྨི་ལམ་བཞིན།། ཆགས་པ་ཉིད་ནས་རང་བྱུང་སྐྱོན་མི ་གོས།། དེ་ཡང་འདུས་པའི་སྙིང་པོ་ཡིད་ཀྱིས་ཉོན།། ང་རྒྱལ་ཆེན་པོ་རང་སེམས་རྟོག་པ་འཆར།། དེ་ཕྱིར་ལྷག་མཐོང་རིག་པའི་ང་རྒྱལ་དེས།། ལོག་རྟོག་འཁོར་བ་རྩད་ནས་གཅོད་པའི་དོན།། དྲན་པའི་ཡེ་ཤེས་ང་རྒྱལ ་རང་བྱུང་ཐུགས།། ལྟ་བ་མངོན་པར་མན་ངག་གདེང་གི་འཕྲང་།། གོལ་སྒྲིབ་སྐྱོན་མེད་རང་རིག་ཆོས་ཉིད་ལ།། དགག་སྒྲུབ་མེད་པས་ཕྲག་དོག་རང་སར་གྲོལ།། དུག་ལྔ་སྤྱད་ཀྱང་རང་བྱུང་ཡེ་ཤེས་ཐུགས།། རྫོགས་པ ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། དུག་ལྔ་རང་གྲོལ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་སེམས་ཆོས་སྐུ་ཆེན ་པོར་གསལ་གྱུར་ན།། ཡེ་ཤེས་ཚོགས་ཆེན་རང་རིག་བྱང་ཆུབ་ཐུགས།། དཔེར་ན་རྒྱ་མཚོ་རྙོག་མེད་དངས་གྱུར་ན།། ནམ་མཁའི་གཟའ་སྐར་འབྱུང་བ་མི་འགག་བཞིན།། ཆོས་ཉིད་དང་ལ་ལོངས་སྤྱོད་རིག་པའི ་རྒྱུན།། དེ་ཡི་སྤྲུལ་པ་སྣ་ཚོགས་སྤྲུལ་པའི་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། ཆུ་ཉིད་ཚགས་ཀྱིས་བཙགས་ཀྱང་གཟུགས་བརྙན་མེད།། དེ་བཞིན་ངོ་བོ་ཉིད་རྟོགས་ཆོས་སྐུ་ལ།། ཀུན་བཟང་ཉིད་ཀྱིས ་ཤེས་བཞིན་གཟུགས་བཅོས་ཀྱང་།། གདོས་པའི་ལུས་ཅན་སངས་རྒྱས་ཉིད་མི་རྙེད།། བསོད་ནམས་ཚོགས་ཀྱིས་སངས་རྒྱས་འབྱུང་བ་མིན།། རིམ་དགུ་སྟོན་པའི་སངས་རྒྱས་གཟུགས་ཀྱི་སྐུ།། མོས་པ་སོ་སོར་འདུལ ་ཕྱིར་སྣང་མོད་ཀྱང་།། བརྒྱུད་ནས་ཆོས་སྐྲ་རྟོགས་པའི་ཐབས་སུ་བསྟན།། སྨོན་ལམ་དབང་གིས་འགྲོ་དོན་བྱེད་འདོད་པ།། འོག་མིན་བློས་བཞག་སངས་རྐུས་ཆོས་སྐ་མིན།། དེ་ཕྱིར་རང་སེམས་མ་རྟོགས་དགེ་བ ་ཡིས།། རྒྱུ་མེད་འབྲས་བུ་མི་འབྱུང་དཔེ་བཞིན་དུ།། བསྐལ་པ་སྟོང་དུ་ཚོགས་བསགས་སྒྲིབ་སྦྱངས་ཀྱང་།། འབྲས་བུ་གཟུགས་སྐུ་སངས་རྒྱས་འབྱུང་མི་འགྱུར།། དེ་ཡང་འདུས་པའི་དད་ལྡན་འཁོར་ཀན་ཉོན།། གསེར ་སྦྲུལ་མིག་གིས་འདོད་པའི་ཡོན་ཏན་ལྔ།། དུས་གཅིག་ཉམས་སུ་མྱོང་བའི་དཔེ་བཞིན་དུ།། ངོ་བོ་ཉིད་ཀྱི་དོན་རྟོགས་ཆོས་ཀྱི་སྐུ།། དེ་དོན་རིག་པ་ལོངས་སྤྱོད་རྫོགས་པའི་སྐུ།། སྣ་ཚོགས་ཉིད་ན་གསལ་ཐེབས་སྤྲུལ ་པའི་སྐུ།། སྐལ་མེད་རྟོགས་པ་དཀའ་ཕྱིར་གསང་བའི་སྐུ།། བློ་དངོས་གཅིག་ཕྱིར་མངོན་པར་བྱང་ཆུབ་སྐུ།། དེ་རྣམས་གཅིག་གི་ཡོན་ཏན་ལྔར་སྣང་བས།། སངས་རྒྱས་འགྲོ་བའི་དོན་བཙལ་མི་དགོས་ཕྱིར།། སེམས ་ཅན་ངོ་ཆད་དམ་དཔྱད། ཉིད་ནས་རང་བྱུང་ཆོས་ཀྱི་སྐུ།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།། ཆོས་སྐུ་རྟོགས་ནས་གཟུགས་སྐུ་འབྱུང་བ་བསྟན་པའི་ལེའུ་སྟེ་སུམ་ཅུ ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ཀྱིས།། ཐེ་ཚོམ་གེགས་ཆེན་དོན་ཞུས་པ།། འཁོར་འདས་སྤྱི་མཚན་སེམས་ཡིན་ཕྱིར།། རྟོགས་ན་ཀུན་ཀྱང་ཡིན་ཏེ་མ་རྟོགས་མིན།། ཨ་ཏི་ཐེག་ཆེན་སྙིང་པོ ་རྫོགས་གཞི་ལ།། ཡོད་མེད་གང་ཡང་རྟག་ཆད་སྐྱོན་ཡིན་ཕྱིར།། མ་ངེས་རྒྱུ་འབྲས་ལམ་པའི་ཁ་རྗེ་ལ།། སངས་རྒྱས་འབྲས་བུ་མི་ཐོབ་སྙིང་རྗེ་གནས།། དེ་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། འཇིག་རྟེན་པ ་དང་འདུས་པའི་ཆོས་རྣམས་ཀྱི།། གཉིས་ཀའི་གཞི་ནི་ངོ་བོ་ཆོས་སྐུར་ངེས།། ཡུལ་གྱི་སྣང་བ་མ་ངེས་སྣ་ཚོགས་པ།། བླང་དོར་མེད་ཅིང་ཆོས་རྣམས་ལྷུན་གྱིས་གྲུབ།། འདུས་པའི་སྙིང་པོ་དོན་གསོལ་པ།། ཡུལ་ཉིད ་སེམས་སམ་སེམས་ཉིད་ཡུལ།། ཡུལ་ཉིད་ཡིན་ཕྱིར་ཡུལ་ལ་སྡུག་བསྔལ་རིགས།། སེམས་ཉིད་ཡུལ་ན་རང་སེམས་བེམ་པོར་ཐལ།། སྤང་སྡུད་མི་ཤེས་ཞེན་པ་སྐྱེ་བོའི་བློ།། དེ་ཕྱིར་རྫོགས་ཆེན་ཆོས་སྐུ ་བླ་མེད་གང་།། དེ་ཡང་འདུས་པའི་འཁོར་གྱི་སྙིང་པོ་ཉོན།། ཡུལ་ཉིད་སྤང་སྡུད་ཞེན་པ་རྣམས་ཀྱི་སྐྱོན།། བླང་དོར་མེད་ཕྱིར་གཉེན་པོས་བཙལ་མི་དགོས།། དེ་ཙམ་ཉིད་ན་བསམ་གཏན་མཆོག་གི་ལམ།། དེ་ལ་གཉེན ་པོ་མེད་ཕྱིར་བླ་མེད་ཆོས་ཀྱི་སྐུ།། འདུས་པའི་གཙོ་བོས་ཡང་ཞུས་པ།། བསྒོམ་དུ་ཡོད་མེད་སྒྲོ་སྐུར་མཐར་ལྷུང་ཕྱིར།། བསྒོམ་ཡོད་ཞི་གནས་མཐའ་ལ་ཞེན་པ་སྟེ།། མ་རྟོགས་བསྒོམ་མེད་དོན་གྱི་གདེང་དང་བྲལ།། དེ ་ཕྱིར་མཐའ་ཡི་བལྟ་བ་ནོར་བའི་བློ།། དེ་ཡང་དད་ལྡན་འཁོར་རྣམས་ཡིད་ཀྱིས་ཉོན།། ཨ་ཏིའི་མན་ངག་ཆོས་སྐུའི་སྙིང་པོ་འདི།། བསྒོམས་ཀྱང་འགལ་མེད་རང་སེམས་ནམ་མཁའ་འདྲ།། མ་བསྒོམས་པས་ཀྱང་ཆོས ་སྐུ་སྟོར་བྲལ་མེད།། བྱང་ཆུབ་ལམ་དུ་སེམས་ཉིད་རྟོགས་པ་གཅེས།། རྡོ་རྗེ་སེམས་དཔས་ཡིད་ཀྱིས་དོན་ཞུས་པ།། སངས་རྒྱས་སེམས་ཅན་གཅིག་གམ་ཐ་དད་ལགས།། ཐ་དད་འབྲེལ་མེད་ཐུགས་རྗེས་ཕན་མི ་ནུས།། གཅིག་ན་འགྲོ་དྲུག་སྡུག་བསྔལ་ཅི་ཕྱིར་འབྱུང་།། ཀུན་རིག་སྟོན་པས་བཀའ་སྩལ་ཡིད་ཀྱིས་ཉོན།། དེ་གཉིས་སོ་སོར་སྣང་བ་མ་ཡིན་ཏེ།། རྟོགས་ན་ངོ་བོ་གཅིག་ཕྱིར་ཐུགས་རྗེ་འབྱུང་།། རང་སེམས་མ་རིག ་རྣམ་རྟོག་སྡུག་བསྔལ་ཡིན།། དོན་ལ་དབྱེར་མེད་སེམས་ཉིད་ལྷན་གྱིས་གྲུབ།། འདུས་པའི་ཚོགས་ཀྱིས་རང་དོན་ཡིད་ཀྱིས་ཞུས།། སངས་རྒྱས་སེམས་ཅན་རྒྱུ་འབྲས་ཡིན་གྱུར་ན།། སངས་རྒྱས་ལས་བྱུང་རྣམ་གསུམ ་དོན་མེད་འགྱུར།། སེམས་ཅན་ལས་བྱུང་ཚོགས་གཉིས་འདུས་མི་རྟག། ཀུན་རིག་སྟོན་པས་བཀའ་སྩལ་པ།། སངས་རྒྱས་སེམས་ཅན་རྒྱུ་འབྲས་རོ་གཅིག་ཕྱིར།། ལྟོས་པའི་གཅིག་ལ་གཅིག་འབྱུང་མ་ཡིན་ཏེ།། གཉིས ་ཀའི་ངོ་བོར་རང་སེམས་ཆོས་སྐུར་གཅིག། སངས་རྒྱས་སེམས་ཅན་སྐྱོན་ཡོན་རྣམ་པ་གཉིས།། ཆོས་ཉིད་འཁྲུལ་པ་གང་རུང་གཞིར་བཞག་ལ།། གཉིས་ཀ་ལྟར་ཡང་རྩོད་ན་མི་འགལ་ཕྱིར།། མ་རིག་ཡེ་ཤེས་གང་ཟག ་ཕྱོགས་བཟུང་ན།། ཀུན་ཀྱང་ཡིད་ལ་ཐམས་ཅད་མེད་པའི་ཕྱིར།། རྒྱུ་ཡོད་དང་ནི་རྒྱུ་མེད་གང་འཁྲུལ་པ།། གཞི་འཇོག་མ་ནོར་ཤིན་ཏུ་གཅེས་པར་གསུངས།། རྡོ་རྗེ་སེམས་དཔས་འཁོར་གྱི་དོན་ཞུས་པ།། རང་ལ་ཡོད ་ན་མཁས་པས་ཇི་ལྟར་སྟོན།། ཡེ་ནས་ཡོད་ན་མན་ངག་བསྟོན་མི་དགོས།། མེད་ན་རི་བོང་རྭ་བཞིན་རྒྱུ་མི་དམིགས།། ཀུན་རིགས་རྒྱས་པོས་འཁོར་ལ་བཀའ་སྩལ་པ།། ཡེ་ནས་རང་ལ་ཡོད་པའི་ཆོས་སྐུ་ནི།། བླ་མས ་མཚོན་ནས་རང་སེམས་དོན་བསྟན་པས།། མ་རིག་རྣམ་རྟོག་ཆོས་སྐུར་ཤེས་པ་ལས།། ལོགས་ནས་བཙལ་བས་རྙེད་པ་མ་ཡིན་ནོ།། དད་ཉན་འཁོར་གྱི་དོན་ཆེད་ཡིད་ཀྱིས་ཞུས།། བླ་མའི་གདམས་ངག་ཡུལ་ལ་མི ་རྟོག་པ།། རྩལ་དུ་ཉམས་མྱོང་ཞི་གནས་སྐྱོན་ཡིན་ཕྱིར།། རྟོགས་ན་རང་རྒྱུད་ཡིན་ཕྱིར་མན་ངག་མིན།། མ་དྲན་འདུ་ཤེས་འགག་ཕྱིར་གཉིད་དུ་ཉལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། ཡུལ ་ལ་མི་རྟོག་དེ་ཉིད་བསམ་གཏན་ཏེ།། རྟོགས་དང་མི་དྲན་གཉིས་ཀའི་གཞི་ཡིན་ཏེ།། ཐོག་མཐའ་ཆོད་ན་ཆོས་ཉིད་བྱང་ཆུབ་སེམས།། དེ་ཉིད་རང་བྱུང་ཡེ་ཤེས་དོན་རྟོགས་ན།། ཡུལ་ཉིད་མི་རྟོག་བསྒོམ་པའི་དོན་ཉིད ་ཤར།། མན་ངག་གིས་ནི་བཅོས་ན་དོན་དང་འགལ།། མ་བཅོས་མན་ངག་བཀའ་ལ་དགོས་པ་མེད།། ད་ཡང་འདུས་པའི་འཁོར་རྣམས་ཡིད་ཀྱིས་ཉོན།། ལུང་ལྡན་མཁས་པའི་མན་ངག་དོན་ཟབ་ཀྱིས།། ཀུན་གྱི་གཞི ་ཆ་ཆོས་སྐུ་ངོ་བོ་ཉིད།། བཅོས་སུ་མེད་པར་རང་སེམས་ནམ་མཁའ་འདྲ།། སྒོ་ལྔ་ཡུལ་ཉིད་འཁྲུལ་ཕྱིར་འབྲེལ་པ་ཆོད།། ཡིད་ལ་བལྟ་བ་བསྟན་པའི་ཉོན་མོངས་གྲོལ།། དེ་ཕྱིར་བཀའ་དོན་རྟོགས་པ་ཤིན་ཏུ ་གཅེས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཐེ་ཚོམ་གེགས་སེལ་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །། དེ་ནས་འདུས་པའི་ཆེད་དུ་ཡང་ཞུས་པ།། བར་ཆད་མི་འབྱུང་སྒྲོ།། ་པའི་དམ་ཚིག་གང་།། རྣལ་འབྱོར་ལྟ་བ་ཉམས་པའི་སྐྱོན་ནི་གང་།། དེ་ལ་སྐོང་ཐབས་ཇི་ལྟར་བསྟན་པར་བགྱི།། བསྐངས་པའི་འབྲས་བུ་ཇི་ལྟར་འབྱུང་བ་ལགས།། མཉམ་པའི་རྒྱལ་པོས་ལུང་ནི་བསྟན་དུ ་གསོལ།། ཞུས་པའི་དོན་གསན་ཐུགས་ཀྱིས་བཀའ་སྩལ་པ།། བར་ཆད་མི་འབྱུང་སྤྱོད་པའི་དམ་ཚིག་ནི།། ངེས་པའི་ལུང་ལྡན་མན་ངག་འཆང་བ་ཡིས།། རྡོ་རྗེ་སློབ་དཔོན་སྐུ་དགྲ་བརྙས་བྱེད་དང་།། སྐད་ཅིག་ཙམ་ཡང ་མི་འགྲོག་སྤང་རྒྱུ་ལ།། འདྲིས་ཤིང་གུས་པར་བྱེད་པའི་སློབ་མ་དེར།། མཁའ་འགྲོ་བར་གཅོད་ཚེ་ཐུང་ནད་མང་འབྱུང་།། འཆི་ལ་རབ་ཏུ་ཚ་བའི་དམྱལ་བར་སྐྱེ།། སྐུ་དགྲ་བསྒྲལ་ཞིང་སྤང་ན་དངོས་གྲུབ་འབྱུང་།། ད ་ཡང་འདུས་པའི་སྙིང་པོ་ཡང་ཉོན་ཅིག། དེ་ཡི་ཕྱོགས་མཐུན་དམ་ཚིག་བསྲུང་བའི་ཕྱིར།། དམ་ཉམས་འཐབ་དང་ནག་མོ་འཛིངས་པ་ཡིས།། ཤུགས་སྡུམ་མི་བྱ་བཀའ་ལས་འདས་པར་གསུངས།། བྱས་ན་གཙང་རིས ་ཆོས་སྐྱོང་མགོན་ཁྲོས་ནས།། གོ་ཀ་འབྱུང་ཞིང་སྒྲུབ་པའི་ལྷ་དང་འབྲལ།། ཕྱི་མ་དྲན་ཉམས་ལྐུགས་པའི་དམྱལ་བར་སྐྱེ།། དེ་ཕྱིར་བྱ་བ་བསྐྱུངས་ལ་དོན་ལ་བཞག། དེ་ཡང་འདུས་པའི་སྙིང་པོ་ཡང་ཉོན་ཅིག། ངེས་པའི ་རྣལ་འབྱོར་ལུང་ལྡན་པས།། རིག་འཛིན་སྤྱོད་པ་བསྟན་པའི་ཕྱིར།། རྟ་བོ་རྨིག་ཟླུམ་ཤ་རྣམས་རྟག་ཏུ་སྤངས།། མ་སྤངས་དགྲ་རྐུན་རྣམས་ཀྱིས་བར་ཆད་ཡོང་།། ཕྱི་མར་ཡི་དྭགས་འདྲེ་སྲིན་གནས་སུ་སྐྱེ།། དེ་ཕྱིར་ངེས ་པའི་རྣལ་འབྱོར་ལུང་ལྡན་གྱིས།། དེ་བས་གཙང་སྦྲ་བྲམ་ཟེ་བཞིན་དུ་སྤྱད།། དེ་ལ་རིག་འཛིན་བྱིན་གྱིས་བརླབས་པར་ངེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། བླ་མའི་ཐུགས་ཀྱི་དམ་ཚིག་བསྲུང་བའི ་ཕྱིར།། ཡང་དག་ངེས་པའི་བཀའ་དོན་འདི་ཡི་ཆོས།། སྣོད་ལྡན་ལས་ཅན་སློབ་མ་དད་པ་ཡིས།། ངེས་དོན་མ་ནོར་རྒྱལ་བའི་བཀའ་ཡི་ལུང་།། ཆད་དམ་དཔྱད།། ཐེག་དམན་བསྟན་བསྲུང་ཆོས་དང་འདི ་བརྗེས་ན།། འདི་ལ་བར་ཆད་ཚན་ཅན་བརྗོད་མི་ལངས།། ཕྱི་མར་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་།། དེ་ཕྱིར་རང་གི་སེམས་ལ་བཅང་བར་གྱིས།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། འཇིག་རྟེན་མཁའ་འགྲོ ་དམ་ཚིག་བསྲུང་བའི་ཕྱིར།། རྣལ་འབྱོར་ཏིང་འཛིན་མི་གཡོ་དོན་ལྡན་པས།། ཁྱོད་ཤི་ཡུགས་ས་ངོ་གནག་དེ་མ་ཟག། གཞན་གྱིས་མ་སྤྱད་ཁྲུས་ནས་མ་བཏོན་ལ།། འཁྲིག་པ་སྤྱད་ན་བར་ཆད་འགྲོ་བའི་ནད།། ཡུན ་རིང་ཐེབས་ཏེ་དུད་འགྲོ་ལྷུར་བར་སྐྱེ།། དེ་ཕྱིར་མཁའ་འགྲོ་རྟག་ཏུ་མཆོད་པར་བྱ།། དེས་ནི་ཐུན་མོང་མཆོག་གི་དངོས་གྲུབ་མྱུར།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་བར་ཆད་མི་འོང་དམ ་ཚིག་ལ།། སྲོག་ལ་བབས་ཀྱང་མ་ཉམས་བསྲུང་གྱུར་ན།། རྒྱལ་བ་རྣམས་ཀྱིས་བྱིན་རླབས་ཡེ་ཤེས་ཚོགས།། འབྲས་བུ་ཅི་བསམ་གྲུབ་ཅིང་ཆོས་སྐུར་སྨིན།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད ་ལས། སྤྱོད་པའི་དམ་ཚིག་བསྲུང་བར་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་ཀུན་རིག་སྟོན་པས་ཡང་གསུངས་པ།། སྣོད་ངན་དམ་ཉམས་ཁ་གསག་གཡོ་སྒྱུ་ཅན།། ལུང་ལྡན་ངེས་པའི་དོན་གྱི་གདེང ་མེད་པར།། བཀའ་ལ་གཟུ་ལུམས་བྱེད་ཅིང་ནན་བརྟགས་ཀྱིས།། བློས་བྱས་ཚིག་ཙམ་མང་དུ་སྨྲ་བྱེད་ཅིང་།། དོན་མེད་ང་རྒྱལ་དྲེགས་པའི་མཁས་འདོད་པས།། རང་གི་ལྟ་བ་ཡ་རབས་མཐོ་བཞེད་ནས།། ཚིག་ལ ་མཉམ་སྦྱོར་མཁས་པའི་ཟླ་མེད་ཀྱང་།། དམ་ཚིག་འཆལ་པོར་བྱང་ཆུབ་སེམས་སྤངས་ནས།། ལོག་འདྲེན་ཁོང་གསོག་བདེན་ཚིག་ཅི་སྤྲས་ཀྱང་།། འཁྲུལ་པའི་སེམས་ཉིད་ལོག་འདྲེན་དབང་དུ་འགྱུར།། གནམ་ལྕགས ་མཁའ་ལས་འདམ་དུ་བྱིང་བ་བཞིན།། དམྱལ་བར་གཏན་དུ་ངེས་འགྲོ་སྙིང་རེ་རྗེ།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། གསང་བའི་གསང་སྔགས་ལྟ་བའི་སྒོར་ཞུགས་ནས།། ཡང་དག་ཆོས་ཉིད་དོན་ལ་མི ་འདུད་པར།། མི་ཆོས་ལུས་ངག་གཡེང་བའི་ལས་བྱེད་པ།། རི་བོས་སྲོག་ཆགས་ཆུང་ངུ་མནན་པ་ལྟར།། མི་ཤེས་རང་གི་ཆོས་སྙེམས་བྱེད་པ་དེ།། ནམ་ཡང་སངས་རྒྱས་ཐར་པ་ཐོབ་མི་སྲིད།། དེ་ཡང་རྡོ་རྗེ་སེམས ་དཔའ་ད་ཉོན་ཅིག། རྒྱ་མཚོའི་འཇིང་གི་ཕ་བོང་དཀྱིལ་བསྐམ་ལྟར།། ཐེག་པ་འོག་མའི་སྡེ་སྣོད་ཆོས་མཉན་ཀྱང་།། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར།། དམ་ཚིག་ལུང་ལས་ཆོས་ཀྱི་ཁུངས་ཕྱུང་ནས།། བྱར ་མེད་ཆོས་ཀྱིས་ང་རྒྱལ་བློ་སྐྱེས་ནས།། ལུས་ངག་རྩིང་ཆོས་པད་དྲལ་སྤྱོད་བྱེད་ལ།། སངས་རྒྱས་བཀས་ཀྱང་འཁོར་བར་མི་སྐྱོ་བས།། སྡུག་བསྔལ་ཡ་ངའི་འབྲས་བུར་ཐེ་ཚོམ་མེད།། ལྟ་བ་ཉམས་པའི་ཉེས་སྐྱོན་ཆེན་པོ ་ནི།། ཟར་མེད་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་།། ལས་དབང་སྒྲོ་སྐུར་ངན་པས་རྐྱེན་བྱས་ནས།། ཐར་མེད་སྡུག་བསྔལ་བསམ་འདས་བརྗོད་མི་ལངས།། ལོག་ལྷའི་དབང་གིས་བྱང་ཆུབ་སེམས་ནི་འཆར ་མི་སྲིད།། ཉེས་པའི་སྐྱོན་དུ་བཤད་པ་ཡིན་པའི་ཕྱིར།། ཤིན་ཏུ་རྣལ་འབྱོར་དོན་ཉིད་རྟོགས་པ་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།། རྣལ་འབྱོར་ལྟ་བ་ཉམས་པའི་སྐྱོན་བསྟན་པའི ་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཆོས་རྗེ་ཀུན་བཟང་གིས། རྣལ་འབྱོར་ལྟ་བ་ཉམས་པ་སྐོང་བའི་ཐབས།། འདུས་པའི་ཚོགས་ལ་ཆེད་དུ་བཀའ་སྩལ་པ།། རང་གི་བྱང་ཆུབ་སེམས་ཉིད་མ ་རྟོགས་ན།། མ་ཧཱ་ཡོ་གའི་ཆོས་ཀྱི་ཚོགས་མཆོད་ཀྱིས།། སྐོང་བཤགས་ཕྲིན་ལས་གཞུང་དུ་བྱས་གྱུར་ཀྱང་།། རྣལ་འབྱོར་ལྟ་བ་ཉམས་པ་སྐོང་མི་འགྱུར།། དེ་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་ཉོན།། བླ་མ་བརྒྱུད་པའི ་མན་ངག་དོན་ལྡན་ལ།། རང་སེམས་དཔང་བཙུགས་དོན་ཞུས་ནས།། རྒྱུན་དུ་མི་གཏོང་ལྟ་བ་དྲན་བྱས་ན།། སྙིང་པོ་མཆོག་ནི་སངས་རྒྱས་ཆོས་ཀྱི་སྐུ།། བདེ་ཆེན་ཐུགས་ལ་གསལ་བའི་དམ་ཚིག་སྟེ།། ཡན་ལག་དམ ་ཚིག་ཉམས་ཀྱང་བསྒྲིབ་མི་ནུས།། རྒྱུན་དུ་མི་གཏོང་ཏིང་འཛིན་དོན་ལྡན་ན།། མཚམས་མེད་ལ་སོགས་བྱས་ཀྱང་ཆོས་ཀྱི་སྐུ།། འགྱོད་པ་དྲག་པོ་ཡིད་ལ་བྱས་ནས་ལྟ་བ་ནི།། མི་བརྗེད་གཟུངས་ཐོབ་དོན་ལ་གུས་པའི ་ཆོས།། སེམས་ལ་གསལ་བས་རྣམ་རྟོག་མིང་ཡང་མེད།། དེ་ཕྱིར་རང་བྱུང་ཡེ་ཤེས་ཐུགས་ལ་ཤར།། དེ་ཙམ་ཉིད་ནི་ངེས་དོན་ཆོས་ཀྱི་སྐུ།། དེ་རྟོགས་སངས་རྒྱས་རང་བྱུང་བཅོམ་ལྡན་འདས།། ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཐུགས་ལ་བཀྲ།། དེ་ཕྱིར་མན་ངག་ངེས་དོན་སྙིང་པོ་འདི།། སྐྱབས་དང་མགོན་དུ་ལྟ་བ་མཆོག་ཏུ་གསུངས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ལྟ་བ་ཉམས་པ་སྐོང ་བའི་ཐབས་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་བཟང་སྟོན་པ་ཆོས་རྗེས་བཀའ་སྩལ་པ།། ལྟ་བ་ཉམས་པ་བསྐངས་པའི་འབྲས་བུ་ནི།། རང་སེམས་སངས་རྒྱས ་སྙིང་པོ་ཡེ་ཤེས་འབྱུང་།། རྟོགས་པ་ཙམ་གྱིས་རང་རིག་ཆོས་ཀྱི་སྐུ།། འབྲས་བུ་གཞན་ནས་བཙལ་མི་དགོས་པའི་མཆོག། རང་བྱུང་གདོད་ནས་དག་པའི་ངོ་བོ་ཉིད།། ཆོས་སྐུ་འགྱུར་བ་མེད་པའི་ཡེ་ཤེས་བདེ།། འབྲས ་བུ་དུས་ལ་མི་ལྟོས་ད་ལྟ་ཉིད།། ཡེ་དབང་ཐོབ་ནས་སངས་རྒྱས་ཀུན་དང་མཉམ།། རྣམ་སྨིན་ལུས་འདི་བྲལ་ནས་ཀུན་བཟང་ཐུགས།། སྐྱེ་བ་མི་ལེན་འབྲས་བུ་མངོན་དུ་གྱུར།། བྱང་ཆུབ་མཆོག་ཉིད་རང་བྱུང་མཐར་ཕྱིན ་པས།། མི་ཚེ་འདི་ཡིས་བྱང་ཆུབ་མཆོག་ཐོབ་པས།། རྒྱུ་ལས་མི་ལྟོས་འབྲས་བུ་ཡེ་ཤེས་ཚོགས།། ད་ལྟ་ཉིད་ནི་རང་རིག་ཀུན་དུ་བཟང་།། ལུས་འདི་བྲལ་བས་སངས་རྒྱས་ཆོས་ཀྱི་སྐུ།། སྐྱེ་བ་མི་ལེན་འབྲས་བུ་མངོན་དུ ་གྲུབ།། དངོས་པོ་ལུས་མེད་སྙིང་པོ་བྱང་ཆུབ་སེམས།། སྤྲིན་མེད་མཁའ་ལ་གཟའ་སྐར་ཤར་བ་བཞིན།། རང་སེམས་རྟོགས་པས་འགྲོ་དོན་བཙལ་མི་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཡིད་ཀྱིས ་ཉོན།། མ་རིག་འཁྲུལ་པའི་མུན་པ་གཏན་ནས་སངས།། རིག་པའི་ཡེ་ཤེས་ཡང་དག་ངེས་པར་རྒྱས།། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་ལྡན།། འགྲོ་དྲུག་སེམས་ཅན་ལུས་འདི་ལེན་མི་སྲིད།། རྫོགས་པ ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས།། ལྟ་བ་ཉམས་པ་བསྐང་བ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་གྱི་སྙིང་པོ་ཡིས།། སྟོན་པ་ཀུན་བཟང་རྡོ་རྗེ་ཆེན་པོ ་ལ།། བདེན་པའི་དགོས་དོན་ཡིད་ཀྱིས་འདི་སྐད་གསོལ།། ཆོས་རྣམས་ཀུན་གྱི་མཐའ་ནི་གང་ལ་ཟུག། ཐེག་དགུའི་འབྲས་བུའི་རིམ་པ་ཇི་ལྟར་འབྱུང་།། རྩོལ་མེད་ངང་དུ་ཡིད་ཆེས་ཇི་ལྟར་འདུས།། དོན་གྱི་དབྱེ་བའི ་བྱེ་བྲག་ངོ་བོ་གང་།། ཐུན་མོང་ཆོས་རྣམས་ཟིལ་གྱིས་ཇི་ལྟར་གནོན།། ཀུན་རིག་སྟོན་པ་ཆོས་རྗེས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་ཆེན་ངེས་བསྟན་ནས།། ཀུན་རིག་སྟོན་པ་ཆོས་རྗེས་བཀའ་སྩལ་པ།། ལམ ་གྱི་མཐར་ཟུག་འགྲོ་འོང་ངེས་པ་འང་།། གྲོང་ཁྱེར་ནང་དུ་མཐར་ཟུག་འགྲོ་འོང་བཞིན།། ཆོས་ཀུན་རྩ་བ་རང་གི་སེམས་ཡིན་པས།། དེ་ཡི་རྩ་བ་མ་རིག་སེམས་ལ་ཟུག། ཆུ་བྲན་ཀུན་གྱི་འགྲོ་འོང་དུས་བཞིར་ནི།། རྒྱ ་མཚོ་ཆེན་པོར་མཐའ་གཏིང་མེད་པར་ཐུག། དེ་བཞིན་འཁོར་བའི་སྡུག་བསྔལ་ཆེན་པོ་ཡང་།། སྐྱེ་རྒ་ན་འཆི་ལས་ངན་མཐའ་རུ་ཐུག། འབྱུང་བཞི་སྣང་བའི་ཆོས་འཕྲུལ་ཅིར་སྣང་ཡང་།། ནམ་མཁའ་མཐའ་དབུས་མེད ་པའི་ངང་ལ་ཐུག། དེ་ཕྱིར་ཡུལ་སེམས་འདོད་གཞུང་ཅིར་བཤད་ཀྱང་།། འཁྲུལ་པའི་རྣམ་པར་རྟོག་པའི་མཐའ་རུ་ཐུག། ད་ཡང་འདུས་པའི་སེམས་དཔའ་ཆེན་པོ་ཉོན།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བསམ་ཡས ་དག། ཡོངས་བསྡུས་ཐེག་དགུའི་ཆོས་སུ་བསྟན་པ་ཡང་།། རྫོགས་པ་ཆེན་པོའི་ཆོས་ཀྱི་མཐའ་རུ་ཐུག། དེ་ཕྱིར་ངེས་པ་ཀུན་གྱི་རྩ་བ་ཡིན།། ཡེ་ཤེས་རྣམ་ལྔ་ལ་སོགས་མདོར་བསྡུས་པ།། རང་བྱུང་ཡེ་ཤེས་ཆེན་པོར ་འདུས་པའི་ཕྱིར།། རིག་པར་འདུས་པ་ཆོས་ཀུན་རྩ་བ་སྟེ།། རང་རིག་ཡེ་ཤེས་མི་ཟད་ཆོས་སྐུར་ཐུག། ཡུལ་གྱིས་བསྡུས་པའི་ཆོས་རྣམས་མ་ལུས་པ།། ཡིན་མིན་བློ་ཡིས་བྱས་པའི་ཞེན་པ་ལ།། བདག་ལ་མཐར་ཐུག ་ཡོད་པ་མཐའ་ཡིན་ཀྱང་།། ངེས་དོན་ཆོས་ཉིད་ཟབ་མོའི་མཐར་ཐུག་མཆོག། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཆོས་ཉིད་ཀྱི་མཐར་ཐུག་བསྟན་པའི་ལེའུ་སྟེ་སོ་དྲུག ་པའོ།། །། དེ་ཡང་འདུས་པའི་འཁོར་གྱི་ཚོགས་རྣམས་ལ།། སྟོན་པ་ཀུན་བཟང་རྡོ་རྗེས་བཀའ་སྩལ་པ།། སྡུག་བསྔལ་ཆེད་དུ་སྤངས་པའི་ཉན་ཐོས་དང་།། མ་རིག་རྒྱུ་བ་འགེག་པའི་རང་རྒྱལ་དང་།། རྣམ་རྟོག ་རིམ་གྱིས་སྦྱངས་པའི་མདོ་སྡེ་གསུམ།། རང་རང་བསྒོམ་པ་ཆེད་དུ་གཞུང་དུ་བྱས།། བསྐལ་པ་ཆེན་པོ་གསུམ་དུ་སྒྲིབ་སྦྱངས་ནས།། ཐ་མ་སངས་རྒྱས་ས་ལ་ངེས་པར་སྦྱོར།། དེ་ཡང་འདུས་པའི་སེམས ་དཔའ་ཆེན་པོ་ཉོན།། ལུས་ངག་ལས་ཀྱི་བྱ་བ་གཙོར་བྱེད་པའི།། ཀྲི་ཡ་བྱ་བ་རྒྱུད་ཀྱི་ཐེག་པ་ནི།། རང་གཞུང་ཆོས་ཀྱི་ཡན་ལག་ཚང་བ་ཡིས།། མི་ཚེ་བདུན་གྱི་རིག་འཛིན་ས་ལ་སྦྱོར།། ཕྱག་རྒྱ་བཞི་ལ་བརྩོན་འགྲུས ་བྱེད་པའི་ཕྱིར།། བྱང་ཆུབ་ལམ་ལྔ་ལྟར་རྫོགས་ཆོ་འཕྲུལ་གྱིས།། ངོ་འདི་ནས་ཕྲེང་གཅིག་ཆད། རྣལ་འབྱོར་ཡོ་གའི་ཐེག་པ་ནི།། མི་ཚེ་གསུམ་གྱི་རིག་འཛིན་ས་ལ་སྦྱོར།། དེ་ཡང་འཁོར་གྱི་སེམས་དཔའ་ཆེན་པོ1 ་ན།། ནང་པ་མ་ཧཱ་ཡོ་གའི་ཐེག་པ་ནི།། ཆོ་ག་ལྔ་ཡིས་རིམ་པས་རྫོགས་བྱས་ནས།། གསང་སྔགས་ཡན་ལག་ལྔ་ཚང་ནས།། རྣམ་འབྱོར་ཞག་ནི་སུམ་ཅུ་ཕྲག་དྲུག་ན།། ཚེ་ལ་དབང་བའི་དངོས་གྲུབ་ཐོབ་པར་ངེས།། ལོ ་ནི་ཉིས་སྟོང་ལྔ་བརྒྱར་རང་གནས་པས།། ལོངས་སྤྱོད་རྫོགས་པའི་ཚུལ་དུ་ལུས་བཟུང་ནས།། དུས་དེར་སངས་རྒྱས་ས་ལ་ངེས་པར་འགྲོ།། སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པར་འགྱུར།། ཨ་ནུ་རྗེས་སུ་ཡོ་གའི་ཐེག་པ ་ནི།། སྙིང་པོ་དྲན་ཙམ་མ་བསྐྱེད་རྫོགས་པའི་ཕྱིར།། གཞན་གྱིས་བར་མཆོད་ཀྱི་ཚེ་གཅིག་གི། འབྲས་བུ་སངས་རྒྱས་ས་ལ་ངེས་པར་འགྲོ།། ད་ཡང་རྡོ་རྗེ་སེམས་དཔའ་འཆང་བ་ཉོན།། རྫོགས་ཆེན་ངེས་དོན་ཨ་ཏི་ཡོ ་ག་ནི།། གྲངས་དང་དུས་ལ་མི་ལྟོས་རང་བྱུང་ཐུགས།། ཆོས་སྐུ་ཇི་བཞིན་མ་ནོར་རྟོགས་པ་ཡིས།། འབྲས་བུ་སངས་རྒྱས་སྐུ་གསུམ་དུས་གཅིག་རྫོགས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད ་ལས། ཐེག་དགུའི་འབྲས་བུ་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་འདུས་པའི་འཁོར་གྱི་སེམས་དཔའ་ལ།། སྟོན་པ་ཀུན་རིག་ཆོས་ཀྱི་རྗེ་བོ་ཡིས།། རྩོལ་མེད་ངང་དུ་ཡིད་ཆེས་བཀའ་སྩོལ་པ།། མ ་བཅོས་རྣལ་དུ་བཞག་པ་ཆེན་པོ་དེར།། ཐེག་དམན་རྩོལ་བསྒྲུབ་མ་ལུས་ཀུན་འདུས་ཏེ།། ཕ་རོལ་ཕྱིན་བཅུ་གསང་སྔགས་ཕྲིན་ལས་མ་ལུས་ཀུན།། བྱས་པ་མེད་པར་ཆོས་ཉིད་ངང་དུ་རྫོགས།། ཇི་ལྟར་སྣང་བའི་ཆོས ་ཅན་ཆོས་ཉིད་ཀུན།། རྩོལ་བ་མ་བྱས་བྱང་ཆུབ་མི་འགྱུར་དབྱིངས།། མི་སྣང་བ་ལ་མངོན་དུ་འབྱིན་ནུས་ཕྱིར།། ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས།། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི།། རྒྱུ་ལས་མ་བྱུང ་རང་བྱུང་རྐྱེན་གྱིས་མ་བསྐྱེད་པས།། རྩོལ་བ་གང་ཡང་བྱེད་དོ་ཆོས་སྐུ་རུ།། རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས།། གཞན་ལས་མ་བཙལ་རང་ལས་རྙེད་པའི་ཕྱིར།། གཉེན་པོས་མ་བསྐྱེད་རང་བཞིན་གནས་པས ་ན།། ལུས་ངག་ཆེད་དུ་རྩོལ་བ་མེད་པས་ན།། མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས།། ཕྱི་ནང་ཐེག་པ་མ་ལུས་བཀའ་ཡི་དོན།། ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར།། རྩོལ་བས་རྩོལ་མེད་དོན ་འདི་བསྟན་པ་ཡིས།། ཡེ་ཤེས་སྒྲོན་མ་ཡིན་པར་ཡིད་ཀྱང་ཆེས།། སྡེ་སྣོད་ཆོས་རྣམས་མན་ངག་ཀུན་ཀྱང་ནི།། འབྱུང་གནས་གཏན་ལ་འབེབས་པའི་ཆོས་ཡིན་པས།། བསྟན་པས་གོ་ཞིང་རྟོགས་པར ་འགྱུར་བའི་ཕྱིར།། ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས།། དྲང་དོན་བློ་འབྲིང་ཆོས་ཀྱི་རྣམ་གྲངས་ཀྱི།། རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་འཕགས་ཕྱིར།། ཐེག་པའི་ཡང་རྩེ་ཡིན་པར་ཡིད་ཀྱང་ཆེས།། ངེས་དོན ་སྙིང་པོ་མན་ངག་གསང་ཆེན་འདི།། དུས་གསུམ་སངས་རྒྱས་ཀུན་གྱི་ལམ་ཡིན་པས།། ངེས་དོན་ཆོས་སྐུ་རྟོགས་པས་ཆོག་པའི་ཕྱིར།། རྣམ་དག་ལམ་ཆེན་ཡིན་པར་ཡིད་ཀྱང་ཆེས།། ཀུན་གྱི་གཞི་མ་ཆོས་ཉིད་རང་བྱུང ་བས།། འཁོར་འདས་གཉིས་ཀྱི་མ་རིག་དོན་ཆེན་འདི།། ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས།། སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་པོ་འདི།། ཐམས་ཅད་རང་ལས་བྱུང་བའི་ཡེ་ཤེས་ཏེ།། ལུང་ལྡན་བསྟན་པས་ཤེས ་ཕྱིར་ངེས་པའི་དོན།། ངེས་པའི་སངས་རྒྱས་ཡིན་པར་ཡིད་ཀྱང་ཆེས།། ཡེ་ནས་གནས་པའི་ཆོས་ཉིད་སྙིང་པོ་འདི།། སྣང་བ་མེད་པར་ཀུན་ལ་ཁྱབ་པའི་ཕྱིར།། རྩོལ་མེད་དང་དུ་རྩོལ་བ་འདུས་པས་ན།། ཆོས་སྐུ་བརྡལ ་བ་ཡིན་པར་ཡིད་ཀྱང་ཆེས།། རང་བྱུང་ངོ་བོ་ཉིད་སྐུ་ཡེ་གནས་ལ།། གཅིག་དང་དུ་མར་བགྲང་དུ་མེད་པ་སྟེ།། གཅིག་ཤེས་པས་ནི་ཆོག་པའི་དོན་ཡིན་ཕྱིར།། ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས།། རང་ལ ་ཡོད་ཀྱང་རྟོགས་པར་དཀའ་བ་ཡིས།། མ་བསྟན་རབ་ཏུ་མི་ཤེས་ངེས་པའི་ཕྱིར།། ཆོས་རྣམས་ཀུན་གྱི་སྙིང་པོ་ཆེན་པོ་འདི།། གསང་བའི་མན་ངག་ཡིན་པར་ཡིད་ཀྱང་ཆེས།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས ་གཏིང་ནས་རྫོགས་པའི་རྒྱུད་ལས། རྩོལ་མེད་ངང་དུ་ཡིད་ཆེས་པའི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་ཚོགས་དང་ལྡན་ལ།། ཀུན་རིག་སྟོན་པ་ཀུན་བཟང་ཆོས་རྗེ་ཡིས།། དོན་གྱི་དབྱེ ་པབའི་བྱེ་བྲག་བཀའ་སྩལ་པ།། ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས་གཉིས་ནི།། ཉི་མའི་སྙིང་པོ་དང་ནི་ཟེར་བཞིན་དུ།། གཅིག་པ་མ་ཡིན་ཐ་དད་མིན་པའི་ཕྱིར།། ལྡོག་བཅས་ཐ་དད་ངོ་བོ་གཅིག་པར་གསུངས།། ཆོས་ཉིད ་སྐུ་དང་གཟུགས་སྐུ་འབྱུང་བ་གཉིས།། ནམ་མཁའི་ཟླ་བ་དང་ནི་ཆུ་ཟླ་བཞིན།། ཆོས་སྐུ་ལས་ནི་གཟུགས་སྐུ་འབྱུང་བ་ལས།། གཟུགས་སྐུ་ལས་ནི་ཆོས་སྐུ་འབྱུང་བ་མེད།། ཆོས་ཀྱི་སྐུ་དང་ཡེ་ཤེས་རྣམ་གཉིས་ནི།། ཏིལ ་དང་མར་མེ་དང་ནི་འོད་བཞིན་དུ།། ཆོས་སྐུ་ཀུན་ལ་དོན་གྱིས་ཁྱབ་པ་ལས།། དེ་དོན་རྟོགས་པས་ཡེ་ཤེས་ངེས་པར་ཤེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཆེན་པོ་ཉོན།། མ་རིག་པ་དང་ཡེ་ཤེས་རྣམ་པ་གཉིས།། མེ་དང་ཆུ ་གཉིས་མི་མཐུན་དཔེ་བཞིན་དུ།། གཅིག་ཡོད་ན་ནི་གཅིག་མེད་རྐྱེན་གྱིས་འགྱུར།། དེ་ཕྱིར་ལུང་ལྡན་མན་ངག་གཅེས་པར་གསུངས།། ཆོས་ཅན་དང་ནི་ཆོས་ཉིད་རྣམ་པ་གཉིས།། རྟོགས་དང་མ་རྟོགས་ཁྱད་པར་རྣམ ་གཉིས་ཀྱིས།། སྣང་བ་དག་དང་མ་དག་གཉིས་སུ་འབྱུང་།། དེ་ཕྱིར་གཞི་ལ་ཆོས་ཅན་ཆོས་ཉིད་མེད།། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། དོན་གྱི་བྱེ་བྲག་བསྟན་པར ་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་འདུས་པའི་འཁོར་གྱི་ཚོགས་རྣམས་ལ།། སྟོན་པ་ཀུན་རིག་ཆོས་རྗེ་ཆེན་པོ་ཡིས།། ཐུན་མོང་ཆོས་རྣམས་ཟིལ་གནོན་བཀའ་སྩལ་པ།། ཁྱུང་ཆེན་གཤོག་རྒྱས་མཁའ་ལ་ལྡིང་བ ་ལ།། ངམ་གྲོག་གཡང་ས་རྒྱ་མཚོར་ཉམ་མི་ང་།། དེ་བཞིན་རང་གིས་སེམས་རྟོགས་རྣལ་འབྱོར་པས།། འཁོར་བའི་སྡུག་བསྔལ་ཟིལ་གནོན་གནོད་མི་ནུས།། སེང་གེ་རྩལ་རྫོགས་གངས་གོང་ཉལ་བ་ལ།། གཅན ་གཟན་ཆར་ལྷག་ཟིལ་གནོན་གནོད་མི་ནུས།། དེ་བཞིན་རྣལ་འབྱོར་གདེང་ཆེན་ལྡན་པ་ཡིས།། ཁམས་གསུམ་འཁོར་བའི་གོལ་སྒྲིབ་ཟིལ་གྱིས་གནོན།། དེ་ཡང་འདུས་པའི་རྡོ་རྗེ་སེམས་དཔའ་ཉོན།། སྣང་མེད་ཆོས་སྐུ ་ས་དོན་རྟོགས་པ་ལ།། མཚན་མ་སྣ་ཚོགས་སྣང་རུང་མི་སྣང་རུང་།། སྐེ་འཆི་མེད་པའི་ཡེ་ཤེས་དོན་རྟོགས་ན།། རྒྱུ་རྐྱེན་འདུས་བྱས་རྟག་རུང་མི་རྟག་རུང་།། ཡེ་ནས་ཆོས་སྐུ་ཡིན་པས་དོན་རྟོགས་ན།། ད་བཟོད་རྩོལ ་བ་བྱེད་རུང་མི་བྱེད་རུང་།། གཞི་ལ་གཉིས་མེད་ངེས་པའི་དོན་མཐོང་ན།། གཅིག་དང་དུ་མར་བྱེད་རུང་མི་བྱེད་རུང་།། མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་རྟོགས་ན།། མཐོ་དམན་བཟང་ངན་བྱེད་རུང་མི་བྱེད་རུང་།། རང ་བགྲད་ཟབ་པ་བཟུང་ང།། ཆགས་སསསབ་མེད་པའི་ངན་དགས་།། རྣང་བ་མ ་དན་གས#། ང་བ། ན་རང་ནས# ་ས་འབའ་གག་པས།། དབང་འདས་པའཐང་བ་ཐམས་དཔའ་ཅན།། དེ་བད་དུས་འདི་གས་པའི་རིགས་པན།། ཡང་དག་པ་བས་དས་པ་དན་ཏམ་ཐག། ག་ན་ཆུ་མཐས་དུ ་#ས། ་ག་ས། དུ ་ཐོང་བཅང་བར་བྱེས།། དཡང་འདས་པ་འང་རྗེ་ཕྲེང་བ་ཅན། ཁྱད་བཅལ་འཅས་ཀྱད་པ་གབ་དཔན་ཟད། ནར་བངས་ཅས་འདད་བབས་པས་འདྲབ་ས།། བནས་ང་རྟགས་དུ་ཉིམ་པཅད།། ་རྣམས་ལ་ནམས་ཀྱང་བསྟན་པར་མ་གསུངས་སོ།། བཀའ་བཞིན་མ་བྱས་དོན་གྱི་སྙིང་པོའི་ཆོས།། འཇིག་རྟེན་ནོར་འདོད་དོན་སྟོན་རྣལ་འབྱོར་ལ།། སངས་རྒྱས་བཀའ་མཆོག་དཀའ་ཆད་འབྱུང་ངེས ་ཕྱིར།། འཇིག་རྟེན་མཁའ་འགྲོ་དམ་ཅན་རྣམས་དང་ནི།། གནོད་སྦྱིན་སྲིན་པོས་སྲོག་བཅད་མནར་མེད་ལྟུང་།། ད་ཡང་འཁོར་གྱི་སེམས་དཔའ་ཡིད་ཀྱིས་ཉོན།། བསྟན་པ་འཇིགས་ཀའི་དུས་འདིར་ཆོས་རྣམས ་ཀྱི།། སྙིང་པོ་རྫོགས་ཆེན་དོན་འདི་འབྱུང་འགྱུར་བས།། སྣོད་ལྡན་རྣལ་འབྱོར་འགའ་ལ་གཏད་པ་ལས།། དད་མེད་སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན།། འཁོར་རྣམས་ཀུན་ཀྱང་ངེས་པ་དེ་ལ་ཞོག། ལན་ཅིག་རྣལ ་འབྱོར་ཁས་འཆེའི་ཆོས་པ་རྣམས།། དོན་མེད་ཚིག་མཁས་ཉམས་སུ་ལེན་པ་མེད།། འདུས་བྱས་ཆོས་སྤངས་དོན་ལ་མི་འདུད་པར།། བསོད་ནམས་འདོད་ཕྱིར་གྲོང་དུ་ཆོས་འཆད་འབྱུང་།། དེ་ཡང་རྡོ་རྗེ་སེམས་དཔའ ་ཡིད་ཀྱི་ཉོན།། རྣལ་འབྱོར་ལས་ཅན་དད་ལྡན་ཚེ་འདི་ལ།། གཞུང་གཞན་དོན་ལས་མི་འདའི་བསམ་པ་ཅན།། དཀའ་དགུར་བརྡོས་ནས་མན་ངག་རྒྱུད་འདི་ཚོལ།། དེ་ཚེ་རྣལ་འབྱོར་ལས་ཅན་ཀུན་གྱི་དོན་གྱི ་ཕྱིར།། སྦ་བསྐྱིལ་མི་བྱ་རྒྱུད་འདི་བསྟན་པར་གྱིས།། གལ་ཏེ་སྣོད་ལྡན་མ་རྙེད་དུས་ཉེན།། ཆོས་སྐྱོང་ཡོད་པའི་གཙུག་ལག་ཁང་ཆེན་ནམ།། དྲེགས་པ་ལྷ་འདྲེ་ཡོངས་ཀྱི་བྲག་དཀྱིལ་དུ།། ས་ཕྱོགས་བརྟགས་ལ་དད ་ལྡན་ཕྱི་རབས་ལ།། ཕན་ཕྱིར་སྨོན་ལམ་བཏབ་ལ་སྦས་ལ་བཞག། རྫོགས་པ་ཆེན་པོ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། འཁོར་ལ་རྒྱུད་གཏད་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། རྫོགས་པ་ཆེན་པོ་མ ་རིག་མུན་པ་སེལ་བར་བྱེད་པའི་ལྟ་བ་ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་རིན་པོ་ཆེ་དངུལ་གྱི་དྲིལ་ཤིང་ཅན་འདི་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོཙྪ་བ་ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་སྐད་རང་རྒྱུད ་ཀྱིས་བསྐུར་ནས་གཏན་ལ་ཕབ་ནས། ཉང་ཏིང་འཛིན་བཟང་པོས་ལྕགས་སྒྲོམ་ནག་པོའི་ནང་དུ་བསེ་སྒྲོམ་སྨུག་པོར་བཅུག་སྟེ། དབུ་རུ་གཟོང་ཕུག་མོའི་བྲག་ཕུག་ཏུ། མཁའ་འགྲོ་མ་རྡོ་རྗེ་རྒྱན་གཅིག་མ་དང་། བཛྲ་སྭ ་དྷུ་ལེགས་པ་རྩལ་ལ་གཏད་ནས་སྦས་པ། འབྲོམ་ཡེ་ཤེས་སྙིང་པོས་བཏོན་ནས། ཉང་དབང་ཕྱུག་རྒྱ་མཚོ་ལ་གཏད་པའོ།། དེས་ཤངས་པ་ལྕེ་ཆུང་བ་ཡེ་ཤེས་ལ་གཏད་པ་ལགས་སོ།། །། ་