| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་སནྣི་ནི་ཡཱ་མཱརྠ་སརྦ་ས་མུ་དཱ་ཡ། ཛྙཱ་ན་ག་ག་ན་ས་མཱ་ན་ཏནྟ། དྲྀཥྚི་བྷ་བ་ན་སརྦ་གརྦྷ། རཏྣ་བྱཱ་ཧ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད། ལྷ་བསྒོམ་ཐམས་ཅད་ཀྱི་སྙིང་པོ། རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ། བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་རྒྱལ ་པོ་རང་བྱུང་རིག་པའི་ཡེ་ཤེས། རྟོགས་པའི་དོན་དང་ལྡན་པ། དཔལ་གྱི་དཔལ་གྱུར་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན། ཀུན་རིགས་སེམས་ཀྱི ་རྒྱལ་པོ་དེ།། འོག་མིན་ཆོས་ཀྱི་དབྱིངས་གནས་ན།། ངེས་པའི་དོན་ལ་རབ་བཞུགས་ཏེ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི།། འཁོར་རྣམས་འདུས་ནས་རབ་ཏུ་འཁོད།། དེ་ཚེ་རྡོ་རྗེ ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་དོན་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། རང་གི་རིག་པས་འདི་སྐད་གསོལ།། ངེས་དོན་གནས་ལུགས་སྙིང་པོ་ཡི།། དེ ་འཁོར་སྤྲུལ་པ་གང་གིས་བསྐུལ།། སངས་རྒྱས་བཀའ་རྣམས་ཇི་ལྟར་བགྲོས།། མ་རིག་མུན་པ་གང་གིས་སེལ།། དེ་དོན་ཆོས་རྣམས་ཇི་ལྟར་གསུངས།། དེ་སྐད་ཅེས་ནི་ཞུས་མ་ཐག། ་ཁབ་ལེན་ལ་ནི་ལྕགས་འདུ་བཞིན།། དད་པས་རང་དབང་མེད་པར་ནི།། འཁོར་རྣམས་འདུད་ཅིང་བསྐོར་ཞིང་བསྐོར།། དེ་ཚེ་འདུས་པ་རྣམ་བཞི་ཡང་།། རྡོ་རྗེ་གསང་བ་རིན་ཆེན ་སྙིང་།། དྲི་མེད་གྲགས་པ་ལས་རབ་གྲུབ།། རྒྱལ་བའི་དབང་པོ་བསོད་ནམས་སྙིང་།། ཞི་བ་བདེ་དང་ཉི་མའི་འོད།། ནམ་མཁའི་སྙིང་པོ་འབུམ་གཟིགས་དང་།། ཕྱོགས་བཅུའི་སངས་རྒྱས ་རྣམས་ཀྱང་བཞུགས།། རིག་འཛིན་སེམས་དཔའ་ཆེན་པོ་ཡང་།། བློ་གྲོས་གཙོ་དང་རྣམ་དག་སྙིང་།། དམ་པའི་ཡོན་ཏན་འོད་རླབས་ཅན།། ཤེས་རབ་བླ་མ་རྒྱལ་མཚན་འཛིན།། རྣམ་པར་གྲོལ་བ་ཏིང་འཛིན་དབང་།། ་ཆོས་དབང་དང་ནི་སྤོབས་པ་བརྩེགས།། བདུད་འཇོམས་དང་ནི་སེང་གེའི་སྒྲ།། རིན་ཆེན་མཐོང་དང་བརྩེ་བ་ཅན།། དབང་ཕྱུག་གཙོ་དང་བརྩེགས་དགེ་དང་། མཐོང་ན་དགའ་དང་བདེ་མོས་དང་།། གསུང་བརྩེགས ་ལ་སོགས་འཁོར་རྣམས་ཀུན།། རང་རང་གཙོ་ལ་བསྐོར་ནས་ནི།། མི་བརྗེད་པ་ཡི་གཟུངས་ཀྱིས་འཁོད།། རྒྱལ་སྲས་སྤྲུལ་པའི་འཁོར་རྣམས་དང་།། ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི།། ཐགས་བཟང་རིས་དང་གང་བ ་བཟང་།། ཆོས་ཀྱི་རྒྱལ་པོ་རྟ་མགོ་ཅན།། ཟུར་ཕུད་ལྔ་པ་ནོར་སྲུང་དང་།། མགྲིན་བཅུ་དང་ནི་ཀླུ་རྒྱལ་དང་།། དེ་འཁོར་ལ་སོགས་ཀུན་ཀྱང་གནས།། མཁའ་འགྲོ་སྡེ་ལྔ་སྲིན་མོའི་ཚོགས།། ཡེ་ཤེས་མཁའ་འགྲོ་རིག ་པ་འཛིན།། རྡོ་རྗེ་མཁའ་འགྲོ་རིགས་ཀྱི་ཡུམ།། རིན་ཆེན་མཁའ་འགྲོ་འདོད་དགུ་བསྒྱུར།། པདྨ་མཁའ་འགྲོ་བདེ་ཆེན་རྒྱས།། ལས་ཀྱི་མཁའ་འགྲོ་ལུས་སྒྲིབ་སྦྱངས།། འཇིག་རྟེན་མཁའ་འགྲོ་དམ་བཏགས་པའི།། ་འཁོར་གྱི་གཏོར་ཟན་ཕོ་མོ་ཀུན།། སྙིང་རྗེ་མེད་པར་གསོད་ལ་དགའ།། སྐྱོན་མཐོང་ཙན་ཆད་པ་གཅོད།། ཀུན་ཀྱང་སྲིན་པོའི་ཆ་བྱད་ཅན།། རྔམས་པའི་ང་རོ་འཇིགས་པའི་ཚུལ།། བསྟན་པ་བསྲུང་ཕྱིར་དུས་དེར ་འདུས།། སྦྲུལ་སྐུ་སྣང་བའི་འཁོར་རྣམས་ནི།། དད་ལྡན་ལྷ་མི་ལས་ཅན་ཀུན།། མོས་ཤིང་དད་པས་འདུས་པ་ཡི།། ལས་དང་ཐུགས་རྗེ་འཇོམས་ནས་འཁོད།། དེ་ཚེ་ཞུས་པའི་དོན་གསན་ནས།། ཀུན ་རིག་ཆོས་ཀྱི་རྒྱལ་པོ་ཡིས།། མཉམ་པའི་དོན་ལ་ཐུགས་ཞུགས་ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ལེགས་སོ་དང་ལྡན་འཁོར་རྣམས་ཀུན།། དེ་དོན་གསལ་བར་ངས་བཤད་ཀྱི།། ཡིད་ནི་གཞན་དུ་མ ་གཡེངས་པར།། ངེས་པར་ཉོན་ལ་ཡིད་ཀྱིས་ཟུང་།། དེ་སྐད་ཅེས་ནི་གསུངས་མ་ཐག། འཁོར་རྣམས་དགའ་མགུ་ཡི་རང་ཏེ།། དད་པས་རྩེ་གཅིག་ཡིད་བསྡུས་ནས།། གུས་པའི་རིག་པས་ཆོས་ཉན་ཏོ།། དེ་ཚེ་འཁོར་གྱི ་དོན་ཆེད་དུ།། མཉམ་པའི་དོན་ལས་རབ་བཞེངས་ཏེ།། ཡེ་ཤེས་ཆོས་སྐུའི་དགོངས་པ་ཡིས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངེས་དོན་གནས་ལུགས་སྙིང་པོ་དེ།། འཁོར་འདས་འབྱུང་བས་མ་རིག་ཕྱིར།། མ ་སྐྱེས་མ་བཅོས་རྒྱུས་མ་མཛད།། དེ་ཉིད་མ་ཡེངས་རིག་པར་ཤེས།། དེ་ལ་འགྲོ་དང་འོང་བ་མེད།། དེ་ཕྱིར་རང་བྱུང་ངོ་བོའི་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་འཁོར་སྤྲུལ་པ་བསྐུལ་བ་ནི།། སེམས་དག་ལྷ ་དབང་རིག་འཛིན་དེས།། རྨི་ལམ་རྣམ་གསུམ་བརྡ་ཤེས་པས།། མངོན་དགའ་ཕུག་ནས་འདི་སྐད་བསྐུལ།། དུས་གསུམ་སངས་རྒྱས་མ་ལུས་ཀུན།། གསུང་གི་མངའ་བདག་ཁྱེད་ཡིན་པས།། རྩོལ་བཅས་ཐེག་པ་མཐར ་བཏོན་ནས།། རྩོལ་མེད་ཐེག་པ་མི་གསུང་ནས།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི།། སྐལ་ལྡན་འདུལ་བྱ་མ་མཆིས་སམ།། ལྷུན་གྲུབ་ཐེག་པ་བཤད་དུ་གསོལ།། དེ་སྐད་ཅེས་ནི་གསུངས་པ་དང་།། དུས་གསུམ་སངས ་རྒྱས་ཀུན་བསྡུས་ཏེ།། དོན་གྱི་འགྲོ་བ་མཛད་པའི་ཕྱིར།། བཀའ་ཡི་མདོ་འདི་མ་བཀྲོལ་ན།། ཀུན་བཟང་ཐུགས་ཀྱི་ངེས་པའི་དོན།། རྡོ་རྗེ་སེམས་དཔའ་ཁྱོད་ཡིན་པས།། ཚིག་གཅིག་དོན་ཀུན་རྟོགས་པའི་ཆོས།། ་བཙལ་མེད་དོན་དང་འཕྲད་པར་ཞུས།། དེ་སྐད་བསྐུལ་བའི་དོན་དེ་ནི།། རྡོ་རྗེ་སེམས་དཔའ་ཡིས་རིག་ནས།། ངོ་བོ་ཉིད་ཀྱི་ཀུན་བཟང་ལ།། ངེས་པའི་ཡིད་ཀྱིས་འདི་སྐད་ཞུས།། ཆོས་ཉིད་གནས་ལུགས་ཇི་ལྟ་བ།། ་སེམས་ཉིད་བློ་ཡིས་རྟོགས་པའི་དོན།། ངེས་དོན་ཀུན་ཏུ་བཟང་པོ་ཡིས།། དུས་འདིར་བདག་ལ་བཤད་དུ་གསོལ།། དེ་སྐད་ཅེས་ནི་བསྐུལ་བ་དང་།། ཀུན་བཟང་ཐུགས་ཀྱིས་གསན་ནས་ནི།། ཏིང་འཛིན་རིག་པའི ་གསུང་གིས་ནི།། དད་ལྡན་འཁོར་ལ་བཀའ་སྩལ་པ།། ཡང་དག་ངེས་དོན་རྒྱུད་ཆེན་འདི།། སྣོད་ལྡན་རྣམས་ལ་ངས་བཤད་དེ།། རྫོགས་ཆེན་སྐྱེ་མེད་དོན་ཟབ་ཀྱང་།། མ་རྟོགས་པ་ལ་སྡིག་མོར་ཆེ།། དེ་སྐད་ཅེས་ནི ་གསུངས་མ་ཟག། འཁོར་རྣམས་དད་པས་འདུས་པ་རྣམས།། སྣོད་དང་ལྡན་པར་དམ་བཅས་ནས།། སེམས་ཀྱི་འདུང་བ་འདི་སྐད་བཏོན།། འཁོར་བའི་གཡང་སར་ལྟུང་བ་ལ།། ཐུགས་རྗེ་ཆེན་པོས་མི་འཛིན་ནས། ་རེ་དོགས་འཛིན་པའི་རྒྱར་ཆུད་ན།། རྣམ་རྟོག་དྲ་བ་མི་གཅོད་དམ།། སེམས་ཅན་ལས་ལ་ཐུགས་ཆད་ན།། འགྲོ་དོན་སྙིང་རྗེ་མི་མཛད་དམ།། མ་རིག་མུན་པའི་སྐྲག་རུམ་དུ།། དམུས་ལོང་བཞིན་དུ་རང ་སེམས་འཐིབ།། ཡེ་ཤེས་ཉི་མ་མི་འཆར་རམ།། ཞེ་སྡང་མེ་ཆེན་འབར་བ་ལ།། ལས་ཀྱིས་རླུང་དམར་ཆེན་པོས་བུས།། ཆོས་ཉིད་རླན་གྱིས་མི་འཇིལ་ལམ།། འདོད་ཆགས་ཆུ་ལྟར་འབྲུབ་ནས་ཀྱང་།། བསེ་རྩི་ལྟ་བུར ་ཞེན་པ་ལ།། ཡེ་ཤེས་མེ་ཡིས་མི་བསྲེག་གམ།། དོན་སྟོར་ལུས་ཀྱི་ནང་དུ་སྟོར།། ལམ་སྟོར་བདག་ལ་ས་མཁན་མཛོད།། དེ་སྐད་གདུང་བས་བསྐུལ་བ་དང་།། ཀུན་བཟང་སྟོན་པའི་ཐུགས་རྗེ་ཡིས།། སྣོད་དང་ལྡན་པར ་ཐུགས་གཟིགས་ནས།། འདུས་པའི་འཁོར་ལ་བཀའ་ཡིས་གནང་།། འདུས་པའི་དོན་དུ་བཀའ་བགྲོས་ཏེ།། དང་པོ་རྟོགས་ཐབས་ཆོས་དྲུག་གི།། སངས་རྒྱས་ཀུན་ཏུ་བཟང་པོ་བྱུང་།། དེ་ཕྱིར་རང་བྱུང་སྙིང་པོ་ལ།། ་ཡིས་པ་ཉིད་འགྲོལ་བ་ལས།། གཞན་གྱིས་བཀའ་འདི་འགྲོལ་དུ་མེད།། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག། ངེས་དོན་ཚིག་གི་དོན་འགྲོལ་ན།། ཀུན་བཟང་ང་ཡི་བྱིན་རླབས་ཀྱིས།། སྐུ་གསུང་ཐུགས་ཀྱི་བྱིན་རླབས ་ལས།། སྤྲུལ་པ་རྣམ་གསུམ་བྱུང་ནས་ནི།། ངེས་དང་ལྡེམ་དགོངས་དྲང་དོན་དུ།། འཁོར་གྱི་བློ་ཡི་ཁྱད་པར་ལས།། ཅི་རིགས་པ་ནི་བཤད་པར་བགྲོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་མུན་པ་སེལ་བ་ནི།། ་གཞན་གྱིས་སེལ་བར་ནུས་མིན་ཕྱིར།། ངེས་དོན་བཀའ་ཡི་སྒྲོན་མ་འདི།། མ་རིག་མུན་སེལ་ཉི་ཟླ་ཆེ།། མ་རིག་མུན་པ་རྩད་ནས་འཇོམས།། འཁོར་འདས་འབྱུང་བའི་རྩ་བ་ནི།། ཡེ་ཤེས་མ་རིག་ཡིན་པའི་ཕྱིར།། ཐོག ་མའི་བྱུང་ཚུལ་སུས་ཤེས་པ།། མ་རིག་མུན་པ་སེལ་བའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་མུན་སེལ་ཉི་ཟླ་ཆེ།། འཆར་ནུབ་ཡོད་ཕྱིར་ཉི་ཟླ་ཆེ།། དེ་བཞིན་ཐེག་བརྒྱད་ཆོས་ཀུན་སྤང་།། གཞི་ཉིད་མ ་ཤེས་འཇོམས་མི་ནུས།། ཡང་ཏི་ཐེག་ཆེན་སྙིང་པོ་འདི།། ངེས་ཤེས་དོན་ལྡན་ལུང་རྟོགས་ན།། མ་རིག་མུན་པ་སེལ་ཞེས་བྱ།། རིན་ཆེན་འོད་ལ་འཆར་ནུབ་མེད།། གཞི་ཡི་ཡེ་ཤེས་ངོས་ཟིན་ན།། ཆོས་སྐུའི་དོན་དང ་བྲལ་བ་མེད།། དེ་ཕྱིར་མ་རིག་མུན་པ་བརླག། མ་རིག་རྣམ་གསུམ་འཇོམས་པའི་ཕྱིར།། ལུང་ལྡན་སྟོན་པའི་བཀའ་འདི་བགྲོས།། དེ་ཕྱིར་ངེས་དོན་རྒྱུད་འདི་ལ།། ཤེས་རབ་རྣམ་གསུམ་མཐའ་རུ་གཏུག། དེ་ཡང ་འདུས་པའི་སྙིང་པོ་ཉོན།། དོན་དང་མཐུན་པའི་གཞི་ཤེས་ཕྱིར།། མ་རིག་སངས་པས་ཡེ་ཤེས་རྒྱས།། དེ་ཕྱིར་རྟོགས་དང་སངས་རྒྱས་པ།། ལུས་དང་མ་བྲལ་དུས་འདིར་བྱུང་།། མ་རིག་མུན་སེལ་ཡེ་ཤེས་སྐུ།། ཆོས ་རྣམས་ཀུན་གྱི་རྩ་བ་སྟེ།། སངས་རྒྱས་དགོངས་པ་ད་ལྟ་ཉིད།། ཕྱི་མ་མ་ཡིན་དུས་འདིར་ཡིན།། དེ་ཕྱིར་མུན་སེལ་རིག་པ་འདི།། ཆོས་རྣམས་ཀུན་གྱི་སྙིང་པོ་ལ།། རང་བྱུང་ཡེ་ཤེས་སུས་ཤེས་པ།། མ་རིག་མེད་པས ་ཆོས་སྐུར་ཤར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དོན་ཆོས་རྣམས་གསུངས་པ་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། རྩ་བ་ཆོས་སྐུ་རྟོགས་པའི་ཕྱིར།། གཟི་ལྡན་ནོར་བུ་རིན་ཆེན ་བཞིན།། ཆོས་རྗེ་སྟོན་པ་ཀུན་བཟང་གིས།། ཐམས་ཅད་ཡེ་ཤེས་ཆེན་པོར་མཁྱེན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དོན་རང་རིག་ཆོས་ཀྱི་སྐུ།། ཚིག་དང་རང་གིས་བརྗོད་ལས་འདས།། རང་བྱུང་ཡེ་ཤེས་ཐུགས ་ལ་གསལ།། དྲང་སྲོང་མངོན་ཤེས་དཔེ་བཞིན་དུ།། དུས་གསུམ་སངས་རྒྱས་འཁོར་བཅས་ཀྱི།། མཉམ་བཞག་པས་ནི་ཡིད་ཀྱི་གོ།། ངེས་དོན་རྟོགས་ཕྱིར་ཡང་སངས་རྒྱས།། རང་རིག་ཆོས་སྐུའི་བྱིན་རླབས་བཤད།། ་དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ།། རྒྱུད་དག་མངོན་དུ་གྱུར་པ་ཡིས།། སྟོན་པ་རྡོ་རྗེ་སེམས་དཔའ་དེས།། བྱིན་གྱིས་བརླབས་པའི་དོན་རིག་ནས།། གཙང་མ་རིས་ཀྱི་ལྷ་གནས་ཀྱང་།། ཡངས་དོག་མེད་པའི་གཞལ ་ཡས་ཁང་།། ཕྱི་ནང་མེད་པར་འོད་གསལ་བའི།། གྲངས་ཀྱི་འོག་མིན་གནས་དེ་རུ།། ལོངས་སྐུ་ཐུགས་ཀྱིས་འདུལ་བའི་དུས།། རིག་འཛིན་འཁོར་ལ་བརྩེར་དགོངས་ཏེ།། སྔ་ཕྱི་མིན་པའི་རིག་པ་འདི།། ད་ལྟའི་དུས ་འདི་ཡིན་པར་གསུངས།། རིག་འཛིན་ཀུན་དགའ་ལྷ་དབང་ལ།། ཐུན་མོང་མ་ཡིན་དབང་བསྐུར་ནས།། དབུ་རྒྱན་བཀའ་རྟགས་རྒྱག་ཤིང་བྱིན།། གསང་མཚན་བཏགས་ནས་རྒྱུད་སྨིན་བྱས།། གསང་སྔགས་ཡང་ཏི ་ངེས་དོན་ཆོས།། འཁོར་འདས་མ་རེག་ཆོས་ཀྱི་སྐུ།། རང་རིག་ཡེ་ཤེས་རིག་པ་དེ།། ལྡེམ་དགོངས་རང་རིག་ངོ་བོས་བཤད།། དེ་ནས་རིག་འཛིན་སེམས་དག་གིས།། ཕྱོགས་བཅུ་འདུས་པའི་སངས་རྒྱས་ལ།། ཞུ་བ་ཐེ ་ཚོམ་བཅད་པའི་ཕྱིར།། ལུས་ངག་གུས་པའི་དད་པ་ཡིས།། ཤར་ཕྱོགས་མངོན་དགའི་ཞིང་ཁམས་ན།། སངས་རྒྱས་རྡོ་རྗེ་གསང་བ་ནི།། རྡོ་རྗེ་རབ་འབར་གདན་ལ་བཞུགས།། འཁོར་ལ་བཙལ་མེད་ཆོས་རྣམས ་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཀུན་ནས་དང་པའི་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། བདུད་རྩི་ཟ་མ་ཏོག་གང་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། ཡང་དག་དགོངས་པའི་ཆོས་ཉིད་ཀྱི།། སེམས ་ཉིད་མི་འགྱུར་རྡོ་རྗེ་ལ།། སྐྱེ་འཆི་འབྱུང་བ་ཇི་ལྟར་ལགས།། ངེས་དོན་ཞུས་པའི་དོན་གསན་ནས།། སངས་རྒྱས་རྡོ་རྗེ་གསང་བ་དེས།། ལྷ་ཡི་བདུད་རྩིས་ཐུགས་མཉེས་ཏེ།། ཞུས་པའི་ལན་དུ་བཀའ་སྩལ་པ།། གཞི ་ཉིད་མི་འགྱུར་རྡོ་རྗེ་ལ།། སྐྱེ་མཆི་ཡོད་པ་མ་ཡིན་ཏེ།། རང་གི་རྣམ་རྟོག་གཟུང་འཛིན་གྱིས།། ཐ་མལ་ལུས་ལ་སྐྱེ་འཆི་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། རང་གིས་སེམས་ཀྱི་ཐེ་ཚོམ་ཆོད།། ཞུ་བ་ཞུས་ནས་ངེས ་པ་རྙེད།། དེ་ཕྱིར་རྟོགས་པ་མངོན་དུ་གྱུར།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ལྷོ་ཕྱོགས་འདུལ་བྲལ་མེད་པ་ཡི།། རིན་ཆེན་བརྩེགས་པའི་ཞིང་ཁམས་ན།། རིན་ཆེན་སྙིང་པོ་རིན་ཆེན་ལྡན།། འཁོར་ལ་རྒྱ་ཆེར་བཙལ ་མེད་སྟོན། དེ་ལ་བསྐོར་བ་བྱས་ནས་ཀྱང་།། ཀུན་ནས་འདོད་པའི་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། མ་གི་ཟ་མ་ཏོག་གང་ཕུལ་ནས་ནི།། དེ་ལ་ངེས་པའི་དོན་ཞུས་པ།། སངས་རྒྱས་ངེས ་པའི་ཆོས་སྐུ་ལ།། དེ་དོན་རྩོལ་བས་མ་བསྒྲུབས་པར།། ཡོན་ཏན་འབྲས་བུ་ཇི་ལྟར་འཆར།། དེ་དོན་ཞུས་པའི་དོན་གསན་ནས།། སངས་རྒྱས་རིན་ཆེན་སྙིང་པོ་དེ།། མ་གི་ཏ་ཡིས་ཐུགས་མཉེས་ནས།། ཞུས་པའི་ལན ་དེ་བཀའ་སྩལ་པ།། ཏཀྵ་ཀ་ཡིས་རྒྱན་བཞིན་དུ།། ཡེ་ནས་གནས་པའི་ཆོས་ཉིད་ལ།། རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས།། ཉི་མའི་འོད་ལྟར་འབྲས་བུ་འབྱུང་།། དེ་སྐད་ཅེས་ནི་གསུངས་པ་དང་།། རང་བཞིན་གཞི ་ཡི་ཐེ་ཚོམ་ཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་ལྷག་མཐོང་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནུབ་ཕྱོགས་སྒྲིབ་པ་མེད་པ་ཡི།། པདྨ་ཅན་གྱི་ཞིང་ཁམས་ན།། སངས་རྒྱས་དྲི་མེད་གྲགས་པ་དེ།། ་པདྨའི་གདན་ལ་འབྲས་བུ་སྟོན།། དེ་ལ་བསྐོར་བ་བྱས་ནས་ཀྱང་།། ཀུན་ནས་ཡིད་ཆེས་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། པཉྩ་ལི་ཀའི་ན་བཟའ་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། སེམས་ཉིད་པད ་ལྟར་དག་པ་ལ།། གཟུང་འཛིན་དྲི་མས་ཇི་ལྟར་གོས།། དེ་སྐད་ཞུས་པས་དོན་གསན་ནས།། སངས་རྒྱས་དྲི་མེད་གྲགས་པ་དེ།། པཉྩ་ལི་ཀས་ཐུགས་མཉེས་ནས།། ཞུས་པའི་ལན་དེ་བཀའ་སྩལ་པ།། པདྨ་འདམ་གྱིས ་མ་གོས་ལྟར།། བྱང་ཆུབ་སེམས་ཀྱི་ངོ་བོ་ལ།། གཟུང་འཛིན་དྲི་མ་གཞི་ལ་མེད།། འཁྲུལ་པའི་བློ་ལ་དྲི་མ་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། རང་གི་བློ་ཡི་ཐེ་ཚོམ་ཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། ངེས་པའི ་ཡེ་ཤེས་མངོན་དུ་གྱུར།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། བྱང་ཕྱོགས་རྣམ་དག་ཞིང་ཁམས་ན།། སངས་རྒྱས་ལས་རབ་གྲུབ་པ་དེ།། ཨིནྡྲ་ནཱི་ལའི་གདན་བཞུགས་ཏེ།། ངེས་དོན་བཙལ་མེད་འབྲས་བུ་སྟོན།། དེ་ལ ་བསྐོར་བ་བྱས་ནས་ནི།། ཀུན་ནས་ཉམས་མྱོང་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། ཏ་པ་ལ་ཡི་འབྲས་བུ་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། ཆོས་སྐུ་གཅིག་ལས་མེད་པའི་ཕྱིར།། བཙལ་མེད་སེམས་ཀྱི ་རང་བཞིན་ལ།། འགྲོ་དོན་མཛད་པ་ཅི་ལྟར་ལགས།། དེ་སྐད་ཞུས་པས་དོན་གསན་ནས།། སངས་རྒྱས་ལས་རབ་གྲུབ་པ་དེ།། མེ་ཏོག་ཏ་བས་ཐུགས་དགྱེས་ཏེ།། ཞུས་པའི་ལན་དེ་བཀའ་སྩལ་པ།། རང་བྱུང་ཆོས་སྐུ ་རྟོགས་གྱུར་ན།། བྱ་བའི་ལས་རྣམས་མི་དགོས་ཏེ།། ནོར་བུ་རིན་ཆེན་རྙེད་པ་འདྲ།། མཛད་པ་འཕྲིན་ལས་རང་ལས་འབྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། རང་གི་འཁྲུལ་པའི་ཐེ་ཚོམ་ཆོད།། ཞུ་བ་ཞུས་ཕྱིར་ངེས ་པ་རྙེད།། དེ་ཕྱིར་འབྲས་བུ་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཤར་ལྷོ་འཚེ་མེད་ཞིང་ཁམས་ན།། སངས་རྒྱས་རྒྱལ་བའི་དབང་པོ་དེས།། དད་ལྡན་ཉིད་ཀྱི་འཁོར་རྣམས་ལ།། བཙལ་མེད་འབྲས་བུའི ་ཆོས་རྣམས་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཀུན་ནས་རང་རིག་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། དཔག་བསམ་ཤིང་གི་འབྲས་བུ་ཕུལ།། དེ་དོན་ཡང་དག་དོན་ཞུས་པ།། ཡེ་ནས ་རང་བྱུང་སྙིང་པོ་དེ།། ཆོས་ཉིད་ཡེ་ནས་རང་ཆས་ལ།། ཐོས་བསམ་དགོས་པ་ཇི་ལྟར་ལགས།། དེ་སྐད་ཞུས་པའི་དོན་གསན་ནས།། སངས་རྒྱས་རྒྱལ་བའི་དབང་པོ་དེ།། དཔག་བསམ་འབྲས་བུས་ཐུགས་མཉེས་ཏེ།། ་ཞུས་པའི་ལན་དེ་བཀའ་སྩལ་པ།། ཡེ་ནས་ཆོས་ཉིད་རང་ཆས་ལ།། ཐོས་བསམ་དགོས་པ་མ་ཡིན་ཏེ།། མ་རིག་མུན་པ་བསལ་བའི་ཕྱིར།། ལུང་ལྡན་རྐྱེན་གྱིས་ཡིད་ཆེས་བསྐྱེད།། དེ་སྐད་ཅེས་ནི་གསུངས་པ་དང་།། ་ཐོས་བསམ་དགོས་པར་ཐེ་ཚོམ་ཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་ཡེ་ཤེས་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྷོ་ནུབ་རྣམ་དག་ཞིང་ཁམས་ན།། སངས་རྒྱས་བསོད་ནམས་སྙིང་པོ་དེས། དད ་ལྡན་རང་གི་འཁོར་རྣམས་ལ།། བཙལ་མེད་འབྲས་བུའི་ཆོས་རྣམས་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཀུན་ནས་ཤེས་རབ་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ནི།། ཤིང་ཏོག་པ་མེན་ར་གང་ཕུལ།། དེ་ལ ་དགོས་པའི་དོན་ཞུས་པ།། ཡེ་ནས་རྒྱུན་གྱི་ཏིང་འཛིན་གྱིས།། ཆོས་ཉིད་ཡེ་ནས་འོད་གསལ་ལ།། བྱིང་རྒོད་འབྱུང་བ་ཇི་ལྟར་ལགས།། དེ་སྐད་ཞུས་པས་དོན་གསན་ནས།། སངས་རྒྱས་བསོད་ནམས་སྙིང་པོ་དེ།། ཤིང ་ཏོག་ལ་ནི་ཐུགས་མཉེས་དེ།། ཞུས་པའི་ལན་དེ་བཀའ་སྩལ་པ།། ཆོས་ཉིད་ཡེ་ནས་འོད་གསལ་ལ།། རྣམ་སྨིན་ལུས་དང་མ་བྲལ་ཕྱིར།། ལོག་ནོན་གདམས་ངག་མེད་པ་ལ།། ཚོགས་བརྒྱད་རྐྱེན་གྱིས་བྱིང་རྒོད ་འབྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། རང་གིས་བསྒོམ་པས་ཐེ་ཚོམ་ཆོད།། ཞུ་བ་ཞུ་ཕྱིར་ངེས་པ་རྙེད།། དེ་ཕྱིར་ཏིང་འཛིན་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནུབ་བྱང་འཁོར་མེད་ཞིང་ཁམས ་ན།། སངས་རྒྱས་ཞི་བའི་དབང་པོ་དེ།། དད་ལྡན་ཉིད་ཀྱི་འཁོར་རྣམས་ལ།། བཙལ་མེད་འབྲས་བུ་རྒྱ་ཆེར་སྟོན།། དེ་ལ་བསྐོར་བ་བྱས་ནས་ནི།། ཡིད་ཆེས་པ་ཡིས་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། སྦྲང ་རྩི་ཕྲུ་བ་གང་ཕུལ་ནས།། དེ་ལ་ངེས་པའི་དོན་ཞུས་པ།། རང་རིག་ཀུན་གཞི་གཞི་ཆ་ནི།། ཡེ་ནས་རང་བྱུང་རྒྱུ་མེད་ལ།། འཕེལ་འགྲིབ་འབྱུང་བ་ཇི་ལྟར་ལགས།། དེ་སྐད་ཞུས་པས་དོན་གསན་ནས།། སངས་རྒྱས་ཞི ་བའི་དབང་པོ་དེ།། སྦྲང་རྩི་ཕུལ་བས་ཐུགས་མཉེས་ནས།། ཞུས་པའི་ལན་དེ་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་སྙིང་པོ་ལ།། འཕེལ་འགྲིབ་ཡོད་པ་མ་ཡིན་ཏེ།། མ་རིག་མུན་པ་མ་སེལ་ཕྱིར།། ཀུན་གཞིའི་རྐྱེན་གྱིས ་འཕེལ་འགྲིབ་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། འཕེལ་འགྲིབ་མེད་པར་ཐེ་ཚོམ་ཆོད།། ཞུ་བ་ཞུས་ནས་ངེས་པ་རྙེད།། དེ་ཕྱིར་ཡེ་ཤེས་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བྱང་ཤར་ལས་དག ་ཞིང་ཁམས་ན།། སངས་རྒྱས་ཞི་བའི་སྙིང་པོ་དེ།། དད་ལྡན་རང་གི་འཁོར་རྣམས་ལ།། སེམས་ཀྱི་འབྲས་བུའི་ཆོས་རྣམས་སྟོན།། དེ་ལ་བསྐོར་བ་བྱས་ནས་ཀྱང་།། ཀུན་ནས་དད་པའི་གདེངས་ཀྱིས་ནི།། ་ངེས་དོན་ཞུ་བའི་རྟེན་དུ་ཡང་།། རིན་ཆེན་ཀེ་ཏའི་འབྲས་བུ་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། རང་གི་སེམས་ཉིད་གཉུག་མ་ལ།། གཞི་ལ་ཐོག་མཐའ་མེད་པ་ལ།། འཁོར་འདས་ཐོག་མཐའ་འོང་བ་ཅི།། དེ་སྐད ་ཞུས་པའི་དོན་གསན་ནས།། སངས་རྒྱས་ཉི་མའི་འོད་ཟེར་དེ།། རིན་ཆེན་ཀེ་ཏས་ཐུགས་མཉེས་ཏེ།། ཞུས་པའི་ལན་ནི་བཀའ་བསྩལ་པ།། གཞི་ཉིད་དུས་གསུམ་འགྱུར་མེད་ལ།། བློ་ཡིས་བཅོས་སུ་མི་འདོད་ཕྱིར།། ་ཡེ་ཤེས་མ་རིག་ཁྱད་པར་ལས།། འཁོར་འདས་གཉིས་ལ་ཐོག་མཐའ་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། ཐོག་མཐའ་ཡོད་མེད་ཐེ་ཚོམ་ཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་འབྲས་བུ་མངོན་དུ་གྱུར།། ་ད་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་དབུས་མེད་པའི་ཞིང་ཁམས་ན།། སངས་རྒྱས་ནམ་མཁའི་སྙིང་པོ་དེ།། དད་ཉན་རྣམས་ཀྱི་འཁོར་རྣམས་ལ།། བཙལ་མེད་འབྲས་བུའི་ཆོས་རྣམས་སྟོན།། དེ་ལ་བསྐོར་བ་བྱས ་ནས་ནི།། ཀུན་ནས་མཐར་ཐུག་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། ཨུཏྤལ་ཡི་མེ་ཏོག་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། རང་བཞིན་དག་པའི་ངོ་བོ་ལ།། གཞི་ལ་སྣང་བ་མེད་པ་ལ།། གློ་བུར་འཁྲུལ ་སྣང་ཇི་ལྟར་བྱུང་།། དེ་སྐད་ཅེས་ནི་ཞུས་མ་ཟག། སངས་རྒྱས་ནམ་མཁའི་སྙིང་པོ་དེ།། ཨུཏྤ་ལ་ཡིས་ཐུགས་དགྱེས་ཏེ།། ཞུས་པའི་ལན་དེ་བཀའ་སྩལ་པ།། གཞི་ལ་སྣང་མེད་ནམ་མཁའ་འདྲ།། མ་རིག་རྐྱེན་བྱས ་གཟུང་འཛིན་གྱིས།། རང་གི་གཞན་སྣང་འཁྲུལ་པའི་ཕྱིར།། བག་ཆགས་སྣང་བ་སྤྲིན་ལྟར་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། སྣང་བ་ཡོད་མེད་ཐེ་ཚོམ་ཆོད།། ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་འབྲས་བུ ་མངོན་དུ་གྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོན་ཏན་རྒྱས་པའི་ཞིང་ཁམས་ན།། སངས་རྒྱས་འབུམ་གཟིགས་བྱ་བ་དེ།། ཉིད་ཀྱིས་དད་ཉན་འཁོར་རྣམས་ལ།། བཙལ་མེད་འབྲས་བུའི་ཆོས་རྣམས་སྟོན།། དེ་ལ ་བསྐོར་བ་བྱས་ནས་ནི།། ཀུན་ནས་ཡིད་ཆེས་དད་པ་ཡིས།། ངེས་དོན་ཞུ་བའི་རྟེན་དུ་ཡང་།། པདྨ་གསེར་གྱི་མདོག་ཅན་ཕུལ།། དེ་ལ་ངེས་པའི་དོན་ཞུས་པ།། འབྲལ་མེད་རྒྱུན་གྱི་ཏིང་འཛིན་གྱིས།། རིག་པ་ཕྱི་ནང ་མེད་པ་ལ།། མཉམ་བཞག་རྗེས་ཐོབ་འོང་བ་ཅི།། དེ་སྐད་ཞུས་པའི་དོན་གསན་ནས།། སངས་རྒྱས་འབུམ་གཟིགས་བཞུགས་པ་དེ།། གསེར་གྱི་པདྨོས་ཐུགས་དགྱེས་ནས།། ཞུས་པའི་ལན་དེ་བཀའ་སྩལ་པ།། ཡེ ་ཤེས་རིག་པ་འདི་ཉིད་ལ།། མཉམ་བཞག་རྗེས་ཐོབ་གདོད་ནས་མེད།། ངེས་དོན་འདི་མེད་སྒོམ་ཆེན་ལ།། སྒོ་ལྔའི་ཡུལ་ལ་རྗེས་ཐོབ་བྱུང་།། དེ་སྐད་ཅེས་ནི་གསུངས་པ་ཡིས།། མཉམ་བཞག་རྗེས་ཐོབ་ཐེ་ཚོམ་ཆོད།། ་ཞུ་བ་ཞུས་ཕྱིར་ངེས་པ་རྙེད།། དེ་ཕྱིར་ཡེ་ཤེས་མངོན་དུ་གྱུར།། དེ་ནས་རིག་འཛིན་སེམས་དག་དེ།། སྔོན་གྱི་གནས་ནི་རྗེས་དྲན་ནས།། སུམ་ཅུ་རྩ་གསུམ་ཤར་ཕྱོགས་ཀྱི།། རིན་ཆེན་མངོན་དགའ་ཕུག ་ཏུ་ཕྱིན།། ནང་དུ་འབྲལ་མེད་མཉམ་བཞག་པས།། སེམས་ཅན་ཀུན་གྱི་དོན་ཆེད་དུ།། ལྷ་དབང་བརྒྱ་བྱིན་དྲུང་བྱོན་ནས།། ལྷ་ཡི་བུ་ལ་འདི་སྐད་བསྐུལ།། ཁྱོད་ནི་ཤཱཀ་ཐུབ་སྤྲུལ་པ་སྟེ།། འཇིག་རྟེན་གསུམ་ན་འགྲན ་ཟླ་མེད།། སངས་རྒྱས་ཆོས་ཀུན་ཐུགས་ལ་རྫོགས།། འདོད་ཁམས་འཛམ་གླིང་སྣོད་ལྡན་ལ།། བསྟན་པ་ཙམ་གྱིས་རྟོགས་པའི་ཆོས།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས།། དེ་སྐད་ཅེས་ནི་བསྐུལ་བ་དང་།། ལྷ ་དབང་ལ་ནི་ལན་གསོལ་པ།། ངེས་དོན་གསང་བའི་རྒྱུད་ཆེན་འདི།། རང་གི་སེམས་ལ་གསལ་བ་ལས།། ཚིག་གི་ཐོག་ཏུ་མི་ཕེབས་པས།། བདག་གིས་བགྲོ་བ་ཤིན་ཏུ་དཀའ།། དེ་སྐད་ཅེས་ནི་སྨྲས་པ་དང་།། དེ་ཡིས ་དགོངས་པའི་དོན་གོ་ནས།། ལྷ་དབང་གིས་ནི་དོན་ཞུས་པ།། ཕྱི་རབས་དད་ལྡན་དོན་ཆེད་དུ།། ཡང་དག་ངེས་དོན་དགོངས་པ་དེ།། མ་རྟོགས་པ་ལ་ཚིག་སྒོ་ནས།། མཚོན་ནས་རྟོགས་པར་བྱ་བའི་ཕྱིར།། ཅི་རིགས་པ ་ནི་ཁྱོད་ཀྱིས་བགྲོས།། དེ་སྐད་ཅེས་ནི་ཞུས་པ་དང་།། རིག་འཛིན་ཀུན་གྱི་དོན་ཆེད་དུ།། རིག་འཛིན་ཀུན་དགས་ཐུགས་གསན་ནས།། སྐུ་དྲིན་ཆེ་བར་ལན་བཏབ་པ།། ལྷ་དབང་བཀའ་གཉེན་དྲིན་ཆེ་བས།། མི་ཡུལ ་འཛམ་གླིང་དད་ལྡན་གྱི།། མ་རིག་མུན་པ་བདག་གིས་བསལ།། བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས།། དེ་སྐད་ཅེས་ནི་གསུངས་པ་དང་།། རིག་འཛིན་ཆེན་པོ་ལྷ་དབང་དེ།། ཤིན་ཏུ་ཐུགས་ནི་དགྱེས་གྱུར ་ཏེ།། ལྷ་དབང་གིས་ནི་ཞལ་བཞེས་པ།། ངེས་པའི་དོན་ལྡན་སློབ་མ་ལ།། ངེས་དོན་གསང་བའི་རྒྱུད་ཆེན་འདི།། མ་བཅོས་མ་བསླད་འཆད་ནུས་ན།། བདེ་གཤེགས་འཁོར་གྱིས་བྱིན་གྱིས་བརླབས།། དེ་སྐད་ཞལ ་བཞེས་དམ་བཅས་ནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ནས་ལྷ་ཡི་བུ་ཡིས་བསམས་པ་ལ།། མི་ལ་མངོན་ཤེས་རྫུ་འཕྲུལ་མེད།། དེ་ཕྱིར་ངེས་པའི་སྣོད་ལྡན་ལ།། འཛམ་གླིང་མི་ལ་བཤད་དགོངས་ནས།། སྤྲུལ ་པ་སྐྱེ་བའི་རྟེན་བཙལ་བ།། རིགས་བཟང་རིགས་ངན་བུད་མེད་དེ།། གནོད་སྦྱིན་ཀུན་གསོས་བྱང་ཆུབ་མ།། དེ་ཡི་བུར་སྐྱེས་ཐུགས་དགོངས་ནས།། བྱ་ནི་ངང་པ་གསེར་ལུས་ཅན།། དངུལ་གྱི་གཤོག་པ་ལྕགས་སྔར ་ཅན།། གཡུ་ཡི་སྨིན་མ་རྡོ་རྗེའི་མཆུ།། རིན་ཆེན་མིག་ཅན་གཅིག་ཏུ་སྤྲུལ།། ནམ་ལངས་ཉི་མ་ཤར་མཚམས་སུ།། ཉི་ཟེར་ལ་ནི་བྱ་བྱུང་ནས།། བྱང་ཆུབ་སྙིང་གར་མཆུ་གཏུགས་ནས།། སྙིང་གར་ཐིམ་ནས་ཞག་གསུམ ་ནས།། ཁྱེའུ་ཆུང་རྒྱག་ཤིང་རྡོ་རྗེ་ཅན།། ཙར་གྱིས་སྐྱེས་ནས་འདི་སྐད་སྨྲས།། ཆོས་ཀུན་བྱང་ཆུབ་ཡེ་ཤེས་ཡིན།། འཁོར་བ་མ་རིག་ཡེ་ནས་མིན།། རྒྱུ་རྐྱེན་མ་བསྐྱེད་ངོ་བོ་ཉིད།། རང་གི་རིག་པ་ཆོས་སྐུ་ཡིན།། དེ་ལྟར ་སྒྲོགས་པ་ཞིག་བྱུང་བས།། འཇིག་རྟེན་འདི་ན་ཡ་མཚན་ཅན།། མཚན་ཡང་དགའ་རབ་རྡོ་རྗེར་བཏགས།། ཡོན་ཏན་རིག་པ་ལྔ་ལྡན་ལ།། མངོན་ཤེས་དྲུག་གིས་དུས་གཅིག་མཁྱེན།། མི་རྣམས་ཀུན ་གྱིས་བཀུར་བར་མཐོང་།། ཡོན་ཏན་ལགས་ཀྱིས་སྤྱན་དྲངས་ནས།། བདེ་ལྡན་གནས་སུ་བཞུགས་སུ་གསོལ།། དེ་ཚེ་སྤྲུལ་པ་དགའ་རབ་དེ།། ནང་དུ་ཏིང་འཛིན་དགོངས་པ་ལ།། འབྲལ་མེད་རྒྱུན་དུ་ཐུགས་ཞུགས ་པས།། གནོད་སྦྱིན་བདུད་ཀྱིས་མཐོ་བཙམས་ཏེ།། བར་ཆོད་བྱ་ཕྱིར་ཕུང་ཕྱེད་བཞིས།། བསྡིགས་དང་བྲིད་པའི་ལས་རྣམས་བྱས།། ལྷ་ཡི་བདུད་དུ་ཤེས་པ་ཡིས།། མྱ་ཞིང་སྨྱོ་ལ་དྲན་པ་རླག། སྙིང་རྗེའི་དོན་དུ ་ཏིང་འཛིན་གློད།། བྲིད་བསྡིགས་གཉིས་ཀྱིས་མ་བསླུས་ནས།། བདུད་ནི་ཡིད་མུག་ཟིལ་གནོན་ནས།། གདུང་བ་བཏོན་ཅིང་སྐྱབས་ཞུས་པ།། སྙིང་རྗེ་ཆེན་པོས་བདག་ལ་གཟིགས།། མ་རིག་ལས་ཀྱི་སྲིན་པོར་སྐྱེས།། ་སེམས་ཅན་ལུས་སྲོག་ཟས་སུ་ཟོས།། ལས་ངན་འགྱོད་པའི་ཡིད་ཀྱིས་བཤགས།། ཉིད་ཀྱི་བསྟན་པ་བདག་གིས་བསྲུང་།། དམ་ཉམས་ལུས་སྲོག་ཟས་སུ་ལེན།། བདག་གི་སྲོག་གི་སྙིང་པོ་འདི།། འབུལ་གྱིས་ཐུགས ་རྗེས་མ་ཆུང་ཞིག། དེ་སྐད་ཅེས་ནི་སྐྱབས་གསོལ་ནས།། རིག་འཛིན་ཆེན་པོ་དགའ་རབ་ལ།། རང་སྲོག་སྙིང་པོ་ཕུལ་ནས་ནི།། བསྟན་པ་བསྲུང་བར་ཞལ་བཞེས་ནས།། དམ་ལ་བཏགས་ཏེ་བྲན་དུ་བྱས།། གསང་བའི ་མན་ངག་རྣམ་བཞི་མཛད།། དེ་ནས་ཤཱཀ་ཐུབ་སྤྲུལ་པ་དེས།། བཀྲ་ཤིས་བདེ་ལྡན་གནས་དག་ཏུ།། དེ་ལྟ་དུས་ཀྱི་དེང་སང་ན།། གསང་བདག་སྤྲུལ་པ་དང་ཉན་ལ།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུང་།། ད་ཡང་རྡོ ་རྗེ་སེམས་དཔའ་ཉོན།། ཤེས་རབ་བློ་ཡི་ཁྱད་པར་ལས།། སྐུ་གསུམ་ཆོས་རྣམས་གཅིག་གསུངས་པའི།། བཤད་ལུགས་རྣམ་པ་དེ་དག་ཀུན།། འདུལ་བྱའི་འཁོར་ལ་ཐ་དད་ཀྱང་།། དུས་གསུམ་གཅིག་ཕྱིར་ཁྱད་མེད ་པས།། དོན་ལ་དབྱེར་མེད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པའི་སྙིང་པོ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངེས་དོན་འབྱུང་བའི་རྒྱུ་གླེང་གཞི་བསྟན་པའི་ལེའུ་སྟེ་དང ་པོའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། གུས་པའི་སེམས་ཀྱིས་རབ་སྦྱར་ཏེ།། བདེན་པའི་ཚིག་ནི་འདི་སྐད་གསོལ།། ཆོས་ཉིད་གནས་ལུགས་ངེས་པ་འདི།། སྣོད ་ཀྱི་རིམ་པ་གང་ལ་བསྟན།། ཆོས་རྣམས་གཏན་ལ་ཅི་ལྟར་དབབ།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ཀུན་རིག་སྟོན་པས་འཁོར་རྣམས་ལ།། ཆོས་ཉིད་གནས་ལུགས ་བཀའ་སྩལ་པ།། འཁོར་བ་མྱ་ངན་འདས་པའི་ཆོས།། གཞི་ལ་གང་ཡང་མེད་པའི་ཕྱིར།། རང་རིག་རྟོགས་པའི་ཆོས་སྐུ་ལ།། འཁོར་འདས་བཞི་ལ་མེད་ཤེས་ཕྱིར།། ཆོས་ཉིད་ངེས་པའི་གནས་ལུགས་ཡིན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། དོན་བསྟན་སྣོད་བཅུད་རིམ་པ་ནི།། ཡང་དག་སངས་རྒྱས་ངེས་པའི་དོན།། གསང་སྔགས་ཀུན་གྱི་རྩ་བ་ཡིན།། དབང་རྣམས་རིམ་པར་རྫོགས་བྱས་ནས།། ཆོས་ཀྱི་གཞུང་དང ་མི་འགལ་བ།། ཟོས་བསམ་བསྒོམ་ལ་རག་མ་ལུས།། ངེས་དོན་བཀའ་རྒྱུད་གསང་བ་ཡི།། དམ་པ་མཛོད་ཀྱི་གཉེར་ལྡན་ཞིང་།། སྲིད་པར་ཞུས་ཀྱང་ཟད་མེད་པའི།། བླ་མ་རྡོ་རྗེ་སློབ་དཔོན་དེ།། ཚུལ་འཆོས་མེད་པར ་གདེང་དང་ལྡན།། དཔེར་ན་གངས་ཀྱི་སེང་གེ་བཞིན།། གཅིག་པུར་གནས་ཀྱང་དོན་ལྡན་པ།། སངས་རྒྱས་དགོངས་པ་ཐུགས་ལ་འཆང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐལ་ལྡན་སློབ་མའི་མཚན་ཉིད་ནི།། བླ ་མ་ལ་གུས་དད་པ་ལྡན།། སེར་སྣ་ཆུང་ལ་བརྩོན་འགྲུས་ཆེ།། བརྩེ་དང་དམ་ཚིག་མི་འགལ་བསྲུང་།། དོན་གསལ་ཐུབ་པའི་ཤེས་རབ་ཟབ།། ཚུལ་ཤེས་དང་བཟང་རྣམས་ཀྱི་དོན།། ཡོན་ཏན་ཟག་མེད་རྣམས་ཀྱི ་གཏེར།། ཐམས་ཅད་འབྱུང་བའི་གཞི་རུ་བསྟན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དང་པོ་དད་པ་སྔོན་སོང་བའི།། ལུས་སྲོག་མི་བལྟ་གཏོང་ཕོད་ཅན།། འཁོར་འདས་གཅིག་ཏུ་བསྟན་པ་ལ།། སྐྲག་ཅིང་འཇིགས་པ ་མེད་པ་ཡི།། ཐེ་ཚོམ་མེད་པར་དུས་ཚོད་ཟིན།། རྟོགས་པར་བྱ་བའི་ཐབས་སུ་བསྟན།། དཔའ་གཏུམ་སེང་གེའི་བརྩོན་འགྲུས་ཀྱིས།། སྔགས་དང་མཚན་ཉིད་མ་འདྲེས་པའི།། ཁྱད་པར་འཕགས་པའི་གདམས་ངག་གི།། ་ངེས་པ་དོན་གྱི་གདམས་ངག་ཞུ།། གླང་ཆེན་མི་ལྡོག་དགྲ་འཇོམས་ལྟར།། བླ་མ་རྡོ་རྗེ་སློབ་དཔོན་གྱིས།། སྤྱོད་པ་མི་བརྟགས་ཆོས་ལ་བརྟགས།། མཚམས་མེད་ལྔ་ཡང་ཆོས་སྐུར་ཤེས།། ས་ཀུ་རྩི་ཡི་རྐང་ལག ་བཞིན།། ངེས་དོན་རང་རིག་ཆོས་སྐུ་ལ།། རྒྱུན་དུ་མི་འབྲལ་གདམས་ངག་ནི།། མི་བརྗེད་གཟུངས་ཀྱིས་ཟིན་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་གསང་ཐུབ་ཞེ་ལ་འཆང་།། སྤྱོད་པ་འཇམ་པའི་ཚུལ ་དང་ལྡན།། ཁྲམ་མེད་སྒྲོ་རིང་དང་བཟང་ལ།། ངེས་དོན་བསྟན་པའི་སྣོད་དུ་རུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དང་མི་ལྡན་འདི་བསྟན་ན།། སངས་རྒྱས་རྣམས་ཀྱི་བཀའ་བཅག་སྟེ།། མཚམས་མེད་སྡིག་པའི ་ཆར་མི་ཕོད།། དམྱལ་བའི་འོག་གཞི་བྱེད་པར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྣོད་བཅུད་བསྟན་པའི་ལེའུ་གཉིས་པའོ།། ། ་དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས། ཆོས་རྣམས་གཏན་ལ་དབབ་པའི་ཕྱིར།། དོན་གྱི་དབྱེ་བ་འདི་གསུངས་པ།། ཡང་དག་ངེས་དོན་རྟོགས་པའི་ཐབས།། ཀུན་གཞི་རྣམ་གསུམ་ལས ་འཁྲུལ་ཕྱིར།། ཐེག་གཞན་ལྔ་ཡི་ཁྱད་པར་དབྱེ།། སེམས་ཀྱི་སྐྱོན་དྲུག་ངོས་བཟུང་ལ།། སུན་གདོན་བདུན་གྱིས་ཤན་དབྱེ་བའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཁྱད་འཕགས་དབང་ལྔས་རང་རྒྱུད་སྨིན།། ཡོན་ཏན ་བཞི་ཡི་དོན་ཤེས་ཕྱིར།། དམ་ཚིག་ལྔ་ཡི་གཞི་བཟུང་ལ།། སྐབས་དབྱེ་ལྔ་ཡི་གོ་ཕྱེ་ནས།། དཔེ་དོན་ཁྱད་པར་རྣམ་པ་བཞིས།། འདུས་པ་ལྔ་ཡིས་དོན་བརྩོན་ཕྱིར།། བར་དོ་ལྔ་ཡིས་གཏན་ལ་དབབ།། ་ད་ཡང་འདུས་པའི་སྙིང་པོ་ཉོན།། རྩ་བ་བཞི་ཡིས་མདོར་བསྡུས་ཏེ།། བསྒོམ་ཡོད་བཞི་ཡིས་ཉམས་སུ་བླངས།། ཆེད་སྤྱོད་གསུམ་ནི་དོན་དུ་སྤྱོད།། ཆོས་འཕྲུལ་བཞི་བྱུང་ཟིལ་གྱིས་མནན།། སྙིང་པོ་ལྔ་ཡིས་ངོས་བཟུང ་ལ།། གོལ་ས་ལྔ་ཡིས་སྐྱོན་བསྟན་ཏེ།། ཉམས་པ་དྲུག་ནི་ལྟུང་བའི་ཕྱིར།། ཡེ་ཤེས་བཞི་ཡིས་ཤན་ཕྱེ་ནས།། བཀའ་རྟགས་བཞི་ཡིས་ངེས་མཚོན་ནས།། གདམས་ངག་དྲུག་གིས་ཟག་བཅད་དེ།། ངེས་དོན་གསུམ་གྱི ་དོན་གོ་ནས།། ཐེ་ཚོམ་གསང་བཞི་ངེས་བསལ་ནས།། རང་ཤར་དྲུག་གིས་བསྒོམས་མི་དགོས།། ཐིག་ལེ་བརྒྱད་ཀྱིས་ཁྱད་པར་བསྟན།། ས་ལམ་རིམ་པ་དུས་གཅིག་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས ་དོན་བདུན་གྱིས་ཉམས་སུ་བླངས།། ཉམས་མྱོང་བཞི་ཡིས་གཏིང་དུ་གོ།། རིག་དཔྱོད་བཞི་ཡིས་ལ་བཟླ་ལ།། ཀློང་ཆེན་དྲུག་གིས་ངེས་པ་རྙེད།། རྐྱེན་ཐོབ་དྲུག་གིས་འབྲལ་མེད་ཤེས།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། སྐུ་གསུམ་ཐམས་ཅད་མཁྱེན་པའི་ཚད།། ཡོན་ཏན་ལྔ་ཡིས་འབྲས་བུ་འབྱུང་།། ངེས་པ་བཞི་ཡིས་ཁྱད་པར་འཕགས།། ཟིལ་གནོན་རྟགས་བཞི་འབྲས་བུར་ལྡན།། ཆེ་བ་ལྔ་ཡིས་དངོས་འཛིན་དག། རང ་གནས་དྲུག་གིས་གཞན་དོན་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཉིས་མེད་གསུམ་གྱིས་ལ་བཟླ་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱ།། འབྲས་བུ་རྒྱུ་ཡིས་མཐའ་རུ་གཏུག། རྟོགས་པ་བཞི་ཡི་གདེང་ལྡན ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་རྣམས་གཏན་ལ་དབབ་པ་སྡོམ་དུ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། སེམས་ཀྱི་ཀུན་གཞི་ཇི་ལྟར་བྱུང་།། བག་ཆགས་ཀུན་གཞི་ཇི་ལྟར་བགོས།། ལུས་ཀྱི་ཀུན་གཞི་ཇི་ལྟར་སྨིན།། མཉམ ་པའི་རྒྱལ་པོས་བཤད་དུ་གསོལ།། འདི་སྐད་ཞུས་པས་དོན་གསན་ནས།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཀུན་གཞི་རྣམ་གསུམ་དབྱེ་བའི་དོན།། སེམས་ཀྱི་ཀུན་གཞི་བཀའ་སྩལ་པ།། ཐོག་མ་ཐ་མ་ད་ལྟ་དང་།། ངོ ་བོཔོ་ངེས་ཚིག་ཆེ་ཆུང་ཤེས།། མཚན་ཉིད་མཉེན་པོ་ལས་དང་རྩལ།། ཡུལ་དཔེ་རྟགས་ཀྱི་སྒོ་ནས་བསྟན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཀྱི་ཀུན་གཞི་ཐོག་མར་ཀྱང་།། གང་ལ་མི་རྟོག་ས་མ་ཟིན།། མ་ཤེས ་ལྷན་ཅིག་མ་རིག་པ།། རྟོག་ཞུགས་སེམས་ཀྱི་ཀུན་གཞི་བྱུང་།། ད་ལྟ་གང་ན་གནས་པའི་རྟེན།། འགྲོ་དྲུག་སེམས་ཅན་མ་ལུས་ཀྱང་།། ཉན་ཐོས་རང་རྒྱལ་སེམས་དཔའ་ལ།། ཐུན་མོང་དང་ནི་མ་ཡིན་ཚུལ།། ད་ཡང ་འདུས་པའི་སྙིང་པོ་ཉོན།། ཐ་མར་གར་འགྲོ་ངེས་པ་ནི།། གཉེན་པོ་ལུང་ལྡན་རང་ཤར་ནས།། རིམ་གྱིས་གཅིག་ཆར་ངེས་པར་ངེས།། དོན་མ་ཕྲད་ན་ངེས་པ་མེད།། ངོ་བོ་གཞི་ཉིད་མ་ཤེས་ཕྱིར།། བག ་ཆགས་གཉིད་ལོག་ཀུན་གཞི་སྟེ།། མ་རིག་རྟོག་པའི་ངོ་བོར་གནས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ངེས་ཚིག་ཡུལ་གྱི་སྣང་བ་ལ།། སྣ་ཚོགས་ཡུལ་ལ་སེམས་པའི་ཕྱིར།། མིན་པའི་ཆོས་ལ་བདེན་པར་འཛིན།། ཐག ་པ་སྦྲུལ་དུ་འཁྲུལ་དང་འདྲ།། སེམས་ཅན་ཤས་ནི་ཆེ་ཆུང་ཡོད།། ཉོན་མོངས་སེམས་དཔའ་མཉེན་པོས་ནི།། བག་ཉལ་ཕྲ་དང་ཤིན་ཏུ་ཕྲ།། མངོན་རྒྱུ་མེད་པས་ཉོན་མོངས་ཆུང་།། རྒྱུ་མེད་མཚན་མེད་འཇིག་པའི ་ཕྱིར།། ཐ་མ་དངོས་པོ་མེད་པར་དེངས།། ད་ལྟ་ཀུན་གཞི་ཡོད་ཀྱི་བར།། རྒྱུན་གྱིས་དུས་གསུམ་འགགས་ཏེ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐུན་མོང་སྙིང་པོ་དབྱིངས་སོགས་ཀྱི།། ཉོན་མོངས་བག་ཆགས ་བཞིན་ཏེ།། ཤེས་རབ་མ་རིག་ལོག་ལྟ་འཇོམས།། ཐུན་མོང་མ་ཡིན་ཅིག་ཆར་དེངས།། ལས་ཀྱི་རྒྱུད་མཐུན་གང་རུང་སྟེ།། རྣམ་སྨིན་རིམ་གྱིས་མ་ཡིན་ཏེ།། བར་མ་ཆོད་པར་འབྲས་བུ་སྨིན།། ལུང་དུ་མ་བསྟན་ངེས ་པ་མེད།། ད་ཡང་རྡོ་རྗེ་སྙིང་པོ་ཉོན།། བག་ཆགས་རྩལ་ནི་རིགས་དྲུག་སྟེ།། བདེ་སྡུག་བྱེ་བྲག་སོ་སོར་སྣང་།། ཆ་ཕྲ་རྩལ་ནི་ཉན་སེམས་ལ།། མེ་ལོང་ལྟ་བུར་རང་སྣང་ནས།། མཚོན་པ་དཔེ་ཡིས་རིས་དང་ལྡན།། ་ནམ་མཁའ་ཆུ་དང་མེ་ལོང་སོགས།། གཞི་ལ་རྒྱུ་རྐྱེན་མ་རིག་པ།། མེད་པར་བྱུང་བ་ཡ་མཚན་ཆེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་དབྱེ་བ་བློ་དམན་ལ།། ཡིད་ཆེས་བྱ་ཕྱིར་བསྟན་པ་ཡིན།། མ་རིག་པ་ལ ་སེམས་སུ་བཏགས།། འཁོར་བ་བསྐྱེད་ཕྱིར་ཀུན་གཞི་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་གནས་སེམས་ཀྱི་ཀུན་གཞི་བསྟན་པའི་ལེའུ་བཞི ་པའོ།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བག་ཆགས་ཀུན་གཞི་བཀའ་སྩལ་པ།། དང་པོ་ད་ལྟ་ཐ་མ་དང་།། ངོ་བོ་མཚན་ཉིད་ངེས་ཚིག་དང་།། དཔེ་བརྟགས་གཉེན་པོ་དབྱེ་བ ་རྩལ།། རྣམ་གྲངས་དེ་དག་བསྡུས་ཏེ་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐོག་མར་མཐའ་དྲུག་རྟོག་ལས་བྱུང་།། གང་ལ་མི་རྟོག་དོན་མ་ཟིན།། ཡེངས་པའི་ཚུལ་ལས་རྟོག་པ་བྱུང་།། རང་སྣང་སྒྲིབ་པ་བག ་ཆགས་བརྟས།། བག་ཆགས་སྔ་ཕྱིའི་རྒྱུ་ལ་བརྟེན།། འགག་པ་མ་རིག་སྡུག་བསྔལ་འབྱུང་།། ཆོས་སྐུ་མི་འགྱུར་འཁོར་བར་བརྟེན།། དེ་ཕྱིར་ལུས་སེམས་བག་ཆགས་ཡོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་འགྲོ། ་དུས་ལ་ངེས་མེད་རྐྱེན།། ཡེ་ཤེས་འཕྲད་ན་བག་ཆགས་བརླག། དེ་མེད་དག་པས་ཐབས་མེད་དོ།། ཉི་མེད་མུན་པར་མི་འགྲོ་འདྲ།། ངོ་བོ་བརྫུན་ལ་བདེན་འཛིན་པ།། རྟོག་པ་ཞེན་རྒྱུད་བརྟས་པ་ན།། ད་ལྟ་བག་ཆགས ་རྒྱུན་མི་ཆད།། དེ་ཕྱིར་འཁོར་བར་ཡང་ཡང་བསྐྱེད།། མཚན་ཉིད་གཅིག་གིས་བསྐྱེད་གྱུར་པས།། འབྲས་བུ་རིགས་དང་སོ་སོར་སྨིན།། རྒྱུ་རྐྱེན་ཚོགས་དང་མཉེན་པོས་འཇོམས།། ཆེ་ཆུང་ཇི་འདྲ་བརྟེན ་པར་སྣང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བག་ཆགས་ཀུན་གཞི་རྟོག་པ་སྟེ།། ངེས་ཚིག་རྟོག་རྒྱུ་ཆ་ཕྲ་དེ།། བག་ཙམ་བརྟེན་རྟོག་བརྟས་པ་ལས།། བག་ཆགས་ཀུན་གཞི་ཡུལ་དུ་བྱས།། འབྲས་བུ་ལས་ཀྱིས་སྨིན ་པར་བྱེད།། ཐོག་མར་བཅས་དང་ཐོག་མ་མེད།། གར་སྨིན་ཟིལ་གནོན་བག་ཆགས་ཆུང་།། ལུང་དུ་མ་བསྟན་སྨིན་མི་ནུས།། ནམ་མཁའ་སྤྲིན་དང་ས་གཞི་བཞིན།། གཡའ་རྡུལ་ལྦུ་བ་བག་ཆགས་དཔེ།། འདྲ་ཡང་དོན ་མིན་མཚོན་པར་ཟད།། གློ་བུར་ཡུལ་བྱུང་གཞི་ལ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བག་ཆགས་ཀུན་འདུས་ཕུང་པོ་ལ།། རྒྱུ་མཐུན་རྣམ་པར་སྨིན་པ་སྟེ།། ཕུང་ལྔ་དུས་གསུམ་མི་བྲལ་འབྱུང་།། འཁྲུལ ་བརྟས་བརྟག་ཏུ་བརྟན་པ་ཡིན།། གཉིས་པོ་ཐུན་མོང་ཐུན་མིན་གཉིས།། ཐུན་མོང་དད་པ་བརྩོན་འགྲུས་དང་།། མོས་དྲན་ཏིང་འཛིན་སོགས་རྣམས་སོ།། ཐུན་མོང་མ་ཡིན་ཡེ་ཤེས་དག། བག་ཉལ་སྔོན་དུ་རྒྱུ་གཅིག ་གིས།། བསྐྱེད་དང་བསྒྲུབ་དང་གཞན་དུ་འགྱུར།། གཞན་ལྟོས་ངོ་བོ་གྲུབ་པར་འདོད།། དབྱེ་བ་མ་ནོར་བརྟགས་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྩལ་དང་ཤས་ནི་ཆེ་ཆུང་སྟེ།། སྡུག་བསྔལ་སྐྱེ་རྒས་ན ་འཆི་སྟེ།། བྱམས་བྲལ་དགྲ་འཕྲད་མེད་ཚོལ་རྙེད།། འཁོར་བའི་བག་ཆགས་རྩལ་དུ་བྱུང་།། གྲངས་ལ་མང་དུ་ཡོད་མོད་ཀྱང་།། བག་ཉོན་རྟོག་པ་སྐྱོན་དང་གཡོག། སྒྲིབ་ལྟུང་གོལ་ས་འཁྲུལ་པ་སྟེ།། ཡུལ་ཡོད་བར་དུ ་གྲངས་ཟུག་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་འཁྲུལ་པ་ཡུལ་ལས་བྱུང་།། ཡུལ་སེམས་པར་དོར་གོལ་ས་ཆོད།། བག་ཆགས་གཞི་ལ་གོས་པ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་ལ ་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཕྲལ་བྱུང་གི་བག་ཆགས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཀུན་རིག་སྟོན་པ་དེས།། སྐལ་ལྡན་དད་ལྡན་འཁོར་རྣམས་ལ།། ལུས ་ཀྱི་ཀུན་གཞི་བཀའ་སྩལ་པ།། དབྱེ་བ་ངོ་བོ་མཚན་ཉིད་དང་།། ལས་དང་དཔེ་ལྡན་རྟོགས་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་བག་ཆགས་ཡིད་ཀྱི་ལུས།། ཐོག་མ་ཐ་མ་ད་ལྟའི་ཁྱད།། ངེས ་པར་གཏན་ལ་དབབ་པའི་ཕྱིར།། ཐ་དད་ལུས་ཀྱི་གཞི་ལས་བྱུང་།། ངོ་བོ་རྩལ་ཤུགས་ཐ་དད་པའི།། སྣང་དང་ཐིག་ལེའི་རྩལ་མེད་ཀྱང་།། གོང་གི་ལུས་ཉིད་དེ་ལ་བརྟེན།། ལུས་དང་བག་ཆགས་དབང་གིས་སྣང་།། དེ ་ཡིས་མཚན་ཉིད་ཆོས་སྐུ་དང་།། བག་ལུས་རང་བཞིན་ལུས་ལ་བརྟེན།། གཅིག་དང་ཐ་དད་གཉིས་ཀ་མིན།། འཁོར་འདས་བརྟེན་ཡང་དེ་ལྟར་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉན་ཐོས་སེམས་དཔའ ་སངས་རྒྱས་ལའང་།། རྫུ་འཕྲུལ་མཚན་ཉིད་དཔེ་བྱད་ཀུན་གྱི་གཞི།། སེམས་ཅན་སྒོ་གསུམ་དེ་ལ་བརྟེན།། ལུས་ཀྱི་ཀུན་གཞི་རྟེན་པའི་ལས།། དེ་ཡིས་མཚོན་པའི་དཔེ་གསུངས་པ།། ལུས་ཀྱི་ཀུན་གཞི ་ཁྱིམ་དང་འདྲ།། ཉི་མ་འཇུག་པའི་བདེ་བརྡལ་འདྲ།། གཟའ་སྐར་འཆར་བའི་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཀུན་གཞི་རྣམ་གསུམ་ཡང་།། ཀུན་བརྟགས་བག་ཆགས་ཀུན་གཞི་བྱུང་།། ་ཟུང་དུ་འཛོམ་པས་ཀུན་གཞི་གྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉོན་མོངས་ལུས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། སྡོམ་དུ ་བསྡུས་ཏེ་བསྟན་པ་གཉིས་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རྩ་བ་གཅིག་པའི་ཆོས་ཉིད་ལ།། ་འཁོར་བའི་གཞི་ནི་གང་གིས་བྱས།། འགྲོ་དྲུག་སྡུག་བསྔལ་ཅི་ལས་བྱུང་།། མུ་སྟེགས་རྟག་ཆད་ཇི་ལྟར་འཁྲུལ།། ཐེག་པའི་རིམ་པ་གང་ལས་བྱུང་།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན ་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འཁོར་གཞི་ཤེས་པ་ལུང་མ་བསྟན།། རང་བཞིན་ལུས་ཀྱི་རྩལ་སྣང་བ།། གང་ལ་མི་རྟོག་དོན་མ་ཟིན།། ཤེས་པ་རང་སྣང་དོན་མ་བཅོས།། མ་རིག་རྒྱུ་ཡིས་ངེས ་མེད་ཕྱིར། ཤེས་བཞིན་ལུང་མ་བསྟན་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་ངོ་བོའི་ལུས་དེ་ནི།། ཡེངས་དང་མ་ཡེངས་ཆ་མེད་པས།། ཧད་དེ་བུན་ནེ་ཙམ་དུ་གནས།། རང་བྱུང་རྣམ་ཤེས་རྐྱེན་དབང ་འགྱུར།། དེ་ཕྱིར་ལུང་མ་བསྟན་ཞེས་བྱ།། གཞི་ནི་དྲན་དང་མ་དྲན་གྱི།། བློ་ནི་འཇུག་ཅིང་དོན་མི་ཤེས།། མ་རིག་གཞི་ནི་ལུང་མ་བསྟན།། དེ་ཕྱིར་འཁོར་བའི་གཞི་ཞེས་བྱ།། ཡིད་བྱུང་རིམ་འགྲིབ་ལོག་པའི་རྒྱུས།། ་གྱགྱི་གྱུ་ཙམ་དུ་དྲན་ཡོད་ཀྱང་།། དོན་དུ་མ་ཤེས་དེ་ཁོ་ན།། མ་རིག་བསྐོར་བའི་གཞི་མེད་ཕྱིར།། དང་པོ་འཁོར་བ་དེ་ལས་བྱུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། འཁོར་བའི་གཞི་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འགྲོ་དྲུག་སྡུག་བསྔལ་བྱུང་བ་ནི།། དང་པོ་འཁོར་འདས་པར ་དོ་ལ། མེད་ལ་ཡོད་དྲན་ཡིད་ཙམ་བྱུང་།། ལུང་མ་བསྟན་ཕྱིར་རིམ་གྱིས་འགྲིབ།། ཤེས་པ་མུན་པོ་ཐིབ་ཀྱིས་འཐིབ།། དཔྱད་ཀྱང་ངོ་མི་ཤེས་པ་དང་།། གང་ཡང་མི་ཤེས་གཏི་མུག་ལ།། བག་ཉལ་ཞེན་པ་ཕྲ་མོ ་བྱུང་།། དེ་མ་ཐག་ཏུ་འཛིན་པ་ཡིས།། མ་རིག་ལྷན་ཅིག་རྣམ་གསུམ་ལ།། ཀུན་བརྟགས་གསུམ་གྱིས་རྐྱེན་བྱས་པས།། ཐག་པ་སྦྲུལ་དུ་འཛིན་པ་བཞིན།། དཔའ་བོ་ཡུལ་ཡན་གཟུང་འཛིན་གྱིས།། འཇིག་རྟེན་ལྷ་མི ་ཤེས་པ་རྩིངས།། ཐར་ལམ་མི་ཐོབ་སྐྱེ་འཆིར་བརྟགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་གཞོན་པ་ངེས་པ་ནི།། ལེ་ལོ་སྙོམས་ལས་དམན་ལ་སྦྱར།། ཆགས་སྡང་ལྔ་ལ་ལོངས ་སྤྱོད་པས།། དེ་ཡིས་རྣམ་སྨིན་འབྲས་བུ་འབྱུང་།། དམྱལ་བས་རང་བཞིན་མེ་སོགས་མཐོང་།། ཡི་དྭགས་མི་གཙང་མཐོང་ཡུལ་སྣང་།། བྱོལ་སོང་ངམ་གྲོག་གྱེན་མཐུར་མཐོང་།། མི་ཡིས་མཐོང་ཡུལ ་བཞི་རུ་སྣང་།། ལྷ་མ་ཡིན་གྱི་གོ་མཚོན་མཐོང་།། ལྷ་ཡིས་རིན་ཆེན་སྣ་བདུན་མཐོང་།། དེ་དག་འགྲོ་དྲུག་སྡུག་བསྔལ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་པ་ལས་བྱུང་བ་ཡི།། འགྲོ ་དྲུག་སྡུག་བསྔལ་དེ་དག་ཀྱང་།། འཁྲུལ་ངོར་བདེན་ཀྱང་དོན་ལ་མེད།། དེ་ཕྱིར་མ་རིག་སྐྱོན་དུ་ཆེ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་འགྲོ་དྲུག་སྡུག་བསྔལ་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། མུ་སྟེགས་འཁྲུལ་ལུགས་བཀའ་སྩལ་པ།། འཁྲུལ་སྨན་ཆེན་པོ་དང་འདྲ་སྟེ།། གཞི་དང་འཁྲུལ་པའི ་ཉེས་པ་དེ།། སུན་བཏོན་ལ་ཟློས་གྲངས་བསྟན་པའི།། འཁྲུལ་གཞི་མེད་པའི་འཁྲུལ་པ་དེ།། རི་བོང་རྭ་བཞིན་ཡོད་མི་སྲིད།། འཁྲུལ་གཞི་ལས་ནི་འཁྲུལ་པ་བྱུང་།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ངོ་བོ་མི་འགྱུར་གཞི ་པར་རིགས་པར་མིན།། གངས་ཀྱི་ཞུན་ཆུ་ཁོལ་མ་དག། མཁས་པས་བཏུང་བར་བྱ་བ་མིན།། པདྨ་ཟེ་འབྲུ་ཁ་མི་དབྱེ།། ཟླ་ཚེར་མ་ཡིན་ཁ་མི་དབྱེ།། མ་རྟགས་བུག་རྡོལ་ཅན་གྱི་སྣོད།། ཁ་མི་དབྱེ་ཞིང་བཅུད་མི ་བླུག། དོན་དང་མི་ལྡན་བཅོས་མི་དགོས།། བསྲེལ་ཞིང་སྤྱད་པར་བྱ་བ་མིན།། ཤེལ་གྱི་མཆོད་རྟེན་འོད་འབར་བ།། མགུལ་ནས་གདགས་པར་བྱ་བ་མིན།། ཁྱུང་ཆེན་ནམ་དཔངས་སྤྱོད་པ་ཡང་།། གཤོག་པ་གཡས ་གཡོན་གཅོད་མི་བྱ།། བཻ་ཌཱུརྱ་ཡི་རྡོ་རྗེ་དག། ར་བཅག་སྡིག་པ་བསམ་མི་ཁྱབ།། རིན་ཆེན་འབར་བ་ཟ་མ་ཏོག། དུག་སྦྱོར་བ་ཡི་སེམས་ཙམ་བྱ་མི་རུང་།། རིན་པོ་ཆེ་ཡི་ལྕུག་ཕྲན་རྣམས།། ཅུང་ཟད་སྣང་བར་སྤོང་མི ་བྱ།། རྡོ་རྗེ་འཕྲེང་བ་རྒྱུན་ཟག་ནི།། འདྲེས་ཤིང་སྤྱན་པར་བྱ་བ་མིན།། སྤུ་གྲིས་གཏམས་པའི་ཚིག་པ་དག། སུས་ཀྱང་དྲལ་བར་བྱ་བ་མིན།། དགོས་པ་འབྱུང་བ་རིན་པོ་ཆེ།། བསྲེག་པའི་དྲས་གྲོས་བྱ་མི་རུང་།། དུང ་དང་བཅས་པའི་མེ་ཏོག་དག། ནམ་ཡང་དབུལ་བར་བྱ་བ་མིན།། གསེར་གྱི་ལྕགས་ཀྱུས་མ་བཟུང་བའི།། ཉ་ཤ་ནམ་ཡང་བཟའ་མི་བྱ།། ནགས་ཁྲོས་སྟོང་པའི་ཕྱོགས་དག་ཏུ།། རྣལ་འབྱོར་མིག་ལྟར་མི་རུང་ངོ་།། མ ་ཡིས་སྦྱར་བའི་རྩི་སྨན་དག། ཐེ་ཚོམ་མེད་པར་རྒྱུན་མི་གཅད།། འཕྲུལ་གྱི་མེ་ལོང་སྣང་བའི་གཡའ།། རྟག་ཏུ་ཕྱི་ཞིང་བལྟ་བར་བྱ།། དུག་སྦྲང་འཐུང་དང་ཚོང་བསམ་གྱིས།། འགྲོ་ཉལ་མི་བྱ་མར་མེ་གཏང་།། སྡོམ་ལ ་འཁྲུལ་པ་ཡིས།། རྒྱུ་འབྲས་ལོག་པའི་བརྟུལ་ཞུགས་ཀྱིས།། ཐར་ལམ་མི་ཐོབ་འཁོར་བར་ལྟུང་།། མར་འདོད་བྱེ་མ་བཙིར་བ་བཞིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་མེད་ཆད་པར་འདོད་པ་ནི།། ་ཁ་དོག་དབྱིབས་མེད་ཆད་གཞི་བྱས།། སྔ་ཕྱི་རྒྱུ་འབྲས་མེད་པར་འཁྲུལ།། སྐུར་བཏབ་དམྱལ་བ་ཆེན་པོར་ལྟུང་།། ཆད་དུ་མ་སྟེར་རིག་པར་ཡོད།། དེ་ཕྱིར་གཞི་ལ་གོལ་མེད་པས།། རང་བྱུང་ཡེ་ཤེས་ཀློང་ན་གནས།། ་ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཕུང་པོས་བསྡུས་པའི་ཆོས་རྣམས་ཀུན།། དང་པོ་ཡེ་མེད་སྟོང་པ་ལས།། གློ་བུར་ཟིལ་ཙམ་ཕྲ་རགས་སྐྱེད།། དེ་ལས་ཡིད་སེམས་ཆ་ཕྲ་བྱུང་།། རྒྱུ་རྐྱེན་དག་ལས་བྱུང་བ་སྟེ།། བྱུང་ཡང ་འབྱུང་བ་བཞི་ལས་བྱུང་།། ལས་ཀྱི་རྒྱུ་འབྲས་མེད་པར་ནི།། འབྱུང་བ་ལྔ་ཞིག་རང་ཐིམ་ནས།། མེ་ཤི་ཐལ་བ་རླུང་ཁྱེར་འདྲ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། གཉིས་ཀའི་གཞི་འདོད་མུ་སྟེགས་ནི།། རིག་བྱེད་སྨྲ་བའི ་ལྟ་བ་སྟེ།། རང་སེམས་ཤེས་པ་ལུང་མ་བསྟན།། གཞི་ནི་ངེས་པ་མེད་པ་ལས།། སྣང་བ་གང་ཡང་མི་འགོག་འདོད།། གདོན་གྱིས་ཟིན་པའི་སྨྱོན་པ་འདྲ།། དེ་ཡི་འབྲས་བུ་ངེས་པར་ནི།། སེམས་ཀྱི་རྩ་བ་མ་ཤེས་པས།། ་འབྱུང་ཆེན་གཏོས་ཀྱི་མུན་པ་བཞིན།། ཐུགས་རྗེའི་ཉི་ཟེར་ཞགས་ཐག་ཆད།། དམྱལ་བའི་འབྲས་བུར་ཐེ་ཚོམ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་མུ་སྟེགས་ཀྱིས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཐེག་པའི་རིམ་པ་བཀའ་སྩལ་པ།། གཞི་ནི་ངོ་བོ་ཉིད་སྐུ་དེ།། མཐུན་དཔེ་མེ་ལོང་ལྟ་བུ་ལ།། གཟུགས ་བརྙན་ཐེག་པ་རིམ་དགུ་བྱུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དོན་རྣམ་པར་ཕྱེ་བ་ནི།། དང་པོ་ཉན་ཐོས་ལྟ་བ་ཡང་།། མདོ་སྡེ་པ་དང་བྱེ་བྲག་པ།། གང་ཟག་བདག་མེད་ཆོས་བདག་ཡོད།། ཡུལ་ལ་དངོས་པོར ་འཛིན་ཕྱིར་གོལ།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། སྣང་བ་ཕྲ་རགས་ཡུལ་གྱི་གཞི།། ཆོས་ལ་བདག་ཏུ་འཛིན་པ་ཡོད།། ཞི་བ་ཕྱོགས་གཅིག་ཐར་མི་ཐོབ།། ལྷག་མཐོང་མེད་ཕྱིར་སྐྱེ་བོ་རང་།། དོན་རྟོགས་ཡུལ ་འདི་ཆོས་ཀྱི་དབྱིངས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བདེན་པ་བཞི་ཡིས་སྒོར་ཞུགས་ནས།། དབུགས་ལ་སེམས་ཞུགས་འགོག་པར་བསྒོམ།། སྔོན་གྱིས་བསྟན་པ་ལ་ཞུགས་ནས།། ད་ལྟའི་སྟན་ལ་མཉམ་པར ་བཞག། ད་ལྟའི་བསྟན་པ་ལ་བཞུགས་ནས།། མཁན་སློབ་བསྡོམ་པའི་ཁྱད་པར་གྱིས།། རེ་དོགས་སྤྱོད་པ་ཆེད་བྱེད་པའི།། དཀའ་ཐུབ་ལུས་གདུང་བཟོད་པ་ཡི།། སེམས་ཀྱིས་ལུས་ངག་བཙོན་དུ་བཟུང་།། མ་འོངས ་སྨོན་ལམ་རྗེས་འདེབས་ཀྱང་།། རྡུལ་དང་ཤེས་པ་གཉིས་འདོད་པས།། གླང་ཆེན་འདམ་དུ་བྱིང་བ་སྟེར།། ལུས་ངག་ལས་ཀྱི་རྩོལ་བ་ཡིས།། འབྲས་བུ་མི་ཐོབ་སྙིང་རྗེའི་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐ ་མ་དག་ལ་མི་བསྟེན་པར།། རང་སེམས་དོན་ལ་བློ་སྦྱངས་ཕྱིར།། རྟེན་འབྲེལ་ཕྱི་ནང་རྩད་བཅད་ནས།། ཡུལ་རྣམས་ཕྱོགས་ཆ་བཅད་གཞིག་ནས།། བསེ་རུ་ཁྱུ་ལྡིང་དཔེ་བཞིན་དུ།། སྒོ་ལྔ་མི་འགེག་ཆུ ་བ་འགེག། རྗེས་འབྲང་མེད་པ་ཙམ་དུ་བསྒོམ།། ནན་བསྒོམ་ཡིན་ཕྱིར་དོན་དང་འགལ།། སྟོང་པ་ཉིད་ལ་རྟེན་འཆའ་བས།། སྤང་སྡུད་ཞེན་པ་ཡོད་ཕྱིར་གོལ།། བཙན་པར་མི་འགྱུར་ཉམས་པ་ཡིས།། ནོར་བུས་རྒྱལ ་སྲིད་བསྒོམ་པ་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་རྣམས་སེམས་སུ་བསྡུས་ནས་ནི།། སེམས་ཙམ་ཀུན་གཞི་རྟོག་པ་ཡི།། གོང་འོག་ཤེས་དག་སྐད་གཅིག་འདོད།། རིག་པ་རང་རྒྱལ་གྲངས་ཅན་གོལ།། རྟག། ་དང་ཁྱད་མེད་སྒྲོ་འདོགས་ནོར།། ཆོས་སྐུ་རང་རིག་འགྱུར་བ་མེད།། དབུ་མ་པ་ཡིས་འདོད་གཞུང་དེ།། ངོ་བོ་དངོས་མེད་གཞིག་བྱས་ཏེ།། ཡུལ་སེམས་བཞི་པ་སྟོང་པར་འཁྲུལ།། ཅི་ཡང་མེད་པའི་སྐྱེ་མཆེད་ལྟུང་།། ་ཚད་དང་ཁྱད་མེད་སྟོང་པར་འཁྲུལ།། སྟོང་ཞིང་རང་བྱུང་ཆོས་སྐུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཙམ་དབུ་མའི་མཚན་ཉིད་དེ།། ཀུན་རྫོབ་དང་ནི་དོན་དམ་དུ།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། ་བདེན་པ་གཉིས་གཉིས་དོན་དག་ཏུ།། ཀུན་རྫོབ་སྒྱུ་མ་ཙམ་དུ་ཤེས།། དོན་དམ་སྤྲོས་དང་བྲལ་བ་ལ།། མི་དམིགས་ཞི་གནས་ལྷག་མཐོང་དུ།། རྩེ་གཅིག་སེམས་ཀྱིས་ཏིང་འཛིན་བསྒོམ།། སྤྱོད་པ་སྙིང་རྗེས་གཞི་བཟུང ་ནས།། ཕ་རོལ་ཕྱིན་བཅུ་ལམ་ལྔ་ལ།། སེམས་བསྐྱེད་གཞན་དོན་ཆེད་དུ་བྱེད།། བདག་གཞན་སྒྱུ་མ་ཙམ་དུ་འཛིན།། འབྲས་བུ་ངེས་པར་འདོད་པ་ནི།། ཀུན་རྫོབ་སྒྲིབ་སྦྱངས་དོན་དམ་གྱིས།། བདེན་པ་མཐོང་བ་ཆེད ་དུ་བྱེད།། གཅིག་པོར་ནས་ནི་གཅིག་འཚོལ་བ།། ཆུ་བཞག་ཟླ་བ་ངོས་འཛིན་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐམས་ཅད་རྩ་བ་གཅིག་པའི་ཕྱིར།། རང་རིག་སེམས་ཀྱི་སྙིང་པོའི་དོན།། ཟབ་ལ་རྒྱ་ཆེ་མི་ཤེས ་པར།། བསམ་མེད་དག་ཏུ་གང་འཇོག་པའི།། བྱིས་པ་དེ་ནི་བླུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་མཚན ་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཕྱི་པ་ཀྲི་ཡོག་རྣམ་གསུམ་ནི།། ནམ་མཁའ་སྨིག་རྒྱུའི་དཔེ་བཞིན་དུ།། དག་པ་ཆོས ་ཉིད་ཀྲི་ཡའི་གཞི།། བཟང་ངན་གཙང་སྦྲས་དངོས་གྲུབ་རེ།། གྲུབ་པ་མི་ཐོབ་བྱོལ་སོང་རྒྱུ།། གཙང་སྦྲས་མི་གྲོལ་རྟོག་པ་ཉིད།། སྤྱོད་པ་མ་ཡེངས་གཞི་དག་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་མེད་རིག་པ ་རང་གསལ་གྱིས།། ཆོས་ཉིད་སྟོང་པའི་ངང་ལས་ནི།། དག་པ་བཞི་ཡི་སྒོར་ཞུགས་ནས།། མ་ཉམས་མ་སྨེ་གཙང་སྦྲ་བཅས།། ཡོ་བྱད་ཕྱི་ལ་གཙོར་མཛད་ཅིང་།། བདག་དང་ཡེ་ཤེས་རྗེ་འབངས་ཚུལ།། ཀུན་རྫོབ་ལྷ་ཡི ་དཀྱིལ་འཁོར་དུ།། རྒུད་དག་པ་ཡི་ཏིང་འཛིན་གྱི།། སྐུ་ཡི་གཟུགས་བརྙན་ཕྱག་རྒྱ་ཡང་།། བཟླས་བརྗོད་གཙང་སྦྲ་དུས་ཚོད་ཀྱི།། རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ཡིས།། འབྲས་བུ་གཞན་ལ་རེ་བའི ་ཕྱིར།། རིགས་གསུམ་དཀྱིལ་འཁོར་ལྷར་གསལ་ཀྱང་།། དངོས་གྲུབ་གཞན་ལ་རེ་བའི་ཕྱིར།། ཁྱི་རྒན་འདབ་ཆགས་བསྙེགས་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་སེམས་དབྱེ་བ་མེད་པ་ལ།། ཨུ་པ་ཡ་ཡི ་ཐེག་པ་ནི།། གོང་འོག་ལྟ་སྤྱོད་གཉིས་འཛིན་པས།། ནེ་ཚོ་མི་ལྟར་འདོད་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡོ་ག་རྣལ་འབྱོར་སེམས་དཔའ་དེས།། དབྱེར་མེད་སངས་རྒྱས་གཞི་བྱས་ཏེ།། བྱང་ཆུབ་རྣམ་ལྔར ་མཉམ་པར་འདོད།། བསྒོམས་ཀྱང་མི་གྲོལ་འདོད་ཁམས་ལྟ།། སེམས་ཙམ་པ་དང་ཁྱད་མེད་གོལ།། ལ་བཟླ་རིག་པ་ཆོས་སྐུར་ཤེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་བ་ཆོས་ཉིད་རྣམ་དག་ལ།། རྣམ་པར་སྣང ་མཛད་ཆེན་པོ་རུ།། དོན་རྟོགས་ངང་ལ་དབྱེར་མེད་ཕྱིར།། ཕྱག་རྒྱ་བཞི་ཡི་སྒོར་ཞུགས་ནས།། ཡོ་བྱད་གཙོ་རུ་མི་འཛིན་པ།། དོན་དམ་སྐྱེ་འགག་མེད་པ་ཡིས།། ལྷ་ཡིས་དཀྱིལ་འཁོར་འཕགས་པའི་སྐུ།། ཆོས་དབྱིངས ་དག་གི་བྱིན་རླབས་ལས།། སྤུན་དང་གྲོགས་པོའི་ཚུལ་དུ་ནི།། ལྷ་དང་བདག་ཏུ་མཉམ་པ་ཡིས།། དམ་ཚིག་ཡེ་ཤེས་ལྷར་གསལ་ཀྱང་།། རྒྱལ་སྲིད་མེད་པའི་བློན་པོ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བླ་མའི ་དོན་མེད་ནན་བརྟགས་ཀྱིས།། དམིགས་པ་ཅན་ལ་སེམས་བརྟགས་ཀྱང་།། རྣམ་པར་གྲོལ་བར་མི་ནུས་ཏེ།། ནམ་མཁའ་དག་ལ་འཛིན་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། ཕྱི་བ་རྒྱུད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྣལ་འབྱོར་མ་ཧཱ་ཡོ་ག་ཡིས།། ་ནམ་མཁའི་སྤྲིན་དང་ཁུ་རླངས་བཞིན།། བདེན་པ་དབྱེད་མེད་འདོད་པའི་གཞི།། རྟོག་ཚོགས་ལྷར་བསྒྱུར་བསྒོམ་པས་འཁྲུལ།། དེ་ཕྱིར་བགེགས་དང་རུ་དྲར་ལྟུང་།། དབུ་མ་དང་འདྲ་འབྲས་བུ་གོལ།། ལམ་ལ་མི ་བརྟེན་རྟོག་པས་ཆོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་ཡེ་ནས་སངས་རྒྱས་ལ།། སེམས་ཀྱི་རྣམ་རྟོག་ཅི་སྐྱེས་ཀྱང་།། མཚན་མ་དངོས་པོ་མ་གྲུབ་ཅིང་།། དཔེར་ན་ནམ་མཁའི་བསེར་བུ་བཞིན།། དེ ་ཡང་འདུས་པའི་སྙིང་པོ་ཉོན།། ཡོད་མེད་དབུས་ལ་མི་གནས་པས།། སྐུ་གསུམ་ཡེ་ཤེས་ལྷུན་གྲུབ་ཀྱི།། ཡུལ་སེམས་དབྱེ་བ་མེད་པར་འདོད།། དེ་ཕྱིར་བདེན་པ་གཉིས་མེད་གཞི།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ་དེ་དོན་ལམ་གྱི་རིམ་པ་ནི།། ཐབས་དང་ཤེས་རབ་སྒོར་ཞུགས་ནས།། ཏིང་འཛིན་གསུམ་གྱིས་ལྷར་བསྒོམ་པ།། གྲིབ་མ་གཟུགས་སུ་བསྒྱུར་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ངེས་པའི་འབྲས་བུ ་ནི།། བསྙེན་བསྒྲུབ་ཚད་དུ་བྱས་པ་ཡིས།། སྐུ་གསུམ་ཡེ་ཤེས་ལྷུན་གྲུབ་འདོད།། དེ་ཕྱིར་ཡེ་ཤེས་བསྲེས་པས་ནོར།། རྩོལ་བསྒྲུབ་ཡོད་ཕྱིར་དོན་དང་འགལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཨ་ནུ་ཡོ ་གའི་འདོད་པ་དེ།། ཀུན་གཞི་མཁའ་ཀློང་གཞི་བྱས་ཏེ།། སྣང་བ་ཀུན་བཟང་རོལ་བར་འཁྲུལ།། ཡོད་མིན་མེད་མིན་སྐྱེ་མཆེད་དང་།། མཁའ་ཀློང་དབུ་མ་ཆད་དང་འདྲ།། ལ་བཟླ་ཆོས་ཀྱི་དབྱིངས་ཉིད་ཡིན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། ཕྱི་ནང་ཆོས་རྣམས་མ་ལུས་ཀུན།། ཡིད་དང་ཀུན་གཞི་གཉིས་འདུས་པས།། ཡང་དག་བདེ་ཆེན་ཐུགས་ཀྱི་སྲས།། ཕྱི་ནང་ཆོས་ཀུན་མཉམ་པ་ཉིད།། དྲན་པ་ཙམ་གྱིས་ལྷར་གསལ་གྱིས།། ་ང་འཇོག་ཆེད་བྱ་རྩོལ་བ་ཡོད།། དེ་ཕྱིར་ཀུན་ཏུ་བཟང་པོ་ཡི།། ཀུན་གཞི་མཁའ་ཀློང་རྣམ་དག་ཏུ།། རྣམ་རྟོག་མཚན་མ་གང་སྤྱོད་ཀྱང་།། ནམ་མཁའ་གཟའ་སྐར་བཙལ་མེད་བཞིན།། ཀུན་བཟང་བདེ་ཆེན་ཐབས་ཀྱི ་གཙོ།། ཀུན་ཏུ་བཟང་མོ་གཉིས་མེད་མཁར།། འདུ་འབྲལ་མེད་པ་ཆོས་ཀྱི་སྐུ།། བདེ་ཆེན་གཉིས་མེད་རིག་པའི་རྩལ།། ངེས་པའི་གསང་སྒོ་མ་ཤེས་པས།། ཀུན་བཟང་སྤྱོད་པའི་དོན་མི་རྟོགས།། ཉི་མ་སྤྲིན་གྱིས་སྒྲིབ ་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཉིད་རྩོལ་བ་མེད་པ་ལ།། བསམ་པའི་དབང་གིས་བསྐུར་བྱས་པས།། འཁོར་བ་རྒྱ་མཚོར་གཡེང་གྱུར་ཏེ།། མི་ཤེས་པ་ལ་དེ་ལྟར་སྣང་།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྐྱེད་རྫོགས་གཉིས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ་རྫོགས་ཆེན་སྤྱི་ཡིས་འཁྲུལ་ཚུལ་ནི།། འཁོར་ལ་ཆེད་དུ་བཀའ་སྩལ་པ།། སྤྱི་དང་ཁ་འབྱམས་ཀུན་བརྟགས་དང་།། ཚིག་ཟིན་ལུང་གིས་འཁྲུལ་ཚུལ་ནི།། ང་ཡིས་ཁྱོད་ལ་དོན་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད ་ཀྱིས་ཟུང་།། རྫོགས་ཆེན་སྤྱི་ཡིས་འཁྲུལ་ཚུལ་ནི།། རིན་ཆེན་གསེར་སྦྲུལ་མཐོང་སྟོང་བཞིན།། སྤྱི་དང་ཁ་འབྱམས་ཀུན་བརྟགས་དང་།། ལུང་ཚིག་ཙམ་ལ་ཁུངས་ངེས་པ།། དེ་དག་གོལ་བར་ངས་བཤད་ཉོན།། མིང་ནི ་ཚིག་ཙམ་ཤེས་པའི་གཞི།། མཁས་སུ་རེ་ནས་ཐ་སྙད་འདོགས།། དོན་མེད་ནམ་མཁའི་མཐའ་འཚོལ་འདྲ།། ཚིག་ཏུ་ཤེས་པས་དོན་མི་རྟོགས།། ཚིག་ཉིད་དོན་ཡིན་ཟེར་བ་འཁྲུལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ་ཁ་འབྱམས་དཔལ་པོའི་འཁྲུལ་པ་དེ།། སྣང་བས་སེམས་སྡུད་གཞི་རུ་བྱེད།། འཁྲུལ་པའི་དབྱེ་བ་ལྷུན་གྲུབ་བཅུ།། འབྲས་བུ་མི་འབྱུང་ལོག་པར་གོལ།། གཞི་དང་མ་མཐུན་ལུང་རིག་འགལ།། གཞི་ཉིད་མི་ཤེས་སྐྱེ་བོ ་རང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་བརྟགས་ལྷར་ནི་འཁྲུལ་པ་ཡི།། ཕྱི་ནང་གསང་སྔགས་སྣང་བ་བཞིན།། བསྐྱེད་དང་རྫོགས་འདོད་རིམ་པར་འཁྲུལ།། དོན་མ་ཟིན་པས་འབྲས་བུ་མེད།། གཞི་ལ་ལྷ་མེད ་བསྐྱེད་མི་དགོས།། མ་སྐྱེས་ཆོས་སྐུ་ཡེ་ནས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཚིག་ཟིན་ལུང་གི་འཁྲུལ་ཚུལ་དེ།། ཚིག་ཙམ་ལུང་ལ་ཁུངས་མེད་བཞིས།། དགོངས་པ་རྣམ་གསུམ་མ་ཤེས ་འཁྲུལ།། ཚིག་ཙམ་ལུང་གིས་དོན་མ་རྟོགས།། དོན་མེད་ཚིག་ནི་འདི་དག་གིས།། ལུང་མེད་དོན་གོ་ཡེ་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་འཁྲུལ་པ་རྣམ་བཞི་ཡང་།། སྤྱི་ཡི་མཚན་ཉིད་ཡིན་པའི ་ཕྱིར།། གཞི་དང་འགལ་ཕྱིར་དོན་ལས་གོལ།། དེ་ཕྱིར་ལུང་བསྟན་གདམས་ངག་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྫོགས་ཆེན་སྤྱིའི་འཁྲུལ ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན་པ་ལས་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་རང་བྱུང་སྟོན་པ ་ལ།། དད་པའི་ཡིད་ཀྱིས་འདི་སྐད་གསོལ།། ཕྱི་ཡི་རྫོགས་པ་ཆེན་པོ་ཨ་ཏི་ཡི།། ཆོས་རྣམ་སེམས་སུ་ཇི་ལྟར་འདུས།། མུན་པའི་སེམས་ཀྱིས་ཇི་ལྟར་བསྒྲིབས།། སེམས་འདོད་ལྟ་བ་ཇི་ལྟར་གོལ།། རང་སེམས་ངེས ་དོན་ཇི་ལྟར་མིན།། སེམས་ངན་དཔེ་ཡིས་དབྱེ་བ་གང་།། ཚོགས་བརྒྱད་སྐྱོན་དུ་ཇི་ལྟར་ཆེ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས ་སུ་ཆོས་རྣམས་གཅིག་པ་ནི།། འཁོར་བ་མྱ་ངན་འདས་པའི་ཆོས།། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ཏེ།། ལོག་རྟོག་ཡེ་ཤེས་ཐ་དད་ཀྱང་།། སེམས་ཀྱི་ཆོས་ཉིད་ངང་དུ་གཅིག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་དེ ་ཉིད་མཚོན་པའི་དཔེ།། སྤྲིན་དང་གཞའ་ཚོན་ཁུ་རླངས་དང་།། འབྱུང་བའི་ཆོ་འཕྲུལ་སྣ་ཚོགས་པ།། ནམ་མཁའི་ངང་དུ་རོ་གཅིག་བཞིན།། ཡུལ་གྱི་ཐ་སྙད་མཚན་མ་རྣམས།། རང་གི་སེམས་ཀྱིས་རྟོག་པའི་ཕྱིར།། ཕྱི ་ནང་ཆོས་ཀུན་སེམས་སུ་གཅིག། དེ་ཕྱིར་ཆོས་རྣམས་མ་ལུས་ཀུན།། རིགས་རྒྱུད་མེད་ཕྱིར་སེམས་སུ་གཅིག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིགས་འཁྲུལ་པའི་སེམས་འདི་ཡིས།། བྱང་ཆུབ་ཐོབ་འདོད་སྙིང་རེ ་རྗེ།། ཉིད་ལ་ཉིད་འཁྲུལ་ཡིན་པའི་ཕྱིར།། སྨྱོན་པས་གྲིབ་མ་བསྙེགས་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཐམས་ཅད་སེམས་སུ་འདུས་པར ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མ་རིག་སེམས་ཀྱི་མུན་པ་འདི།། སྤང་སྡུད་ཞེན་པའི་རྟོག་པ་དང་།། བག་ཆགས་ཉོན ་མོངས་འཁོར་བ་སྟེ།། དེ་བྲལ་ཆོས་སྐུའི་ཐིག་ལེ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྤང་བའི་རྟོག་ལ་སྐྱེས་པའི་ཆེ།། འདུ་བྱེད་ལྔ་བཅུ་སྐར་ཕྲན་འདྲ།། ཚོགས་བརྒྱད་སྐྱེ་འགག་ཟླ་བ་འདྲ།། ཀུན་གཞི་ནམ ་མཁའི་སྤྲིན་དང་འདྲ།། དེ་ཀློང་ཐིག་ལེ་ཉག་གཅིག་ཡོད།། དཔེར་ན་ཉི་མའི་འོད་སྒྲིབ་འདྲ།། རང་ལ་སྐྱེས་པའི་སྒྲིབ་པ་རྣམས།། སྤང་བས་མི་སྤོང་གྲིབ་མ་འདྲ།། དེ་ཕྱིར་སྤང་བའི་རྟོག་པ་གོལ།། ད་ཡང ་འདུས་པའི་སྙིང་པོ་ཉོན།། སྡུད་པའི་རྟོག་པ་སྐྱེས་པའི་ཚེ།། འདུ་བྱེད་མཚོ་ཁའི་ངང་ངུར་འདྲ།། ཚོགས་བརྒྱད་ཉ་ལ་སྲམ་ལྡང་འདྲ།། ཀུན་གཞི་རྒྱ་མཚོ་ཆེན་པོ་འདྲ།། ནང་ན་ཐིག་ལེ་ཉག་གཅིག་བཞུགས།། དཔེ་ནི་ཨུ ་དུམ་ཝ་ར་འདྲ།། ཁ་ན་མི་མངོན་གཏིང་ན་གནས།། དེ་བཞིན་ཡུལ་དང་འབྲལ་མེད་ཕྱིར།། དེ་བསད་ཤ་ལ་ཟོས་པ་མེད།། སེམས་ཡིན་ཆོས་ཀྱིས་སངས་མི་རྒྱ།། དེ་ཕྱིར་སྡུད་པའི་རྟོག་པ་གོལ།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ཞེན་པའི་རྟོག་པ་སྐྱེས་པའི་ཚེ།། འདུ་བྱེད་ལྔ་བཅུ་ནགས་ཚལ་འདྲ།། རྣམ་ཤེས་ཚོགས་བརྒྱད་རི་དྭགས་འདྲ།། ཀུན་གཞིའི་བག་ཆགས་རྩ་གྲངས་འདྲ།། དེ་ཡི་གསེབ་ན་ཆོས་སྐུ་བཞུགས།། དཔེ་ནི་སེང ་གེ་དཀར་མོ་འདྲ།། གཞན་གྱིས་མཐོང་བ་མེད་པ་བཞིན།། དངོས་པོའི་ཡུལ་ལ་བྱང་ཆུབ་མེད།། དེ་ཕྱིར་ཞེན་པའི་རྟོག་པ་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྔར་གྱི་བག་ཆགས་དྲན་པའི་ཚེ།། འདུ་བྱེད་ལྔ་བཅུ ་ཆུ་ལྟར་འབྲུབ།། རྣམ་ཤེས་ཚོགས་བརྒྱད་མེ་ལྟར་འབར།། ཀུན་གཞིའི་བག་ཆགས་གཟིང་ལྟར་འཛིངས།། དེ་གསེབ་ཐིག་ལེ་ཉག་གཅིག་བཞུགས།། དཔེར་ནི་རིན་ཆེན་གསེར་དང་འདྲ།། དེ་དོན་རྙེད་པ་དཀའ་བའི ་ཕྱིར།། བག་ཆགས་དགེ་སྡིག་བསགས་པའི་ལས།། སེམས་ལ་འཛིན་པ་ཡོད་ཕྱིར་གོལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཕྱིས་ཀྱི་ཉོན་མོངས་སྐྱེས་པའི་ཚེ།། འདུ་བྱེད་ལྔ་བཅུ་རླུང་ལྟར་འཚུབས།། རྣམ་ཤེས་ཚོགས ་བརྒྱད་རྦབ་ལྟར་རྒོད།། ཀུན་གཞིའི་ཉོན་མོངས་མུན་ལྟར་གཏིབས།། དེ་ནང་ཐིག་ལེ་ཆོས་སྐུ་ཡོད།། དཔེར་ན་རིན་ཆེན་འདམ་བྱིང་འདྲ།། ཁ་ནས་མི་མཐོང་གཏིང་ན་གནས།། མ་རིག་ཉོན་མོངས་གཏིང་ན་གནས།། ་མ་རིག་ཉོན་མོངས་སྐྱེས་པའི་ཚེ།། འཁོར་བའི་མཐའ་ལ་ཟད་པ་མེད།། དེ་ཕྱིར་ཕྱི་མའི་རྒྱུར་བྱུང་གོལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། སྔ་ཕྱིའི་རྟོག་པ་སྐྱེས་པ་ཡི།། སེམས་དང་སེམས་བྱུང་ལ་སོགས་པ།། མ ་རིག་འཁྲུལ་པས་རྟག་ཏུ་མྱོས།། དེ་ཕྱིར་ཀུན་གཞི་འཁོར་བའི་ཆོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཀྱི་མུན་པས་ཐིག་ལེ་ཉག་གཅིག་སྒྲིབ ་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། སེམས་འདོད་གོལ་བར་བཀའ་སྩལ་པ།། སེམས་ཀྱིས་ཆོས་སྐུ་བསྒྲིབས་པའི་ཕྱིར།། འཁོར་འདས་གཉིས་ཀྱི་བར་དོ་ནི།། ་ཐོག་མཐའ་གཅོད་ནི་མ་ཤེས་ན།། སྐྱེ་རྒ་ན་འཆི་ལས་མི་ཐར།། ས་མཁན་མེད་པའི་ཚོང་པ་འདྲ།། སྐྱེ་འཆི་གཉིས་ཀྱི་བར་དོར་ནི།། ཆོས་སྐུའི་ངོ་སྤྲོད་མ་ཤེས་ན།། མ་རིག་མུན་པ་སངས་དུས་མེད།། སྒྲོན་མ་མེད་པའི ་མུན་ཁུངས་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུས་སེམས་གཉིས་ཀྱི་བར་དོ་ན།། གོལ་ས་གཅོད་ནི་མ་ཤེས་ན།། ཉོན་མོངས་ཞེན་པ་ལྡོག་མི་སྲིད།། དྲེད་མོང་གདོས་ཀྱིས་ཟིན་པ་འདྲ།། མཉམ ་བཞག་རྗེས་ཐོབ་པར་དོ་ན།། རྒྱུན་དུ་འབྲལ་མེད་མ་ཤེས་ན།། བལྟ་བསྒོམ་གཉིས་ཀྱིས་རྐྱེན་མི་ཐུབ།། ཆུ་བྲན་ཟན་པས་བསྐམ་པ་འདྲ།། སྲིད་པ་དག་གི་བར་དོ་ནི།། སངས་རྒྱས་དུས་ནི་མ་ཤེས་ན།། གཟུགས་སྐུ ་རྣམ་གཉིས་འབྱུང་མི་སྲིད།། རིན་ཆེན་གདམ་དུ་སྟོར་བ་འདྲ།། བདག་གཞན་རྩོད་པའི་བར་དོ་ནི།། གལ་མདོ་ཚིག་གི་འཕྲང་མེད་ན།། ཐེག་པ་གཞན་ལས་བོགས་མི་ཐོབ།། གཡུལ་ངོ་ཕམ་པའི་བློན་པོ་འདྲ།། ད་ཡང ་འདུས་པའི་སྙིང་པོ་ཉོན།། དེ་དག་གདམས་ངག་མེད་པའི་སྐྱོན།། སེམས་ཀྱི་རྩ་བ་མ་རིག་པས།། འཁྲུལ་པ་སྣ་ཚོགས་འབྱུང་བའི་ཕྱིར།། འཁོར་བའི་རྩ་བ་ཆགས་སྡང་ལྔས།། ངན་སོང་གསུམ་དུ་རྟག་ཏུ་འཁོར།། དེ ་ཕྱིར་མ་རིག་སེམས་ཀྱིས་འཁྲུལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཀྱི་འདོད་ལུགས་རྣམ་པ་བཅུ།། ནན་བརྟགས་ལྟ་བ་ལོག་པར་བསྟན།། དེ་ཕྱིར་སྣང་བ་སེམས་སུ་བྱས།། ངེས་དོན་ཤེས་པ་བློ་ཡིས ་བཅོས།། ཡང་དག་སེམས་མེད་ཆོས་མ་ཤེས།། དེ་ཕྱིར་ལུང་མེད་རིགས་པས་དཔྱད།། ཡུལ་སེམས་གཅིག་པར་བློ་ཡིས་བསྲེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བདེ་གཤེགས་སྙིང་པོ་མ་མཐོང་བར།། ལུང་ལྡན ་ངེས་པའི་དོན་ཆེན་ནི།། མ་རྙེད་བར་དུ་སངས་མི་རྒྱ།། དེ་ཕྱིར་ཆོས་ཀུན་རྩ་བ་ནི།། ཆོས་སྐུ་རང་གི་སེམས་ཀྱིས་བསྒྲིབས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ནི་དོན་མེད་འཁྲུལ་པའི་ཕྱིར།། ཆོས་སྐུའི་གོལ་ས ་སེམས་ཡིན་པས།། རང་བྱུང་ཆོས་ཉིད་སེམས་དང་བྲལ།། སེམས་མེད་རང་བྱུང་ཆོས་ཀྱི་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གང་ཡང་རུང་བས་ཅི་ལ་ཡང་།། ཡིད་ནི་སྒོ་ལྔའི་རྗེས་འབྲང་བས།། བལྟ་བསྒོམ་མ ་ཡིན་མ་རིག་སེམས།། རིགས་དྲུག་བསྐྱེད་པའི་སེམས་ཡིན་ཕྱིར།། མ་རིག་འཁྲུལ་པ་སེམས་ལས་བྱུང་།། དེ་ཕྱིར་སེམས་ནི་གོལ་བར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་སྙིང་པོ་ཆོས་སྐུ་ལ།། ་ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ།། སྣ་ཚོགས་ཡུལ་ལ་ཞེན་གྱི་བར།། རང་གི་སེམས་ཞེས་དེ་ལ་བྱ།། སྐྱོན་གྱི་རྩ་བ་སེམས་ཡིན་པས།། དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ།། སེམས་ནི་རྒྱུ་རྐྱེན་བསྐྱེད་པའི་ཕྱིར།། ་ངེས་དོན་མ་ཡིན་འཁྲུལ་པའི་བློ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐེག་དགུ་སེམས་སུ་འདོད་པའི་ཕྱིར།། ངེས་དོན་ཨ་ཏིའི་གོལ་སར་གསུངས།། དེ་ཕྱིར་སེམས་ནི་འཁོར་བའི་ཆོས།། དམུས་ལོང་རིན་ཆེན་མི ་མཐོང་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་སེམས་གོལ་བར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར ་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སེམས་ནི་འཁོར་བའི་རྩ་བ་སྟེ།། ཡུལ་ནི་སྣ་ཚོགས་སྣང་བ་ལ།། སེམས་ཀྱིས་རྟོག་པ་སྣ་ཚོགས་ཞེ་ན།། དེ་ཕྱིར་སེམས་ནི་འཁོར་བའི་རྒྱུ།། རྟག་ཆད ་འཛིན་པའི་སེམས་ཡིན་པས།། ལྟ་བ་ལོག་པ་སེམས་ལས་བྱུང་།། གང་དྲན་རང་སེམས་འཁྲུལ་པ་སྟེ།། སེམས་ལས་བྱུང་བའི་འཁྲུལ་རྟོག་གིས།། ཆགས་སྡང་ཐམས་ཅད་བསྐྱེད་པར་བྱེད།། དེ་ཕྱིར་འཁོར་བ་སེམས ་ཀྱིས་བྱས།། དེ་ནས་འཁོར་བའི་སྡུག་སེམས་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཀྱིས་བྱས་པའི་རྟོག་པ་ཡིས།། སྐྱེ་བ་རྒྱུད་པ་གྲངས་མེད་པ།། སེམས་ཀྱིས་བྱས་ཕྱིར་རང་བྱུང་མེད།། དེ་ཕྱིར་སེམས་འདི། ་གློ་བུར་འཁྲུལ།། དེ་བརྟས་ཆོས་བརྒྱད་དམ་པར་ཞེ་ན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་མ་མཐོང་གླེན་པ་ཀུན།། སེམས་ལས་མ་གཏོགས་ཆོས་མེད་ཟེར།། དེ་ཕྱིར་རྨོངས་པའི་བློ་རེ་ནོར།། གླེན་བསྒོམ ་མུན་པ་བསྒོམས་པས་ཕུང་།། གང་དྲན་སེམས་ཀྱི་ཆོས་འདི་ལོག། ཡིད་ལ་བྱེད་པའི་ལས་ངན་ཀུན།། བླང་དོར་སེམས་འདི་ཤིན་ཏུ་འཆོལ།། དྲང་དོན་སེམས་སུ་བསྟན་པས་ཕུང་།། དཔྱད་བཟོ་བྱས་པས་སེམས་འདི ་དཀྲུགས།། མཁྱེན་དུ་རེ་བའི་སྤྲིན་ཚིག་གིས།། ངེས་དོན་མ་ནོར་བཀའ་འདི་བསླད།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་རྨོངས་པའི་གང་ཟག་ཀུན།། ཆོས་སྐུ་རང་ཡན་སེམས་ཡིན་ཟེར།། དེ་ཕྱིར་ཚིག་ལས ་དོན་མ་གོ།། མིང་ལས་ངེས་དོན་ཤེས་པ་ཀུན།། དེ་ཕྱིར་སེམས་ཀྱིས་བྱང་མི་ཆུབ།། དེ་ཉིད་བཙལ་བའི་མཐུན་དཔེ་ནི།། རྗེས་ནས་བཙལ་བས་གླང་པོ་རྙེད།། སེམས་ཀྱི་ཕྱོགས་ནས་དོན་བཙལ་ན།། རང་རིག་རྒྱལ་པོ ་ཡེ་ཤེས་རྙེད།། དེ་རྙེད་སེམས་སུ་འཛིན་པ་བྲལ།། འཛིན་བྲལ་སེམས་མེད་རང་རིག་སྐུ།། དེ་དོན་འབྲལ་མེད་བྱང་ཆུབ་ཀློང་།། སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ལས ་སངས་རྒྱས་འདོད་པ་ནི།། མོ་གཤམ་བུ་དང་གཉེན་བྱེད་བཞིན།། སྣང་བ་སེམས་ཡིན་ཟེར་བ་དེ།། ར་གན་གསེར་དུ་འཛིན་དང་འདྲ།། དེ་བས་ལུང་ལྡན་དོན་རྙེད་ན།། རང་བྱུང་སྙིང་པོའི་དོན་རྟོགས་པས།། མ་རིག ་སངས་ནས་རང་སེམས་བརླག། དེ་ཕྱིར་ཆོས་སྐུ་འགྱུར་བ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་སེམས་ངེས་དོན་མེད་པར་བསྟན་པའི་ལེའུ་སྟེ། ་བཅུ་བདུན་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡི།། སེམས་ཀྱི་རྣམ་གྲངས་མཚོན་པའི་དཔེ།། འདུས་པའི་འཁོར་ལ་བརྩེར་དགོངས་ནས།། ཆེད་དུ་དབྱེ་བ་བཀའ་སྩལ་པ།། སེང་གེ་ལྟ་བུའི་སེམས་དང་། ་གཟིག་ལྟ་བུའི་སེམས་དང་། དོམ་ལྟ་བུའི་སེམས་དང་། དྲེད་མོ་ལྟ་བུའི་སེམས་དང་། སྤྱང་ཀི་ལྟ་བུའི་སེམས་དང་། གཡི་སྤྱང་ལྟ་བུའི་སེམས་དང་། འཕར་བ་ལྟ་བུའི་སེམས་དང་། ཁྱི་རྒོད་ལྟ་བུའི་སེམས་དང་། གསའ ་ལྟ་བུའི་སེམས་དང་། དུག་སྦྲུལ་ལྟ་བུའི་སེམས་ལ་སྩོགས་པ་དུག་པ་ཅན་བཞིན་ནོ།། བྱ་ཁྱུང་ལྟ་བུའི་སེམས་དང་། གླག་ལྟ་བུའི་སེམས་དང་། བྱ་རྒོད་ལྟ་བུའི་སེམས་དང་། ངང་པ་ལྟ་བུའི་སེམས་དང་། ་རྨ་བྱ་ལྟ་བུའི་སེམས་དང་། ཁྲ་ལྟ་བུའི་སེམས་དང་། བྱ་རོག་ལྟ་བུའི་སེམས་དང་། བྱ་ཀང་ཀ་ལྟ་བུའི་སེམས་དང་། ནེ་ཙོ་ལྟ་བུའི་སེམས་དང་། ཕ་ཝང་ལྟ་བུའི་སེམས་དང་། སྲིན་བྱ་ལྟ་བུའི་སེམས་དང་། འུག་པ་ལྟ་བུའི ་སེམས་དང་། ཁྱིམ་བྱ་ལྟ་བུའི་སེམས་ལ་སྩོགས་པ་སྲེད་པ་ཅན་བཞིན་ནོ།། ད་ཡང་འདུས་པའི་སྙིང་པོ་ཉོན། གླང་པོ་ཆེ་ལྟ་བུའི་སེམས་དང་། མ་ཧེ་ལྟ་བུའི་སེམས་དང་། བ་ལང་ལྟ་བུའི་སེམས་དང་། ཕག་རྒོད་ལྟ་བུའི ་སེམས་དང་། རྟ་ལྟ་བུའི་སེམས་དང་། རྔ་མོ་ལྟ་བུའི་སེམས་དང་། བོང་བུ་ལྟ་བུའི་སེམས་དང་། ཁུར་བུ་ལྟ་བུའི་སེམས་དང་། གཞན་གྱིས་དབང་བྱས་པ་ལ་སོགས་པ་བཀོལ་སྤྱད་ཅན་གྱི་སེམས་བཞིན་ནོ།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། སྲིན་པོ་ལྟ་བུའི་སེམས་དང་། ཉ་ཆེན་ལྟ་བུའི་སེམས་དང་། སྡོམ་ལྟ་བུའི་སེམས་དང་། སྲེ་མོང་ལྟ་བུའི་སེམས་དང་། བྱི་ལ་ལྟ་བུའི་སེམས་དང་། གྲོག་མ་ལྟ་བུའི་སེམས་དང་། སྲིན་བུ་ལྟ་བུའི ་སེམས་དང་། སྦྲང་བུ་ཏྲེ་ལ་ཏ་ལ་སོགས་པའི་གནོད་འཚེ་ཅན་གྱི་སེམས་བཞིན་ནོ།། ད་ཡང་འདུས་པའི་སྙིང་པོ་ཉོན། སྙན་དངགས་པའི་སེམས་དང་། སྤྲེའུ་ལྟ་བུའི་སེམས་དང་། བྱི་ལ་ལྟ་བུའི་སེམས་དང་། སྤྲང་པོ་ལྟ ་བུའི་སེམས་དང་། སྨད་འཚོང་མ་ལྟ་བུའི་སེམས་དང་། ཚོང་པ་ལྟ་བུའི་སེམས་དང་། སྨྱོན་པ་ལྟ་བུའི་སེམས་དང་། ཚེར་མ་ལྟ་བུའི་སེམས་དང་། རྡོ་ཟླུམ་ལྟ་བུའི་སེམས་དང་། ཤིང་ལྟ་བུའི་སེམས་དང་། ལུག་ལྟ་བུའི ་སེམས་དང་། བྱི་བ་ལྟ་བུའི་སེམས་དང་། མགྲོན་ཁྱི་ལྟ་བུའི་སེམས་དང་། ཝ་ལྟ་བུའི་སེམས་ལ་སྩོགས་པ་དམན་པར་ཞེན་པའི་སེམས་དང་ལྡན་པའོ།། དེ་ཡང་རྣམ་གྲངས་མདོ་ཙམ་ལས། བགྲང་གིས་མི་ལངས་བརྗོད ་ལས་འདས།། སེམས་ངན་སྐྱོན་གྱི་ཕུང་པོ་ལ།། དཔེ་ཡིས་དབྱེ་བ་བསྟན་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཀྱི་དཔེ་དབྱེ་བསྟན་པའི ་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཚོགས་བརྒྱད་འཁྲུལ་པ་ཡིན་པར་ནི།། དད་ཉན་འཁོར་ལ་བཀའ་སྩལ་པ།། འཁོར་བ་རྣམས་ཀྱི་རྩ་བ་ནི།། ་ཡུལ་དང་སེམས་ནི་གཉིས་སུ་འདུས།། ཡུལ་ཀྱང་རང་སེམས་འཁྲུལ་པ་སྟེ།། སེམས་ནི་རྣམ་ཤེས་ཚོགས་བརྒྱད་ལ།། སེམས་ལས་བྱུང་བ་ལྔ་བཅུ་གཅིག། རྩ་བ་ཀུན་གཞི་ཉིད་དུ་འདུས།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། སེམས་ཅན་ཀུན་ལ་ཡོད་ལུགས་ནི།། ཕྱི་བལྟས་པ་དང་ནང་བལྟས་དང་།། གཉིས་ཀར་བལྟས་པའི་ཤེས་པ་དང་།། བཅོས་དགོས་པ་དང་མི་དགོས་དང་།། རྟག་ཆད་བྲལ་དང་ངོ་བོར་གནས།། ཡང་དག་ཡོད ་དང་བྱིན་བརླབ་ཏུ།། ལེན་དུ་ཕྱེ་ནས་བསྟན་པའི་དོན།། ཚོགས་བརྒྱད་སེམས་སུ་སྣང་བ་དང་།། འཁོར་བའི་བག་ཆགས་བརྟགས་པའི་ཕྱིར།། ངེས་དོན་སྙིང་པོ་མ་ཡིན་པས།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། སྒོ་ལྔའི་རྣམ་ཤེས་ངོ་བོ་ནི།། ཡུལ་སྣང་ཙམ་ན་ཤེས་པ་སྐྱེ།། ཡུལ་མི་སྣང་ན་ཤེས་པ་འགགས།། ཡིད་ཀྱི་རྣམ་ཤེས་ངོ་བོ་ནི།། ཡུལ་སྣང་སྣ་ཚོགས་སེམས་པའི་ཕྱིར།། ཆགས་སྡང་ལོག་རྟོག་དག་ཏུ་འཛིན།། རྣམ ་རྟོག་སྣ་ཚོགས་ངོ་བོར་སྣང་།། ཉོན་མོངས་ཡིད་ཀྱི་ངོ་བོ་ནི།། ནང་དུ་ཞེན་པ་དམ་པར་འཛིན།། རྟག་ཏུ་འཛིན་པ་ངར་འཛིན་བྱེད།། ཀུན་གཞིའི་རྣམ་ཤེས་ངོ་བོ་ནི།། མ་རྟོགས་ཐ་མལ་དུས་ཙམ་ན།། རྣམ་རྟོག་རྒྱས་ཤིང ་རིག་པ་བསྒྲིབ།། རྟོགས་པ་མངོན་དུ་གྱུར་ཙམ་ན།། མ་རིག་བསྒྲིབས་ཤིང་ཡེ་ཤེས་རྒྱས།། གཞན་དུ་དེ་དང་མཚུངས་པར་ནི།། ཚོགས་བདུན་སྐྱེས་ན་འཕེལ་བར་སྣང་།། ཚོགས་དྲུག་འགགས་ན་བསྒྲིབས་པར་སྣང་།། ་དེས་ན་ཤེས་པའི་ཚོགས་བརྒྱད་ཀྱང་།། ཡང་དག་མ་ཡིན་འཁོར་བའི་ཆོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཅན་མོས་པ་ཐ་དད་པས།། གང་ཟག་བློ་ཡི་རིམ་པ་ལ།། གནས་འགྱུར་ཆོས་སུ་བསྟན་པ་ཡང་།། ་བཀྲི་དྲང་ལྡེམ་དགོངས་ཙམ་དུ་བསྟན།། དེའི་སྐྱོན་ཡོན་ཁྱད་པར་ནི།། འབྱུང་བ་མེ་ཆུའི་དཔེ་བཞིན་དུ།། ཡེ་ཤེས་ལོག་རྟོག་ཁྱད་པར་གྱིས།། ཤེས་པ་ཀུན་གཞི་མཚན་ཉིད་ནི།། རྒྱུ་རྐྱེན་གཉེན་པོས་འཇིག་པ་དང་།། ་དུས་གསུམ་མི་རྟག་འགྱུར་བ་དང་།། བག་ཆགས་མཚན་མའི་རྟེན་བྱེད་པས།། ཡང་དག་མ་ཡིན་འཁོར་བའི་རྒྱུ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། དེ་དག་རྣམ་ཤེས་ཚོགས་བརྒྱད་ཀུན།། མ་རིག་རྐྱེན་ལས་བསྐྱེད་པའི ་ཕྱིར།། སྡུག་བསྔལ་འབའ་ཞིག་བདེ་བ་མེད།། དེ་ཕྱིར་ཆོས་སྐུའི་གོལ་སར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཚོགས་བརྒྱད་གོལ་སར་བསྟན ་པའི་ལེའུ་སྟེ་བཅུ་དགུའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ཡིད་ཀྱི་དྲན་པས་འདི་སྐད ་གསོལ།། མཚན་ཉིད་ཐེག་པ་ཇི་ལྟར་འཁྲུལ།། ཕྱི་ནང་གསང་སྔགས་སྒྲིབ་པ་གང་།། ཐབས་མེད་ཡོན་ཏན་ཇི་ལྟར་རྫོགས།། ཐེག་ཆེན་ཀུན་དང་མི་འགལ་གང་།། རྫོགས་ཆེན་རང་བྱུང་དབྱེ་བ་གང་།། ལམ་དང་འབྲས ་བུའི་ཁྱད་པར་ཅི།། ཐེག་གཞན་སུན་ནི་ཇི་ལྟར་འདོན།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ་ཕུང་པོ་ལྔ་ཡིས་ཀུན་ཁྱབ་སྟེ།། སྤྱི་དང་རང་གི་མཚན་ཉིད་ཀྱིས།། སོ་སོར་དབྱེ་བ་ངས་བཤད་དོ།། དང་པོ་སྤྱི་ཡི་མཚན་ཉིད་ནི།། ཕུང་པོ་ལྔ་རུ་འདོད་པའི་གཞུང་།། སེམས་ཙམ་ཐེག་ཆེན་པ་ན་རེ།། ཕུང་པོ་ལྔ་ལས་མ ་གཏོགས་པའི།། ཆོས་ཉིད་གཞན་ན་ཡོད་མིན་ཕྱིར།། ཕུང་པོ་ལྔ་ནི་གང་དག་ཡོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་ནི་ཕུང་པོ་རྣམ་ལྔ་ཡང་།། ལྷར་ནི་མ་ཤེས་དང་པོ་ཡིས།། ས་དང་ཕ་རོལ་ཕྱིན་པ ་ཡི།། ལམ་ལྔ་རིམ་གྱིས་བགྲོད་བྱས་ནས།། བསོད་ནམས་ཀྱི་ནི་ཚོགས་བསགས་ཏེ།། རྣམ་པར་མི་རྟོག་ཏིང་འཛིན་ལ།། སྒྲིབ་པ་རྣམ་པ་གཉིས་སྦྱངས་ནས།། ཐབས་དང་ཤེས་རབ་གཉིས་ལྡན་ནས།། རང་རིག་དོན ་དམ་ངེས་པ་ཡིས།། འབྲས་བུ་ཐོབ་པའི་དུས་ན་ནི།། སྐུ་གསུམ་ཡེ་ཤེས་བཞི་རུ་འདོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕུང་པོ་ལྔ་རུ་འདོད་པ་དེ།། ཡང་དག་དོན་དམ་མ་ཡིན་ཏེ།། དུ་མར་སྣང་དང་རྐྱེན་གྱིས ་བསྐྱེད།། གཉེན་པོས་འཇིག་ཅིང་བསྐུར་ཡོད་ཕྱིར།། ཀུན་རྫོབ་སྒྱུ་མ་ཙམ་ཡིན་པས།། ཡང་དག་ཉིད་དུ་འདོད་པ་འཁྲུལ།། མི་དང་ཐོ་ཡོར་ཟག་སྦྲུལ་བཞིན།། འཁྲུལ་པ་ཡིན་པར་ཐེ་ཚོམ་མེད།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། ཕུང་པོ་ལྔ་ཡི་དབྱེ་བ་དང་།། མཚན་ཉིད་སོ་སོའི་ཐ་དད་པ།། སེམས་ཙམ་གཞུང་དུ་ཞི་བ་བསྟན་ཕྱིར།། ངེས་དོན་སྐབས་སུ་ངས་མ་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཙམ་གྱི་གཞུང་སུན་འདོན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། གསང་སྔགས་ཕྱི་ནང་འདོད ་པའི་གཞུང་།། ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱངས།། སངས་རྒྱས་ཡིན་པར་བློས་བསྒྱུར་ནས།། ཡེ་ཤེས་སེམས་དཔའ་མཆོད་ལ་སོགས།། ཚོགས་ཀྱི་བསོད་ནམས་བསྐྱེད་ནས་ནི།། ཆོས་ཉིད་སྒྲིབ་པ་བྲལ་དུས་ནི།། ་འབྲས་བུ་འབྱུང་བའི་ངེས་པ་ནི།། སྐུ་གསུམ་ཡེ་ཤེས་ལྔར་འདོད་པས།། རང་རིག་ཆོས་སྐུ་ངེས་དོན་བསྒྲིབས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཨ་ནུ་ཡོ་གའི་འདོད་པ་ཡིས།། ཕུང་པོ་ལྔ་སོགས་རྟོགས་ཚོགས ་ཀུན།། མ་བསྐྱེད་རྫོགས་པར་འདོད་པ་དེས།། འབྲས་བུ་ཡེ་ཤེས་ལྔ་དང་ནི།། སྐུ་ལྔ་ལྷུན་གྲུབ་འདོད་པས་བསྒྲིབས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་ལྷུན་གྲུབ་སངས་རྒྱས་ནི།། དུས་གསུམ་དག་ཏུ་མི ་འགྱུར་ཞིང་།། གཉེན་པོ་ཅིས་ཀྱང་བསྒྱུར་དུ་མེད།། ཐབས་ནི་གང་ལ་མི་བརྟེན་ཅིང་།། རང་བྱུང་ཀུན་ཏུ་བཟང་པོས་བྱས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཕུང་པོ་རྣམ་པ་ལྔ་ལས་ནི།། སྐུ་ལྔ་ཡེ་ཤེས་ལྔ་རུ་འདོད།། ་ཕུང་པོ་གཅིག་ལས་མེད་པ་ལ།། འབྲས་བུ་ཐ་དད་འབྱུང་བ་ཡི།། གནས་འགྱུར་དུ་ནི་སངས་རྒྱས་ནས།། རིགས་ལྔ་ཡེ་ཤེས་རྫོགས་འདོད་པ།། ཤིན་ཏུ་མི་འཐད་འགལ་བའི་ཕྱིར།། མ་རིག་རྨོངས་པས་རང་ལ ་བསྒྲིབས།། དེ་དོན་འགལ་ཞིང་བསྒྲིབས་པ་ནི།། རྒྱུད་གཞན་དུ་ནི་ཞིབ་པར་བསྟན།། ངེས་དོན་སྐབས་སུ་ངས་མ་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མིང་གི་རྣམ་གྲངས་ལྔ་བསྟན་ཀྱང་།། དོན་གྱི་ངོ་བོ་གཅིག ་ཏུ་འདུས།། རྩལ་ཤུགས་ཚུལ་དུ་གཉིས་སུ་སྣང་།། དོན་ལ་དགོས་མེད་ཆག་དང་འབྲེལ།། དབྱེར་བྱས་པའི་སྤྲིན་ཚིག་འདྲ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། སེམས་སུ་བྱས་ཤིང་བྷཱུ་ཡིས་བཅས།། ་དེ་ཕྱིར་ཡང་དག་ཕུང་པོ་མིན།། དོན་དམ་ཆོས་ལ་སྨོས་ཅི་དགོས།། དེ་ཕྱིར་མ་རིག་རྨོངས་པ་ཀུན།། གནས་འགྱུར་སངས་རྒྱས་འདོད་པས་ཕུང་།། གཏན་དུ་འཁྱམས་པ་སྙིང་རེ་རྗེ།། རྫོགས་པ་ཆེན་པོ་ངེས་དོན་ཐམས ་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་ཕྱི་ནང་གི་འདོད་གཞུང་སུན་བཏོན་པ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་འདུས་པའི་འཁོར་ཀུན་ཉོན།། ཀུན་རིག་སྟོན ་པས་བཀའ་སྩལ་པ།། མུ་སྟེགས་ཆད་ལ་སྐུར་བཏབ་ཀྱང་།། ངེས་དོན་སྙིང་པོ་མ་མཐོང་ཕྱིར།། ནན་ཚིག་སྒྲོ་སྐུར་སྐྱོན་བཀལ་ཀྱང་།། དོན་དང་མཐུན་པར་མི་འགྱུར་རོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐེག་པ་འོག ་མའི་ཆོས་ཀུན་བཞིན།། ཤེས་རབ་ཐབས་ལ་བརྟེན་དགོས་ན།། བྱས་པ་ཡིན་ཕྱིར་གནས་ལུགས་མིན།། སྐུ་དང་ཡེ་ཤེས་འབྱུང་མི་སྲིད།། དེ་ཕྱིར་ཐབས་ལ་རག་ལུས་མེད།། རང་བྱུང་སྙིང་པོ་ཆོས་སྐུ་ནི།། ཉི་མ་དང་ནི ་འོད་བཞིན་དུ།། ཤེས་རབ་ཆོས་སྐུ་གཅིག་པུ་ལ།། སྐུ་དང་ཡེ་ཤེས་ཀུན་ལ་རྫོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་བཀའ་ཡིས་དྲང་དོན་ཀུན།། སུན་བཏོན་འདོད་ཐོབ་ཆེན་པོ་ཡིན།། ངེས་འདོན་བཀའ ་ལ་སུན་བཏོན་མེད།། དངོས་སུ་སྣང་ཡང་བྱུང་བ་མིན།། དོན་དམ་རང་བཞིན་ངོ་བོར་གནས།། དོན་དུ་བྱ་བ་མི་དམིགས་ཀྱང་།། རང་བྱུང་ཡོན་ཏན་ཤུགས་ལ་རྫོགས།། དངོས་སུ་མེད་ཀྱང་དོན་དུ་སྣང་།། ཆུ་ཟླའི ་དཀྱིལ་འཁོར་ལྟ་བུ་ལ།། རང་བཞིན་ལྷུན་གྱིས་གྲུབ་པ་ཡིས།། རང་བྱུང་རང་ལ་ཤུགས་ཀྱིས་བྱུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕུང་པོ་དབྱེ་བ་འདུས་ལུགས་ཀྱང་།། ཐུན་མོང་ཐེག་པར་སྒོ་བསྟུན་ཕྱིར།། ཀུན ་དང་མི་འགལ་བསྟན་པ་ཡང་།། དྲང་དོན་ཡིན་གྱི་ཡང་དག་མིན།། ཡང་དག་ངེས་དོན་ཡང་ཏིག་ནི།། དཔེར་ན་ཤིང་ཏོག་སྨིན་པ་ལ།། འབྲས་བུ་ཤུགས་ཀྱིས་འབྱུང་བ་ལྟར།། ཆོས་སྐུ་སྒྲིབ་པ་མེད་པ་ལ། སྐུ་གསུམ་ཡེ ་ཤེས་ལྔ་རྣམས་ཀྱང་།། མ་བཙལ་ཡེ་ནས་རང་བཞིན་རྫོགས།། རིགས་ལྔའི་སངས་རྒྱས་དོན་གྱིས་ཚང་།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན།། མ་ལུས་ཐོག་པ་མེད་པར་མཁྱེན།། རྫོགས་པ་ཆེན་པོ་ངེས་དོན་ཐམས ་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐབས་ལ་བརྟེན་མི་དགོས་པར་ཡོན་ཏན་ཐམས་ཅད་རྫོགས་པར་བསྟན་པའི་ལེའུ་ཉེར་གཉིས་པའོ།། །། དེ་ནས་འདུས་པའི ་འཁོར་རྣམས་ཀྱིས།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ཐེག་པ་གཞན་དང་སྒོ་བསྟུན་ཕྱིར།། ཕུང་པོ་རྒྱུ་འབྲས་དོན་ཞུས་པ།། ཕུང་པོ་རྣམ་པ་ལྔ་པོ་ཡང་།། ཡང་དག་ཡོད་དང་བྱིན་བརླབས་སུ།། རྟག་ཆད་བྲལ་དང་ངོ ་བོར་གནས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྣམ་ཤེས་ཕུང་པོ་ཡང་དག་ཡོད།། ཕུང་པོ་བཞི་ནི་བྱིན་རླབས ་འབྱུང་།། རྟག་ཆད་བྲལ་བ་རྣམ་ཤེས་ཀྱི།། ཀུན་གཞི་རང་གི་ངོ་བོ་ཡིན།། རྟག་ཆད་ངོ་བོ་གནས་པ་ནི།། ཕུང་པོ་གཞན་དང་ཚོགས་བདུན་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཡང་འབྲས་བུ་སྐུ་ལྔ་དང་།། ཡེ ་ཤེས་ལྔ་རྣམས་ཡོད་ཚུལ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་བཞིན།། དུས་གསུམ་འདུ་འབྲལ་མེད་པར་ནི།། ཆོས་སྐུ་ཡེ་ཤེས་ཡང་དག་ཡོད།། སྐུ་དང་ཡེ་ཤེས་གཞན་དག་ནི།། བྱིན་གྱིས་བརླབས་ལས་བྱུང་བ་སྟེ།། ་གཟའ་སྐར་རྒྱ་མཚོར་ཇི་བཞིན་དུ།། བཙལ་དུ་མེད་པའི་ཤུགས་ལས་བྱུང་།། ཆོས་སྐུ་མེ་ལོང་ལྟ་བུ་ནི།། རྟག་ཆད་གཉིས་དང་བྲལ་བར་གནས།། ཐེག་པ་གཞན་དུ་ཞི་བ་བསྟན་ཕྱིར།། ངེས་དོན་སྐབས་སུ་ངས་མ ་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ཐེག་པ་སྤྱི་དང་མི་འགལ་བར་བསྟན་པའི་ལེའུ་ཉེར་གསུམ་པའོ།། །། དེ་ནས་འདུས་པའི་འཁོར ་རྣམས་ལ།། ཡང་ཏི་རང་གཞུང་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ཆོས་སྐུ་ལ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་།། ཡང་དག་དོན་དུ་མི་འདོད་ཕྱིར།། ཡེ་ཤེས་གཞན་ལ་སྨོས་ཅི་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ་རང་བྱུང་ཡེ་ཤེས་ཆེན་པོ་ནི།། དུས་གསུམ་དག་ཏུ་མི་འགྱུར་ལ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་།། ཐོག་མ་མེད་ཀྱང་ཟ་མ་ཡོད།། དེ་ཕྱིར་རྐྱེན་ལས་བྱུང་བ་ཡིན།། ཁམས་གསུམ་འཁོར་བའི་དུས་ཙམ་ན།། ཀུན་གཞིའི ་རྣམ་པར་ཤེས་པ་ལ།། གཉེན་པོས་བསྐྱེད་པས་གནས་འགྱུར་གྱིས།། ཡེ་ཤེས་བྱ་བའི་མིང་ཡང་མེད།། ངེས་དོན་ཡང་ཏིའི་མིང་གིས་ནི།། ཁམས་གསུམ་འཁོར་བའི་དུས་ན་ཡང་།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་སྐུ ་ཁྱད་པར་ཡེ་གནས་ཕྱིར།། སངས་རྒྱས་འབྲས་བུ་ཐོབ་དུས་ན།། ཡེ་ཤེས་ཆོས་ཀྱི་སྐུ་ནི་གནས།། དང་པོ་རྒྱལ་བའི་བཀའ་འདི་ཡང་།། ཐོག་མའི་བྱུང་ཚུལ་མ་ཤེས་ན།། ད་ལྟ་བསྒྲུབ་པའི་ཐབས་མི་ཤེས།། ལམ་གྱི་ཐེ ་ཚོམ་མི་ཆོད་བཞིན།། ཚེ་ཆད་པ་ཡི་སེམས་སུ་འགྱུར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་ཐུགས་ཀྱི་ཉིང་ཁུ་འདི།། སྤྲུལ་པ་བཞི་ཡི་ཐུགས་བརྒྱུད་ནས།། གདམས་ངག་མ་ཆད་གསང་བའི་བཀའ།། ཨུ་རྒྱན ་ཡུལ་ནས་རིམ་བརྒྱུད་ནས།། འབྲས་བུ་སངས་རྒྱས་ངེས་པ་གཅིག། དུས་ཀྱི་ཐ་མ་དེང་སང་ནས།། བོད་ཀྱི་མཐའ་འཁོབ་ཡུལ་དུ་འབྱུང་།། དེ་ཕྱིར་དོན་དམ་ཆོས་སྐུ་ལས།། ཆོས་ནི་གཞན་ན་ཡོད་མི་སྲིད།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། འོ་ན་ཁྱེད་ཀྱི་འདོད་པ་དེ།། སེམས་ཅན་ལས་ནི་སངས་རྒྱས་པ།། དེ་ཉིད་འགྱུར་བ་མ་ཡིན་ནམ།། ངེས་དོན་འགྱུར་བ་མ་ཡིན་ཏེ།། མ་རྟོགས་བག་ཆགས་བཅས་པ་དང་།། རྟོགས་པ་བག ་ཆགས་བྲལ་བ་ཡང་།། ཁྱད་པར་ཐ་དད་སྣང་གྱུར་ཀྱང་།། དོན་ལ་རྒྱུ་འབྲས་རིམ་གྱིས་མེད།། ངོ་བོ་གཞི་ཡིས་ཆོས་སྐུ་དང་།། རྟོགས་པའི་ཡེ་ཤེས་ཆོས་སྐུ་གཉིས།། ངོ་བོ་གཞི་ལ་ཐ་དད་མེད།། ཉི་མ ་རང་གི་ངོ་བོ་ལ།། མུན་སྒྲིབ་གྲང་བ་གང་ཡང་མེད།། གློ་བུར་སྤྲིན་གྱིས་བསྒྲིབས་ཙམ་ན།། ཉི་འོད་མེད་པ་མ་ཡིན་ཏེ།། ངོ་བོ་འཕེལ་འགྲིབ་མེད་པ་ལྟར།། རྟོགས་མ་རྟོགས་ཀྱི་ཁྱད་པར་ལས།། སངས་རྒྱས་སེམས་ཅན ་གཅིག་པའི་ཕྱིར།། གཞི་ལ་དུས་གསུམ་འགྱུར་མེད་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་བསྟན་པས་ཐམས་ཅད་མཁྱེན།། དེ་དུས་འབྲས་བུ་སངས་རྒྱས་ཕྱིར།། ངོ་བོ་དག་ལ་འཕེལ་འགྲིབ་མེད།། ་སྐྱེ་འགག་མེད་པར་རྒྱུན་དུ་གནས།། སེམས་ཅན་དུས་ཀྱི་ཆོས་སྐུ་ལ།། དེ་ལས་འཕེལ་བ་རྡུལ་ཙམ་མེད།། དེ་ཕྱིར་ཡང་དག་ཡོད་པར་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འོ་ན་དུས་གསུམ་མི་འགྱུར་ཡང་།། ་ཐམས་ཅད་ཆོས་སྐུར་འདོད་པ་དེ།། ལུང་རིགས་གཉིས་དང་འགལ་བ་དང་།། སྡུད་པའི་རྟོག་པར་འགྱུར་བའི་ཕྱིར།། ཡོད་ན་རྟག་ཆད་ཁྱད་ཅི་ཡོད།། དེ་ཡང་དོན་དང་མི་འགལ་ཏེ།། ཐམས་ཅད་ཆོས་སྐུར་འདུས་པ ་དེ།། བསྡུས་ནས་འདུས་པ་མ་ཡིན་ཏེ།། ཉི་འོད་བུ་རམ་མངར་བ་བཞིན།། དུས་གཅིག་རྫོགས་པས་ཆོས་ཀྱི་སྐུ།། རང་བཞིན་ངང་གིས་གནས་པ་བཞིན།། རྒྱུ་རྐྱེན་ཚོགས་འདུས་མ་ཡིན་པས།། ལུང་དང་རིགས་པ་ཅི་ལ ་འགལ།། ཁ་དོག་དབྱིབས་སུ་མེད་པ་ལ།། རྟག་པའི་སྐྱོན་གྱིས་ཅི་ལ་གོས།། མི་འགྱུར་ཡེ་ནས་གནས་པ་ལ།། རྟག་ཅེས་ཟེར་ན་རྟག་དཀའ་བས།། ཆོས་སྐུ་འགྱུར་མེད་འདོད་ཐོག་ཡིན།། ཆོས་སྐུ་རྒྱུན་དུ་ཡེ་ཡོད ་ཕྱིར།། ཆད་པའི་སྐྱོན་གྱིས་ཡེ་མ་གོས།། དངོས་པོ་མཚན་མ་མེད་པའི་ཕྱིར།། རྟག་པ་ཐེར་ཟུག་ང་ལ་མེད།། དེ་ཕྱིར་སྐྱོན་མེད་གཉིས་ཀར་གནས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་འདི་མཆོག་ཏུ་གསང་བ ་ཡིས།། སྒོ་ལྔ་དག་གིས་སྤྱོད་ཡུལ་མིན།། དེ་ཕྱིར་ཆོས་སྐུ་བརྗོད་ལས་འདས།། བརྟགས་པའི་ཐ་སྙད་ཀུན་དང་བྲལ།། དེ་ཕྱིར་སེམས་ཀྱི་ཡུལ་ལས་འདས།། རང་བྱུང་རིག་པའི་ཡེ་ཤེས་ལ།། ཚིག་གིས་མཚོན་པ་ཐམས ་ཅད་ནོར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡང་ཏི་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། ་འདུས་པའི་འཁོར་ལ་བཀའ་སྩལ་པ།། ཉན་ཐོས་ལམ་དང་འབྲས་བུའི་གཞུང་།། ཚེ་ནི་སྔ་མ་ཡང་སྔ་ལ།། དགེ་སྡིག་ལས་ནི་གང་བྱས་པ།། ད་ལྟ་ལུས་ནི་བླངས་པ་ལ།། བདེ་སྡུག་གཉིས་ནི་དུས་འདིར་འབྱུང་།། ཕྱི་མ ་འཁོར་བར་ལྟུང་དོགས་ནས།། སྡིག་སྤང་དགེ་བ་སྤྱད་བྱས་ནས།། འབྲས་བུ་ལྷ་མིའི་གོ་འཕང་ཐོབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་རྐྱེན་འཚོགས་པའི་དགེ་སྤྱད་ན།། ལས་དེས་འབྲས་བུ་ཐོབ་དུས་ནི།། གཞན ་དོན་མཐར་ཕྱིན་འགྲུབ་པ་ཡི།། འབྲས་བུ་སངས་རྒྱས་ཐོབ་པར་དུ།། མཐོ་རིས་གནས་ལ་རྟེན་བཅས་ཏེ།། ལྷ་དང་མི་ཡི་ཐེམ་སྐས་ལ།། རིམ་པར་འཛེག་ནས་སངས་རྒྱས་འབྱུང་།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ཁྱེད་ནི་ཡང་ཏི་རྫོགས་ཆེན་པ།། གང་ལ་ཡང་ནི་མི་བརྟེན་པར།། རྟོགས་པ་གཅིག་པུས་ཆོག་ཟེར་བ།། རྒྱ་རྐྱེན་མ་ཚང་འབྲས་བུ་འདོད།། སྟོང་པ་ཉིད་ཀྱི་མཐའ་རུ་ལྷུང་།། ལུང་རིགས་གཉིས་དང་ཤིན་ཏུ ་འགལ།། དེས་ན་དགེ་བ་ཚོགས་པར་སྤྱད།། འབྲས་བུ་ལྷ་དང་མི་ཡི་ནི།། འབྲས་བུ་ཐོབ་པར་བྱ་བ་ལ།། རང་སེམས་རྟོགས་པས་མི་ཆོག་སྟེ།། བསོད་ནམས་ཚོགས་ནི་བསགས་ནས་ཀྱང་།། མྱ་ངན་འདས་པའི་མཐའ ་བརྟེན་ཏེ།། ཏིང་འཛིན་རྩེ་གཅིག་བསྒོམ་གྱུར་ན།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཐོབ་པར་འགྱུར་བ་ལ།། ཁྱེད་ནི་ཡང་ཏི་རྫོགས་ཆེན་པ།། སེམས་ཉིད་རྟོགས་པས་ཆོག་ཟེར་བ།། འཁོར་བ་ལས་ནི ་ཐར་གྱུར་ཀྱང་།། མྱ་ངན་འདས་པའི་མཐའ་རུ་ལྷུང་།། ལམ་དེའི་འབྲས་བུས་སངས་མི་རྒྱ།། དེ་ཕྱིར་འབྲས་བུ་བླ་མེད་པའི།། བྱང་ཆུབ་ཐོབ་པར་བྱ་བ་ལ།། རྒྱུ་ནི་ས་དང་ཕ་རོལ་ཕྱིན།། ལམ་ལ་རིམ་གྱིས་བགྲོད་ནུས ་ན།། གཞན་དོན་འབྲས་བུ་ཕུན་སུམ་ཚོགས།། གཟུགས་སྐུ་རྣམ་གཉིས་ཐོབ་པར་འགྱུར།། ཤེས་རབ་མི་རྟོག་རྩེ་གཅིག་ཏུ།། མ་ཡེངས་དོན་ལ་བསྒོམས་གྱུར་ཀྱང་།། བདག་དོན་ཆོས་སྐུ་འགྲུབ་པར་འགྱུར།། དེ་ཡང་རྡོ། ་རྗེ་སེམས་དཔའ་ཉོན།། འབྲས་བུ་བདག་དང་གཞན་དོན་དུ།། ཕུན་སུམ་ཚོགས་པ་ཐོབ་པ་ནི།། འདི་ལས་ཐབས་ཆེན་ཉེ་བའི་ལམ།། ཆོས་ཉིད་གཞན་ན་མེད་དོ་ཟེར།། དེ་དག་དབྱེ་བ་ཚོགས་བསགས་ཐབས།། སྙིང ་རྗེ་ཆེན་པོས་གཞི་བཟུང་བ།། ཐེག་པ་གཞན་དུ་ཞི་བ་བསྟན་ཕྱིར།། ངེས་དོན་སྐབས་སུ་ངས་མ་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསང་སྔགས་ཕྱི་ནང་འདོད་པའི་གཞུང་།། ལམ་དང་འབྲས་བུའི་ཁྱད་པར ་ནི།། ཐབས་དང་ཤེས་རབ་ཟུང་འབྲེལ་ན།། ཆེ་བའི་ཡོན་ཏན་འབྲས་བུ་རྙེད།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཐོབ་པར་བྱ་བ་ལ།། ཐབས་དང་ཤེས་རབ་འཛོམ་པར་དགོས།། དེ་ཕྱིར་ཐབས་ནི་གང་ཞེ། ་ན།། ལན་གཅིག་དུས་ཀྱི་དེང་སང་ན།། ངེས་དོན་ཟབ་མོ་ཁྱད་བསད་ནས།། མ་རིག་གླེན་པས་ཀུན་བསླུས་ཕྱིར།། བྱི་བཤུགས་ཕོ་མོ་ཀུན་བསོགས་ནས།། སྨིན་པར་བྱེད་པའི་ལམ་ཡིན་ལ།། ཕྱི་ནང་གསང་བའི་དབང ་དགོས་ཟེར།། འདོད་ཆགས་ལམ་དུ་ཁྲིད་བྱས་ནས།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། ལྷ་དང་ལྷ་མོར་གནས་འགྱུར་ཕྱིར།། རིམ་གྱི་བསྐྱེད་དང་མ་བསྐྱེད་རྫོགས།། ཆོ་ག་གསུམ་མམ་བདུན་གྱིས་ནི།། བསྐྱེད་ཅིང ་བསྒྱུར་བྱས་ཡེ་ཤེས་སེམས།། སྤྱན་འདྲེན་བསྟིམ་དང་མཆོད་པ་སོགས།། གཞུང་དང་ལྡན་པར་བྱས་གྱུར་ཀྱང་།། མཐར་ཕྱིན་འབྲས་བུ་ཐོབ་དུས་ན།། གཟུགས་སྐུ་རྣམ་གཉིས་འབྱུང་ནས་ཀྱང་།། བྱང་ཆུབ་སེམས།། ་དཔའ་མན་ཆད་ནས།། སེམས་ཅན་དམྱལ་བ་ཡན་ཆད་དུ།། རང་དོན་མཐར་ཕྱིར་གྲུབ་པ་ལ།། སྟོང་ཉིད་ཏིང་འཛིན་བག་ཆགས་སྦྱང་།། ཆོས་སྐུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་དོན་ལྡན་སྐུ་གསུམ ་རྫོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདི་ལས་ལྷག་པའི་ངེས་དོན་ཆོས།། རྫོགས་པ་ཆེན་པོ་ཁྱོད་ལ་མེད།། དེ་ཕྱིར་ཟབས་ལ་བརྟེན་ནས་ནི།། ཤེས་རབ་ལྟ་བས་ཟག་བཅད་སྟེ།། འབྲས་བུ་ངེས་པར་འབྱུང ་བར་འདོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་མཚན་ཉིད་ཀྱི་ལམ་དང་འབྲས་བུའི་དབྱེ་བ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས ་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཐེག་བརྒྱད་ལམ་གྱི་གོལ་ས་ནི།། ཁྱེད་ཅག་བློ་དམན་མ་རིག་པས།། ཐབས་དང་ཤེས་རབ་འབྲེལ་དགོས་ཟེར།། འཁྲུལ་པ་བརྟས་པའི་རྟོག་པ ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་མར་ནི་འདོད་པ་ལ།། ཆུ་བསྲུབས་པས་ནི་མར་མེད་ལྟར།། ཐབས་ཀྱི་མཚན་མ་དངོས་སུ་སྤྱད།། ཞེན་པའི་སེམས་ཀྱིས་བྱང་མི་ཆུབ།། རང་སེམས་ཆོས་སྐུར་མ ་རྟོགས་ན།། ཕྱི་ནང་གསང་བའི་དབང་བསྐུར་ཀྱང་།། འབྲས་བུ་སངས་རྒྱས་འབྱུང་མི་སྲིད།། ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ།། ཕོ་མོ་ལུས་རྟེན་དབང་མི་དགོས།། དེ་ཕྱིར་ཁྱད་འཕགས་རིག་པའི་དབང་།། བསྟན་མ ་ཟཐག་ཏུ་གདམས་ངག་ཐོབ།། ཅིག་ཅར་ངེས་དོན་དབང་བསྐུར་བས།། དབང་དང་མཉམ་བཤད་གདམས་ངག་ཕོག། རང་རིག་ཆོས་སྐུ་དུས་འདིར་རྟོགས།། དེ་ལྟར་ཡིན་པར་མ་ཤེས་ཕྱིར།། དཔེར་ན་ཉི་མའི་སྙིང་པོ ་ལ།། སྤྲིན་ནི་དཀར་ནག་གཉིས་ཀས་བསྒྲིབས།། དེ་བཞིན་ཐབས་ལ་བརྟེན་པ་ཡིས།། གང་ཟག་ཀུན་གྱིས་དངོས་པོར་བཟུང་།། དེ་ཕྱིར་ལམ་གྱི་གེགས་སུ་གསུངས། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་སྐྱེས ་བུ་མི་རྣམས་ཀྱིས།། སྔགས་མེད་པ་ཡིས་དུག་ཟོས་ན།། ཨ་ཤུ་ཀ་ཡི་རྐྱེན་ཡིན་ཕྱིར།། ཆེ་ཆུང་གང་ཟོས་གཉིས་ཀས་འཆི།། ངེས་པའི་ལུང་ལྡན་དོན་མེད་ཕྱིར།། ཐབས་ནི་ཆེ་ཆུང་གཉིས་ཀས་བསྒྲིབ།། རྩོལ་བ་བྱས་པ ་ཐམས་ཅད་གོལ།། དེ་ཕྱིར་རང་རིག་ཆོས་སྐུ་ནི།། སེམས་ཀྱི་གསེབ་ནས་ངོས་ཟིན་ན།། ཐབས་ནི་གང་ལ་བརྟེན་པ་མེད།། དེ་ཕྱིར་མན་ངག་སྙིང་པོའི་ཆོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཁྱེད་ཅག་ཐེག་པ་འོག ་མ་པས།། མཚན་མ་དངོས་སུ་སྤྱོད་སྒོ་ནས།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཐོབ་པར་འདོད་པ་ནི།། ཤིན་ཏུ་གཏི་མུག་རྨོངས་པའི་གནས།། ཀུན་བརྟགས་བསྒོམ་པའི་ཆོས་པ་ཀུན།། ལམ་གྱི་གེགས་ནི ་ཐབས་ཡིན་ཕྱིར།། གོལ་ས་ཡིན་པར་ཀུན་ནས་བཤད།། དེ་ཕྱིར་ཐབས་ལ་བརྟེན་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཉིད་དུ་འགྲོ་བ་ཡི།། ངེས་པའི་ལམ་ནི་གང་ཡིན་པ།། ཐོག་མར་ལྟ་བའི ་གདེང་དང་ནི།། ཏིང་འཛིན་སྤྱོད་པ་དུས་གཅིག་ཏུ།། རང་བྱུང་མཉམ་པའི་དོན་རྟོགས་ཕྱིར།། བརྗོད་པའི་ཐ་སྙད་ཀུན་བྲལ་བའི།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། ཤེས་དང་སངས་རྒྱས་དུས་མཉམ ་ཕྱིར།། དེ་ལས་ལྷག་པའི་ཆོས་གཞན་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁྱེད་ཐེག་པ་འོག་མ་པ།། བྱེ་མ་ལས་ནི་མར་བཙིར་འདྲ།། བེམ་པོ་འབྱུང་བ་རྣམ་པ་ལྔ།། སངས་རྒྱས་འདོད་པའི་སྙིང་རུལ་ཀུན།། ་བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་སྲིད། བེམ་པོ་རང་ཡང་སེམས་ཡིན་ན།། ལུས་ལ་འཕོ་འགྱུར་ཡོད་པ་བཞིན།། སེམས་ལ་སྐྱེ་ཤི་ཡོད་པར་འགྱུར།། དེ་ཕྱིར་རང་བྱུང་ཡེ་ཤེས་མིན།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། རྫོགས་ཆེན་ལམ་ནི་ཇི་ལྟར་འདོད།། ཡང་ཏི་དོན་ལམ་ཆེན་པོ་ནི།། ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན།། དྲན་པ་ཙམ་གྱིས་ཆོས་སྐུར་གསལ།། དེ་ཙམ་ཉིད་ན་ཡེ་ཤེས་ཐུགས།། དེ་ཕྱིར་མ་བགྲོད་དམ་པའི ་ལམ།། དཔེར་ན་ནོར་བུ་རིན་ཆེན་བཞིན།། རྟོགས་པ་ཙམ་གྱིས་ཆོག་པའི་ཆོས།། བདག་གཞན་དོན་ནི་ལྷུན་གྱིས་གྲུབ།། དེ་ཕྱིར་ངེས་དོན་ཡ་མཚན་ཆེ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁྱེད་ཅག་ཐེག་པ་འོག་མ ་པ།། དཔེར་ན་ཏིལ་གྱི་མར་ཡོད་ཀྱང་།། མ་བཙིར་བར་དུ་མར་མི་འབྱུང་།། དེ་བཞིན་རང་ལ་ཡོད་མོད་ཀྱང་།། མ་བསྟན་བར་དུ་ཤེས་མི་སྲིད།། བསྐལ་པ་འབུམ་ཕྲག་བརྒྱ་ཡིས་པར།། འདུས་བྱས་ཆོས་སྤྱོད་བྱས་གྱུར ་ཀྱང་།། འབྲས་བུ་སངས་རྒྱས་འབྱུང་བ་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་གཞན་གྱིས་ལམ་མང་ཡང་།། རང་ལ་ཡོད་པར་མ་ཤེས་ནས།། གཞན་ནས་ཚོལ་བ་རྨོངས་པའི་ཆོས།། དེ་ཕྱིར་རྩོལ་མེད་ཆོས ་འདི་གཅེས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐེག་པ་གཞན་སུན་འདོན་པར་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན ་པ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་རྒྱུད་སྨིན་བྱ་བའི་ཕྱིར།། ངེས་དོན་ཆོས་ལ་འཇུག་དོན་དུ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཐུན་མོང་ཁྱད་འཕགས་དབང་ལྔ་ནི།། ཡང་དག ་ཆོས་ཀྱི་རྩ་བའི་དབང་།། གོང་འོག་རིམ་པ་ཇི་ལྟར་བསྐུར།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། ཐུན་མོང་ཁྱད་འཕགས་དབང་ལྔ ་ནི།། ཀུན་བཟང་ང་ཡིས་བཤད་ཀྱིས་ཉོན།། ཐུན་མོང་སྔོན་འགྲོ་སྟ་གོན་དང་།། འཇུག་སྒོ་དབང་གི་རིམ་པ་ཡང་།། ངོ་བོ་དབྱེ་བ་དཔེ་དང་གནས།། རྫས་དང་ངེས་ཚིག་ལས་འདའ་དཀའ།། རྟགས་དང་མཐར་ཐུག ་ཀུན་ལ་སྦྱར།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྔོན་འགྲོ་ལས་ཀྱི་བྱ་བ་ནི།། ཡིད་འཐད་པར་ཆད་མི་འབྱུང་འགྲོ།། བཀྲ་ཤིས་བདེ་ལྡན་འདོད་དགུ་རྙེད།། ཉམས་དགའ་དབེན་པའི་གནས་དེ་རུ།། ཚད་ལྡན་པ་ཡི། ་དཀྱིལ་འཁོར་བཅའ།། ཐིག་གདབས་དཀྱིལ་འཁོར་བྲི་ལ་སོགས།། གཞུང་དང་མཐུན་པར་བསྐྱེད་བྲིས་ལ།། མཛེས་ལྡན་ཡིད་འཇུག་རྒྱན་དགོད་དེ།། དེ་རྗེས་དབང་རྫས་ཐུན་མོང་ནི།། བུམ་པ་ལྷ ་གྲངས་བསྟུན་བྱས་ཏེ།། གཏོར་མ་ལ་སོགས་ཚོགས་ཀྱི་རྫས།། ཅི་འབྱོར་ནུས་ཚད་ཚོགས་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་ལྷ་ཡི་དོན་བསྟན་ཕྱིར།། ཁྱད་པར་འཕགས་པའི་རྫས་ལྔ་དང་།། འཇུག ་སྒོ་ལྔ་ཡི་རྫས་རྣམས་དང་།། རས་སམ་ཤིང་ཤུན་གྲོ་ག་ལ།། བྲིས་ཏེ་ལུང་ལྡན་བྱིན་གྱིས་བརླབས།། མཚམས་ཀྱི་དཀྱིལ་དུ་བཞུགས་པར་བྱ།། དེ་ནས་དད་ལྡན་འཁོར་སོགས་ཏེ།། དམ་ཚིག་སེམས་མེད་བརྩོན་འགྲུས ་ཅན།། བྱང་ཆུབ་དོན་དུ་གཉེར་བ་དེས།། མོས་གུས་དད་པས་ལུས་བཏུད་ནས།། བླ་མ་རྗེ་བཙུན་སྤྱན་སྔ་རུ།། ཐེག་པ་ཀུན་དང་སྒོ་བསྟུན་ཕྱིར།། སྒོ་གསུམ་སྨིན་པའི་ཚུལ་གྱིས་ནི།། སྡོམ་བཟུང་སེམས་ནི་བསྐྱེད་པར ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་རྗེས་དོན་ལ་འཇུག་ཆེད་དུ།། དང་པོ་སྟ་གོན་ལ་གནས་ཕྱིར།། སྒོ་ལྔ་མི་གཡེངས་བརྡའ་བཅིངས་པ།། བརྐྱང་ཕྱག་ལྷ་དང་དལ་དུ་གཞུག། ལས་ནི་དོན་དང་ལྡན་པའི་ཕྱིར།། ་གང་མཐོང་ཅི་དྲན་དྲིས་པ་དང་།། ལན་དང་སྦྱར་ལ་དངོས་གྲུབ་བསྟན།། དེ་ཕྱིར་དད་པས་གནས་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཤེས་རབ་སྟ་གོན་གནས་བྱའི་ཕྱིར།། དཀྱིལ་འཁོར་ལ་ནི་ཁ་བལྟས་ཏེ།། ་ཕྱོགས་བཞི་དབུས་དང་ལྔ་རུ་ནི།། ཕུང་པོ་ལ་ནི་སྟོང་རྒྱས་གདབ།། སྔོན་འགྲོ་ལས་དང་སྟ་གོན་གཉིས།། སྐལ་ལྡན་ཀུན་གྱི་ལམ་ཡིན་ཕྱིར།། ཆོས་རྣམས་ཀུན་གྱི་རྩ་བ་སྟེ།། འཇུག་སྒོ་ལམ་ལ་གཅེས་པར་གསུངས།། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དབང་གི་སྔོན་དུ་འགྲོ་བའི་ལས་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས ་ལ།། རྒྱུད་ནི་སྨིན་པར་བྱ་བའི་ཕྱིར།། ཐུན་མོང་དབང་གི་རིམ་པ་ཡང་།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ལྟ་བ་ལམ་དུ་ཁྱེར་བའི་དབང་།། དཀྱིལ་འཁོར་བཅུག་ལ་དམ་ཆུ་བླུད།། འཕྲེང་བ་དོར་ཞིང་ནས་འབྲུ ་གདགས།། དབུ་རྒྱན་ཐོད་པ་བརྟུལ་ཞུགས་དང་།། རྡོ་རྗེ་དྲིལ་བུ་མིང་གི་དབང་།། ལུས་ངག་ཡིད་གསུམ་ཕྱིར་མི་ལྡོག། ངེས་པའི་བླ་མར་ལུང་བསྟན་པ།། གོ་རིམ་བཞིན་དུ་ངས་བཤད་ཉོན།། མ་རིག་མུན་པ་གསལ ་བའི་ཕྱིར།། ཕྱི་རོལ་ནས་ནི་མིག་བསྒྲིབས་ཏེ།། རྡོ་རྗེ་ལམ་ནས་འཁྲིད་འོངས་ལ།། ལུང་བསྟན་དཀྱིལ་འཁོར་ལྟར་བཅུག་སྟེ།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ད་ནི་དད་པ་རབ་ཏུ་སྐྱེས།། བུ་ཁྱོད་ཀྱིས་ནི་ཇི ་ལྟར་མཐོང་།། གང་མཐོང་ཁྱོད་ཀྱི་དངོས་གྲུབ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཐུང་ཞིག་དམ་ཚིག་ཆུ་འདི་འཐུང་།། བླ་ན་མེད་ཀྱང་རྡོ་རྗེ་དམྱལ།། དམ་ཚིག་འདས་ནས་བསྲེག་པར་བྱ།། དམ་ཚིག་ཐུབ་ན ་དངོས་གྲུབ་ཐོབ།། སྐྱེ་བོ་དང་ནི་ཐེག་པ་དམན།། སྣོད་དང་མི་ལྡན་འདི་བཟླས་ན།། མགོ་ལུས་ཚལ་པ་བརྒྱ་རུ་འགས།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང་།། དེ་ཕྱིར་རབ་ཏུ་གསང་བར་གྱིས།། རིན་ཆེན་ཕྲེང ་བ་འདི་དོར་བས།། ཡེ་ཤེས་ལྷ་ཡི་དངོས་གྲུབ་ནི།། གང་ལ་ཕོག་པ་ཡི་དམ་ལྷ།། དུས་འདིར་ཁྱོད་ལ་དབང་ཞིག་བསྐུར།། རིག་པའི་དོན་རྟོགས་མེ་ཏོག་རྒྱུས།། ཆོས་ཉིད་རྟགས་ཀྱིས་རྒྱན་བཏགས་པས།། ཡེ་ཤེས་ཆེན ་པོ་མཆོག་གི་དབང་།། ཆེ་བའི་ཡོན་ཏན་རྫོགས་པར་ཤོག། ཆོས་སྐུའི་སྣང་བ་མཚོན་པའི་ཕྱིར།། རིགས་ལྔ་དབུ་ལ་རྒྱན་བཅིངས་པས།། ཡེ་ཤེས་རིགས་ལྔ་དབྱེར་མེད་པས།། དབུ་རྒྱན་དབང་མཆོག་ཐོབ་པར་ཤོག། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རབ་བྱུང་ཐོད་པ་ཆོས་ཀྱི་དབྱིངས།། ཡེ་ཤེས་ལྔ་ཡིས་རང་བཞིན་ལས།། ཉི་ཁྲི་ཚིག་སྟོང་ཆོས་རྣམས་འབྱུང་།། རང་བྱུང་གཞལ་ཡས་དབང་ཐོབ་ཤོག། རིན་ཆེན་ཐོད་པའི་སྣོད་འདི ་རུ།། དམ་རྫས་སྣ་ཚོགས་སྦྱར་བ་འདི།། སྐལ་ལྡན་ཁྱོད་ཀྱིས་འདི་འཐུངས་པས།། དཔའ་བརྟུལ་མཆོག་གི་དབང་ཐོབ་ཤོག། རྡོ་རྗེ་དྲིལ་བུ་རིག་པ་འཛིན།། ཐབས་དང་ཤེས་རབ་དབང་ཆེན་ཏེ།། འཁོར་འདས་ཆོས་ལ ་རང་དབང་ཡོད།། ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག། ཁྱོད་ནི་རྗེས་སུ་རྣལ་འབྱོར་ཏེ།། དུས་འདི་ཉིད་དུ་སངས་རྒྱས་པ།། འགྲོ་ལ་ཕན་ཕྱིར་སེམས་བསྐྱེད་ལ།། ཡི་དམ་ལྷ་ནི་རྟག་ཏུ་བསྒོམས།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ཨོཾ་ནི་ཡེ་ཤེས་ཆོས་ཀྱི་སྐུ།། བདེ་ཆེན་མཆོག་ཏུ་ལོངས་སྤྱོད་པའི།། མཁའ་དབྱིངས་ཀློང་ཡངས་བྷ་ག་ལ།། རབ་བརྗིད་སྐུ་ཡི་དབང་ཐོབ་ཤོག། དམ་ཚིག་ཅན་གྱི་ལྕེ་སྟེངས་སུ།། ཡི་གེ་ཅན་གྱི་ཨོཾ ་བསྒོམས་པས།། སྐྱེ་མེད་ཚངས་པའི་གསུང་སྙན་ཆེ།། རིག་པ་གསུང་གི་དབང་ཐོབ་ཤོག། རབ་བྱུང་ཆེན་པོ་ཡེ་ཤེས་ཐུགས།། རྒྱལ་བའི་དཔལ་གྱི་བེའུ་ཐུགས་བརྒྱུད་ནས།། ཆོས་ཉིད་རིག་པའི་འོད་འཕྲོས་པས།། ་སྐལ་ལྡན་དུས་ཀྱི་དབང་ཐོབ་ཤོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ངེས་དོན་དབང་བསྐུར་བས།། འཁོར་བའི་མཐའ་ནི་མི་ལྟུང་ཞིང་།། མྱ་ངན་ལས་འདས་འབྲས་བུ་མཆོག། ཕྱིར་མི་ལྡོག་པའི་དབང་ཐོབ ་ཤོག། སངས་རྒྱས་བཀའ་ཡི་དབང་གནས་པ།། ལུང་ལྡན་ངེས་པའི་དམ་པའི་ཆོས།། རྣ་བའི་དབང་པོར་དོན་གསལ་བ།། ཉན་པའི་དབང་ནི་ཐོབ་པར་ཤོག། བདེ་གཤེགས་ཐུགས་ཀྱི་སྲས་པོ་མཆོག། སྔོན་གྱི་ཐུགས ་དམ་མི་འདའ་བར།། སེམས་ཅན་ཀུན་ལ་ཆོས་སྟོན་པའི།། བླ་མའི་ལུང་ལྡན་དབང་ཐོབ་ཤོག། སངས་རྒྱས་དགོངས་པའི་དབང་བསྐུར་བས།། བསྙེན་བསྒྲུབ་རྣམ་བཞི་ལས་བསྒྲུབ་པའི།། ཕྱི་མར་མི་སྡོད་དུས་འདི། ་རུ།། རིག་འཛིན་གྲུབ་པའི་དབང་ཐོབ་ཤོག། དེ་དག་ཐུན་མོང་དབང་རྣམས་ཀྱི།། རིམ་པ་བཞིན་དུ་དབང་ཐོབ་ན།། དུས་འདིར་ཐུན་མོང་དངོས་གྲུབ་ཐོབ།། དེ་ཕྱིར་དད་པས་ཡང་དག་ཟུངས།། རྫོགས་པ་ཆེན་པོ ་དུ་དུས་ད་ཤཱ་ཤཱ་ལས་ས་དབང་བརྒྱད་པ། དུ ་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ཐུན་མོང་མ་ཡིན་ཁྱད་འཕགས་པའི།། རྒྱལ་ཐབས་སྤྱི་བླུགས་བཀའ་སྩལ་པ།། ལུང་ལྡན་བླ་མ་ངེས་པ་ལ།། ཞུ་བ་འབྲལ་དང་བྷྱོ་བ་དྲྀ།། ཕྱིར་མི་ལྡོག་པར་དམ་བཅ ་དང་།། གནང་བ་སྦྱིན་དང་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་དབང་བསྐུར་ཞུ།། དེ་སྐད་གསོལ་གདབ་བརྟུལ་ཞུགས་ཕུལ།། རིམ་པ་བཞིན་དུ་བསྐོར་ཞིང་ནོད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་རྗེ ་བཙུན་བདག་ལ་དགོངས།། མ་རིག་དབང་གིས་དོན་མ་རྟོགས།། དེ་ཕྱིར་བཟློག་དོན་རྒྱལ་བའི་བཀའ།། ཡེ་ཤེས་རྒྱུད་སྤྲིན་རིག་པའི་དབང་།། ཐུགས་རྗེ་ཆེན་པོས་བདག་ལ་བསྐུར།། དད་ལྡན་ངེས་པའི་ཤེས་རབ ་རྒྱན།། རྫོགས་ཆེན་ཆོས་ལ་འཇུག་སྨྲལམ།། འཁོར་འདས་མ་རིག་ངེས་དོན་གྱི།། བ་མའི་ཆོས་ལ་མི་སྐྲག་གས།། ཡང་དག་ངམས་བསྟན་པ་པཾ།། ཝང་ལྡན་དམ་ཆོག་གཟང་ཐུབ་པས།། ཐགས་ནས་ཅན་དུ་བརྒྱད ་ཡི།། ངེས་དོན་མན་ངག་གསང་ཐུབ་བམ།། ད་ཡང་འདུས་པའི་སྙིང་པོ་ཅན།། བླ་མ་ཀུན་བཟང་སྤྱན་ལམ་དུ།། བཀའ་ལས་མི་འདའ་ཕྱིར་མི་ལྡོག། སངས་རྒྱས་ཆོས་སུ་རྟོགས་བར་དུ།། རྐྱེན་དབང་མི་བཏང་དམ ་བཅའོ།། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན།། རང་གི་དམ་བཅའ་ཇི་བཞིན་དུ།། ངེས་དོན་སངས་རྒྱས་གསང་སྔགས་དབང་།། ཡང་དག་མ་ནོར་ཁྱོད་ནོས་ཤིག། ངེས་དོན་སངས་རྒྱས་ཆོས་ཀྱི་སྐུ།། ཐིག་ལེ་རང་བྱུང ་འོད་གསལ་བ།། རིག་པའི་ཡེ་ཤེས་མངོན་དུ་འགྱུར།། ཡེ་ཤེས་སྐུ་མཆོག་བདག་ལ་སྐུར།། ངས་དོན་ཡེ་ཤེས་ཚངས་པའི་གསུང་།། ཚིག་གི་དོན་མཚོན་ཡིད་ཀྱི་གོ།། ངེས་དོན་གསལ་བར་རིག་པའི་གསུང་།། བརྡ ་འཇལ་ངེས་པའི་དབང་ཐོབ་ཤོག། མ་རིག་སེམས་ཀྱི་མུན་གསེབ་ཏུ།། ལུང་ལྡན་ཐུགས་ཀྱི་སྒྲོན་མ་ཡི།། མ་རིག་རྟོག་མེད་ད་ལྟ་ཉིད།། འགྱུར་མེད་ཐུགས་ཀྱི་དབང་ཐོབ་ཤོག། དངོས་མེད་རིག་པའི་ཡེ་ཤེས་འདི།། ་ནང་གསལ་ཡེངས་མེད་ཆོས་ཀྱི་སྐུ།། རྒྱལ་བ་རྣམས་ཀྱི་ཡོན་ཏན་དབང་།། ཡེ་ཤེས་འགྱུར་མེད་བདག་ལ་སྐུར།། རང་བྱུང་མཛད་སྤྱོད་ཡེ་ཤེས་ལ།། རྒྱུན་དུ་མི་འབྲལ་ངེས་པའི་ལུང་།། དུས་འདིར་མི་བརྗེད་རང ་གསལ་གྱི།། མཛད་སྤྱོད་དབང་ཞིག་བདག་ལ་སྐུར།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་ལྟ་བུར་དྭངས་པ་ཡི།། ཁྱབ་གསལ་རབ་བརྗིད་སྐུར་སྟོན་པའི།། མཁས་པ་རྒྱ་ཆེ་ཤིན་ཏུ་གསལ།། ཨེ་མ་བཅོམ ་ལྡན་སངས་རྒྱས་གསུང་།། ཤེས་རབ་གཏིང་ཕྱིན་གཡོས་པ་མེད།། རྒྱུན་མི་འཆད་ལ་ཕྱག་འཚལ་བསྟོད།། མ་རྩོལ་བདུད་རྣམས་འཇོམས་མཛད་པ།། སྟོབས་ལྡན་དཔའ་བོ་ཆེན་པོ་སྟེ།། ཡོན་ཏན་ཕྲིན་ལས་རྫོགས ་མཛད་པ།། ཅི་བསམ་འགྲུབ་ལ་ཕྱག་འཚལ་བསྟོད།། ད་ནི་ཁྱེད་ཀྱི་འབངས་སུ་མཆི།། དཔའ་བོ་ཆེན་པོས་བདག་ལ་དགོངས།། བཀའ་ལས་མི་འདའ་ཡིད་ཀྱིས་བཟུང་།། ངེས་དོན་གདམས་ངག་བསྟན ་དུ་གསོལ།། རྒྱལ་ཐབས་སྤྱི་བླུགས་ཡེ་ཤེས་དབང་།། རང་བྱུང་རིག་པའི་ཆུ་རྒྱུན་གྱིས།། མ་རིག་བག་ཆགས་དག་པའི་དབང་།། སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག། དེ་ལྟར་དབང་གིས་རིམ་པ་ཡང་།། མ་ནོར་ངེས ་པར་བསྐུར་ཐོབ་ན།། སངས་རྒྱས་གདམས་ངག་དུས་འདི་རུ།། ངེས་དོན་མཆོག་ནི་ཐོབ་པར་འགྱུར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱལ་ཐབས་སྤྱི། ་བླུགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ངེས་དོན་རིག་པ་རང་གསལ་གྱི།། དབང་གི་རིམ་པ་བཀའ་སྩལ་པ།། ཡེ ་ཤེས་རིག་པའི་དབང་ཆེན་ནི།། བལྟ་བསྒོམ་སྤྱོད་པ་འབྲས་བུ་དང་།། འོད་གསལ་ཡེ་ཤེས་དབང་བསྐུར་དང་།། བརྡ་ཡིག་བྱིན་ལ་དམ་ཚིག་དབོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུའི་ལྟ་བ་ནི།། ་ཡིད་ཆེས་ཐག་ཆོད་གདེང་དུ་ལྡན།། དེ་རྟོགས་ཀུན་བཟང་བྱིན་རླབས་ཀྱིས།། ཆོས་སྐུ་རིག་པའི་དབང་ཐོབ་ཤོག། འབྲལ་མེད་རང་གསལ་ཡེངས་པ་མེད།། ཉམས་མྱོང་ཞེན་མེད་རྒྱུན་དུ་གནས།། ཏིང་འཛིན་ལྷག ་མཐོང་ཡེ་ཤེས་དབང་།། རྐྱེན་དབང་མི་འགྱུར་དབང་ཐོབ་ཤོག། བླང་དོར་དགག་བསྒྲུབ་མེད་པ་ཡིས།། ཉམ་ང་མེད་པའི་བརྟུལ་ཞུགས་མཆོག། དེ་ལ་རྟག་ཏུ་སྐྱོན་མི་གོས།། སྤྱོད་པ་ལ་སྤྱོད་དབང་ཐོབ་ཤོག། འབྲས ་བུ་ཆོས་ཉིད་བྱང་ཆུབ་ཀློང་།། མ་བགྲོད་སངས་རྒྱས་སར་ཕྱིན་པའི།། ཆོས་སྐུའི་གཟུགས་བརྙན་གཟུགས་སྐུ་འབྱུང་།། འགྲོ་དོན་དབང་བྱིན་དབང་ཐོབ་ཤོག། དེ་ཡང་འདུས་པའི་སྙིང་པོ་ཉིན།། མ་རིག་ཀུན་གཞི་གཞི ་ཆ་ལ།། རང་བྱུང་རིག་པའི་དབང་བསྐུར་བས།། སངས་རྒྱས་ཀུན་གྱི་ཆོས་ཀྱི་སྐུ།། ཡེ་ཤེས་འོད་གསལ་དབང་ཐོབ་ཤོག། བླ་མ་རྗེ་བཙུན་ཀུན་བཟང་ནི།། སངས་རྒྱས་ཀུན་གྱི་སངས་རྒྱས་ཏེ།། ལུང་ལྡན་དམ་ཚིག་རྗེས ་སུ་སྲུངས།། ཡོན་ཕུལ་གདམས་ངག་རྗེས་སུ་ལོངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རིག་པ་གསལ་དབང་གི་རིམ་པ་བསྟན་པའི་ལེའུ་སྟེ། ་སུམ་ཅུ་པའོ།། །། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། ཡེ་ཤེས་སྤྱི་བླུགས་དབང་ཆེན་ནི།། དད་ལྡན་འཁོར་ལ་བཀའ་སྩལ་པ།། དང་པོ་སྐྱེ་ཤིའི་བར་དོ་ལ།། རང་སེམས་ཆོས་སྐུ་ངོ་སྤྲད་པས།། རྒྱུན་དུ ་འབྲལ་མེད་གདམས་ངག་གིས།། རྐྱེན་དབང་མི་འགྱུར་དབང་བསྐུར་རོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་རང་ཤར་དབང་བསྐུར་བས།། དངོས་པོ་མ་འཁྲུལ་རིག་པ་ལ།། ཚོར་བ་བདེ་སྡུག་དུག་ལྔ་ནི།། ་གང་ཕྲད་རྐྱེན་ཐུབ་ཆོས་ཀྱི་སྐུ།། ཉམས་མྱང་བྲལ་མེད་དབང་ཐོབ་ཤོག། དུས་འདིར་སངས་རྒྱས་ཐོབ་བར་དུ།། བདེ་བ་ཕྱི་ནང་གསང་བ་གསུམ།། གོལ་མེད་རྐྱེན་ཐུབ་ལ་ཟློས་པའི།། ཞེན་མེད་ཡེ་ཤེས ་དབང་ཐོབ་ཤོག། སྡུག་བསྔལ་རྣམ་གསུམ་གང་བྱུང་ཡང་།། དེ་དུས་ཆོས་སྐུ་དྲན་ནས་ནི།། མི་བདེ་སྡུག་བསྔལ་རང་ཞི་ནས།། ཡེ་ཤེས་རང་ཤར་དབང་ཐོབ་ཤོག། གཏི་མུག་ལས་བྱུང་བཏང་སྙོམས་གསུམ།། ཤན་དབྱེ ་ངོས་བཟུང་ལ་ཟློས་པའི།། གོལ་མེད་རྐྱེན་ཐུབ་ལྷག་མཐོང་དུ།། མི་བརྗེད་གཟུངས་ཀྱི་དབང་ཐོབ་ཤོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དགེ་སྡིག་རྨི་ལམ་རྣམ་གསུམ་དུ།། གོལ་མེད་རྐྱེན་ཐུབ་ཀློང་ཐིམ་པའི།། ཡེ ་ཤེས་ཉིད་ཀྱི་ཏིང་འཛིན་དུ།། གསལ་ཟེབ་རིག་པའི་དབང་ཐོབ་ཤོག། ཉོན་མོངས་དུག་ལྔ་སྐྱེས་པའི་ཚེ།། གོལ་མེད་ལོག་ནོན་གསལ་ཐེབ་པས།། ཡེ་ཤེས་རྐྱེན་ཐུབ་གདེང་གིས་ཟིན།། དུག་ལྔ་རང་གྲོལ་དབང་ཐོབ ་ཤོག། འདི་ནས་ཚེ་འཕོས་པར་དོ་ལ།། མ་རིག་སྒྲིབ་མེད་གདེང་གིས་ནི།། མངོན་ཤེས་རྗེས་དྲན་ཡོན་ཏན་ལྡན།། སྐྱེ་བ་མི་ལེན་དབང་ཐོབ་ཤོག། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན།། འབྲལ་མེད་རྐྱེན་ཐུབ་དབང ་བསྐུར་བས།། མི་ཡི་ལུས་ལ་སངས་རྒྱས་ཐུགས།། དུས་འདིར་མངོན་འགྱུར་ཡེ་ཤེས་ཏེ།། འབྲལ་མེད་སངས་རྒྱས་དུས་འདིར་ཐོབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒྱུད་ལས། ཡེ་ཤེས་སྤྱི་བླུགས་ཀྱི་དབང་གི་རིམ་པ་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན་པ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། དབང་བཞིའི ་ཡོན་ཏན་བཀའ་སྩལ་པ།། དང་པོ་ཐུན་མོང་ཡོན་ཏན་ནི།། དཀྱིལ་འཁོར་འཇུག་སྒོའི་དབང་བསྐུར་བས།། ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ།། ཕྱི་མ་མ་ཡིན་དུས་འདིར་འབྱུང་།། དེ་ཕྱིར་དཀྱིལ་འཁོར་འཇུག་པ ་གཅེས།། དམ་ཆུ་ལྕེ་ཐོག་བཞག་པ་གཅེས།། བླ་ན་མེད་དང་རྡོ་རྗེའི་དམྱལ།། ཕྱི་མ་དང་ནི་དུས་འདིར་སྨིན།། དེ་ཕྱིར་དམ་ཚིག་ཤིན་ཏུ་མཉན།། རིན་ཆེན་འཕྲེང་བ་འདི་དོར་བས།། སྔོན་ནས་བསྒྲུབས་ཤིང་བསྟེན ་པའི་ལྷ།། གང་ཕོག་རང་གི་ཡི་དམ་ལྷ།། དུས་འདིར་ཞལ་མཐོང་དངོས་གྲུབ་ཐོབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་པའི་དོན་རྟོགས་འབྲུ་བརྒྱད་པ།། རང་ལ་བཏགས་པས་ཡེ་ཤེས་མཆོག། ཐུན་མོང་མཆོག་གི ་ལས་རྫོགས་ནས།། མཚན་དང་དཔེ་བྱད་དངོས་གྲུབ་ཐོབ།། རིན་ཆེན་དབུ་རྒྱན་དབང་བསྐུར་བས།། རིག་ལྔ་ཡེ་ཤེས་དབང་ཐོབ་ནས།། ལོངས་སྐུའི་ཡེ་ཤེས་དུས་འདིར་ནི།། སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར།། རང ་བྱུང་ཐོད་པའི་དབང་བསྐུར་བས།། ཡེ་ཤེས་ལྔ་རྫོགས་ཐམས་ཅད་མཁྱེན།། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ནི།། མི་བརྗེད་པ་ཡིས་གཟུངས་རྣམས་ཐོབ།། བརྟུལ་ཞུགས་མཆོག་གི་དབང་བསྐུར་བས།། ཐབས་དང ་ཤེས་རབ་དོན་ལྡན་ཕྱིར།། བླང་དོར་མེད་པའི་ཡེ་ཤེས་ཀྱིས།། ཉམ་ང་མེད་པའི་བརྟུལ་ཞུགས་བྱུང་།། དེ་ཕྱིར་རྟོག་བཅོམ་བགེགས་རྣམས་འདུལ།། རྡོ་རྗེ་དྲིལ་བུའི་དབང་བསྐུར་བས།། ཐབས་དང་ཤེས ་རབ་དོན་ལྡན་ཕྱིར།། འཁོར་འདས་ཆོས་ལ་རང་དབང་ཐོབ།། དེ་ཕྱིར་རིག་འཛིན་ས་ལ་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་མིང་གི་དབང་བསྐུར་བས།། ཡི་དམ་ལྷ་ཡིས་ལུང་བསྟན་ནས།། འགྲོ ་དོན་མཐར་ཕྱིན་སེམས་བསྐྱེད་པས།། འཁོར་བའི་མིང་མེད་མངོན་སངས་རྒྱས།། ལུས་ལ་སྐུ་ཡི་དབང་བསྐུར་བས།། ཆོས་སྐུ་བདེ་ཆེན་རིག་པ་ཡི།། གཟུགས་སྐུ་རྣམ་གཉིས་དུས་འདིར་ནི།། རབ་བརྗིད་སྐུ་ཡི་དངོས ་གྲུབ་ཐོབ།། དམ་ཚིག་གསུང་གི་དབང་བསྐུར་བས།། སྐྱེ་མེད་རིག་པའི་ཡེ་ཤེས་ཀྱི།། ཚངས་པའི་གསུང་གི་དངོས་གྲུབ་ཀྱི།། དུས་འདིར་སྐྱེ་འགག་མེད་པ་ཐོབ།། རང་བྱུང་བུམ་པའི་དབང་བསྐུར་བས། རང་རིག་མི ་འགྱུར་ཐུགས་ཀྱི་གདེང་།། དུས་འདིར་སངས་རྒྱས་ཆོས་ཀྱི་སྐུ།། སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྱིར་མི་ལྡོག་པའི་དབང་བསྐུར་བས།། འཁོར་བའི་མཐའ་ལས་རྣམ་ཐར ་ནས།། སངས་རྒྱས་ཆོས་ཀྱི་ཡོན་ཏན་རྫོགས།། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐར།། ལུང་བསྟན་ཉན་པའི་དབང་བསྐུར་བས།། སངས་རྒྱས་མདོ་རྒྱུད་ངེས་པའི་ཆོས།། སྐད་ཅིག་ལ་ནི་ངེས་ཤེས་ཕྱིར།། གཏི་མུག་མེད ་པའི་དངོས་གྲུབ་ཐོབ།། བཤད་པའི་དབང་མཆོག་འདི་བསྐུར་བས།། རྡོ་རྗེའི་ལྕེ་དང་ལྡན་གྱུར་ནས།། ངག་གསལ་ལུང་བསྟན་དམ་པར་འཛིན།། བླ་མར་འཛིན་པའི་དབང་ཐོབ་འགྱུར།། བསྒོམ་བསྒྲུབ་མཆོག་གི ་དབང་བསྐུར་བས།། ཕྱི་མར་མི་སྡོད་དུས་འདིར་འབྱུང་།། ལས་བཞིའི་དངོས་གྲུབ་ཐོབ་ནས་ནི།། རང་བཞིན་གྲུབ་པའི་ས་ལ་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་དབང་གི་ཡོན་ཏན་ཡིན།། དགོས་དོན ་མ་ནོར་ངེས་པའི་ལུང་།། མཆོག་དང་ཐུན་མོང་ངོ་བོའི་ལུང་།། སངས་རྒྱས་རྒྱུད་སྨིན་དེ་ལས་འབྱུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐུན ་མོང་དབང་གི་ཡོན་ཏན་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། རྒྱལ་ཐབས་སྤྱི་བླུགས་དབང་གི་ནི།། ཡོན་ཏན་འཁོར་ལ་བཀའ་སྩལ་པ།། དང་པོ་ལུང་བསྟན་ཞུ ་ཕུལ་བས།། རྗེས་སུ་གནང་བས་དད་མི་ལྡོག། དེ་ཕྱིར་བཀའ་གསང་དོན་ལ་འཇུག། མ་རིག་སེལ་ཞིང་རང་རྒྱུད་སྨིན།། སྤྲོ་བ་དྲི་བའི་ཚིག་བརྗོད་པས།། མཉན་ཞིང་གུས་པའི་བློ་བྱུང་སྟེ།། དམ་ཚིག་གསང་བ་ངེས ་པར་འཛིན།། ལུང་ལྡན་གོང་མས་བྱིན་གྱིས་རློབས།། སློབ་མས་མི་ལྡོག་དམ་བཅས་པས།། ཆོས་སྐྱོང་དམ་བཏགས་ཀུན་གྱིས་བསྲུང་།། ཚེ་རིང་ཅི་བསམ་འགྲུབ་པར་བྱེད།། དེ་མི་ནུས་ན་བར་ཆད་འབྱུང་།། གནང་བ ་བྱིན་པའི་ཡོན་ཏན་ནི།། དད་ལྡན་ཡིད་ཆེས་བློ་བདེ་ནས།། ཚོགས་ཀྱི་ལམ་གྱི་ཡེ་ཤེས་ཏེ།། འབྲས་བུ་བརྩོན་འགྲུས་མྱུར་དུ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཀྱི་སྐུ་ཡིས་དབང་བསྐུར་བས།། ་རང་རིག་ཐིག་ལེའི་དོན་ཤར་ཕྱིར།། རྟོགས་པ་མངོན་འགྱུར་ཡེ་ཤེས་མཆོག། ཆོད་ཉིད་བཙལ་མེད་དུས་འདིར་འཐོབ།། ངེས་དོན་གསུང་གི་དབང་བསྐུར་བས།། ཚིག་གིས་མཚོན་པ་ཡིད་ཀྱིས་གོ།། དོན་གསལ་ཡིད ་ཆེས་ཚངས་པའི་དབྱངས།། སྐྱེ་འགག་མེད་པའི་དངོས་གྲུབ་འཐོབ།། རིག་པ་ཐུགས་ཀྱི་དབང་ཐོབ་པས།། མ་རིག་སེལ་ཞིང་རིག་པ་རྟོགས།། ཡེ་ཤེས་འགྱུར་མེད་ཆོས་སྐུ་ཐོབ།། ད་ལྟ་ཉིད་དུ་དངོས་གྲུབ་ཐོབ།། ཡོན ་ཏན་རིག་པའི་དབང་བསྐུར་བས།། གཟུགས་སྐུའི་ཞིང་ཁམས་སྣ་ཚོགས་ལ།། མངའ་མཛད་སངས་རྒྱས་འགྲོ་དོན་བྱེད།། གཟུང་འཛིན་ཞེན་པའི་སྐྱོན་མི་གོལ།། ཕྲིན་ལས་རིག་པའི་དབང་བསྐུར་བས།། འཛམ་གླིང ་བྱེ་བ་ཕྲག་རྒྱ་རུ།། སྤྲུལ་པ་བྱེ་བ་སྣ་ཚོགས་འགྱེད།། འགྲོ་དོན་མཐར་ཕྱིན་དངོས་གྲུབ་ཐོབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། དད་པའི་ཡིད་ཀྱིས་བསྟོད་བྱས་པས།། སྟོབས ་དང་མི་འཇིགས་ཡོན་ཏན་འབྱུང་།། གསོལ་བཏབ་རྒྱལ་ཐབས་དབང་བསྐུར་བས།། ཡེ་ཤེས་ཆུ་རྒྱུན་ངེས་པའི་བརྡའ།། བག་ཆགས་ཉོན་མོངས་དུས་འདིར་དག། ཆོས་སྐུ་ངོ་སྤྲོད་དངོས་གྲུབ་ཐོབ།། རྫོགས་པ་ཆེན་པོ ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱལ་ཐབས་སྤྱི་བླུགས་དབང་གི་ཡོན་ཏན་བསྟན་པའི་ལེའུ་སོ་གསུམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན ་རིག་ཆོས་ཀྱི་རྒྱལ་པོ་ཡིས།། རིག་པ་རང་གསལ་དབང་ཡོན་ཏན།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལྟ་བ་ངེས་པའི་དབང་བསྐུར་བས།། སངས་རྒྱས་སེམས་ཅན་མ་ལུས་ཀུན།། ཆོས་ཀྱི་སྐུ་ལས་གཞན་མེད ་པས།། འཁོར་བའི་སྐྱོན་ནི་ཀ་ནས་མེད།། མ་བསྒྲུབས་འབྲལ་མེད་དབང་བསྐུར་བས།། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ།། ཉམས་མྱོང་ཞེན་མེད་རྒྱུན་མི་ཆད།། ཏིང་འཛིན་རང་གསལ་དངོས་གྲུབ་ཐོབ།། སྤྱོད་པ ་མཆོག་གི་དབང་བསྐུར་བས།། ཉོན་མོངས་མི་འབྱུང་ཡེ་ཤེས་འབྱུང་།། སྐྱོན་གྱིས་མི་གོས་བླང་དོར་མེད།། བརྟུལ་ཞུགས་མཆོག་གི་དངོས་གྲུབ་ཐོབ།། འབྲས་བུ་མཆོག་གི་དབང་བསྐུར་བས།། ས་དང་ལམ་ལ་མ ་བགྲོད་པར།། ཉོན་མོངས་དུག་ལྔ་རང་གྲོལ་ནས།། དུས་འདིར་སྐུ་གསུམ་སངས་རྒྱས་འབྱུང་།། དེ་ཡི་ཡོན་ཏན་བརྗོད་མི་ལངས།། འོད་གསལ་ཆེན་པོས་དབང་བསྐུར་བས།། ཡེ་ཤེས་རིག་པའི་འོད་ཤར་བས།། ་འཇིག་རྟེན་གསུམ་གྱི་བྱང་ཆུབ་སེམས།། ཀུན་ཀྱང་སངས་རྒྱས་ས་རུ་ཤེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་རང་གསལ་ཡོན་ཏན་གྱི།། བརྡ་ཡིག་བྱིན་ལ་དབང་ཡོན་ཕུལ།། དེ་ཡི་བསོད་ནམས་བསམ་མི ་ཁྱབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རིག་པ་རང་གསལ་གྱི་དབང་གི་ཡོན་ཏན་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །། དེ ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཡེ་ཤེས་སྤྱི་བླུགས་དབང་གི་ནི།། ཡོན་ཏན་ངེས་པར་བཀའ་སྩལ་པ།། བདེ་བ་ཡེ་ཤེས་དབང་བསྐུར་བས།། ཕྱི་ནང་གསང་བའི་བདེ་བ་ནི།། བདེ ་བ་རྐྱེན་ཐུབ་ཆོས་སྐུར་ཤར།། ལོངས་སྤྱོད་རྫོགས་པའི་འབྲས་བུ་འབྱུང་།། སྡུག་བསྔལ་ཞི་བྱེད་དབང་བསྐུར་བས།། སྡུག་བསྔལ་སྣ་ཚོགས་གང་བྱུང་ཡང་།། རང་ཞི་བྱང་ཆུབ་སེམས་སུ་རྟོགས།། ཁང་གཞི་གསུམ ་འབྲས་བདེ་བར་གནས།། བཏང་སྙོམས་ལྷག་མཐོང་དབང་བསྐུར་བས།། གཏི་མུག་རང་བྲལ་རྐྱེན་རྣམས་ཐུབ།། ལེ་ལོ་མི་འབྱུང་ཆོས་ཀྱི་སྐུ།། དེ་ཙམ་ཉིད་ན་ཆོས་སྐུ་གསལ།། དུག་ལྔ་རང་གྲོལ་དབང་བསྐུར་བས།། ་ཉོན་མོངས་ཞེན་པ་གང་སྐྱེས་ཀྱང་།། དེ་ཉིད་གསལ་ཐེབ་ཆོས་སྐུ་ཉིད།། རྐྱེན་དབང་མི་འགྱུར་གདེང་གིས་ཟིན།། སྐྱེ་བ་མི་ལེན་དབང་བསྐུར་བས།། ལུས་བོར་སྲིད་པ་བར་དོ་ལ།། རྗེས་དྲན་དྲུག་གི་དོན་ཤེས་ནས།། ་སྐྱེ་བ་མི་ལེན་ཡེ་ཤེས་སུ།། བག་ཆགས་མི་འབྱུང་རྐྱེན་རྣམས་ཐུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་དབང་གི་རིམ་པ་ཡང་།། དོན་ལ་དབྱེར་མེད་ངོ་བོ་གཅིག། ཡོན་ཏན་གྲངས་རྣམས་ཅི་གསུངས་ཀྱང་།། ་སྒྲིབ་པས་མི་གོས་སངས་རྒྱས་ཉིད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་སྤྱི་བླུགས་ཀྱི་དབང་གི་ཡོན་ཏན་བསྟན་པའི་ལེའུ་སོ་ལྔ་པའོ།། ། སྡོམ ་དུ་བསྡུས་ཏེ་བསྟན་པ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རྟོགས་པར་བྱ་བའི་དམ་ཚིག་གང་།། ཆེད་དུ་བྱ་བའི་དམ ་ཚིག་གང་།། བསྲུང་བར་བྱ་བའི་དམ་ཚིག་གང་།། སྤང་བར་བྱ་བའི་དམ་ཚིག་གང་།། སྤྱད་པར་བྱ་བའི་དམ་ཚིག་གང་།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི ་འཁོར་ལ་བཀའ་སྩལ་པ།། དམ་ཚིག་ལྔ་ཡིས་གཞི་བཟུང་བ།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། དམ་ཚིག་བཅུ་གཉིས་གཞི་བསྟན་པ།། ལུས་ངག་ཡིད་གསུམ་ལས་སྤྱོད་པའི།། ཡོན་ཏན་སྐྱོན་གྱི་རྩ་བ་སྟེ།། ་གནང་དང་བཀག་པ་ཤེས་པར་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པར་བྱ་བའི་དམ་ཚིག་ནི།། མ་མེད་བུ་ནི་མི་འབྱུང་བཞིན།། ཀུན་གཞི་ནང་གི་ཆོས་སྐུ་ལས།། སངས་རྒྱས་མི་བཙལ་དམ་ཚིག་སྟེ།། དེ ་ཉིད་ངོས་ཟིན་རྟོགས་པའི་ཆོ་ག། གཟུགས་སྤངས་གྲིབ་མ་མི་རྙེད་བཞིན།། དུག་ལྔ་སྤངས་པའི་ཕ་རོལ་ན།། སངས་རྒྱས་གཞན་ན་མེད་པ་ཡིན།། དུག་ལྔ་མི་སྤངས་དམ་ཚིག་མཆོག། གསེར་འགྱུར་རྩེ་ཡིས་ཐེབ་པ ་བཞིན།། དུག་ལྔ་ཆོས་ཉིད་དོན་ཤེས་ན།། སྤང་བླང་མེད་པའི་ཆོས་སྐུར་གསལ།། དེ་ལས་མི་འགྱུར་འཁོར་མི་སྲིད།། སྔགས་ཀྱིས་དུག་བསད་དཔེ་བཞིན་དུ།། དུག་ལྔ་རང་གྲོལ་དོན་ཤེས་ན།། ཆེད་དུ ་མི་བསྒོམ་དམ་ཚིག་སྟེ།། ཡིད་ཀྱི་བསམ་པས་བསྒོམ་མི་དགོས།། རིན་ཆེན་རྙེད་པས་ལས་མི་དགོས།། དེ་བཞིན་དོན་རྟོགས་དམ་ཚིག་མཆོག། བསྒོམ་མི་དགོས་པའི་ཆོས་ཡིན་ཕྱིར།། མ་སྒོམས་སྟོར་བྲལ་གོལ་ས ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་རྟོགས་ཐབས་དམ་ཚིག་ཀྱང་།། རྩ་བ་རང་སེམས་འདི་ཉིད་ལས།། གཞན་ན་ཡོད་པ་མ་ཡིན་ཏེ།། རང་རིག་རྟོགས་ན་དམ་ཚིག་མཆོག། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྟོགས་པར་བྱ་བའི་དམ་ཚིག་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས ་རྗེ་ཡིས།། ཆད་བྱའི་དམ་ཚིག་བཀའ་སྩལ་པ།། དཔེར་ན་མིག་གི་འབྲས་བུ་བཞིན།། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། བརྩེ་གདུང་དམ་ཚིག་རྒྱུན་དུ་བཀུར།། ངེས་དོན་མཆོག་གི་དངོས་གྲུབ་ཐོབ།། ད་ཡང་འདུས ་པའི་སྙིང་པོ་ཉོན།། དཔེར་ན་རང་གི་ལུས་བསྲུང་བཞིན།། ངེས་དོན་གཅིག་པའི་གྲོགས་དག་ལ།། གདུང་སེམས་མི་འབྲལ་གུས་བྱས་ན།། དངོས་གྲུབ་ཚེ་རིང་ལོངས་སྤྱོད་འཕེལ།། དཔེར་ན་རང་གི་སྙིང་བཞིན་དུ།། ་དམ་ཚིག་གདམས་ངག་མ་ནོར་བ།། སྣོད་མེད་གཞན་ལ་མི་སྤེལ་བར།། ཆེད་དུ་དམ་བྱས་ཅི་བསམ་འགྲུབ།། ཀ་ལ་པིང་ཀའི་དབྱངས་སྙན་བཞིན།། རང་གི་བལྟ་བསྒོམ་ངེས་པའི་དོན།། རྒྱུན་དུ་མི་འབྲལ་ཆེད་དུ་ནི།། ་རིག་པ་སོ་ཐུབ་དམ་ཚིག་སྲུང་།། བདེན་མཐོང་རྐྱེན་ཁར་མི་བཏང་ཞིང་།། ལུང་ལྡན་ངེས་པའི་གདམས་ངག་ལ།། བདུད་ཀྱི་ཆོ་འཕྲུལ་གང་བྱུང་ཡང་།། ཟིལ་མནོན་གདམས་ངག་དྲན་པ་གཅེས།། བུ་ལ་མི་ཆགས་ནི་ཏི ་བཞིན།། དམ་ལྡན་དམ་ཚིག་གདེང་ལྡན་ནས།། ཆོས་བརྒྱད་སྤང་བླང་མེད་ཤེས་ཕྱིར།། ཆེད་དུ་མི་ཞེན་གཉེན་པོ་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ཆེད་བྱའི་དམ་ཚིག་ཀྱང་།། རྩ་བ་སྐུ་གསུང་ཐུགས ་སུ་འདུས།། དེ་ཕྱིར་རྩ་དགུ་དམ་ཚིག་སྟེ།། ཆོས་རྣམས་ཀུན་གྱི་གཞི་མ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆེད་དུ་བྱེད་པའི་དམ་ཚིག་བསྟན ་པའི་ལེའུ་སྟེ་སོ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བསྲུང་བའི་དམ་ཚིག་བཀའ་སྩལ་པ།། སྤྲེ་དང་སྟག་ཐབས་ཇི་བཞིན་དུ།། རྡོ་རྗེ་སློབ་དཔོན་སྐུ་དགྲ ་དང་།། བཤེས་འདྲིས་མི་བྱ་བསྲུང་གྱུར་ན།། རིན་ཆེན་སྐུ་ཡི་དངོས་གྲུབ་ཐོབ།། མཐོང་བའི་དུག་ཅན་དཔེ་བཞིན་དུ།། ནག་མོར་འཛིངས་དང་དམ་ཉམས་ཀྱིས།། འཐབ་བརྡུངས་ཤུགས་མ་སྤངས་འགྱུར་ན།། བགེགས ་ཀྱིས་མི་ཚུགས་བྱིན་རླབས་འབྱུང་།། དུག་ཏུ་ངོ་ཤེས་མི་ཟ་བཞིན།། རྨིག་དུམ་ཤ་ནི་མ་ཟོས་ན།། བྲམ་ཟེ་གཙང་མའི་རིགས་འཛིན་སྐྱོབ།། མཁའ་འགྲོས་ཐུན་མོང་དངོས་གྲུབ་སྟེར།། གསེར་དང་བྱེ་མ་མི ་བརྗེ་བཞིན།། ངེས་དོན་རྒྱུད་དྲུག་ཆོས་དང་ནི།། བཀའ་རྐུན་ཆོས་བཞིན་མ་བརྗེས་ན།། ཐུགས་ཀྱིས་དངོས་གྲུབ་སངས་རྒྱས་ཐོབ།། དར་དཀར་ལ་ནི་སྣུམ་ཞེན་བཞིན།། ནལ་བུ་བསད་དང་ངོས་ནལ་ལ།། འཁྲིག་པའི ་འདོད་ཆགས་སྤྱོད་སྤངས་ན།། གཙང་རིས་ཆོས་སྐྱོང་ཀུན་གྱིས་སྐྱོབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་བསྲུང་བའི་དམ་ཚིག་ཀྱང་།། རྩ་བ་འདོད་ཆུང་ཉིད་དུ་འདུས།། དེ་ཕྱིར་ཞེན་པ་མི་ཤེས་ན།། བར་ཆད ་མི་འབྱུང་དངོས་གྲུབ་ཐོབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྲུང་བར་བྱ་བའི་དམ་ཚིག་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས ་ཡང་ཀུན་རིག་སྟོན་པ་ཡིས།། སྤང་བར་བྱ་བའི་དམ་ཚིག་ནི།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། རྣལ་འབྱོར་ངེས་ལུང་ལྡན་པ་ཡིས།། དམ་བཟུང་མི་ཤིགས་བསྲུངས་དགོས་ནི།། སེམས་ཅན་ཐ་མལ་འགྲོ་བ ་ཡི།། སྲོག་གཅད་དམ་ཚིག་ཅན་གྱིས་སྤངས།། ཏིལ་གྱི་ཕུབ་མ་ཙམ་ཡང་ནི།། མ་བྱིན་བླང་བར་མི་བྱ་སྟེ།། མི་དང་མི་མ་ཡིན་པའི་རྫས།། རྣལ་འབྱོར་པ་ཡིས་རྐུ་སེམས་སྤངས།། རེག་པ་དུག་ཅན་དཔེ་བཞིན་དུ།། སྲུང ་མ་ལྔ་ལྡན་གཞན་གྱི་ལ།། ཆགས་སེམས་ཙམ་ཡང་མི་བྱ་སྟེ།། རྣལ་འབྱོར་དམ་ཚིག་ལྡན་པས་སྤངས།། ཁ་རླངས་དུག་ཆེན་དཔེ་བཞིན་དུ།། མི་ཆོས་བླ་མའི་རྫུན་ལ་སོགས།། རང་འདོད་འདུ་ཤེས་བསྒྱུར་སྨྲ་སྤང་།། དེ ་དག་རྩ་བ་བཞི་པོ་ནི།། འཁོར་བར་འཁྲུལ་པའི་རྟེན་གཞི་སྟེ།། དེ་མ་སྤང་བར་གྲོལ་མི་སྲིད།། དེ་ཕྱིར་རྣལ་འབྱོར་ཀུན་གྱི་སྤངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒྱུད་ལས། སྣང་བར་བྱ་བའི་དམ་ཚིག་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། གནང་བའི་དམ་ཚིག་རྣམ་པ་བཞི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དུག་སྦྲུལ་ཉེས ་བྱེད་གསོད་པ་བཞིན།། སྐུ་དགྲ་ཉེས་བྱེད་ཞིང་བཅུ་དང་།། སྔགས་ལ་སྐུར་པ་ལ་སོགས་པའི།། སྡིག་ཅན་བསྒྲལ་པས་དངོས་གྲུབ་ཐོབ།། དཔེར་ན་སྦྲང་བུ་བཅུད་ལེན་བཞིན།། རྣལ་འབྱོར་ཐབས་རྣམས་སྣ ་ཚོགས་ཀྱིས།། སེར་སྣ་ཅན་གྱི་ཟས་ནོར་ནི།། མ་བྱིན་བླངས་ལ་ཚོགས་སུ་འབུལ།། ཤིང་ཏོག་སྨིན་པའི་བཅུད་འཇིབས་བཞིན།། སྔ་ཕྱི་མ་སོང་གདེང་ལྡན་པས།། ཕོ་མོ་ཆགས་པ་ཅི་སྤྱོད་ཀྱང་།། དོན་ལས་མ་འདས ་བདེ་བའི་གྲོགས།། བྱིས་པ་ལག་གཏོང་འདྲིད་པ་བཞིན།། ངེས་དོན་བཀའ་ལ་ཞུགས་ཆེད་དུ།། དྲང་དོན་ཆོས་ཀུན་རྫུན་དུ་སྨྲ།། གོལ་སྒྲིབ་ཕྱིར་ནི་ཉེས་བྱེད་དགེ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གནང་བའི་དམ ་ཚིག་དེ་དག་ཀྱང་།། ལྟ་བས་གདེང་ལྡན་བྱ་བ་ལས།། ཟ་མལ་ཀུན་གྱིས་བྱར་མི་རུང་།། དེ་ཕྱིར་གདེང་ལྡན་བློ་ཡིས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང ་མཉམ་པའི་རྒྱུད་ལས། གནང་བར་བྱ་བའི་དམ་ཚིག་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན ་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཚིག་གིས་འདི་སྐད་གསོལ།། མ་རིག་ཡེ་ཤེས་དབྱེ་བ་གང་།། ཡུལ་སེམས་གཞི་མ་གཅིག་མི་གཅིག། རྒྱུ་འབྲས་དོན་གྱི་དབྱེ་བ་གང་།། བསྒོམ་དུ་ཡོད ་མེད་ཇི་ལྟར་ཡིན།། རྟོགས་མ་རྟོགས་ཀྱི་ཁྱད་པར་གང་།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས་ཅན་ཀུན་ལ་གནས་པ་ཡི།། མ ་རིག་ཡེ་ཤེས་ཁྱད་པར་ནི།། ང་ཡིས་བཤད་ཀྱིས་ད་ཉོན་ཅིག། དང་པོ་འཁོར་འདས་པར་དོ་ལ།། ཤེས་བཞིན་ལུང་མ་བསྟན་དུ་གཡོས།། དེ་ཉིད་རང་དུ་ངོ་མ་ཤེས།། དེ་ཕྱིར་གང་གི་བློ་མི་འཇུག། དེ་ནི་གཏི་མུག ་འཁོར་བའི་གཞི།། དེ་ལ་དཔྱད་ཀྱང་མ་ཤེས་པས།། ཞི་གནས་མ་རིག་པ་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལས་ཡུལ་མེད་འཛིན་པ་ནི།། བག་ལ་ཉལ་བ་ཆ་ཕྲ་བྱུང་།། དེ་ཕྱིར་རང་ལ་རང་གིས་བསྒྲིབས།། ་ལྷན་ཅིག་སྐྱེས་པའི་མ་རིག་པ།། རྒྱུ་ཡིས་རྐྱེན་ཞེས་དེ་ལ་བྱ།། རྒྱུ་དེ་ཤིན་ཏུ་མྱུར་བར་ནི།། དེ་མ་ཐག་ཏུ་འཛིན་པས་བརྟགས།། བག་ཉལ་ལངས་ལ་ཉེས་པས་འཛིན།། དེ་མ་ཐག་པའི་རྐྱེན་ཞེས་བྱ།། རྒྱུ་དང་དེ་མ་ཐག ་པ་ཡིས།། རྐྱེན་གཉིས་ཟུང་དུ་འཇུག་པ་ཡི།། ལྷན་ཅིག་སྐྱེས་པའི་མ་རིག་པ།། དེ་བསྐྱེད་ཤེས་པ་མངལ་དུ་འཇུག། དེས་འཛིན་ཆགས་སྡང་ཕྲ་མོ་སྐྱེས།། ནང་གི་བཟུང་བས་ཀུན་དུ་བརྟགས།། དེ་ཕྱིར་དམིགས་པའི ་རྐྱེན་ཞེས་བྱ།། ཆགས་སྡང་དེ་བས་རགས་སྐྱེས་པས།། ཁོང་ནས་བྱུང་ནས་ཕྱི་རོལ་གྱི།། བག་ཆགས་ཡུལ་གྱི་སྣང་བ་ཡང་།། རང་གི་ཡིད་ཀྱིས་དོན་རྟོག་ཞུགས།། ཡུལ་དང་ཆོས་བརྒྱད་རྣམ་པར་བརྟགས།། ང་བདག ་ནན་ཏན་གཟུང་འཛིན་བརྟས།། མངོན་འགྱུར་ཆགས་སྡང་ཁ་ཚང་ཕྱིར།། དམིགས་པ་བདག་པོའི་རྐྱེན་གཉིས་ཚང་།། ཀུན་བརྟགས་མ་རིག་པ་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྷན་ཅིག་ཀུན་བརྟགས ་གཉིས་འཛོམ་པས།། ཀུན་གཞིའི་རྣམ་པར་ཤེས་པ་ཡིན།། དེ་བསྐྱེད་ཚོགས་བརྒྱད་ཁ་ཚང་བས།། འཁོར་བར་འཁྱམས་ཞེས་དེ་ལ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི།། རང་སེམས ་ངོ་བོ་རྟོགས་ལས་བྱུང་།། ཡེ་ནི་རང་བྱུང་ཀུན་གྱི་གཞི།། ཤེས་ནི་ལུང་ལྡན་ངེས་པའི་དོན།། ཟུང་དུ་འཛོམ་ཕྱིར་ཡེ་ཤེས་ཡིན།། སྨན་དང་སྨན་པ་འཛོམ་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་རིག་ཡེ་ཤེས་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། ཡུལ་སེམས་དབྱེ་བ་བཀའ་སྩལ་པ།། སྣང་ཞིང ་སྲིད་པའི་ཆོས་རྣམས་ཀུན།། འཁྲུལ་སེམས་བག་ཆགས་ཡིན་པའི་ཕྱིར།། སྣང་བའི་ཞེན་པ་སྣ་ཚོགས་ཀྱང་།། ངོ་བོ་ཡུལ་དུ་གྲུབ་པ་མེད།། དེ་ཕྱིར་སྣང་བ་ལོག་འཁྲུལ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་གི ་སེམས་ནི་འཁྲུལ་བའི་དཔེ།། ཐག་སྦྲུལ་ཐོ་ཡོར་མི་བཞིན་དུ།། མེད་ལ་ཡོད་འཛིན་ཀུན་ཏུ་བརྟགས།། ས་ཆུ་མེ་རླུང་འབྱུང་བ་བཞི།། འཁྲུལ་པའི་བག་ཆགས་བརྟས་པ་ཡིས།། དངོས་སུ་སྣང་ཡང་དོན་དུ་མེད།། དེ་ཕྱིར ་ཡུལ་འདི་རྟེན་མེད་པར།། རྨོངས་པ་ཀུན་ནི་དམ་པར་འཛིན།། ལོག་པའི་རྗེས་སུ་འབྲངས་པས་ཕུང་།། སྨྲེ་འདྲའི་ལུང་གིས་བསླད་པས་ཕུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ཆོས་སྐུ་ཡེ་ཤེས་ལ།། འཁྲུལ ་པའི་རྐྱེན་བཞིས་མ་བསྐྱེད་པས།། ཀུན་གཞི་མེད་ཕྱིར་སེམས་ཀྱང་མེད།། ཡུལ་སེམས་གཉིས་ཀ་གཞི་མེད་དེ།། དེ་ཕྱིར་གཞི་མེད་ཆོས་སྐུ་ལ།། རང་རིག་ཡེ་ཤེས་ཀློང་ལྡན་པས།། སྣང་བ་མེད་ཕྱིར་འཛིན་པ་བྲལ།། ་གསལ་ལ་འཛིན་མེད་མི་གཡོ་བ།། སངས་རྒྱས་ཀུན་གྱི་དགོངས་པར་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་སེམས་ཡུལ་དུ་འཛིན་པའི་རྒྱུ།། འཁོར་བའི་ས་བོན་མ་རིག་པས།། རྒྱུ་རྐྱེན་བྱས་ནས་སྡུག་བསྔལ ་བྱུང་།། དེ་ཕྱིར་རང་འཁྲུལ་རྨོངས་པའི་སེམས།། གཟུང་འཛིན་བྱིང་རྒོད་ཞེན་པའི་རྒྱུ།། ཡུལ་ལ་བརྟེན་ནས་ཆགས་སྡང་སྐྱེ།། འཁོར་བའི་རྒྱུ་རྐྱེན་འཁྲུལ་སེམས་གཉིས།། གཅིག་དང་མི་གཅིག་རྩོལ་བའི་ཕྱིར།། འཁོར ་བའི་མཐའ་ལ་ཟད་མེད་ཕྱིར།། དེ་ཕྱིར་རང་རིག་དོན་རྟོགས་ན།། སེམས་མེད་ཡུལ་འདི་ཅི་ལ་སྲིད།། དེ་བས་རང་སེམས་སྙིང་པོ་འདི།། སེམས་ཀྱི་ཡུལ་ལས་འདས་པའི་ཕྱིར།། གཅིག་དང་མི་གཅིག་བརྗོད་ཀྱི་བར།། ་མ་རིག་བློ་ལ་ཡུལ་སེམས་ཡོད།། ལོག་ལྟ་ཅན་རྣམས་དམ་པར་འཛིན།། དེ་ཕྱིར་སྒྲ་དང་ཚད་མའི་ཆོས།། སྤྲེའུ་འདྲའི་བློ་ཡིས་ནན་བརྟགས་ནས།། ཡུལ་སེམས་རྩོད་པས་ཆོས་ཀུན་བྱུང་།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། ངེས་ལུང་གདམས་ངག་ལྡན་པ་ཡི།། ཡང་དག་ངེས་པའི་སངས་རྒྱས་ལ།། རང་རིག་ཆོས་སྐུ་སེམས་དང་བྲལ།། དེ་ཕྱིར་ཡུལ་མེད་རིག་པ་འཕྱོ།། ངེས་ལུང་གོ་བས་ཡུལ་སེམས་བརླག། དེ་ཡང་འདུས་པའི་སྙིང ་པོ་ཉོན།། དེ་ཡང་རྩ་བ་མདོར་བསྡུས་ན།། ཉི་ཤར་མུན་འགྲིབ་མེད་པ་བཞིན།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། གོལ་སྒྲིབ་ཡུལ་སེམས་གཞི་ནས་དག། དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ།། དུས་གསུམ་འཕོ་འགྱུར། ་མེད་པའི་ཕྱིར།། འཁྲུལ་མེད་ཡང་དག་མངོན་སངས་རྒྱས།། དེ་ཕྱིར་ངེས་དོན་རྟོགས་པས་ཆོག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡུལ་སེམས་གཞི་ལ ་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། རྒྱུ་འབྲས་སྐབས་དབྱེ་བཀའ་སྩལ་པ།། ཡང་དག་ངེས་དོན་སྐྱེ ་པོ་ལ།། མཛད་སྤྱོད་འབྱང་བས་མ་བསླད་ཕྱིར།། རྒྱུ་དང་འབྲས་བུ་ངོ་བོ་གཅིག། རང་བྱུང་རིག་པའི་ངོ་བོ་དེ།། དཔེར་ན་ནོར་བུ་རིན་ཆེན་ལ།། དགོས་འདོད་འབྲས་བུ་དུས་གཅིག་རྫོགས།། དེ་བཞིན་ཆོས་སྐུ་ངེས་དོན ་ལ།། རྟོགས་པ་ཙམ་གྱིས་ངེས་དོན་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐེག་པ་གཞན་དང་སྒོ་བསྟུན་ན།། རེ་ཞིག་རྒྱུ་རྐྱེན་བརྗོད་པ་ནི།། རྒྱུ་ནི་རང་བྱུང་ངོ་བོ་ཉིད།། རྐྱེན་ནི་ལུང་ལྡན་བླ་མས་ཚོལ།། འབྲས་བུ ་ཡེ་ཤེས་རྟོགས་པའི་ཚེ།། ཐ་དད་མེད་ཕྱིར་རྒྱུ་འབྲས་གཅིག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐེག་གཞན་ཆོས་ཀུན་རྒྱུ་འབྲས་དེ།། དུས་གཅིག་མ་ཡིན་རིམ་གྱིས་ཚོལ།། རྩོལ་སྒྲུབ་ཡིན་ཕྱིར་འཁོར་བའི་རྒྱུ།། གནས ་སྐབས་བདེ་ཐོབ་མཐར་ཟུག་མེད།། རྒྱུ་འབྲས་རིམ་བསྐྱེད་གོལ་སར་གསུངས།། དཔེར་ན་བྱས་པའི་རྫས་རྣམས་ནི།། མི་རྟག་མྱུར་དུ་འཇིག་པ་བཞིན།། རྒྱུ་རྐྱེན་བྱས་པའི་ཆོས་ཀུན་ནོར།། འབྲས་བུ་མི་འབྱུང་ཆུ་ཤིང ་འདྲ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དེ་དོན་རྩ་བ་མདོར་བསྡུས་ན།། ཏཀྵ་ཀ་ཡི་རྒྱན་བཞིན་དུ།། རྒྱུ་འབྲས་མཐར་ཕྱིར་གཞི་ནས་རྫོགས།། དེ་བཞིན་ཆོས་ཀུན་སྙིང་པོ་ལ།། ཆེ་བའི་ཡོན་ཏན་ངང་ལ་འཆར།། ་འབྲས་གཅིག་ཕྱིར་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་འབྲས་དོན་གྱི་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། ། ་དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། བསྒོམ་དུ་ཡོད་མེད་སྐབས་དབྱེ་བ།། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། ངེས་དོན་མ་ནོར་དོན་ཕྲད་ན།། མ་བསྒོམས་སངས་རྒྱས་ད་ལྟ ་འབྱུང་།། རང་བྱུང་ཆོས་སྐུ་ཡེ་གནས་པ།། བྱང་ཆུབ་སྙིང་པོ་བསྒོམ་དུ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་ཆོས་ཉིད་གདོད་ནས་དག། ཀུན་བཟང་ང་ཡིས་དགོངས་པའི་དོན།། མ་ནོར་གདམས་ངག་རྣམ་པ ་ལྔ།། ཚེགས་མེད་རང་སེམས་སྙིང་པོའི་དོན།། སྐལ་ལྡན་རྣམས་ཀྱིས་རྟོགས་པར་བཤད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་དགོངས་པ་ཇི་ལྟ་བ།། སེམས་ཅན་བློ་ཡིས་རྟོགས་པའི་ཐབས།། དཔེ་མི ་མཚོན་ཅིང་མ་བསྐྱེད་པར།། གདམས་ངག་བསྟན་པ་ཙམ་གྱིས་ཀྱང་།། མ་བསྒོམས་ད་ལྟ་ཉིད་དུ་ཡང་།། ངེས་དོན་རྟོགས་ཕྱིར་བསྒོམ་མེད་དོན།། མ་བསྒོམས་འབྲལ་མེད་སངས་རྒྱས་ཐུགས།། ཀུན་བཟང་ཐུགས་དང ་མཉམ་པར་ནི།། བྲལ་མེད་རྐྱེན་ཐུབ་གདམས་ངག་ནི།། བསྒོམ་མི་དགོས་པར་གདམས་ངག་གིས།། དད་ལྡན་ཕྱི་རབས་རྟོགས་པར་གྱིས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་གདམས་ངག་སྐལ་མེད་ལ།། ་ཞི་གནས་བློ་ནི་མ་ངེས་པ།། བསྒོམ་དུ་ཡོད་པ་གནས་པའི་ལམ།། འཁོར་ལ་བསྟན་གྱིས་ཡིད་ལ་ཉོན།། བསྒོམ་དུ་མེད་ལ་སུ་སྐྲག་པ།། མཚན་ཉིད་དབང་གསུམ་རིམ་གྱིས་བསྐུར།། ངེས་དོན ་ཉམས་སུ་མྱོང་བ་དང་།། ཡིད་ཆེས་གདེང་དང་ལྡན་པར་འགྱུར།། དེ་ཕྱིར་རང་སེམས་དགོངས་པ་སྟེ།། དེར་གནས་ཤེས་རབ་ཤིན་ཏུ་ཆེ།། ཉམས་ནི་ཕྱི་ནས་རིམ་གྱིས་འབྱུང་།། དེ་བྱུང་དགའ་བྲོད་སེམས་མི་བྱ།། ད ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣམ་གྲངས་མཚོན་པའི་དོན་རྣམས་ལས།། ལོག་སྟེ་བརྗོད་མེད་ངང་ལ་བཞག། ཐ་མ་ལ་རྗེས་སུ་མ་འབྲངས་པར།། བསྒོམ་དུ་ཡོད་པའི་ཆོས་བཤད་པས།། དེ་ཕྱིར་མ་གཡེངས་བསྒོམ་པ ་ནི།། ཉིད་ལས་མི་གཞན་འཁོར་རྣམས་ལ།། དོན་གྱི་སྒོ་ནས་ཤེས་པར་གནས།། རིག་འཛིན་སེམས་དཔའ་རྣམས་ཀྱང་ནི།། ཏིང་འཛིན་གོམས་པས་བརྟན་པ་ཐོབ།། འཁོར་ན་གནས་པའི་དད་ཉན་ཀྱང་།། མོས་པའི ་ལྟ་བ་གོམས་པར་བྱེད།། ཤེས་རབ་དམན་པའི་རྣལ་འབྱོར་གྱིས།། གནས་དང་མི་གཡོ་ལྷུན་གྲུབ་འདོད།། དེ་ཕྱིར་རང་སེམས་རྟོགས་པར་དཀའ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་དུ་ཡོད་མེད་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ ་བཀའ་སྩལ་པ།། ཡེ་ནས་ཡོད་པའི་ཆོས་ཀྱི་སྐུ།། རྟོགས་མ་རྟོགས་ཀྱི་ཁྱད་པར་ལས།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། རང་སེམས་མ་རྟོགས་སེམས་ཅན་ནི།། འཁོར་བ་གང་ནས་གང་དུ་འཁྲུལ།། ཅིས་འཁྲུལ ་ལྡོག་ཐབས་མ་ཤེས་པས།། ཡོད་མེད་གཟུང་འཛིན་བླ་དགས་ལ།། འཁྲུལ་པ་རྣམས་ནི་དམ་པར་འཛིན།། འཁོར་ལན་ཆོས་ལ་བརྟགས་པས་ལན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་ལ་རྟོགས་མེད་མ་ཤེས ་ཕྱིར།། ལོག་ལྟ་གང་ཞིག་ནོར་བའི་ལམ།། གཉིས་མེད་དོན་ལ་མ་རིག་འཁྲུལ།། དེ་ཕྱིར་གཉིས་མེད་མ་རྟོགས་ན།། ལུས་ངག་རྩོལ་བས་སྡུག་བསྔལ་ནོན།། དེ་ཕྱིར་ངེས་དོན་ལུང་མེད་ན།། ཐེག་དགུའི་ཤེས་པས་གྲོལ ་མི་སྲིད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་ཡོད་པའི་ཆོས་ཉིད་ལ།། ལུང་ལྡན་ངེས་པའི་དོན་ཕྲད་ན།། རྟོགས་དུས་ད་ལྟའི་ཚེ་འདི་ལ།། རང་སེམས་སྙིང་པོ་རྟོགས་པར་གྱིས།། ཀུན་བཟང་ང་ལ་ཐོག་མཐའ ་ཡོད།། དུས་ཅིག་མཆོད་ཕྱིར་མངོན་སངས་རྒྱས།། འདས་པའི་སངས་རྒྱས་ཀུན་གྱིས་ཀྱང་།། ང་ཡོད་ཕྱིར་ན་ཐོག་མཐའ་ཡོད།། སྐྱེ་བ་མི་ལེན་ཐ་མ་འབྱུང་།། ད་ལྟ་མ་བྱོན་སེམས་དཔའ་ཡིས།། ཐོག་མཐའ་མཆོད ་རྩོལ་བ་མེད།། དེ་ཕྱིར་རང་སེམས་རྟོགས་པར་དཀའ།། སེམས་ཅན་ཀུན་ལ་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་འདུས་པའི་ལུང་ལྡན་གྱིས།། འཁྲུལ་པ་ལྡོག་ཐབས་ཤེས་པ་དེས།། ངེས་པ་ཚིག ་གི་གདམས་ངག་འདི།། བསྟན་པས་དོན་རྟོགས་སྐད་ཅིག་ལ།། སངས་རྒྱས་ཀུན་དང་དགོངས་པ་མཉམ།། ཐོག་མཐའ་ཆོད་ཕྱིར་ཐམས་ཅད་མཁྱེན།། དེ་ཡང་ངེས་པའི་རྒྱུད་ཆེན་འདི།། རྟོགས་པས་ཆོག ་ཕྱིར་ཡ་མཚན་ཅན།། དེས་ན་ཚེགས་མེད་དོན་པོ་ཆེ།། ཆོས་རྣམས་ཀུན་གྱི་མཆོག་ཏུ་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྟོགས་མ་རྟོགས་ཀྱི ་ཁྱད་པར་གྱི་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན་པ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི ་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། ནམ་མཁའ་ཆོས་ཉིད་ཇི་ལྟར་འདྲ།། དེ་ལས་ཆོས་སྐུ་ཇི་ལྟར་འཕགས།། འཇིག་རྟེན་དཔེ་ནི་གང་དང་འདྲ།། དེ་ལས་དོན་ནི་ཇི་ལྟར་འཕགས།། ཀུན་རིག་སྟོན ་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཞུས་པ་ལེགས་སོངས་བཤད་ཀྱིས།། ཡིད་ལ་ཟུང་ལ་དོན་ལ་གཉེར།། དེ་དོན་རྟོགས་ཐབས་མཐུན་དཔེ་ནི།། ནམ ་མཁའི་མཚན་ཉིད་དངོས་པོ་མེད།། དེ་དང་འདུ་ཕྱིར་སྤྲོས་མེད་པས།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའི་མཚན་ཉིད་གཟུང་དུ་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ ་མཁའི་མཚན་ཉིད་འགྲོ་འོད་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའི་མཚན་ཉིད་འདུ་འབྲལ་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའི་མཚན་ཉིད་བྱ་བཙལ་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ ་མཁའི་མཚན་ཉིད་མཐའ་དབུས་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའི་མཚན་ཉིད་སྟེང་འོག་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའི་མཚན་ཉིད་སྣང་སྟོང་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ་ནམ་མཁའི་མཚན་ཉིད་བཟང་ངན་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའི་མཚན་ཉིད་བྱ་རྩོལ་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའི་མཚན་ཉིད་སྐྱེ་ཤི་མེད།། ་ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའི་མཚན་ཉིད་འཕེལ་འགྲིབ་མེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའ་འབྱུང་བ་ཀུན་གྱི་གཞི།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ནམ་མཁའ་མ་ལུས་ཀུན་གྱི་གཞི།། ཆོས ་ཉིད་ངོ་བོ་དེ་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་འདྲ་བའི་དཔེ་མཚོན་ཀྱང་།། དོན་གྱིས་ཁྱད་པར་བསམ་ཡས་པས།། དེ་ལས་བཟློག་སྟེ་བསྟན་དགོས་ཕྱིར།། དཔེ་དོན་ཁྱད་པར་ཤིན་ཏུ་ཆེ།། རྫོགས ་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དཔེ་ནམ་མཁའ་དང་འདྲ་བར་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན ་རིག་སྟོན་པ་ཆོས་རྗེ་ཡིས།། དཔེ་དོན་ཁྱད་པར་བཀའ་སྩལ་པ།། ནམ་མཁའ་སྐྱེ་བ་མེད་པ་ཙམ།། ཆོས་ཉིད་ཡོན་ཏན་ཅིར་ཡང་སྐྱེ།། ནམ་མཁའ་སྣང་བ་མེད་པ་ཙམ།། ཆོས་ཉིད་ཡེ་ཤེས་ཡུལ་དུ་སྐྱེ།། ་ནམ་མཁའ་སྣང་བ་མེད་པ་ཙམ།། ཆོས་ཉིད་ཡེ་ཤེས་ཡུལ་དུ་སྣང་།། ནམ་མཁའ་བརྟག་ཏུ་མེད་པ་ཙམ།། ཆོས་ཉིད་བརྟགས་པས་ཡོན་ཏན་གཏེར།། ནམ་མཁའ་སོང་བ་མེད་པ་སྟེ།། ཆོས་ཉིད་མྱ་ངན་འདས་པར ་སོང་།། ནམ་མཁའ་འགག་པ་མེད་པ་སྟེ།། ཆོས་ཉིད་ངང་དུ་ལོག་རྟོགས་འགགས།། ནམ་མཁའ་ཅིར་ཡང་མ་གྲུབ་སྟེ།། ཆོས་ཉིད་བདེ་བ་ཆེན་པོར་གྲུབ།། ནམ་མཁའ་མེད་པའི་མེད་པ་སྟེ།། ཆོས་ཉིད་ཡོད་པའི་ཡོད ་པའོ།། ནམ་མཁའ་ཆད་པའི་ཆད་པ་སྟེ།། ཆོས་ཉིད་མི་འགྱུར་རྟག་པ་ཡིན།། ནམ་མཁའ་སྟོང་པ་ཕྱལ་བ་སྟེ།། ཆོས་ཉིད་སངས་རྒྱས་ཀུན་གྱི་བཅུད།། ནམ་མཁའ་སྟོང་པ་སྟོང་པ་སྟེ།། ཆོས་ཉིད་ཡེ་ཤེས་འོང་བའི ་བཅུད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་བཟློག་ནས་དོན་བསྟན་པ།། ཕྱོགས་འགའ་བ་ཡི་དཔེར་མཚོན་ཏེ།། དོན་མ་ཡིན་ཕྱིར་དེ་ལས་བཟློག། ཆོས་ཉིད་བརྡལ་བ་ཆེན་པོ་ལ།། དཔེ་མཚོན་པ་ཡི་ཡུལ་ལས ་འདས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དཔེ་དོན་ཁྱད་པར་འཕགས་པ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས ་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དཔེ་ཡིས་མཚོན་ཏེ་དོན་འདྲ་བ།། ཆེད་དུ་འཁོར་ལ་བཀའ་སྩལ་པ།། ནམ་མཁའ་ཉི་ཟླ་སྐར་མ་དང་།། རྒྱ་མཚོ་རི་བོ་ཨུ་དུམ་ཝར།། ས་གཞི་ཆུ་བོ་དུས་ཀྱི་འབྲུག། ཆོས ་རྒྱལ་གྱད་དང་དེད་དཔོན་དང་།། ཆུ་ཤེལ་བཻ་ཌཱུརྱ་པདྨ་དང་།། ཏིལ་འབྲུ་མེ་ལོང་སྒྲོན་མ་དང་།། རིན་ཆེན་མ་གི་གསེར་ལ་སོགས།། ཐུན་མོང་དཔེ་ཡིས་མཚོན་བྱས་ནས།། ང་ཡིས་བསྟན་གྱིས་ཁྱེད་ཀྱིས་ལེགས ་པར་ཉོན།། ནམ་མཁའ་ཡངས་མཐོ་མཐའ་དབུས་མེད།། དངོས་མེད་ཀུན་ཁྱབ་འབྱུང་བཞིའི་སྣོད།། འགྲོ་འོང་མེད་པས་འདུས་མ་བྱས།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ཉི་མ་རང་གསལ་ཀུན་ལ་དྲོ།། ཉིན་ཞག་གཅིག ་གིས་གླིང་བཞི་ཁྱབ།། མུན་པ་སེལ་བའི་སྒྲོན་མར་གྲགས།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ཟླ་བ་བསིལ་ལ་དཀར་བ་སྟེ།། རྒྱུ་སྐར་ཚེས་གྲངས་དུས་ཚོད་འཛིན།། ལོ་དང་ཟླ་བ་འཕེལ་འགྲིབ་ཅན།། རྒྱུ་འབྲས་ཆོས་ཀྱང ་དེ་བཞིན་ནོ།། སྐར་མ་མ་འདྲེས་ཡོངས་རྫོགས་པས།། བར་སྣང་ལམ་ལ་ཤུགས་ཀྱིས་འགྲོ།། རྙོག་མེད་ཆུ་ལ་གཟུགས་བརྙན་འབྱུང་།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱ་མཚོ་གཏིང ་ཟབ་འཕེལ་འགྲིབ་མེད།། སྲོག་ཆགས་བྱིངས་མང་བསམ་མི་ཁྱབ།། རིན་ཆེན་ལ་སོགས་འདོད་དགུ་ཡོད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། རི་བོ་མི་འགྱུར་བརྟན་པ་སྟེ།། གླིང་བཞི་གླིང་ཕྲན་ཀུན་གྱི་རྟེན།། ཉི་ཟླ་གཟའ ་སྐར་ཀུན་གྱི་རྟེན།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ཨུ་དུམ་ཝ་ར་མཚོ་གཏིང་ནས།། ས་སྟེང་རྙེད་ན་དགོས་པ་ནི།། ནད་སེལ་བསམ་པ་འགྲུབ་པ་ཡིན།། ལུང་ལྡན་གདམས་ངག་དེ་བཞིན་ནོ།། ད་ཡང ་འདུས་པའི་སྙིང་པོ་ཉོན།། ས་གཞིར་སྨན་དུག་ཀུན་སྐྱེ་ཞིང་།། འགྲོ་བ་ཡོངས་ཀྱི་རྟེན་ནམ་གཞི།། འབྱུང་བ་བཞི་ཡི་གཉེན་པོ་ཡིན།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། ཆུ་བོ་ཆེན་པོ་རྟག་ཏུ་ནི། རྒྱུན་མི་ཆད་པར་འབབ་པ ་ལ།། ངལ་དུབ་མེད་པར་འཁོར་ཞིང་འགྲོ།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། འབྲུག་གི་སྒྲ་སྒྲོགས་དུས་ཚོད་ནི། དབྱར་དགུན་གཉིས་ཀྱི་ཤན་ཕྱེས་ནས།། སེམས་ཅན་ཉལ་ལངས་བྱེད་པ་བཞིན།། འཁོར་བའི་ཆོས་ཀྱང ་དེ་བཞིན་ནོ།། ཆོས་ཀྱི་རྒྱལ་པོ་ཆེན་པོ་ནི།། དད་པ་སྐྱོ་སུན་མེད་པར་ནི།། རྟག་ཏུ་ཚོགས་གཉིས་རྒྱུན་དུ་གསོག། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། གྱད་ཆེན་དཔའ་བོ་ཆེན་པོ་ནི།། རང་ལ་གཞན་གྱིས་མི་ཚུགས་པ།། དགྲ ་འཇོམས་དམག་དཔུང་ཟིལ་གྱིས་གནོན།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དེད་དཔོན་བཟང་པོ་ས་མཁན་དེས།། རྒྱ་མཚོར་ནོར་ལེན་འཇིགས་པ་མེད།། ས་མཁན་དམག་དང་ཚོང་དཔོན་བཞིན།། འདུས་བྱས་དགེ་བ་དེ ་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་ཤེལ་ཕྱི་ནང་མེད་པ་ནི།། གཟུགས་བརྙན་གསལ་ཀྱང་དོན་ལ་མེད།། ཁ་དོག་ངེས་མེད་རྐྱེན་ལས་འབྱུང་།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། བཻ་ཌཱུརྱ་འོད་སྔོ་ལས་གྱུར།། ་འཛམ་གླིང་ནམ་མཁའ་ཀུན་ལ་ཁྱབ།། དེ་ཕྱིར་རིན་ཆེན་སྙིང་པོ་བླངས།། ཆོས་ཉིད་སྙིང་པོ་དེ་བཞིན་ནོ།། པདྨ་སྐྱེ་ས་འདམ་ཡིན་ཀྱང་།། ཁ་དོག་དབྱིབས་ནི་ཇི་ལྟར་ཡང་།། ཉེས་པས་མི་གོས་གསལ་ལ་འཚེར།། ཆོས ་ཉིད་ངོ་བོ་དེ་བཞིན་ནོ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཏིལ་ལ་མར་གྱི་རྒྱུན་གནས་ཁྱབ།། རྩོལ་བའི་རྐྱེན་གྱིས་མར་ཁུ་འབྱུང་།། སེམས་ཅན་ཀུན་ལ་གནས་པ་ཡིན།། རང་བྱུང་ཆོས་ཉིད་དེ་བཞིན་ནོ།། མེ་ལོང་བྱེད ་གཟུགས་འབྱུང་བ་ཡང་།། གཟུགས་བརྙན་བྱེད་ནི་དངོས་མ་ཡིན།། དོན་ལ་མེད་ཀྱང་སྣང་དུ་རུང་།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། སྒྲོན་མེ་ཇི་ལྟར་མུན་སེལ་བ།། སྐྱེས་བུའི་ཐབས་ཀྱི་རྐྱེན་གྱིས་ནི།། མར་མེ་ལ་སོགས ་འོད་ཀྱིས་སེལ།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། རིན་ཆེན་ཡོན་ཏན་ཀུན་འབྱུང་ཡང་།། བསོད་ནམས་ཅན་ལ་འབྱུང་བ་ལས།། ཚོགས་མ་བསགས་ལ་འབྱུང་བ་མིན།། ཆོས་ཉིད་ངོ་བོ་དེ ་བཞིན་ནོ།། སྨན་མཆོག་རྒྱལ་པོ་མ་གི་ཏ།། དུག་རྣམས་སྨན་དུ་འགྱུར་བ་དེ།། ཐབས་མཁས་བཟའ་ལེགས་ཀུན་གྱི་སྨན།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། གསེར་ནི་ས་ཡི་གསེབ་ནས་འབྱུང་།། ཐུན་མོང་རིན་ཆེན་ཀུན ་གྱི་གཏེར།། རྩོལ་བས་བསོད་ནམས་ལྡན་པས་རྙེད།། ཆོས་ཉིད་ངོ་བོ་དེ་བཞིན་ནོ།། དཔེ་ཡིས་དབྱེ་བ་རྣམས་མང་ཡང་།། རེ་ཞིག་མཚོན་ཚིག་ཙམ་དུ་བས།། དེ་ཉིད་ཤེས་ན་དཔེ་མི་དགོས།། དེ་ཕྱིར་དཔེ་དོན ་དབྱེ་བ་གཅེས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཁྱད་པར་གྱི་དཔེ་མཚོན་ཚིག་སྟོན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །། དེ་ནས ་ཀུན་རིག་སྟོན་པ་ཡིས།། འདུས་པའི་དད་ལྡན་འཁོར་རྣམས་ལ།། དཔེ་ལས་དོན་ནི་འཕགས་པར་ནི།། ཆད་དུ་དགོངས་ཏེ་བཀའ་སྩལ་པ།། ནམ་མཁའ་ཡངས་མཐོ་འདུས་མ་བྱས།། རིས་མེད་འཕྱལ་བ་སྟོང་པ ་ཡིན།། ཆོས་སྐུ་རིག་པ་འབྲལ་མེད་ཀློང་།། དེ་ཕྱིར་ཆོས་ཉིད་ཁྱད་པར་འཕགས།། ཉི་མ་རང་གསལ་ཀུན་དྲོ་ཡང་།། འཆར་ནུབ་ཡོད་ཕྱིར་འདུས་བྱས་ཡིན།། ཡེ་ཤེས་རིག་པ་རྒྱུན་དུ་གནས།། དེ་ཕྱིར་ཆོས་ཉིད་ཁྱད ་པར་འཕགས།། ཟླ་བ་གསལ་ཞིང་བསིལ་ཀྱང་ནི།། འཕེལ་འགྲིབ་ཡོད་ཕྱིར་མི་རྟག་པ།། རང་བྱུང་ཡེ་ཤེས་འགྱུར་མེད་ཕྱིར།། ཆོས་སྐུའི་ངོ་བོ་ཁྱད་པར་འཕགས།། སྐར་མ་མ་འདྲེས་ཡོངས་རྫོགས་ཀྱང་།། རི་རབ ་འཁོར་ཕྱིར་ཆོས་ཉིད་མིན།། རང་རིག་འགྲོ་འོང་མེད་པར་གནས།། དེ་ཕྱིར་ཆོས་སྐུ་ཁྱད་པར་འཕགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱ་མཚོ་བྱིངས་མང་ནོར་ཡོད་ཀྱང་།། འདུས་བྱས་ལས་ལས་བསྐྱེད་པ ་ཡིན།། རང་བྱུང་རིག་པ་འདུས་མ་བྱས།། བག་ཆགས་འཛིན་མེད་ཁྱད་པར་འཕགས།། རི་བོ་མི་འགྱུར་ཀུན་རྟེན་ཡང་།། རྡུལ་ཕྲན་རྒྱུ་ལས་སྐྱེས་པ་ཡིན།། རྒྱུ་དང་རྐྱེན་ལས་མ་བྱུང་བས།། རང་གསལ་རིག་པ་ཁྱད་པར ་འཕགས།། ཨུ་དུམ་ཝ་ར་མཚོ་ལ་གནས།། ཙལ་གྱིས་མི་རྙེད་ཤིན་ཏུ་དཀའ།། རང་ལ་གནས་པའི་ཆོས་སྐུ་ནི།། ལུང་ལྡན་སྟོན་ཡོད་ཁྱད་པར་འཕགས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ས་གཞི་ཀུན་བསྐྱེད་རྟེན་བྱེད ་ཀྱང་།། འཇིག་ཆགས་སྟོང་པ་ཡོད་པ་ཡིན།། ཡེ་ཤེས་དུས་གསུམ་འགྱུར་བ་མེད།། ཆོས་སྐུ་རིག་པ་ཁྱད་པར་འཕགས།། ཆུ་བོ་རྒྱུན་དུ་འབབ་འགྱུར་ཡང་།། འགྲོ་འོང་ཡོད་ལ་རིག་པ་མེད།། ཡེ་ཤེས་རིག་པའི་ཆོས་སྐུ ་ནི།། གར་ཡང་མི་འགྲོ་ཁྱད་པར་འཕགས།། དུས་ཀྱིས་འབྲུག་ཀྱང་རྐྱེན་ལས་བྱུང་།། དུས་བཞི་ཉལ་ལངས་འཁྲུལ་པའི་བློ།། ཡེ་ཤེས་འཁོར་འདས་ཐིག་ལེ་གཅིག། དབྱེར་མེད་ཆོས་སྐུ་ཁྱད་པར་འཕགས།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། ཆོས་སྐྱོང་དད་ལྡན་ཚོགས་གསོག་ཀྱང་།། དྲང་དོན་ཆོས་ལ་སྤྱོད་པ་ཡིན།། ངེས་དོན་ཡང་ཏི་རྫོགས་པ་ལ།། ཚོགས་གཉིས་ཚིག་རྫོགས་ཁྱད་པར་འཕགས།། གྱད་ལ་མི་འཚུགས་ཀུན ་འཇོམས་ཀྱང་།། ཆོས་བརྒྱད་ཡོད་ཕྱིར་འཁོར་བར་ལྟུང་།། རང་རིག་ཡེ་ཤེས་གྱད་ཆེན་ནི།། འཁོར་འདས་རྫོགས་ཕྱིར་ཁྱད་པར་འཕགས།། དེད་དཔོན་ས་མཁན་ཚོང་པ་ཡང་།། ཞེན་པའི་ཆགས་པས་ཡེ་ཤེས་མེད།། ་ལུང་ལྡན་བླ་མས་དོན་བསྟན་ན།། ཞེན་པའི་དོན་ཞེས་ཁྱད་པར་འཕགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་ཤེལ་གཟུགས་བརྙན་གསལ་གྱུར་ཀྱང་།། ཁ་དོག་རྐྱེན་གྱིས་འགྱུར་ཕྱིར་འཁྲུལ།། ཆོས་སྐུ་ཕྱི་ནང་མེད ་པར་ནི།། འགྱུར་མེད་གསལ་བས་ཁྱད་པར་འཕགས།། བེ་ཌཱུ་ར་ཁ་དོག་གསལ་དངས་ཡང་།། འཁྲུལ་བློ་ཡིན་ཕྱིར་བརྟགས་པ་ཙམ།། རིག་པ་གསལ་དང་དངོས་པོ་མེད།། ལྷག་མཐོང་དོན་ནི་ཁྱད་པར ་འཕགས།། པདྨ་སྐྱོན་གྱིས་མ་གོས་པར།། དུས་ཟད་རྐྱེན་གྱིས་རང་བརླག་ཀྱང་།། རང་རིག་ཆོས་སྐྲ་གོལ་སྒྲིབ་མེད།། དུས་དང་རྐྱེན་མེད་ཁྱད་པར་འཕགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཏིལ་འབྲུ་མར་གྱིས ་ཁྱབ་ཀྱང་ནི།། རྐྱེན་གྱིས་བསྐྱེད་ཕྱིར་ཆོས་སྐུ་མིན།། རང་རིག་ཡེ་ཤེས་གདམས་ངག་ལ།། རྩོལ་བ་མི་དགོས་ཁྱད་པར་འཕགས།། མེ་ལོང་གཟུགས་བརྙན་དངོས་མེད་བཞིན།། སྣང་ལ་དོན་མེད་འཁྲུལ་པ་ཡིན།། གཞི ་ཉིད་རང་གསལ་རིག་པར་ཤེས།། དེ་ཕྱིར་ཆོས་སྐུ་ཁྱད་པར་འཕགས།། སྒྲོན་མས་འཇིག་རྟེན་མུན་སེལ་ཀྱང་།། མ་རིག་མུན་པ་སེལ་མི་ནུས།། རང་རིག་ལུང་གི་སྒྲོན་མ་ཡིས།། ཆོས་སྐུའི་རྟོགས་པ་ཁྱད་པར ་འཕགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རིན་ཆེན་ཡོན་ཏན་ཀུན་ལྡན་ཡང་།། སྤྲུལ་པའི་སྐུ་མིན་ཡོད་མེད་སྲིད།། ངེས་དོན་གདམས་ངག་ཁྱད་པར་འཕགས།། སྐལ་ལྡན་ཅན་ལ་ཁྱད་པར་འཕགས།། མ་གི་ཏ ་ཡིས་དུག་འཇོམས་ཀྱང་།། མ་རིག་སྒྲིབ་པ་འཇོམས་མི་ནུས།། བླ་མ་ལུང་ལྡན་སྨན་མཆོག་གིས།། དུག་ལྔའི་ནད་འཇོམས་ཁྱད་པར་འཕགས།། གསེར་ནི་རྩོལ་བས་རྙེད་འགྱུར་ཀྱང་།། བེམ་པོའི་ནོར་ལ་བྱང་ཆུབ ་མེད།། ཀུན་གཞི་མུན་གསེབ་དོན་རྙེད་ན།། རྟོགས་མ་ཐག་ཏུ་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེ་ལས་དོན་གྱི་ཁྱད་པར་འཕགས།། བེམ་རིག་ཤན་འབྱེད་ཡེ་ཤེས་ཡིན།། བེམ་པོ་བྱ་བའི་མིང ་མེད་དོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐུན་མོང་དཔེ་ལས་དོན་ཁྱད་པར་དུ་འཕགས་པར་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། སྡོམ་དུ་བསྡུས་ཏེ ་བསྟན་པ་བཅུ་པའོ།། །། དེ་ནས་འདུས་པའི་སྙིང་པོ་ཡི།། དད་ལྡན་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་དོན་ནི་འདི་སྐད་གསོལ།། སངས་རྒྱས་དགོངས་པ་གང་དུ་ཡང་།། རྒྱུ ་འབྲས་ངེས་ཚིག་ཇི་ལྟར་འདུས།། ཤེས་རབ་རྣམ་གསུམ་ཇི་ལྟར་དབྱེ།། དཔེ་དང་དོན་དུ་ཇི་ལྟར་འདུས།། རྫོགས་ཆེན་རང་གཞུང་ཇི་ལྟར་འདུས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན ་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་དགོངས་པའི་ཆོས།། ངེས་དོན་བླ་མ་དམ་པ་ཡི།། གདམས་ངག་ཁྱད་པར་ཅན་དུ་འདུས།། དཔེ་ཡིས་འདུས་ལ་དོན་གྱིས་འདུས།། རྟོགས་དང་གཏན ་ཚིགས་འདུས་པ་ཡི།། དོན་ནི་རང་བྱུང་ཆོས་སྐུར་འདུས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཀུན་གྱི་དགོངས་པ་ནི། ཀུན་ཏུ་བཟང་པོའི་དགོངས་པར་འདུས།། འཕོ་འགྱུར་མེད་པའི་བལྟ་བ་ལ།། སྐྱེ ་དགག་མེད་པའི་བསྒོམ་པ་ཤར།། བླང་དོར་མེད་པའི་སྤྱོད་པ་ལ།། རེ་དོགས་མེད་པའི་འབྲས་བུ་གནས།། རིགས་ལྔའི་སངས་རྒྱས་དགོངས་འདུས་པ།། རང་བྱུང་སྐྱེ་མེད་རང་གསལ་བ།། འགག་མེད ་མི་འགྱུར་རིག་པ་དེ།། དེ་ཡང་གནས་པའི་དོན་ཤེས་པས།། རྡོ་རྗེ་སེམས་དཔའི་དགོངས་པ་ཡིན།། མི་ཤིགས་ཡེ་ཤེས་རྡོ་རྗེའི་སྐུ།། ཆོས་ཉིད་མ་བཅོས་མ་བསླད་པ།། མི་ཟད་གཏེར་གྱིས་དགོངས་པ་དེ།། འདུལ ་འབྲལ་མེད་པའི་ཡེ་ཤེས་ཐུགས།། རིན་ཆེན་འབྱུང་ལྡན་དགོངས་པར་འདུས།། ཆོས་ཉིད་མཐའ་ཡས་ཁྱབ་གད་ལ་ལ།། མ་བྱུང་མ་སྐྱེས་ཆོས་ཉིད་ལ།། འཕེལ་འགྲིབ་མེད་པར་རང་སྣང་བ།། སྣང་བ་མཐའ་ཡས ་དགོངས་པར་འདུས།། སངས་རྒྱས་ཡེ་ཤེས་ད་ལྟ་ཉིད།། དེ་རྟོགས་རང་བྱུང་ཆོས་ཉིད་གསལ།། དོན་ཡོད་གྲུབ་པའི་དགོངས་པ་སྟེ།། དེ་ལས་འགྱུར་མེད་སངས་རྒྱས་ཐུགས།། ཡེ་ཤེས་ལུས་ཅན་ཆོས་ཀྱི་སྐུ།། དེ་ལྡན ་སྣང་བ་ཡུལ་རྣམས་ལ།། ཞེན་མེད་རང་བྱུང་ཡེ་ཤེས་གསལ།། རྣམ་པར་སྣང་མཛད་དགོངས་པར་འདུས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེ་ནི་ཀུན་དཔེ་ནམ་མཁར་འདུས།། དོན་ནི་ཀུན་འདུས་ཆོས་སྐུར ་འདུས།། རྟགས་ནི་བྱང་ཆུབ་སེམས་སུ་འདུས།། གཏན་ཚིགས་རང་བྱུང་སྙིང་པོར་འདུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དུས་གསུམ་སངས་རྒྱས་དགོངས་འདུས་པ།། འདུས་མ་བྱས་པའི་ཡེ་ཤེས་ཏེ།། རྒྱུ་དང ་རྐྱེན་གྱིས་མ་བསྐྱེད་པར།། ཆོས་རྣམས་ཀུན་གྱི་སྙིང་པོ་རུ།། རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས།། དགོངས་པ་དེ་དག་མཚོན་པའི་ཕྱིར།། རང་སེམས་བླ་མར་གསུངས་པ་ལ།། ་དབྱེ་བ་རྣམ་པ་གསུམ་ཡོད་དེ།། སེམས་ཉིད་རྒྱུ་ཡི་བླ་མ་དང་།། འབྲས་བུ་ཡེ་ཤེས་བླ་མ་དང་།། སྣང་བ་ཆོས་དབྱིངས་བླ་མའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཉིད་རྒྱུ་ཡི་བླ་མ་ནི།། ལོག་སྲེད་ཅན་ནི་མ ་ཡིན་ཏེ།། ལུང་རིགས་ལྡན་པའི་གང་ཟག་གིས།། སེམས་ཅན་ཆོས་ལ་བློ་གཏད་པས།། བདེ་དང་སྡུག་བསྔལ་གཉིས་སུ་མཐོང་།། བདེ་སྡུག་གཉིས་ཀྱིས་དོན་བརྟགས་པས།། དགེ་སྡིག་གཉིས་ལས་བྱུང་བར་ངེས།། ་ད་པ་བརྩོན་འགྲུབ་ཤེས་རབ་སྐྱེས།། རྣམ་པར་རྟོག་པའི་བློ་སྦྱངས་ཕྱིར།། དྲང་བའི་དོན་ལ་དགོངས་ནས་ནི།། སྒྲིབ་སྦྱངས་ཚོགས་རྫོགས་བྱེད་པར་གསུངས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། འབྲས་བུ་ཡེ་ཤེས་བླ ་མ་ནི།། ངེས་པའི་དོན་ལ་དགོངས་པའི་ཕྱིར།། འཁོར་འདས་འབྱུང་བས་མ་རེག་ཀྱང་།། ཤེས་པ་ངོས་ཟིན་མ་བཅོས་པ།། རང་རིག་ཆོས་སྐུ་ད་ལྟའི་ཐུགས།། ངོ་བོ་ལོངས་སྤྱོད་རྫོགས་སྐུར་སྣང་།། ཐུགས་རྗེ་སྤྲུལ་པའི ་སྐུ་རུ་བྱུང་།། གཞི་ཡི་ཆོས་སྐུ་གཅིག་པ་ལ།། གདུལ་བྱ་ཡོན་ཏན་གསུམ་དུ་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་ཆོས་དབྱིངས་བླ་མ་ནི།། འབྱུང་ཆེན་ལྔ་ཡིས་བླ་མ་སྟེ།། འདོད་ཡོན་ལ་སོགས་རྣམ་ལྔ་ནི།། ་དང་ཡི་གེར་མི་མཚོན་པ།། ལྡེམ་དགོངས་རང་གི་ངོ་བོ་ནི།། སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མམ་པའི་རྒྱུད་ལས། སངས ་རྒྱས་ཀྱི་དགོངས་པ་ཆོས་ཀུན་བླ་མ་དམ་པའི་གདམས་ངག་ཏུ་འདུས་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་འདས་གཞི་ནི། ་གཅིག་མོད་ཀྱང་།། སེམས་ནི་སྣང་བ་མི་འདྲ་བས།། སྣོད་ནི་བྱེ་བྲག་དབྱེ་བ་བསྟན།། དབང་པོ་རབ་འབྲིང་གསུམ་དུ་བསྟན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་ཐ་མའི་དོན་དུ་ནི།། དགེ་བའི་ལས་དད་རྒྱུ ་འབྲས་ཀྱི།། འབྲས་བུ་བདེ་དང་སྡུག་བསྔལ་ལ།། གཉེན་པོ་དགེ་བ་ཅི་བྱས་ཀྱང་།། ཆོས་སྤྱོད་ལམ་དུ་འཁྱེར་བའི་མི།། སྡེ་སྣོད་གསུམ་གྱི་ཆོས་བསྟན་པས།། རྒྱུ་ཡི་འཁོར་ལོར་བསྟན་ཅིང་འདུས།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། དབང་པོ་འབྲིང་གི་དོན་དུ་ནི།། འབྲས་བུ་རྡོ་རྗེ་ཐེག་པ་སྟེ།། ཀྲི་ཡོག་རྒྱུད་ལུང་མན་ཆད་ཆོས།། ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས།། འབྲས་བུ་དེ་ཉིད་ཡེ་ཤེས་གསུང་།། རང་གི་ལུས་ངག་ཡིད ་གསུམ་ནི།། སྐུ་གསུང་ཐུགས་སུ་སྦྱར་བའི་ཕྱིར།། རྡོ་རྗེ་ཐེག་པར་གདགས་ཤིང་འདུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་རབ་ཀྱི་བསྒོམ་པ་ནི།། བསྟན་པ་ཙམ་གྱིས་ཆོག་པའི་ཆོས།། ཐིག་ལེ་ཉག་གཅིག། ་ཆོས་ཀྱི་སྐུ།། ཤེས་པ་ཙམ་གྱིས་སངས་རྒྱས་ངེས།། པ་ན་སེ་ཡི་འབྲས་བུ་བཞིན།། རྒྱུ་འབྲས་རོ་གཅིག་ཐེག་པར་འདུས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། རྒྱུ་འབྲས་བསྡུས་པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།། །། དེ་ནས་ཀུན་རིག་སྟོན་པ་དེས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཀུན་གྱི་གཞི་ནི་ནམ་མཁའ་ལ།། མུན་པ་ནམ་ལངས་ཉི ་ཤར་བཞིན།། གཞི་སེམས་རིག་པའི་ཡེ་ཤེས་ནི།། གཅིག་པ་མ་ཡིན་ཁྱད་པར་ཆེ།། དེ་དོན་ངས་བཤད་ལེགས་པར་ཉོན།། འཁོར་འདས་གཉིས་ཀྱི་ངོ་བོ་དང་། དེ་ལས་བསྐྱེད་པའི་ཆོས་རྣམས་ནི།། དེ་ཙམ་ཉིད་ན་ངང ་གིས་སྟོང་།། གཞི་ལ་གཉིས་མེད་ནམ་མཁའ་འདྲ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། མ་རིག་སྐྱེད་པ་གཏི་མུག་ཡིན།། དེ་ཕྱིར་འཁོར་བའི་རྩ་བ་སྟེ།། ཉོན་མོངས་བག་ཆགས་སྐྱེད་པའི་ཕྱིར།། སེམས་ནི་ཚོགས་བརྒྱད ་མུན་པ་འདྲ།། སྤྲེའུ་འདྲ་ལུང་གི་སློབ་མ་ཡིས།། རིག་པའི་གཏན་ཚིགས་རྣམ་བཞི་ནི།། ཡུལ་གྱི་སྣང་བ་འདི་ཉིད་ལ།། རིག་པ་རང་བཞིན་མེད་པར་ཤེས།། གསལ་ལ་མེ་ཏོག་གང་བསྒོམས་པ།། ཐོས་པའི་ཤེས་རབ ་ཡིན་པའི་ཕྱིར།། རིག་པ་ཡིན་ཏེ་ཡེ་ཤེས་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་དང་རིག་པའི་བར་དུ་ནི།། ལུང་ལྡན་ངེས་པའི་གདམས་ངག་གིས།། སྣང་བའི་གཏན་ཚིགས་མ་གཞིག་པར།། འཁོར་འདས ་མ་རིག་ཆོས་ཀྱི་སྐུ།། གཞི་ཞེས་རང་གི་རིག་པ་སྟེ།། བསམ་པའི་ཤེས་རབ་ཡིན་པའི་ཕྱིར།། རང་བྱུང་ཡིན་ལ་ཡེ་ཤེས་མིན།། ནམ་ལངས་མུན་པ་མེད་པ་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ ་ཤེས་སྐུ་ཡི་བར་དོ་ནི།། རྣལ་འབྱོར་རིག་པའི་བློ་ལྡན་པས།། སེམས་ལ་རྒྱུ་བ་རྒྱུན་བཅད་ནས།། ཡེ་ཤེས་འགག་པ་མེད་པར་གསལ།། བསྒོམ་པའི་ཤེས་རབ་ཡིན་པའི་ཕྱིར།། མཉམ་བཞག་དང་ལ་གཡེང་བ་མེད།། ་རྗེས་ཐོབ་མ་ཡེངས་གཏེར་བཞིན་དུ།། ཡེ་ཤེས་ངང་ལ་ཆོས་སྐུ་བཙལ།། ངེས་ཤེས་གདེང་གིས་ཟིན་པ་ནི།། ཉི་ཤར་མུན་གྲིབ་མེད་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཤེས་རབ་རྣམ་གསུམ་མདོར་བསྡུ་ན།། ་ཐོས་བསམ་བསྒོམ་པ་ཡིད་ཆེས་པས།། འབྲལ་མེད་རྒྱུན་གྱི་ཏིང་འཛིན་གྱིས།། འབྲས་བུ་དུས་འདིར་མངོན་སངས་རྒྱས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། ཤེས་རབ་རྣམ་གསུམ་འདུས་པར་བསྟན་པའི་ལེའུ་སྟེ་ང་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དཔེ་དང་དོན་དུ་བཀའ་སྩལ་པ།། དཔེར་ན་ཝཱ་ར ་ཎ་སིའི་རས།། མཚོན་གྱིས་སོ་སོར་བསྒྱུར་བྱས་པར།། ཁ་དོག་སྣ་ཚོགས་ཅིར་ཡང་སྣང་།། རས་སུ་དབྱེར་མེད་ངོ་བོ་གཅིག། དེ་བཞིན་སེམས་ཀྱི་རྣམ་རྟོག་པ།། ཡུལ་དབང་རྐྱེན་གྱིས་སོ་སོར་སྣང་།། སྣང་ཡུལ་འཁྲུལ ་པའི་སེམས་སུ་འདུས།། དེ་ཕྱིར་སྣང་བ་ངེས་མེད་ཡིན།། ཤེལ་སྒོང་དག་གི་མདུན་དུ་ནི།། ཁ་དོག་སྣ་ཚོགས་རས་བཞག་པས།། ཤེལ་སྒོང་ཉིད་ཀྱང་དེ་ལྟར་སྣང་།། སྣང་ཡང་ཤེལ་ལས་གཡོས་པ་མེད།། དེ་ཕྱིར ་རང་བྱུང་ངོ་བོ་ལ།། གཟུང་འཛིན་རྐྱེན་གྱིས་རིགས་དྲུག་བྱུང་།། འཁྲུལ་པའི་ངོ་བོ་ཅིར་སྣང་ཡང་།། སྣང་ཡང་གཞི་ལས་འགྱུར་བ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གསེར་བཟང་ལག་གིས་བསྒྱུར་ཙམ་ན།། ་ཆོལ་ཟངས་དྲི་ཆུའི་སྣོད་བྱས་ན།། གསེར་ཡང་ངན་པའི་རྫས་སུ་སྣང་།། དེ་བཞིན་འཁྲུལ་པས་བརྟགས་ཙ་ན།། ཡུལ་ཡང་མ་དག་འཇིག་རྟེན་ཁམས།། ངམ་གྲོག་གཡང་ས་ཚེར་དོང་མཐོང་།། གསེར་སྐུ་མཆོད་རྟེན ་བྱས་ཙ་ན།། ཚོགས་བསགས་རྟེན་དུ་འགྱུར་བའི་ཕྱིར།། གསེར་ཡང་བཟང་པོའི་རྫས་སུ་མཐོང་།། ཡེ་ཤེས་ཅན་གྱི་ངོ་གང་ལ།། ཡུལ་ཡང་ཞིང་ཁམས་རྣམ་པར་དག། རིན་ཆེན་གསེར་གྱི་ངོ་བོ་ལ།། གསེར་གྱི་རྒྱུ་ལ ་བཟང་ངན་མེད།། དེ་བཞིན་ཆོས་སྐུའི་ངོ་གང་ལ།། སྣང་དང་མི་སྣང་གཞི་ལ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྣ་ཚོགས་དར་གྱི་རྣམ་པ་ལ།། ཟ་འོག་སྣམ་བུ་བྱས་ཙམ་ན།། སྣ་ཚོགས་དར་གྱི་མིང་དང་བྲལ།། ་ཟ་འོག་སྣམ་བུར་གཅིག་པའི་ཕྱིར།། ཆོས་སྐུ་རང་རིག་སེམས་ཡིན་ཀྱང་།། ལུང་ལྡན་རྐྱེན་གྱིས་བསྟན་ཙམ་ན།། སྣ་ཚོགས་འཛིན་པའི་སེམས་དང་བྲལ།། ཐིག་ལེ་ཉག་གཅིག་ཆེན་པོར་འདུས།། དཔེར་ན་སྨན་དུག ་གཞི་གཅིག་ལ།། ལ་ལའི་སྨན་དེ་ལ་ལའི་དུག། དེ་ཕྱིར་ངེས་དོན་ཆོས་འདི་ལ།། ལ་ལའི་བྱང་ཆུབ་ལ་ལའི་དམྱལ།། ཧ་ལ་ནག་པོའི་དུག་དང་འདྲ།། ཐབས་མཁས་བཟའ་ལེགས་སྨན་གྱི་མཆོག། དེ ་བཞིན་འདོད་ཆགས་ཞེ་སྡང་ཡང་།། ཉོན་མོངས་རང་སར་གྲོལ་ཙམ་ན།། དེ་ནི་རང་བྱུང་ཡེ་ཤེས་ཡིན།། སྨན་གྱི་རྒྱལ་པོ་བཅུད་ལེན་བཞིན།། ཟབས་ལ་མི་མཁས་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་འདྲ།། རང ་ལ་གནས་པའི་ཆོས་ཀྱིས་ཀྱང་།། ལུང་དུ་མེད་པའི་དབང་ཡོད་ཚེ།། འདོད་ཆགས་ལ་སོགས་དུག་ལྔ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་འོག་གནས་པའི་རིན་ཆེན་གསེར།། ངོ་མ་ཤེས་ན་རྡོ་དང་འདྲ།། དེ ་བཞིན་རང་ལ་ཡོད་པའི་དོན།། རྟོགས་པ་མེད་ན་འཁྲུལ་རྟོག་སེམས།། ངོ་ཤེས་འཕྲད་ན་མི་ཟད་གཏེར། དགོས་འདོད་རེ་བ་རང་ལས་འབྱུང་།། ངོས་དོན་ཆོས་སྐུ་རྟོགས་ཙམ་ན།། བྱིན་རླབས་ནོར་བུའི་ཚུལ་དུ ་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཁལ་ལ་ནམ་མཁའི་གཟའ་སྐར་དང་།། ཆུ་ནང་དག་གི་གཟུགས་བརྙན་བཞིན།། གཅིག་པ་མ་ཡིན་སོ་སོར་མེད།། དེ་བཞིན་རིག་པའི་རྒྱལ་པོ་དང་།། རིག་པ་རྩལ་དུ་སྣང ་བ་གཉིས།། ལྡོག་པ་ཐ་དད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངེས་དོན་འདུས་པར་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།། ། ་དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། རྫོགས་ཆེན་རང་གཞུང་གསུངས་པའི་དོན།། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། ང་ཡི་རང་བཞིན་བརྟགས་དཀའ་སྟེ།། འཇུག་སྒོ་ལྟ་བ་བསྒོམ ་པ་དང་།། དམ་ཚིག་སྤྱོད་པ་ཕྲིན་ལས་དང་།། ལམ་དང་གནས་དང་ཡེ་ཤེས་ཆོས།། རྣམ་པ་བཅུ་ནི་ངས་བཤད་ཉོན།། འཇུག་སྒོ་བཙལ་དུ་མེད་པ་ཡི།། ལུང་ལྡན་གདམས་ངག་རྗེས་སུ་འཇུག། དེ་ཕྱིར་ཡུལ་ལ་རག་མ ་ལུས།། སྣང་མེད་ཆོས་ལ་ངེས་ཤེས་སྐྱེས།། ལྟ་བ་གཞི་ངེས་རང་བྱུང་ལ།། རིག་པ་ཁྱབ་གད་ལ་འགྱུར་བ་མེད།། དེ་ཕྱིར་རང་རིག་ཆོས་ཀྱི་སྐུ།། དེ་ལ་གོལ་སྒྲིབ་སྐྱོན་མི་གོལ།། བསྒོམ་པ་རང་གསལ་རྟོག་པ་མེད།། བྱིང ་རྒོད་མེད་པའི་ཏིང་འཛིན་གསལ།། ཆེད་དུ་མི་བསྒོམ་རང་ལུགས་ཙམ།། དེ་ཕྱིར་ཡེངས་མེད་ཉམས་དང་ལྡན།། མ་བསྲུངས་འབྲལ་མེད་དམ་པའི་མཆོག། མི་འདའ་ཆོས་ཉིད་དམ་ཚིག་སྟེ།། སངས་རྒྱས་ཀུན་གྱི ་ཐུགས་དམ་ཡིན།། ཕྲིན་ལས་རྩོལ་དུ་མེད་པ་སྟེ།། གང་ཡང་རུང་བ་ཅི་ལ་ཡང་།། མ་ཆགས་མི་གཡོ་ཕྲིན་ལས་ཡིན།། ལུས་ངག་བྱ་བའི་ལས་མི་དགོས།། སྤྱོད་པ་བླང་དོར་མེད་པར་སྤྱོད།། གང་ཡང་མི་རྒྱུ་རྒྱུན་དུ་ནི།། ་ཆེད་དུ་བྱར་མེད་ཡང་བྱ་ལ།། དེ་ཕྱིར་སྤྱོད་པ་མ་བཅོས་མཆོག། ལམ་ལ་བགྲོད་དུ་མི་ཡོད་སྟེ།། ས་ལ་སྦྲང་མེད་མཐར་མི་ལྟུང་།། དེ་ཕྱིར་ས་དང་ལམ་མེད་ཕྱིར།། ཡེ་ཤེས་ཆེན་པོའི་ཀློང་ནི་ལམ།། གནས་ལ་མཐོ ་དམན་མེད་པ་སྟེ།། སྟེང་འོག་མཐའ་དབུས་མེད་པ་ཡི།། རང་བྱུང་ཆོས་སྐུ་གནས་ཀྱི་མཆོག། དེ་ཕྱིར་ཡེ་ཤེས་རང་གནས་ཡིན།། ཡེ་ཤེས་མི་རྟོག་སྐྱེ་མེད་པ།། སེམས་ཅན་ཀུན་གྱི་རྒྱུད་ལ་གནས།། ་དེ་རྟོགས་ཡེ་ཤེས་ཆོས་ཀྱི་སྐུ།། དེ་ཕྱིར་སངས་རྒྱས་དགོངས་པ་ཡིན།། ཆོས་ནི་ཇི་བཞིན་རྒྱལ་བའི་བཀའ།། དྲི་མེད་ཚིག་ནི་གསུང་སྙན་གྱིས།། མ་རིག་མུན་སེལ་ཆོས་ཀྱི་མཆོག། དེ་ཕྱིར་ངེས་དོན་ཆོས་འདི་གཅེས།། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་རང་གཞུང་དབྱེ་བ་ཡང་།། གདུལ་བྱའི་འཁོར་ལ་བསྟན་པ་ལས།། དོན་དུ་ཆོས་སྐུ་གཅིག་ལས་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ ་དང་མཉམ་པའི་རྒྱུད་ལས། ཡང་ཏིའི་རང་གཞུང་འདུས་པར་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡི།། འདུས་པའི་འཁོར་ལ་ཕན་དོན ་དུ།། སངས་རྒྱས་ཀུན་རིག་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། འཁོར་འདས་པར་དོའི་ལུས་ནི་གང་།། སྐྱེ་ཤི་བར་དོའི་གདམས་ངག་གང་།། ཡུལ་སེམས་པར་དོ་ཅིས་མི་འགལ།། ཏིང་འཛིན་པར ་དོ་འབྲལ་མེད་གང་།། སྲིད་པ་བར་དོ་འབྲས་བུ་ཅི།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དང་པོ་འཁོར་འདས་པར་དོ་ལ།། རང་བྱུང ་ངོ་བོ་ཉིད་ཀྱི་སྐུ།། རང་བྱུང་ལུས་ལ་རིག་པའི་ཐུགས།། འཁོར་འདས་མེད་ཕྱིར་གཞི་ཉིད་མིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞི་ལ་སངས་རྒྱས་མེད་པའི་ཕྱིར།། ལུང་ལྡན་གདམས་ངག་བསྟན་པ་མེད།། དེ ་ཕྱིར་རྟོགས་པ་མངོན་གྱུར་མིན།། སངས་རྒྱས་སྐམ་པོས་མ་མཛད་པས།། ཐེག་པ་རིམ་དགུར་དབྱེ་བ་མེད།། དེ་ཕྱིར་མྱ་ངན་འདས་མ་རིག། རང་བཞིན་གཞི་ཡི་ངོ་བོ་ལ།། མ་རིག་བག་ཆགས་མ་གཡོས་ཤིང་།། ཞེན ་པའི་རྟོག་པ་མེད་པའི་ཕྱིར།། སེམས་ཅན་སྒྲིན་པོས་མ་བཅོས་པས། ཉོན་མོངས་དུག་ལྔ་མེད་པའི་ཕྱིར།། འཁོར་བའི་མཐའ་ཡིས་སྐྱོན་མ་གོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ངོ་བོ་གཞི་ཉིད་ལས།། རྡུལ ་ཕྲན་དག་གི་རྒྱུས་མ་སྐྱེད།། འབྱུང་བ་ལྔ་ལ་རག་མ་ལུས།། དེ་ཕྱིར་གཉེན་པོ་ཅིས་མི་ཚུགས།། སྣང་བ་གཞི་ལ་མེད་ཅེས་བྱ།། ཡང་དག་ཆོས་སྐུ་ངེས་པར་ཡོད།། སེམས་ཉིད་སྐྱེ་ཤི་མེད་པའི་ཕྱིར།། ཐོག་མ་ཐ་མ་མེད ་པར་གནས།། དེ་ཕྱིར་དུས་གསུམ་མི་འགྱུར་བས།། དངོས་མེད་ཁྱབ་པས་ནམ་མཁའ་འདྲ།། མཐའ་ནི་སྒྲོ་སྐུར་བྲལ་བ་དང་།། ཡོད་པ་བྲལ་ཕྱིར་རྟག་པ་མེད།། མེད་པ་མ་ཡིན་ཆད་པ་མིན།། ཡོད་མེད་མཐར་བྲལ་རང ་བྱུང་གཞི།། རིག་པ་རང་གི་ངོ་བོ་ལ།། སྐྱེ་འགག་མེད་ཕྱིར་རང་གསལ་སྐུ།། ས་ལེ་སིང་ངེ་ཕྱི་ནང་མེད།། དེ་ཕྱིར་རང་རིག་ཆོས་སྐུ་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ངོ་བོ་ཉིད་སྐུ་ནི།། འདུ་འབྲལ་མེད ་ཕྱིར་མྱང་འདས་གཞི།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བཞིན་ལུས་ཞེས་བྱ་བ་ནི།། འཁྲུལ་མ་མྱོང་བས་མ་རིག་མེད།། ་རྟོགས་མ་མྱོང་བས་ཡེ་ཤེས་མེད།། དེ་ཕྱིར་ཡུལ་ལ་ཡེངས་པ་དང་།། མ་ཡེངས་རང་དུ་ཤན་མ་ཕྱེད།། གང་གི་མཐས་ཀྱང་མ་རེག་ཕྱིར།། འཁོར་འདས་གཞི་ཞེས་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁྲུལ ་པའི་གཞི་ཞེས་ལུང་མ་བསྟན།། གང་ལ་མི་རྟོག་དོན་མ་ཟིན།། ཡིད་ཙམ་དྲན་ཀྱང་རིམ་གྱིས་འགྲིབས།། མུན་དཀྱིལ་སོང་ཕྱིར་དྲན་པ་ཆུང་།། ཐིབས་ཀྱིས་འཐིབ་པས་ལུང་མ་བསྟན།། རྐྱེན་དབང་འགྱུར་ཕྱིར་འཁོར ་བའི་གཞི།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁོར་འདས་པར་དོ་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ་ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། སྐྱེ་ཤི་བར་དོ་བཀའ་སྩལ་པ།། དང་པོ་ཤི་བའི་དུས་བྱུང་ཚེ།། གདམས་ངག་མེད་པའི་སྐྱེ་བོ་དང་།། ལྷ་མེད་སྔགས་བཙུན་གང་ལའང་རུང་།། འཆི་ལྟས་རིམ་པར་འབྱུང་བ་ནི།། ས་ནི་ཆུ ་ལ་ཐིམ་པ་ཡིས།། ཕུང་པོའི་ཟུངས་ནི་མི་ཐུབ་ལྕི།། ལུས་ཀྱི་བཀྲག་ཉམས་མོག་པོར་འགྱུར།། ཆུ་ནི་མེ་ལ་ཐིམ་འགྱུར་ཚེ།། ཁ་སྐོམ་མཆུ་དང་ལྕེ་རྡིབ་འོང་།། ཉམ་ཆུང་སྨྲ་ནི་མི་ནུས་འབྱུང་།། དེ་ནས་མེ་ལ་རླུང་ཐིམ་ཚེ།། ་ལུས་ཀྱི་དྲོད་ཤེར་གྲང་བར་འབྱུང་།། འཆི་ལྟས་མིག་ལྡོག་ཤི་འབྲས་གདོན།། རླུང་ནི་རྣམ་ཤེས་ཐིམ་འགྱུར་ཚེ།། དབུག་བརྩེགས་ཐུམ་ཐུམ་བྱེད་པ་འབྱུང་།། དེ་ཚེ་མི་མནོ་དགུ་ཅིག་བསམ།། སྡུག་བསྔལ་དྲགས་ནས ་དྲན་པ་ཉམས།། གནད་གཅོད་དྲགས་ནས་བག་ཆགས་སོག། དེ་དག་སེམས་ཅན་འཆི་ལྟས་ཡིན།། འཆི་ལྟས་ཕྱི་མ་གསལ་བའི་ཚེ།། སྣང་བ་སྐྱེ་དང་མཆེད་འགྱུར་ནས།། རང་གིས་རང་བསྒྲིབ་འཁོར་བར་འཁྱམས།། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བར་དོ་ལུས་གསུམ་ལེན་འགྱུར་ཏེ།། ཐ་མ་གནས་ངན་ལུས་ལེན་པ།། དང་པོ་རང་བྱུང་རྣམ་ཤེས་དེ།། ཕོ་མོའི་རྐྱེན་གྱིས་ལུས་འཇུག་ཚེ།། རླུང་གཡོས་བག་ཙམ་བྱུང་བའི་དུས།། ཉེར ་ལེན་འདུ་བྱེད་བག་ཙམ་བྱུང་།། དྲོད་ཙམ་གྱིས་ནི་མེ་བྱུང་བས།། འདུ་ཤེས་ཕོ་མོ་བསྐྱེད་པའི་ཚེ།། རླན་ཙམ་གྱིས་ནི་ཆུ་བྱུང་བས།། ཉེར་ལེན་གྱི་ནི་ཚོར་བ་དྲན།། ནུར་ནུར་པོ་ལ་སྲ་བ་ཡིས།། དེ་ལ་གཟུགས་ཆགས་མ ་རིག་པས།། ནང་ནི་ཀུན་བརྟགས་རྒྱུ་བ་དེས།། སྒོ་ལྔའི་རྣམ་ཤེས་ཤུགས་ལས་བྱུང་།། མངལ་དུ་ཆུད་དང་རགས་སྐྱེས་པས།། འབྱུང་བ་བཞི་དུས་སྨིན་པའི་ཕྱིར།། ལུགས་ནས་བྱུང་བས་ཀུན་བརྟགས་པས།། སྣང་བ ་ལུགས་ལ་ངན་རྟོག་ཞུགས།། ཕ་མས་ངན་བརླག་ངན་རྟོག་ཞེ་ན།། ཆོས་བརྒྱད་དམ་པར་བརྟས་ནས་ནི།། མངོན་རྒྱུད་བག་ཆགས་གཉིས་ཚང་ནས།། རྐྱེན་བཞི་ཚང་ཕྱིར་འཁོར་བར་སྨིན།། དེ་ཡང་འདུས་པའི་སྙིང ་པོ་ཉོན།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ཐར་བར་འདོད་པའི་དད་ལྡན་གྱིས།། ལས་དང་ཐུགས་རྗེ་འཛོམ་པ་ཡི།། ལུང་ལྡན་ངེས་པའི་གདམས་ངག་གིས།། ལུང་ལྡན་ངེས་པའི་བླ་མ་ལ།། ངེས་དོན་རྒྱུད ་འདི་ངོ་སྤྲད་ཕྱིར།། གདམས་ངག་ཞུ་ཕྱིར་ཆགས་མེད་པས།། ལུས་སྲོག་རྫས་ལ་མི་ལྟོས་པས།། བླ་མ་མཉེས་པར་བྱས་གྱུར་ན།། གདམས་ངག་ཅན་ཀུན་རང་སེམས་རྟོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་ཤི ་མ་སྐྱེས་པར་དོ་ནི།། ད་ལྟ་ལུས་འདི་བླང་བའི་ཚེ།། ངེས་དོན་ཆོས་འདི་འཕྲད་གྱུར་ན།། སྐྱེ་བ་འདི་ཡིས་སངས་རྒྱས་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒུད་ལས། སྐྱེ་ཤི་བར་དོ་བསྟན་པའི་ལེའུ་སྟེ་ང་དྲུག་པའོ།། །། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཡུལ་སེམས་གཉིས་ཀྱི་བར་དོ་ལ།། ཕྱི་ཡི་གོལ་ས་བཅད་པའི ་ཕྱིར།། ཡུལ་གྱི་སྣང་བ་ཅིར་སྣང་ཡང་།། སྣང་བ་མི་འགོག་ཞེན་པ་འགེག། དེ་ཕྱིར་ཞེན་མེད་ཆོས་ཀྱི་དབྱིངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤང་སྡུད་མེད་ཕྱིར་ཅིར་སྣང་ཡང་།། དགག་གཞི་ཀུན་དང་བྲལ་བའི ་ཕྱིར།། དབང་པོ་རང་ཡན་བཏང་གྱུར་ཀྱང་།། སྒྲོ་སྐུར་མེད་ཕྱིར་གནས་ལུགས་ཡིན།། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་།། དབང་པོ་རང་ཡན་མ་བརྟུལ་ཀྱང་།། ནམ་མཁའ་འདྲ་སྟེ་མཐར་མ་ལྷུང་།། དེ་ཕྱིར་གཞི ་ལ་སྣང་བ་མེད།། སྣང་མེད་ཆོས་ལ་བསྒོམ་དུ་མེད།། མ་བསྒོམས་གོལ་ས་མེད་པའི་ཕྱིར།། ཅིར་སྣང་གང་ཡང་གྲུབ་པ་མེད།། འཁྲུལ་ངོར་ཡོད་ཀྱང་དོན་མི་འཛིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་སེམས ་བར་གྱི་རྟོག་པ་འདི།། རང་ཡན་བཞག་ཀྱང་ཡེངས་མི་སྲིད།། ལུང་ལྡན་ངེས་པའི་གདམས་ངག་གིས།། གོལ་ས་ཆོད་ཕྱིར་སྒྲོན་མི་གོས།། རང་རིག་ཤེས་པ་ཀུན་ཏུ་གཅེས།། དེ་ཙམ་ཉིད་ན་དོན་གྱིས་ཟིན།། ལྷག ་མཐོང་འབྲལ་མེད་ཡེ་ཤེས་གསལ།། དགག་གཞི་བྲལ་བའི་སྣང་བ་ལ།། ཤེས་པ་མ་ཞེན་རང་གསལ་བ།། ཆོས་སྐུ་ཆོས་དབྱིངས་འཛོམ་ཞེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་ཡུལ་སེམས་པར་དོ་ལ།། རང ་རིག་རྒྱལ་པོ་ཡེ་ཤེས་འཕྱོ།། འདུ་ཤེས་མ་བཟུང་རིག་པ་འཆར།། དེ་ཙམ་ཉིད་ན་ཆོས་སྐུ་གསལ།། ད་ལྟ་ཉིད་ན་ཡུལ་མེད་ཤེས།། ཆད་ནས་མེད་པ་མ་ཡིན་ཏེ།། སྒྲོ་སྐུར་མིང་ནི་མི་རྟོག་པས།། ཞེན་འཛིན་སྤྲོས་པ་བྲལ ་བ་ཡིན།། ཐེག་བརྒྱད་ཡུལ་ནི་གཞིར་བྱེད་ཀྱང་།། ཡང་ཏིར་ཡུལ་འདི་ཡོད་ཀྱི་བར།། དེ་ཚེ་གོལ་བའི་སྒྲོ་སྐུར་ཡོད།། དེ་ཕྱིར་ཡེ་མེད་ཤེས་གྱུར་ན།། སྣང་བ་དག་ཕྱིར་གོལ་ས་ཆོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ་དེ་དག་གདམས་ངག་མདོར་བསྡུ་ན།། ཡུལ་ནི་འཁྲུལ་པའི་བག་ཆགས་བརྟས།། སེམས་ནི་མ་རིག་ཡིད་ལ་རྒྱུ།། དེ་གཉིས་བར་ན་རང་རིག་གནས།། དེ་ཉིད་ལུང་ལྡན་གདམས་ངག་གིས།། ངེས་དོན་ཤེས་པས་ཡུལ ་སེམས་སྟོར།། དེ་ཕྱིར་ཆོས་སྐུ་སྐྱེ་འགག་མེད།། དེ་དོན་ངེས་ཤེས་གོལ་ས་ཆོད།། དེ་ཉིད་ཆོས་ཉིད་གཞི་དང་མཐུན།། དེ་ཕྱིར་གོལ་མེད་ཆོས་ཀྱི་སྐུ།། དེ་ལ་བཙལ་དུ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོའི ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡུལ་སེམས་པར་དོ་བསྟན་པའི་ལེའུ་སྟེ་ང་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ ་ཆོས་རྗེ་ཡིས།། ཏིང་འཛིན་པར་དོ་བཀའ་སྩལ་པ།། ཤེས་རབ་རྣམས་ཀྱིས་བར་དོར་དཔྱོད་པ་ནི།། རིག་དཔྱོད་ལྟ་བའི་གཟུང་ཆེན་ནི།། རྒྱུན་དུ་མི་བརྗེད་འབྲལ་མེད་ཀྱིས།། ངེས་དོན་རིག་པའི་རྣལ་འབྱོར་པས།། ་མཉམ་བཞག་རྗེས་ཐོབ་གདམས་ངག་སྐྱེ།། མངལ་ཉིད་བར་དོ་དུས་ཀྱི་ཚེ།། རིག་པའི་ཡེ་ཤེས་གདམས་ངག་གིས།། ནང་གི་སེམས་ལ་བརྟེན་ནས་ནི།། མཉམ་ཉིད་ཡེ་ཤེས་ཀློང་དུ་ཐིམ།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། སངས་རྒྱས་སེམས་ཅན་དུས་དང་ནི།། གཉིས་ཀ་མ་ཡིན་གང་གི་དུས།། དེ་དོན་ལུང་ལྡན་དམ་ཚིག་གི།། གཅིག་ཏུ་གསལ་ཐེབ་གདམས་ངག་གིས།། རིག་དཔྱོད་དུས་གསུམ་ངེས་པ་ཡིན།། ཆོས་སྐུ་ཐིག་ལེ ་མངོན་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་གསང་བའི་རིག་དཔྱོད་ནི།། དུས་དང་རྣམ་པ་ཐམས་ཅད་དུ།། ལྟ་བ་ངེས་པའི་དོན་གྱིས་བཟུང་།། མ་བརྗེད་འབྲལ་མེད་གདམས་ངག་དོན།། ཡིད་ལ ་དྲན་པ་ལྷག་མཐོང་ལ།། ཞེན་པ་མེད་པ་ཆོས་ཀྱི་སྐུ།། དེ་དོན་སངས་རྒྱས་ཆོས་ཀྱི་མཆོག། ལུས་འདི་མ་བྲལ་དུས་འདིར་གྲུབ།། དེ་ཕྱིར་ཏིང་འཛིན་པར་དོ་ལ།། རྒྱུན་དུ་མི་འབྲལ་ཏིང་འཛིན་འགྲུབ།། ད་ཡང་འདུས ་པའི་སྙིང་པོ་ཉོན།། རྗེས་ལ་ཐོབ་པའི་དུས་དག་ཏུ།། མཉམ་བཞག་དོན་ལ་རིག་པས་ལྟོས།། དེ་ཕྱིར་སྐྱོན་གྱིས་མ་གོས་ན།། ལྷག་མཐོང་དོན་གྱི་གདེང་གིས་ཟིན།། དེ་ཕྱིར་སྲིད་པའི་བར་དོ་ལ།། སངས་རྒྱས་ངེས ་པར་འབྱུང་བའི་དོན།། འབྲས་བུའི་སྐབས་སུ་ངས་བཤད་ཀྱི།། ཕྱི་རབས་རྣལ་འབྱོར་རྟོགས་པར་གྱིས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཏིང ་འཛིན་པར་དོ་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ཆེད།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། རྡོ་རྗེ་སེམས་དཔས་ཡང་ཞུས ་པས།། ལྷ་སྒོམ་སྤྱོད་པ་འབྲས་བུ་འདི།། རྩ་བ་མདོར་ནི་ཇི་ལྟར་འདུས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དངོས་མེད་རིག་པའི་ལྟ། ་བ་ནི།། རང་བྱུང་སྐུ་ཉིད་ཡིན་པའི་ཕྱིར།། དེ་རྟོགས་དོན་དུ་གང་གནས་པ།། ལྟ་བའི་ནང་ནས་དམ་པའི་མཆོག། དེ་ཕྱིར་དོན་ལ་རིག་པ་ལྟ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཤེས་པ་རང་གསལ་ལྟ་བ་ནི།། ངོ་བོ ་དབྱེ་བ་རྣམ་དྲུག་གིས།། རང་གི་མཚན་ཉིད་དེ་བཞིན་ནོ།། དེ་ཉིད་དུས་མེད་ཆོས་ཀྱི་སྐུ།། ཕྱི་ནང་མེད་པའི་རྣམ་དག་དབྱིངས།། དེ་ཉིད་མཐོང་མེད་ལྟད་མོར་ཆེ།། ཉི་མ་ཤར་ནས་མུན་མེད་ལྟར།། རང ་བྱུང་ངོ་བོ་རིག་པ་ཤར།། དེ་ཙམ་ཉིད་ན་ད་ལྟའི་ཐུགས།། གསང་བ་དམ་པ་ལྟ་བའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པའི་ལྟ་བ་ལ།། དེ་ལ་མ་ནོར་ངེས་ཤེས་སྐྱེས།། སྐྱེས་ཀྱང་དམ་པར་མི ་ཛིན་པ།། འདི་ལྟར་འཛིན་པ་མེད་པར་གསལ།། ཡང་དག་དོན་ལ་གོལ་ས་མེད།། དེ་ཕྱིར་དངོས་མེད་འཛིན་བྲལ་གྱིས།། ཡང་དག་ལྟ་བའི་དགོངས་པ་འདི།། ངེས་པའི་ལུང་དང་མཐུན་གྱུར་ན།། ཀུན་བཟང་ང་དང ་ལྟ་བ་མཐུན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞི་ངེས་སྣང་བ་མ་ངེས་པ།། གར་མཁན་ལག་པ་ཇི་བཞིན་དུ།། སྣ་ཚོགས་སྣང་ཡང་ངོས་གཟུང་མེད།། དེ་ཙམ་ཉིད་ན་གཞི་མི་འགྱུར།། དེ་དོན་མ་ནོར་རྟོགས་པའི ་ཚེ།། རང་གི་མཚན་ཉིད་འགྱུར་བ་མེད།། ཇི་སྐད་བཏགས་ཀྱང་དོན་དང་མཐུན།། རང་བྱུང་ངེས་པའི་ལྟ་བ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ། ་བ་ངེས་པ་མདོར་བསྡུས་བསྟན་པའི་ལེའུ་སྟེ་ང་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། རང་རིག་ཡེ་ཤེས་གསལ་བ་ཡི།། དོན་དང་མི་འབྲལ་ཏིང ་འཛིན་ནི།། གསལ་ལ་མི་རྟོག་མི་གཡོ་བའི།། ངོ་བོ་ལ་སོགས་དབྱེ་བ་ཡི།། བརྒྱད་མཚན་གསུམ་གྱི་མན་ངག་གིས།། གཉིད་གསུམ་བསྲེས་པའི་ཆོས་ཉིད་འདི།། ཡེ་ཤེས་རང་བྱུང་ཆེན་པོའི་དོན།། མི་རྟོག་ཡེ་ཤེས་ལྷུན ་གྲུབ་སྟེ།། རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས།། གཟུང་འཛིན་མེད་པའི་ཆོས་སྐུ་ལ།། གསལ་ཙམ་ཉིད་ན་དམིགས་པ་མེད།། དེ་བཞིན་ཉིད་དུ་ཀུན་རིག་པས།། དེ་ཁྱབ་གར་གནས་སངས་རྒྱས་ཡིན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། ནམ་མཁའི་ངང་དུ་སྤྲིན་སངས་ལྟར།། ང་ཡི་ཆོས་སྐུ་ངོས་ཟིན་ན།། ཐོག་མ་མེད་ནས་བསགས་པ་ཡི།། རྣམ་རྟོག་སྤྲིན་ནི་དཔག་ཏུ་མེད།། དངོས་མེད་ཆོས་སྐུ་རིག་པ་ཡིས།། རྣམ་རྟོག་སྟོང ་པའི་ངང་དུ་སངས།། འདི་ཤེས་རང་རིག་བསྒོམ་པའི་མཆོག། ཆོས་སྐུ་སྙིང་པོ་བྱང་ཆུབ་ལ།། མཚོན་དུ་མེད་པའི་རྐྱེན་དང་བྲལ།། དེ་བཞིན་ཉིད་དུ་ཀུན་རིག་པས།། དེས་ཁྱབ་ཆོས་སྐུ་ཀུན་གསལ་བའི།། ཀུན་ལ ་དབང་བསྒྱུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངེས་དོན་བསྒོམ་པ་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ།། །། དེ ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། བྱ་བ་མེད་པའི་སྤྱོད་པ་ནི།། ད་ལྟའི་ལུས་འདི་བླང་བའི་ཚེ།། སྤྱོད་པའི་དབྱེ་བ་རྣམ་དྲུག་གིས།། དོན་རྟོགས་སྤངས་པ་མེད་པ་ཡིས།། ཐིག ་པ་ཀུན་ལས་ཁྱད་པར་འཕགས།། དེ་ཡང་རང་སེམས་རྟོགས་པའི་ཚེ།། དུས་དང་རྣམ་པ་ཐམས་ཅད་དུ།། རང་གསལ་རིག་པ་འདི་ཉིད་ལས།། དེ་ལས་གཞན་དུ་བོག་མི་འདོན།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། ད་ལྟ་ལུས་ངག་ཡིད་ཀྱིས་ཀྱང་།། གཞན་ནས་མ་ཚོལ་དུས་འདི་ལ།། མ་ཡེངས་རིག་སྤྱོད་དོན་དྲན་ན།། འཁོར་བ་མེད་པའི་མཛད་སྤྱོད་ཡིན།། གང་ཡང་རུང་བ་ཅི་ལ་ཡང་།། སྐྱོན་ཡོན་དགག་སྒྲུབ་མེད ་རྟོགས་ནས།། འཇིག་རྟེན་ཐ་སྙད་མེད་རྟོགས་པས།། འཇིག་རྟེན་ཐ་སྙད་འཛིན་པ་ནུབ།། དོན་གསལ་བརྗེད་ངས་ཆགས་པ་ཆུང་།། རྩིང་ཆོས་ང་རྒྱལ་ཆོས་མི་འབྱུང་།། དེ་ཕྱིར་སྤྱོད་པའི་གདེངས་སུ་བཤད།། ད་ཡང ་འདུས་པའི་སྙིང་པོ་ཉོན།། ཤེས་རབ་ལྟ་བའི་གདེང་སྤྱོད་ཀྱིས།། དུག་ལྔ་རང་གྲོལ་ཡེ་ཤེས་ནི།། གང་དུ་སྐྱེས་ཚེ་དེ་ཉིད་གསལ།། རང་བྱུང་རིག་པའི་གོལ་ས་མེད།། དེ་ཕྱིར་རྣལ་འབྱོར་སྤྱོད་པ་སྟེ།། འདུ་ཤེས་རྟོགས ་པའི་ཐབས་ཀྱིས་ཀྱང་།། དོན་ཟིན་ངེས་པའི་གདེང་ལན་ཞིང་།། རྐྱང་པ་དུས་མཉམ་ཡུལ་སྣང་ལ།། ཉི་ཟླ་གཟས་ཟིན་ཇི་བཞིན་དུ།། ཡེ་ཤེས་སྤྱོད་པ་མཆོག་ཏུ་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས ་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་མདོར་བསྡུས་བསྟན་པའི་ལེའུ་སྟེ་རེ་གཅིག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ་ངེས་པའི་དོན་ལ་ཡིད་ཆེས་པའི།། དབྱེ་བ་རྣམ་པ་དྲུག་གིས་ནི།། ཕྱི་མ་མ་ཡིན་དུས་འདི་རུ།། ཡེ་ཤེས་མངོན་འགྱུར་འབྲས་བུ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་ཆུ་དངས་རྙོག་མེད་ལྟར།། རེ་དོགས ་མེད་པའི་འབྲས་བུ་ལ།། གོལ་སྒྲིབ་བྱ་བའི་མིང་ཡང་མེད།། ཉམ་ང་མེད་པའི་གདོང་གིས་ཟིན།། ཞེན་འདོད་མེད་པའི་ཉམས་ཞིག་འབྱུང་།། ཉམས་མེད་རིག་པ་ཉམས་ཀྱི་མཆོག། དེ་དོན་ཡིད་ཆེས་འབྲས་བུ་མཆོག། ་དཔེར་ན་བརྩི་འཚལ་ཡོད་པའི་ཕྱིར།། འབྲས་བུ་གསེར་ལ་སྨོས་ཅི་དགོས།། དེ་ཕྱིར་ངེས་པའི་གདེང་ལྡན་པས།། འབྲས་བུ་སངས་རྒྱས་སྨོས་ཅི་དགོས།། ངེས་དོན་བྱང་ཆུབ་དུས་འདིར་འགྲུབ།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ཆོས་སྐུ་གཟུགས་བརྙན་འབྱུང་བའི་དཔེ།། ཉི་ཟླ་གཟའ་སྐར་བཙལ་མེད་པས།། རྒྱ་མཚོར་གཟུགས་བརྙན་འཆར་བ་ལྟར།། ཆོས་སྐུ་རྟོགས་པའི་འབྲས་བུ་ལ།། སེམས་ཅན་མོས་པ་ཐ་དད་པ།། ་གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་ངེས་པར་བསྡུས་པ་བསྟན་པའི་ལེའུ་སྟེ་རེ་གཉིས་པའོ།། ་སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་དོན་དུ་ཡང་ཞུས་པ།། མཚན་མ་ཟིལ་གྱིས་ཅི་ལྟར་མནན།། འགྲོ་དྲུག་གཡང་ས་ཇི་ལྟར་བཅད།། ཡེ ་ཤེས་འབྲལ་མེད་ཅི་ལྟར་བསྒོམ།། ཉམས་ཀྱི་གོ་རིམ་ཇི་ལྟར་འབྱུང་།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མཚན་མ ་ཟིལ་གྱིས་མནན་པའི་ཕྱིར།། མ་རིག་མུན་པ་ལྟ་བུ་ལ།། རིག་པའི་དབང་ཆེན་བཀའ་སྩལ་པ།། དེ་ཡང་དབང་པོའི་དཔེས་བསྟན་པ།། བྲམ་ཟེ་གཙང་མས་ཁྲུས་གསོལ་ཏེ།། རྒྱལ་སྲིད་དག་ལ་དབང་བསྐུར་ཞིང་།། དོན ་གྱི་ཟིལ་མནན་རང་བྱུང་འཚལ།། དེ་དོན་ཤེས་པ་དྲང་འཐད་ཀྱི།། འདུས་མ་བྱས་ཀྱི་ནམ་མཁའ་ལ།། རང་གི་ཚད་དང་ལྡན་པ་ལ།། སེམས་ནི་དྲག་ཏུ་གཏད་པར་བྱ།། དཔེར་ན་གྱི་ལིང་རྟ་འདུལ་བཞིན།། རང་གི་ཤེས ་པ་མ་ཡེངས་བཞིན།། དྲག་ཞན་བར་ནས་རྩོལ་བ་འདོན།། ཆད་ཟིན་དོན་ལ་གནས་པར་བྱ།། དེ་ཡང་ཁམས་དང་སྦྱར་བྱས་ནས།། ཁམས་བདེ་ཐུན་ནི་རིང་བར་བྱ།། མི་བདེ་ཐུན་ནི་ཐུང་བར་བྱ།། ཡང་ན་ལངས་ལ ་ཅུང་ཟད་བཅག། རྟགས་ནི་ལུས་སེམས་གཉིས་འབྱུང་སྟེ།། ལུས་ནི་འདར་ཞིང་མཆི་མ་འབྱུང་།། སེམས་ནི་བདེ་ཞིང་དངས་དགའ་སྟེ།། ཏིང་འཛིན་རྩལ་གྱིས་རྟགས་རྣམས་འབྱུང་།། རྟོག་པ་མེད་པར་གནས་པ་ནི།། ་བྱ་བ་བཏང་བའི་སྐྱེས་བུ་བཞིན།། མ་ཡེངས་གསལ་ལ་ལྷུག་པར་བཞག། རྒོད་ན་ནམ་མཁའི་སྤྲིན་བཞིན་དུ།། བྱུང་ཡང་གཞི་ལ་གནོད་མེད་ལྟར།། སེམས་ཀྱི་ཚོལ་བ་ཚད་ཟིན་ན།། རྟོག་པ་མི་བསྒྲིམ་བཅོས་མི ་དགོས།། དེ་ཡིས་བསྒོམ་ཉམས་བསྟན་པ་ནི།། དམིགས་པའི་དོན་ལ་སེམས་གནས་ཀྱང་།། ཤེས་པ་གཏད་དུ་མི་ཆུད་པས།། ཡུལ་ལ་མི་རྟོག་བདེ་བར་གནས།། ཞེན་པའི་རྟོག་པ་སྐྱེས་ན་ཡང་།། བ་མོ་ལ་ནི་ཉི་ཤར ་བཞིན།། རྗེས་སུ་མི་འབྲིང་ལྡན་གྱིས་འགྲོ།། དེ་ཚེ་གཞི་ལ་ཡིད་ཆེས་འབྱུང་།། དེ་དུས་ཉིད་དུ་སེམས་ཉམས་ནི།། སྣང་མེད་འཁྲུལ་སྣང་ལོག་ཙ་ན།། སྣང་བཅས་ཏིང་འཛིན་དོན་ཟིན་ཉམས།། དེ་ཉིད་གོམས་པའི་ལམ ་དུ་བདེ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཚན་མ་ཟིལ་གྱིས་གནོན་པའི་བསྒོམས་པའི་ལེའུ་སྟེ་རེ་གསུམ་པའོ།། །། དེ་ནས་ཀུན་རིག་སྟོན་པ ་ཡིས།། འགྲོ་དྲུག་གཡང་ས་གཅད་པའི་ཕྱིར།། རྩ་བ་སེམས་ལས་འདས་པའི་ཕྱིར།། ཡེ་ཤེས་ངོས་བཟུང་བཀའ་སྩལ་པ།། ཀུན་གཞི་གཞི་ཆ་ངོ་བོ་ལ།། ཆོས་སྐུ་ངོས་བཟུང་མཐུན་དཔེ་ནི།། རྩ་ཆུ་བརྟགས་ནས་ངོས ་བཟུང་བའི།། སྨན་པ་མཁས་པའི་དཔེ་བཞིན་དང་།། ནོར་བུ་ཆུ་དངས་དཔེ་བཞིན་ནོ།། བྱང་ཆུབ་སེམས་ཀྱི་རིག་པའི་དོན།། སྔ་མ་འཕྲོ་བ་ཡིད་ཡིན་ཏེ།། ཕྱི་མ་སྐྱེས་པ་ཉོན་མོངས་ཡིན།། སྒོ་ལྔ་སྐྱེས་པ་རྟོག་པའི ་ཡིད།། དམིགས་འཛིན་མེད་པ་ངང་གིས་གསལ།། གཉུག་མར་གནས་ལ་འཕེལ་འགྲིབ་མེད།། ཡེ་ཤེས་ཟང་ཐལ་འདི་ཡིན་ཏེ།། རང་གི་ངོ་བོ་ཆོས་ཀྱི་སྐུ།། ཤེས་པ་བཅོས་མེད་དྲང་པོར་གནས།། དཔེར་ན་ཐི་བྱ་ཚང ་འཇུག་བཞིན།། རང་གི་ཤེས་པ་ཆོས་སྐུ་ལ།། བསྒོམ་དུ་མེད་པའི་དགོངས་བྱའོ།། དེ་དོན་རྟོགས་ན་དངས་ཤིང་བདེ།། ཤེས་པ་མི་འགྱུར་དཀྲིར་མི་འདོད།། ཆུ་ལས་མི་འདའ་ཉ་བཞིན་དུ།། དོན་ལས་མི ་འདའ་ཆོས་ཉིད་རྟགས།། དེ་རྟགས་ལྡན་པས་རྣལ་འབྱོར་པས།། རྒྱལ་པོའི་མངའ་བྱེད་བཙུན་མོ་བཞིན།། སྔ་ཕྱི་གཉིས་པོ་སྐྱེས་པའི་ཚེ།། དེ་རྗེས་མི་གཅོད་ཆོས་ཀྱི་སྐུ།། འཕྲོ་ན་རྐུན་པོ་ཚོར་མ་ཟག། མ་བསྐྲད་རང ་བཞིན་བྲོས་པ་ལྟར།། རང་བྱུང་རྩོལ་བ་མེད་པ་ལ།། མི་གཡོ་མཉམ་པའི་དོན་ལ་བཞག། དེ་དོན་རྟོགས་པའི་རྣལ་འབྱོར་པས།། ཤིང་བལ་ལྟ་བུར་ལུས་ཡང་ཞིང་།། ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས།། ་ཆོས་རྣམས་བདེ་ཆེན་གསང་བའི་ཉམས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་དྲུག་གཡང་ས་བཅད་པའི་བསྒོམ་པ་བསྟན་པའི་ལེའུ་སྟེ་རེ་བཞི ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། བསྒོམ་པ་རྒྱུན་གྱི་རྩ་བའི་དོན།། རང་བྱུང་ཆོས་སྐུ་གསལ་བའི་དོན།། ཡེ་ཤེས་འབྲལ་མེད་བཀའ་སྩལ་པ།། ཐིག་ལེ་གཅིག་ཏུ་རྫོགས་པ་ཡི།། ཡེ་ཤེས་ཆེན་པོའི་མཐུན ་དཔེ་ནི།། རང་བྱུང་ངོ་བོ་ཉིད་ཁྱབ་ཕྱིར།། མཐའ་དབུས་མེད་པས་ནམ་མཁའ་འདྲ།། དེ་དོན་རང་བྱུང་ཡེ་ཤེས་གསལ།། སྣང་སྲིད་གསལ་བའི་སྒོ་ལྔ་ནི།། རྟོག་པ་གསལ་བ་ཆོས་ཀྱི་སྐུ།། འཛིན་པ་མེད་པར་ལྷུན་གྱིས ་གྲུབ།། ཁྱུང་ཆེན་ནམ་མཁར་ལྡིང་བའི་ཚེ།། འཕུར་རླབས་འོག་ཏུ་ཀུན་ཚུད་ལྟར།། ངེས་དོན་རྟོགས་པས་སྐུ་གསུམ་རྫོགས།། འབྱུང་འཇུག་མེད་པར་གནས་པར་བྱ།། ཇི་བཞིན་ཉམས་ཀྱི་གནས་ལུགས་ནི།། རྣམ་པར ་མི་རྟོགས་ས་ལེ་བ།། ས་ལེ་གསལ་ལ་རྟོག་པ་མེད།། དེ་ནི་རང་བྱུང་ཡེ་ཤེས་ཡིན།། ནོར་བུ་རིན་ཆེན་ཡོན་ཏན་ལ།། དགོས་འདོད་ཐམས་ཅད་ཤུགས་ཀྱིས་འབྱུང་།། དེ་བཞིན་ཡེ་ཤེས་ངོས་ཟིན་ན།། བྱིང་རྒོད་མི་འབྱུང ་ཆོས་ཉིད་གསལ།། དཔེར་ན་དུག་ལ་སྔགས་བཏབ་པས།། ནད་རྣམས་སེལ་ཞིང་སྨན་འགྱུར་ལྟར།། ཆགས་སྡང་དུག་སོགས་དུག་རྣམས་ལ།། ཆོས་ཉིད་གསལ་ཐེབས་རང་སར་གྲོལ།། དེ་རྟགས་སྒྲ་ཐོས་རྨི་ལམ ་བཟང་།། གཟུགས་རྣམས་མཐོང་ཞིང་བསྐོར་བ་བྱེད།། བདུད་རྩི་འདྲེན་ཞིང་ཆོས་སྟོན་པ།། བདུད་ཀྱི་ཆོ་འཕྲུལ་བཅོ་བརྒྱད་འབྱུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒྱུད་ལས། ཡེ་ཤེས་འབྲལ་མེད་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། བསྒོམ་ཉམས་རིམ་པར་འབྱུང་བ་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། གནས ་དང་མི་གཡོ་མཉམ་པ་ཉིད།། འབྲས་བུ་ཡེ་ཤེས་ཡོན་ཏན་ནི།། ང་ཡིས་བསྟན་གྱིས་ལེགས་པར་ཉོན།། དང་པོ་གནས་པའི་ཏིང་འཛིན་ནི།། གོལ་སྒྲིབ་རྟོག་ཞེན་སྤང་ནས་ནི།། ལུས་ཀྱི་དགོན་པར་སེམས་བཞག་པས།། ་རང་རིག་ཡེ་ཤེས་ངང་དུ་གནས།། དཔེར་ན་འཇིགས་མེད་ལམ་བགྲོད་ཀྱང་།། རང་ལུས་དང་འདྲ་ཉམ་པ་མེད།། དེ་བཞིན་ཆོས་ཉིད་རང་གནས་པས།། རེ་དོགས་གོལ་སྒྲིབ་མེད་པར་གནས།། ཕྱི་དྲོད ་ཡུལ་དང་ཁ་དོག་རྫོགས།། མཚན་མའི་ཞེན་པ་མི་སྐྱེ་ན།། ཆགས་བྲལ་ཆོས་དབྱིངས་དྲོད་ཅེས་བྱ།། ཕྱི་རྟགས་ཡུལ་དྲུག་མ་ཞེན་པར།། ཞིང་ཁམས་མཐོང་དང་དབང་བསྐུར་དང་།། མཆོད་བརྟེན་འོད་ཀྱི་གང་བར ་འབྱུང་།། དེ་ཚེ་འཁོར་བའི་ཞེན་པ་ལྡོག། འབྲས་བུ་རྣལ་འབྱོར་ཚེ་འཕོས་ཏེ།། རིག་བཙུན་མི་ལུས་ཐོབ་ནས་ནི།། ལུང་ལྡན་རྐྱེན་འཕྲད་ཤེས་པ་འཆར།། དེ་ཚེ་ཆོས་སྐུའི་བདེན་པ་མཐོང་།། ད་ཡང་འདུས་པའི་སྙིང་པོ ་ཉོན།། ལྷག་མཐོང་རིག་པའི་ངང་བཞག་ཚེ།། སྔ་ཕྱི་གོལ་སྒྲིབ་རང་དེངས་ནས།། ཡེ་ཤེས་རང་ཤར་དོན་དང་ལྡན།། ཉིན་མཚན་འདས་ཀྱི་བར་དོར་གནས།། ངང་ལ་གནས་པའི་མཐུན་དཔེ་ནི།། མ་བསྐྱོད་རྒྱ་མཚོ ་དངས་པ་དང་།། གསལ་ལ་མི་གཡོ་མར་མེ་འདྲ།། རང་བྱུང་རིག་པའི་ཆོས་ཉིད་གསལ།། ནང་དྲོད་ཡེ་ཤེས་རང་སར་གནས།། ཐེ་ཚོམ་བྱུང་ཚོར་རྐྱེན་དང་བྲལ།། དེ་ཡི་ངང་དུ་ཉོན་མོངས་དེངས།། ཉིན་མཚན་འདས ་པའི་རྟོག་པ་མེད།། ནང་རྟགས་མངོན་ཤེས་དྲུག་འབྱུང་ནས།། ཟས་ནོར་ཆགས་ཆུང་ཉོན་མོངས་མེད།། སྙིང་རྗེ་ཕན་སེམས་རབ་ཏུ་ལྡན།། ལྷས་བསྟན་རྨི་ལམ་བཟང་པོ་འབྱུང་།། རྣལ་འབྱོར་ཆོས་ཉིད་དབང་ཐོབ་མི།། ་འབྱུང་བ་རིམ་ཐིམ་ཤི་བའི་ཚེ།། ཚེ་སྟོད་ཚངས་རིས་ལྷར་སྐྱེས་ནས།། ཚེ་དེ་ཉིད་ལ་མངོན་འཚང་རྒྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་བ་མྱ་ངན་འདས་པའི་ཆོས།། ཇི་ལྟ་བུར་ཀྱང་མི་གཟིགས་ཏེ།། ཐམས ་ཅད་ཡེ་ཤེས་ཉིད་དུ་གསལ།། ལོ་ཟླ་ཐུན་མཚམས་མེད་པར་གནས།། རང་རིག་ཆོས་སྐུ་བལྟ་རུ་ཡོད།། གཟུང་དུ་མེད་པས་ཆུ་ཟླ་འདྲ།། ཆོས་སྐུ་མཉམ་པ་ཉིད་དེ་ནི།། ཁྱུང་ལྡིང་ཉམ་ང་མེད་པ་འདྲ།། གསང་བའི་དྲོད ་ནི་ཡེ་ཤེས་སྟེ།། གཅིག་པུར་འདུག་ཀྱང་སྐྱོ་བ་མེད།། ཆོས་བརྒྱད་ཆོས་སྐུར་ཤེས་པའི་ཕྱིར།། འཇིག་རྟེན་འདྲེ་ཡིས་གནོད་མི་ནུས།། གསང་བའི་རྟགས་ནི་མ་འཁྲུལ་པ།། ཚོར་བ་བདེ་སྡུག་བཏང་སྙོམས་ལ།། རྐྱེན་ནི ་གར་བྱུང་ཆོས་སྐུར་ཤེས།། དེ་ཕྱིར་ཡེ་ཤེས་གཏང་བཞག་མེད།། འབྲས་བུ་རང་གི་ངོ་བོ་ལ།། ས་ལམ་མ་བགྲོད་སྒྲིབ་པ་དག། རྟོགས་པ་མངོན་གྱུར་ཡེ་ཤེས་ཀྱི།། བར་དོར་ཐོགས་མེད་མངོན་སངས་རྒྱས།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ས་ཡིས་བཅིངས་ན་ནི།། རྣམ་སྨིན་ལུས་མེད་ཡེ་ཤེས་སྐུ།། ཡེ་ཤེས་རིག་པ་ཁ་མིག་ཅན།། ཐམས་ཅད་མཁྱེན་པའི་ཆོས་སྐུ་གནས།། མཐུན་དཔེ་གཟའ་སྐར་ཤར་བ་ནི།། རྒྱ ་མཚོའི་ནང་དུ་གཟུགས་བརྙན་འབྱུང་།། དེ་བཞིན་ཆོས་སྐུ་གཅིག་པུ་ལ།། དྲོད་རྟགས་གཟུགས་སྐུ་རྣམ་གཉིས་འབྱུང་།། འབྲས་བུ་སངས་རྒྱས་ཡོན་ཏན་ནི།། བརྗོད་དུ་མེད་ལ་བསམ་མི་ཁྱབ།། གཞི་དང་འཕྲད་པས་སྐྱེ ་འཆི་མེད།། དེ་ཕྱིར་སངས་རྒྱས་ཡང་དག་ཡོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པའི་ཉམས་བསྟན་པའི་ལེའུ་སྟེ་རེ་དྲུག ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ངེས ་དོན་རྟོགས་པའི་རྣལ་འབྱོར་པས།། དེ་ཁོ་ན་ཉིད་ཇི་ལྟར་སྤྱོད།། ཕྱི་ནང་སྒྲོ་འདོགས་ཆོས་སྤྱོད་གང་།། རྣམ་པར་རྟོག་པ་ཇི་ལྟར་གཞོམ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ་འདུས་པའི་འཁོར་ལ་བཀའ་སྩལ་པ།། ལ་ཟློ་སྤྱོད་པ་བཀའ་སྩལ་པ།། ཡིད་ལ་ཟུང་ལ་ངེས་པར་སྤྱོད།། དེ་དོན་ངེས་པར་དབྱེ་བ་ནི།། ལུས་ངག་ཡིད་ཀྱིས་ཆོས་ཀྱི་ནི།། དེ་ཁོ་ན་ཉིད་ལ་དམིགས་པའོ།། སྤྱོད་པ་ལ་ཟློ། ་ཡིན་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུས་ངག་རིག་པ་བཟོ་ཐུབ་ལ།། སྒོ་ལྔ་ཡུལ་ལ་མི་འཇུག་སྟེ།། རང་རིག་དགོན་པར་གསལ་བ་ཡིས།། རྒྱུན་དུ་འབྲལ་མེད་གནས་དེ་ན།། ལུས་ཀྱི་སྐྱོན་གསུམ ་རང་སར་གྲོལ།། དེ་ཚེ་གཡེངས་པ་མི་འབྱུང་བར།། གོལ་མེད་ཆོས་སྐུ་ཡེ་ཤེས་ལྡན།། རང་ཉིད་གར་འདུག་དགོན་པར་ཤེས།། རྒྱལ་པོས་གདན་ས་འཛིན་པ་འདྲ།། གང་ན་གནས་པ་ཆོས་དབྱིངས་ལ།། ཞེན་ཆགས ་ཀྱིས་ནི་བདུད་དང་བྲལ།། མཚམས་གཅོད་མེད་པས་ནམ་མཁའ་འདྲ།། ལུས་ཀྱི་དེ་ཉིད་སྤྱོད་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་ལུང་གདམས་ངག་ཁོང་ཆུད་ནས།། ངག་གི་སྨྲ་བ་ཉུང་བྱས་ཏེ།། ་འཇིག་རྟེན་གཏམ་ལ་མ་གཡེངས་པར།། ངག་གི་སྐྱོན་བཞི་རང་སར་གྲོལ།། མི་སྨྲ་དགོས་པ་གསུམ་ཡོད་ཕྱིར།། ངག་གི་དེ་ཉིད་སྤྱོད་པ་སྟེ།། སྡིག་པ་བཞིན་དུ་སྨྲ་མི་བྱ།། སྒྲ་བཅད་མཚམས་ཀྱི་དམ་པར་གསུངས།། ་ཞུས་འཆད་དོན་བསྟན་མི་འགལ་བར།། ཆོས་དང་མཐུན་པར་བླ་མས་གསུངས།། སྐབས་ལ་ཕོག་པའི་དུས་དག་ལས།། གཞན་དུ་སྨྲ་བར་མི་བྱའོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་གདེང་གིས ་ནི།། ཤེས་རབ་རྣམ་གསུམ་ཡིད་ཆེས་པས།། རྣམ་རྟོག་ཐ་མལ་རྒྱུ་མེད་པས།། ཡིད་ལ་གང་དྲན་ཆོས་སྐུར་ཤེས།། ལྷག་མཐོང་རིག་པས་རང་བལྟས་པས།། འབྲལ་མེད་མི་བརྗེད་གཟུངས་དང་ལྡན།། སྐྱོན་ཡོན་གསུམ ་ནི་རང་སར་གྲོལ།། ནགས་ཀྱི་རི་དགས་བག་ཕེབ་འདྲ།། དེ་ཚེ་འཇིག་རྟེན་འཁྲུལ་མེད་འདྲ།། ཆོས་ཉིད་ཆོས་སྐུ་རིག་པ་གསལ།། མ་རིག་བྲལ་བའི་ལྷག་མཐོང་ལ།། ཡིད་དེ་ཁོ་ནར་སྤྱོད་པར་བཤད།། དེ་ཡང་འཁོར ་གྱི་སྙིང་པོ་ཉོན།། ངེས་པའི་རྒྱུད་ལུང་མན་ངག་ཆོས།། གདེང་ལྡན་ཉམས་སུ་ལེན་པ་ཡི།། སངས་རྒྱས་དངོས་ཡིན་ང་ཡི་བཀའ།། ཆོས་ཀྱི་མཁའ་ལ་སྤྱོད་པ་ཡིན།། མི་མ་ཡིན་དང་ལྷ་ཀུན་གྱིས།། ཡིད་བཞིན་རིན་ཆེན ་ལྟ་བུར་མཐོང་།། དེ་བཞིན་བླ་མའི་གདམས་ངག་འདི།། སྣོད་མེད་ཀུན་ལ་མི་སྦྱིན་ནོ།། རིན་ཆེན་ནོར་རྙེད་གསང་བ་བཞིན།། ཆོས་ཀྱི་སྐུ་ཉིད་སྙིང་པོ་འདི།། ཤིན་ཏུ་སྦས་ན་དངོས་གྲུབ་ཐོབ།། རིག ་འཛིན་གོང་མས་བྱིན་གྱིས་རློབས།། མཁའ་འགྲོས་ལས་བྱེད་ཅི་བསམ་གྲུབ།། ཆོས་ལ་དམིགས་པའི་སྤྱོད་པ་ཡིས།། རྒྱལ་བ་ཀུན་དང་དགོངས་པ་གཅིག། དེ་ཕྱིར་ལ་ཟློའི་སྤྱོད་པར་གསུངས།། རྫོགས་པ་ཆེན་པོ་ངེས ་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དེ་ཁོ་ན་ཉིད་དམིགས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་རེ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས ་བཀའ་སྩལ་པ།། སྒྲོ་འདོགས་སྤྱོད་པ་ཆེན་པོ་ནི།། ཕྱི་ནང་གཉིས་མེད་ལུང་གིས་ནི།། སྒྲོ་འདོགས་གཅོད་པའི་ཐབས་ཀྱི་དོན།། ལུང་ལྡན་ཆོས་འདི་ངེས་པར་སྤྱོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་སྒྲོ་འདོགས ་སྤྱོད་པའི་ཕྱིར།། སྣང་བའི་ཡུལ་ལ་བློས་བརྟགས་པས།། མ་རིག་བག་ཆགས་བརྟས་པ་ལ།། གཞི་ལ་ཡུལ་ནི་གྲུབ་པ་མེད།། དེ་ཕྱིར་ལུང་ལྡན་གདམས་ངག་གིས།། མ་རིག་མེད་པར་ཟག་ཆོད་པས།། ཡུལ་གྱི་ཞེན་པ ་དང་བྲལ་ན།། གང་ལ་འཛིན་པའི་བློ་མི་འཇུག། དྲེད་མོང་འདོས་ཐག་བཅད་པ་འདྲ།། ཡུལ་ནི་ཡོད་མེད་མཐའ་དབུས་བྲལ།། དེ་ཡིས་ཉམས་སུ་མྱོང་བ་བཞིན།། ཆུ་ནང་གཟུགས་བརྙན་སྨིག་རྒྱུ་བཞིན།། སྣང་ཡང ་ཞེན་པའི་བློ་མི་འཇུག། རྣལ་འབྱོར་ཡུལ་གྱི་སྒྲོས་མི་གདགས།། གང་ལྟར་ཡོད་ཀྱང་དབྱིངས་ལ་སྦྱོར།། དེ་ཕྱིར་གོལ་མེད་ཀློང་ན་འཕྱོ།། ཕྱི་ཡིས་སྒྲོ་འདོགས་ཆོད་ཅེས་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་གི ་ཡིད་ཀྱིས་སེམས་བཙལ་བས།། ཡང་དག་ཡིད་ཀྱིས་མཐོང་བ་མེད།། ཅི་ཡང་ཆ་མེད་ལུང་མ་བསྟན།། ཚོགས་བརྒྱད་མེད་ཅེས་སྒྲོ་འདོགས་ཆོད།། མི་ཤི་སླར་ལ་མི་ལྡོག་འདྲ།། དེ་ཉིད་ལུང་ལྡན་བསྟན་ཙམ་ན།། ཆོས ་ཉིད་ཡིན་ཕྱིར་ལྟུང་མི་སྲིད།། དེ་ཕྱིར་སེམས་ཀྱི་ཡུལ་ལས་འདས།། དེ་དོན་རང་བྱུང་རིག་པ་འདི།། ཆོས་སྐུར་གཞན་ལ་ཞེན་མེད་པས།། ནང་གི་སྒྲོ་འདོགས་ཆོད་པའི་ཕྱིར།། སྤྱོད་པ་ཀུན་གྱི་མཆོག་ཏུ་གསུངས།། དེ ་ང་འདུས་པའི་སྙིང་པོ་ཉོན།། ཡུལ་སེམས་གཉིས་མེད་སྐྲོད་པ་ནི།། གཞི་ཉིད་ལུང་ལྡན་ངེས་པ་ཡིས།། རང་བྱུང་ཆོས་སྐུའི་དོན་ཤེས་པས།། ཀུན་བརྟགས་མ་རིག་མེད་པ་ཡིས།། ཡུལ་སེམས་གཉིས་ལ་བརྟགས་པ ་ལས།། ཞེན་པའི་བག་ཆགས་རྟེན་མེད་སྟོང་།། འཁོར་འདས་ཀ་ནས་མེད་རྟོགས་ཕྱིར།། འཇིགས་པའི་རྨི་ལམ་སད་པ་འདྲ།། ལྷན་ཅིག་མ་རིག་མེད་པའི་ཕྱིར།། ཀུན་གཞི་བསྐྱེད་པའི་སེམས་དང་བྲལ།། སེམས་མེད ་ཡུལ་འདི་གཏན་དུ་སྟོངས།། མེ་མེད་དུ་བ་མེད་པ་འདྲ།། ངོ་བོ་ཉིད་ཀྱི་གཞི་རྟོགས་ན།། ཡུལ་སེམས་དུས་གསུམ་མེད་པ་སྟེ།། གང་ཡང་མེད་པའི་མངོན་དུ་བྱུང་།། རང་བྱུང་སྒྲོ་འདོགས་ཆོད་པ་ཡིས།། ཡེ་ཤེས་ཆེན་པོ ་སྤྱོད་པར་གསུངས།། ད་ཡང་འཁོར་རྣམས་ཡིད་ཀྱིས་ཉོན།། ངེས་ལུང་བཀའ་ལས་གསུངས་པ་ཡི།། དྲང་དོན་ལུང་གི་དགེ་སྡིག་གཉིས།། བསྐྱེད་རིམ་ལྷ་བསྒོམ་དྲང་དོན་ཏེ།། དྲང་དོན་མདོ་རྒྱུད་ལྡེམ ་དགོངས་ཀྱིས།། དོན་ལ་སྒྲོ་བཏགས་ཆོས་ཉིད་མིན།། ངེས་དོན་ལུང་གིས་སུན་བཏོན་ཕྱིར།། གོལ་སྒྲིབ་མེད་པར་ཐེ་ཚོམ་ཆོད།། ངེས་དོན་ལུང་གིས་གཏན་ཕབས་པས།། མ་རིག་མེད་ཕྱིར་རྒྱུ་འབྲས་མེད།། མ་རིག ་ཀུན་གཞིའི་མུན་གསེབ་ནས།། ཆོས་སྐུ་རྙེད་པས་མུན་པ་སངས།། རྟོགས་པ་མངོན་འགྱུར་སངས་རྒྱས་འབྱུང་།། རིན་ཆེན་སྟོར་བ་སླར་རྙེད་འདྲ།། དེ་ཕྱིར་རང་ལ་དད་པ་སྐྱེས།། དུས་དང་རྣམ་པ་ཐམས་ཅད་དུ།། ཆོས ་ཀྱི་སྐུ་དང་འབྲལ་མེད་པས།། མཚན་མ་ལུང་གི་སྒྲོ་འདོགས་ཆོད།། ལུང་དང་རིགས་པ་མཐུན་པར་སྤྱོད།། རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྒྲོ་འདོགས་གཅོད་པའི་སྤྱོད་པ་བསྟན་པའི ་ལེའུ་སྟེ་རེ་བརྒྱད་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། རྣལ་འབྱོར་ཞེན་པ་ལྡོག་པའི་ཕྱིར།། རྟོག་འཇོམས་སྤྱོད་པ་བཀའ་སྩལ་པ།། ཟས་གོས་དགྲ་གཉེན་འཁོར ་བའི་ཆོས།། དེ་ལ་ཞེན་ལོག་བྱ་བའི་ཕྱིར།། སྤྱོད་པ་མ་ཆགས་བརྟུལ་ཞུགས་ཀྱིས།། རྟོག་མེད་སྤྱོད་པ་ཆེད་དུ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཟས་ཀྱི་རྟོག་པ་གཞོམ་པའི་ཕྱིར།། གཙང་དང་མི་གཙང་མེད་པར ་ཡང་།། བབ་འབགས་སྨེ་གཙང་མ་སྨེ་རུ།། ཁྱི་བོང་ཤ་དང་མཛེ་ཤ་དང་།། རུལ་དང་བཤང་གཅི་ལ་སོགས་པ།། ཚམ་ཚོམ་རྟོག་པ་མེད་བཞིན་ཟ།། ངན་རྟོག་སྐྱུག་བྲོ་སྙམ་བྱེད་ན།། བརྟུལ་ཞུགས་བསྐྱེད་ལ་ཆེད་དུ ་བཟའ།། དེ་ཟོས་ཡོན་ཏན་དྲུག་འབྱུང་ཞིང་།། ཟས་ཀྱི་རྣམ་རྟོག་ཆེད་དུ་གཞོམ།། མདོར་ན་ཞིམ་དང་མི་ཞིམ་དང་།། གང་ལ་རྟོག་མེད་གོམས་པར་བྱ།། དེ་གོམས་བླང་དོར་མེད་ངོས་ཀྱིས།། ཟས་ཀྱི་རྟོག་པ་གཞོམ་པར ་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གོས་ཀྱི་རྟོག་པ་གཞོམ་པའི་ཕྱིར།། ཁྱི་ཐུལ་རྩི་བེར་ཕྱག་དར་ཁྲོད།། རད་རོད་ཤིང་ཤུན་ལ་སོགས་པའི།། ཁ་དོག་དབྱིབས་ནི་མི་སྡུག་པ།། ཞེན་པ་བཟློག་ཕྱིར་སྣ་ཚོགས ་གོས།། ངོ་ཚ་ཡང་མེད་པར་ནི།། མི་སྡུག་བགོ་བས་བརྒྱན་པར་བྱ།། སྨྱོན་པ་བཞིན་དུ་རྟོག་པ་གཞོམ།། བླང་དོར་མེད་པའི་གོས་གོན་ན།། ཡོན་ཏན་ལྔ་ཡོད་ཏིང་འཛིན་གྲོགས།། དེ་སྤྱོད་གོས་ཀྱི་རྟོག་པ་ཆོམས།། ད ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དགྲ་གཉེན་རྟོག་པ་གཞོམ་པའི་ཕྱིར།། མ་དང་སྲིང་མོ་གང་ལ་ཡང་།། ངོ་ཚ་མེད་པར་ཆགས་སྤྱོད་པས།། གཉེན་ཀུན་བླ་འཚོང་ངོ་ཚར་སེམས།། འདི་ཀ་མེད་ན་ཤིར་རུང་སྙམ།། གཉེན ་ཀུན་འཁོར་ངན་བདུད་ཀུན་ཆོམས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དགྲ་ཀུན་སྙིང་རྗེའི་སར་མཐོང་བས།། ཕྲད་ཀྱང་མི་བརྡེག་གསོད་དང་བྲལ།། གྲི་བོ་གཤེད་ལ་འཁོར་བ་བཞིན།། སྤྱོད་པ་བྱེད་ཀྱང་ངན་ཐེག ་འདྲ།། དེ་བྱས་དགྲ་གཉེན་ཉེ་རིང་མེད།། ཐམས་ཅད་བླང་དོར་མི་ཤེས་པས།། དགྲ་གཉེན་གཉིས་ཀྱི་ཆགས་སྡང་བྲལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་སྤྱོད་པ་ཆེད་བྱེད་པ།། མ་ཧཱ་མན ་ཆད་སྤྱོད་པ་ཡིན།། རྟོག་པ་ཆེད་དུ་འཇོམས་པ་དེ།། རྫོགས་ཆེན་ཡང་ཏིའི་གོལ་སར་གསུངས།། དེ་སྤྱོད་ཚུལ་འཆོས་དོན་དང་ལྡན།། དེ་ཕྱིར་ཆེད་བྱ་མེད་པའི་མཆོག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྟོག་པ་འཇོམས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་རེ་དགུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅོ་ལྔ་པའོ།། །། དེ་ནས་འཁོར་གྱི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས ་དོན་ཞུས་པ།། ཏིང་འཛིན་ཉམས་དང་ལྡན་པ་ཡི།། ལྷ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། རྣལ་འབྱོར་པ་ལ་འབྱུང་ལུགས་ནི།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི ་འཁོར་ལ་བཀའ་སྩལ་པ།། མཉམ་བཞག་རྗེས་ཐོབ་པར་དོ་ལ།། སྣང་བ་འོད་དང་གྲགས་པ་སྒྲ།། འཇིགས་པ་གཟུགས་དང་བསླུ་བ་རྫུན།། རེ་རེ་ལ་ནི་དྲུག་དྲུག་ཏུ།། རྒྱུ་དང་ཞུགས་པ་ཉེས་དམིགས་རྣམས།། ཟིལ ་གནོན་རྟོགས་དང་འབྲས་བུ་རྣམས།། ལྟ་བ་མ་ཤེས་བདུད་དུ་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་འོད་ཀྱི་བདུད་བྱུང་ན།། ལྷ་མེད་མུན་ལས་འོད་བྱུང་བས།། དགེ་སྡིག་མཐོང་བས་སྙིང་རྗེ་ཞུགས།། ་འགྲོ་དོན་བྱ་མནོ་ཏིང་འཛིན་བཏང་།། དངོས་མེད་ལྷག་མཐོང་ཡོ་ག་དྲན།། གཞི་ལ་མེད་པའི་གཞའ་ཚོན་འདྲ།། དམྱལ་བའི་གནས་ཀྱང་སངས་རྒྱས་ཞིང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་རྣམ་པ ་མཉམ་བཞག་ཚེ།། མཚན་མོ་མུན་ནག་སྤྲིན་རུམ་ནས།། ནམ་ལངས་ཉི་ཤར་ཤིན་ཏུ་གསལ།། ཉམ་ཆུང་འོད་གསལ་ཡིན་སྙམ་ནས།། རྣལ་འབྱོར་པ་ནི་ངར་འཕང་སྐྱེས།། དེ་ཚེ་འགྲོ་དྲུག་སེམས་ཅན་གྱིས།། དགེ་སྡིག ་མ་ལུས་སྔ་ཕྱི་ཤེས།། འཁྲུལ་པའི་སྡུག་བསྔལ་སྣ་ཚོགས་མཐོང་།། དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ།། སེམས་ཅན་སྙིང་རྗེ་གདུང་སེམས་སྐྱེ།། བྱམས་དང་སྙིང་རྗེ་བྱ་མནོ་ནས།། ཏིང་འཛིན་བཏང་ནས་གཞན་དོན ་བྱེད།། དེ་ཕྱིར་གདེང་ལྡན་ཤེས་པ་དེས།། མཆི་མ་འདོན་ཅིང་སེམས་མི་དགའ།། ཏིང་འཛིན་བྲལ་ནས་ཤེས་པ་འཕྱོ།། དེ་ཕྱིར་བདུད་ཀྱི་དབང་གྱུར་ལྷུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གྲག་པ་སྒྲ་ཡི་བདུད་བྱུང ་གང་།། མཁའ་ལ་སྒྲ་དང་ཆོས་སྟོན་འབྱུང་།། དགའ་བས་ངོམས་ཤིང་ཏིང་འཛིན་བཏང་།། བཀའ་འགལ་ཆོས་བརྒྱད་འཁོར་བར་ལྟུང་།། ལྟ་བའི་རྩིས་ཟིན་སྒྲ་དང་བྲལ།། སྒྲ་བརྙན་བརྟག་མེད་རྗེས་མི་འབྲངས།། སྒྲ ་གྲགས་གསུང་གི་འཁོར་ལོ་བདེ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་དོན་ལ་གནས་པའི་ཚེ།། ནམ་མཁའ་སྟོང་པར་སྒྲ་བྱུང་ནས།། བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ཞིང་ཁམས་རྒྱན་གྱིས ་བརྒྱན་པ་དང་།། ཡིད་དུ་འོང་བའི་སྒྲ་ཐོས་འགྱུར།། དེ་ཚེ་དགའ་བའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གླུ་གར་བྱེད།། ངོམ་ཞིང་ངོ་མཚར་དགའ་སེམས་སྐྱེས།། མངོན་ཤེས་ཡོད་ཟེར་གཞན་ལ ་སྒྲ།། དེ་ལ་ཞེན་པས་ཏིང་འཛིན་བྲལ།། དགའ་བའི་བདུད་ཀྱིས་བསླུས་པར་འགྱུར།། འཇིག་རྟེན་ཆོས་ལ་དམ་པར་གཟུང་།། བཀའ་དང་འགལ་ཀྱང་བདེན་པར་བྱེད།། གེགས་ཞུགས་ཕྱི་མ་འཁོར་བར་ལྟུང་།། དེ་ཡང ་རྡོ་རྗེ་སེམས་དཔའ་ཉོན།། འཇིགས་པ་གཟུགས་ཀྱི་བདུད་བྱུང་གང་།། རྨི་ལམ་དངོས་སུ་འཇིགས་པའི་གཟུགས།། མི་དགའ་དོན་བྲལ་མོ་ཆོག་བྱེད།། སེམས་ངན་ཚེ་ཐུང་ཡིད་ཆད་ལྟུང་།། སྣང་གཟུགས་གཞི་ལ་མེད ་པར་ཤེས།། སྙིང་པོ་མེད་ཅེས་ཉམ་མི་ང་།། དེ་ཉིད་ཐུབ་དྲུག་སྐུར་ཡང་མཐོང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་ཉམས་རྨི་ལམ་གང་ཡང་རུང་།། ལྷ་བདུད་ལྟས་ངན་འབྱུང་གྱུར་ནས།། འཇིགས་པའི ་གཟུགས་སོགས་མི་དགེ་བས།། རང་ལ་གནས་ནས་སྡིག་གྱུར་ཚེ།། མྱ་ངན་བདུད་ནི་ཁྱིམ་ཞུགས་ཏེ།། ཏིང་འཛིན་བཏང་ནས་མོ་ཆོག་བྱེད།། མི་དགའ་འཆི་བའི་སྡུག་བསྔལ་སྐྱེ།། དེ་བཞིན་ཆོས་ལ་ཡིད་ཆེས་འབྱུང་།། ་ལྷ་དམན་གཅེར་བུར་ཕག་ཏུ་རྒྱུག། ལྕེབས་དང་བསམ་ངན་སྣ་ཚོགས་ཀྱིས།། མི་དགེ་ལྟས་ངན་སྣ་ཚོགས་འོང་།། དེ་ཕྱིར་ཚེ་ཟུང་ངན་སོང་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བསླུ་བ་རྫུན་གྱི་བདུད་བྱུང་གྲང་།། ་དུས་གསུམ་ཉེས་ལེགས་སྟོན་པ་འབྱུང་།། བདེན་དང་མི་བདེན་ཐ་མ་རྫུན།། མངོན་ཤེས་རྡུགས་པས་ཞེ་སྡང་སྐྱེ།། ཚིག་ལས་འདས་ཕྱིར་རྫུན་མ་གྲུབ།། རྨི་ལམ་བཞིན་དུ་འཁྲུལ་པར་ཤེས།། དོན་རྟོགས་མི་མངའ་རྒྱལ ་བའི་བཀའ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྨི་ལམ་གང་ཡང་རུང་།། ཡིད་དུ་འོང་བའི་བདེན་ཚིག་གིས།། དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན།། གཞན་ལ་སྨྲས་པས་བདེན་པ་འབྱུང་།། དེ་ཚེ ་བསླུ་བའི་བདུད་ཞུགས་ཏེ།། ལྷ་ཡིས་ལུང་བསྟན་ཡིན་སྙམས་ནས།། ཏིང་འཛིན་བཏང་ནས་གྲོང་ཁར་ཡིན།། ཆོས་ཉིད་བྲལ་བས་རང་རྒྱུད་གོལ།། ཉམས་ཀྱིས་བསླུས་པ་ཕྱིར་གྱེས་ནས།། བར་དུ་ཕྱེད་བདེན་ཕྱེད་མི ་བདེན།། ཐ་མར་སྨྲ་བ་ཐམས་ཅད་རྫུན།། དེ་ཕྱིར་གེགས་ཡིན་ངན་སོང་ལྟུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྷ་ཡི་བདུད་ནི་དེ་དག་ཀྱང་།། ཡུལ་འདི་གོལ་སར་མ་ཤེས་ཕྱིར།། སྣང་བ་གཟུགས་སོགས་ཞེན་པ་སྟེ།། ་ཡུལ་ལ་སེམས་ཞུགས་ཅི་སྤྱད་བདུད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །། ད་ཡང་རྡོ ་རྗེ་སེམས་དཔའ་ཉོན།། སྒོ་ལྔ་བྱིང་བ་གསལ་བའི་བདུད།། དྲན་མེད་རྨུགས་པ་བདེ་བའི་བདུད།། རྐྱེན་གྱིས་དགོས་པ་མི་རྟོག་བདུད།། འཕྲོ་བ་མི་གཡོའི་བདུད་རྣམས་བྱུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱིང ་བ་གསལ་བའི་བདུད་བྱུང་གང་།། དོན་མེད་ནན་ཏན་འབད་ནས་བསྒོམ།། མོས་པའི་དབང་གིས་གསལ་བར་བྱིང་།། གཉེན་པོ་གསལ་བའི་དོན་དང་བྲལ།། གཉིད་གསུམ་བསྲེས་པས་གཏི་མུག་རླག། ་ཆོས་ཉིད་ཀློང་དུ་གཉིད་ཐིམ་ཞེས།། སངས་རྒྱས་ཡེ་ཤེས་ཀློང་དུ་ཐིམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གདམས་ངག་མེད་པའི་དད་ལྡན་གྱིས།། ཏིང་འཛིན་མྱུར་དུ་འགྲུབ་འདོད་ནས།། ཡུན་རིང་བསྒོམ་པས་ཚོད ་མ་ཟིན།། འབྱུང་བ་ཁམས་ཀྱི་སྐྱོན་བྱུང་སྟེ།། མོས་པའི་བདུད་ཞུགས་གསལ་བར་བྱིང་།། མ་རིག་དབང་གིས་གཉིད་བྱུང་སྟེ།། ཐ་མར་རྨི་ལམ་བཟང་ངན་བྱུང་།། རེ་དོགས་མཐར་ལྷུང་འཁོར་བར་འཁྱམས།། དེ་ལ ་གཉེན་པོའི་ཆེད་བྱས་ནས།། གསལ་བར་འདོད་ན་བྱིང་བ་བསལ།། ཆེད་དུ་བྱས་པའི་ཏིང་འཛིན་ཉམས།། མོས་པའི་དབང་གྱུར་བྱོལ་སོང་ལྟུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྨུགས་པ་བདེ་བའི་བདུད་བྱུང ་ན།། ལུང་ལྡན་ཆོས་སྐུ་ངོས་མ་ཟིན།། ཤེས་པ་མུན་པ་ལྷག་མཐོང་མིན།། བསྒོམ་པར་བྱས་ཀྱང་གཏི་མུག་འཕེལ།། རང་རིག་དྲན་པའི་ཡེ་ཤེས་གསལ།། ལྟ་བས་ཟིན་ཕྱིར་བདེན་པར་ཤར།། འབྲས་བུ་ཡེ་ཤེས་འགྱུར ་མེད་ཀློང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ཆོས་སྐུ་ངོས་མ་ཟིན།། ཡེ་ཤེས་ཆོས་སྐུ་མ་མཐོང་ཕྱིར།། མ་རིག་དབང་གིས་ཡེ་ཤེས་བསྒྲིབས།། དེ་ཕྱིར་ཀུན་གཞི་ལུང་མ་བསྟན།། དེ་ཚེ་དྲན་མེད་བདུད ་ཞུགས་ཏེ།། ངང་བསྒོམ་རྨུགས་པས་བདེ་བ་ཉམས།། ཤེས་པ་མུན་ལོང་ལྷག་མཐོང་བྲལ།། རང་རིག་མེད་པས་ཞི་གནས་བྱིང་།། ཇི་ཙམ་བསྒོམ་ཀྱང་དོན་དང་བྲལ།། སྡུག་བསྔལ་ཉིད་ལས་བདེ་བ་མེད།། མ་རིག ་རྨོངས་པའི་བློ་ཡིས་ནི།། བསྒོམ་ཀྱང་དོན་མེད་བདུད་ཀྱིས་བསླུས།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒོད་པ་མི་རྟོག་བདུད་བྱུང་ན།། གདམས་ངག་མེད་ཕྱིར་འདུ་སར ་དགའ།། རང་དོན་བཏང་ནས་མི་ཆོས་བྱེད།། སྤང་སྡུད་ཞེན་པ་སྣ་ཚོགས་བྱེད།། སྔ་ཕྱི་རིག་པས་དོན་ཟིན་བྱེད།། བ་མོར་ཉི་ཤར་བཞིན་དུ་བཏང་།། གདེང་ཟིན་ཆོས་དབྱིངས་གནས་ཀྱི་མཆོག། ད་ཡང་རྡོ་རྗེ་སེམས ་དཔའ་ཉོན།། རྣལ་འབྱོར་དམ་པར་ཁས་འཆེས་ནས།། གཅིག་པུར་མི་དགའ་འདུ་ལ་དགའ།། ཆོས་བརྒྱད་དམ་པར་གཉེར་བའི་མི།། ཁ་ཚིག་ཙམ་ལ་ངེས་ཤེས་སྐྱེ།། གཞན་གྱིས་རྐྱེན་བྱས་བདུད་ཞུགས་ཏེ།། ཏིང ་འཛིན་བཏང་ནས་ཡིད་མིན་གྱི།། ཡུལ་ལ་ཤེས་པ་སྣ་ཚོགས་ཞེ་ན།། མི་རྟོག་མེད་པས་ཉོན་མོངས་རྒོད།། ཆོས་ལ་མི་ལྟ་གྲགས་པ་བསྒྲུབ།། སྤང་སྡུད་ཞེན་པས་རང་རྒྱུད་བྱེད།། ཏིང་ངེ་འཛིན་ལ་གོལ་བའི་ཕྱིར།། དེ ་ཕྱིར་གཡེང་བའི་བདུད་ཀྱིས་བསླུས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཕྲོ་བ་མང་པོའི་བདུད་བྱུང་གང་།། དོན་ལ་གོམས་པར་མ་བྱས་པས།། རིག་ཚོར་དྲན་པ་ཕྲ་མོ་རྒྱུ།། དེ་དོན་རྐུན་བུ་ཡང་ཡང་སྡང་།། མི་བརྗེད ་དྲན་པའི་གཟུངས་ཀྱིས་ཟིན།། རྣམ་རྟོག་རང་བཞིན་རིག་པ་གསལ།། ཐམས་ཅད་ཆོས་སྐུ་འབྲས་བུ་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལས་ནི་དང་པོའི་རྣལ་འབྱོར་པས།། ཡང་ཡང་གོམས ་པར་མ་བྱས་ཤིང་།། ཞི་གནས་ལས་སུ་མ་རུང་བས།། ཞེན་པ་རང་ལོག་ཉམས་དང་བྲལ།། འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ།། གང་ཡང་རུང་བའི་ཚིག་རེ་ཙམ།། ཡིད་ལ་བྱས་པས་མི་གཡོ་བྲལ།། དེ་ཕྱིར་རང ་རྒྱུད་སེམས་སུ་གོལ།། དད་པ་ཆུང་བས་གདམས་ངག་མེད།། ནན་ཏན་ཆུང་བས་ཉམས་དང་བྲལ།། མང་ཆད་རྐུན་བུ་ཡང་ཡང་ལྡང་།། ངེས་པའི་གདེང་དང་མ་ལྡན་ཕྱིར།། ཕྲ་མོའི་བདུད་ཀྱིས་བསླུས་པས་ལྟུང་།། ད ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བསྒོམ་པའི་བདུད་ནི་དེ་དག་ཀྱང་།། ངེས་དོན་མེད་པ་རྣམས་ལ་འབྱུང་།། ལུང་ལྡན་རྣམས་ལ་གནོད་མི་ཚུག། མ་རྟོགས་ཅི་བསྒོམས་བདུད་དུ་འགྱུར།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པའི་བདུད་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།། །། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱ་བ་འདུ་འཛི་ལོངས་སྤྱོད་བདུད།། ་ཉམས་དགའ་ཞེན་པ་གནས་ཀྱི་བདུད།། བསླབ་པ་ཡོན་ཏན་གཡེང་བའི་བདུད།། འཁོར་ངན་སེམས་འཁྲུལ་བདུད་རྣམས་འབྱུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ན།། མན་ངག ་མེད་པར་ཚུལ་འཆོས་བྱེད།། མི་རྣམས་སྨོན་འདོད་གཞན་སེམས་འཛིན།། དོན་བྲལ་བདག་འཛིན་ཕྲག་དོག་ལྟུང་།། དེ་དག་དགྲ་ཞེས་ཞེན་པ་ཆུང་།། བུ་བཞིན་ཆགས་མེད་དོན་གྱིས་ཟིན།། ལོངས་སྤྱོད་རང་གྲོལ་རོལ ་པར་རྟོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་རང་བྱུང་ངེས་པ་སྟེ།། དགོན་པར་གནས་ན་དད་ལྡན་འདུས།། ཚུལ་འཆོས་ཁ་གསག་མི་རྣམས་བརྟེན།། ཁ་ལན་པས་ནི་ཀུན་ལ་བསྟན།། འདུ་འཛི་ལོངས ་སྤྱོད་བདུད་ཞུགས་ནས།། ཏིང་འཛིན་བཏང་ནས་གཞན་སེམས་འཛིན།། ཕུལ་དུ་རེ་བས་མཐོ་ལ་འཐམས།། ཆོས་པ་ཡིན་ཟེར་སྨོན་འདོད་ནས།། འདོན་ཀློག་མཚན་མའི་ཆོས་ལ་དགའ།། བསྒོམས་པའི་དོན་བོར ་གཡེང་བའི་བདུད།། ཡོན་བདག་རྣམས་ལ་ང་བདག་འཛིན།། འདུ་འཛི་ཆེ་བས་རང་བསླུས་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེན་ཆགས་གནས་བདུད་དབྱེ་བ་ནི།། ཐོས་ཆུང་མཁས་ཆེས་ཉམས་དགའ ་རྩིགས།། བཀྲ་ཤིས་ཉམས་དགའ་འདྲེ་མེད་ཕྱིར།། འདྲེ་བསྟེན་མཐུ་ཡོད་གཞན་ལ་བསྡིགས།། གནས་ལ་མ་ཆགས་ཞེན་མེད་ཤེས།། བདག་གཞན་གཞི་ལ་མེད་ཤེས་པས།། གང་ལ་འདུག་པ་འོག་མིན་གནས།། དེ ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབེན་པ་འདོད་པའི་རྣལ་འབྱོར་པས།། རང་འཐད་པ་ཡི་གནས་ལ་ནི།། དབང་པོ་ཡུལ་ལ་བདག་ཏུ་འཛིན།། བཀྲ་ཤིས་འདྲེ་མེད་ལྷ་གཉེན་པོ།། རང་བསྟོད་ཞེན་པའི་བདུད་ཞུགས་ཏེ།། ་ཏིང་འཛིན་བཏང་ནས་ཉམས་དགའ་བརྩིགས།། བསྲུང་མས་བསྲུངས་ནས་འགྲོ་དབང་མེད།། ཟེར་ཞིང་བདག་བསྟོད་དོན་མི་ལྡན།། དེ་ཕྱིར་འབྲས་བུ་དོན་མེད་པས།། རང་ཉམས་བདེ་བའི་བདུད་དུ ་ལངས།། འཁོར་བའི་མཐར་ལྷུང་ཐར་པ་མེད།། གནས་ཀྱི་བདུད་ཀྱིས་རང་བསླུས་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོན་ཏན་གཡེངས་འདུད་དབྱེ་བ་ནི།། རིག་པ་ལྔ་ལྡན་བཀུར་སྟི་དྲན།། དོན་པོར་གཞན ་དོན་རང་རྒྱུད་གོལ།། ཞེན་ལོག་དོན་དྲན་ཟིལ་གྱིས་གནོན།། བདུད་མེད་ཡེ་ཤེས་སྐུལ་མར་ཤེས།། གཡེང་བ་བདག་གཞན་ཆོས་སྐུར་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་ཆོས་ལ་མོས་ལྡན་པས།། ་ཡོན་ཏན་སྣ་ཚོགས་ཤེས་པའི་མི།། རིག་པ་རྣམ་ལྔ་ལྡན་པས་ཀྱང་།། ཆེད་དུ་བྱས་པས་གཞན་དོན་བྱེད།། གཡེང་བའི་བདུད་ནི་ཁོང་དུ་ཞུགས།། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང་།། ཆོས་འཆད་སྨན་དང་བཟོ ་རྣམས་བྱེད།། འདོད་པའི་རྫས་ལ་ཞེན་པ་སྐྱེས།། བྱ་བའི་ལས་ཀུན་ཆེད་དུ་བྱས།། གཡེང་བས་རང་སེམས་བདུད་དུ་ལངས།། དོན་དང་བྲལ་བས་རང་བསླུས་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་ངན ་སེམས་འཁྲུག་བདུད་བྱུང་ན།། བལྟ་དམན་འཁོར་ངན་སེམས་གདུང་དྲགས།། འགྲན་སེམས་ཆོག་ཤེས་མེད་པར་གནས།། དད་ལོག་སྒྲོ་སྐུར་ཞེ་སྡང་སྐྱེས།། གདུང་སེམས་བསྐྱུངས་པས་འབྲེལ་པ་བཅད།། བདུད་ཉིད ་ཆོས་སྐུར་ཤེས་པ་ལས།། སྤངས་ཤིང་དོར་དུ་རྡུལ་ཙམ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཟོས་ཆུང་རྣལ་འབྱོར་ཞེན་པ་ཅན།། འཁོར་ངན་གཉེན་ལ་གདུང་དྲགས་པས།། གཟུང་འཛིན་ཞེན་པས་རང་རྒྱུད ་བྱེད།། ཕག་ཏུ་བསགས་ནས་ནོར་རྣམས་སྟེར།། དེ་ཚེ་སེམས་འཁྲུལ་བདུད་ཞུགས་ཏེ།། གསང་ཞིང་ཉེ་འཁོར་རྣམས་ལ་བྱིན།། འཁོར་ངན་གཅིག་ལ་གཅིག་འགྲན་ནས།། ཆོག་ཤེས་མེད་པར་རྟག་ཏུ་འདོད།། དེ་ཚེ ་ཡོན་ཏན་དད་པ་ལྡོག། སྒྲོ་སྐུར་འདེབས་པས་ཞེ་སྡང་སྐྱེས།། དྲིན་དུ་མི་བཟོ་འཕྱར་ཀ་གཏོང་།། འཁོར་ངན་བདུད་ཀྱིས་རང་བསླུས་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྤྱོད་པའི་བདུད་ནི་དེ་དག་ཀྱང་།། འཇིག ་རྟེན་ཆོས་བརྒྱད་ཞེན་ལས་འབྱུང་།། དེ་ཕྱིར་གཡེང་བ་དོན་དུ་གཉེར།། འཁོར་བ་དང་བླངས་རང་བསླུས་ལྟུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད ་པའི་བདུད་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།། །། ད་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་མཁའ་འགྲོའི་ལུང་བསྟན་བདུད།། ཉམས་སུ་མྱོང་བ་ཞེན་པའི་བདུད།། ཞེན་འདོད་ཚུལ་འཆོས་བདུད་དང ་ནི།། བརྐམ་ཆགས་བདེ་བ་བོག་འདོན་བདུད།། གདེང་མེད་སྐུར་འདེབས་ཞེ་སྡང་བདུད།། ང་རྒྱལ་སྒྲོ་འདོགས་བདུད་རྣམས་འབྱུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁའ་འགྲོའི་ལུང་བསྟན་བདུད་བྱུང་ཚེ།། ་ཁྱོད་ནི་མ་འདུག་ཕན་གདགས་ཟེར།། འདོད་པ་སྙིང་ཞུགས་ཞེན་པ་ཚོལ།། མི་འགྲུབ་དཀའ་བ་སྣ་ཚོགས་བྱེད།། ཞེན་པ་ཉིད་ན་འདོད་པ་སྟོངས།། ལུང་སྟོན་བསླུ་བ་རྫུན་དུ་ཤེས།། གཞི་ལ་ངེས་མེད་རེ ་དོགས་བྲལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། མཁའ་འགྲོའི་ལུས་སུ་མངོན་འབྱུང་སྟེ།། ཕུག་ཏུ་མ་འདུག་འགྲོ་དོན་གྱིས།། གཞན་དོན་བྱས་པའི་ཡོན་ཏན་བརྗོད།། དེ་ཚེ ་མཁའ་འགྲོ་བདུད་ཞུགས་སྟེ།། ཏིང་འཛིན་བཏང་ནས་གཞན་དོན་བརྩམ།། གཡེང་བའི་ལས་སྤྱོད་ང་རྒྱལ་ཅན།། ཆོས་སུ་མིང་བཏགས་ཅི་ཡང་བྱེད།། དེ་ཕྱིར་ལུང་སྟོན་བདུད་མ་ཤེས།། རྫུན་ལ་བདེན་འཛིན་རྨོངས ་པའི་མི།། རང་གིས་རང་བསླུས་སྙིང་རེ་རྗེ།། དོན་བྲལ་ཕྱིར་ན་བདུད་བསླུས་ལྟུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་མྱོང་ཞེན་པའི་བདུད་བྱུང་ཚེ།། མི་རྟོག་ཞེན་པའི་བདེ་བ་འབྱུང་།། འཕེལ་འགྲིབ་ཡོད ་པས་མ་ངེས་པ།། ངོས་མ་ཟིན་པས་ལུང་མ་བསྟན།། ལྷག་མཐོང་དྲན་པའི་གདེང་དང་ལྡན།། དོན་ལ་འགྱུར་མེད་ནམ་མཁའ་བཞིན།། དེ་ལྟར་ལྷག་མེད་སྒྲིབ་གཉིས་དག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ ་འབྱོར་དད་ལྡན་བསྒོམ་པར་བྱ།། གང་ལ་རྣམ་པར་མི་རྟོག་པའི།། ཟབ་ཅིང་ཆ་ཕྲ་ཉམས་མྱོང་ཡང་།། ལྟ་བའི་དོན་ཆེན་མ་ཟིན་པས།། གཞི་གནས་ཞེན་པའི་བདུད་ཞུགས་པས།། བསམ་གཏན་རོ་ལ་ཞེན་ཆགས་ཕྱིར།། ་བག་ལ་ཉལ་གྱི་མ་རིག་པས།། རྐྱེན་མི་ཐུབ་ཕྱིར་འཕེལ་འགྲིབ་མེད།། ཀུན་གཞི་ལུང་མ་བསྟན་ཡིན་ཕྱིར།། རང་གི་ཆོས་སྐུ་ངོ་མ་ཤེས།། དེ་ཕྱིར་བཏང་སྙོམས་རྙོག་པ་ཅན།། ལྟ་མེད་ཞེན་པས་བདུད་བསླུས་ལྟུང་།། ད ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞེན་འདོད་ཚུལ་འཆོས་བདུད་བྱུང་ཚེ།། གདམས་ངག་མེད་པར་བསྒོམ་ཚུལ་སྟོན།། དད་ཅན་གླེན་པ་ཐབས་ཀྱིས་བསླུས།། ཆགས་ཆུང་ཚུལ་འཆོས་ཆོས་པར་འཆོས།། གཞི་ཉིད་མ ་བཅོས་དྲན་པ་གཅེས།། ཞེ་འདོད་མེད་ན་ཚུལ་འཆོས་བྲལ།། འདོད་མེད་གདེང་ལྡན་འབྲས་བུའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་མེད་བསྒོམ་པའི་གང་ཟག་ཀུན།། ངེས་པའི་གདམས་ངག་མེད་པར ་ནི།། གདེང་མེད་ཚུལ་འཆོས་གཡོན་ཅན་དེ།། གཡོ་སྒྱུ་ཅན་ལ་འཕགས་ལམ་རིང་།། ཁ་གསགས་དོན་འཁྲིའི་བདུད་ཞུགས་ཏེ།། དད་ལྡན་གླེན་པ་དང་བཟང་ལ།། ཚུལ་འཆོས་བྱེད་ཅིང་ཆོས་པར་འཆོས།། མན་ངག ་མེད་པར་གསང་བར་སྐད།། བསྟན་རྒྱུ་ཡོད་ཀྱིས་ཕྱི་ནས་བྱ།། ཟེར་ཞིང་ཟས་ནོར་སྲེད་པ་ཆེ།། རང་གིས་རང་བསླུ་སྙིང་རེ་རྗེ།། ཕྱི་མ་ཡི་དགས་ལྟོ་འཕྱེར་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བརྐམ་ཆགས་བདེ ་བའི་བདུད་བྱུང་ཚེ།། འདོད་ཆགས་དབང་ལ་བྱང་ཆུབ་རེ།། རང་གི་ཞེན་པ་འདོད་ཆགས་སྲེད།། དོན་དུ་མི་ཤེས་བྱང་མི་ཆུབ།། རང་རིག་དོན་ལྡན་དབང་མི་དགོས།། འདོད་སྤྱད་རྐྱེན་ཐུབ་ཆོས་སྐུར་ཤེས།། བོག་མེད ་ཡེ་ཤེས་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྷ་མེད་ཐབས་ཀྱི་བདེ་བ་ལ།། ཞེན་པའི་རྣལ་འབྱོར་པ་ཡིས་ནི།། དབང་གསུམ་པ་ཡི་བདེ་བ་ལ།། དགའ་བ་བཞི་རུ་མིང་བཏགས་ཏེ།། ་འདོད་ཆགས་སྲེད་པའི་བདུད་ཞུགས་ནས།། བྱི་ཤུགས་ཕོ་མོ་ཀུན་འདུས་ནས།། ཐབས་ཀྱི་བདེ་བ་སྣ་ཚོགས་བྱེད།། ཞེན་པའི་ཆོས་ལ་དམ་པར་བལྟ།། ཐབས་ལམ་འདོད་ཆགས་མེ་ལྟར་སྐྱེ།། ཆགས་སྤྱོད་ཏིང་འཛིན ་འཕེལ་སྙམ་ནས།། དེ་ཕྱིར་དབང་རྟེན་དགོས་ཟེར་བ།། འདོད་ཆགས་བདུད་ཀྱིས་རང་བསླུས་ལྟུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་པའི་ལུང་མེད་རྣལ་འབྱོར་པས།། ཡོན་ཏན་བརྗོད་པ་སྙིང་ལ་གནས།། ་ཐོས་བསམ་མ་བྱས་ང་རྒྱལ་གྱིས།། མཉམ་དུ་རེ་ནས་འགྲན་དོན་ཕྱིར།། སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ།། རང་ཉམས་ངན་པས་གཞན་དག་གིས།། གདམས་ངག་ཅན་ལ་སྐུར་པ་འདེབས།། དེ་ཕྱིར་རང་ཕུང་དམ ་ཚིག་ཉམས།། དོན་དང་ལྡན་ལ་གནོད་མི་ཚུག། དེ་ཕྱིར་དམ་ཉམས་ཞེ་སྡང་ཅན།། མི་སྡུག་ལས་ཀྱིས་མནར་ནས་ནི།། ཕྱི་མར་དམྱལ་བ་ཆེན་པོར་ལྟུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ང་རྒྱལ་སྒྲོ་འདོགས་བདུད ་བྱུང་ཚེ།། གང་ཟག་སྨད་ཕྱིར་ཆོས་ལ་སྨོད།། ཆེས་ཆུང་བྱེད་ཅིང་བཀའ་རྐུན་བྱེད།། བསོད་ནམས་ཆེ་ཆུང་དམྱལ་བར་ལྟུང་།། མན་ངག་གསང་ཐུབ་ཟིལ་གྱིས་གནོན།། ཡིད་ཆེས་རང་རིག་དོན་གྱིས་ཟིན།། ད་ལྟ་ཉིད་དུ ་བདེན་པ་ཐོབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་མི་ལྡན་རྣལ་འབྱོར་པས།། ཡང་དག་ངེས་པའི་བཀའ་འདི་ལ།། གང་ཟག་སྨོད་ཕྱིར་སྒྲོ་བཏགས་ཏེ།། མི་ཚིག་བསླད་ཟེར་འཕྱར་ཀ་བཏང་།། ང་རྒྱལ་བདུད ་ནི་ཁོང་ཞུགས་ཏེ།། བཀའ་རྐུན་དྷརྨ་འོག་བྲུས་བྱེད།། སློབ་དཔོན་མ་བསྟེན་ཆོས་ཤེས་འདོད།། ཆེ་ཆུང་བྱེད་ཅིང་ཐབས་ཀྱིས་འཚོལ།། ངེས་དོན་རྒྱུད་པའི་བླ་མ་ལས།། ཤིན་ཏུ་འགལ་ཕྱིར་དམ་ཚིག་ཉམས།། ་བྱིན་རླབས་མི་འབྱུང་བསོད་ནམས་ཆུང་།། ཕྱི་མར་དམྱལ་བར་ཤིན་ཏུ་ལྟུང་།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་ཀྱང་།། སོ་སོར་སྣང་བ་མ་ཡིན་ཏེ།། ལྷ་ཡི་བུའི་བདུད་གཅིག་པུ་ཡིན།། ་དེ་ཕྱིར་ལྷ་མེད་རྣམས་ཀྱི་བདུད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།། སྡོམ་དུ་བསྡུས་ཏེ་བསྟན ་པ་བཅུ་དྲུག་པའོ།། །། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྷ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་ཇི་ལྟར་མནན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ ་པ།། ཆོས་རྣམས་ཕྱི་ནང་རང་བྱུང་སྐུ།། བདུད་ཉིད་རྟོགས་པ་ཆོས་ཉིད་རང་།། དེ་ཕྱིར་ལུང་ལྡན་བསྟེན་ཞུས་དང་།། རང་སེམས་རྟོགས་ན་བདུད་མེད་དོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ནོར་དོན་ལ་བསྒོམ་པའི ་ཚེ།། སྣང་བ་འོད་ཀྱི་བདུད་བྱུང་ན།། ཆོས་སྐུ་ཁ་དོག་བྲལ་བའི་ཕྱིར།། གསལ་ལ་མི་རྟོག་ཟིལ་གྱིས་མནན།། གྲག་པ་སྒྲ་ཡི་བདུད་བྱུང་ན།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར།། རྗེས་སུ་འབྲངས་མེད་རང ་བཞིན་དུ།། ལྟ་བའི་རིག་པས་ཟིལ་གྱིས་མནན།། འཇིགས་པ་བདུད་ཀྱི་གཟུགས་བྱུང་ན།། གཞི་ལས་སྣང་བ་མེད་པའི་ཕྱིར།། དངོས་མེད་རྟོགས་པའི་ཤེས་པ་ཡིས།། གཟུགས་ཅན་མཚན་མ་ཟིལ་གྱིས་མནན།། སླུ་བ ་རྫུན་གྱི་བདུད་བྱུང་ན།། ཆོས་ཉིད་ཚིག་ལས་འདས་པས་ན།། བདེན་པར་འཛིན་པའི་སྐྱོན་དང་བྲལ།། བརྫུན་ལ་བདེན་མེད་ཟིལ་གྱིས་མནན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱིང་བ་གསལ་བའི་བདུད་བྱུང་ན།། ་གཉིད་གསུམ་བསྲེས་པའི་གདམས་ངག་གིས།། གཏི་མུག་ཆོས་སྐུར་རང་བརླག་པའི།། ཡེ་ཤེས་ལྟ་བས་ཟིལ་གྱིས་མནན།། རྨུགས་པ་བདེ་བའི་བདུད་བྱུང་ན།། འཕེལ་འགྲིབ་མེད་པའི་དོན་ཤེས་ཕྱིར།། རང་བྱུང་རིག ་པའི་བལྟ་བ་ལ།། མཉམ་ཉིད་དྲན་པས་ཟིལ་གྱིས་མནན།། རྒོད་པ་མི་རྟོག་བདུད་བྱུང་ན།། སྣང་བ་བག་ཆགས་བརྟས་པ་ལ།། རང་རིག་བག་ཆགས་མེད་པའི་ཕྱིར།། སྤང་སྡུད་ཞེན་མེད་ཟིལ་གྱིས་མནན།། འཕྲོ་བ་མི ་གཡོའི་བདུད་བྱུང་ན།། ཡེ་ནས་མི་འགྱུར་རང་བྱུང་ལ།། གོམས་པའི་དབང་གིས་ཏིང་འཛིན་གསལ།། མི་བརྗེད་གཟུངས་ཀྱི་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་སྒོམ་བདུད་ནི་དེ་དག་ཀྱང་།། ་རང་བྱུང་ཆོས་སྐུའི་དོན་རྟོགས་པས།། རང་བྱུང་ཟིལ་གནོན་རང་བརླག་པས།། འབྲས་བུ་ཡེ་ཤེས་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་ལྷ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་དོན་བཞི་པའོ།། །། ད་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འཛི་གཡེང་བའི་བདུད་བྱུང་ན།། ཏིང་འཛིན་དགྲ་རུ་ཤེས་པའི་སེམས།། འདོད་ཆུང་ཆོག་ཤེས་ཟིལ ་གྱིས་མནན།། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་ཆགས་པ་ཡི།། ལྟ་བ་རང་རིག་ཡུལ་མེད་ཕྱིར།། ཞེན་པ་མེད་པས་ཟིལ་གྱིས་མནན།། ཡོན་ཏན་གཡེངས་པའི་བདུད་བྱུང་ན།། བདག་དོན་མ་གྲུབ ་བར་དུ་ཡང་།། མི་དབང་མི་བཏང་དོན་དྲན་པས།། གཞན་དོན་མི་བྱ་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུག་བདུད་བྱུང་ན།། མཐའ་ཐུག་འབྲེལ་པ་མེད་པའི་ཕྱིར།། གནས་སྐབས་འབྲེལ་བ་ཏིང་འཛིན་དགྲ།། ་གདུང་སེམས་བསྐྱུངས་ལ་ཟིལ་གྱིས་མནན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁའ་འགྲོའི་ལུང་བསྟན་བདུད་བྱུང་ན།། རང་རིག་མི་འགྱུར་རྟོགས་པ་ལ།། གཞན་དུ་ལུང་བསྟན་བསླུ་བར་ཤེས།། རེ་དོགས་མེད་པ ་ཟིལ་གྱིས་མནན།། ཉམས་མྱོང་ཞེན་པའི་བདུད་བྱུང་ན།། སྔ་ཕྱི་མེད་པའི་ཆོས་སྐུ་ནི།། ཏིང་འཛིན་རྐྱེན་གྱིས་མི་འགྱུར་ཕྱིར།། ཞེན་མེད་ལྟ་བས་ཟིལ་གྱིས་མནན།། ཞེ་འདོད་ཚུལ་འཆོས་བདུད་བྱུང་ན།། གང་ཡང ་མ་བཅོས་དོན་དྲན་པས།། རང་བྱུང་ཆོས་སྐུ་དོན་དྲན་པའི།། རྟོགས་པ་དྲང་པོའི་ཟིལ་གྱིས་མནན།། བདེ་བ་དགོས་འདོད་བདུད་བྱུང་ན།། རང་བྱུང་ཡེ་ཤེས་རྟེན་མེད་ཕྱིར།། དབང་ལ་མི་ལྟོས་འཕེལ ་འགྲིབ་མེད།། རྒྱུ་རྐྱེན་འབྱུང་འདོད་ཟིལ་གྱིས་མནན།། གདེང་མེད་སྐུར་འདེབས་བདུད་བྱུང་ན།། ཆོས་སྐུ་སྒྲོ་སྐུར་བྲལ་བའི་ཕྱིར།། ལུང་ལྡན་ཅན་ལ་གནོད་མི་ཚུགས།། ལྟ་སྤྱོད་ལམ་གྱི་ཟིལ་གྱིས་མནན།། ང་རྒྱལ་སྒྲོ ་འདོགས་བདུད་བྱུང་ན།། རང་བྱུང་དོན་ནི་སྐྱོན་བྲལ་བས།། དེ་དོན་ངེས་པའི་གདམས་ངག་གིས།། སྣོད་ངན་གསང་ལ་ཟིལ་གྱིས་གནོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཟིལ་གྱིས་གནོན་ཐབས་དེ་དག་ཀྱང་།། ་སྤང་ལེན་དགག་བསྒྲུབ་མེད་པར་འདུས།། དེ་ཕྱིར་དོན་འདུས་དམ་པའི་ལམ།། དེར་གནས་སངས་རྒྱས་དགོངས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། སྤྱོད་པ་ཉམས་ཀྱི་བདུད་ཟིལ་གྱིས་གནོན་པ་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དད་ལྡན་འདུས་པའི་དོན་ཆེད་དུ།། ་ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། སེམས་ཅན་སེམས་ཀྱི་སྙིང་པོ་དང་།། སངས་རྒྱས་དགོངས་པའི་སྙིང་པོ་དང་།། འཁོར་འདས་གཞི་ཡི་སྙིང་པོ་དང་།། འབྱུང་བའི་གནས་པའི ་སྙིང་པོ་དང་།། ཆོས་ཀྱི་སྙིང་པོ་ངེས་དོན་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྙིང་པོ་རྣམ་ལྔ་ངས་བཤད་ཀྱིས།། ལེགས་པར ་ཉོན་ལ་ཡིད་ལ་ཟུང་།། སེམས་ཀྱི་སྙིང་པོ་རིག་པ་ཡིན།། སངས་རྒྱས་སྙིང་པོ་ཡེ་ཤེས་ཡིན།། འཁོར་འདས་སྙིང་པོ་ངོ་བོ་ཡིན།། འབྱུང་བའི་སྙིང་པོ་ཉི་ཟླ་ཡིན།། ཆོས་ཀྱི་སྙིང་པོ་རྫོགས་ཆེན་ཡིན།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། མ་རིག་གཏི་མུག་ལས་བྱུང་བའི།། ཀུན་གཞི་ཚོགས་བརྒྱད་འཁྲུལ་པའི་སེམས།། ཚོར་བ་བདེ་སྡུག་སྣ་ཚོགས་པ།། བག་ཆགས་བརྟས་པས་སེམས་ཞེས་བྱ།། ཉིད་ལས་ཉིད་འཁྲུལ་འཁོར་བའི་ཆོས།། ཕྱི། ་ནང་སྣོད་བཅུད་བཟང་ངན་ཆོས།། ཅི་འཕྲད་ཅི་མཐོང་ཅི་བསྟན་པ།། འཁྲུལ་པ་ཡིན་པར་ཐེ་ཚོམ་མེད།། དེ་ཕྱིར་སེམས་ནི་ཡང་དག་མིན།། དཔེར་ན་རྨི་ལམ་བདེ་སྡུག་ནི།། སད་པ་ཙམ་གྱིས་འཁྲུལ་པ་ཡི།། རྨི་ལམ ་བཟང་ངན་དམ་པར་འཛིན།། དེ་བཞིན་རང་བཞིན་སྣ་ཚོགས་པ།། རྨོངས་པ་རྣམས་ནི་དམ་པར་བལྟ།། མེད་པའི་ཡུལ་ལ་དངོས་པོར་ཞེ་ན།། དེ་ཕྱིར་སེམས་ནི་སྒྱུ་མ་འདྲ།། སྒྱུ་མ་དེ་ལ་དངོས་གཞི་མེད།། མེད་ལ་ཡོད ་འཛིན་འཁོར་བའི་གཞི།། དེ་ཕྱིར་སེམས་ནི་ཡང་དག་མིན།། སེམས་སུ་བྱས་པ་ཐམས་ཅད་གོལ།། གང་ཡང་རུང་བ་ཅི་ལ་ཡང་།། འཛིན་ཅིང་ཞེན་ཕྱིར་སེམས་འདིས་ཕུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚན ་ཉིད་སེམས་ཀྱི་རིག་པ་འདི།། ཉན་ཐོས་རིག་པ་སྐད་ཅིག་དེ།། ལམ་སྲང་མི་རེངས་རྒྱུ་བ་བཞིན།། རིག་པ་པོ་རེངས་རང་རེ་འདོད།། འབྲེལ་པ་མེད་ཕྱིར་དོན་ལ་གོལ།། ཕྱི་ཡི་སེམས་ཙམ་རིག་པ་དེ།། རྒྱ ་བོ་རང་གཞུང་དང་འདྲ་སྟེ།། རིག་པ་ང་རྒྱལ་འགྲོ་འོང་ཅན།། དེ་ཕྱིར་འབྲས་མེད་དོན་ལས་གོལ།། སྣང་བའི་ཡུལ་འདི་རིག་པ་ཡིས།། གཞིག་ན་རིགས་པས་མ་གྲུབ་པ།། དབུ་མའི་དོན་དང་འགལ་བ་སྟེ།། གཞི ་ལ་སྐུར་བཏབ་གྲོལ་བའོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསང་སྔགས་ཕྱི་ནང་རིག་པ་དེ།། རང་སེམས་དབྱེར་མེད་སྣང་སྟོང་ལ།། འདྲ་སྣང་ངང་དུ་ཤེས་པར་བྱ།། ཀུན་བརྟགས་ཡིན་ཕྱིར་ངེས་དོན་མིན།། ད ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་ཏི་རྫོགས་ཆེན་རིག་པ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། ཆོས་སྐུ་རིག་པ་རང་གསལ་དེ།། འགྲོ་འོད་མེད་ཕྱིར་དུས་གསུམ་དུ།། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། ཡང་དག ་ཡོད་ཕྱིར་ཤེས་ཤིང་རིག། སྐྱེ་འགག་མེད་ཕྱིར་རྒྱུན་དུ་གནས།། དཔེར་ན་མིག་དང་འབྲས་བུ་བཞིན།། སང་དེ་རིག་གེ་བརྟག་པ་དཀའ།། དེ་དོན་ཡེ་ཡོད་བལྟ་མི་ཤེས།། དེ་ཕྱིར་དྲན་མེད་རིག་པས་གསུངས།། སེམས ་ཀྱི་མུན་སེལ་རིག་པ་དེ།། སྤྲིན་གསེབ་ཉི་མའི་སྙིང་པོ་འདྲ།། དེ་དོན་རིག་པ་ངོས་བཟུང་བསྒོམས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་སེམས་ཀྱི་སྙིང་པོ་ངོས་བཟུང་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། སངས་རྒྱས་སྙིང་པོས་བཀའ་སྩལ་པ།། སངས་རྒྱས་བྱ་བའི་དོན་བསྟན་ན།། རང་བཞིན་ལྷུན ་གྲུབ་ཇི་བཞིན་པ།། སེམས་ཅན་ཀུན་ལ་ཡེ་ནས་ཡོད།། ཡོད་ཀྱང་མ་ཤེས་སེམས་ཅན་ལ།། ལུང་ལྡན་མེད་ཕྱིར་མ་རྟོགས་འཁོར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་མངོན་འགྱུར་སངས་རྒྱས་ཡིན།། མ་རིག ་སངས་རྒྱས་ཆོས་ཀྱི་སྐུ།། དེ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ།། རང་ལ་ཡེ་ནས་ངོ་བོ་དེ།། ལུང་ལྡན་རྐྱེན་གྱིས་དོན་རྟོགས་པས།། དྲན་མེད་ཚོར་བ་ཡེ་ཤེས་ཡིན།། ཡིད་ཀྱིས་མ་ནོར་རང་གསལ་བ།། ངོས་བཟུང་མེད་པར ་ཡིད་ཆེས་པས།། ཡེ་ཤེས་ཞེས་ནི་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སྙིང་པོ་ཡེ་ཤེས་ནི།། ཡེ་ནས་གནས་པའི་ཆོས་ཉིད་དེ།། རིག་པས་ཤེས་པས་ཡེ་ཤེས་ཡིན།། ཀུན་བཟང་ང་ཡིས་བཤད་པ ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་རིག་པའི་ཡེ་ཤེས་དེ།། འདུ་འབྲལ་མེད་པར་བྱེད་པའི་གཟུགས།། དང་པོར་རྒྱུད་དང་ལུང་ལས་བྱུང་།། བར་དུ་སེམས་རྟོགས་རྣལ་འབྱོར་ཀུན།། ཐ་མ་སངས་རྒྱས ་ཉིད་དུ་འགྲོ།། དེ་ཕྱིར་ལུང་ལྡན་ཡེ་ཤེས་རྐྱེན།། ཡེ་ནས་ཡོད་ཀྱང་ངོ་སྤྲོད་པས།། རང་བྱུང་ཡེ་ཤེས་དམ་པ་ཡིན།། དེ་ཕྱིར་རང་བྱུང་ལྷུན་གྲུབ་ནི།། སྙིང་པོ་ཡེ་ཤེས་ཡིན་པར་གསུངས།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་སྙིང་པོ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་དོན་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན ་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་བ་མ་རིག་ལས་སྐྱེས་པའི།། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཏེ།། མྱང་འདས་ལམ་གྱི་འབད་རྩོལ་གྱིས།། སྡུག་བསྔལ་མེད་པར་བདེ་བ་འདོད།། མ་རིག་ཡོད་ཕྱིར་ངེས་དོན་མེད།། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་འདས་སྙིང་པོ་ངེས་པ་ནི།། ངེས་འབྱུང་རྒྱུ་མེད་འབྲས་བུ་ནི།། ཡང་དག་སྙིང་པོ་ཡེ་ཤེས་ཏེ།། ཀུན་ཁྱབ་མི་འགྱུར་རིག་པའི་སྐུ།། དཔེར་ན་ནོར་བུ་རིན་ཆེན་བཞིན།། ཡེ་ནས ་གནས་པའི་རིག་པའི་དོན།། འཕེལ་འགྲིབ་མེད་པར་རྒྱུན་དུ་ཡོད།། དེ་ལ་ཅིས་ཀྱང་བསྐྱོད་མི་ནུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དུས་དང་རྣམ་པ་ཐམས་ཅད་དུ།། འཕོ་འགྱུར་མེད་པར་ཐམས་ཅད་སྐྱེ།། དེ་ཉིད ་རང་བྱུང་ཡེ་ཤེས་དོན།། དེ་ཕྱིར་ཀུན་གྱི་གཞིར་ནི་གསུངས།། རང་བྱུང་སྙིང་པོ་དེ་ཉིད་ནི། ཆོས་རྣམས་ཀྱི་ནི་རྩ་བ་སྟེ།། དེ་དོན་མ་གཏོགས་སངས་རྒྱས་མེད།། དེ་ཉིད་མ་འཁྲུལ་སེམས་ཅན་མེད།། བག་ཆགས་མ ་བརྟགས་འབྱུང་བ་མེད།། གང་ཡང་མེད་པའི་སྔོན་རོལ་དུ།། རང་བྱུང་རིག་པའི་རྒྱལ་པོ་དེ།། འདུས་མ་བྱས་ཀྱི་ཀློང་དཀྱིལ་ན།། རང་བྱུང་རང་གསལ་འོད་པོ་ཆེ།། དེ་ཉིད་རྟོགས་པས་ཀུན་ཏུ་བཟང་།། དེ་ཕྱིར་ཀུན་གྱི ་ཡང་མེས་པོ།། འཁོར་འདས་མེད་པའི་དོན་འདི་ཡོད།། དེ་ཕྱིར་རང་བྱུང་ངོ་བོ་ཉིད།། འཁོར་འདས་ཀུན་གྱི་སྙིང་པོར་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། འཁོར་འདས་ཀྱི་སྙིང་པོ་ངོས་བཟུང་བར་བསྟན་པའི་ལེའུ་སྟེ་དོན་བརྒྱད་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། འབྱུང་བའི་སྙིང་པོ་བཀའ་སྩལ་པ།། ས་ཡི་སྙིང་པོ་གསེར་ཡིན་ཏེ།། ས་ཞེས་མིང ་དུ་བཏགས་པ་ནི།། བཟུང་བ་བརྟས་པས་སྲ་ཞིང་བརྟན།། དེ་ལ་རྩི་ཐོག་ཐམས་ཅད་སྐྱེ།། སྙིང་པོར་གསེར་འོང་འདོད་དགུ་འབྱུང་།། འབྱུང་ཡང་རང་བྱུང་ཆོས་སྐུ་མིན།། དེ་ཕྱིར་མཚོན་པའི་དཔེ་ཟབ་ཀྱང་།། ངེས་དོན ་སྙིང་པོ་མ་ཡིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་ཡི་སྙིང་པོ་ག་པུར་ཤེལ།། ཆུ་ཤེལ་མིང་དུ་བཏགས་པ་ཡང་།། འཛིན་པ་བརྟས་པས་གཤེར་བ་སྡུད།། དེ་བཞིན་ཐམས་ཅད་དག་པར་བྱེད།། ག་པུར་ཤེལ ་ཚྭཚ་སྨན་བཞིན་དུ།། གང་ལ་ཕན་པའི་སྨན་ཡིན་ཏེ།། མཚོན་པའི་དཔེ་ནི་དེ་ཟབ་ཀྱང་།། ངེས་དོན་འབྲས་བུ་ཆུ་ལ་མེད།། རླུང་གི་སྙིང་པོ་དངས་སྙིགས་འབྱེད།། རླུང་ཞེས་མིང་དུ་བཏགས་པ་ཡང་།། ཞེན་པའི་བག ་ཆགས་བརྟས་པ་ལས།། ཡང་ཞིང་འདེགས་པའི་སྟོབས་ལྡན་དེ།། མཚོན་པའི་དཔེ་རུ་ཟབ་གྱུར་ཀྱང་།། རླུང་ནི་རྐྱེན་ལས་འབྱུང་བ་སྟེ།། གཡོ་བསྐྱོད་སྐྱེ་འགག་བྱེད་པའི་ཕྱིར།། འབྱུང་བ་རླུང་ལ་བྱང་ཆུབ་མེ་དང་ཟིལ།། ་མེ་ཞེས་མིང་དུ་བཏགས་པ་ཡང་།། ཀུན་སློང་ཞེ་སྡང་བརྟས་པ་ཡིན།། རྡོ་སྟག་འཕྲོས་པས་དུས་ཀྱི་མེས།། འཇིག་རྟེན་མ་ལུས་ཀུན་བསྲེགས་ཀྱང་།། དཔེ་རུ་ཟབ་ཀྱང་དོན་དུ་མེད།། ཐབས་སྲིད་ཕྱིར་ནི ་འདུས་བྱས་ཏེ།། ངེས་དོན་སྙིང་པོ་མེ་ལ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་ཞེས་ནི་བཏགས་པ་ཡང་།། ནམ་མཁའི་སྙིང་པོ་ཉི་ཟླ་ཡིན།། ནམ་མཁའ་ཞེས་ནི་བཏགས་པ་ཡང་།། རྒྱ་དང་རིས་སུ་མ ་ཆད་པར།། དངོས་མེད་ཀུན་ཁྱབ་མཐའ་དབུས་མེད།། འབྱུང་བཞིའི་སྣོད་དུ་དེ་ཟབ་ཀྱང་།། དཔེ་རུ་ཟབ་ཀྱང་དོན་དུ་མེད།། ཉི་ཟླ་འཆར་ནུབ་རྐྱེན་གྱིས་གོས།། དེ་ཕྱིར་རྐྱེན་ལས་བྱུང་བའི་ཕྱིར།། ནམ་མཁའ་རིས་མེད ་ཆོས་སྐུ་མིན།། སྙིང་པོ་ལྔ་ཡང་རྟོགས་པའི་ཐབས།། དེ་ཡོད་དགོངས་པའི་ངེས་དོན་འདི།། ཚིག་མེད་གོལ་ས་ཤུགས་ལས་ཆོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། འབྱུང་བའི་སྙིང་པོ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་དོན་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཆོས་ཀྱི་སྙིང་པོ་བཀའ་སྩལ་པ།། ཉན་ཐོས་རང་རྒྱལ་མདོ་སྡེ་དང་།། ཀྲི་ཡ་ཡོ་ག་ཨུ ་པ་རྣམས།། དྲང་དོན་བསླུ་བྲིད་ཆོས་ཡིན་ཕྱིར།། ཐེག་བརྒྱད་ཟབས་ནི་ཆེ་ཡང་ནི།། ངེས་དོན་ཆོས་ཀྱི་སྙིང་པོ་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཀྱི་སྙིང་པོ་རྫོགས་ཆེན་ནི།། རྒྱུ་རྐྱེན་མ་བསྐྱེད་འདུས་བྱས ་མིན།། དེ་ཕྱིར་རང་བྱུང་སྙིང་པོ་འདི།། སུས་ཀྱང་མ་བྱས་མཛད་བཅོས་མིན།། རང་བྱུང་རིག་པའི་རྒྱལ་པོ་ཡིན།། དེ་ཕྱིར་འདུས་མ་བྱས་པའི་ཐུགས།། དེ་ལ་གཉེན་པོས་མི་ཤིགས་ཕྱིར།། བཞག་ཅིང་བླང་བར་ནུས་པ ་མེད།། དེ་དོན་རྟོགས་པའི་རྣལ་འབྱོར་དེ།། མི་ཡིས་ལུས་ལ་སངས་རྒྱས་ཐུགས།། རང་བྱུང་སྒྲ་ལ་ཚངས་པའི་གསུང་།། དེ་མ་ཐག་ཏུ་ཀུན་བཟང་ཉིད།། ཐེག་པ་ཀུན་གྱི་ཡང་སྙིང་ཆོས།། ཡང་དག་རྒྱལ་བའི་དགོངས་པ ་ཡིན།། ངོ་བོ་ཉིད་ཀྱི་སྐུ་མཆོག་ཀྱང་།། དུས་འདིར་ཤེས་པའི་ཆོས་ཀྱི་སྐུ།། དཔེ་ནི་སྡིག་ལས་བྱས་གྱུར་ཀྱང་།། ངེས་པར་མི་འགྱུར་དཔལ་དུ་ཆེ།། ངེས་དོན་རང་བྱུང་རྒྱལ་བའི་བཀའ།། དེ་ལས་ཞེན་པའི་སྙིང་པོ་མེད།། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྙིང་པོ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན་པ་བཅོ ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ལྟ་བའི་རྣམ་གྲངས་གོལ་ས་དུ།། སྣང ་བ་ཆོས་དབྱིངས་གོལ་ས་གང་།། སྒོམ་པའི་གོལ་ས་སྐྱོན་ནི་ཅི།། སྤྱོད་པ་རྩིང་བའི་ཉེས་པ་ཅི།། འབྲས་བུ་གོལ་བའི་ཉེས་པ་ཅི།། དེ་དག་ལྷུང་བའི་གོལ་ས་གང་།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས ་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལྟ་བའི་གོལ་ས་རྣམ་གྲངས་ནི།། གཞི་བསམ་ལྷུན་གྲུབ་ངེས་མེད་དང་།། སེམས་ཡིན་སྤྲོས་མེད་ཐལ་དྲག་བསྒྲུབ།། རྣམ་དག་དགོས་མེད ་གོལ་སར་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་འདས་ཀུན་ཁྱབ་ལྷུན་གྲུབ་དེ།། བདེ་གཤེགས་སྙིང་པོ་ཆོས་སྐུ་སྟེ།། རང་ཆས་ཡོད་ཕྱིར་ཡེ་སངས་རྒྱས།། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི།། བསམ་པ ་ཡིད་སྨོན་ལྷུན་གྲུབ་འདོད།། ས་རྡོ་གསེར་དུ་བསྒྱུར་བ་བཞིན།། གནས་འགྱུར་ལྷར་འདོད་ཀུན་ཏུ་བརྟགས།། སྣང་བ་མ་བཅོས་མ་བསྒྱུར་ཡང་།། མ་ཤེས་མ་ཕན་ཞེན་ཕྱིར་འཁོར།། མཐུན་སྣང་ཡུལ་ལ་ནན་བརྟགས ་ཏེ།། སྣང་བ་ཝ་ལེ་འདུག་པ་ལ།། ཇི་བཞིན་ཆོས་ཉིད་ཡིན་ཟེར་བ།། གཞི་ནི་མ་བྱུང་འདོད་པ་འཁྲུལ།། ངེས་མེད་ལྷུན་གྲུབ་ཡིན་ཟེར་ནས།། གཞི་ནི་ངེས་མེད་ས་མ་ཟིན།། སྣ་ཚོགས་ཕྱིར་ན་ཆོས་ཉིད་མིན།། དེ་ཕྱིར ་རིག་བྱེད་ལྟ་བ་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་ཡང་སེམས་ཡིན་འདོད་པ་དེ།། ཕྱི་ནང་ཆོས་རྣམས་སེམས་སུ་འདུས།། ཡུལ་ལ་ཞེན་ཕྱིར་རང་སེམས་འཁྲུལ།། ཀ་ཏ་རི་པའི་ལྟ་བར་གོལ།། རྒྱུན ་ཆད་སྤྲོས་མེད་འདོད་པ་དེ།། ཤིང་ཟད་མེ་བཞིན་འདོད་པ་དེ།། གཉིས་ཀ་མེད་ཕྱིར་ཆད་པ་སྟེ།། གཉེན་པོ་ཡེ་ཤེས་མེད་པའི་ཕྱིར།། ཆོས་སྐུ་མེད་ཕྱིར་ཤིན་ཏུ་གོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐལ་དྲགས ་གང་ལྟར་འདོད་པ་དེ།། ཆོས་ཅན་ཁ་ཡར་གཅིག་གཅིག་ལ།། དུས་གསུམ་ཚང་ཕྱིར་འདོད་པ་འདོད།། གཅིག་ལ་གཅིག་མེད་གྲངས་ཅན་གོལ།། གྲུབ་པ་པོ་ནི་གྲུབ་ཟིན་འདོད།། སངས་རྒྱས་ཡོན་ཏན་སེམས་ཅན ་སྐྱོན།། རང་ངོར་ལྷུན་གྲུབ་མེད་པའི་ཕྱིར།། ཟ་དད་གཉིས་འཛིན་དོན་ལ་གོལ།། སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ།། ཡེ་ནས་བདེ་བ་ཆེན་པོར་དག། རང་གི་སེམས་ཉིད་ཀློང་ན་གསལ།། དེ་རུ་མ་འདུས་རྡུལ་ཙམ ་མེད།། གོས་པ་མེད་པའི་ལྷུན་གྲུབ་དེ།། རང་སེམས་སྙིང་པོ་མ་རྟོགས་པར།། རྐྱེན་ཙམ་ཐུན་མོངས་མངོན་གྱུར་ཀྱང་།། སྡིག་ཅན་ཚོགས་སུ་མི་འགྱུར་གོལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ལྷུན་གྲུབ་བཅུར ་གསུངས་པ།། ངེས་དོན་ལྷུན་གྲུབ་མེད་པའི་ཕྱིར།། ནན་བརྟགས་བྱེད་ཕྱིར་ལྷ་ལོག་པ།། ལུང་མེད་བློ་བྱས་ཤིན་ཏུ་གོལ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། ལྟ་བའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། སྣང་བ་ཆོས་དབྱིངས་གོལ་ས་ནི།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་བའི་རྒྱུ་ནི་ཞེན་རྟོག་སྟེ།། ་ལུང་ལྡན་གྲུབ་མཐའ་བློས་མ་བསྐུར།། དབང་པོ་ཡུལ་ལ་རྟག་ཏུ་ཡེངས།། ཆོས་བརྒྱད་ཡུལ་ལ་རྟག་པར་ཞེན།། ཆུ་བོ་བཞི་ཡི་མཐའ་ལ་ཚུད།། འཁོར་བར་འཁྱམས་པའི་རྟེན་གཞི་ཡིན།། ཕྲ་རགས་ཡུལ་ནི་གཉེན་པོས ་སྤོངས།། རིས་སུ་འབྱེད་པའི་དབྱེ་བ་སྤང་།། ཡོད་མེད་འཇལ་བའི་རྒྱུ་འབྲས་སྤང་།། བློ་ཡིས་གཞི་ཉིད་འཆོས་པའི་ཕྱིར།། ཉན་ཐོས་རང་རྒྱལ་གོལ་སར་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ་ཆོས་རྣམས་སེམས་སུ་སྡུད་པའི་ཕྱིར།། ཡུལ་སེམས་གཉིས་མེད་འདོད་པ་དང་།། སེམས་ཉིད་རང་སྣང་འདོད་པ་དང་།། ཡུལ་སེམས་སྟོང་པར་འདོད་པ་དང་།། ཅིར་ཡང་ཁས་མི་ལེན་པའི་ཕྱིར།། དབུ་མ་སེམས་ཙམ ་ལྟ་བ་ཡི།། སྡུག་པའི་རྟོག་པ་གོལ་བར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་འབྱུང་བ་རྣམ་ལྔ་ནི།། རྒྱུ་དང་རྐྱེན་ལས་འབྱུང་བའི་ཕྱིར།། གཞན་འབྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཕྱིར་ཆོས་དབྱིངས་གོལ ་སར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྣང་བ་ཆོས་དབྱིངས་ཀྱི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་གཉིས་པའོ།། །། དེ་ནས་འདུས་པའི ་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། བསྒོམ་པའི་གོལ་ས་བཀའ་སྩལ་པ།། གང་ཟག་བདག་མེད་མི་གཡོ་དང་།། ཆོས་ལ་བདག་མེད་མི་གཡོ་དང་།། འཇིག་རྟེན་དགའ་བདེ་མི་གཡོ་དང་།། ཏིང་འཛིན ་ཆོས་སྐུའི་གོལ་སར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་ཟག་བདག་མེད་མི་གཡོ་བ།། ཚོགས་དྲུག་འགགས་ཀྱང་སྐད་ཅིག་མ།། ང་རྒྱལ་ཡིན་ཕྱིར་དོན་མ་རེག། སྒོ་ལྔ་བཀག་པ་དོན་ཡིན་ན།། ཉན་ཐོས ་བསྒོམ་པས་རྫོགས་ཆེན་འགྱུར།། བྱུང་ཚོར་བཀག་པས་དོན་ཡིན་ན།། རང་རྒྱལ་བསྒོམ་པས་རྫོགས་ཆེན་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ལ་བདག་མེད་མི་གཡོ་བ།། རང་བཞིན་མེད་ཕྱིར་ཡིད་ལ ་དྲན།། ཞི་གནས་བསམ་གཏན་དོན་ཡིན་ན།། ལྷག་མཐོང་བཀའ་ལ་དོན་མེད་འགྱུར།། འདུ་ཤེས་བཟུང་བ་དོན་ཡིན་ན།། སྐྱེ་མཆེད་མུ་བཞི་ཅི་ལས་གོལ།། སེམས་ཀྱི་བཞག་ཐབས་བློ་འཇུག་ན།། འབྱུང་འཇུག་ཡོད ་ཕྱིར་ཅི་ལ་རྫོགས།། རྟོགས་དང་མི་རྟོགས་འདྲེས་གྱུར་ན།། འཁོར་འདས་གཉིས་བསྒོམ་ཅི་ལ་རིག། རྟག་ཆད་གཉིས་ལ་མི་རྟོག་པས།། མ་ནོར་དོན་ལ་རེག་གྱུར་ན།། དབུ་མ་རྫོགས་ཆེན་ཅི་ལ་ཡིན།། ད་ཡང་འདུས ་པའི་སྙིང་པོ་ཉོན།། འཇིག་རྟེན་དགའ་བདེ་མི་གཡོ་བ།། འཁོར་འདས་མི་རྟོག་རྒྱུ་མེད་ན།། ས་རྡོ་ཤིང་ཡང་རྟོག་པར་འགྱུར།། རྟོག་དཔྱོད་འདས་པས་དོན་རེག་ན།། བསམ་གཏན་གསུམ་སོགས་ཅི་ལ་གོལ།། སྣང་བ ་འདི་ལ་མི་རྟོག་ཙམ།། དེས་ནི་རྣལ་འབྱོར་དོན་རེག་ན། ཡུལ་འདི་འཁྲུལ་པར་ཅི་ལ་འཇོག། སྟོང་པས་དོན་ལ་རེག་གྱུར་ན།། རྒྱུ་དང་འབྲས་བུ་སྟོང་པའི་ཕྱིར།། ཆད་པ་ཡིན་ཕྱིར་གོལ་སར་བཤད།། དེ་ཡང་རྡོ ་རྗེ་སེམས་དཔའ་ཉོན།། ཕྱོགས་མཐུན་བདུད་དང་འདྲ་བ་ལས།། ཞེན་པ་སྤངས་ཕྱིར་བསྒོམ་པ་མིན།། དེ་ཕྱིར་མཚོ་དབུས་གྲུ་ཞིག་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང ་མཉམ་པའི་རྒྱུད་ལས། བསྒོམ་པའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། སྤྱོད་རྩིང་ཉེས་དམིགས་བཀའ་སྩལ ་པ།། གསང་སྔགས་གསང་བའི་སྒོར་ཞུགས་ནས།། རང་གིས་མ་རྟོགས་གཞན་ལ་འཆད།། མཁས་པ་སྨོད་ཅིང་མཉམ་ལ་འགྲན།། དྲེགས་ཤིང་ང་རྒྱལ་མཁས་འདོད་ནས།། ཚིག་ཙམ་ཆོས་ལ་ཁུངས་ཕྱུང་སྟེ།། རྩལ ་བཤད་ཐེ་ཚོམ་གཞུང་ཉམས་བྱེད།། ཕྱི་མ་དམྱལ་བ་ཆེན་པོར་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྩལ་དང་སྟོབས་ནི་ཡོད་གྱུར་ཀྱང་།། ལུས་ཀྱི་སྤྱོད་པ་མ་བསྲུངས་པས།། ཐོ་ཚོ་སྤྱོད་པའི་ལས་བྱས་ན།། འབྲས ་བུ་སྡུག་བསྔལ་རྐྱེན་དུ་འགྱུར།། ཡིད་ཀྱི་དྲན་པས་མ་བཟུང་བས།། ངག་གི་འཆལ་པ་སྨྲས་གྱུར་པས།། གཞན་གྱིས་ཆོས་ལ་སྒྲོ་སྐུར་འབྱུང་།། ཕྱི་མར་ཚ་བའི་དམྱལ་བར་སྐྱེ།། ལྟ་བའི་དྲན་པས་གཟུང་མེད་པར།། ཡིད ་ཀྱི་སྤྱོད་པ་མ་བསྲུངས་པར།། བདག་ཏུ་རྟོག་པའི་གཟུང་འཛིན་གྱིས།། ཕྱི་མར་མུན་པའི་སྐྱེ་མཆེད་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བཞིན་ལུས་ངག་ཡིད་ཀྱིས་ཀྱང་།། དོན་མ་གོ་བར་སྤྱོད་གཟབ་སྟེ།། བྲན ་མོའི་ཚུལ་དུ་བྱས་གྱུར་ཀྱང་།། ཚུལ་འཆོས་ཡིན་ཕྱིར་དོན་ལས་གོལ།། དེ་ཕྱིར་ངེས་དོན་མ་རྟོགས་ན།། ཅི་སྤྱོད་ནོར་ཕྱིར་སྐྱོན་ཆེ་བས།། མ་རྟོགས་དགེ་སྡིག་གང་སྤྱོད་ཀྱང་།། འཁོར་བའི་མཐར་ནི་ལྟུང་བར་ངེས།། ད ་ཡང་འདུས་པའི་སྙིང་པོ་ཉོན།། བྱ་བ་མ་ལུས་ཐམས་ཅད་ནི།། གང་བྱས་རེ་དོགས་ཡོད་པའི་ཕྱིར།། ཅི་སྤྱོད་བདུད་དུ་འགྲོ་བར་ངེས།། དེ་ཕྱིར་སྤྱོད་པ་ཆེད་དུ་འགལ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ།། ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། འབྲས་བུའི་གོལ་ས་བཀའ་སྩལ་པ།། ལྷ་དང་མི་ཡི་འབྲས་བུ ་དེ།། བསྙེན་གནས་སྡོམ་པ་ལ་བརྟེན་ནས།། བསོད་ནམས་ཚོགས་ནི་བསགས་གྱུར་ཀྱང་།། ཡིད་སྨོན་བྱེད་ཕྱིར་དོན་ལས་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། མུ་སྟེགས་རྟག་པའི་འབྲས་བུ་ཡང་།། མཐུ་ཆེན ་མངོན་ཤེས་རྣོ་མྱུར་ཀྱང་།། བདག་ཏུ་ལྟ་ཕྱིར་འཁོར་བའི་རྒྱུ།། སྡུག་བསྔལ་འབའ་ཞིག་ཐར་པ་མེད།། ཉན་ཟོས་རང་རྒྱལ་འབྲས་བུ་ཡང་།། དཀའ་ཐུབ་མཐར་ཕྱིན་བདེན་སྤྱོད་ཀྱང་།། ཆོས་ལ་བདག་མེད་ཞེན་པའི ་ཕྱིར།། འབྲས་བུ་ཅི་ཐོབ་ལྷ་མི་ཙམ།། མཚན་ཉིད་ཐེག་པ་རྣམ་གཉིས་ཀྱང་།། མཐའ་བྲལ་ཞེན་འདོད་དོན་ལ་གོལ།། དུས་ལ་ལྟོས་ཕྱིར་སྒྲིབ་སྦྱངས་པས།། འབྲས་བུ་མི་ཐོབ་སྙིང་རྗེའི་གནས།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། ཕྱི་རྒྱུད་རྣམ་གསུམ་འབྲས་བུ་ཡང་།། རང་བྱུང་སྙིང་པོ་མ་ཤེས་པས།། དངོས་གྲུབ་གཞན་ནས་རེ་བའི་ཕྱིར།། སངས་རྒྱས་མི་འབྱུང་རེ་དོགས་མཐའ།། བསྐྱེད་རྫོགས་རྣམ་གཉིས་འབྲས་བུ་ཡང་།། འདོད ་པ་དབྱེར་མེད་འདོད་པ་དེས།། རྩོལ་སྒྲུབ་ཏིང་འཛིན་ཅི་བསྒོམ་ཀྱང་།། རིན་འཛིན་མི་ཐོབ་རུ་དྲར་སྐྱེ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། དེ་དག་བརྟགས་པའི་འབྲས་བུ་ཀུན།། རྣམ་པ་དུ་མ་ཡོད་གྱུར ་ཀྱང་།། མི་རྟོག་ཆོས་སྤྱོད་ཅི་བྱས་ཀྱང་།། མི་གྲོལ་འཆིང་བའི་རྨྱ་རུ་འགྱུར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ་འབྲས་བུའི་གོལ་ས་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། དམ་ཚིག་ཉམས་པའི་དབྱེ་བ་ནི།། ཆེད་དུ་དགོངས་ནས་བཀའ་སྩལ་པ།། ་ཉམས་པའི་ཉེས་དམིག་རྣམ་དྲུག་ནི།། ཁྱོད་ལ་བཤད་ཀྱིས་ཡིད་ཀྱིས་ཉོན།། ཉན་པའི་དབང་ནི་མ་མནོས་པར།། གསང་སྔགས་རྒྱུད་ནི་ཉན་པ་ན།། ཚེ་ཐུང་བར་ཆད་སྣ་ཚོགས་འོང་།། ནལ་བུས་བློན་གྲལ་མི་ཟིན། ་འདྲ།། ལུང་ལྡན་འཆད་པའི་དབང་མེད་པར།། གསང་སྔགས་ཐེ་ཚོམ་བཤད་གྱུར་ན།། སྨྱོ་དང་འབོགས་པའི་ནད་ཟིན་ནས།། ཕྱི་མ་ལྕེ་རྨོ་དམྱལ་བར་ལྟུང་།། བསྒོམ་བསྒྲུབ་དབང་ནི་མ་མནོས་པར།། དམ་རྫས ་བསོགས་ནས་སྒྲུབ་བྱེད་པ།། ཡི་དྭགས་འདྲེ་བཀྲེན་མྱོང་བར་འགྱུར།། གདོལ་པས་རྒྱལ་ས་མི་ཟིན་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་བླ་མ་ལ།། དབང་མ་མནོས་པར་མཁས་སུ་རེ།། ངེས ་དོན་རྒྱུད་ཀྱི་མན་ངག་ནི།། མཁྱེན་དུ་རེ་བས་ཁ་ཚབས་བྱེད།། ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང་།། དབང་མེད་སྔགས་སྤྱོད་སྡིག་པ་ཆེ།། དེ་ཕྱིར་བཀའ་ལ་དམ་པར་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད ་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དབང་མ་མནོས་པའི་ཉེས་དམིགས་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ་རྟོགས་ཐབས་མེད་པའི་ཉེས་དམིགས་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་ལ་ཡོད་པར་གཞན་བཙལ་ན།། མཐའ་ལས་འདས་པའི་སྐྱོན་དུ་འགྱུར།། སྡུག་བསྔལ་འབའ་ཞིག་བདེ་བ་མེད།། ཁྱུང་ཕྲུག་ནམ ་མཁའི་མཐའ་འཚོལ་འདྲ།། འཁྲུལ་གཞི་ངོ་ནི་མ་ཤེས་པར།། དུག་ལྔ་སྤང་ནས་བདེ་ཚོལ་བ།། འཁྲུལ་པ་ཡིན་ཕྱིར་རྙེད་མི་འགྱུར།། ཆུར་འཁྲུལ་སྨིག་རྒྱུ་རྙོག་པ་འདྲ།། མ་རིག་རྩ་བ་མཆོད་པར།། དུག་ལྔ་ཆོས་ཉིད ་ཡིན་ཟེར་བ།། ཕོ་ཚོད་བལྟ་བ་བདུད་ཡིན་ཕྱིར།། དུག་ཉིད་སྨན་དུ་བྱེད་པ་འདྲ།། གཞི་ལ་འཁོར་མེད་མ་ཤེས་པར།། རྩོལ་སྒྲུབ་དད་པ་ཆེར་བསྐྱེད་དང་།། གཉེན་པོས་དུག་ལྔ་གྲོལ་འདོད་ནི།། རྭ་ལ་འོ་མ་འཇོ་བ ་འདྲ།། ལུང་ལྡན་ངེས་པའི་དོན་མེད་པར།། བསྒོམ་མེད་བྱས་པའི་ང་རྒྱལ་ཅན།། ལྷག་མཐོང་མེད་ཕྱིར་དོན་ལས་གོལ།། ཞ་བོས་རི་རྩེ་བསྙེག་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། རྟོགས་པར་བྱ་བའི་དམ་ཚིག་ཉམས་པའི་ཉེས་དམིག་བསྟན་པའི་ལེའུ་སྟེ་གྱ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན ་པས་བཀའ་སྩལ་པ།། ཆེད་དུ་བྱས་པའི་དམ་ཚིག་ནི།། ལུང་ལྡན་བླ་མ་དྲིན་ཆེན་ལ།། བརྙས་ཤིང་ངན་སེམས་བསྐྱེད་བྱས་ན།། རྡོ་རྗེ་དམྱལ་བར་ཐར་མེད་ལྟུང་།། ཆ་མེད་དུག་ནི་འཐུང་བ་འདྲ།། གྲོགས་ལ་ཕྲག་དོག ་གདུག་བྱེད་པ།། མཆེད་ལྕམ་ཐུགས་དཀྲུག་ཉེས་བྱས་ཏེ།། ཅི་བསམ་མི་འགྲུབ་བསྲེག་ཅིང་སྒྲིབས།། རྒྱབ་བརྟེན་མེད་པའི་མི་དང་འདྲ།། སྦས་པ་གཞན་ལ་བཤད་པ་ན།། ཡུན་རིང་ནད་ཐེབས་རྫས་དང་བྲལ།། ཕྱི་མ ་ན་རག་དམྱལ་བར་ལྟུང་།། ངོ་མ་ཤེས་པར་གཉེན་གསོད་འདྲ།། རྣལ་འབྱོར་ཁས་འཆེས་ལེ་ལོ་ཅན།། དབང་པོ་ཡུལ་ལ་ཡེངས་པའི་ཕྱིར།། ཞི་གནས་ལྷག་མཐོང་གང་ཡང་མེད།། བྱིའུ་ཕྲ་སྙི་ལ་ཟིན་པ་འདྲ།། ངེས་པའི ་གདམས་ངག་ཁྱད་བསད་ནས།། བསྒྲུབས་རྟགས་ཕྲ་མོ་དམ་པར་བལྟ།། རང་གིས་རང་ཕུང་བྱེད་པའི་མི།། ཉེས་མེད་རྒྱལ་པོས་ཆབ་བསྐུལ་འདྲ།། དོན་བོར་འཁོར་ལ་གདུང་དྲག་པ།། ཞེན་པའི་ཆོས་ལ་དམ་པར ་འཛིན།། གཉེན་པོ་མེད་ཕྱིར་རང་རྒྱུད་གོལ།། བོང་རྒན་རྫབས་སུ་ཆུད་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དམ་ཚིག་ཆེད་དུ་མ་བྱས་པའི་སྐྱོན ་བསྟན་པའི་ལེའུ་སྟེ་གྱ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བསྲུང་བའི་དམ་ཚིག་བཀའ་སྩལ་པ།། སློབ་དཔོན་སྐུ་དགྲར་འདྲིས་བཤེས་ན།། རིག ་འཛིན་ཐམས་ཅད་ཁྲོས་འགྱུར་ནས།། ཐར་པའི་སྲོག་གཅོད་དམྱལ་བར་ལྟུང་།། རང་གིས་རང་མིག་བཏོན་པ་འདྲ།། དམ་ཉམས་འཐབ་སྡུམ་བྱས་འགྱུར་ན།། རྒྱལ་སྲས་གཙང་རིས་ཀུན་ཁྲོས་ནས།། ལྷ་དང་བྲལ་བས ་གོལ་ཁ་འབྱུང་།། སྐྱེལ་མ་མེད་པའི་ཚོང་པ་འདྲ།། གཙང་སྨེ་མེད་པར་བཟའ་ཟེར་ནས།། མིག་ཟླུམ་ཤ་ནི་ཡོགས་སྤྱད་ན།། དགྲ་རྐུན་བར་ཆད་བསོད་ནམས་འགྲིབ།། སད་སེར་ཁྱེར་བའི་ལོ་ཏོག་འདྲ།། རྒྱུད་དྲུག ་གཞན་ལ་སྤེལ་བྱས་ན།། མཁའ་འགྲོའི་ནད་ཀྱིས་ཐེབས་འགྱུར་ཏེ།། ཡུན་རིང་སྡུག་བསྔལ་ཐམས་ཅད་འོངས།། ཕྱི་མར་ལྐུགས་པའི་དམྱལ་བར་ལྟུང་།། བཙོན་ནི་ལྕགས་འོག་ཤི་བ་འདྲ།། ནལ་བསད་ངོ་ནག་ལ་སྤྱད ་ན།། འགྲོ་བའི་ནད་ཀྱིས་ཐེབས་གྱུར་ནས།། ཕྱི་མ་དུད་འགྲོ་སྦྱར་བར་སྐྱེ།། རིན་ཆེན་འདམ་དུ་བྱིང་བ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྲུང ་བར་བྱ་བའི་དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། སྤང་བའི་དམ་ཚིག་བཀའ་སྩལ་པ།། ཐ་མལ་སེམས་ཅན ་སྲོག་བཅད་ན།། སྐྱབས་འགྲོ་ཉམས་ཤིང་སྙིང་རྗེ་བྲལ།། སྐྱེ་བོ་བདུད་འགྱུར་སྡིག་པ་ཆེ།། སྲིན་པོའི་ལག་ཏུ་བུ་ཁྱེར་འདྲ།། རྣལ་འབྱོར་མ་བྱིན་བླང་གྱུར་ན།། ཡི་དྭགས་གནས་སུ་སྐྱེ་བ་དང་།། སྐྱེ་བོ་ཀུན ་གྱིས་སྤྱད་གྱུར་ན།། རབ་ཏུ་ཚ་བའི་དམྱལ་བར་སྐྱེ།། སྲུང་མ་ལྔ་ལྡན་ཆགས་སྤྱད་ན།། དགའ་བྲལ་སྲོག་གི་བར་ཆད་འོང་།། ཕྱི་མ་དུ་འབོད་སྲིན་བུར་སྐྱེ།། སྲིན་པོ་བྱི་ལའི་མངལ་དང་འདྲ།། རང་འདོད་བློ་བསྒྱུར་རྫུན ་སྨྲས་ན།། འདི་རུ་ཡིད་ཆེས་བློ་མི་འཇོག། ཕྱི་མ་ལྕེ་འབིགས་དིག་པར་སྐྱེ།། ཁ་མེད་ལྟོ་འཕྱེ་ཉམས་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཉམས་པའི་ཉེས་དམིགས་དེ་དག་ཀྱང་།། རྩ་བ་མ་རིག་འཁྲུལ ་པས་བསྐྱེད།། དེ་ཕྱིར་ལུང་ལྡན་མེད་པའི་སྐྱོན།། འཁོར་བའི་མཐའ་ལ་ཟད་པ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤང་བར་བྱ་བའི་དམ་ཚིག ་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། དབང་དམ་ཉམས་པའི་ཉེས་པ་ནི།། ལྟུང་བའི་སྒོ་དག་བཀའ་སྩལ་པ།། རང་སེམས་ཆོས་སྐུ་མ་རྟོགས་པར།། ་མདོ་རྒྱུད་མང་པོ་ཤེས་བཤད་ཀྱང་།། བདག་བསྟོད་གཞན་ལ་སྨོད་པའི་ཕྱིར།། ངན་སོང་གསུམ་གྱི་སྒོར་ལྷུང་འཁོར།། གཞན་གྱི་བསམ་སྦྱོར་བཟང་པོ་ལ།། བར་ཆད་བྱེད་པ་བདུད་ཡིན་ཏེ།། གཞན་གྱི་རྫས་ལ་སེར་སྣ ་བྱེད།། མ་རྟོགས་བདུད་ཀྱི་སྒོར་ལྟུང་འཁྱམས།། མ་རྟོགས་མཐུ་ཆེ་ཚད་མེད་ཀྱང་།། ང་རྒྱལ་དྲེགས་པའི་ཉོན་མོངས་ཅན།། འཇིག་རྟེན་འདི་རུ་བཙན་ཕྱུག་ཀྱང་།། གནོད་སྦྱིན་སྒོར་ལྷུང་རྟག་ཏུ་འཁྱམས།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། མཉམ་ཉིད་ཆོས་སྐུ་མ་རྟོགས་པར།། རང་རྒྱུད་ཆགས་སྡང་པོ་ཚོད་སྤྱོད།། སྙིང་རྗེ་མེད་པར་གསོད་ལ་དགའ།། སྲིན་པོའི་སྒོར་ལྟུང་དམྱལ་བར་སྐྱེ།། རང་དབང་ཏིང་འཛིན་མ་ཐོབ་པར།། ་སྡིག་པས་འཁོར་དང་རིས་སུ་བཅད།། བདག་ཉིད་ཆེ་འདོད་འཁོར་སྡུད་པ།། གཅན་ཆེན་ཤོ་གམ་རྟག་ཏུ་འཁོར།། ཇི་བཞིན་མ་ནོར་མ་རྟོགས་པར།། ལོག་རྟོགས་སྤྱོད་རྩིང་སྣ་ཚོགས་སྤྱོད།། རང་གིས་མི་ཤེས་གཞན ་བགྲོ་བ།། རུ་ཏྲའི་སྒོར་ལྷུང་དམྱལ་བར་སྐྱེ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རྟོགས་ཕྲིན་ལས་ཅི་མཁས་ཀྱང་།། ཚིག་ལ་དངོས་པོར་འཛིན་པ་ཡིན།། བགེགས་དང་བྱ་རོག་སྒོར་ལྟུང་འཁོར།། ཐབས་ལམ་དབང ་ལ་ཁུངས་ཕྱུང་སྟེ།། འདོད་ཆགས་རང་དགར་རྟག་སྤྱོད་པ།། ལྟ་བས་མ་ཟིན་བདེ་ལ་ཞེན།། ལྷ་ཆེན་འདོད་ཆགས་མངལ་སྒོར་ལྷུང་།། མ་རྟོགས་པ་དང་བདག་འཛིན་པས།། གསང་སྔགས་ལྟ་སྤྱོད་ལོག་པའི་ཕྱིར།། ་བརྩེ་མེད་སྡིག་པ་ཀུན་སྤྱད་པ།། མུ་སྟེགས་སྒྲོ་སྐུར་རྟག་ཏུ་འཁྱམས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རྟོགས་དབང་གིས་རྩིང་སྤྱོད་པ།། ལུས་ངག་ཡིད་ཀྱིས་ལེན་པའི་ཕྱིར།། ལས་ངན་དགུ་པོ་ཀུན་སྤྱད་པས།། ་དམྱལ་བར་ངན་འགྲོ་རྟག་ཏུ་འཁྱམས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྟུང་བའི་སྒོ་དགུ་བསྟན་པའི་ལེའུ་སྟེ་གོ་གཅིག་པའོ།། སྡོམ ་དུ་བསྡུས་ཏེ་བསྟན་པ་བཅུ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ཀྱིས།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ལམ་གྱི་དབྱེ་བ་ཞུ་བའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཡེ་ཤེས་མེད ་པའི་རང་བྱུང་གང་།། གཉིས་ཀ་མེད་པ་གང་གི་བློ།། རང་བྱུང་ཡེ་ཤེས་འཛོམ་པ་གང་།། དེ་སྐད་ཅེས་ནི་ཞུས་པ་ཡིས།། དོན་གསན་འཁོར་ལ་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ཆེན་པོ་ཡིས།། ཡིན་མིན་དབྱེ་བ་ངས ་བཤད་ཀྱི།། ཡིད་ཀྱིས་ཉོན་ལ་ལེགས་པར་ཟུང་།། ཡེ་ཤེས་མེད་པས་རང་བྱུང་དེས།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། རང་བཞིན་ལུས་ལ་མཛད་སྤྱོད་མེད།། སྟོང་གསལ་རིག་པ་ཁྱབ་གད་ལ་དེ།། རྒྱུ་རྐྱེན་མ ་བསྐྱེད་རང་བྱུང་སྟེ།། རིག་དང་མ་རིག་ཡེངས་མ་ཡེངས།། གང་དུ་ཡང་ནི་ངོས་མ་ཟིན།། ལུང་ལྡན་མེད་ཕྱིར་ཡེ་ཤེས་ལ།། འཁོར་འདས་པར་དོར་རང་འབྱུང་སྟེ།། གང་ཡིན་ཆ་མེད་ཤེས་པ་གཅིག། ཤན་མ་ཕྱེད་ཅིང ་ངོས་མ་ཟིན།། རང་ལ་རང་གི་དོན་མ་རྟོགས།། སྔོན་གྱི་ལྷུན་གྲུབ་དོན་གྱི་གཞི།། ཆོས་རྣམས་ཀུན་གྱི་རྩ་བ་སྟེ།། རང་ལ་ཡེ་ཤེས་ཡོད་མོད་ཀྱང་།། མ་རྟོགས་ཕྱིར་ན་ཡེ་ཤེས་མེད།། མ་རིག་མ་གོལ་སེམས་ཅན་མིན།། ་གཉིས་ཀ་མེད་པའི་དྲན་པ་དེ།། ཤེས་པ་ཧད་དེ་ཡོད་པ་ལ།། ཚོར་དང་མ་ཚོར་དྲན་པས་ཟིན།། སེམས་ཅན་ཀུན་ལ་གནས་གྱུར་ཀྱང་།། མ་བསྟན་ཕྱིར་ན་ཡེ་ཤེས་མིན།། ལོང་བ་མིག་མཁན་མ་རྙེད་འདྲ།། རྫོགས ་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཡིན་ཏེ་ཡེ་ཤེས་མིན་པར་བསྟན་པའི་ལེའུ་སྟེ་གོ་གཉིས་པའོ།། །། དེ་ནས་འཁོར་གྱི་སྙིང་པོ་ཉོན།། རང་བྱུང ་མེད་པའི་ཡེ་ཤེས་ནི།། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། རང་བྱུང་མེད་པའི་ཡེ་ཤེས་དེ།། ཚོགས་བརྒྱད་གནས་འགྱུར་ཡེ་ཤེས་ལྔ།། བསྐྱེད་པའི་རྐྱེན་ལས་བྱུང་བའི་ཕྱིར།། ཡེ་ནས་གནས་པའི་རང་བྱུང་མིན།། དེ ་ཡང་འཁོར་གྱི་སྙིང་པོ་ཉོན།། ལུང་མ་བསྟན་གྱི་དུས་ཙམ་ལ།། ཡེ་ཤེས་བྱ་བའི་མིང་ཡང་མེད།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ངེས་ལུང་ལྡན་པའི་ཡེ་ཤེས་དེ།། ཐོག་མ་མེད་པ་ཟ་མ་ཡོད།། མེ་ལོང་ཡེ་ཤེས་བྱ་བ་ནི།། ་མ་རྟོགས་མེད་ལ་རྟོགས་ན་ཡོད།། རྐྱེན་ལས་བྱུང་ན་རང་བྱུང་མིན།། དེ་ཕྱིར་མེ་ལོང་ཡེ་ཤེས་ཀྱང་།། གློ་བུར་བྱུང་ཡང་ཡེ་ཤེས་མིན།། མཉམ་ཉིད་སོ་སོར་རྟོགས་པ་དང་།། བྱ་བ་གྲུབ་པའི་ཡེ་ཤེས་བཞི།། ཉི་མ་དང་ནི ་ཟེར་བཞིན་དུ།། ཆོས་དབྱིངས་ཡེ་ཤེས་མངོན་གྱུར་པའི།། རྩལ་དུ་ཡེ་ཤེས་བཞི་པོ་བྱུང་།། གཞི་ལ་ཡེ་ཤེས་རྣམ་ལྔ་མེད།། དེ་ཕྱིར་རང་བྱུང་རིག་པ་མིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་མོས་པ་དྲན་པ ་ལས།། གྲངས་ཀྱི་ཡེ་ཤེས་རྣམ་ལྔ་ནི།། ཚིག་ཏུ་ཡོད་དེ་དོན་ལ་མེད།། གཞི་ཡི་ཡེ་ཤེས་མ་ཤེས་ན།། ར་གན་གསེར་དུ་འཛིན་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་མེད་པའི་ཡེ་ཤེས་བསྟན་པའི་ལེའུ་སྟེ་གོ་གསུམ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། ཡེ་ཤེས་རང་བྱུང་གཉིས་ཀ་མིན།། འདུས་པའི་འཁོར་ལ་བཀའ་སྩལ ་པ།། ཐོག་མ་ཤེས་གཞི་ལུང་མ་བསྟན།། དེ་ལས་མ་རིག་རྐྱེན་བཞིས་བསྐྱེད།། ལུང་ལྡན་མེད་ཕྱིར་ཡེ་ཤེས་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྐྱེ་ཤི་བར་དོ་དོན་མ་ཤེས།། ཀུན་གཞི་ལས་བྱུང་ཡིད་གཉིས་ཀྱི།། ་བག་ཆགས་མི་དགེ་སྣ་ཚོགས་བསགས།། གཞི་ལ་གནོད་བྱེད་མ་ཤེས་པར།། ཡེ་ཤེས་རང་བྱུང་གཉིས་ཀ་མེད།། དེ་ལ་ངེས་པའི་སྐྱོན་ཅན་ནི།། གཞི་ལས་འཁྲུལ་ཕྱིར་གཞི་ལ་ཞེ་ན།། མེད་པ་ལ་ནི་བདེན་པར་འཛིན།། ་ཆོས་བརྒྱད་ཡུལ་ལ་དམ་པར་བལྟ།། མེད་པ་ལ་ནི་ཡོད་པར་བལྟ།། རི་བོང་རྭ་ཡི་ཁ་དོག་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་བྱུང ་གཉིས་ཀ་མེད་པར་བསྟན་པའི་ལེའུ་སྟེ་གོ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། རང་བྱུང་ཡེ་ཤེས་འཛོམ་པར་ནི།། དད་ལྡན་འཁོར་ལ་བཀའ་སྩལ་པ།། དང་པོ ་ངོ་བོ་ཉིད་ཀྱི་སྐུ།། ཀུན་ཏུ་བཟང་པོའི་ཆོས་དྲུག་གིས།། འཁྲུལ་མ་མྱོང་ལ་རྟོགས་པའི་ཕྱིར།། ཡེ་ཤེས་རང་བྱུང་དུས་མཉམ་འཛོམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་སྐྱེ་ཤིའི་བར་དོ་ལ།། ལུང་ལྡན་ངེས་པའི ་གདམས་ངག་གིས།། ཡུལ་སེམས་གཞི་ལ་མེད་པའི་དོན།། ཤེས་རབ་རྣམ་གསུམ་ལས་བྱུང་བའི།། ལྷག་མཐོང་རིག་པའི་ཡེ་ཤེས་ཤར།། ཡེ་ནས་རྒྱུ་དང་རྐྱེན་མེད་ཕྱིར།། རང་བྱུང་རིག་པའི་རྒྱལ་པོ་དེ།། ལུང་ལྡན ་ངེས་པའི་གདམས་ངག་གིས།། ཡེ་ནས་རང་བྱུང་རིག་པ་ལ།། ཤེས་ནས་ལུང་ལྡན་དོན་གོ་བ།། དེ་ཕྱིར་དེ་ཉིད་འཛོམ་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞི་དང་ངེས་ལུང་འཛོམ་པ་ལ།། གོལ་དང་སྒྲིབ་པའི ་སེམས་མེད་ཤེས།། དེ་ཕྱིར་རྟོག་པ་མངོན་གྱུར་ནི།། མར་གྱི་ཡང་ཞུན་ལྟ་བུར་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཡེ་ཤེས་འཛོམ ་པར་བསྟན་པའི་ལེའུ་སྟེ་གོ་ལྔ་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན་པ་ཉི་ཤུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཆེད་དུ་གསུངས་པའི་དོན་གོ་ནས།། འཁོར་རྣམས་ལ་ནི་བརྩེར་དགོངས་ཏེ།། ་རྫོགས་སངས་རྒྱས་ལ་འདི་སྐད་གསོལ།། གཞིའི་ངེས་དོན་གང་གིས་མཚོན།། དང་པོ་སངས་རྒྱས་ཇི་ལྟར་བྱུང་།། དེ་ཡི་བྱིན་རླབས་ཇི་ལྟར་བླང་།། ལམ་དེ་ཚིག་གིས་ཇི་སྐར་མཚན།། རྫོགས་སངས་རྒྱས་ཀྱིས་བཤད ་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་ངེས་པའི་དོན།། མ་ནོར་ངེས་པའི་སངས་རྒྱས་བཀའ།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། རང་བཞིན་གཞི་ཡིས་མཚོན་དཔེ ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། གང་ནས་མ་འོངས་ཡེ་ནས་ཡོད།། གར་ཡང་མི་འགྲོ་དུས་གསུམ་གཅིག། ད་ལྟ་ཀུན་ཁྱབ་ངོས་བཟུང་བྲལ།། ཐོག་མཐའ་མེད་པའི་ནམ་མཁའ་ལ།། རིག་མེད་སྟོང་པ་ཡིན ་པའི་ཕྱིར།། དཔེ་རུ་ཟབ་སྟེ་དོན་དུ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བཞིན་ངོ་བོའི་གནས་ལུགས་ནི།། འཁོར་འདས་མ་རེག་སྔར་བཞིན་འདུས།། སངས་རྒྱས་གཉིས་སུ་མེད་པ་ཡི།། འཁོར་འདས་གཉིས ་ཀྱི་གཞི་གྱུར་པ།། མ་ཡེངས་པར་ནི་ཡོད་གྱུར་ཀྱང་།། དོན་གྱིས་མ་ཟིན་རང་སྣང་སེམས།། ངོས་མ་ཟིན་ཞིང་ཤན་མ་ཕྱེད།། འགྲོ་འོང་མེད་པར་རྒྱུན་དུ་གནས།། ཐོག་མཐའ་མེད་ཕྱིར་ངོ་མ་ཤེས།། ད་ལྟ་ཀུན་གཞི ་སེམས་ལ་གནས།། འདུས་མ་བྱས་ཕྱིར་སྐྱེ་འཇིག་མེད།། སེམས་ཅན་ཀུན་གྱི་རྟེན་གནས་གཞི།། མོས་གུས་མེད་ཕྱིར་རྟོགས་པར་དཀའ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང ་མཉམ་པའི་རྒྱུད་ལས། གཞི་ཡི་དཔེ་དོན་བསྟན་པའི་ལེའུ་སྟེ་གོ་དྲུག་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། དང་པོ་སངས་རྒྱས་རྟོགས་ཚུལ་ནི།། དད་ལྡན་འདུས་པའི་འཁོར་རྣམས་ལ།། ང་ཡིས་རྟོགས ་ཉམས་བཀའ་སྩལ་པ།། འཁོར་འདས་མེད་པའི་གོང་རོལ་དུ།། ས་ཆུ་མེ་རླུང་གང་ཡང་མེད།། སྲིད་པ་མ་ཆགས་སྟོང་པ་ཉིད།། དེ་ཚེ་རང་བཞིན་ལུས་དེ་ནི།། ཡེ་ནས་ཡོད་པའི་ཆོས་ཉིད་དེ།། དེ་དོན་མ་འཁྲུལ་རིག་པ ་ཡིས།། ད་ལྟ་མ་འཁྲུལ་ངེས་བསྟན་ཕྱིར།། གཞི་དང་རིག་པ་གཅིག་ཏུ་ཤེས།། རྟོགས་དང་སངས་རྒྱས་དུས་མཉམ་བྱུང་།། ནམ་ལངས་ཉི་ཤར་དུས་མཉམ་པ།། རི་བོ་ཏ་ལའི་དཔེ་བཞིན་དུ།། འཁོར་འདས་ཐོག་མཐའ ་དུས་གཅིག་ཆོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་རྒྱལ་བའི་དགོངས་པ་དེ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། རྒྱུ་རྐྱེན་མ་བསྐྱེད་འདུས་མ་བྱས།། ཀུན་ལ་ཁྱབ་པ་ཆོས་ཀྱི་སྐུ།། རང་གི་རིག་པ་ཡེ་ཤེས ་ཐུགས།། དེ་ཉིད་ཡིན་པར་ངོ་ཤེས་པས།། ལྷག་མཐོང་ཡེ་ཤེས་རང་ཤར་ཕྱིར།། ཡོད་མེད་གཉིས་ཀྱི་སྐུ་བྲལ་བས།། དུས་གསུམ་མི་འགྱུར་ངས་བསྟན་པ།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། དེ་ལས་སངས་རྒྱས་ཆོས ་རྣམས་འབྱུང་།། དེ་ཕྱིར་ཀུན་ཏུ་བཟང་ཞེས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རྟོགས་ཚུལ་བསྟན་པའི་ལེའུ་སྟེ་གོ་བདུན ་པའོ།། །། ཀུན་རིག་སྟོན་པས་ཡང་གསུངས་པ།། འོག་མིན་ཆོས་དབྱིངས་གནས་དེ་རུ།། ཇི་བཞིན་རྡོ་རྗེ་སེམས་དཔའ་དེས།། མ་འཁྲུལ་རིག་པ་གསལ་བ་ནི།། རང་ལ་ཡེ་ནས་ཡོད་མོད་ཀྱང་།། གཞི་ནི་མི ་འགྱུར་ངེས་པ་ནི།། འདི་ཉིད་ཁོ་ན་ཡིན་ནམ་མིན།། ཡིད་ལ་ཐེ་ཚོམ་ཆ་ཕྲ་ཡོད།། དེ་དག་གསལ་ཕྱིར་མོས་གུས་སྤྱོད།། དེ་ཕྱིར་ཀུན་བཟང་དེ་ཆེད་དུ།། མཉམ་བཞག་དགོངས་པ་ཐུགས་གཏད་ནས།། ་ཐེ་ཚོམ་མེད་པར་ཆོས་ཉིད་རྟོགས།། དེ་ཕྱིར་ཡེ་ཤེས་རྒྱུད་དག་པས།། རྡོ་རྗེ་སེམས་དཔའ་མངོན་གྱུར་གོ། ཚིག་ཏུ་མགོ་དོན་དུ་ཤར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་བྱིན་གྱིས་བརླབས་ལུགས་ནི།། ཀུན ་བཟང་ཐུགས་ཀྱི་ངེས་དོན་དེ།། ཆོས་དྲུག་མིང་དང་དོན་ཤེས་པས།། དུས་གསུམ་ཅིག་ཅར་རིམ་གྱིས་ཉམས།། གང་ལ་མ་བརྟེན་ཡིད་ཀྱིས་ནི།། ལྷག་མཐོང་ཆོས་སྐུར་ད་ལྟ་ཤེས།། དེ་ཕྱིར་དགོངས་པར་བརྒྱུད་པའི ་ཕྱིར།། རྟོགས་པ་མངོན་འགྱུར་སངས་རྒྱས་པའི།། ཕྱིས་མི་ལེན་པར་རིག་པས་གོ།། ཉིད་ལས་མི་གཞན་སངས་རྒྱས་འབྱུང་།། དེ་ཕྱིར་བྱིན་གྱིས་བརླབས་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྟོན་པ་ཀུན ་བཟང་བྱིན་རླབས་ཀྱི།། སྐུ་གསུང་ཐུགས་ཀྱི་སྒྲུབ་པ་གསུམ།། གཟའ་སྐར་རྒྱ་མཚོར་ཇི་བཞིན་དུ།། དེ་དོན་ཉིད་ཀྱི་རྩལ་དུ་བྱུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ཀྱིས་བཤད་པའི་ལེའུ་སྟེ་གོ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྦྲུལ་སྐུ་ལྔ་ཡི་བསྟན་པ ་ཡང་།། ཚིག་གི་བརྡ་ཡི་སྒྲོན་མ་ཡིས།། མ་རིག་མུན་པ་བསལ་བའི་ཕྱིར།། ལུང་ལྡན་ངེས་པའི་གདམས་ངག་གིས།། སྙན་ནས་རྣ་བར་བརྒྱུད་ཅེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དོན་གྱི་བཀའ་ཡི་མན་ངག ་གིས།། ཡེ་ཤེས་རིག་པ་ཁོང་ནས་ཤར།། དེ་ཙམ་ཉིད་ན་སྐྱེ་འགགས་མེད།། ད་ལྟ་ཉིད་དུ་མངོན་འགྱུར་གོ།། ལུས་ཀྱི་བརྡ་ཡི་སྤྲུལ་པ་འགྱེད།། སྟོང་གསུམ་མ་ལུས་ཐམས་ཅད་དུ།། སྤྲུལ་པ་གྲངས་མེད་ཐམས་ཅད ་པ།། ལྔ་བཅུ་རྩ་བརྒྱད་རྔ་བདུན་ཡང་འདུགབརྡ་ཡིས་ནི།། སྐྱོན་གྱིས་མ་གོས་འགྲོ་དོན་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟགས་ཀྱི་བརྡ་ཡིས་བསྟན་པའི་ཕྱིར།། སྐུ་མདོག་ཕྱག་མཚན་སྣ་ཚོགས་པ།། བྱིན ་རླབས་སངས་རྒྱས་དངོས་གྲུབ་ཐོབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཚིག་ལས་འདས་པ་བསྟན་པའི་ལེའུ་སྟེ་གོ་དགུ་པའོ།། སྡོམ་དུ་བསྡུས ་ཏེ་བསྟན་པ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་དོན་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། སྣང་བ་ཆོས་དབྱིངས་ཇི ་ལྟར་ཡིན།། འཁོར་འདས་གཉིས་ཀྱི་གཞི་ནི་གང་།། རང་བཞིན་ལྷུན་གྲུབ་ལྟ་བ་གང་།། མ་རིག་མུན་སེལ་ལྟ་བ་གང་།། ཏིང་འཛིན་དབྱེ་བའི་གདམས་ངག་གང་།། དོན་དམ་མི་འབྲལ་ཏིང་འཛིན་གང་།། གནས་ལུགས ་འགྱུར་མེད་བལྟ་བ་གང་།། ཀུན་རིག་ཆོས་རྗེས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྣང་བ་མ་བཅོས་ཆོས་དབྱིངས་ནི།། རང་བྱུང་ཆོས་སྐུ ་གཅིག་གཅིག་ལ།། ཡོན་ཏན་ཐམས་ཅད་འབྱུང་བ་ནི།། དཔེར་ན་ཡིད་བཞིན་ནོར་བུ་ལྟར།། དེ་ནི་ལྷུན་གྲུབ་ཀུན་གྱི་གཞི།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དང་པོ་གང་ལ་མ་བརྟགས་པར།། བར་དུ་བཟུང་བའི ་ཡུལ་མ་ཞེན།། ཐ་མ་རྗེས་སུ་མ་འབྲང་ཕྱིར།། སྒོ་ལྔ་རང་ཡན་བཏང་གྱུར་ཀྱང་།། ཆོས་ཉིད་ཆོས་ཀྱི་དབྱིངས་ཞེས་བྱ།། ནང་གི་རིག་པ་ཆོས་སྐུར་ཤེས།། དེ་ཕྱིར་ཡེ་ཤེས་ཕྱི་ནང་མེད།། ཆོས་ཉིད་རིག་པ་ཀུན་ཏུ་ཞལ།། ་གང་ལ་ཐོགས་མེད་ཆོས་སྐུར་འཕྱོ།། གནས་ནི་ཆོས་སྐུའི་ཀློང་ན་ཡོད།། རྐྱེན་གྱིས་མི་ཚུགས་ནམ་མཁའ་འདྲ།། དེ་ཕྱིར་རང་བྱུང་འདུས་མ་བྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་ལ་མི་གནས་རིག་པ་འདི།། ་ནམ་མཁའི་དཀྱིལ་གྱི་ཉི་ཟླ་བཞིན།། སང་ངེ་ས་ལེར་མི་རྟོག་པར།། ཕྱོད་དེ་སེང་ངེ་ཡ་ལེ་བ།། ཆོས་དབྱིངས་གནས་ཀྱི་ནམ་མཁའ་སྟེ།། ཡུལ་དང་སྒོ་ལྔ་མ་འདྲེས་གསལ།། དེ་ཙམ་ཉིད་ན་མ་འདྲེས་གསལ།། སྣང་བ ་མ་འགགས་ཅིར་ཡང་གསལ།། དེ་ལྟར་རྟོག་མེད་ཆོས་ཀྱི་དབྱིངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་འབྱུང་བ་རྣམ་ལྔ་ནི།། གཞན་འབྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཕྱིར་མི་སྤང་གནོད་མི་ནུས།། སེམས་སུ་མི ་བསྡུ་ཕན་མི་ནུས།། འདི་ཡི་ཁོ་ན་ཞེན་མེད་པ།། སྣང་བའི་ཡུལ་འདི་ཅིར་སྣང་ཡང་།། སྒྲོ་སྐུར་མ་བཏགས་རང་གསལ་བར།། ཆོས་ཀྱི་དབྱིངས་ཞེས་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གོལ་མེད་ཆོས་ཀྱི་དབྱིངས་སུ་བསྟན་པའི་ལེའུ་སྟེ་བརྒྱ་ཟམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་འདས ་གཞི་ལ་མེད་པ་ཡི།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རིག་པ་མ་བསླད་ཆོས་སྐུ་ལ།། ངོ་བོ་རྟོགས་ཚུལ་དཔེ་དང་ནི།། གཏན་ཚིགས་ལྡོག་བཅས་མཚན་ཉིད་དང་།། ལ་བཟླ་བ་དང་རྣམ་པ་བདུན།། ཆོས་ཉིད་ཆོས ་སྐུའི་དཔེར་ཡང་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངོ་བོ་གནས་ལུགས་ཆོས་སྐུ་ལ།། ཐོག་མཐའ་མེད་པར་ཡེ་ཤེས་གནས།། དེ་ཕྱིར་རྒྱུ་རྐྱེན་མ་བསྐྱེད་ཕྱིར།། གཉེན་པོ་མི་ཚུགས་ནམ་མཁའ་འདྲ།། རྟོགས ་ཚུལ་སྒྲོ་སྐུར་མ་བཏབ་ཕྱིར།། མ་བཅོས་ཆོས་སྐུ་རིག་པས་ཤེས།། མ་དཔྱད་མ་མཚོན་མ་བསམ་པར།། ཆོས་སྐུ་གསལ་བས་ཉི་ཤར་འདྲ།། རྣམ་རྟོག་འཇོམས་པས་རྡོ་རྗེ་འདྲ།། སྐྱེ་བ་མེད་པས་ཨ་དང་འདྲ།། དཔེ་རུ ་ཟབ་ཏེ་དོན་དུ་མེད།། ལུང་ཐོབ་མ་མྱོང་གཏན་ཚིགས་དེ།། གདམས་ངག་ཡིད་ཆེས་གདེང་དང་ནི།། ལྷག་མཐོང་ཆོས་སྐུ་གཞན་ན་མེད།། དེ་ཕྱིར་རལ་གྲི་རིན་ཆེན་འདྲ།། རྟོག་བཅས་ངོ་བོ་བྱང་ཆུབ་སྒྲ།། མཐུན་དང་མི ་མཐུན་ཡུལ་ལས་ལོག། ཞེན་པ་ལོག་ཕྱིར་ཆོས་ཀྱི་སྐུ།། དེ་ཕྱིར་རང་བྲལ་ཆོས་སྐུར་ཤེས།། མཚན་ཉིད་འདྲ་ཕྱིར་ཡིན་པ་མིན།། ད་ལྟ་འགྲོ་བ་ཀུན་ལ་གནས།། འཆར་ནུབ་མེད་ཕྱིར་ཡེ་གནས་ཕྱིར།། སྒྲོ ་སྐུར་མ་བཏབ་ཡེ་ཤེས་ཀློང་།། ལ་བཟླ་སྣང་བ་མེད་པ་ལ།། ཞེན་པའི་ལོག་དོན་གདམས་ངག་གིས།། དུག་ལྔ་རང་གྲོལ་ཆོས་སྐུར་ཤེས།། རྡོ་རྗེ་སེམས་དཔའ་ད་ཉོན་ཅིག། ཡིན་པ་མི་བླང་མིན་མི་སྤངས།། མི་བསྡུ་མི ་བསྲེ་མི་དབྱེ་བར།། བསམ་པའི་ཡུལ་ལས་འདས་པས་ན།། ཕྱོད་དེ་སེང་ངེ་རང་རིག་ལ།། མཐའ་དབུས་མེད་ཕྱིར་ཀུན་ཏུ་ཁྱབ།། དེ་ཕྱིར་ཐིག་ལེ་ཉག་གཅིག་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ།། ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། འཁོར་འདས་གཞི་ལ་མེད་པའི་བལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །། དེ་ནས་འཁོར་གྱི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ ་སྩལ་པ།། ནང་གི་རིག་པ་འགྲིབ་མེད་དོན།། ད་ལྟའི་ཆོས་སྐུ་འདི་ཉིད་ནི།། འདུས་མ་བྱས་ཕྱིར་རྟག་ཆད་མེད།། ཡེ་ཤེས་རྣལ་མ་ཉིད་ཡིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་གྱི་མཉམ་ཉིད་རྒྱལ་བའི ་ཐུགས།། མ་ལུས་སེམས་ཅན་ཐམས་ཅད་ལ།། རྟག་མིན་བདག་བྲལ་ཆོས་སྐུར་ཤེས།། དངོས་མེད་ཁྱབ་པས་ནམ་མཁའ་འདྲ།། ཆད་པ་མ་ཡིན་གཉུག་མར་གནས།། འཛིན་མེད་ཤེས་པ་ངང་གིས་གསལ།། ངོ་བོར ་མེད་ལ་ཆོས་སྐུར་ཡོད།། རང་བྱུང་ཉི་མའི་སྙིང་པོ་འདྲ།། དབུ་མར་མི་གནས་ཡེ་ཤེས་ནི།། སྒྲོ་སྐུར་བྲལ་བས་ཉོན་མོངས་སེལ།། མཐའ་དབུས་མེད་པའི་ཆོས་ཉིད་ནི།། བརྒྱད་པ་མི་གཡོ་སེམས་དཔའ་འདྲ།། བླ་མས ་དོན་བསྟན་རྣལ་འབྱོར་པས།། ཐེ་ཚོམ་མེད་པར་རང་སེམས་རྟོགས།། ཡུལ་དང་ཆོས་སྐུར་མ་རྟོགས་པར།། ཀ་ཤིའི་རས་ཀྱིས་རིན་ཆེན་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རྟོགས་ཕྱིར་ཡིད་ཆེས་པས།། ་ཆོས་སྐུ་འགྱུར་མེད་ངང་ལ་གནས།། དེ་ཙམ་ཉིད་ན་གདེང་གིས་ཟིན།། ལོང་བ་མིག་མེད་གསལ་བ་འདྲ།། དཔེར་ན་ནམ་མཁའི་ཉི་མ་བཞིན།། མ་རིག་མུན་པ་འཇོམས་པའི་ཐབས།། ལྟ་བ་གཞི་ངེས་དོན་ཉིད་ལ།། ་མ་ནོར་རིག་པ་གཅིག་ཡིན་ཏེ།། འབྲས་བུ་ལྷུན་གྲུབ་གཅིག་ཏུ་བསྟན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཐའ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན ་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། རང་བྱུང་སྙིང་པོ་ལྟ་བ་ནི།། ཉི་མ་ཤར་ནས་མུན་པ་སངས།། ངེས་ལུང་བསྟན་པས་མ་རིག ་བརླག། ཐིག་ལེ་གད་ལ་ཁྱབ་ཆོས་སྐུ་དེ།། རིག་པ་རང་གསལ་བཅོས་པ་མེད།། དེ་དོན་ལྷུན་གྲུབ་ཡེ་ནས་གསལ།། རང་བྱུང་སྙིང་པོ་རང་གསལ་ཐུགས།། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ་ངན ་རྟོག་མེད།། དོན་དམ་སྤྲོས་བྲལ་ལྟ་བའི་མཆོག། རྩལ་མེད་སྤྱོད་པའི་ཡུལ་ལས་འདས།། ཡང་དག་ཀློང་འགྱུར་དོན་ལ་མཁས།། དེ་ཉིད་ལས་སུ་འབྱོར་པ་ཡིས།། ཚོགས་བརྒྱད་ཅེས་པའི་ཡུལ་ལས ་འདས།། མངོན་དུ་གྱུར་པས་ཐུགས་ལ་བཀྲ།། ཀུན་གྱིས་རྟོགས་དཀའ་བྱང་ཆུབ་དེས།། མི་གཡོ་ཆོས་སྐུ་མི་རྟོག་ལམ།། རང་རིག་བདེ་བ་ཆོས་སྐུའི་ཀློང་།། གཅིག་ཏུ་རྫོགས་པས་ཀུན་ལ་གསལ།། ལྟ་བ་དབུས་དང ་མཐའ་མེད་པས།། སྤང་ལེན་མ་བཙལ་ལྷུན་གྱིས་གྲུབ།། སྐྱེ་མེད་ངང་དུ་རིག་པ་འཕྱོ།། བརྟེན་མེད་ཆགས་པའི་ཡུལ་ལས་འདས།། བསྒོམ་མེད་ལྟ་བ་ངང་གིས་གསལ།། མཚོན་པའི་ཚིག་གིས་བཀྲི་དྲང་བྲལ།། སྐྱེ ་མེད་གདེང་དུ་འདུ་འབྲལ་མེད།། སྣང་མེད་རིག་པ་དངོས་པོ་བྲལ།། ཡང་དག་ཐུགས་ལ་སྤྲོ་བསྡུ་མེད།། མ་བཅོས་ལྷུན་གྲུབ་རིག་པར་ཤར།། ཀུན་ཁྱབ་དོན་བསྡུས་མཐའ་མ་རེག། ཡེ་ཤེས་སྐུ་མཆོག་ཆོས་སྐུ་གདལ།། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དྲུག་སེམས་ཅན་རང་བྱུང་སྐུ།། འདི་ལྟར་སྣང་བ་མ་ལུས་ཀུན།། གདོད་ནས་མེད་པའི་དོན་རྟོགས་ནས།། ཡེ་ཤེས་གཅིག་གི་ངང་དུ་རྫོགས།། ལུས་ངག་ཡིད་ཀྱི་བྱ་བ་རྫོགས།། ་བྱས་ན་འཆིང་བའི་ལས་ཡིན་ལས།། གཞི་ལ་མི་ཤེས་བཙལ་མི་དགོས།། མ་བསྒོམས་འདུ་འབྲལ་མེད་པར་བལྟ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་རིག་མུན ་སེལ་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་རྗེས་བཀའ་སྩལ་པ།། རྣལ་འབྱོར་དམ་པ་མཉམ་བཞག་ཚེ།། གསལ་ལ་མི་རྟོག་མི་གཡོ ་བའི།། ངོ་བོ་རྩལ་དང་དཔེ་དང་ནི།། ཚད་དང་ངེས་ཚིག་ཡུལ་དང་བྲལ།། སྐྱོན་དང་གོལ་ས་དགུ་དགུ་བསྟན།། ཆོས་སྐུ་འབྲལ་མེད་སྡོམ་ཚིག་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངང་གིས་གསལ་བ་ཡེ ་ཤེས་ཡིན།། རང་རིག་པ་ཡི་ཡེ་ཤེས་ཡིན།། རྩལ་ནི་སྒོ་ལྔར་གསལ་བ་ཡིན།། དཔེར་ན་ཏིལ་གྱི་མར་མེ་འདྲ།། ཚད་ནི་ཤེས་པ་མ་བསྒྲིབས་པ།། ངེས་ཚིག་གདམས་ངག་མ་བརྗེད་པ།། ཡུལ་ནི་སྣང་བ་ཆོས་ཀྱི ་དབྱིངས།། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།། སྐྱོན་ནི་ཡུལ་ལ་ཡན་གྲངས་པ།། གོལ་ས་བྱིང་རྨུགས་འགོག་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དམིགས་འཛིན་མེད་པའི་ངོ་བོ་ཉིད།། སྔ་ཕྱི་གང་ཡང་མ ་དྲན་པ།། རྩལ་ནི་བདེ་ལ་མ་ཞེན་པ།། ཡུལ་ནི་འཛིན་མེད་མ་འགགས་པ།། དཔེ་ནི་བྱ་བ་བཏང་བ་འདྲ།། ཚད་ནི་དྲན་བྱེད་མ་བྱིང་ལ།། ངེས་ཚིག་ཡུལ་ལ་མ་ཡེངས་ཡིན།། འབྲས་བུ་སྦྲུལ་སྐུ་ཐུབ་དྲུག་འབྱུང་།། སྐྱོན ་ནི་གོམས་པར་མ་བྱས་ཡིན།། གོལ་ས་རྒོད་འཕྲོ་ཡུལ་ལ་ཞེན།། དེ་ཕྱིར་གཉིས་འཛིན་མེད་ཅེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཉུག་མར་གནས་པ་མི་གཡོ་བའི།། ངོ་བོ་དུས་གསུམ་མི་འགྱུར་བ།། རྩལ་ནི ་ཡེ་ཤེས་འཕེལ་འགྲིབ་མེད།། དཔེ་ནི་རྒྱ་མཚོའི་གཏིང་དང་འདྲ།། ཡུལ་ནི་རིག་པ་སོ་ཐུབ་བསྟན།། ཚད་ནི་གསལ་ལ་མི་གཡོ་བ།། ངེས་ཚིག་སྐྱོན་གྱིས་མ་གོས་པ།། འབྲས་བུ་རིག་པ་ཆོས་སྐུ་ཡིན།། ་སྐྱོན་ནི་ཐེ་ཚོམ་ཡིད་མ་ཆེས།། གོལ་ས་མི་གཡོ་འགོག་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་བསྒོམ་པའི་དབྱེ་བ་ཡང་།། དད་ལྡན་དྲང་ཕྱིར་གསུངས་པ་ལས།། དོན་ལ་རང་རིག་ཆོས་སྐུ་ལ།། དབྱེ་བར ་བྱ་བ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དབྱེ་བ་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་བརྒྱ་དང་བཞི་པའོ།། །། དེ ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མ་བསྒོམ་དོན་དང་མི་འབྲལ་བས།། ཐིག་ལེ་གཅིག་ཏུ་རྫོགས་པ་ཡིས།། ཀུན་གཞི་གཞི་ཆ་ཆོས་སྐུ་ལ།། སྣ་ཚོགས་སྣང་ཡང་འགྱུར་བ་མེད།། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ནི་བསྒོམ་དུ་མེད་པའི་དཔེ།། ནམ་མཁའ་བསྒོམ་དུ་སེམས་དང་བྲལ།། དེ་བཞིན་སེམས་ཀྱི་སེམས་བསྒོམ་དུ།། ཆོས་ཉིད་སེམས་ཀྱི་ཡུལ་ལས་འདས།། སྟོང་རིག་སེམས་ཀྱི ་ཡུལ་ལས་འདས།། ངེས་པར་འགྱུར་མེད་ལྟ་བའི་གཟུངས།། དོན་དུ་མི་བརྗེད་ཏིང་འཛིན་གསལ།། རང་སེམས་རྟོགས་ཕྱིར་བསྒོམ་མི་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་ངོས་ཟིན་ན།། ཤེས ་པ་གཏད་ལ་བསྒོམ་མི་དགོས།། དེ་ཕྱིར་རང་བྱུང་ཡེ་ནས་གསལ།། ཆོས་ཉིད་མ་བསྒོམ་འབྲལ་བ་མེད།། ཡང་དག་སངས་རྒྱས་དགོངས་པ་ལ།། འཕོ་འགྱུར་མེད་ཕྱིར་འདུས་མ་བྱས།། དེ་རྟོགས་རྣལ་འབྱོར་སྐལ་ལྡན ་གྱིས།། མ་བསྒོམས་ཆོས་ཉིད་རང་བྱུང་ཐུགས།། དེ་ལ་རྟོགས་པ་སྐྱེ་མི་ནུས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་ཡེངས་པ་ཞེས་བཏགས་པ་ཙམ།། དོན་ལ་ཆོས་སྐུ་དེ་ཉིད་ཡིན།། དེ་ཕྱིར་འབྲལ་མེད་བསྒོམ་པ ་མེད།། གཞན་དུ་གཡོས་པ་རྡུལ་ཙམ་མེད།། དེ་ཕྱིར་ཆོས་ཉིད་རྒྱུན་དུ་གནས།། ཤེས་པས་ཆོག་ཕྱིར་རྩོལ་བ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལྡན་ངེས་པའི་དོན་ཟིན་ན།། ཐམས་ཅད་རང་བྱུང་ཉིད་ཀྱི ་དོན།། མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ།། གསལ་ཙམ་ཉིད་ན་ནུབ་པ་མེད།། དངོས་མེད་ཀུན་ཁྱབ་ཆོས་སྐུ་དེ།། མེད་པར་མ་ཡིན་ཤེས་ཤིང་རིག། སྟོང་ཙམ་ཉིད་ན་ངང་གིས་སྟོང་།། སྟོང་ཙམ་ཉིད་ན་མཐའ ་དབུས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱིང་རྒོད་ཞེན་འཛིན་སྐྱོན་དང་བྲལ།། གསལ་བདེ་སྟོང་པ་ཆེན་པོ་ལ།། ངང་དུ་བཞག་པ་ཅི་ཡང་མེད།། མཉམ་བཞག་མེད་པས་རྗེས ་ཐོབ་མེད།། ཐམས་ཅད་རང་བྱུང་ཆེན་པོ་ལས།། གཞན་དུ་གཡོས་པ་རྡུལ་ཙམ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་རྟོགས་པས་རྣལ་འབྱོར་ངས།། ལམ་མེད་ལམ་ལྔ་མ་སྦྱངས་ཤིག། ས་མེད་ས་བཅུ་མ ་བགྲོད་ཅིག། རྟེན་མེད་དམིགས་པ་མ་འཆང་ཞིག། སྒྲིབ་མེད་ཚོགས་གཉིས་མ་བསོགས་ཤིག། ངེས་དོན་འདི་ཉིད་བསྒྲུབ་མི་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། མ་བསྒོམས་དོན་དང་མི་འབྲལ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཀུན་ཏུ་བཟང་པོ་ཡིས།། གནས ་ལུགས་འགྱུར་མེད་བཀའ་སྩལ་པ།། ཆོས་སྐུས་ཁྱབ་པའི་ཕྱི་ནང་ཆོས།། མཐའ་དབུས་མེད་པ་ཐམས་ཅད་པའི།། གནས་དང་གཞི་ཡི་རྟེན་བྱེད་པའི།། རང་བྱུང་ཐིག་ལེ་ཉག་གཅིག་སྟེ།། འདི་ནི་བདེ་གཤེགས་ཐམས ་ཅད་ཀྱི།། ཐུགས་ཀྱི་དམ་པ་དཀྱིལ་འཁོར་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་སྙིང་པོ་འགྱུར་མེད་ལ།། བློ་ཡིས་བཅོས་པས་གཞི་མི་འགྱུར།། དེ་ཕྱིར་རྐྱེན་གྱིས་བཅོས་སུ་མེད།། རང་བྱུང་ངོ་བོ་ཉིད་ཀྱི ་སྐུ།། ཆོས་རྣམས་ཀུན་གྱི་རྩ་བའི་གཞིར།། དུས་གསུམ་སངས་རྒྱས་ཀུན་གྱིས་གསུངས།། དེ་ཕྱིར་གཞི་ལ་འཕོ་འགྱུར་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར།། སངས་རྒྱས་ཉག ་གཅིག་ཆོས་ཀྱི་སྐུ།། འདི་ནི་འཁོར་འདས་གཉིས་ཀྱི་གཞི།། མ་རྟོགས་ཕྱིར་ན་འཁོར་བ་ལ།། རྟོགས་ན་མྱ་ངན་འདས་ཞེས་བྱ།། གཞི་ལ་སངས་རྒྱས་སེམས་ཅན་མེད།། དེ་ཕྱིར་གཉིས་མེད་གཅིག་གི་ངང་།། ཐམས ་ཅད་དེ་ཡི་ངོ་བོར་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཉིས་པས་གཞི་སྔ་ཕྱིར།། བློ་ཡིས་མ་བཅོས་འཁོར་འདས་མེད།། བག་ཆགས་མ་བརྟས་འཁོར་བ་མེད།། གང་ཡང་མེད་ཕྱིར་ཀུན་གྱི ་གཞི།། རང་བྱུང་རྟོགས་པས་བཅོམ་ལྡན་འདས།། ས་རྣམས་མ་བགྲོད་ངང་གིས་རྫོགས།། ལམ་ལ་མི་བརྟེན་ས་ལམ་བྲལ།། མེད་པར་མ་ཡིན་ཡེ་ཤེས་ཉིད།། རྫོགས་ཆེན་མཉམ་ཉིད་ཀུན་ཏུ་ཁྱབ།། ཆོས་རྣམས་ཀུན ་གྱི་ཆོས་ཆེན་པོ།། ཐམས་ཅད་ངོ་བོར་ལྷུན་གྱིས་གྲུབ།། དེ་བསྐྱེད་ཆོས་རྣམས་ཐམས་ཅད་འབྱུང་།། འཁྲུལ་པའི་རྟོག་མེད་གཞི་དང་མཐུན།། དེ་ཕྱིར་ལུང་ལྡན་རྐྱེན་གྱིས་ཀྱང་།། བློ་དངོས་གཅིག་པའི་དགོངས་པ་ལ།། ་གཞི་ཤེས་པ་ལ་རྟོགས་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཀྱི་རྒྱལ་པོར་རབ་བསྔགས་ཕྱིར།། འཁོར་འདས་བྱུང་བ་ཐམས་ཅད་ཀྱང་།། བཙལ་བ་མེད་པར་ཤུགས་ལས་བྱུང་།། དེ་ཕྱིར་ཀུན་གྱི་གཞིར ་གྱུར་ཞེས།། ཀུན་བཟང་ཉིད་ཀྱིས་གསུངས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གནས་ལུགས་འགྱུར་མེད་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཡེ་ཤེས་མངོན་གྱུར་རྟོགས་པའི་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཆོས ་རྣམས་ཀུན་གྱི་རྩ་བ་ཡི། གཞི་གསུམ་འབྲེལ་པ་ཡོད་དམ་མེད།། ཀུན་གཞི་སེམས་ཀྱི་མུན་གསེབ་ནས།། ཆོས་སྐུ་ངོས་ནི་ཇི་ལྟར་བཟུང་།། ད་ལྟའི་གཟུགས་དང་མ་བྲལ་བར།། གཟུགས་སྐུ་མི་འབྱུང ་གང་གིས་བསྒྲིབས།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྤྲུལ་པ།། དོན་གྱི་རྩ་བ་མདོར་བསྡུས་ན།། གཞི་གསུམ་མ་ནོར་ངེས་པ་ཡིས།། ་འབྲེལ་པ་ངེས་མེད་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང་།། དེ་དྲུག་ཡོད་མེད་གཅིག་ཏུ་རྟོགས།། འཁོར་འདས་གཉིས་གཞི་རང་བཞིན་ལུས།། འཁོར་གྱི་ཤེས་པ་ལུང་མ་བསྟན།། གནས་སྐབས ་འབྲེལ་མེད་མཐར་ཐུག་མེད།། གནས་སྐབས་འབྲེལ་པ་ཡོད་པ་ནི།། ལུང་མ་བསྟན་པ་རྣམ་གསུམ་ལ།། རང་བཞིན་ལུས་ཀྱིས་ཁྱབ་པའི་ཕྱིར།། བདེ་གཤེགས་སྙིང་པོ་ཡོད་ཅེས་བྱ།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། མཐར་ཐུག་འབྲེལ་པ་མེད་པ་ནི།། ཤེས་བཞིན་ལུང་མ་བསྟན་པ་ལ།། ཡིད་འགྲིབས་ཡོད་ཕྱིར་མོས་གུས་བྱེད།། བྱིན་རླབས་རྟོགས་དང་ལུང་ལྡན་ཞིང་།། བསྟན་ཐབས་མེད་ཕྱིར་འཁོར་བའི་རྒྱུ།། དེ་བསྐྱེད ་འཁོར་བ་འབའ་ཞིག་ཡིན།། དེས་ཕྱིར་མཐར་ཐུག་འབྲེལ་པ་མེད།། མུན་དང་ཉི་མ་དུས་མི་མཚུངས།། མ་རིག་ཡེ་ཤེས་དེ་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཐར་ཐུག་འབྲེལ་པ་ཡོད་པ་ནི།། ལན་ཅིག ་སྐྱེ་ཤི་བར་དོ་ལ།། ལུང་ལྡན་གདམས་ངག་འཕྲད་སྲིད་ལ།། མོས་གུས་དད་པས་རྟོགས་འགྱུར་ཚེ།། རང་རིག་ཆོས་སྐུར་ཤེས་པའི་ཕྱིར།། ལུང་མ་བསྟན་པ་བརླག་ཅིང་སྟོང་།། མཐར་ཐུག་འབྲེལ་པ་ཡོད་པ་ནི།། ནམ ་ལངས་ཉི་མ་ཤར་བ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མྱང་འདས་ཀུན་བཟང་གཞི་དང་ནི།། འཁོར་གཞི་ལུང་མ་བསྟན་པ་གཉིས།། ལྷན་ཅིག་མི་གནས་འགལ་བའི་ཕྱིར།། གནས་སྐབས་མཐར་ཐུག་འབྲེལ་པ ་མེད།། ཉི་མའི་དཀྱིལ་ན་མུན་མེད་ལྟར།། དེ་ཕྱིར་ཡེ་ཤེས་ཟང་ཐལ་ཉིད།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་གཞི་ལུང་མ་བསྟན་ལ་སོགས།། ཤན་དབྱེའི་སྐབས་སུ་ངས་བཤད་ཀྱིས།། ལ་བཟླའི་སྐབས་སུ ་ངས་མ་བཤད།། ཕྱི་རབས་རྣལ་འབྱོར་དེ་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་གསུམ་འབྲེལ་མེད་བསྟན་པའི་ལེའུ་སྟེ་བརྒྱ་དང་བདུན ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་མུན་གསེབ་ནས།། འཁྲུལ་དང་མ་འཁྲུལ་བཀའ་སྩལ་པ།། འཁྲུལ་པ་རྣམ་བཞི་དབྱེ་བའི་ཕྱིར།། གསུམ་བྲལ་བཞི་ལྡན་གོལ་ས་མེད།། དེ ་ཕྱིར་ཆོས་སྐུ་གཞི་དང་གཅིག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆགས་སྡང་འབྱུང་བའི་རྒྱུར་བྱུང་བའི།། འཁྲུལ་དང་མ་འཁྲུལ་ཤན་དབྱེ་ན།། ཐོག་མེད་ལས་ཉོན་གྱིས་བསགས་པའི།། སྔར་གྱི་བག་ཆགས་བཟང་ངན ་ནི།། དུས་དང་གནས་སྐབས་འགྱུར་བའི་ཕྱིར།། ཤེས་པ་མ་འཁྲུལ་དངོས་པོ་འཁྲུལ།། ཞེན་པ་བརྟས་ཕྱིར་བག་ཆགས་སྐྱེ།། མི་ཤིའི་ཁ་དོག་དྲན་པ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆགས་སྡང ་འབྱུང་བའི་རྒྱུར་གྱུར་པ།། ཕྱིས་ཀྱི་ཉོན་མོངས་སྐྱེས་པ་ཡང་།། དགའ་དང་མི་དགའ་ལ་སོགས་པ།། གློ་བུར་རྐྱེན་གྱིས་འབྱུང་བའི་ཕྱིར།། དངོས་པོ་མ་འཁྲུལ་ཤེས་པ་འཁྲུལ།། ཟག་པ་སྦྲུལ་དུ་འཛིན་པ་འདྲ།། དེ་ཡང ་འཁོར་གྱི་སེམས་དཔའ་ཉོན།། སྣང་བ་གཞི་ལ་མེད་པ་ལ།། སྤོང་སྡུད་ཞེན་པ་བྱེད་པ་ནི།། བློ་དངོས་གཉིས་ཀ་འཁྲུལ་པའི་ཕྱིར།། མེད་པ་ལ་ནི་ཡོད་རྟོགས་པ།། རི་བོང་རྭ་ལ་ཡོད་རྟོགས་འདྲ།། ད་ཡང་འཁོར་གྱི ་སེམས་དཔའ་ཉོན།། སྐྱེ་བོ་ཐ་མལ་ཤེས་པ་ལ།། བྱ་བ་མ་འགགས་གང་བྱེད་ཀྱང་།། བློ་དངོས་མ་འཁྲུལ་ཆོས་ཉིད་མིན།། ལུང་ལྡན་གདམས་ངག་མེད་པའི་ཕྱིར།། གཞི་ཉིད་མ་ཤེས་མ་རིག་ཡིན།། ཟླ་བ་དཀར་ཀྱང ་མུན་པའི་བག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རྩ་བ་མདོར་བསྡུས་ན།། འཁྲུལ་པའི་གཟུང་འཛིན་ཡ་བདུན་ཀྱང་།། སྣང་བ་ཤེས་པར་མ་ཤེས་ཕྱིར།། སྒྲོ་སྐུར་ཞེན་པས་རང་བསླུས་ཏེ།། གདམས་ངག་མེད ་ཕྱིར་ཆོས་སྐུ་མིན།། དེ་ཕྱིར་གྲུབ་མཐའི་བློ་མ་བསྒྱུར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔ་ཕྱིའི་རྟོག་པ་འཁྲུལ་པར་བསྟན་པའི་ལེའུ་སྟེ་བརྒྱ་དང ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། མ་རིག་སེམས་ཀྱི་མུན་གསེབ་ནས།། ཆོས་སྐུ་ངོ་སྤྲོད་དོན་འདུས་པ།། སྔ་ཕྱིའི་རྟོག་པ་གསུམ་བྲལ་བའི།། རང་རིག་ཆོས་སྐུ་ངོ་ཤེས་ན།། འཁྲུལ་མེད་དེ ་ལྷའི་ཤེས་པ་ལ།། ཐ་མལ་ལུས་ཀྱི་རྟེན་བཅས་པའི།། ཤེས་པ་མ་མ་སྒྲིབས་གསལ་བ་ནི།། རང་བྱུང་ཆོས་སྐུ་ཡིན་པའི་ཕྱིར།། དེ་ལ་མ་རིག་མུན་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལ་ཡོན་ཏན་བཞི་ལྡན ་པ།། སྐྱེ་བོ་མུ་སྟེགས་ཡུལ་འདི་ལ།། ང་དང་བདག་ཏུ་རང་རྒྱུད་བྱེད།། ཞེན་པའི་དམིགས་འཛིན་མེད་པའི་ཕྱིར།། སྣང་བ་མེད་པའི་ཡེ་ཤེས་ནི།། གོལ་མེད་ཆོས་དབྱིངས་ནམ་མཁའ་འདྲ།། ངང་གིས་གསལ་བའི་ཡེ ་ཤེས་ནི།། ཚོགས་དྲུག་འགགས་པའི་འགོག་པ་དང་།། འདུ་ཤེས་མེད་པའི་ལྷ་རུ་གོལ།། གོལ་ས་ཀ་ནས་མེད་པའི་ཕྱིར།། རིན་ཆེན་འོད་འདྲ་འཆར་ནུབ་མེད།། དེ་ཡང་འདུས་པའི་སེམས་དཔའ་ཉོན།། ཡེ་ཤེས་གཉུག ་མར་གནས་པ་ནི།། དབུ་མ་སེམས་ཙམ་མཐུན་བསྒོམ་དང་།། ཐབས་ཀྱི་རྩ་དང་ཐིག་ལེ་སོགས།། འབྱུང་འཇུག་ཅན་གྱི་གོལ་ས་མེད།། བསྐྱེད་རིམ་ཀུན་གཞི་ལ་སོགས་པའི།། ཞི་ཁྲོའི་ལྷ་རུ་བསྒོམ་པ་དང་།། འཕེལ ་འགྲིབ་ཅན་གྱི་གོལ་ས་མེད།། དེ་ཕྱིར་རྒྱུན་དུ་འབྲལ་མེད་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཏན་ལ་འབེབས་པའི་ཡིད་ཀྱིས་ནི།། ལྷག་མཐོང་རིག་པར་རྟོགས་ཙམ་ན།། དམིགས་འཛིན་མེད་ལ་ངང་གིས ་གསལ།། གཉུག་མར་གནས་ལ་འཕེལ་འགྲིབ་མེད།། ད་ལྟའི་ཤེས་པ་འདི་ཉིད་ལ།། རང་རིག་ཆོས་སྐུ་གཅིག་ཏུ་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང ་མཉམ་པའི་རྒྱུད་ལས། ཆོས་སྐུ་ངོས་བཟུང་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། རྣམ་སྨིན་ལུས་དང་བཅས་དུས་འདིར།། ་གཟུགས་སྐུ་མི་འགྱུར་བཀའ་སྩལ་པ།། ད་ལྟ་མངལ་གྱི་སྒྲིབ་གཡོགས་ཀྱིས།། གཟུགས་སྐུ་ངོ་སྤྲད་མི་འདོད་དེ།། ཆེ་བའི་ཡོན་ཏན་མི་འབྱུང་ཕྱིར།། ནམ་སྲོད་ཉི་མ་ནུབ་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ་ལན་གཅིག་དུས་ཀྱི་དེང་སང་ན།། ལུང་མེད་རྨོངས་པའི་ང་རྒྱལ་ཅན།། དཔྱད་བཟོ་རིག་པ་བྱེད་པ་ཀུན།། གཟུགས་སྐུ་ད་ལྟ་ངོ་སྤྲོད་ཡོད།། ཁ་ཚབས་རྫུན་ཚིག་སྨྲ་བ་ལ།། རྨོངས་པ་བདེན་པར་འཛིན་པ་མང་།། ད་ཡང ་འདུས་པའི་སྙིང་པོ་ཉོན།། མ་རིག་རྫུན་དེ་སུན་འདོན་ཏེ།། ད་ལྟ་མངལ་གྱི་སྒྲིབ་གཡོགས་པས།། ལོངས་སྐུ་དང་ནི་སྤྲུལ་པའི་སྐུ།། ཆུ་ཤེལ་སྒྲོན་མེའི་དཔེས་མཚོན་ཀྱང་།། ད་ལྟ་རང་ལ་འབྱུང་མི་སྲིད།། ཁྱུང་སྒོང ་རང་གིས་བཅག་མི་ནུས།། དེ་ཕྱིར་གཟུགས་བརྙན་ཡེ་ཤེས་ནི།། རིས་སུ་བྲིས་དང་ལུགས་སུ་བླུགས།། འབུར་དུ་བཀོད་ལ་སོགས་པ་ཡིས།། གཟུགས་སྐུ་རང་ལ་བྱུང་བ་དང་།། དངོས་སུ་སྤྲད་དུ་མི་འདོད་པས།། དེ ་ཕྱིར་དྲང་དོན་ལྡེམ་དགོངས་སུ།། ཞི་ཁྲོ་བསྒོམ་པ་ལྷ་ཚོགས་བསྟན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྔོན་དུ་གཟུགས་སྐུ་འབྱུང་བ་ཡང་།། རང་རྒྱུད་ལུས་བཅས་མ་ཡིན་ཏེ།། རྒྱུད་དག་སྤྲུལ་པ་ཁ་ཅིག་ལས།། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ནི།། ཆགས་སྡང་ལྔ་དང་བཅས་པ་ཡི།། ཐ་མལ་རང་རྒྱུད་སེམས་འདི་ལ།། གཟུགས་སྐུ་ད་ལྟ་འབྱུང་མི་སྲིད།། ནམ་མཁའ་དངས་པར་ཉི་མ་འཆར།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། ད་ལྟ་གཟུགས་སྐུ་སྤྲོད་འདོད་ན།། མཚན་དང་དཔེ་བྱད་མ་ལུས་ཀུན།། རང་གི་ལུས་དང་ཚད་རྫོགས་པ།། ཞིང་ཁམས་ཡོན་ཏན་ཚད་མཐོང་དགོས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་།། སྐུ་གསུང ་ཐུགས་ནི་མཉམ་དགོས་ན།། དེ་མེད་ཡོན་ཏན་ངོ་སྤྱོད་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། མངལ་གྱི་སྒྲིབ་གཡོགས་མ་བྲལ་བར།། ལུང་ལྡན་རྐྱེན་དང་འཕྲད་སྲིད་ན།། རང་སེམས་ཆོས་སྐུར་རྟོགས་པ་ལ།། ་གཟུགས་སྐུ་མི་འབྱུང་ལུས་ཀྱིས་བསྒྲིབས།། ཉི་མ་སྤྲིན་གྱིས་བསྒྲིབས་པ་འདྲ།། ད་ཡང་འཁོར་གྱི་སྙིང་པོ་ཉོན། སྦྲུལ་སྐུ་ངོ་སྤྲོད་ཡོད་ཟེར་ན།། ད་ལྟ་ཐ་མལ་ལུས་འདི་ཡིས།། འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ།། སྤྲུལ་པ ་བྱེ་བ་ཕྲག་བརྒྱ་འགྱེད། སངས་རྒྱས་དམྱལ་བ་ཡན་ཆད་དུ།། ལུས་ཕྱིན་མིག་གིས་མཐོང་བ་དགོས།། རྣམ་སྨིན་ལུས་དང་བཅས་དུས་འདིར།། ཇི་ལྟར་གཟུགས་སྐུར་ངོ་སྤྲོད་ཀྱང་།། མཐའ་འཁོབ་ཆུ་དང་འཕྲད་པ་ཡང་།། ་མི་ཐར་སྡུག་བསྔལ་འབྱུང་བའི་ཕྱིར།། སྦྲུལ་སྐུ་ངོ་སྤྲོད་ཡོད་ཟེར་འཁྲུལ།། ལྷ་མོ་ཀུན་གྱི་སྨད་གསད་རིགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡིད་སྨོན་ཙམ་དུ་ཡོད་ཟེར་ན།། ཞི་ཁྲོ་ལ་སོགས་བསྒོམ ་པ་ཡང་།། རྒྱུད་ལུང་ཆོས་སྐུ་ལྡེམ་དགོངས་བསྟན།། དེ་ཕྱིར་གཟུགས་སྐུ་གནས་འགྱུར་ལས།། དངོས་སུ་འབྱུང་བར་ངས་མ་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས་སྐུའི་ཡོན་ཏན་འབྱུང་འདོད་པ།། དེ ་ལྟར་རྟགས་ཆེན་འདི་འབྱུང་ཚེ།། སེང་གེ་ཁྱུང་དང་ཨུ་དུམ་པར།། རིན་ཆེན་ལ་སྩོགས་དུས་འདིར་འབྱུང་།། འཇིག་རྟེན་སངས་རྒྱས་འབྱུང་བའི་རྟགས།། དེ་མེད་འཇིགས་གཟུགས་འཇིག་རྟེན་དུ།། སེམས་ཅན་ལུས ་དང་མ་བྲལ་བར།། གཟུགས་སྐུའི་ཡོན་ཏན་འབྱུང་འདོད་ན།། མུ་སྟེགས་ཀ་བ་རི་པར་གོལ།། མ་རིག་རྨོངས་པ་སྙིང་རེ་རྗེ།། མནར་མེད་རྨོངས་པ་སྙིང་རེ་རྗེ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ།། ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལུས་དང་མ་བྲལ་བར་གཟུགས་སྐུ་མི་འབྱུང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་པའོ།། །། སྡོམ་དུ་བསྡུས་ཏེ་བསྟན་པ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས ་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། རྣམ་རྟོག་རང་སར་ཅི་ལྟར་གྲོལ།། མཐའ་མ་རིག་པའི་གདམས་ངག་དང་།། ཐེ་ཚོམ་གེགས་རྣམས་ཅི་ལྟར་བསལ།། ་འདྲ་བ་ལས་ནི་གོལ་བ་གང་།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ་བ།། ་ཐམས་ཅད་ཡེ་ཤེས་ཆོས་སྐུར་གསལ།། མ་རིག་མུན་པ་གདོད་ནས་སངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་རྒྱལ་པོ་མཐོང་བའི་ཚེ།། གཉེན་ཞིང་གུས་པར་བློ་སྐྱེ་བཞིན།། ཆོས་ཉིད་དྲན་པར་རྟོག་པ ་མེད།། རིག་པ་རྒྱུན་ཆགས་དག་ཏུ་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནམ་མཁའ་སྤྲིན་མེད་བཞིན།། རང་བྱུང་རང་རིག་གནོད་མེད་ལྟར།། རྣམ་རྟོག་རང་གྲོལ་འཛིན་མེད་བཞིན།། ཡེ་ཤེས་ངོ་བོ ་ཆོས་སྐུར་གསལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེར་ན་དགུན་ཟླ་འབྲིང་པོ་ལ།། སྤང་ལ་མེ་མཆེད་ཇི་བཞིན་དུ།། ཅི་དྲན་ཆོས་སྐུའི་དོན་དྲན་པས།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ད་ཡང་འཁོར་གྱི་སྙིང ་པོ་ཉོན།། དཔེར་ན་རིན་ཆེན་གསེར་གླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་ལྟར།། གང་དྲན་ཆོས་ཉིད་རང་གསལ་ཕྱིར།། ཏིང་འཛིན་དག་ལ་འབྱུང་འཇུག་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་བ་མྱ་ངན ་འདས་པའི་ཆོས།། ཐམས་ཅད་ཆོས་ཉིད་འགྱུར་མེད་ལ།། བསྒོམ་པའི་ཐ་སྙད་བྲལ་བའི་དོན།། རང་རིག་ཡེ་ཤེས་ཉིད་དུ་གསལ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒྱུད་ལས། རྣམ་རྟོག་ཐམས་ཅད་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ།། །། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྱུང་བ་ཀུན།། གློ་བུར་ཡིན ་ཕྱིར་གནས་ལུགས་མིན།། འཇིག་རྟེན་ཆོས་ལ་བློ་མི་བླང་།། འཁོར་འདས་གཞི་ལ་དོན་མ་རེག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕ་མེད་མ་མེད་ནགས་ཀྱི་བྱེའུ།། ནམ་མཁའི་མཐོངས་སུ་ཐོན་པ་ལྟར།། གློ་བུར ་འཁོར་འདས་གཉིས་མ་ཆད།། ཆོས་སྐུ་རྟོགས་པས་མ་རིག་སངས།། གདོད་མའི་མ་རིག་འདི་ཉིད་ལ།། བལྟ་བར་ཤེས་པས་ཆོག་པའི་ཕྱིར།། འཁོར་འདས་གཉིས་ཀ་འདོད་ནས་དག། ཡུལ་དང་མ་འབྲེལ་ངོ་བོ ་ཉིད།། དེ་དོན་རྟོགས་པས་དོན་ལ་གནས།། ཡེ་རྫོགས་ཆོས་སྐུའི་སྙིང་པོ་ཡིན།། རེ་དོགས་མཐའ་ཀུན་རྣམ་པར་ཞི།། ཚིག་ཏུ་འཛིན་མེད་ཡེ་ནས་དག། གཅིག་དང་དུ་མ་མཐའ་ཡེ་ཆོས།། དེ་ཕྱིར་འཁོར་འདས་གཉིས ་ལས་འདས།། འདི་ཐོས་མི་སྐྲག་ལྷག་པའི་ཆོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་ཕྱིར་རྟག་པ་བྲལ།། ཀུན་ལ་ཁྱབ་པས་ཆད་པ་བྲལ།། མཐའ་དབུས་བྲལ་བས་རང་བྱུང་སྐུ།། ཆོས་སྐུ་ནམ་མཁའ་ལྷ ་བུ་ལ།། བརྗེད་མེད་ལྟ་བ་དྲན་པའི་གཟུངས།། ངེས་དོན་ཕྱིན་ཅི་མ་ལོག་པ།། ཡེ་ཤེས་ལམ་ལ་གནས་པ་འདྲ།། རང་རིག་ངེས་པའི་ལྟ་བ་ལ།། ཡེངས་པ་མེད་པར་ཡིད་ཀྱིས་བལྟ།། དེ་ཡང་ཡུལ་ཅན་མ་ཡིན་ཏེ།། རང ་ལ་རང་ལྟས་ཤིན་ཏུ་གསལ།། དེ་གོམས་མཐར་ཕྱིན་ཡེ་ཤེས་ཐུགས།། ཆོས་ཉིད་སྤྲོས་བྲལ་འགྱུར་བ་མེད།། རང་བྱུང་ཡེ་ཤེས་གཉུག་མར་གནས།། དེ་ཉིད་མི་འབྲལ་ལྟ་བའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ་འཁོར་འདས་གཉིས་ཀྱི་ཆས་འདི་ལ།། ཇི་སྲིད་བག་ཆགས་ཡོད་ཀྱི་བར།། འདི་ལྟར་སྣང་བའི་ཆོས་རྣམས་ལ།། སྣང་བའི་ཡུལ་རྣམས་འདོད་ནས་མེད།། ཅི་སྲིད་བག་ཆགས་དེ་དག་ནི།། ཐག་སྦྲུལ་ཐོ་ཡོར་ཇི་བཞིན ་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཐའ་མ་རེག་པའི་རྟགས་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས ་རྣམས་ལ།། ཀུན་རིག་སྟོན་པ་ཀུན་བཟང་གིས།། ཐེ་ཚོམ་འགག་ཆེན་བཀའ་སྩལ་པ།། རྩོད་པ་ཚིག་གི་འཕྲང་ཆེན་ནི།། གཞི་ངེས་སྣང་བ་མ་ངེས་ཕྱིར།། ལུང་ལྡན་གདམས་ངག་མི་འགལ་བའི།། གཏན་ཚིགས ་ཆེན་པོར་བསྟན་པ་ཡིན།། དཔེར་ན་ཉི་མའི་སྙིང་པོ་ལ།། མུན་སྣང་གཉིས་ཀ་མི་འགལ་ཕྱིར།། གཞི་གཅིག་གང་ཡང་མི་འགལ་བར།། དེ་ཉིད་དུས་ན་ངོས་བཟུང་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་བྲན་རྒྱ ་མཚོར་གཅིག་པ་བཞིན།། གང་ཕྲད་ཡེ་ཤེས་ཆེན་པོ་ལ།། བྱིས་པ་རྣམས་ནི་ཐ་དད་གཟུང་།། དེ་ཕྱིར་བློ་ཡི་སྣང་བ་ཡིན།། ཆོས་རྣམས་སེམས་སུ་འདུས་པའི་ཕྱིར།། བློས་བཞག་ཐེག་པ་རིམ་དགུ་བྱུང་།། གཞི་ལ་ཆོས ་སྐུ་གཅིག་ལས་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་ཉིད་སེམས་སྡུད་སྡུག་བསྔལ་ཡིན།། རང་སེམས་ཡུལ་ན་བེམས་པོར་འགྱུར།། གཅིག་ལས་སྐྱེ་ཤི་མེད་པར་རིགས།། འཆི་འཕོ་ཡོད་ཕྱིར ་བློས་འགྱེལ་ཡིན།། གཉིས་ཀ་ཞེ་ན་བསྲེ་མར་འགྱུར།། ཐམས་ཅད་མ་ལུས་སེམས་ཡིན་ན།། སེམས་ཙམ་ཀ་ཏ་རི་པར་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕར་འགྱེལ་ཚུར་འགྱེལ་སེམས་པ་ནི།། དེ་ཤེས་མ ་ཕན་འཁོར་བ་དང་།། དེ་ཕྱིར་སེམས་རྟོགས་རྩིས་སུ་ཆེ།། དེ་ཕྱིར་ལུང་ལྡན་གདམས་ངག་དགོས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ང་ཡི་ངེས་དོན་ཆོས་འདི་ལ།། བསྒོམ་དུ་ཡོད་མེད་མཐའ་ཡི་ཆོས།། སངས་རྒྱས ་སེམས་ཅན་གཞི་གཅིག་ཕྱིར།། རྒྱུ་འབྲས་ཡོད་མེད་ལྷུན་གྱིས་གྲུབ།། རྟོགས་ན་མ་བསྒོམ་འབྲལ་མེད་པར།། ཆོས་སྐུ་རང་བྱུང་དེ་ཉིད་ལ།། དུས་གསུམ་དག་ཏུ་འབྲལ་མེད་པས།། དེ་ཕྱིར་ངེས་དོན་བསྒོམ་མི་དགོས།། ་ད་ཡང་འདུས་པའི་སྙིང་པོ་ཉོན།། ཕུང་པོ་སངས་རྒྱས་ལྷ་ཚོགས་ན།། བསྒོམ་པས་མ་ཕན་རྣལ་འབྱོར་འཆིང་།། སྣང་བ་བོར་ནས་སངས་རྒྱས་ན།། རྟོགས་ཚོགས་སངས་རྒྱས་ཅི་ལ་ཡིན།། ད་ལྟ་ཆོས་སྐུ་མ་ཤེས་ན།། ་གསང་སྔགས་མན་ངག་ཅི་ལ་ཆེ།། དེ་ཕྱིར་བསྟན་ཤེས་བསྒོམ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྲེལ་པ་ཡང་།། མ་རྟོགས་ཐུགས་རྗེ་ཕན་མི་ནུས།། ཡོད་ན་སེམས་ཅན་ཅི་ལ ་འཁོར།། གནས་སྐབས་འབྲེལ་པ་མེད་པ་ལ།། མཐར་ཐུག་ཅི་ཡི་འབྲེལ་པ་ཡོད།། རྒྱུ་འབྲས་ཚོགས་ནི་འོག་མའི་ཆོས།། འདི་ཉིད་ལྟོས་པ་རྒྱུ་འབྲས་ཆོས། གཞི་ལ་གཅིག་པ་སྣང་ལུགས་གཉིས།། དོན་ལ་གཉིས་ཀ ་གང་ཡང་མེད།། དེ་ཡང་འཁོར་འདས་མ་རིག་ཆོས།། ནམ་མཁའི་ཆོས་ནི་དངོས་མེད་ཕྱིར།། འཁོར་བའི་རྣམ་རྟོག་ཅི་ལ་ཡོད།། མ་སྤངས་གྲོལ་ཕྱིར་བསྒོམ་དུ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཞི་གནས ་བསམ་གཏན་ཉམས་མྱོང་ཕྱིར།། ཡིད་ལ་ཉམས་སུ་མྱོང་བ་ནི།། ཞི་གནས་ཡིན་ཕྱིར་ལྷག་མཐོང་མིན།། ཉམས་མྱོང་མེད་པ་གདེང་དང་བྲལ།། དེ་ཕྱིར་བློན་པོའི་སྤྱོད་ཡུལ་མིན།། གཞི་ཉིད་རྟོགས་ན་ཉམས་མི ་དགོས།། དེ་ཕྱིར་རྟོགས་པ་ཤིན་ཏུ་གཅེས།། གང་ལྟར་དྲན་པ་ཉམས་ཀྱི་མཆོག། དེ་ལ་འདི་ཞེས་སྨྲ་མི་ནུས།། དེ་ཕྱིར་མ་བསྒོམས་ང་ཡི་ཉམས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཉིས་ལས་ང་སྨྲ ་ཕྱིར།། སངས་རྒྱས་ཀུན་ལས་ལུང་འདི་སྔ།། ཀུན་ཏུ་བཟང་པོ་འདི་རྟོགས་པས།། སངས་རྒྱས་ཐམས་ཅད་ཕྱི་ནས་རྒྱས།། དེ་ཕྱིར་སངས་རྒྱས་མ་གསུངས་ཆོས།། སངས་རྒྱས་སེམས་ཅན་ང་ལས་བྱུང་།། གཞི་ལ་གཉིས ་ཀ་མེད་པའི་ཕྱིར།། སེམས་ཅན་ཐ་མལ་ལུས་སྲོག་ལ།། དེ་ཤེས་གཅོད་སྤང་ལ་སོགས་བྱེད།། ཕོ་ཚོད་ལྟ་བ་བདུད་ཀྱི་ལས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་རྩ་བ་ནི།། དངོས་པོ་མེད་པར་ཤེས་པ ་ཡོད།། ཡིད་སྣང་སེམས་ཀྱི་རང་བཞིན་ལ།། ངེས་དོན་བཀའ་དང་དྲང་དོན་ལས།། ངོ་བོ་གཞི་གཅིག་མི་འགལ་ཀྱང་།། རྣམ་སྣང་ཤཱཀ་ཐུབ་ཞིང་ཁམས་བཞིན།། ཡུལ་གྱི་སྣང་བ་ཐ་དད་པ།། གཏན ་ཚིགས་བཞི་ཡི་རང་བཞིན་གསལ།། སྣང་བའི་ཞེན་པ་གང་འགོག་པ།། བལྟ་བའི་ཡུལ་ནི་རྣམ་བཞི་ཡིས།། ཐམས་ཅད་བློ་ཡི་སྣང་བ་དེ།། གང་ཡང་མི་འགལ་ཞེན་པ་འགོགས།། དེ་ཕྱིར་ངེས་དོན་གདམས་ངག་ཆེ།། ་བདེ་བས་རང་སེམས་རྟོགས་པའི་ཐབས།། ཀུན་གཞི་གཞི་ཆ་ངོས་ཟིན་ན།། ཡེ་ཤེས་ལྷུན་གྲུབ་རྫོགས་ཆེད་དུ།། རང་རིག་རྒྱལ་པོ་ཡེ་ཤེས་འཕྱོ།། མ་རྟོགས་ལོག་རྟོགས་འགོག་པའི་ཕྱིར།། མདོ་སྡེ་དང་ནི་རྒྱུད་སྡེ་ལ།། ་ཚད་མ་བཞི་ཡི་གཏན་ཚིགས་ཀྱིས།། ཐེག་པ་གོང་འོག་ཁྱད་པར་གྱི།། མིང་དང་ཐ་སྙད་བསམ་ཡས་ནི།། ཞེན་པ་ལོག་པའི་ཐབས་སུ་ཟད།། རྡོ་རྗེ་ཐེག་པ་འདི་ལས་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་མི ་འགོག་ཆོས་དབྱིངས་ལ།། ཞེན་པ་མེད་པའི་ཡེ་ཤེས་ཏེ།། ཀུན་གྱི་རང་བཞིན་མ་བཅོས་ཏེ།། དེ་ཉིད་དོན་དང་གང་ལྡན་པ།། མི་ཡིས་ལུས་ལ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐེ་ཚོམ་གྱི་གནས་བསལ་བའི་ལེའུ་སྟེ་བརྒྱ་དང་བཅུ་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངེས་དོན་སངས ་རྒྱས་དགོངས་པ་ལ།། ནོར་དང་གོལ་གྱི་དོགས་པ་ཡི།། གོང་འོག་ཁྱད་པར་ངས་བཤད་ཉོན།། མུ་སྟེགས་རྟག་པ་ཐེར་ཟུག་དང་།། རྫོགས་ཆེན་འགྱུར་མེད་ཆོས་སྐུ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར ་ཡུལ་དང་གོལ་ས་ཆོད།། མུ་སྟེགས་རྟག་ཆད་དངོས་མེད་དང་། ཆོས་སྐུ་དབྱིངས་རིག་དབྱེར་མེད་གཉིས།། འདྲ་དང་ནོར་བས་གོལ་དེ་འགྲོ།། དེ་ཕྱིར་ནང་གི་སྒྲོ་འདོགས་ཆོད།། སོ་སོ་སྐྱེ་བོ་ཐ་མལ་དང་།། རྫོགས་ཆེན ་ཁ་འབྱམས་བསྒོམ་མེད་གཉིས།། འདྲ་དང་ནོར་བས་གོལ་དེ་འགྲོ།། དེ་ཕྱིར་གྲུབ་མཐའ་བློ་བསྒྱུར་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་རང་རིག་རང་གསལ་དང་།། ཆོས་སྐུའི་རིག་པ་གསལ་བ ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཀུན་གཞི་ཤན་དབྱེ་དགོས།། ཐུན་མོང་དག་གི་དབང་གསུམ་དང་།། ཁྱད་པར་འཕགས་པའི་དབང་གསུམ་ཉིད།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཡེ ་རྫོགས་དབང་གསུམ་དགོས།། དབུ་མ་སྤྲོས་དང་བྲལ་བ་དང་།། རྫོགས་ཆེན་གོལ་སྒྲིབ་མེད་པ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་འཁོར་འདས་མ་རེག་དགོས།། རང་བྱུང་ངོ་བོའི་ལུས་དང་ནི།། དང ་པོའི་ཤེས་བཞིན་ལུང་མ་བསྟན།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཐོག་མཐའ་བཅད་པ་དགོས།། དང་པོ་འཁོར་འདས་པར་དོ་དང་།། ཐ་མ་སྲིད་པ་བར་དོ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ ་ཕྱིར་འཆི་ཁའི་གདམས་ངག་དགོས།། ཞི་གནས་བྱིང་རྒོད་བྲལ་བ་དང་།། རྫོགས་ཆེན་སྔ་ཕྱི་བྲལ་བ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཆོས་སྐུ་ཆེན་པོར་དགོས།། བསམ་གཏན་ཤེས ་བཞི་དབྱེར་མེད་དང་།། རྫོགས་ཆེན་ལྷག་མཐོང་རིག་པ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་རྐྱེན་ཐུབ་གདམས་ངག་དགོས།། སྣང་སྟོང་དབྱེར་མེད་ལྟ་བ་དང་།། རང་བྱུང་སྣང་བ་ཆོས་དབྱིངས ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་ཡུལ་སེམས་ཤན་དབྱེ་དགོས།། ཐབས་ཀྱི་རོ་སྙོམས་འབྲལ་མེད་དང་།། རྫོགས་ཆེན་ཆོས་སྐུ་འབྲལ་མེད་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། དེ་ཕྱིར་དང ་པོ་གཞི་ཤེས་དགོས།། ཐོས་ཆུང་ཉམས་མྱོང་ཞེན་པ་དང་།། བདུད་ཀྱི་ཆོ་འཕྲུལ་བཅོ་བརྒྱད་གཉིས།། འདྲ་བ་ལས་ནི་ནོར་བས་གོལ།། དེ་ཕྱིར་ཟིལ་གནོན་མན་ངག་གཅེས།། ལྷུན་གྲུབ་སེམས་སུ་འདོད་པ་དང་།། ་སེམས་ལས་བྱུང་བའི་ཆོས་སྐུ་གཉིས།། འདྲ་བ་ལས་ནི་ནོར་བས་གོལ།། དེ་ཕྱིར་ཐེག་པ་ཤན་དབྱེ་དགོས།། ཐབས་ཀྱིས་ཟིན་པའི་བདེ་བ་དང་།། ལྟ་བ་རྟོགས་པའི་བདེ་བ་གཉིས།། འདྲ་དང་ནོར་བས་གོལ་ཏེ་འགྲོ།། ་དེ་ཕྱིར་ཡེ་ཤེས་རྐྱེན་ཐུབ་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྒོམ་པ་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བཞི་པའོ།། སྡོམ་དུ ་བསྡུས་ཏེ་བསྟན་པ་ཉེར་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། རང་རིག་ཆོས་ཉིད་ལ་བཟླའི་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། མ་བསྒོམས་དོན་དང ་མི་འབྲལ་བའི།། ཡེ་ཤེས་རང་ཤར་གདམས་ངག་དགོས།། རྣམ་པར་རྟོག་པ་མི་འགོག་པའི།། རང་ཤར་སྤྱོད་པ་ཇི་ལྟར་སྦྱང་།། ཡེ་ཤེས་ལ་ནི་ཇི་ལྟར་སྦྱང་།། དེ་ཡིས་འབྲས་བུ་ཇི་ལྟར་སྦྱང་།། མཉམ་པའི་རྒྱལ་པོས ་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། མ་བསྒོམས་འབྲལ་བ་མེད་པ་ཡི།། ཡེ་ཤེས་རང་ཤར་ངེས་པའི་དོན།། ཀུན་རིག་སྟོན་པས་བཀའ་སྩལ་པ།། དངོས་པོ་མ་འཁྲུལ་རིག་པ་ལ།། ཚོར་བ་བདེ་སྡུག ་ཅི་བྱུང་ཡང་།། ལུང་ལྡན་རིན་ཆེན་བྱིན་གྱིས་ནི།། དེ་ཉིད་ཆོས་སྐུར་ཉམས་སུ་མྱོང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་སྣང་བ་གང་བྱུང་ཡང་།། མ་འཁྲུལ་པ་ཡི་རིག་པ་ཡི།། དོན་གྱིས་ཟིན་པའི་ཡེ་ཤེས་ཏེ།། ་ཆོས་ཉིད་དག་གི་གནས་ལུགས་ཡིན།། དེ་ཉིད་ལུང་ལྡན་སྒྲོན་མ་ཡིས།། མ་རིག་མུན་པ་མེད་པའི་ཕྱིར།། སྒྲོ་སྐུར་བྲལ་བའི་ཡེ་ཤེས་ལ།། ཆོས་ཀྱི་སྐུ་ཞེས་དེ་ལ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལས་དང་པོ་ཡི ་ད་ལྡན་ལ།། དངོས་པོ་ཡུལ་ལ་བརྟེན་ཏེ་བསྟན།། སྣང་བ་མི་འགོག་ཐབས་ཡིན་པས།། དེ་བསྟན་ཡུལ་དང་འབྲལ་མེད་དགོས།། ཚོར་བ་བདེ་བ་འཇམ་དང་ཞིམ།། དགའ་བ་རང་ཉམས་མྱོང་བའི་ཚེ།། ཡུལ་མེད ་ཉམས་སུ་མྱོང་ཚད་ནི།། མན་ངག་ལུང་གི་ཆོས་སྐུར་ཤེས།། དེ་ཕྱིར་ཡེ་ཤེས་རང་ཤར་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཚོར་བ་བདེ་སྡུག་སྡུག་བསྔལ་དང་།། ན་ཚ་མི་ཞིམ་རྩུབ་པ་དང་།། དགའ ་དང་མི་དགའ་ཅི་བྱུང་ཡང་།། ལུང་ལྡན་རིན་ཆེན་རྐྱེན་གྱིས་ནི།། ཆོས་སྐུར་ཉམས་སུ་མྱོང་བའི་ཕྱིར།། ལུང་ལྡན་གནས་སྐབས་མཐར་ཐུག་གི།། འབྲེལ་བ་མེད་ཤེས་ཉམས་ཀྱི་ཚད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ་ཡུལ་འདི་རིག་མེད་འཁྲུལ་པར་ཤེས།། འདུས་བྱས་ཡིན་ཕྱིར་ཆོས་སྐུ་མིན།། སྡུག་བསྔལ་ཚོར་བ་གང་བྱུང་ཡང་།། དེ་དག་རྟག་ཆད་མཐའ་མར་ལྟུང་།། བྱིང་རྒོད་བླང་དོར་སྐྱོན་མ་གོས།། དེ་ཕྱིར་ཆོས་སྐུ་བསྒོམ་མི ་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་དྲན་རྟོག་ཅིར་སྣང་ཡང་།། གང་འཕྲད་ཆོས་སྐུར་ཉམས་སུ་མྱོང་།། དེ་ཡང་ཡུལ་དྲུག་འབྲེལ་མེད་ཤེས།། གྲངས་ནི་རྣམ་པ་དགུར་ནི་བསྟན།། གང་མཐོང་གང་དྲན ་ལྷག་མཐོང་ལ།། རྐྱེན་ཐུབ་དྲུག་ནི་དོན་གྱིས་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་རུ་མི་འཛིན་ལྟ་བ་ལ།། རིག་པ་རྒྱ་ཡན་ཆོས་སྐུར་གསལ།། ཡོད་ལ་གདེང་གིས་ཟིན་པ་ལ།། ཉམས་དང་ལྡན་པས་ཚད ་ཅེས་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅོ་ལྔ་པའོ།། །། དེ་ནས་ཀུན་རིག་ཆོས ་རྗེ་ཡིས།། ཐ་མལ་རྣམ་རྟོག་མི་འགག་པའི།། ལ་ཟློའི་སྤྱོད་པ་བཀའ་སྩལ་པ།། གཞི་ཤེས་བློ་དངོས་གཅིག་པ་དང་།། བརྟུལ་ཞུགས་མཆོག་དང་བགེགས་མེད་པའི།། ལ་ཟློའི་སྤྱོད་པ་དམ་པར་ཟུང་།། གཞི་ཤེས་རང ་སར་སྤྱོད་པ་ནི།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཡུལ་མེད་ཆོས་སྐུ་ངོས་ཟིན་པས།། ལུས་ངག་བྱ་བྱེད་རྗེས་མེད་པའི།། གཞན་དུ་འཛིན་མེད་རང་རིག་སྐུ།། སྔ་ཕྱི་མ་བསླད་མ་བཅོས་པའི།། འདུ་འབྲལ་མེད ་པའི་ཡེ་ཤེས་ནི།། སུས་ཀྱང་མ་བྱས་རང་བྱུང་བདེ།། གཞི་ཉིད་ཤེས་པས་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་རིག་པ་འགྲོ་འོང་མེད།། རྟག་ཆད་མཐའ་ཡི་སྒྲོ་སྐུར་བྲལ།། རང་རིག་སྤྱོད་པ ་གང་སྤྱོད་ཀྱང་།། ཆོས་ཀྱི་སྐུ་ལས་མ་གཏོགས་པར།། རྡུལ་ཙམ་གཞན་ནས་ཡོད་མི་སྲིད།། དེ་ཕྱིར་ཤེས་པ་རང་ཡན་ལ། ལྷག་མཐོང་དྲན་པའི་གདེང་གིས་ཟིན།། ཡེངས་དང་མ་ཡེངས་མེད་པར་ནི།། ལྟ་བའི་གདེངས ་ཀྱིས་འབྲལ་མེད་ཕྱིར།། ཆོས་སྐུ་གཞིར་ཤེས་སྤྱོད་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ཤེས་པའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ ་དྲུག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། བློ་དངོས་སྤྱོད་པ་བསྟན་པའི་ཕྱིར།། གཞི་ཉིད་དེ་ལྟར་རྟོགས་པ་ལ།། སྣང་བ་ངེས་མེད་སེམས་ལ་རྒྱུ།། དེ་རྒྱུ་ཙམ་ན་ཆོས ་སྐུ་ཉིད།། དེ་ལྟར་ཐག་ཆོད་ངེས་པ་ཡིས།། བསྒོམ་དང་མི་བསྒོམ་རང་སར་གྲོལ།། གང་ཡང་ཆོས་སྐུར་འགྱུར་བ་མེད།། བློ་དང་དངོས་པོར་བྱེད་མི་བྱེད།། ནམ་མཁའ་འཇའ་ཚོན་མ་འདྲེས་རྫོགས།། བློ ་དང་སྣང་བ་དངོས་པོའི་ཆོས།། སེམས་ཀྱི་སྣང་བ་ཅིར་སྣང་ཡང་།། དངོས་མེད་རིག་པ་ཆོས་སྐུར་ཤེས།། བསྒོམ་དང་མི་བསྒོམ་ཐ་སྙད་བྲལ།། དེ་ཕྱིར་བློ་དངོས་ཡེ་ཤེས་ཤར།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད ་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། བརྟུལ་ཞུགས་མཆོག་སྤྱོད ་བཀའ་སྩལ་པ།། ལྟ་བ་ལ་ནི་བཟླ་བའི་ཕྱིར།། སྤྱོད་པ་རྩིང་པོ་ཆེད་དུ་དགོས།། དེ་མི་འཆིང་བའི་གདམས་ངག་ཡོད།། དེ་ཕྱིར་རང་གྲོལ་རྟོགས་པ་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་ལུང་ལྡན་པའི་རྣལ ་འབྱོར་པས།། མ་དང་སྲིང་མོ་ཀུན་སྤྱད་ཀྱིས།། གཞན་གྱི་བུད་མེད་སྨོས་ཅི་དགོས།། སེམས་ཅན་མནར་སྦྱངས་བསད་གྱུར་ཅིང་།། དགེ་འདུན་མཆོད་རྟེན་དཀོར་འཕྲོག་ཀྱང་།། སྐྱོན་སྒྲིབ་མེད་པར་ཡེ་ཤེས་ཤར།། ་དམྱལ་དཔོན་ལྟུང་བ་མེད་པ་བཞིན།། བརྟུལ་ཞུགས་མཆོག་གི་སྤྱོད་པ་ལ།། བསྲུང་བའི་དམ་ཚིག་མི་འགལ་ཏེ།། ལུང་རིག་ལྡན་པའི་ཆོས་འདི་དགོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེང་སང་དུས་ཀྱི་ཆོས་བྱེད ་རྣམས།། ཞི་འཇམ་རྒྱུད་ནི་འབོལ་པ་དེ།། གདམས་ངག་མེད་ཕྱིར་བྱོལ་སོང་རྒྱུ།། དེ་ཕྱིར་རྨོངས་པ་སྙིང་རེ་རྗེ།། ཞི་འབོལ་འབྲས་བུ་ཐོབ་པ་མེད།། ལྷ་རྣམས་འཇིག་རྟེན་ལྟུང་བ་མེད།། ལྟ་བ་མ་རྟོགས་ཐམས་ཅད ་ལྟུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བརྟུལ་ཞུགས་མཆོག་གི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅོ་བརྒྱད་པའོ།། །། དེ་ནས་འདུས ་པའི་ཚོགས་རྣམས་ལ།། གཞི་ལ་འདྲེ་མེད་བསྟན་པའི་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། འདྲེ་ཡོད་སུན་འདོན་བཀའ་སྩལ་པ།། གཞི་ལ་ལྷ་འདྲེ་མེད་པ་ལ།། མུ་སྟེགས་སྐྱེ་བོ་བདེན་འཛིན་པས།། འདྲེ་ཡོད་སུན ་འདོན་ལ་ཟློ་དགོས།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་རྟོག་པ་མ་ཟད་པར།། གནོད་པའི་བགེགས་ལ་ཟད་པ་མེད།། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཡང་།། ་གཞི་ལ་གང་ཡང་མེད་པ་ཡི།། བཙུན་པ་ཁྲིམས་འཆལ་ཨུ་ལི་ཡིས།། མུ་སྟེགས་ལོག་ལྷའི་ལྷ་བསྒྲུབས་པས།། ཁ་ཆེ་བྱེ་བྲག་སྨྲ་བ་ཡི།། ཐོལ་ཐོལ་སྨྲ་ལ་ལབ་ལབ་འབར།། བདུད་ཀྱི་བྱིན་རླབས་གློ་བུར་བྱུང་།། ལྷ་མེད ་ལྷར་འཛིན་འདྲེ་རྣམས་གནོད།། འདུ་བ་རྣམ་བཞིའི་ནད་དང་ནི།། ཡེ་འདྲོགས་སུམ་བརྒྱ་དྲུག་གིས་བྱས།། དེ་ཡང་རྫུན་དུ་སྨྲ་བ་ལ།། རྨོངས་པའི་སྐྱེ་བོས་བདེན་སྙམ་ནས།། མོ་ཆོག་བྱས་པས་དགེ་བ་ཉམས།། འདྲེ ་མཆོད་བདུད་དུ་སླར་ལ་ཆེ།། འབྱུང་བ་བཞི་ལ་འདྲེ་ཡོད་ཟེར།། སྲིད་པའི་སྐྱེ་འགགས་མི་ལ་གནོད།། མི་ཤི་འདྲེ་བྱུང་གནོད་ཟེར་ཏེ།། རྒྱབ་མཆོད་འདྲེ་ནི་རྟགས་བྱས་པས།། ན་ཚ་གོད་ཁ་སླར་ལ ་འོང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྲིད་པ་སྤྱི་བགེགས་ཆེན་པོ་ནི།། སྐྱེ་བོ་རྒྱང་འཕེན་པ་ལ་ཡོད།། སངས་རྒྱས་ཆོས་ལ་འདྲེ་མེད་ཕྱིར།། ཆོས་དང་གང་ཟག་བདག་དང་བྲལ།། དེ་ཕྱིར་སྣང་བ་མེད་པའི་ཕྱིར།། ་སྲིད་པ་སྤྱི་འདྲེ་གཞི་ལ་མེད།། འདྲེ་ཡོད་ཟེར་བ་ལྟ་བ་ལོག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ལ་འདྲེ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་བཅུ ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། འདྲེ་ནི་སུན་འདོན་བཀའ་སྩལ་པ།། འཇིག་རྟེན་ཞིག་ན་འདྲེ་ཡང་མེད།། ཀུན་བརྟགས་མ་རིག་ཡུལ་དུ་བརྟགས།། མ ་རིག་མེད་ན་འདྲེ་ཡང་མེད།། འདྲེ་ནི་གློ་བུར་བཏགས་པ་ཙམ།། མི་ལས་གྱུར་པར་འདྲེ་གདོན་ན།། ལུས་ཅན་གནོད་ན་མ་ཤི་རིགས།། ལུས་མེད་སྟོང་པས་གནོད་མི་ནུས།། དེ་ཕྱིར་འདྲེ་གནོད་རྫུན་པོ་ཆེ།། ལྷ་བཀའ ་མི་ཀུན་རྫུན་གྱིས་བསླུས།། ཐ་མལ་ལས་ཀྱི་དུས་ཟད་ན།། མོ་ཆོག་བྱས་དང་མ་བྱས་མེད།། རྐྱེན་མི་ཟློག་སྟེ་ཀུན་ཀ་འཆི།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་ལྷ་འདྲེ་ཀུན་མེད་དེ།། འཁྲུལ་པའི་བློ་ཡིས ་བརྟགས་པ་ལས།། རྟོགས་པས་འདྲེ་མེད་ལ་བཟླས་ན།། འཁོར་འདས་མ་རིག་ཆོས་འདི་ལ།། ལྷ་འདྲེ་བྱ་བའི་མིང་མི་ཤེས།། ཐམས་ཅད་ཐིག་ལེ་ཉག་གཅིག་སྐུ།། དུག་ཤེས་སྨན་དུ་སྦྱར་ཤེས་ལྟར།། འདྲེ་ཉིད་ཡེ ་ཤེས་ཀློང་དུ་ཤེས།། དགག་བསྒྲུབ་མེད་ཕྱིར་འདྲེ་རྣམས་སྟོངས།། རྐྱེན་གྱིས་མི་ཚུགས་ནམ་མཁའ་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་དོན་གྱི་ངོ་བོ་ལ།། ལྷ་འདྲེ་མེད་པས་ཡེ་ཤེས་སྐུ།། གང་ལ་རྟོག ་མེད་རང་བྱུང་ལ།། ངེས་དོན་མན་ངག་རྟོགས་པའི་ཕྱིར།། བསླུ་བྲིད་ཆོས་ཀྱི་གོལ་སྒྲིབ་མེད།། འདྲེ་མེད་ཡེ་ཤེས་ལ་ཟླའོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། འདྲེ་མེད་སུན་འདོན་བསྟན་པ། ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། ཡེ་ཤེས་ལ་བཟླ་བཀའ་སྩལ་པ།། རྒྱུ་དང་འབྲས་བུ ་གཅིག་ཕྱིར།། རིམ་པར་དབྱེར་མེད་ངོ་བོ་གཅིག། སངས་རྒྱས་མ་ཚོལ་རང་ལ་གནས།། དེ་ཕྱིར་རྒྱུ་འབྲས་དབྱེ་རུ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་རྩ་བ་གཅིག་པའི་ཕྱིར།། རང་བཞིན་ལུས་དེ་ངོ ་ཤེས་པས།། ཐར་བ་ཐོབ་ཅེས་བསྟན་པའི་ཕྱིར།། འཁོར་འདས་མེད་པར་ཆོས་སྐུར་རྟོགས།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། མ་བྱུང་མ་སྐྱེས་ཆོས་དབྱིངས་ལ།། དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར།། ཕྱི་ནང་མ ་བསལ་ཡེ་ནས་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་རིག་ལས་སྐྱེས་སེམས་ཅན་དང་།། ཡེ་ཤེས་ལས་བྱུང་སངས་རྒྱས་གཉིས།། ངེས་ལུང་ལྡན་པས་ཆོས་སྐུར་གཅིག། མ་བཅལ་ལ་ཟློ་ཆེན་པོ ་ཡི།། བདེ་དང་སྡུག་བསྔལ་འཁོར་འདས་ཆོས།། རྟོགས་དང་མ་རྟོགས་གཉིས་མེད་ཕྱིར།། ཡུལ་དང་འཛིན་པ་བློ་མེད་པས།། མ་བཙལ་ཡེ་ཤེས་རང་གནས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཙང་སྨེ་གཞི་ལ ་མེད་པའི་ཕྱིར།། བློ་ཡིས་བྱས་པ་ཐམས་ཅད་འཁྲུལ།། མ་བྱས་མ་བཅོས་རང་རིག་ཉམས།། ལ་བཟླ་བཟང་ངན་མེད་པར་གྱིས།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐོ་དམན་ཆེ་ཆུང་མ་ལུས་ཀུན།། མན་ངག་ཅན་ལ ་ཆེ་ཆུང་མེད།། ཡེ་ཤེས་རང་ལ་གནས་པ་ལ།། མཐོ་དམན་མེད་པར་རྟོགས་པར་གྱིས།། རང་བྱུང་སྐྱེ་འཆི་མེད་པའི་ཕྱིར།། དུས་གསུམ་གཅིག་ལ་ཡེ་ཤེས་སྐུ།། གྲངས་དང་ཚེ་ཚད་བགྲང་དུ་མེད།། དེ་ཕྱིར་མི་འགྱུར ་ཡེ་ཤེས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་རང་ཤར་ལ་ཟློས་ན།། གང་ལྟར་སྣང་དྲན་ཆོས་ཉིད་ལ།། མ་བཙལ་ཡེ་ཤེས་རང་གནས་ཕྱིར།། བསྒོམ་མི་དགོས་པ་ལ་ཟླའོ།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་ཤར་ལ་བཟླ་བ་བསྟན་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ།། །། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། དད་ལྡན་འདུས་པའི ་འཁོར་རྣམས་ལ།། རྟོགས་པའི་འབྲས་བུ་བཀའ་སྩལ་པ།། རྟོགས་པའི་ཡོན་ཏན་དུས་འདིར་ནི།། ལུས་མེད་སྒོ་ལྔའི་རིག་པས་ཀྱང་།། སྔར་མ་མཐོང་བའི་ཞིང་ཁམས་སུ།། ཡེ་ཤེས་སྤྱན་གྱིས་དུས་གཅིག་མཐོང་།། ་འཆར་ནུབ་མེད་པའི་ཉི་ཟླ་ཤར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མ་བསམས་པ་ཡི་ལྷག་མཐོང་ལ།། མ་བརྗེད་པ་ཡི་གཟུངས་ཀྱིས་ཟིན།། མ་ཟོས་བདུད་རྩིའི་རོ་མཆོག་མྱོང་།། མ་བསྒྲུབས་པ་ཡི་འབྲས་བུ་ཐོབ།། ་མ་བཙལ་པ་ཡི་དོན་གཅིག་གྲུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཕྱིར་ངེས་དོན་འདི་བཙལ་ན།། དུས་འདིར་ཆོས་ཉིད་བདེན་པ་མཐོང་།། ཐུན་མོང་དངོས་གྲུབ་ཅི་བསམ་གྲུབ།། རྗེས་དྲན་ཡོན་ཏན་པར་དོར ་འོངས།། དུས་དེར་སངས་རྒྱས་སྨོས་ཅི་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་མངོན་དུ་འབྱུང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉེར ་གཉིས་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་དྲུག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ཀྱིས།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཐིག་ལེ་བརྒྱད་ཀྱི་དབྱེ་བ ་གང་།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཕྱི་ནང་མ་བཅོས་མྱ་ངན་འདས།། མྱང་འདས་དོན་ནི་ཆོས་ཀྱི་སྐུ།། ཆོས་ཀྱི་དབྱིངས་ནི་སྐུ་ཡི་འོད།། སྙིང་པོའི་འབྲས་བུ་ཡེ་ཤེས་སྐུ།། ་སྙིང་པོ་ཀུན་ལ་ཁྱབ་ཅིང་འདུས།། ཐུགས་ཀྱི་ཉིང་ཁུ་ཡིན་པའི་ཕྱིར།། ཐིག་ལེ་འགྱུར་བ་མེད་པའི་དོན།། ཀུན་བཟང་རྡོ་རྗེའི་བྱིན་བརླབས་ཀྱིས།། ཚིག་ཏུ་མ་བཀོད་ཐུགས་ལ་རྒྱུད།། དོན་གྱི་གཏིང་ཕྱིན ་བསྟན་པའི་ཕྱིར།། ཚིག་ཉུང་དོན་དུ་བགྲང་བའི་ཕྱིར།། ཐིག་ལེ་ལ་ཤན་དབྱེ་བ་ནི།། མཚན་ཉིད་བརྟགས་པའི་ཐིག་ལེ་དང་།། གསང་སྔགས་སྤྱི་ཡི་ཐིག་ལེ་དང་།། རྫོགས་པ་ཆེན་པོའི་ཐིག་ལེ་དང་།། ཡང་ཏི་ཐིག་ལེ ་ཉག་གཅིག་ལ།། རེ་རེ་ལ་ནི་བཞི་བཞི་སྟེ།། ངོ་བོ་དཔེ་དང་གཏན་ཚིགས་ཀྱིས།། འགྲོ་ས་ལ་ཤན་དབྱེ་བ་དང་།། རྩལ་གྱི་སྒོ་ནས་གསུམ་བསྟན་པ།། སྣང་བ་ཆོས་ཀྱི་སྐུ་ལ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ་བཏགས་པ་མིང་གི་ཐིག་ལེ་ཡི།། མཚན་ཉིད་ཐེག་པ་རྣམ་གསུམ་ལ།། ངོ་བོ་རྣམ་ཤེས་ཚོགས་བརྒྱད་ལ།། དཔེ་ནི་དམུས་ལོང་གཡུ་རྡོ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཚོགས་བརྒྱད་སེམས་སུ་གཅིག ་ལེ་ནི་ཁམས་གསུམ་ཡོངས་ལ་ཁྱབ།། འགྲོ་ས་སྲིད་པའི་ཡང་རྩེ་ཡིན།། གཞི་ཡི་ཐིག་ལེ་བསྟན་པ་ནི།། གསང་སྔགས་ཕྱི་རྒྱུད་རྣམ་པ་གསུམ།། ངོ་བོ་ཀུན་གཞིའི་རྣམ་ཤེས་ལ།། དཔེ་ནི་ས་དང་ཆུ་འདྲེས་འདྲ།། གཏན ་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཀུན་གྱི་སེམས་ཀྱི་གཞི།། ལེ་ནི་འགྲོ་དྲུག་ཡོངས་ལ་ཁྱབ།། འགྲོ་ས་འདས་དང་མ་འདས་པ།། དོན་གྱི་ཐིག་ལེ་བསྟན་པ་ནི།། རྫོགས་ཆེན་ཨ་ཏི་སྤྱི་ཡི་གཞུག། ངོ་བོ་ཀུན་གཞི་ལུང ་མ་བསྟན།། དཔེ་ནི་ཞོ་དང་འོ་མ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཀུན་གཞི་གཉུག་མ་ལ།། ལེ་ནི་ཐམས་ཅད་སེམས་སུ་སྣང་།། འགྲོ་ས་གར་འགྲོ་ངེས་པ་མེད།། དེ་ཡང་འཁོར་གྱི་སེམས་དཔའ ་ཉོན།། དེ་ལྟར་ཐིག་ལེ་ཉག་བཞི་བསྟན།། ཐིག་པ་ཀུན་དང་སྒོ་བསྟུན་ཕྱིར།། ཤན་གྱིས་སྒོ་ནས་བཏགས་པ་ཡིན།། དོན་ལ་དབྱེར་མེད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། ཐིག་ལེ་ལ་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་བཟང་རྒྱལ་པོས་བཀའ་སྩལ་པ།། ཆོས་ཉིད ་ཐིག་ལེ་ཞེས་བྱ་བ།། སྤྲོ་བསྡུ་མེད་པར་རང་གསལ་བ།། ཆོས་ནི་སྙིང་པོ་མི་འགྱུར་བའི།། སྐུ་བཟང་ཐུགས་ཀྱི་སྒྲོན་མ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཕྱིར་མ་ནོར་དྲང་ཕྱིར་ཐིག། དངོས་མེད་ཀུན་ཁྱབ ་བརྡལ་བས་ལེ།། འཁོར་འདས་གཞི་གྱུར་རང་བྱུང་སྐུ།། ཉིད་ནི་སྤྲོས་བྲལ་འདུས་མ་བྱས།། ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར།། མ་འམ་རྟེན་དུ་གཞིར་གྱུར་པ།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། སངས་རྒྱས ་ཐུགས་དང་སེམས་ཅན་སེམས།། ཀུན་ཁྱབ་ཡེ་ནས་བཙལ་མི་དགོས།། དེ་ཕྱིར་ཆོས་ཉིད་སྤྲོས་བྲལ་བ།། འཁྲུལ་རྟོག་སེམས་ནི་གཞི་ལ་མེད།། དེ་ཕྱིར་འཁོར་འདས་མ་རིག་སྐུ།། དུས་དང་རྣམ་པ་ཐམས་ཅད་དུ།། ་རྟོགས་དང་མ་རྟོགས་མེད་པར་གནས།། དེ་ཕྱིར་སྒྲིབ་ཚོགས་མི་དགོས་པ།། ས་ལམ་མེད་ཕྱིར་རིམ་པ་མེད།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་བྱ་བྲལ ་བདེ་བའི་ལས།། ཡེ་ཤེས་ཀློང་དུ་ཡེ་གནས་ཕྱིར།། འདུ་འབྲལ་མེད་པའི་ཆོས་ཉིད་ལ།། རེ་དོགས་མེད་པར་མཐར་མ་ལྷུང་།། དེ་ཕྱིར་ཆོས་ཉིད་དབྱེ་རུ་མེད།། དེ་དོན་ངོ་བོ་ཀུན་གྱི་གཞི།། དེ་ལས་མ་བྱུང་གང་ཡང ་མེད།། དེ་ཕྱིར་ཆོས་ཉིད་ཐིག་ལེ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཉིད་ཀྱི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་བཞི་པའོ།། ། དེ ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དབྱིངས་ཀྱི་ཐིག་ལེ་བཀའ་སྩལ་པ།། རང་བྱུང་ཡེ་ཤེས་ཐིག་ལེ་ལས།། ཆེ་བའི་ཡོན་ཏན་ཀུན་འབྱུང་ཕྱིར།། མ་བཙལ་ཡོན་ཏན་ཀུན་འབྱུང་བས།། ་དབྱིངས་ཀྱི་ཐིག་ལེ་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕ་རོལ་ཕྱིན་བཅུ་ལ་སོགས་པའི།། ཆོས་རྣམས་ཀུན་གྱི་གཞིར་གྱུར་ཕྱིར།། ཇི་སྙེད་བཤད་པ་ཐམས་ཅད་ཀྱང་།། རང་གྲོལ་ཉིད་དུ་བསྟན་པ་ལས།། ་བདེ་གཤེགས་སྐྱེད་པའི་ཡུམ་ཡིན་ཕྱིར།། ཀུན་གྱིས་མཚུངས་པའི་ལམ་དུ་བསྟན།། ཆོས་ཉིད་དེ་མེད་ཡོན་ཏན་ནི།། གང་ཡང་མི་འབྱུང་དེ་ཡིན་ཕྱིར།། ཆོས་སྐུ་རང་རིག་རྩལ་དུ་ནི།། ཆེ་བའི་ཡོན་ཏན་དགོས་པའི་ཕྱིར།། ་ཤིན་ཏུ་རྣལ་འབྱོར་མཆོག་གི་ལམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆུ་ཆེན་རྒྱུན་མི་ཆད་པའི་དཔེས།། སངས་རྒྱས་མཚན་དང་དཔེ་བྱད་ཀྱང་།། མ་བཙལ་ལྷུན་རྫོགས་དང་ལས་བྱུང་།། དེ་ཕྱིར་དབྱིངས་ནི་རིག་པའི ་རྩལ།། ཐིག་ནི་མ་བཅོས་ཡེ་ནས་དག། ལེ་ནི་ཡོན་ཏན་རྒྱུན་མི་ཆད།། དེ་ཕྱིར་རང་བྱུང་ཆོས་སྐུ་རྒྱན།། ཕྱི་ནང་ཆོས་ཀྱི་རོལ་པ་ཀུན།། དབྱིངས་ནི་ཐིག་ལེ་འདི་ལ་ཚང་།། དེ་ཕྱིར་ཆོས་ཉིད་རང་བྱུང་ལས།། སངས་རྒྱས ་ཆེ་བའི་ཡོན་ཏན་འབྱུང་།། དེ་ཕྱིར་དབྱིངས་ནི་རིག་པའི་རྩལ།། ཐིག་ནི་མ་བཅོས་ཡེ་ནས་གནས།། ལེ་ནི་ཡོན་ཏན་རྒྱུན་མི་ཆད།། དེ་ཕྱིར་རང་བྱུང་ཆོས་སྐུ་རྒྱན།། ཕྱི་ནང་ཆས་ཀྱི་རོལ་པ་ཀུན།། མ་བཙལ་ཡེ་ནས་རང ་ལ་འཆར།། དབྱིངས་ཀྱི་ཐིག་ལེ་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། དབྱིངས་ཀྱི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་ལྔ་པའོ།། ་དེ་ནས་ཀུན་རིག་ཆོས་རྗེ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། དབྱིངས་ནི་རྣམ་པར་དག་པ་ཡི།། ཐིག་ལེ་ཆེན་པོ་བཀའ་སྩལ་པ།། ཡུལ་དང་སེམས་ཀྱི་བསྡུས་པ་ཡི།། རང་འཁྲུལ་ཞེན་པའི་བློ་བརྟས ་པའི།། མཚན་མའི་སྒྲིབ་པ་སྦྱང་མི་དགོས།། དེ་ཕྱིར་དབྱིངས་དང་ཐིག་ལེ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཉིད་ཕྲ་ཞིང་ཤེས་དཀའ་ཕྱིར།། ལུང་ལྡན་རྐྱེན་གྱིས་དོན་རྟོགས་ནས།། མི་གནས་དམིགས་པའི ་ཡུལ་ལས་འདས།། དེ་ཕྱིར་ཚིག་གིས་མི་ཕེབས་ཕྱིར།། དབྱིབས་དང་ཁ་དོག་དབང་པོ་ཡིས།། ཤིན་ཏུ་བརྟགས་དཀའ་སྤྱོད་ཡུལ་མིན།། རང་བྱུང་ཡེ་ཤེས་བློ་ལྡན་ན།། མ་རིག་མེད་ཕྱིར་སྒྲིབ་པ་མེད།། ་དེ་ཕྱིར་གཉེན་པོ་ཅི་ལ་འཚོལ།། དེ་ཡང་རང་གསལ་རིག་པ་ལ།། ཡིད་ཆེས་ངེས་པའི་དོན་ཟིན་པས།། མ་རིག་བག་ཆགས་གོས་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཉིད་གཞི་ལ་དངོས་མེད་པས།། དེ ་ཕྱིར་དོན་ཤེས་སྒྲིབ་པ་མེད།། ད་ལྟའི་ཤེས་པ་འདི་ཉིད་ལ།། ལུང་ལྡན་ངེས་ཤེས་གདེང་ལྡན་ཕྱིར།། ཉི་ཤར་མུན་སྒྲིབ་མེད་པ་འདྲ།། དབྱིངས་ནི་རིག་པའི་རྩལ་ཡིན་ཕྱིར།། དོན་ནི་འཁོར་འདས་རྣམ་པར་དག། ཐིག ་ནི་སྒྲིབ་པ་སྦྲང་དུ་མེད།། ལེ་ནི་ཡེ་ཤེས་ཀློང་དུ་གདལ།། ངེས་པར་རང་བྱུང་དབྱིངས་སུ་དག། དེ་ཕྱིར་ཆོས་སྐུ་འདི་ཤེས་པས།། སངས་རྒྱས་ཐམས་ཅད་དུས་འདིར་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད ་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དབྱིངས་རྣམ་པར་དག་པའི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་དྲུག་པའོ།། །། དེ་ནས་ཀུན་རིག་ཆོས་རྗེ་ཡིས།། དད་ལྡན་འདུས་པའི ་འཁོར་རྣམས་ལ།། ཡེ་ཤེས་ཐིག་ལེ་བཀའ་སྩལ་པ།། ཆོས་ཉིད་རིག་པའི་རྣལ་འབྱོར་ལ།། མ་བསྒྲིབས་འོད་གསལ་ཡེ་ཤེས་དེ།། ལུང་ལྡན་དོན་བསྟན་ཡེ་ཤེས་པས།། ཡེ་ཤེས་ཆེན་པོ་ཐིག་ལེ་བྱ།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ཆོས་སྐུ་བྱང་ཆུབ་སེམས་སུ་གཅིག། དེ་ཕྱིར་ཡེ་ནས་བྱང་ཆུབ་སྐུ།། དེ་རྟོགས་མ་རིག་མེད་པའི་ཕྱིར།། ཤེས་པ་འཁྲུལ་པ་གཏིང་ནས་དག། དེ་ཕྱིར་རང་བཞིན་འོད་གསལ་བ།། འཁོར་བའི་སྐྱོན་མེད ་ཆོས་སྐུ་ཉིད།། དེ་ལ་སྒྲིབ་མེད་རང་བྱུང་ཐུགས།། དུས་གསུམ་མི་འགྱུར་ནམ་མཁའ་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་རིམ་པར་རྟོགས་པར་བྱེད།། དེ་ཕྱིར་རིག་པ་ཆོས་སྐུའི་རྒྱུ།། དེ་ཤེས་མ་བསྒྲིབས ་འོད་གསལ་ཕྱིར།། རིག་པ་སང་ངེ་གདེང་གིས་ཟིན།། ཡེ་ཤེས་ཆེན་པོ་རྒྱུན་མི་འཆད།། དབང་པོས་མ་མཐོང་རིག་པས་མཐོང་།། དེ་མཐོང་ཡེ་ཤེས་ཆོས་ཀྱི་སྐུ།། ཐམས་ཅད་མཁྱེན་པས་ཡེ་ཤེས་སྤྱན།། འཕེལ་འགྲིབ ་མེད་པར་གཉུག་མར་གནས།། རབ་ཏུ་དགའ་བའི་བདེན་མཐོང་དང་།། རྣལ་འབྱོར་ངེས་ལུང་ལྡན་པ་གཉིས།། ཁྱད་མེད་འཁོར་བར་མི་ལྡོག་ངེས།། དེ་ཕྱིར་གདམས་ངག་རྩིས་སུ་ཆེ།། ཡེ་ནི་གནས་ལུགས་མ་བཅོས ་པ།། ཤེས་ནི་དོན་ལྡན་ཡིད་ཆེས་འབྱུང་།། ཐིག་ནི་ཐམས་ཅད་སྐྱོན་དང་བྲལ།། ལེ་ནི་ཉོན་མོངས་རྣམ་པར་དག། དེ་ཕྱིར་ཡེ་ཤེས་ཐིག་ལེ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་ཆེན་པོ་ཐིག་ལེ་ཉག་གཅིག་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་བདུན་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཀུན་བཟང ་ཐིག་ལེ་བཀའ་སྩལ་པ།། འཁོར་འདས་མ་འགགས་ཆོས་སྐུ་ལ།། ཕྱི་ནང་རོལ་པ་ཅིར་སྣང་ཡང་།། མཐའ་དང་དབུས་མེད་ཡངས་པ་ལ།། ཀུན་ཏུ་བཟང་པོའི་ཐིག་ལེ་བྱ།། ད་ཡང་འདུས་པའི་སྙིང་པོ ་ཉོན།། ངོ་བོ་ཉིད་ཀྱི་སྐུ་ཤེས་པས།། མི་ལེན་མི་སྤང་ཡེ་མཉམ་ཕྱིར།། རེ་དོགས་མེད་པས་རང་བྱུང་སྐུ།། དེ་ཕྱིར་ཀུན་བཟང་གདལ་བ་ལ།། གང་ཡང་མི་འགག་རོལ་པར་ཤར།། སྲོག་གཅོད་མ་བྱིན་ལེན་པ་དང་།། མི ་ཚངས་སྤྱོད་དང་རྫུན་དུ་སྨྲ།། མཚམས་མེད་ལ་སོགས་སྡིག་བྱས་ཀྱང་།། ཉེས་པར་མི་འགྱུར་དཔལ་དུ་ཆེ།། སྟོང་གསུམ་མ་ལུས་ཚིག་གྱུར་ཀྱང་།། ནམ་མཁའ་མེ་ཆུས་མི་ཚུགས་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ ་ཉོན།། ཀུན་ནི་འཁོར་འདས་ཆོས་རྣམས་ལ།། བཟང་ནི་ཡེ་ཤེས་ཆོས་སྐུ་འཆར།། པོ་ནི་རོལ་པ་སྣ་ཚོགས་འབྱུང་།། ཐིག་ནི་རང་བྱུང་ཀུན་གྱི་གཞི།། ལེ་ནི་སེམས་ཅན་སངས་རྒྱས་གཞི།། དེ་ཕྱིར་ཀུན་བཟང་ཐིག་ལེ ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང་པོའི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་བརྒྱད་པའོ།། །། དེ་ནས་འདུས་པའི ་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ལྷུན་གྲུབ་ཐིག་ལེ་བཀའ་སྩལ་པ།། ཡེ་ནས་གནས་པའི་ཆོས་ཉིད་ལ།། ལས་ཀྱི་རྒྱུ་འབྲས་གང་རུང་ཀུན།། རག་མ་ལུས་ཕྱིར་འདུས་མ་བྱས།། དེ་ཕྱིར་ཆོས་ཀྱི་སྙིང ་པོར་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། རྒྱུ་རྐྱེན་མེད་ཕྱིར་རང་བྱུང་སྐུ།། དེ་ལས་ཀུན་འབྱུང་ལྷུན་གྱིས་གྲུབ།། ཆོས་སྐུ་སྤྲོས་པ་སྣ་ཚོགས་ཀྱང་།། དེ་ཙམ་ཉིད་ན་དངོས་པོ ་མེད།། ཡོད་མེད་འབྲས་བུ་ཡུལ་ལས་འདས།། དེ་དོན་རྟོག་མེད་རིག་པ་གསལ།། གང་ཡང་མི་འགལ་དོན་ཤེས་ཕྱིར།། ཆོས་སྐུ་ཡེ་ནས་ལྷུན་གྱིས་གྲུབ།། ཆོས་སྐུ་ཅི་སྣང་འཛིན་མ་གྲུབ།། དེ་ཕྱིར་རྣམ་པ་གང་ལ ་ཡང་།། ཞེན་པའི་འཛིན་པ་མེད་པར་གནས།། དེ་ཕྱིར་ལྷུན་གྲུབ་ཡེ་ཤེས་ཀློང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་གད་ལ་ཁྱབ་ལ།། ཀུན་ཀྱང་ཡིན་ཕྱིར་གང་ཡང་མེད།། དེ་ཕྱིར་འཁོར་འདས་གཉིས ་མེད་དང་།། ལྷུན་ནི་རྩ་བ་བྱང་ཆུབ་སེམས།། གྲུབ་ནི་སྐུ་དང་ཡེ་ཤེས་འབྱུང་།། པ་ནི་རང་བྱུང་རིག་པ་གསལ།། ཐིག་ནི་འཁོར་འདས་གཞི་ལ་མེད།། ལེ་ནི་ཐམས་ཅད་ཆོས་ཀྱི་ཀློང་།། དེ་ཕྱིར་ལྷུན་གྲུབ་ཐིག་ལེ་བྱ།། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ཐིག་ལེ་བསྟན་པའི་ལེའུ་སྟེ། བརྒྱ་དང་ཉེར་དགུ་པའོ།། །། དེ་ནས་འདུས་པའི ་འཁོར་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ལ་བཟླའི་ཐིག་ལེ་བཀའ་སྩལ་པ།། རང་གི་རིག་པ་ཆོས་སྐུ་ལ།། སྒྲ་མཐུན་དོན་དཔག་གཏན་ཚིགས་ཀྱིས།། དོན་གྱི་ངོ་བོ་གཉིས་སུ་འདུས།། ལ་བཟླ་གཅིག་གི། ་ངང་དུ་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བརྟགས་པའི་ཐིག་ལེ་ལ་བཟླ་ན།། ངོ་བོ་སྣང་ལ་རང་བཞིན་མེད།། དཔེ་ནི་ཉི་མའི་འོད་བརྡལ་འདྲ།། གཏན་ཚོགས་ངེས་པ་གང་ཡིན་པ།། ཐིག་ནི ་དངོས་པོ་ཡུལ་དང་བྲལ།། ལེ་ནི་ཐམས་ཅད་རྒྱལ་བའི་ཞིང་།། འགྲོ་ས་ཐིག་ལེ་སྤྱི་ཡི་རྩལ།། གཞི་ཡི་ཐིག་ལེ་ལ་བཟླ་ན།། ངོ་བོ་རང་བཞིན་ཆོས་ཀྱི་སྐུ།། དཔེ་ནི་དུག་ཉིད་སྨན་གྱི་དང་།། གཏན་ཚིགས་ངེས་པ་གང ་ཡིན་པ།། ཐིག་ནི་ཐམས་ཅད་མཁྱེན་པའི་སྒྲ།། ལེ་ནི་འགྲོ་དྲག་ཡོངས་ལ་ཁྱབ།། ཡེ་ཤེས་ཀུན་གྱི་རྩ་བའོ།། བྷྲཱུཾ་ཡི་རྫོགས་ཆེན་ལ་བཟླན།། ངོ་བོ་སྐུ་གསུང་ཐུགས་ཀྱི་རྒྱུད།། དཔེ་ནི་ནོར་བུ་རིན་ཆེན་འདྲ།། གཏན ་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་མ་ནོར་དྲང་བའི་ལམ།། ལེ་ནི་གདལ་བ་ཆེན་པོའི་ངང་།། འགྲོ་ས་ཐིག་ལེ་ཉག་གཅིག་རྩལ།། ཡང་ཏི་རྫོགས་ཆེན་ལ་བཟླ་ན།། འཁོར་འདས་མ་རིག་རང་བྱུང་གཞི།། ངོ་བོ་ཐིག ་ལེ་ཉག་གཅིག་ཉིད།། དཔེ་ནི་ཉི་མའི་སྙིང་པོ་འདི།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་བག་ཆགས་སྐྱོན་དང་བྲལ།། ལེ་ནི་ཉོན་མོངས་རྣམ་པར་དག། འགྲོ་བ་ཀུན་ལ་སངས་རྒྱས་ཉིད།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། ཕྱི་ནང་མེད་པར་ཐིག་ལེ་ལ།། འཁོར་འདས་མེད་པར་ཉག་མ་གཅིག། སྣང་སྟོང་མེད་པར་ཕྲ་ལ་ཟབ།། ཐམས་ཅད་ཐིག་ལེར་སངས་རྒྱས་པས།། སྟེང་འོག་མཐའ་དབུས་མེད་པ་དང་།། ཕྱི་ནང་འཁོར ་འདས་མེད་པ་དང་།། ཐམས་ཅད་ཐིག་ལེ་ཆེན་པོ་ལས།། གཞན་གྱི་ཆོས་ནི་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་ལ་སྐུ་གསུང་ཐུགས་ཉིད་ཚང་།། ཡེ་སངས་རྒྱས་པའི་རང་བཞིན་ལ།། ཡོན་ཏན་ནམ ་མཁའི་མཐའ་དང་མཉམ།། གཞལ་ཡས་ཆོས་ཀྱི་ཀློང་དང་མཉམ།། རྫོགས་ནི་ལྷག་མ་མེད་པར་རྫོགས།། འཁོར་ནི་དུས་གསུམ་རྒྱལ་བར་ལྡན།། ཐམས་ཅད་ཀུན་ཏུ་བཟང་པོ་ཡིས།། སྐད་ཅིག་རྟོགས་པས་མངོན ་སངས་རྒྱས།། རྟོགས་ཐབས་བཞི་ནི་བསྟན་པར་ཟད།། དེ་ལས་མང་དུ་དབྱེ་བ་ནི།། ཐིག་ལེ་མ་ཡིན་འཆལ་ཚིག་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། ཐིག་ལེ་ཉག་གཅིག་ལ་བཟླ་བ་བསྟན་པའི་ལེའུ་སྟེ། བརྒྱ་དང་སུམ་ཅུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ས་ལམ་གཞི་རུ་རྫོགས་པའི་དོན།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མེད་ལ ་ཡོད་འཛིན་འཁྲུལ་པའི་བློ།། འཁྲུལ་པ་བཟློག་ཕྱིར་འཇིག་ཚོགས་ཏེ།། རང་གིས་རང་བསླུས་ཞེན་པའི་རྒྱུ།། དེ་བཟློག་དོན་ཕྱིར་ལམ་ལྔ་གསུངས།། དེ་ནས་རྡོ་རྗེ་སེམས་དཔའ་ཉོན།། དད་ལྡན་ལས་ཅན་འགྱུར་མེད ་ཀྱི།། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། ཡིད་འཐད་ཕངས་མེད་འབུལ་བ་ནི།། ཚོགས་ཀྱི་ལམ་དུ་བསྟན་པ་ཡིན།། ལུང་ལྡན་རྡོ་རྗེ་སློབ་དཔོན་ལ།། ཡིད་གཉིས་ཐེ་ཚོམ་བློ་སྤངས་ནས།། མཁའ་འགྲོ་མཆོད་ཅིང་དོན ་ཞུས་ན།། སྦྱོར་བའི་ལམ་ཞེས་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་བཅུད་ལྡན་སློབ་དཔོན་གྱིས།། ཡང་དག་གདམས་ངག་ལུང་བསྟན་པས།། སྣོད་ལྡན་ཡིད་ཆེས་ངེས་པར་རྟོགས།། ་མཐོང་བའི་ལམ་ནི་ཡིན་པར་གསུངས།། དོན་དེ་གོ་ན་རྒྱུན་དུ་ནི།། ངེས་དོན་ཆོས་སྐུ་ཡེངས་པ་མེད།། རང་རིག་ཡེ་ཤེས་དབང་ཐོབ་ཕྱིར།། བསྒོམ་པའི་ལམ་དུ་བསྟན་པ་ཡིན།། ཡང་དག་ངེས་དོན་གསང་བ་འདི།། ་རང་གི་ཐུགས་ལ་དོན་གོ་ན།། འགྱུར་མེད་གདེང་ཆུད་ཡེ་ཤེས་ཀློང་།། མཐར་ཕྱིན་ལམ་དུ་བཤད་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་དོན་གྱི་ཆོས་ཉིད་ལ།། ལམ་གྱི་དབྱེ་བ་མེད་མོད་ཀྱང་།། རྣལ ་འབྱོར་བློ་ཡི་རིམ་པ་ལས།། ཐེག་པའི་བྱེ་བྲག་ཐ་དད་པས།། ལམ་ལྔར་ཕྱེ་བ་གཅིག་ཏུ་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལམ་ལྔ་རྫོགས ་པར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་གཅིག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ས་ཡི་དབྱེ་བ་དཔེ་དང་ནི།། རྩལ་གྱི་སྒོ་ནས་བཞི་བཞི་རུ།། ཕ་རོལ་ཕྱིན་བཅུ ་ས་དང་སྦྱར།། ངེས་པའི་ཡོན་ཏན་རྫོགས་པར་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་དང་པོ་རབ་དགའ་བ།། རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན།། དཔེ་ནི་མི་ཟད་གཏེར་དང་འདྲ།། རྩལ་ནི་མ་རིག་ཟིལ་གྱིས ་གནོན།། ས་ནི་གཉིས་པ་དྲི་མེད་པའི།། རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན།། དཔེ་ནི་རིན་ཆེན་མྱུ་གུ་འདྲ།། རྩལ་ནི་རང་རིག་ཡེ་ཤེས་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ས་ནི་གསུམ་པ་རིན་ཆེན་འཕྲོ།། རྟེན་ནི ་བཟོད་པའི་ཕ་རོལ་ཕྱིན།། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ།། རྩལ་ནི་ཉོན་མོངས་རྩད་ནས་དག། ས་ནི་བཞི་པ་འོད་བྱེད་པ།། རྟེན་ནི་བརྩོན་འགྲུས་ཕ་རོལ་ཕྱིན།། དཔེ་ནི་རྡོ་རྗེ་ཕ་ལམ་འདྲ།། རྩལ་ནི་བག་ཆགས་ཞེན་པ ་རྫོགས།། ས་ནི་ལྔ་པ་སྦྱང་དཀའ་བ།། རྟེན་ནི་བསམ་གཏན་ཕ་རོལ་ཕྱིན།། དཔེ་ནི་རི་བོ་ལྷུན་པོ་འདྲ།། རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ།། ས་ནི་དྲུག་པ་མངོན་གྱུར་པ།། རྟེན་ནི་ཤེས་རབ་ཕ་རོལ་ཕྱིན།། དཔེ་ནི་མ ་གིའི་སྨན་དང་འདྲ།། རྩལ་ནི་རང་རིག་ལྷག་མཐོང་རྟོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་ནི་བདུན་པ་རིང་སོང་ལ།། རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་དགེ་བའི་བཤེས་གཉེན་འདྲ།། རྩལ་ནི་དུག་ལྔ ་སྨན་དུ་སྦྱར།། ས་ནི་བརྒྱད་པ་མི་གཡོ་བ།། རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན།། དཔེ་ནི་ཡིད་བཞིན་ནོར་བུ་འདྲ།། རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ།། ས་ནི་དགུ་པ་ལེགས་པའི་ས།། རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན།། ་དཔེ་ནི་ཉི་མའི་སྙིང་པོ་འདྲ།། རྩལ་ནི་ལོག་ལྟ་དབྱིངས་སུ་བསྒྲལ།། ས་ནི་བཅུ་པ་ཆོས་ཀྱི་སྤྲིན།། རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན།། དཔེ་ནི་ཚངས་པའི་དབྱངས་དང་འདྲ།། རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། དེ་དག་ཕ་རོལ་ཕྱིན་བཅུ་ལ།། ངོ་བོ་ཐིག་ལེ་གཅིག་ཏུ་འདུས།། གདུལ་བྱར་རིམ་པ་བཅུ་བསྟན་པ།། ཡང་དག་ཡེ་ཤེས་ངོ་བོ་ཉིད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད ་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ས་དང་ཕ་རོལ་ཕྱིན་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་གཉིས་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཉེར་བདུན་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། བདེན་པ་ཉིད་ཀྱིས་འདི་སྐད་གསོལ།། ངེས་པ་བདུན་གྱིས་ཉམས་བླང་བའི།། ལྟ་བ་བསྒོམ་པ་སྤྱོད་པ་དང་།། དམ་ཚིག་ཕྲིན་ལས་འབྲས་བུ་དང་།། རང ་གཞན་ཉམས་སུ་བླང་བའི་ཐབས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། གཞི་ངེས་ལྟ་བ་ཉམས་བླངས་པ།། སངས་རྒྱས་པ་ཡི་ཆོས་སྐུ ་ལ།། འཁོར་འདས་མེད་པར་རིག་པའི་ཀློང་།། གཞི་ལ་འགྱུར་མེད་ལྟ་བའི་གདེང་།། ཡུལ་ལ་མི་ལྟོས་རང་བྱུང་སྐུ།། ཡེ་ཤེས་ནམ་མཁའ་དང་མཉམ་པའི།། དོན་ལ་འགྱུར་མེད་ནམ་མཁའ་འདྲ།། སྐྱོན་གྱིས་མ་གོས་ལྟ། ་བའི་གཟུངས།། འགྱུར་མེད་ཆོས་ཉིད་གདལ་བའི་ཀློང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མི་སྐྱེ་མི་འགག་ལྟ་བ་ལ།། བསྒོམ་པས་མ་རྙེད་རྟོགས་པས་ཆོག། འབྲལ་མེད་ད་ལྟར་ཀུན་བཟང་ཐུགས།། དུས་དང་རྣམ ་པ་ཐམས་ཅད་དུ།། སྐྱེ་འཆི་མེད་པར་ལྟ་བའི་མཆོག། དོན་དུ་ཡེ་ཤེས་མཐར་ཕྱིན་ལམ།། རེ་དོགས་མེད་ཕྱིར་ལྟུང་མི་སྲིད།། གདོད་ནས་འགྱུར་མེད་སྙིང་པོ་གཞི།། དེ་ཉིད་རང་རིག་ཆོས་སྐུ་ལ།། རང་རིག་རང་བལྟས ་ངོ་མཚར་ཆེ།། དེ་ཕྱིར་ཆོས་སྐུ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞི་ངེས་པའི་ལྟ་བ་ཉམས་སུ་བླང་བར་བསྟན་པའི་ལེའུ་སྟེ།། ་བརྒྱ་དང་སོ་གསུམ་པའོ།། ། དེ་ནས་ཀུན་རིག་སྟོན་པ་ཡིས།། དོན་དང་མི་འབྲལ་ཏིང་འཛིན་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་མི་འགྱུར་ཡེ་ཤེས་ཀློང་།། མ་བཅོས་ཡེ་ནས་གནས་པ་ཡི།། ་རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། དངོས་མེད་རང་གསལ་འབྲས་བུ་ལ།། རྐྱེན་བྲལ་གཉེན་པོས་གཞིག་ཏུ་མེད།། བསམ་དུ་མེད་པ་བསྒོམ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དབྱིངས་དང་བྲལ་བ་བྱང་ཆུབ ་སེམས།། ཁ་དོག་མེད་པས་མཚོན་དུ་མེད།། སེམས་ཀྱི་ཡུལ་ལས་འདས་པ་འདི།། སྐྱེ་འཆི་མེད་པས་འགྱུར་བ་མེད།། རྟག་པ་མེད་པས་འཁོར་བ་བྲལ།། མཐོ་དམན་མེད་པས་ཀུན་གྱི་རྩེ།། ཆེ་ཆུང་མེད་པས་དམིགས ་པ་བྲལ།། ཀུན་གཞི་མེད་པས་ཆོས་སྐུའི་ཀློང་།། ཡངས་དོག་མེད་པས་བཟང་མོའི་མཁའ།། མཐའ་དབུས་མེད་པས་ཀུན་ལ་ཁྱབ།། ཡེ་ཤེས་ཟང་ཐལ་ཕྱི་ནང་མེད།། མཚོན་དུ་མེད་པས་ཚད་དང་བྲལ།། དེ་ཡང་འདུས ་པའི་སྙིང་པོ་ཉོན།། སྣང་བ་མེད་ཕྱིར་ཆོས་ཉིད་ནི།། མ་བཅོས་ཡེ་ནས་ངང་གིས་གནས།། རྩོལ་བསྒྲུབ་ཅིས་ཀྱང་བཙལ་དུ་མེད།། རྟོགས་པ་དགོག་པའི་ཉམས་བླངས་པས།། མ་བཅོས་ཆོས་སྐུ་དག་པའི ་ཀློང་།། འབྲས་བུ་སངས་རྒྱས་དེ་ཉིད་ཀློང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གདོད་ནས་འགྱུར་མེད་ཏིང་ངེ་འཛིན།། རང་བྱུང་རིག་པའི་ཡེ་ཤེས་ཀྱིས།། མ་བཅོས་རང་གསལ་རང་བཞག་པས།། ཉམས་སུ་བླངས ་པའི་དགོས་པ་སྟེ།། དེ་ལ་རྣལ་འབྱོར་གང་གནས་པ།། ད་ལྟ་ཉིད་དུ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དོན་དམ་འབྲལ་མེད་ཀྱི ་དགོངས་པ་ཉམས་སུ་བླང་བར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སེམས་ཅན་དུས་ན་གསང་སྤྱོད་ནི།། གང་ཡང ་མ་བཅོས་དེ་བཞིན་ཉིད།། ཆོས་སྐུར་རྟོགས་ནས་འགྲོ་དོན་དུ།། ཅིར་ཡང་སྣང་བ་སྤྲུལ་པའི་སྐུ།། མཛད་པ་བཅུ་གཉིས་མཐར་ཕྱིན་པ།། ཐུགས་རྗེ་སྤྲུལ་པ་ཀུན་འདུས་ཀྱང་།། ཆེད་དུ་བྱ་བའི་རློམས་སེམས་མེད།། ད ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་མཛད་སྤྱོད་གང་ཡིན་པ།། སེམས་ཅན་དུས་ན་སྤྱོད་པ་ཡིས།། ཡེ་ཤེས་རང་བྱུང་ཐུགས་གནས་པ།། ད་ལྟ་ལུས་ངག་ཡིད་བླངས་པས།། སངས་རྒྱས་ཡེ་ཤེས་ད་ལྟའི་སེམས།། ་དེ་ལས་གཞན་དུ་སྤྱོད་དུ་མེད།། རིག་པ་ཆོས་སྐུར་དྲན་པ་ལ།། ཡེ་ཤེས་ལྷག་མཐོང་ཤར་ཞེས་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཉིད་འདི་ལས་མ་གཡོས་པས།། ལུས་ངག་ཡིད་གསུམ་ཅི་སྤྱོད་པ།། སངས ་རྒྱས་མཛད་སྤྱོད་ཡིན་པར་གསུངས།། དེ་ཕྱིར་གང་དུ་ཅི་ལ་ཡང་།། མ་ཆགས་ཞེན་མེད་ཤུགས་ལས་འབྱུང་།། རིག་སྤྱོད་ལྡན་པས་མ་བརྗེད་པ།། ཆོས་རྣམས་ཀུན་གྱི་རྩ་བར་བཤད།། དེ་ཕྱིར་ཉམས་དང་འདྲེ་ལྡན་ན།། ་ཡེ་ཤེས་སྤྱོད་པའི་མཆོག་ཡིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་རྟོག་པ་མེད་པའི་ཕྱིར།། གཉིས་མེད་དོན་ཚིག་ཆོས་ཀྱི་སྐུ།། མཐུན་འཇུག་སྤྱོད་པ་བརྒྱ་མཚོར་ནི།། སྤྱོད་པ་སྣ་ཚོགས་ཅི་བདེར ་སྤྱོད།། པདྨ་སྐྱེས་འདམ་ཡིན་ཏེ།། དེ་ལ་སྐྱོན་གྱིས་གོས་པ་མེད།། ཆོས་ཉིད་བླང་དོར་མེད་པར་རྟོགས།། ཏིང་འཛིན་ཉམས་པ་རྡུལ་ཙམ་མེད།། ཐུན་མོང་མ་ཡིན་རྣལ་འབྱོར་པས།། འཆིང་གྲོལ་མེད་ཕྱིར་གོལ་ས ་ཆོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པ་བླང་དོར་མེད་པར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་ལྔ་པའོ།། །། དེ་ནས་འདུས་པའི་ཚོགས ་རྣམས་ལ།། ཀུན་རིག་སྟོན་པ་ཀུན་བཟང་གིས།། དམ་ཚིག་བསྲུང་ཉམས་མེད་པ་ནི།། ངེས་པའི་དོན་དུ་བཀའ་སྩལ་པ།། གདེང་ལྡན་ངེས་པའི་ཡེ་ཤེས་ཀྱིས།། བསྲུང་དུ་མེད་པའི་དམ་ཚིག་སྟེ།། ཡེ་བསྲུངས་ཆེན་པོའི ་ངང་དུ་བསྡམ།། སྡོམ་པ་ཕྱི་ནང་དམ་ཚིག་ཀྱང་།། གདུལ་བྱ་ཇི་ལྟར་འདོད་པ་འཕྲུལ།། ཐ་སྙད་ཙམ་དུ་གདུལ་མོད་ཀྱང་།། དམ་དུ་བཅས་པ་རྡུལ་ཙམ་མེད།། ཆོས་སྐུ་ཐུགས་ཀྱི་དམ་ཚིག་སྟེ།། དེ་ཡི་ངང ་དུ་མི་འབྲལ་ན།། ཡེ་བསྲུངས་ཆེན་པོའི་གདེང་ལྡན་ཡིན།། དམ་དུ་བཅའ་བའི་སྐྱོན་མེད་ཕྱིར།། དངོས་པོ་མེད་པས་ནམ་མཁའ་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྡོམ་དང་དམ་ཚིག་རྣམ་མང་བ།། སྐུ་གསུང ་ཐུགས་ཀྱི་དམ་ཚིག་སྟེ།། སྐུ་ནི་ཆོས་སྐུར་མ་བྲལ་ན།། རྩ་བའི་དམ་ཚིག་བསྲུང་བ་ཡིན།། གསུང་ནི་རང་རིག་ཡེ་ཤེས་ཏེ།། མི་བརྗེད་དོན་ལ་མ་ཡེངས་ན།། རང་བྱུང་རིག་པའི་ཐུགས་ལ་གསལ།། གསུང་གི་དམ་ཚིག ་བསྲུང་བ་ཡིན།། ཐུགས་ནི་སྐྱེ་འགག་མེད་པར་གསལ།། དེ་ལས་མི་འདའ་ལྷག་མཐོང་ལ།། མི་འབྲལ་གཟུངས་ཀྱིས་ཟིན་པ་ཡིས།། ཐུགས་ཀྱི་དམ་ཚིག་བསྲུང་བ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྐུ ་གསུང་ཐུགས་ཀྱི་ནི།། རང་བྱུང་ཆོས་སྐུ་ཉིད་དུ་འདུས།། དེ་ཕྱིར་རྩ་བ་བྱང་ཆུབ་སེམས།། ཆོས་རྣམས་ཀུན་གྱི་སྙིང་པོར་བཤད།། དེ་ཕྱིར་དམ་ཚིག་བསྲུང་ཉམས་མེད།། རྟོགས་པའི་བློ་ལ་དེ་ལྟར་སྣང་།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། ང་ཡིས་ཆོས་ཉིད་དམ་ཚིག་ནི།། མ་བཅོས་མཁའ་ལ་ཉི་ཤར་ལ།། མུན་པ་མེད་པར་གསལ་བ་ནི།། ལྷན་གྱིས་རྟོགས་ལ་བལྟ་བ་ཡིན།། རང་གི་ཤེས་པ་གཉུག་མ་ཡི།། དོན་ལ་མ་ཡེངས་ཏིང ་འཛིན་ལ།། སྣང་བའི་ཡུལ་ལ་མ་ཞེན་པར།། གང་ཡང་མ་བཀག་སྤྱོད་པའི་ཡུལ།། ངེས་དོན་རྟོགས་པའི་ཆོས་ཉིད་ལས།། མི་འདའི་དམ་ཚིག་བསྲུང་བ་སྟེ།། བསྲུང་དུ་ཡོད་ལ་ཉམས་པ་མེད།། དེ་ཕྱིར་ཡེ་ཤེས་འབྲལ ་མེད་པའི།། དབྱིངས་དང་རིག་པ་རང་ལ་ཤར།། སྣ་ཚོགས་བསགས་པས་ཀུན་གྱི་གཞི།། སྔ་ཕྱི་གྲུབ་པ་ག་ལ་ཡོད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་དམ་ཚིག་བསྲུང་ཉམས་མེད་པར་བསྟན་པའི་ལེའུ་སྟེ། བརྒྱ་དང་སོ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཀུན་བཟང་གིས།། ཕྲིན་ལས་རྫོགས་པར་བཀའ་སྩལ་པ།། དཔེར ་ན་ནོར་བུ་ཡིད་བཞིན་ལས།། དགོས་འདོད་ཐམས་ཅད་འབྱུང་བ་བཞིན།། ཡེ་ཤེས་རིག་པའི་དབང་ཐོབ་ན།། ཕྱི་ནང་དབང་རྣམས་དེ་ལ་རྫོགས།། ཕྱོགས་བཅུ་ཡེ་ཤེས་ལྷུན་གྲུབ་པས།། མི་རྟོག་ཡེ་ཤེས་གེགས་བསལ ་ཕྱིར།། གནོད་བྱེད་མཚམས་བརྟོལ་མིང་ཡང་མེད།། ཕྱི་ནང་མཚམས་བཅད་དེ་ལ་རྫོགས།། རང་བཞིན་དག་པའི་ངོ་བོ་ལ།། འཁོར་བའི་སྐྱོན་གྱིས་མི་གོས་ཕྱིར།། མ་རིག་རྣམ་རྟོག་སྒྲིབ་མེད་པས།། དོན་གྱི ་བཤགས་པ་དེ་ལ་རྫོགས།། ཡེ་ནས་རང་བྱུང་ཆོས་སྐུ་ལ།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། གཉིས་མེད་དོན་ལ་བློ་གཏད་ནས།། བྱིན་ཆེན་དབབ་པ་དེ་ལ་རྫོགས།། དུག་ཉིད་སྦྱོར་ཤེས་སྨན་གྱི་མཆོག། དུག་ལྔ ་རང་གྲོལ་ཡེ་ཤེས་ཀྱི།། ཉོན་མོངས་བདུད་རྩི་ཆེན་པོ་ལ།། ཡེ་ཤེས་བྱིན་རླབས་དེ་ལ་རྫོགས།། ཆགས་སྡང་རྟོག་པའི་སྣང་བ་ལ།། མོས་པའི་ཏིང་འཛིན་གནས་གྱུར་པས།། འབྱུང་བ་ལྔ་ཡིས་ཀུན་ཁྱབ ་ཕྱིར།། དབང་རིམ་ཕྲིན་ལས་དེ་ལ་རྫོགས།། ཕྱོགས་བཅུ་རང་བཞིན་ལྷུན་གྲུབ་པས།། རིན་ཆེན་སྣ་ལྔ་ལས་སྦྱངས་པའི།། གཞལ་ཡས་ཁང་ཆེན་དེ་ལ་རྫོགས།། རྟོག་ཚོགས་ལྷར་ནི་གནས་བསྒྱུར་བས།། འཁྲུལ་སྣང ་ངེས་པར་མི་གནས་ཕྱིར།། རིག་ཚོར་དོན་གྱི་ལྷ་ཡིན་པས།། ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། ཀུན་ཏུ་བཟང་པོའི་ངོ་བོ་ལ།། སངས་རྒྱས་སེམས་ཅན་དབྱེར་མེད་པས།། སྤྱན། ་དྲངས་བསྟིམ་པ་དེ་ལ་རྫོགས།། ཡེ་ནས་གནས་པའི་རང་བྱུང་དེ།། རང་ཆས་ཡོད་ཕྱིར་མ་བཙལ་བའི།། ཆོས་ཉིད་བལྟ་བ་མི་འགྱུར་བས།། བརྟན་པར་བཞུགས་པའི་ཕྲིན་ལས་རྫོགས།། གཞི་ལ་སྐྱོན་ཡོན་མེད་པའི ་ཕྱིར།། རང་བྱུང་ཕྱི་ནང་མེད་པ་ལ།། བཟང་ངན་བླང་དོར་མེད་པ་ཡིས།། ཟིལ་གྱིས་མནན་པའི་འབྲས་བུ་རྫོགས།། ཡང་དག་སངས་རྒྱས་དགོངས་པ་ལ།། དབྱེར་མེད་གཅིག་ཏུ་རྟོགས་པའི་ཕྱིར།། ཐམས་ཅད་འདྲེས ་པ་ཆེན་པོ་སྟེ།། ནན་ཏན་ཕྱག་རྒྱ་དེ་ལ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷ་ཡི་ང་རྒྱལ་གྱིས།། ལུས་ངག་ཡིད་ཀྱི་རྩོལ་བ་ཀུན།། བསྐུལ་བསྐྱོད་ཐབས་དང་ཡེ་ཤེས་ལ།། ཕྱག་རྒྱའི་ཕྲིན་ལས་དེ ་ལ་རྫོགས།། ལྟ་བ་ཤེས་པ་ངོ་བོ་ལ།། སྒོམ་པའི་ཐབས་ཀྱིས་རོལ་པའི་ཕྱིར།། སེམས་དང་ཆོས་སུ་དོན་སྦྱོར་བས།། སྦྱོར་སྒྲོལ་ཕྲིན་ལས་དེ་ལ་རྫོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་རང་བྱུང་རིག་པའི ་གསུང་།། གང་ལ་སྨོན་དུ་མེད་རྟོགས་པས།། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ།། ཚོགས་རྣམས་སྣོད་བཅུད་ཡོད་མིན་ཕྱིར།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། མ་བརྗོད་དགོངས་པ་སྦྱོར་བྱས་པའི།། སྐུ་གསུང ་ཐུགས་ཀྱི་དོན་ཚང་བས།། བཟླས་བརྗོད་འཕྲོ་འདུ་དེ་ལ་རྫོགས།། དགའ་ལྡན་ངེས་དོན་སྦྱོར་ལྡན་འདི།། སྣང་སྲིད་བདེ་ཆེན་རོལ་རྟོགས་པའི།། ཚོགས་རྣམས་ཐམས་ཅད་ཡེ་ཡིན་ཕྱིར།། ཚོགས་ཀྱི་ཕྲིན་ལས་དེ་ལ ་རྫོགས།། གཙོ་དང་འཁོར་དུ་མི་འབྱེད་པའི།། རང་རིག་བཟང་ངན་མི་འབྱེད་ཕྱིར།། བདེན་པ་གཉིས་མེད་ངོ་བོ་ལ།། ལྷག་མའི་ཕྲིན་ལས་དེ་ལ་རྫོགས།། བྱ་བ་མེད་པའི་ལས་རྣམས་ནི།། གང་ཡང་འཛིན་མེད་རང ་གསལ་བའི།། མི་བཟུང་ཡེ་ཤེས་ཆེན་པོ་ལ།། མནན་པའི་ཕྲིན་ལས་དེ་ལ་རྫོགས།། འཁོར་བ་མྱ་ངན་འདས་པའི་ཆོས།། ཡེ་ནས་རང་བྱུང་རང་གསལ་ལ།། ཐིག་ལེ་ཉག་གཅིག་འདུས་པའི་དོན།། དཀྱིལ་འཁོར་ཕྲིན ་ལས་དེ་ལ་རྫོགས།། རང་བཞིན་མི་ཤིགས་རྡོ་རྗེ་ཡིས།། ལུས་ངག་ལྷར་ནི་དོན་གསལ་བས།། ཡེ་ཤེས་ལྷུན་གྲུབ་གོ་བའི་ཕྱིར།། རང་ལུས་བསྲུང་བའི་ཕྲིན་ལས་རྫོགས།། མ་རིག་རྐྱེན་བཞི་མེད་པའི་ཕྱིར།། གཉིས ་མེད་དོན་དུ་སངས་རྒྱས་པས། མི་རྟོག་དོན་དུ་ངེས་པའི་ཕྱིར།། དགེ་རྩ་བསྔོ་བའི་ཕྲིན་ལས་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་མཛད་པའི་ཕྲིན་ལས་ཉམས་སུ་བླང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་སོ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངོ་བོ་རང་བཞིན་ངེས་པའི་དོན།། ་གང་ཡང་རུང་བ་ཅི་ལ་ཡང་།། དངོས་པོ་མེད་ཕྱིར་རྟག་ཏུ་མེད།། མེད་པ་ལ་ནི་ཡོད་རྟོག་པ།། འཁྲུལ་པ་རྣམས་ཀྱིས་ཤེས་པ་ལས།། དམ་པ་ཀུན་གྱིས་མི་མཁྱེན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ ་དངོས་མེད་སེམས་དང་བྲལ།། དེ་བཞིན་རང་བྱུང་ངོ་བོ་ཉིད།། ཁ་དོག་དབྱིབས་མེད་སེམས་ལས་འདས།། དེ་ཕྱིར་རང་བཞིན་རྟོགས་པར་དཀའ།། ཆོས་སྐུ་སྐྱེ་མེད་རིག་པའི་སྐུ།། ཡིད་ཀྱི་ལུས་སུ་བསམ་དུ་མེད།། ་གང་ཡང་མ་བསམས་རིག་པ་དེས།། གང་ཡང་ཀུན་ལྡན་རང་བྱུང་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལ་ལས་དང་རྐྱེན་མི་ཚུགས།། དེ་ཕྱིར་རང་བཞིན་ཇི་བཞིན་ལ།། བཅོས་པ་མེད་ཕྱིར་རང་ལུས་ཆོས།། ་འདུས་མ་བྱས་པ་ནམ་མཁའ་འདྲ།། ཆོས་ཉིད་རང་བཞིན་དམིགས་པ་མེད།། དེ་དོན་རང་བྱུང་རིག་པ་དེས།། སེམས་ཀྱི་ཀུན་གཞི་རྩད་ནས་བརླག། བག་ཆགས་ཀུན་གཞི་སྤྲིན་ལྟར་དེངས།། ལུས་ཀྱི་ཀུན་གཞི་ལེན་མི ་སྲིད།། དེ་ཕྱིར་རང་བྱུང་རྟོགས་པས་ཆོག་དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལ་རྩལ་དུ་མེད་པའི་དོན།། དུས་གསུམ་འགྱུར་མེད་ཡེ་ཤེས་ཀློང་།། དེ་ཉིད་རྒྱུན་དུ་འབྲལ་མེད་པ།། ཡང་དག་སངས་རྒྱས་དགོངས་པ ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་རྣམ་དག་ཆོས་དབྱིངས་ལ། སྤྲོས་པ་མེད་པར་ཉམས་སུ་ལོངས།། དེ་བླངས་འབྲས་བུ་སངས་རྒྱས་ཐོབ།། དེ་ཕྱིར་རང་བཞིན་རྟོགས་པ་གཅེས།། རྫོགས་པ་ཆེན ་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་ལྷུན་རྫོགས་ཉམས་སུ་བླངས་ཐབས་ཀྱི་ལེའུ་སྟེ་བརྒྱ་དང་སོ་བརྒྱད་པའོ།། ། སྡོམ་དུ་བསྡུས་ཏེ་བསྟན་པ ་ཉེར་བདུན་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི་ཉམས་ཀྱི་དོན་གསོལ་པ།། ཉོན་མོངས་ཟིལ་གནོན་ཉམས ་ནི་གང་།། ཆོས་དབྱིངས་ཉམས་སུ་ཇི་ལྟར་མྱོང་།། ལྟ་བའི་གདེང་གིས་ཇི་ལྟར་ཟིན།། ལུས་ངག་ཡིད་ཀྱི་རྟགས་ནི་གང་།། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཀུན་རིག་སྟོན་པ་ཆོས་རྗེ་དེས།། དེ་སྐད་ཞུས ་པས་དོན་གསན་ནས།། ཡང་དག་དགོངས་ཉམས་ངེས་པའི་དོན།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་རང་རིག་དོན་ཤེས་པས།། དུག་ལྔ་ཡེ་ཤེས་རྩིས་ཟིན་ཕྱིར།། ཉོན་མོངས་རང་ཆུད་ཟིལ་གནོན ་ཉམས།། བ་མོ་ལ་ནི་ཉི་ཤར་འདྲ།། སྣང་བ་ཆོས་དབྱིངས་ཉམས་མྱོང་ནི།། སྒྱུ་མ་འདྲ་སྟེ་དངོས་མེད་ཤེས།། ལྟ་བ་གདེང་ལྡན་ཉམས་མྱོང་བ།། སྤྲིན་དང་ཆུ་བུར་ཉམས་མྱོང་འདྲ།། ཉམས་ལྡན་ལུས་ངག ་ཡིད་ཀྱི་རྟགས།། བཟོད་ཐོབ་བཀྲག་གསལ་ཆོས་བརྒྱད་བྲལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། ལུང་ལྡན་གདམས་ངག་རྩི་ཡིས་ནི།། གསེར་འགྱུར་རྩི་ཡིས་ཐེབས་པ ་བཞིན།། ད་ལྟ་དུས་ཀྱི་སེམས་ཅན་གྱི།། མ་རིག་རྟོག་པ་རང་རྒྱུད་ལ།། ཟིལ་གནོན་བསྒོམ་པ་བསྟན་པར་བྱ།། སྒོམ་ཐབས་སྐྱོན་དང་བཅོས་པའི་ཐབས།། ཐུན་ཚད་ཉམས་དང་རྣམ་ལྔ་སྟེ།། ང་ཡིས་བཀའ་ལས ་གསུངས་པ་སྟེ།། དད་ལྡན་སེམས་ལ་གོ་བར་གྱིས།། དང་པོ་བསྒོམ་པའི་བཅོས་ཐབས་ནི།། ལུས་ངག་ཡིད་ཀྱིས་གདམས་ངག་གིས།། གཞི་ཤེས་ལྟ་བས་ཐག་ཆོད་ལ།། དེ་ཡིས་ངང་ལ་མི་འབྲལ་བའི།། ཚད་ནི ་གསལ་ལ་མི་གཡོ་བ།། མི་རྟོག་རང་བྱུང་ཉམས་པ་མེད།། དེ་ལ་ཡིད་ཆེས་གདེང་གི་ཟིན།། གཞི་ཤེས་པ་ལ་ཉོན་མོངས་མེད།། དེ་ཡི་སྐྱོན་ནི་ངོས་བཟུང་ན།། བྱིང་རྒོད་གོལ་སྒྲིབ་རྣམ་བཞི་སྟེ།། ཆེད་དུ་བྱས་དང་རྐྱེན ་དང་ཤུགས།། བློ་ཆུང་ཤེས་རབ་དམན་ལ་འབྱུང་།། རྒྱུ་དང་དབྱེ་བ་གསུམ་གསུམ་མོ།། དབང་པོ་འབྲིང་དང་ཐ་མ་ལ།། བཅོས་ལ་ཉམས་སུ་མྱོང་དུ་གཞུག། དེ་ཕྱིར་རྒྱུན་དུ་འབྲལ་མེད་ལ།། གོམས་པའི་དབང་གིས ་ཏིང་འཛིན་གསལ།། མཐུན་མཚམས་ཉམས་དང་སྦྱར་བྱས་ལ།། འབྲིང་དང་ཐ་མ་ཁམས་དང་བསྟུན།། རབ་ལ་རྒྱུན་དུ་འབྲལ་མེད་ལ།། ཐུན་ཚད་བཟུང་མེད་ནམ་མཁའ་འདྲ།། དེ་དོན་ཉམས་ནི་མཐོར་བསྡུས་ན།། ་ཤེས་པ་རང་གསལ་ཉམས་པ་མེད།། རིག་པ་རྒྱ་ཡན་འཛིན་པ་བྲལ།། ཡེ་ཤེས་ཟང་ཐལ་བྱིང་རྒོད་མེད།། ཆོས་ཉིད་ཚིག་ཚུགས་འགྱུར་མེད་ཤེས།། ལྟ་བ་རང་ཤར་འཁོར་བ་སྟོང་།། གདམས་ངག་དྲན་པས་མཐའ ་དབུས་མེད།། ཆོས་སྐུ་འཕྱོས་པས་ངང་གིས་སྟོང་།། ཅི་དྲན་ལྷག་མཐོང་ཕྱོགས་རིས་བྲལ།། རང་བྱུང་རང་གསལ་གོས་པ་མེད།། ཕྱལ་བ་ཡིད་ཆེས་བློ་བདེའོ།། བདེ་ལ་ཞེན་མེད་ཀུན་ཏུ་འཕྱོ།། འཛིན་མེད་ཁྱབ་གདལ ་མཐའ་དབུས་མེད།། འཁོར་བ་རང་བརླག་ཆོས་སྐུར་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྔ་ལྡན་པའི་རྣལ་འབྱོར་ལ།། གཞན་གྱི་ཆགས་སྡང་སྤྱོད་མཐོང་ཡང་།། རང་གྲོལ་ཆགས་སྡང་རྡུལ་ཙམ་མེད།། དེ ་ཕྱིར་རྟོགས་ལྡན་ཉམས་ཀྱི་ཆོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉོན་མོངས་རང་རྒྱུད་ཟིལ་གྱིས་གནོན་པའི་ཉམས་བསྟན་པའི་ལེའུ་སྟེ་བརྒྱ་དང ་སོ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཡུལ་དང་གོལ་ས་བཅད་པའི་ཕྱིར།། ཆོས་དབྱིངས་གདེང་རྣམས་བཀའ་སྩལ་པ།། བྱ་བ་བཏང་བའི་སྐྱེས་བུ ་བཞིན།། སྣང་བའི་ཡོན་ཏན་རྣམ་ལྔ་དང་།། བརྟག་དཔྱད་མ་བྱས་སྒོ་ལྔ་གསལ།། སྣང་བ་ཆོས་ཉིད་འགྱུར་མེད་ཉམས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལྷག་མཐོང་རིག་པ་རང་ཡན་ཏེ།། ཕྱོད་དེ ་རྒྱང་དེ་ཉམས་སུ་བདེ།། ནམ་མཁའ་དྭངས་པའི་ཀློང་ན་བདེ།། ཀོ་རེ་ལྡེམ་མེ་ཉམས་སུ་བདེ། ཁྱུང་ཆེན་མཁར་ལྡིང་ཉམས་སུ་བདེ།། གསལ་ལ་བསིལ་བ་ཉམས་སུ་བདེ།། བཅོ་ལྔའི་ཟླ་གསལ་ཀློང་ན་བདེ།། བདེ་ལ ་མི་རྟོག་ཉམས་རེ་གསལ།། སྟོན་ཀའི་ཉི་གསལ་ཀློང་ན་བདེ།། ལུང་ལྡན་རིག་པ་འཕྱོ་ན་བདེ།། གཟའ་གཏད་མེད་པའི་ཀློང་ན་བདེ།། འདུས་མ་བྱས་པའི་ཀློང་དཀྱིལ་ན།། རང་བྱུང་རིག་པའི་ཡེ་ཤེས་བདེ།། ལྷག ་མཐོང་རིག་པའི་ཡེ་ཤེས་ཀྱི།། རྣལ་འབྱོར་ཤེས་པ་གསལ་ན་བདེ།། ལུང་ལྡན་ཟས་ནོར་མེད་ན་བདེ།། ཞེན་མེད་ཆོས་སྐུའི་ཀློང་ན་བདེ།། རྣལ་འབྱོར་གྲོགས་དང་བྲལ་ན་བདེ།། ལུས་ཀྱི་དགོན་པའི་ནང་ན་བདེ།། ་རིག་པ་རང་གསལ་ཀློང་ན་བདེ།། གོལ་ས་ཆོད་པའི་ཆོས་ལ་བདེ། སྤྲོས་དང་བྲལ་བའི་ཀློང་ན་བདེ།། སྐུར་འདེབས་ཕྱར་ཀ་མང་ན་བདེ།། དུག་ལྔ་རང་གྲོལ་ཀློང་ན་བདེ།། ཆོས་ལ་སྒྲོ་འདོགས་ཤིན་ཏུ་བདེ།། ཆོས ་བརྒྱད་བྲལ་བའི་ཀློང་ན་བདེ།། རང་ལ་རང་ཡིད་ཆེས་པས་བདེ།། ལུང་ལྡན་གདམས་ངག་ཀློང་ན་བདེ།། ཡུལ་མེད་འཁྱམས་པའི་ཀློང་ན་བདེ།། སྣང་ནོར་དྲན།། བདག་ཉིད་སངས་རྒྱས་ཡིན་པར་ཤེས།། གནས་ནི ་འོག་མིན་ནམ་མཁའ་འདྲ།། མངལ་དུ་མི་འདུག་དྲན་པའི་ཕྱིར།། ཆོས་སྐུ་མི་འགྱུར་བརྟན་པ་ཐོབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བར་དོར་ཡོན་ཏན་རྣམ་ལྔ་འབྱུང་།། མ་རིག་སངས་པས་སྒྲིབ་གཉིས་དག། ཡེ ་ཤེས་རྒྱས་པས་འགྱུར་བ་མེད།། ཐམས་ཅད་ལས་ལ་མཁྱེན་པས་ནི།། སངས་རྒྱས་ཆོས་སྐུ་ཐུགས་ལ་རྫོགས།། གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་ཡེ་ཤེས་སྣང་བ ་ལས།། བག་ཆགས་བྲལ་བས་ཆགས་སྡང་མེད།། སྣང་བ་མེད་པས་ཞེན་པ་བྲལ།། རིག་པ་གསལ་བས་ཆོས་སྐུར་ཤེས།། ཕོ་མོ་མེད་པས་མངལ་མི་འཇུག། དེ་ཕྱིར་སྐྱེ་བ་མི་ལེན་ངེས།། ངེས་པའི་འབྲས་བུ་སངས་རྒྱས ་ནི།། རྣམ་དག་ཆོས་སྐུ་རང་རིག་ཤེས།། དེ་ཙམ་ཉིད་ལ་སངས་རྒྱས་སུ།། ཀུན་བཟང་ཉིད་ཀྱི་བཏགས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བར ་དོ་སྐྱེ་བ་མེད་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་ང་དགུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་གཅིག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཆེད་དུ་འདི་སྐད་གསོལ།། ཀུན་བཟང་ངེས་པའི ་གནས་ལུགས་དོན།། ཡོན་ཏན་ཆེ་བ་ཇི་ལྟར་འབྱུང་།། རང་གནས་ལ་ནི་ཇི་ལྟར་བཟླ།། ཀུན་བཟང་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལྷ་སྒོམ ་སྤྱོད་པ་ཕྲིན་ལས་དང་།། དམ་ཚིག་འབྲས་བུའི་རང་བཞིན་དང་།། རྣམ་པ་བདུན་དུ་ངས་བཤད་དོ།། ལྟ་བ་རྟག་ཆད་མཐའ་བྲལ་བའི།། རང་བྱུང་རིག་པ་འདི་ཉིད་ལ།། སྐྱེ་མེད་མི་འགྱུར་ཡེ་ཤེས ་ཀློང་།། ཀུན་ཏུ་བཟང་པོའི་ལྟ་བ་མཆོག། ཆོས་སྐུའི་ངང་ལས་མ་གཡོས་པའི།། གསལ་ལ་རྟོག་མེད་མི་གཡོ་བ།། རྒྱུན་དུ་མི་འབྲལ་རང་རིག་དེ།། བསྒོམ་པ་ཀུན་ཏུ་བཟང་པོར་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། བླང་དོར་ཕྱོགས་རིས་མེད་པ་ལ།། གཟུང་འཛིན་བྱ་བའི་ཡུལ་མེད་ཕྱིར།། རིག་པ་ཆགས་མེད་ཀློང་དུ་འཕྱོ།། ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག། ཕྱི་ནང་ལས་ནི་གང་རུང་ལ།། སྦྱོར་སྒྲོལ་ལ་སོགས་ཅི་བདེར ་སྤྱོད།། ཕྲིན་ལས་ཡིན་ཕྱིར་འགལ་བ་མེད།། ཀུན་བཟང་ང་ཡི་ཕྲིན་ལས་ཡིན།། ཡེ་ཤེས་སྙིང་པོ་རང་བྱུང་ལ།། རྟག་ཏུ་མི་འདའ་དྲན་པས་ཟུང་།། བདེ་སྡུག་གང་བྱུང་ཟིལ་གྱིས་ནོན།། དམ་ཚིག་ཀུན་ཏུ་བཟང་པོར ་སྟན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རིག་པའི་དབང་ཐོབ་ཕྱིར།། དུས་གསུམ་སངས་རྒྱས་ཐུགས་དང་མཉམ།། དེ་ཕྱིར་ཡེ་ཤེས་ཆེན་པོའི་ལས།། འབྲས་བུ་ཀུན་ཏུ་བཟང་པོར་གསུངས།། གཙང ་སྨེ་བཟང་ངན་ཀུན་ཀྱང་ནི།། ཡེ་ནས་མཉམ་པར་འདིར་ཤེས་པས།། ཆོས་ཉིད་རང་སར་མཐའ་དང་བྲལ།། དེ་ཕྱིར་རང་བཞིན་ཀུན་ཏུ་བཟང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཀུན་བཟང་དབྱེ་བ་ཡང་།། ་ག་ལ་ཁྱད་ཡོད་དོན་ལ་མེད།། དེ་ཕྱིར་ཆོས་སྐུ་གཅིག་གི་ངང་།། ཐམས་ཅད་རང་བྱུང་ཀློང་དུ་འདུས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་ཏུ་བཟང ་པོ་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་པའོ།། །། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ཆེ་བའི་རྩལ་བྱུང་བ།། སེམས་དང་ཆོས་ཉིད་འབྱུང་བ་དང་།། ཡེ་ཤེས་སྐུ་དང་སྐུ་གསུང་ཐུགས།། ཡོན་ཏན་ངན ་སོང་མཐོ་རིས་ལམ།། ཐབས་དང་ཤེས་རབ་སྐྱོན་གྱི་རྒྱུ།། ཡོན་ཏན་རྒྱུ་དང་སངས་རྒྱས་ཆེ།། སེམས་ཅན་རྟོགས་ཐབས་ངས་བཤད་ཉོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་མ་རིག་ལས་སྐྱེས་ཡིན།། དུག ་ལྔ་འཁོར་བའི་རྩ་བ་སྟེ།། འདི་ཉིད་རང་བཞིན་མེད་པར་ཤེས།། སེམས་ཉིད་ཡེ་ནས་ཆེ་བར་བྱུང་།། ཆོས་ནི་འཁོར་འདས་ཀུན་ཡིན་ཏེ།། ཉིད་ནི་སྤྲོས་པའི་དངོས་པོ་དང་།། བཙལ་མེད་ཡེ་ནས་ཆེ་བར་གནས།། ཆོས ་ཉིད་ཡེ་ནས་ཆེ་བའི་མཆོག། ཆོས་སྐུའི་རྩལ་ནི་འབྱུང་བ་ལྔ།། ཡེ་ནས་རྒྱུད་ལ་སངས་རྒྱས་ཏེ།། དེ་ཕྱིར་སྣང་བ་ཆོས་ཀྱི་སྐུ།། འབྱུང་བ་ཡེ་ཤེས་ཆེ་བར་བསྡུ།། ཡེ་ནི་རང་བྱུང་ངོ་བོ་ཉིད།། ཤེས་ནི་བློ་ཡི་རྟོག་ཏུ་གོ།། ཟུང ་དུ་འབྲེལ་བས་ཡེ་ཤེས་ཏེ།། དེ་ཕྱིར་ཡེ་ཤེས་ཆེ་བར་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྐུ་ཡི་སྐུ་ལྔ་ལྷུན་གྱིས་གྲུབ།། མ་བཙལ་ཡེ་ནས་ཆོས་སྐུར་འདུས།། ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས།། སྐུ་ནི ་ཡེ་ནས་ཆེ་བའི་མཆོག། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀྱང་།། ཕྲིན་ལས་དཀྱིལ་འཁོར་རང་གི་སྐུ།། དེ་ལས་གཞན་དུ་བསྒྲུབ་མི་དགོས།། ཡོན་ཏན་ཕྲིན་ལས་ཆེ་བར་བསྡུ།། སྐྱོན་ཡོན་གཉིས་ཀ་གཞི་ལ ་མེད།། དེ་ཕྱིར་གོ་བ་སངས་རྒྱས་རྒྱུ།། རང་བྱུང་ཡེ་ནས་དག་པའི་སྐུ།། སྐྱོན་ཡོན་ཡེ་ནས་ཆེ་བ་ཡིན།། སྡུག་བསྔལ་འཁོར་བ་ངན་སོང་སྟེ།། དག་པར་ཡེ་ནས་རྟོགས་པ་ལ།། སྡུག་བསྔལ་ཉིད་ཀྱང་བདེ་བར་འཆར།། དེ ་ཕྱིར་འཁོར་བ་ངན་སོང་ཆོས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་རྩ་བ་གཅིག། མཐོ་རིས་ངན་སོང་གཞི་ལ་མེད།། དེ་ཕྱིར་ཡེ་ནས་རང་བྱུང་སྐུ།། མཐོ་རིས་ངན་སོང་ཆེ་བར་གསུངས།། ཐབས ་ཀྱིས་སངས་རྒྱས་སེམས་ཅན་འབྲེལ།། དེ་ཕྱིར་ངེས་དོན་ཐབས་ལས་བྱུང་།། ལུང་ལྡན་གདམས་ངག་ངེས་པར་ཆེ།། ཐབས་ནི་ཡེ་ནས་ཆེ་བར་ངེས།། ཤེས་ནི་ཆོས་སྐུ་སྤྲོས་དང་བྲལ།། རབ་ནི་དོན་རྣམས་ཁོང་དུ་ཆུད།། ་ཡེ་ནས་དབང་བསྐུར་རྒྱལ་པོ་སྟེ།། ཤེས་རབ་ཡེ་ནས་ཆེ་བ་ཡིན།། སྐྱོན་ནི་མ་རིག་འགྱུ་བ་སྟེ།། ལུང་ལྡན་རྐྱེན་གྱིས་སྐྱོན་དང་བྲལ།། དེ་ཕྱིར་སྐྱོན་རྟོགས་ཡེ་ཤེས་འབྱུང་།། སྐྱོན་རྒྱུ་ཡེ་ནས་ཆེ་བ་ཡིན།། དེ་ཡང་འཁོར་གྱི ་སྙིང་པོ་ཉོན།། ང་ཡི་སྐུ་གསུང་ཐུགས་རྣམས་ནི།། མ་བཅོས་མ་འགྱུར་མ་གཡོས་པས།། ང་ཡི་རོལ་པ་ཐམས་ཅད་ལ།། དེ་ཕྱིར་སྤང་ལེན་བཟང་ངན་མེད།། ཡོན་ཏན་རྒྱུ་ནི་ཡེ་ནས་ཆེ།། འཁོར་བ་སངས་པས་ཆོས་སྐུ ་རྒྱས།། ཡོན་ཏན་ཀུན་ལྡན་སངས་རྒྱས་ཏེ།། མ་བཙལ་འབྲས་བུ་རང་གནས་པ།། སངས་རྒྱས་ཡེ་ནས་ཆེ་བར་བསྡུ།། སངས་རྒྱས་རྒྱུ་ནི་སེམས་ཅན་ཏེ།། སེམས་ཅན་སེམས་རྟོགས་ཆོས་སྐུ་ཡིན།། རྟོགས་པས་སངས ་རྒྱས་ད་ལྟ་ཉིད།། དེ་ཕྱིར་སེམས་ཅན་ཤིན་ཏུ་མེད།། ངེས་དོན་རྟོགས་པས་སངས་རྒྱས་འབྱུང་།། ངེས་དོན་རྟོགས་པས་མ་རིག་སངས།། ཡེ་ནས་ཡོད་པས་ཡེ་ཤེས་སྐུ།། དེ་ཕྱིར་རྟོགས་པས་ཆེ་བའི་ཐུགས།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། ཆོས་སྐུའི་རྩལ་དུ་ཡོན་ཏན་འབྱུང་།། གང་ཡང་མི་འགག་རོལ་པ་ཡི།། ཆེ་བ་དྲུག་ཅུ་མ་འདྲེས་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ ་པའི་རྒྱུད་ལས། ཆེ་བའི་ཡོན་ཏན་རྩལ་འབྱུང་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་གཅིག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དབྱེར་མེད་མ་བཙལ་ཕྱི་དང ་ནང་།། ཡེ་ཤེས་མ་རིག་བཟང་ངན་ལས།། བདེ་སྡུག་ཆེ་ཆུང་སྐྱེ་འཆི་དང་།། བླང་དོར་མེད་པ་མ་བཙལ་བ།། རང་གནས་ཆེན་པོར་ལ་བཟླའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ནས་རྒྱུ་དང་འབྲས་བུ་ནི།། རིམ ་པར་དབྱེར་མེད་རང་གནས་ཕྱིར།། སངས་རྒྱས་མ་ཚོལ་རང་ལ་གནས།། དེ་ཕྱིར་རྒྱུ་འབྲས་དབྱེར་མེད་ཡིན།། རྩ་བ་འཁོར་འདས་གཅིག་པའི་ཕྱིར།། ངོ་བོ་ཉིད་སྐུ་ཡེ་ཤེས་གནས།། ཐར་པ་ཐོབ་ཅེས་བསྟན་པ་ཡང་།། ་འཁོར་འདས་རྩ་བ་རང་གནས་ཡིན།། ཕྱི་ནང་སྣོད་བཅུད་མ་ལུས་ཀུན།། མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས།། དུས་གསུམ་འཕོ་འགྱུར་མེད་པའི་གནས།། ཕྱི་ནང་མ་བཙལ་ཡེ་གནས་ཡིན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། མ་རིག་ལས་སྐྱེས་སེམས་ཅན་ཀུན།། ཡེ་ཤེས་ལས་འབྱུང་སངས་རྒྱས་ཉིད།། རང་བྱུང་ངེས་དོན་ཆོས་སྐུར་གཅིག། མ་བཙལ་ལ་བཟླ་ཆེན་པོ་ཡིན།། ལུས་ངག་བདེ་སྡུག་མ་བཅོས་ཕྱིར།། ་རྟོགས་དང་མ་རྟོགས་གཞི་ལ་མེད།། ཡུལ་ལ་འཛིན་པའི་བློ་མེད་ཕྱིར།། མ་བཙལ་རང་གནས་ལ་བཟླའོ།། གཙང་སྨེ་གཞི་ལ་གཉིས་མེད་པས།། བློ་ཡིས་བྱིས་པ་ཐམས་ཅད་གོལ།། མ་བཅོས་མ་བྱས་རང་རིག་སྐུ།། ་བཟང་ངན་མེད་པར་ལ་བཟླའོ།། ཆེ་ཆུང་མཐོ་དམན་ལ་སོགས་པ།། རྟོགས་པ་ཅན་ལ་ཆེ་ཆུང་མེད།། ཡེ་ནས་མ་བྱུང་མ་སྐྱེས་ཏེ།། དུས་གསུམ་གཅིག་པས་ཡེ་ཤེས་སྐུ།། རང་བྱུང་ངོ་བོ་རྟོགས་པ་ལ།། དུས་གསུམ ་དབྱེར་མེད་གཅིག་པའི་ཕྱིར།། གྲངས་དང་ཚེ་ཚད་བགྲང་དུ་མེད།། མི་འགྱུར་ཡེ་ཤེས་ལ་བཟླའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་ཀུན་བཟང་ལ།། ཕྱོགས་རིས་བླང་དོར་གང་ཡང་མེད།། ཡེ་ཤེས ་མ་བཙལ་རང་གནས་པས།། ཆོས་རྣམས་ཀུན་གྱི་ལ་བཟླའོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་གནས་ཆེན་པོ་དེ་དགུ་ལ།། རྩ་བ་རང་བྱུང་ཆོས་སྐུར་འདུས།། དེ་ཕྱིར་ཡེ་ཤེས་ཟང་ཐལ་ལ།། འདུ་འབྲལ་བ་ཡི། ་མིང་ཡང་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་གནས་ཆེན་པོར་ལ་བཟླ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་དྲུག་ཅུ་རྩ་གཉིས་པའོ།། སྡོམ་དུ ་བསྡུས་ཏེ་བསྟན་པ་སོ་གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་ཏུ་བཟང་པོར་དོན་ཞུས་པས།། སྐུ་གསུམ་དོན་གྱི་གདུལ་བྱ་ཡི།། མཁྱེན་ཚད་འཁོར་ལ་བཤད་དུ་གསོལ།། དེ་སྐད་པ་ཡིས་དོན ་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སྤྲུལ་པ་དྲང་དོན་ཁམས་གསུམ་ཡང་།། རྒྱུ་འབྲས་བདེ་སྡུག་མ་ལུས་དང་།། ལས་དང་ཉོན་མོངས་མ་ལུས་པ།། མཁྱེན་ཕྱིར་ཐམས་ཅད་མཁྱེན་ཞེས་བྱ།། དེ་ཡང་རྡོ ་རྗེ་སེམས་དཔའ་ཉོན།། འདོད་ཁམས་གནས་རིགས་ཉི་ཤུ་ཡི།། ལས་དང་རྐྱེན་ནི་གང་ལས་བྱུང་།། ཉེས་ལེགས་མ་ལུས་དུས་གཅིག་ཏུ།། གང་ཡང་ཤེས་ཕྱིར་མནོ་མི་དགོས།། ཆུ་བུར་མིག་དང་ཤ་ཡི་མིག། ལྷ་ཡི་མིག། ་དང་ཆོས་ཀྱི་སྤྱན།། ཡེ་ཤེས་སྤྱན་དང་རྣམ་ལྔ་སྟེ།། ཐམས་ཅད་མཁྱེན་པའི་ཚད་དུ་གསུངས། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆུ་བུར་མིག་གིས་དཔག་ཚད་དང་།། རྒྱང་གྲགས་རིང་ཟུང་ཚུན་ཆད་མཐོང་།། ཤ་མིག ་གླིང་བཞི་གླིང་ཕྲན་མཐོང་།། ལྷ་ཡིས་མིག་གིས་ནམ་མཁའི་ཁམས།། ཁྱབ་ཚད་མ་ལུས་དུས་གཅིག་མཐོང་།། སྦྲུལ་སྐུའི་མཁྱེན་ཆད་དེ་དང་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དམྱལ་ཁམས་བཅོ་བརྒྱད་སྡུག ་བསྔལ་དང་།། ཆེ་ཆད་རིང་ཟུང་རིམ་པ་ཡང་།། ལས་ངན་བྱས་པའི་ཉེས་པ་ཡིན།། རྣམ་སྦྱིན་སྡུག་བསྔལ་རམ་པ་མཁྱེན།། དུས་གསུམ་གང་ཡང་དུས་གཅིག་མཁྱེན།། ད་ཡང་འཁོར་གྱི་སྙིང་པོ་ཉན།། ་ནང་མེ་ལྕེ་མཁའ་ལ་རྒྱུ།། དེ་དག་ལས་ཀྱི་རྣམ་སྨིན་གྱིས།། བཀྲེས་བསྒོམ་སྡུག་བསྔལ་སྣ་ཚོགས་པ།། ཡི་དྭགས་ལུས་ཀྱི་རྣམ་པ་དག། ལས་ངན་བསགས་ཕྱིར་རང་ལ་སྨིན།། ཚེ་ཚད་མནར་མེད་ཡིད་ལ་བྱུང་། དེ་ཡི ་མཉེན་པོ་གང་དགོས་མཁྱེན།། གང་ཡང་མཁྱེན་པས་སྤྲུལ་པའི་སྐུ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བྱོལ་སོང་གནས་རིགས་དག་ན་ཡང་།། རྐང་གཉིས་དང་ནི་རྐང་བཞི་དང་།། རྐང་མང་དང་ནི་རྐང་མེད་ཚོགས།། ་གླེན་ལྐུགས་ཚེ་ཚད་སྡུག་བསྔལ་ནི།། ངེས་མེད་ངེས་ཅན་གྲངས་མེད་ཀྱང་།། དེ་ཡིས་མཉེན་པོ་གང་དགོས་མཁྱེན།། གླིང་བཞི་བྱོལ་སོང་གླིང་བར་དང་།། མུན་གླིང་ཡོད་པའི་གྲངས་བཅས་མཁྱེན།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། ཕྱི་ནི་སྣོད་དང་བཅུད་ཀྱིས་བསྡུས།། འབྱུང་བ་བཞི་ཡི་རྣམ་པ་ཡང་།། ས་གཞི་རི་རབ་རྒྱ་མཚོ་དང་།། མེ་རླུང་འབྱུང་བ་སྣ་ཚོགས་པ།། རྡུལ་ཕྲན་དག་གི་གྲངས་རྣམས་ཀྱང་།། བགྲང་མི་དགོས་པར ་དུས་གཅིག་མཁྱེན།། ཕྱི་ཡིས་ཁ་དོག་དབྱིབས་དང་ནི།། གླིང་བཞི་གླིང་ཕྲན་མ་ལུས་པའི།། དབྱིབས་དང་ཚེ་ཚད་ལུས་ཀྱི་ཚད།། མ་ལུས་གང་ཡང་དུས་གཅིག་མཁྱེན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས ་ཁམས་གནས་རིགས་བཅུ་བདུན་པོའི།། ལོངས་སྤྱོད་ཆེ་ཆུང་གང་ཡང་རུང་།། དགེ་བའི་ལས་ནི་གང་ཡང་རུང་།། འབྲས་བུ་འབྱུང་བའི་རིམ་པ་ཡང་།། འདིར་བསགས་ཕྱི་མར་སྨིན་པ་མཁྱེན།། ལྷ་ཡི་ཚེ་ཚད་རིང་ཐུང ་ཡང་།། འོག་ལས་གྱུར་པའི་འགྱུར་རྩིས་ཏེ།། བྱ་བ་མང་ཉུང་ངུས་ཚོད་མཁྱེན།། དེ་ཕྱིར་ཆགས་འཇིགས་སྟོང་དང་གསུམ།། ཆོ་འཕྲུལ་མངོན་འབྱུང་བསྟན་པའི་ཚེ།། འཇིག་དང་མི་འཇིག་རྣམ་པ་ཡང་།། བསམ་གཏན ་རོ་མྱོང་ཞེན་པ་དང་།། བག་ལ་ཉལ་གྱིས་མ་རིག་པས།། བསྒྲིབ་ཕྱིར་ཐ་མལ་ལྟུང་བའི་ཕྱིར།། དེ་ཡི་མཉེན་པོའི་ཆོས་རྣམས་ཀྱང་།། གང་ལ་གང་འདོད་རིམ་པར་མཁྱེན།། ལོངས་སྤྱོད་གཡེངས་ཕྱིར་གདུལ་བར ་དཀའ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཟུགས་མེད་ཁམས་བཞིའི་རིམ་པ་ཡང་།། ཞི་གནས་རོ་ལ་ཞེན་པའི་ཕྱིར།། བལྟ་མེད་བསྒོམས་པས་རང་ཉིད་འཁོར།། དེ་ཡང་རང་གིས་མ་རིག་པས།། ཅི་ཡང་ཡོད་མིན། ་མེད་མིན་དང་།། རྣམ་ཤེས་མཐའ་དང་ནམ་མཁའ་ཡི།། ལྷ་ལོག་ཞེན་ཕྱིར་ཤིན་ཏུ་འཁྲུལ།། དེ་ལ་ངེས་མེད་གང་འབྱུང་བའི།། ཏིང་འཛིན་གོལ་བའི་ཉམས་དེ་ཡི།། དུས་གསུམ་ལས་ནི་མ་ལུས་དང་།། ལས་ཀྱི་འཁོར ་བའི་རྣམ་སྨིན་དེ།། དེ་ཡི་གཉེན་པོ་གང་བསྒོམ་པ།། གཉེན་པོ་མེད་ན་ལྟུང་དུས་དང་།། ཚེ་ཚད་རིང་ཡང་ཐ་མ་ལྟུང་།། དེ་དུས་སྐུར་བཏབ་དམྱལ་བར་ལྟུང་།། དེ་དག་སྦྲུལ་སྐུའི་མཁྱེན་པའི་ཚད།། དེ་ཡང་འདུས་པའི ་སྙིང་པོ་ཉོན།། སྤྲུལ་པ་དེ་ཡིས་སྤྲུལ་པ་འགྱེད།། འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ།། སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད།། གཉེན་པོ་སྒོ་མོ་བརྒྱད་ཁྲི་སྟོང་།། གང་གིས་གང་འདུལ་རིག་པ་མཁྱེན།། ལྷ་ཡི་མིག ་གིས་གཟིགས་ཚད་དུ།། རྣ་བ་ལ་སོགས་དེ་བཞིན་ནོ།། མ་ལུས་མཁྱེན་པ་སྤྲུལ་པའི་སྐུ།། དེ་ཕྱིར་ཐམས་ཅད་མཁྱེན་ཞེས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། སྤྲུལ་པའི་སྐུ་ཡིས་ཐམས་ཅད་མཁྱེན་པའི་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་གསུམ་པའོ།། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཆོས་སྐུ་ལས་བྱུང་བའི།། ལོངས་སྐུའི་མཁྱེན ་ཚད་བསམ་མི་ཁྱབ།། རེ་ཞིག་དྲང་བའི་དོན་དུ་ནི།། ས་བཅུའི་བྱང་ཆུབ་སེམས་དཔའ་ཡིས།། ལམ་ལྔ་ས་བཅུ་སྦྱངས་པའི་ཕྱིར།། ཞིང་ཁམས་སྐྱེ་བ་བརྗོད་མི་ལངས།། དེ་དག་ཀུན་གྱིས་གྲངས་དབྱེ་བ།། མ་ལུས་ཀུན ་གྱི་རྣམ་གྲངས་ནི།། ལོངས་སྤྱོད་རྫོགས་པས་མཁྱེན་པའི་ཚད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དག་པའི་འཇིག་རྟེན་མང་བའི་ཕྱིར།། རིགས་ལྔ་ལ་སོགས་སངས་རྒྱས་ཀྱི།། རིན་ཆེན་གཞལ་ཡས་ཁང་དང་ནི།། ་དཀྱིལ་འཁོར་ལྷ་ཚོགས་གྲངས་དང་ནི།། སེམས་དཔའ་སེམས་མ་བརྗོད་ལས་འདས།། རྒྱན་དང་ཁ་དོག་སྨོས་ཟག་ཆོད།། དེ་ཡི་ཡོན་ཏན་མ་ལུས་པ།། དུས་གཅིག་ཚང་ཞིང་རྫོགས་པར་མཁྱེན།། ད་ཡང་འདུས ་པའི་སྙིང་པོ་ཉོན།། ཆོས་ཀྱི་མིག་གིས་མཁྱེན་པའི་ཚད།། གདུལ་བྱའི་འཁོར་དུ་བསྟན་པ་ཡང་།། དྲང་བའི་དོན་དུ་བསྟན་པ་ལས།། ངེས་དོན་ལོངས་སྤྱོད་རྫོགས་པ་ཡི།། མཁྱེན་ཚད་འཁོར་འདས་མ་ལུས་པ།། སྐུ་ཡི ་སྒོ་ནས་འདུལ་མཛད་མཁྱེན།། ལྡེམ་དགོངས་བརྡ་ཡིས་ཆོས་རྣམས་སྟོན།། ས་བཅུའི་བྱང་ཆུབ་སེམས་དཔའ་ཡང་།། འགྲོ་བའི་དོན་དུ་སྤྲུལ་པ་ལས།། ས་ཟིན་བྱང་ཆུབ་སེམས་དཔའ་མེད།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། ལྷག་མཐོང་རིག་པའི་དོན་ལྡན་པ།། ཆོས་ཀྱི་མིག་དང་ལྡན་ཞེས་གསུངས།། དེ་ཕྱིར་ལོངས་སྤྱོད་རྫོགས་པ་ཡི།། མཚན་དང་དཔེ་བྱད་མ་ལུས་པ།། སངས་རྒྱས་ཉིད་ཀྱི་མཛད་པ་ལས།། བྱང་ཆུབ་སེམས་དཔའ ་ལོགས་ན་མེད།། ས་དང་ས་ཡིས་ཁྱད་པར་ལས།། སྒྲིབ་བྱང་ཏིང་འཛིན་ཁྱད་པར་ལས།། གོང་ནས་གོང་དུ་འགྲོ་ས་མེད།། མཛད་པ་ཡོན་ཏན་ལྡེམ་དགོངས་ཆོས།། གང་ཡང་མཁྱེན་པས་ལོངས་སྤྱོད་འཁོར།། དེ་ཕྱིར ་དག་པ་སངས་རྒྱས་ཉིད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དོན་ཕན་པར་བྱ་བའི་ཕྱིར།། ཕ་རོལ་ཕྱིན་པ་བསྟན་པ་ཡང་། བྱམས་དང་སྙིང་རྗེས་གཞིར་བཟུང་ནས།། སེམས་ཅན་ཀུན་ལ་བརྩེར་དགོངས་ཏེ།། ་གཞན་ལ་ཕན་འདགས་བསོད་ནམས་འཕེལ།། དྲང་བའི་དོན་དུ་གསུངས་པ་ལས།། དོན་ལ་ཕན་པ་རྡུལ་ཙམ་མེད།། ལོངས་སྤྱོད་མཁྱེན་ཚད་ས་བཅུར་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་ངེས་དོན ་བཀའ་མདོ་ཡང་།། དྲང་དོན་བསླུ་བྲིད་མ་ཡིན་ཏེ།། དབུ་མ་ཤེས་རབ་ཕ་རོལ་ཕྱིན།། རྫོགས་ཆེན་ཆོས་སྐུའི་སྙིང་པོ་ནི།། ལོངས་སྤྱོད་རྫོགས་པའི་མཁྱེན་པའི་ཚད།། དེ་ཕྱིར་བསྟན་པའི་རྩལ་གྱིས ་རྫོགས།། གང་ཕྱིར་ལོངས་སྐུ་ཆོས་སྐུར་བརྟེན།། འཁོར་ནི་བྱང་ཆུབ་སེམས་དཔའི་ཚུལ།། ཆོས་ཉིད་དག་ལ་ལོངས་སྤྱོད་པས།། ལོངས་སྤྱོད་རྫོགས་པའི་མཁྱེན་ཚད་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ། ་ཐུགས་ལ་མ་འདྲེས་མཁྱེན།། སངས་རྒྱས་མ་ལུས་དགོངས་པ་གཅིག། དཔེར་ན་མར་མེ་སྟོང་དག་ཀྱང་།། འོད་ཀྱི་ངོ་བོ་གཅིག་པ་བཞིན།། དུས་གསུམ་སངས་རྒྱས་སྟོང་ལ་སོགས།། དེ་དག་དགོངས་པ་ཆོས་སྐུར ་གཅིག། གདུལ་བྱ་འཁོར་བ་ཐ་དད་ཀྱང་།། སྐུ་གསུང་ཐུགས་ལ་འཕེལ་འགྲིབ་མེད།། དེ་ཕྱིར་ལོངས་སྤྱོད་རྫོགས་པའི་ཚད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཡི་མཁྱེན་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་བཞི་པའོ།། །། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུ་ངེས་ཟིན་ཐམས་ཅད་མཁྱེན།། དག་པའི་འཇིག་རྟེན་མེད་པའི ་ཕྱིར།། འཁོར་བའི་མུན་པ་ཀ་ནས་དག། ཡོད་མེད་མཐའ་དང་འདོད་པ་བྲལ།། ཆོས་སྐུ་ཡེ་ཤེས་ཀློང་གནས་པ།། ད་ལྟའི་ཤེས་པ་འདི་ཉིད་ལ།། ཆོས་སྐུ་ངོས་ཟིན་ཐམས་ཅད་མཁྱེན།། དེ་ཕྱིར་རང་བྱུང་ངོ་བོར་གནས།། ་ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚན་ཉིད་ཆོས་སྐུ་སྟོང་པ་ཉིད།། དམིགས་པ་མེད་ཕྱིར་འགྲོ་དོན་བྲལ།། སྟོང་པར་འདོད་པ་ཆད་བལྟ་ཡིན།། དེ་ཕྱིར་ངེས་དོན་ཆོས་སྐུ་མིན།། ཡང་ཏི་ངེས་དོན་ཆོས་སྐུ་ནི།། རིག ་པ་ངོ་ཤེས་གསལ་བ་ལ།། རྟོག་མེད་གདེང་ལྡན་རང་བྱུང་སྟེ།། སང་ངེ་ས་ལེ་གདེང་གིས་ཟིན།། ཆོས་སྐུ་མཁྱེན་པས་རང་གི་ཐུགས།། སྐུ་ནི་ཆོས་སྐུ་ཡེ་ཤེས་ལུས།། ཡེ་ཤེས་སྤྱན་གྱིས་ལྷག་མཐོང་གསལ།། ཡེ་ཤེས ་གཟུགས་བརྙན་ལ་སོགས་པ།། མ་འགགས་གང་ལ་རྟོག་པ་མེད།། དེ་ཕྱིར་ཆོས་སྐུ་ཁ་མིག་ཅན།། རིག་པ་ཆོས་སྐུར་གསལ་ཕྱིར་རོ།། དེ་དོན་གདམས་ངག་མདོར་བསྡུ་ན།། རྣམ་རྟོག་མི་མངའ་ཆོས་སྐུ་དེ།། ཅི་ཡང ་རང་བྱུང་ས་ལེར་མཁྱེན།། མི་གཡོ་གདེང་ལྡན་འགྱུར་བ་མེད།། དེ་ནི་ཆོས་སྐུའི་མཁྱེན་པའི་ཚད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུས་འདིའི་ནང་ན་ཆོས་སྐུ་བདེ།། འཁོར་འདས་མེད་ཕྱིར་བཙལ་མི་དགོས།། དེ ་ཕྱིར་ལུས་འབྲལ་ཆོས་སྐུ་བདེ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་གསུམ་ཐམས་ཅད་མཁྱེན་པ་ཡང་།། དྲང་བའི་དོན་དུ་ཕྱེ་བ ་ལས།། དོན་ལ་དབྱེ་བ་རྡུལ་ཙམ་མེད།། མ་ལུས་མཁྱེན་པས་མཁྱེན་ཅེས་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུའི་ཐམས་ཅད་མཁྱེན་པའི ་ཚད་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་ལྔ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པའི་ལེའུ་སོ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་དོན་དུ།། ཆོས་ཀྱི་རྗེ་ལ་འདི ་སྐད་གསོལ།། བསམ་གཏན་མ་གོལ་འབྲས་བུ་གང་།། རྒྱུ་ཡི་ཐེག་འོག་འབྲས་བུ་དང་།། ཆོས་རྣམས་རྫོགས་པའི་འབྲས་བུ་དང་།། ཕྱི་ནང་མི་གོལ་འབྲས་བུ་རྣམས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད ་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྩོལ་བ་མེད་པའི་འབྲས་བུ་ནི།། གོལ་སྒྲིབ་མེད་པའི་འབྲས་བུ་ལ།། དབྱེ་བ་རྣམ་པ་བཅུ་ཚན་གསུམ།། ཡིད་ལ་མི་བྱེད་གོལ་སྒྲིབ་མེད།། དེ་ཕྱིར ་ངེས་པའི་འབྲས་བུ་བསྟན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྔ་ཕྱི་ཞེན་པའི་རྟོག་པ་ཡིས།། བྱུང་ཚོར་རྗེས་སུ་མ་འབྲངས་པས།། འཇིག་རྟེན་ཕལ་པའི་སར་མ་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ང་དང ་བདག་མེད་དོན་རྟོགས་ཕྱིར།། ཡོད་མེད་ཡུལ་དུ་མི་བསྒོམ་པས།། རྟག་ཆད་མཐར་ནི་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྒལ་བའི་བཀའ་དང་མན་ངག་གི།། ཤེས་རབ་ཟབ་མོའི་དོན་ཟིན་པས།། ལུང་དུ ་མ་བསྟན་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ལྷག་མཐོང་རིག་པའི་གདེང་ཟིན་པས།། ཞི་གནས་རོ་ལ་མ་ཆགས་ཕྱིར།། འཇིག་རྟེན་བསམ་གཏན་སར་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང ་བའི་ཡུལ་རྣམས་མཐོང་བའི་ཚེ།། སྒོ་ལྔའི་རྣམ་ཤེས་མི་འགོག་པས།། འདུ་ཤེས་མེད་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང ་མཉམ་པའི་རྒྱུད་ལས། འཇིག་རྟེན་པའི་གོལ་མེད་འབྲས་བུར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སྤང་བའི་རྟོག་པ ་མེད་པའི་ཕྱིར། རྣམ་རྟོག་མ་སྤངས་རང་ཞི་བས།། ཉན་ཐོས་འགོག་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྟེན་འབྲེལ་བཅུ་གཉིས་ཡུལ་མེད་ཕྱིར།། རྟོག་བཀག་སྟོང་པར་མ་བསྒོམས་ཕྱིར།། རང་སངས ་རྒྱས་སུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་བ་སེམས་སུ་མི་སྡུད་ཕྱིར།། རང་རིག་གསལ་བར་མི་བསྒོམས་པས།། སེམས་ཙམ་པར་ནི་དེར་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། བདེན་པ ་གཉིས་སུ་མི་དབྱེའི་ཕྱིར།། མཚན་མ་སྟོང་པར་མ་བསྒོམ་པ།། དབུ་མ་ཉིད་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཕོ་མོ་རྩ་དང་ཐིག་ལེ་ཡིས།། ཐབས་ཀྱི་བདེ་བ་མ་བསྒོམས་པས།། ཆགས་པའི་ལམ་དུ་དེ ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཚོགས་གཉིས་རྩོལ་བ་མེད་པའི་ཕྱིར།། རྒྱུ་འབྲས་རྐྱེན་ལ་མི་ལྟོས་པས།། འདུ་བྱས་ཆོས་སྐུར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། བག་ཆགས་བཟང་ངན་མིང ་མེད་ཕྱིར།། དགེ་སྡིག་རེ་དོགས་རྩོལ་མེད་པས།། ལས་ཀྱི་དབང་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་སྟོང་གཞི་ལ་མེད་ཤེས་ཕྱིར།། དབྱེ་བ་བསྟན་པའི་ཡུལ་མེད་པས།། ཕྲ་བའི ་ལམ་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། གཞི་ལ་གོང་འོག་མེད་པའི་ཕྱིར།། ལམ་ལྔ་རིམ་གྱིས་མ་སྦྱངས་པས།། ས་བཅུའི་ངེས་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། རྫོགས་པ་ཆེན་པོ ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་མཚན་ཉིད་དུ་གོལ་བ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས ་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སྐྱོན་མེད་ཡོན་ཏན་ཀུན་ལྡན་དེ།། ཕྱི་ནང་ཆོས་རྣམས་རྫོགས་པར་ནི།། ང་ཡིས་བཤད་ཀྱི་ལེགས་པར་ཉོན།། ལྷ་སྒོམ་གཉིས་སུ་དོན་གནས་པའི།། རྣལ་འབྱོར་ངེས་པའི ་སྐལ་ལྡན་དེ།། དད་པས་ཀུན་ནས་བསླང་བའི་ཕྱིར།། སྙིང་རྗེའི་རླན་དང་མ་བྲལ་བས།། སེམས་བསྐྱེད་རྣམས་གཉིས་དེ་ལ་རྫོགས།། གང་ལ་མི་རྟོག་རང་གསལ་བའི།། ཆོས་ཉིད་ངང་ཚུལ་གསལ་བ་ལ།། བྱིང་རྒོད ་གཉིས་ཀྱིས་སྐྱོན་བྲལ་བས།། ཞི་གནས་བདེ་བ་དེ་ལ་རྫོགས།། ཕྱི་ནང་ཆོས་རྣམས་མ་ལུས་ཀུན།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། སྒྱུ་མ་ལྟ་བུར་ཤེས་པའི་ཕྱིར།། དངོས་མེད་རྟོགས་པས་ལྷག་མཐོང་རྫོགས།། དེ ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལྟ་བའི་ངང་ལ་མཉམ་བཞག་ཚེ།། སེར་སྣ་འཛིན་པས་སེམས་མེད་པས།། ཆོས་དང་བདག་ཏུ་མ་མཆིས་པས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། ངེས་དོན་རྟོགས་པའི་རྣལ་འབྱོར ་པས།། ལུས་ངག་ཡིད་ཀྱི་སྤྱོད་པ་ཡི།། མི་དགེ་ཉེས་བྱས་མི་འབྱུང་བས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས།། རང་བྱུང་རིག་པའི་རྣལ་འབྱོར་པས།། ལྟ་བ་ངེས་པའི་གདེང་ཟིན་པས།། ཆོས་ཀྱི་དབྱིངས་སུ་ཀུན་ཤོང ་ཕྱིར།། བཟོད་པའི་ཕ་རོལ་ཕྱིན་པ་རྫོགས།། ངེས་པའི་ལུང་ལ་ཡིད་ཆེས་པས།། རང་བྱུང་རིག་པ་ཤེས་པའི་ཕྱིར།། ལྟ་བའི་དོན་ལ་མ་ཡེངས་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། སྔ་ཕྱིས་མ་བསླད་གཉུག་མ ་ལ།། གཞན་དུ་འཛིན་བྲལ་རང་གསལ་སྐུ།། ཆོས་ཉིད་དོན་ལས་མི་གཡོ་ཕྱིར།། བསམ་གཏན་ཕ་རོལ་ཕྱིན་པ་རྫོགས།། ཟོས་པའི་ཤེས་རབ་བློ་སྦྱངས་ནས།། ངེས་པའི་དོན་ནི་མཐར་ཕྱིན་པས།། ཆོས་རྣམས་ལྟ་བས ་ཐག་ཆོད་པས།། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཆོས་ཀྱི་དབྱིངས་སུ་ཤེས་པའི་ཕྱིར།། རྣམ་པ་གང་ཡང་མི་འགོག་པས།། ཐབས་ཀྱིས ་ཕ་རོལ་ཕྱིན་པ་རྫོགས།། སྔོན་ནས་དགེ་བའི་ཚོགས་བསགས་པས།། བླ་མ་སངས་རྒྱས་ཀུན་དང་ཕྲད།། མི་གནས་བླ་མེད་དོན་རྟོགས་པས།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། ཐོག་མཐའ་མ་རིག་སངས་པ་ལས།། ་ལུང་ལྡན་རང་རིག་དོན་ཤར་བས།། མ་རིག་མུན་པ་ཀུན་བཅོམ་ཕྱིར།། སྟོབས་ཀྱིས་ཕ་རོལ་ཕྱིན་པ་རྫོགས།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་ཀུན་རྩ་བར་རབ་རྟོགས་པས།། ཡོན་ཏན་མ་ལུས་ཀུན ་འདུས་ཕྱིར།། ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཀུན་གྱི་མཛད་སྤྱོད་ལ།། ཐ་མལ་སྤྱོད་པའི་མིང་མེད་པས།། ལུས་ངག་དགེ་བ་མི་ཉམས་ཕྱིར།། ཚོགས་ཆེན་མ་ལུས་རྣམ ་གཉིས་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་རྣམས་ལྷུན་གྱིས་གྲུབ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་བརྒྱད་པའོ།། །། དེ ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། བདག་དང་ཡེ་ཤེས་གཉིས་མེད་ཕྱིར།། དག་པའི་ལྷར་ནི་མ་བསྒོམས་པས།། ཀྲི་ཡའི་ཐེག་པར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ ་ཡིན།། གོང་འོག་གཉིས་སུ་མི་ལྟའི་ཕྱིར།། ལྷ་སྤྱོད་ཡ་ཆར་མི་བསྒོམ་པས།། ཨུ་པ་ཡང་ནི་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཡང་དག་ངེས་པའི་དོན་རྟོགས་ཕྱིར།། བྱང་ཆུབ་རྣམ་ལྔ་མ་བསྒོམས་པས།། ་ཡོ་ག་སེམས་དཔར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་གཞི་ལ་མེད་པའི་ཕྱིར།། རྣམ་རྟོག་ལྷ་རུ་མ་བསྒྱུར་བས།། མ་ཧཱ་ཡོ་གར་དེ་མི་གོལ།། དེ་ཡང་ངེས་པའི ་འབྲས་བུ་ཡིན།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། འདུ་འབྲལ་མི་འཇོག་ཡོངས་མེད་ཕྱིར།། ཨ་ནུ་ཡོ་གར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། སྣང་བ་སེམས་ཉིད་ཡིན་པའི་ཕྱིར།། ཆོས་ཉིད་མཚོན ་དུ་མེད་རྟོགས་པས།། མཚན་མའི་སྐྱོན་དུ་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཕྱི་ནང་གསང་བའི་ཆོས་ཀུན་གྱི།། བརྟུལ་ཞུགས་གང་ཡང་མི་དགོས་པས།། བླང་དོར་སྤྱོད་པར་དེ་མི་གོལ།། དེ་ཡང་ངེས་པའི ་འབྲས་བུ་ཡིན།། རྣམ་རྟོག་གཞི་ལ་མེད་པའི་ཕྱིར།། གཉིས་མེད་དོན་ལ་མི་རྟོག་པས།། ཕྱོགས་ཅན་ལྟ་བར་དེ་མི་གོལ།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཚོགས་བརྒྱད་གོལ་སར་ཤེས་པའི་ཕྱིར།། སེམས་ཉིད་དོན ་ལ་མི་རྩོལ་བས།། མཉམ་ཉིད་དོན་ལ་མི་འགྱུར་ཕྱིར།། ཆོས་ཀྱི་སྐུ་ལ་གོལ་ས་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་ཕྱི་ནང་དུ་མི་གོལ་བར ་བསྟན་པའི་ལེའུ་སྟེ་བརྒྱ་དང་རེ་དགུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྒྲིབ་པ་མེད་པའི་འབྲས་བུ་ནི།། ངེས་པའི་ལུང་ལྡན་བླ་མ་ཡིས།། ཡེ་ཤེས་ཆེན་པོར ་ངོས་ཟིན་ཕྱིར།། སྐབས་དབྱེའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ནམ་ལངས་མུན་སྒྲིབ་མེད་པ་བཞིན།། མ་རིག་བག་ཆགས་མེད་པའི་ཕྱིར།། བསླད་པའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི ་འབྲས་བུ་ཡིན།། གང་ཡང་དམ་པར་ལྟ་མེད་ཕྱིར།། ཆེད་དུ་བྱས་ནས་སྒོམ་མེད་པས།། ཕྱོགས་ལྷུང་སྒྲུབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། གང་དྲན་ཆོས་སྐུར་རབ་ཤེས་པའི།། ལྟ་བ ་ངེས་པའི་གདེང་ཟིན་པས།། ཚོགས་ཀྱི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། གསང་སྔགས་མཛད་སྤྱོད་ཐམས་ཅད་ལ།། བྱ་བ་མེད་པའི་དོན་རྟོགས་ཕྱིར།། ལས་བཞིའི་སྒྲིབ་པ་དེ་ལ་མེད།། དེ་ཡང ་ངེས་པའི་འབྲས་བུ་ཡིན།། འཁོར་འདས་ཆོས་ནི་གང་ལ་ཡང་།། མ་ཆགས་མི་གཡོའི་རྟོགས་ལྡན་ཕྱིར།། མཆོད་པའི་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། ཡང་དག་སངས་རྒྱས་རྣམས་གསུངས ་པའི།། ངེས་པའི་ལུང་ལ་ཡིད་ཆེས་པས།། ཐེ་ཚོམ་སྒྲིབ་པ་དེ་ལ་མེད།། དེ་ཡང་ངེས་པའི་འབྲས་བུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གོལ་སྒྲིབ་མེད་པའི་དོན་ཤེས་ན། རྒྱལ་བ་ཉིད་དང་དགོངས་པ་མཉམ།། དེ ་ཕྱིར་ཆོས་སྐུ་ད་ལྟ་ཉིད།། སངས་རྒྱས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྒྲིབ་པ་མེད་པའི་འབྲས་བུ་ཉམས་སུ་བླང་བ་བསྟན་པའི ་ལེའུ་སྟེ་བརྒྱ་དང་བདུན་ཅུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། ངེས་པའི ་དགོངས་དོན་འདི་སྐད་གསོལ།། སེམས་ལས་མ་བྱུང་སངས་རྒྱས་དང་།། རྒྱུ་ལས་མ་བྱུང་འབྲས་བུ་དང་།། ལུང་ལས་མ་བསྟན་གདམས་ངག་དང་།། ཁྱད་པར་འཕགས་པའི་གདམས་ངག་རྣམས།། ཀུན ་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངེས་པ་བཞི་ཡི་ཁྱད་འཕགས་པ།། ཁྱོད་ལ་ལེགས་པར་ངེས་བསྟན་གྱིས།། ཡིད་ལ་ཟུང་ལ་ངེས་པར ་ཚོང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ལས་མ་བྱུང་སངས་རྒྱས་ནི།། རང་བྱུང་ངེས་པའི་ཆོས་སྐུ་ནི།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རྣལ་འབྱོར་ཀུན་གྱི་དམ་པའི་ལམ།། ཐམས་ཅད་མཁྱེན་པའི་ཡེ ་ཤེས་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཚན་ཉིད་སེམས་སུ་འདོད་པ་ནི།། མ་རིག་ཆོས་ནི་བདེན་གཉིས་སུ།། བློ་ཡིས་ནན་བརྟགས་སེམས་ཀྱིས་བཅོས།། ཚོགས་བསགས་སྒྲིབ་སྦྱངས་ཀུན་བརྟགས་པའི།། ་སེམས་བྲལ་རང་བྱུང་ཆོས་ཀྱི་སྐུ།། སེམས་ལས་མ་བྱུང་སངས་རྒྱས་འདི།། ཐེག་པ་ཀུན་ལས་ཁྱད་པར་འཕགས།། ཕྱི་ནང་གསང་སྔགས་བསྐྱེད་རྫོགས་ནི།། ཏིང་འཛིན་གསུམ་གྱིས་ལྷར་བསྒོམས་ནས།། ཕྲིན་ལས ་རྣམ་བཞིའི་ལས་སྤྱོད་ཀུན།། འབྲས་བུ་མི་ཐོབ་ཀུན་བརྟགས་པའི།། ཡིད་སྨོན་ཀུན་བརྟགས་དཀྱིལ་འཁོར་ཀུན།། དྲང་དོན་ཡིན་ཕྱིར་འཁྲུལ་པའི་སེམས།། གསལ་བརྟན་ཏིང་འཛིན་གོམས་གྱུར་ཀྱང་།། སེམས་ལས ་མ་བྱུང་སངས་རྒྱས་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ངེས་དོན་སངས་རྒྱས་ནི།། ཡིད་ཀྱིས་མ་བསྒོམས་མ་བསྐྱེད་པའི།། རྩོལ་མེད་རང་གསལ་འདི་ཉིད་ལ།། སེམས་ལས་མ་བྱུང ་སངས་རྒྱས་ཡིན།། སྣང་མེད་རང་བྱུང་ཆོས་ཉིད་ལ།། ཡུལ་དུ་བྱས་པ་མེད་པའི་ཕྱིར།། ལྷ་མེད་བསྒོམ་རྒྱུ་ག་ལ་ཡོད།། དེ་ཕྱིར་སེམས་ནི་ཀུན་བརྟགས་ཡིན།། གང་ཡང་མ་བསྒོམས་ཆོས་ཉིད་ནི།། སེམས་ཀྱི་ཡུལ་ལས ་འདས་པའི་ཕྱིར།། སེམས་ལས་མ་བྱུང་རང་བྱུང་སྟེ།། སངས་རྒྱས་ཀུན་གྱི་དགོངས་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ནི་མ་རིག་མུན་པ་ཡིན།། སངས་རྒྱས་སེམས་བྲལ་ཡེ་ཤེས་སྐུ།། མ་རིག་སེམས ་སངས་སྒྲིབ་པ་དག། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱས།། རྟག་ཆད་འཛིན་པ་མ་རིག་སེམས།། དེ་ལས་མ་བྱུང་སྒྲོ་སྐུར་བྲལ།། རྟགས་ཆད་སེམས་མེད་ཆོས་ཀྱི་སྐུ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། སངས ་ནི་འཁྲུལ་པ་འཛིན་པ་སངས།། རྒྱས་ནི་ཆོས་སྐུ་མི་གཡོ་རྒྱས།། སངས་ནི་སེམས་སུ་འཛིན་པ་སངས།། རྒྱས་ནི་རང་བྱུང་ཡེ་ཤེས་རྒྱས།། སངས་ནི་གོལ་སྒྲིབ་སེམས་རྣམས་སངས།། རྒྱས་ནི་ཡེ་ཤེས་མི་རྟོགས་རྒྱས།། ་སངས་ནི་བྱིང་དང་རྨུགས་པ་སངས།། རྒྱས་ནི་ལྷག་མཐོང་ཡེ་ཤེས་རྒྱས།། དེ་ཕྱིར་སེམས་ལས་མ་བྱུང་བའི།། ཡེ་ཤེས་རང་སངས་རྒྱས་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་ནི་རྒོད་འཕྲོ་གཡེང་བ་སངས།། ་རྒྱས་ནི་རང་རིག་ཡེ་ཤེས་རྒྱས།། སངས་ནི་འཁོར་འདས་འཛིན་པ་སངས།། རྒྱས་ནི་ཆོས་སྐུ་གསལ་བ་རྒྱས།། སངས་ནི་བག་ཆགས་ཉོན་མོངས་སངས།། རྒྱས་ནི་རང་གི་ངོ་བོ་རྒྱས། སངས་ནི་བདུད་བཞིའི་ཆོ ་འཕྲུལ་སངས།། རྒྱས་ནི་ཟིལ་གནོན་ལྟ་བ་རྒྱས།། དེ་ཕྱིར་རང་བྱུང་རིག་པ་འདི།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དུས་གསུམ་སངས་རྒྱས་སེམས་དང་བྲལ།། ཚོགས་བརྒྱད ་མེད་ཕྱིར་སེམས་ཀྱང་མེད།། རང་བྱུང་སྙིང་པོ་ཆོས་ཀྱི་སྐུ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། མ་རིག་ལས་བྱུང་སེམས་ཅན་ཀུན།། སེམས་སུ་འཛིན་ཕྱིར་སྡུག་བསྔལ་འབྱུང་།། དེ་ཕྱིར་སེམས་བྲལ་སྤྲོས་ལ ་མེད།། སྤྲོས་མེད་ཆོས་སྐུ་རང་བྱུང་ལ།། རང་སེམས་བྲལ་བས་དམིགས་པ་མེད།། དམིགས་མེད་ཆོས་ཀྱི་སྐུ་ཞེས་བྱ།། སེམས་ལ་དུས་གསུམ་ཡོད་པའི་ཕྱིར།། ཚེ་ལ་སྔ་ཕྱི་ད་ལྟ་འབྱུང་།། སེམས་ལ་འཕོ་འགྱུར་ཡོད ་པའི་ཕྱིར།། དེ་ཕྱིར་ལུས་ལ་སྐྱེ་འཆི་འབྱུང་།། ན་ཚ་བདེ་སྡུག་སྣ་ཚོགས་པ།། རང་སེམས་ཡིན་ཕྱིར་འཁོར་བར་སྨིན།། དེ་ཕྱིར་སེམས་ནི་སངས་རྒྱས་མིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐྱེ་ཤི་མེད་ཕྱིར་སེམས ་དང་བྲལ།། སྐྱེ་མེད་རང་བྱུང་ཡེ་ནས་གནས།། དེ་ཉིད་ལམ་གྱི་ཡེ་ཤེས་ནི།། ཐོག་མཐའ་ཆོད་ན་དུས་གསུམ་གཅིག། ཆོས་སྐུ་གཅིག་ཕྱིར་འཕོ་འགྱུར་མེད།། དོན་ལ་འགྱུར་མེད་སྡུག་བསྔལ་བྲལ།། སྔ་ཕྱི་མེད་པར་རང ་བྱུང་སྐུ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། འཕོ་འགྱུར་མེད་པས་སྡུག་བསྔལ་བྲལ།། བརྗོད་མེད་རང་གི་ངོ་བོ་ལ།། ཚོར་བ་བདེ་སྡུག་གང་ཡང་མེད།། དེ་ཕྱིར་ཆོས་ཉིད་བདེན་པའི་ངང་།། སེམས ་ལས་མ་བྱུང་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དུས་དང་སྤྱོད་ལམ་ཐམས་ཅད་དུ།། ངེས་དོན་འབྲལ་མེད་ཡེ་སངས་རྒྱས།། དེ་ཕྱིར་ལྟ་བ་འགྱུར་བ་མེད།། འགྱུར་མེད་ཆོས་ཉིད་རང་བྱུང་ཀློང་།། མ ་ཡེངས་སེམས་མེད་ད་ལྟ་ཉིད།། སྒོམ་པ་ཀུན་གྱི་མཆོག་ཏུ་ནི།། ཀུན་བཟང་རྒྱལ་བས་གསུངས་པ་དེ།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་སངས་རྒྱས་ཁྱད་པར་ཅན།། ་ཀུན་གཞི་མེད་ཕྱིར་སངས་རྒྱས་མེད།། དེ་ཕྱིར་ཡུལ་མེད་རིག་པ་འདི།། སེམས་ལས་མ་བྱུང་སངས་རྒྱས་ཡིན།། སེམས་བྲལ་ལྷག་མཐོང་ཆོས་ཉིད་ལ།། དེ་ལ་ཡིད་ཆེས་ངེས་པའི་གདེང་།། སངས་རྒྱས་དགོངས་པ་མ ་ནོར་བ།། དམ་པའི་ཐུགས་ལ་གསལ་བ་ནི།། སེམས་ལས་མ་བྱུང་སངས་རྒྱས་འདི།། ཐེག་པ་ཀུན་ལས་ཁྱད་པར་འཕགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། སེམས་ལས་མ་བྱུང་བའི་སངས་རྒྱས་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གཅིག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། རྒྱུ་ལས་མ་བྱུང་འབྲས་བུ་དེ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། ་རྒྱུ་རྐྱེན་མེད་པའི་མཐུན་དཔེ་ནི།། ནོར་བུ་རིན་ཆེན་ཀུན་ལྡན་བཞིན།། ཆོས་སྐུ་རྒྱུ་ལ་རག་མ་ལུས།། རྐྱེན་ལ་མི་ལྟོས་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་ནི་འདུས་བྱས་མི་རྟག་ཕྱིར།། གཉེན་པོས ་འཇིག་ཕྱིར་རྐྱེན་ཁར་འགྲོ།། དེ་ཕྱིར་རྐྱེན་གྱིས་མ་བསྐྱེད་པའི།། རང་བྱུང་ཆོས་སྐུ་འགྱུར་མེད་དེ།། ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན།། ཕྱི་ནང་ཀུན་གྱི་བག་ཆགས་ཀྱི།། རྒྱུ་རྐྱེན་ངན་པས་བསྐྱེད་པའི་ཕྱིར།། རང་གིས ་རང་བསླུས་འཛིན་པ་ཡིས།། འཁྲུལ་པ་ཡིན་པར་ཐེ་ཚོམ་མེད།། དེ་ཕྱིར་འཁོར་འདས་མ་རིག་པའི།། ངེས་དོན་ཆོས་སྐུ་སྙིང་པོ་ནི།། རྒྱུ་ལས་མ་བྱུང་རང་བྱུང་སྐུ།། རྐྱེན་གྱིས་མ་བསྐྱེད་འབྲས་བུ་ཡིན།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། མ་རིག་རྒྱུ་ལས་མ་སྐྱེས་པའི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཀུན་བརྟགས་རྐྱེན་གྱི་མ་བསྐྱེད་ཕྱིར།། འབྱུང་བ་བཞི་ལ་བརྟེན་མི་དགོས།། ནམ་མཁའ་སྟོང་ལ་རྒྱུ་མེད་ཕྱིར།། རིག་པ་སྟོང་ལ ་རྒྱུས་མ་བསྐྱེད།། ནམ་མཁའ་འབྱུང་བཞིའི་རྐྱེན་མི་ཚུགས།། དེ་བཞིན་ཆོས་སྐུ་འགྱུར་བ་མེད།། དེ་ཕྱིར་རྐྱེན་ལས་མ་སྐྱེས་པའི།། འབྲས་བུ་ངེས་པར་ཡོད་མ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་མེད་འབྲས ་བུ་ཡོད་མ་ཡིན།། རྒྱ་མཚོའི་གསེར་ལ་རྒྱུ་མེད་ལྟར།། རིག་པ་རང་གྲོལ་རྒྱུས་མ་བསྐྱེད།། གསེར་དེ་གཡའ་ཡིས་མི་གོས་བཞིན།། ཆོས་སྤུ་རྐྱེན་གྱིས་མི་འགྱུར་བས།། དེ་ཕྱིར་རྒྱུ་ལས་མ་བྱུང་བའི།། འབྲས་བུ་ངེས་པར ་ཡོད་པ་ཡིན།། སེམས་ཅན་རྒྱུ་ལས་མ་སྐྱེས་པའི།། ཀུན་བཟང་སངས་རྒྱས་ཡོད་པར་ངེས།། སྔོན་གྱི་སངས་རྒྱས་རྒྱས་མ་བསྐྱེད།། རྐྱེན་མེད་རང་བྱུང་ཡིན་པའི་ཕྱིར།། ཡེ་ནས་སངས་རྒྱས་ཡིན་པར ་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་སངས་རྒྱས་རྒྱུ་རྐྱེན་ནི།། ཐབས་དང་ཤེས་རབ་ཡིན་ཞེས་ཟེར།། ཇི་སྲིད་ཐབས་ལ་བརྟེན་གྱི་བར།། ཆང་དང་དུག་བསྲེས་འཆི་བ་འདྲ།། དེ་ཕྱིར་རང་བྱུང་ཐབས ་མི་དགོས།། ཐབས་ནི་མ་རིག་དྲང་བ་ཙམ།། ཡེ་ཤེས་ཟང་ཐལ་རྒྱུས་མ་བསྐྱེད།། རྒྱུ་མེད་འབྲས་བུ་ཤེས་པས་ཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་སྟོབས་ཀྱི་འབྱུང་བའི་དཔེ།། ལྷ་ཡིས་པཉྩ་ལི་ཀ ་བཞིན།། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། སུས་ཀྱང་མ་བྱས་བྱེད་པ་མེད།། དེ་ཕྱིར་ཆོས་ཉིད་བརྡལ་བའི་སྐུ།། རང་བྱུང་ཡེ་ཤེས་རྒྱུས་མ་བསྐྱེད།། རྐྱེན་མེད་རང་གསལ་རྒྱུན་མ་ཆད།། གཉེན་པོའི་རྐྱེན་གྱིས་བཅོས་སུ ་མེད།། རྒྱུ་ལས་མ་བྱུང་སངས་རྒྱས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྐྱེ་མེད་རང་བྱུང་དོན་རྟོགས་པས།། ཚོགས་གཉིས་བསགས་པས་ཁྱད་པར་འཕགས།། དེ་ཕྱིར་ཚོགས་བསགས་རྩེ་མོ་འདྲ།། དྲང་དོན ་ཚོགས་གསོག་གཡེངས་པས་ཕུང་།། གཟུགས་སྐུ་ཚོགས་གཉིས་ལས་མ་བྱུང་། དེ་ཕྱིར་ཆོས་སྐུ་རྟོགས་གྱུར་ནས།། ཚོགས་མ་བསགས་པའི་གཟུགས་སྐུ་བྱུང་།། དེ་ཕྱིར་རྒྱུ་མེད་འབྲས་བུ་ཡིན།། དེ་ཡང་འདུས་པའི་སྙིང ་པོ་ཉོན།། ངོ་བོ་གཅིག་ལ་ཐ་དད་མེད།། བྱད་དང་མེ་ལོང་གཟུགས་བརྙན་བཞིན།། ཆོས་སྐུའི་རྩལ་ནི་གཟུགས་སྐུ་གཉིས།། ཚོགས་མ་བསགས་པར་ཤུགས་ལ་བྱུང་།། སྐུ་གསུམ་འགྲོ་དོན་ཐ་དད་ཀྱང་།། རྒྱུ་རྐྱེན་མ ་སྐྱེས་ཡེ་ནས་གནས།། དེ་ཕྱིར་ཆོས་སྐུའི་རང་རྩལ་ནི།། མཐོང་སྣང་སྣ་ཚོགས་ཅིར་ཡང་འཆར།། དེ་ཙམ་ཉིད་ན་རྒྱུ་རྐྱེན་བྲལ།། དཔེར་ན་ནམ་མཁའ་ཇི་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ།། ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་ལས་མ་བྱུང་བའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། ་ལུང་ལ་མ་བརྟེན་གདམས་ངག་ནི།། དད་ལྡན་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། རང་བྱུང་ངོ་བོ་རྟོགས་ལས་བྱུང་།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། གང་ཡང་མེད་པའི་སྔོན་རོལ་དུ།། ་རང་བྱུང་ངོ་བོ་ཉིད་ཀྱི་གཞི།། ལུང་ལས་མ་བརྟེན་གདམས་ངག་ཆོས།། རང་གི་རིག་པས་རང་རྟོགས་ཕྱིར།། འཁྲུལ་མ་མྱོང་ལ་རྟོགས་མ་མྱོང་།། དེ་ཚེ་འཁོར་འདས་འབྱུང་བ་མེད།། གཞི་ཤེས་རང་བྱུང་རིག་པ་ལ།། ་གཞི་ནས་མ་རིག་མེད་པའི་ཕྱིར།། རྐྱེན་གྱིས་སྔོན་འཁྲུལ་མ་མྱོང་བས།། ལུང་ལྡན་གྱིས་ནི་བསྟན་མི་དགོས།། དེ་ཕྱིར་ལུང་ལས་མ་བྱུང་ཆོས།། ཡ་མཚན་རྨད་དུ་བྱུང་བའི་བཀའ།། སངས་རྒྱས་ཐམས་ཅད་དེ་ལས།། ་སྐྱེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཀུན་ཏུ་བཟང་པོ་ལ།། ཡུལ་མེད་འཛིན་པ་མེད་པའི་ཕྱིར།། ཡེ་ནས་རིག་པ་རང་ལ་ཤར།། དུས་དེ་ཉིད་དུ་མ་རིག་སངས།། དེ་ཕྱིར་ལུང་ལས་མ་བྱུང ་བའི།། ངེས་དོན་སྙིང་པོའི་ཆོས་ཞེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་བཟང་སློབ་དཔོན་མེད་པའི་ཕྱིར།། ཕྱི་ནང་ཆོས་ཀུན་བཤད་ལུང་མེད།། དེ་ཕྱིར་གཞན་ལ་མ་བརྟེན་པའི།། རང་གི་རིག་པས་ཤེས ་པའི་ཕྱིར།། ལུང་ལ་མ་བརྟེན་མན་ངག་ཆོས།། རྒྱལ་བ་རྣམས་ཀྱི་རྟོགས་ཚུལ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལ་མ་བརྟེན་ཆོས་སྐུ་ལ།། འཁོར་བ་བཙལ་གྱིས་མི་རྙེད་པས།། སངས་རྒྱས་ཀུན་ཏུ་བཟང ་པོ་བྱ། བག་ཆགས་ཀུན་གྱིས་མ་གོས་ཕྱིར།། རྟོག་པ་མེད་ཕྱིར་ཡེ་ཤེས་རྒྱས།། ལུང་ལ་མ་བརྟེན་གདམས་ངག་ཡིན།། དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱི།། ཡོན་ཏན་ཐམས་ཅད་མ་ལུས་པར།། སྐྱེད་པར་བྱེད་པའི ་མེས་པོ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་བཟང་སྤྲུལ་པ་རྣམ་གསུམ་གྱིས།། སྐུ་གསུང་ཐུགས་ཀྱི་སྒོ་ནས་ནི།། ཐེག་དགུའི་ཆོས་རྣམས་བཤད་པ་ཡང་།། ལུང་ལ་མ་བརྟེན་ཆོས་འདི་ཡི།། བྱིན་གྱི་བརླབས ་ཀྱིས་འབྱུང་བ་ཡིན།། ཐུགས་ནས་ངེས་པར་བརྒྱུད་པ་ཡིན།། མན་ངག་སྙིང་པོ་འདི་རྟོགས་ན།། རྟོགས་པ་མངོན་འགྱུར་སངས་རྒྱས་ཡིན།། དེ་མེད་ཆོས་རྣམས་མ་ལུས་ཀུན།། སྤྲེའུ་འདྲའི་ལུང་གི་བསླད་པ་ཡིན།། ཐེག ་དགུའི་ཆོས་ཀུན་རྐྱེན་གྱིས་བྱས།། དེ་ཕྱིར་ངེས་དོན་བཀའ་མ་ཡིན།། དེར་བརྟེན་སྒྲུབ་ཐབས་བསྟན་ཆོས་སོགས།། བྱས་པའི་ཆོས་ཀུན་ཤིན་ཏུ་ནོར།། དེས་བརྩམས་མཁས་པའི་ཡིན་ཟེར་ནས།། བསྟོད་ར་ལོ་རྒྱུས ་མང་བཤད་ཀྱང་།། སྤྲེའུ་འདྲའི་ལུང་གིས་དམ་ཆོས་བསླད།། ཆུ་དང་འོ་མ་འདྲེས་པ་འདྲ།། དེ་ཕྱིར་སྦྲེལ་འདྲ་ལུང་ངན་ལ།། བརྟེན་པས་ལམ་ནོར་རྟོག་པ་ཟིན།། དེ་ཕྱིར་སྡུག་བསྔལ་སྣ་ཚོགས་མྱོང་།། འཁོར་བའི ་མཐའ་ལ་ཟད་པ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལུང་ལ་མ་བརྟེན་པའི་གདམས་ངག་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་གསུམ་པའོ།། ། ་ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ངེས་དོན་གདམས་ངག་འདི་སྐད་གསུངས།། སངས་རྒྱས་དགོངས་པ་མ་ནོར་བར།། སེམས་ཅན་ཀུན་ལ་གནས་པ་ཡི།། རྒྱུ་རྐྱེན་མ་སྐྱེས་རང་བྱུང་བ།། ལུང་ལྡན་ངེས་པའི་གདམས ་ངག་ནི།། འཕེལ་འགྲིབ་མེད་པའི་ཡེ་ཤེས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དང་པོ་འཁོར་འདས་པར་དོ་ལ།། ཀུན་བཟང་ཡེ་ཤེས་རྟོགས་དོན་དེ།། རང་བྱུང་ངོ་བོ་ཉུག་ཙམ་བྱུང་།། ངེས་དོན་རིག་པ་ཙམ་གྱིས ་ཤར།། ཡིད་ཆེས་དོན་ལ་འགྱུར་བ་མེད། རྟོགས་དང་སངས་རྒྱས་དུས་མཉམ་བྱུང་།། འཁོར་འདས་ཐོག་མཐའ་དུས་གཅིག་ཆོད།། དེ་ཕྱིར་སངས་རྒྱས་མེས་པོ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ ་ཉིད་ཀྱི་སྐུ།། དད་པ་དང་ནི་ཤེས་རབ་ཀྱི།། སྐྱེ་ཤི་གཉིས་ཀྱི་བར་དོ་ལ།། ལུང་ལྡན་བླ་མ་དམ་པ་ཡི།། བསྟན་པའི་དོན་ལ་རང་ཡིད་ཆེས།། ནོར་བུ་རིན་ཆེན་རྙེད་པ་འདྲ།། སྣོད་དང་སྐལ་བ་ལྡན་པས ་རྟོགས།། ངེས་པའི་བཀའ་དང་མི་འགལ་མཐུན།། ཆོས་ཀྱི་སྐུ་དང་མི་འབྲལ་བས།། སྐྱེ་བ་མི་ལེན་ཡེ་ཤེས་ལྡན།། གཟུགས་སྐུ་རྣམ་གཉིས་འགྲོ་དོན་བྱེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྩོལ་བསྒྲུབ་དག་ལས་མ ་བྱུང་བར།། རང་བྱུང་ལམ་ལ་རག་མ་ལུས།། ཡུལ་ལས་མ་སྐྱེས་ཆོས་སྐུ་དེ།། ལུང་ལྡན་རྐྱེན་གྱིས་རྟོགས་པས་ཆོག། རྡོ་རྗེ་སེམས་ལ་བརྟེན་པའི་ཕྱིར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་ལ་ཡོད་ཀྱིས་གཞན་མ ་བལྟ།། གང་གི་རྟོགས་པ་མ་ཞུགས་ཞིང་།། ཤེས་པ་རང་གསལ་འདི་ཉིད་ནི།། ཆོས་སྐུར་ཤེས་པས་ཆོག་པའི་ཕྱིར།། ཆོས་ཉིད་དང་ལ་ཟུག་མ་གཅོད།། ལྟ་བའི་རྒྱུན་ལ་བརྗེད་མ་ངེས།། བསྒོམ་པའི་ངང་ལ་དྲན་མ ་གསལ།། སྤྱོད་པའི་ཆོས་ལ་བཅོས་མ་བསླད།། དམ་ཚིག་གཞུང་ལ་ཚུར་མ་རྐྱེན།། འབྲས་བུའི་ཆོས་ལ་རྟོགས་མ་རིང་།། ངེས་པའི་ལུང་ལྡན་གདམས་ངག་གི།། ཡིད་ཆེས་གདེང་རྙེད་དགོངས་པར་ལྡན།། མཐའ་མལ ་མ་ཡིན་བརྩོན་འགྲུས་ཀྱི།། འདུག་ཚུག་རྐྱེན་ཐུབ་སྒོམ་ཆེན་ཡིན།། རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱང་།། རང་བྱུང་ཆོས་ཀྱི་སྙིང་པོར་བཤད།། སྤྲོ་བསྡུ་མེད་པའི་ཤེས་པ་ལ།། སྐྱེ་འགག་མེད་པའི་ཏིང་འཛིན་གསལ།། ་འབྱུང་འཇུག་མེད་པའི་ཡེ་ཤེས་ཤར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་ཡིན་གྱིས་གཟོད་མ་ཚོལ།། འགྲོ་ས་མེད་ཀྱིས་ཅན་ནི་འདུག། ཡེངས་ས་མེད་ཀྱི་ཤེས་པ་ཀློད།། གསལ་ལ་རྟོག་མེད་ཆོས་ཀྱི་སྐུ།། ཡིད ་ཆེས་ངེས་པའི་གདེང་གིས་ཟིན།། ཤེས་གསལ་རིག་པ་སངས་རྒྱས་ཐུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལྡན་ངེས་དོན་གསལ་བ་ཡི།། རང་གསལ་འདི་ལ་བོགས་མི་འདོན།། སོ་ཐུབ་རིག་པ་ངང་གི ་རྩལ།། དེ་ཤེས་ཡེངས་པ་མེད་ཅེས་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འགྲོ་དྲུག་ཡུལ་ལ་མི་རྟོག་ན།། འགྲོ་དྲུག་སྐྱེས་ནས་འཁོར་མི་སྲིད།། དེ་ཕྱིར་རྟོག་མེད་རིག་པ་ལ།། ཡིད་ཆེས་མི་གཡོ་རྒྱུན་དུ་གནས།། ཐ ་མལ་ཤེས་པ་གཞི་ཆ་ལ།། རྒྱལ་བ་ཀུན་གྱི་དགོངས་པ་འདུས།། དེ་དོན་ངེས་ལུང་བསྟན་པ་ལ།། སངས་རྒྱས་ཀུན་དང་དགོངས་པ་མཉམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁོང་ནས་ཡེ་ཤེས་རང་ཤར་བ།། དཔྱད ་ནས་བྱུང་བ་མ་ཡིན་ཏེ།། གདམས་ངག་བསྟན་པས་བྱུང་བ་ཡིན།། དེ་ཕྱིར་བླ་མའི་བཀའ་འདི་གཅེས།། རང་བྱུང་སྙིང་པོ་བྱང་ཆུབ་ལ།། རྩོལ་བར་བྱ་བ་མིང་ཡང་མེད།། བྱ་དགོས་འཁོར་བ་ལུང་མ་བསྟན།། སེམས ་ཀྱིས་ཆོས་སྐུ་ཁྱོད་ལ་བྱེད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ནམ་མཁའི་ཆ་ལ་བགོས་མ་བྱེད། བརྫུན་གྱིས་བདེན་པ་མ་བསླུ་བར།། ཚིག་མང་བཤད་པས་ཆོས་མ་བསླད།། ཚིག་ཏུ་ཉུང་ལ་དོན་དུ་འདྲིལ།། ལུང་ལྡན ་མ་ནོར་གདམས་ངག་གིས།། སློབ་མ་ཡིད་ཆེས་གདེང་ལྡན་ལ།། གདམས་ངག་ཕོག་ཅེས་དེ་ལ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སངས་རྒྱས་ཡོན་ཏན་སྒྲོ་མི་གདགས།། སེམས་ཅན་སྐྱོན་ཞེས་སྐུར ་མི་གདབ།། ཡུལ་ལ་མ་སྦྱང་ཞེ་ན་མི་བྱ།། སྒྲོ་སྐུར་ཞེན་མེད་ཆོས་ཀྱི་སྐུ།། རྒྱུན་དུ་འབྲལ་མེད་གདམས་ངག་གིས།། དེ་ཕྱིར་ལུང་ལྡན་བཀའ་འདི་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཁས་པའི་ཡོན་ཏན་ཁྱད ་མི་གསད།། འཁོར་བའི་ཆོས་ལ་ངོས་མ་འཛིན།། སྣང་བའི་ཡུལ་ལ་ཞེན་མ་ཆེ།། འཇིག་རྟེན་ཆོས་ལ་བློ་མ་རྣོ།། རྒྱལ་བའི་བཀའ་ལ་བཤད་མ་ཆུང་།། སློབ་དཔོན་དག་ལ་འགྲན་མ་འཛུགས།། ཚུལ་འཆོས་ཅན་ལ ་བཀུར་མི་བྱ།། གདམས་ངག་མེད་པར་ཆོས་མི་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གདམས་ངག་ཁྱད་པར་འཕགས་པ་རྡོ་རྗེ་སེམས་དཔའ་ལ ་ལུང་མངོན་དུ་ཕོག་པ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག ་སེམས་ཀྱི་རྒྱལ་པོ་ལ།། དགོས་པའི་དོན་ཆེན་འདི་སྐད་གསོལ།། རྣལ་འབྱོར་བར་དུ་གཅོད་པ་ཡི།། བདུད་ཀྱི་ཆོ་འཕྲུལ་ཟིལ་གནོན་པའི།། རྟགས་དང་འབྲས་བུ་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ་ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཆོས་ཀུན་རྩ་བ་བྱང་ཆུབ་སེམས།། དེ་རྟོགས་ཟིལ་གྱིས་གནོན་པའི་རྟགས།། ཀུན་བཟང་སྟོན་པ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། རྣལ་འབྱོར་སྣང་བའི་འོད ་བྱུང་བ།། གཞའ་ཚོན་རང་བཞིན་མེད་ཤེས་ལྟར།། དམ་པར་ཤེས་པའི་བློ་མི་འབྱུང་།། འོད་གསལ་བདུད་ནི་ཟིལ་གནོན་རྟགས།། དོན་རྟོགས་རྣལ་འབྱོར་དམ་པ་ཡིས།། སྒྲ་ཡི་རྣམ་པ་གང་ཐོས་ཚེ།། སྒྲ་བརྙན་རྟག་པ ་མེད་ཤེས་པས།། རྗེས་འབྲང་འཛིན་པའི་སེམས་བྲལ་ཕྱིར།། གྲགས་སྒྲ་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་འཇིགས་གཟུགས་མཐོང་བའི་ཚེ།། ལྦུ་བ་སྙིང་པོ་མེད་ཤེས་ལྟར།། གཞི་ལ་འཇིགས་པའི་ཡུལ་མེད ་རྟོགས།། གཟུགས་བདུད་ཟིལ་གྱིས་གནོན་པའི་རྟགས།། རྣལ་འབྱོར་བསླུ་བའི་རྫུན་བྱུང་ཚེ།། རྨི་ལམ་བཞིན་དུ་རྫུན་དུ་ཤེས།། གང་ལ་བདེན་པར་མི་བལྟ་བས།། བསླུ་བའི་བདུད་ནི་ཟིལ་གནོན་རྟགས།། དེ་ཡང་རྡོ ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་ཡུལ་དྲན་རྒོད་པའི་ཚེ།། དུག་ལ་སྔགས་ཀྱིས་བཏབ་པ་ལྟར།། སྔ་ཕྱི་རྗེས་འབྲང་མེད་ཤེས་པས།། མི་རྟོག་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ཤེས་པ་འཕྲོ་བའི་ཚེ།། བ་མོ ་ལ་ནི་ཉི་ཤར་ལྟར།། རང་བྱུང་རང་གྲོལ་དྲན་པའི་ཕྱིར།། མི་གཡོ་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་གསལ་བ་བྱིང་གྱུར་ཚེ།། རིན་ཆེན་ག་བུར་བཅུག་པ་ལྟར།། ཆོས་ཉིད་གསལ་བ་རང་ཐིམ་ཤེས།། གསལ ་བའི་བདུད་ནི་ཟིལ་གནོན་རྟགས།། སྒོམ་པ་རྨུགས་ཤིང་བདེ་མེད་ཚེ།། དཔེར་ན་ཏི་བྱ་རྩིས་མེད་ལྟར།། རྨུགས་མེད་བདེ་བ་ཆེན་པོར་ཤེས།། བདེ་འདོད་བདུད་ནི་ཟིལ་གནོན་རྟགས།། དེ་ཡང་འདུས ་པའི་སྙིང་པོ་ཉོན།། ལྷ་སྒོམ་འཕེལ་འགྲིབ་མེད་ཤེས་ཕྱིར།། བདུད་ཉིད་རང་བྱུང་ཡེ་ཤེས་སུ།། དོན་རྟོགས་སངས་རྒྱས་རྟགས་སུ་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང ་མཉམ་པའི་རྒྱུད་ལས། ལྷ་སྒོམ་གྱི་བདུད་ཟིལ་གྱིས་གནོན་པའི་རྟགས་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་ལྔ་པའོ།། །། དེ་ནས་འཁོར་ལ་བཀའ་སྩལ་པ།། སྤྱོད་པ་ཉམས་བདུད་ཟིལ་གནོན་རྟགས།། ངེས་དོན ་བཤད་ཀྱིས་ཡིད་ལ་ཟུང་།། འདུ་འཛི་ལོངས་སྤྱོད་བདུད་བྱུང་ཚེ།། བུང་བ་བཅུད་ལེན་ཞེན་མེད་ལྟར།། གང་ལ་ཆགས་པ་མེད་རྟོགས་ཕྱིར།། ལོངས་སྤྱོད་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་གནས་ལ་ཞེན་པའི ་ཚེ།། མགྲོན་པོ་ཡུལ་སླེབ་འཇིགས་མེད་ལྟར།། མ་བཀོལ་ཏིང་འཛིན་གྲོགས་སུ་ཆེ།། ཞེན་པའི་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་གཡེང་བའི་བདུད་བྱུང་ཚེ།། མེ་ལ་ཤིང་བསྣན་ཇི་བཞིན་དུ།། རྣམ་རྟོག ་ཡེ་ཤེས་སྐུལ་མར་ཤེས།། གཡེངས་བདུད་ཟིལ་གྱིས་གནོན་པའི་རྟགས།། རྣལ་འབྱོར་འཁོར་ངན་བདུད་བྱུང་ཚེ།། ཕག་དང་གླང་པོ་འབྲེལ་མེད་ལྟར།། གཉེན་ལ་ཆགས་པས་འཆིང་བར་རྟོགས། འཁོར་ངན་བདུད ་ནི་ཟིལ་གནོན་རྟགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདྲེ་བཀྲེན་ལྷར་བཟུང་གིས་བསྟན་ལ།། བདེན་པར་མི་འཛིན་རེ་དོགས་བྲལ།། བླ་མའི་ལུང་ལ་ཡིད་ཆེས་ཕྱིར།། ལུང་ལྡན་བདུད་ནི་ཟིལ་གནོན་རྟགས།། ་རྣལ་འབྱོར་ཉམས་མྱོང་སྐྱེས་པའི་ཚེ།། བདེན་མཐོང་ཉམས་ལ་མ་ཞེན་པར།། ཉམས་ལ་ཞེན་པ་སྐྱོན་དུ་རྟོགས།། ཞེན་ཉམས་བདུད་ཀྱི་ཟིལ་གནོན་རྟགས།། རྣལ་འབྱོར་སྤྱོད་པ་ཚུལ་འཆོས་ཚེ།། དྲང་སྲོང་གཡོ་སྒྱུ ་མེད་པ་ལྟར།། ཚུལ་འཆོས་སྤྱོད་པ་འཁྲུལ་པར་ཤེས།། ཞེ་འདོད་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་བསྒོམ་པ་བོགས་འདོན་ཚེ།། འདོད་ཆགས་བྲལ་བའི་དགེ་སློང་བཞིན།། ངེས་དོན་ལྟ་བར་དབང་མི་དགོས།། ་བདེ་འདོད་བདུད་ནི་ཟིལ་གནོན་རྟགས།། རྣལ་འབྱོར་ཞེ་སྡང་སྐུར་འདེབས་ཆེ།། སྐུར་བྲལ་ཉམས་མྱོང་བཙུན་མོ་བཞིན།། སྨད་སེམས་མེད་པའི་གདེང་ལྡན་པས།། སྐུར་འདེབས་བདུད་ནི་ཟིལ་གནོན་རྟགས།། རྣལ ་འབྱོར་ང་རྒྱལ་སྒྲོ་འདོགས་ཚེ།། རིན་ཆེན་ནོར་ལ་བསྙད་མི་དགོས།། དེ་བཞིན་ངེས་དོན་གསང་ཐུབ་ན།། ང་རྒྱལ་འདུད་ནི་ཟིལ་གནོན་རྟགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྤྱོད་པ་ཉམས་ཀྱི་འདུད།། ་རྟོགས་ན་རང་བྱུང་ཆོས་སྐུ་ཡིན།། དེ་ཕྱིར་དོན་དྲན་བདུད་མེད་པས།། ཟིལ་གྱིས་གནོན་པའི་ཐབས་མི་དགོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་སྤྱོད་པའི་ཉམས་ཀྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ། བརྒྱ་དང་དོན་དྲུག་པའོ།། །། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རྟོགས་པའི་རྣལ་འབྱོར་པ།། ལན་ཅིག་སྐྱེ་འཆིའི་བདུད་བྱུང ་ཚེ།། ཡེ་ཤེས་ཆོས་སྐུའི་གཟུགས་བརྙན་ནི།། ལོངས་སྤྱོད་རྫོགས་དང་སྦྲུལ་སྐུ་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་དག་པར་རྟོགས་པའི་ཚེ།། དམྱལ་བའི་བཙོ་བསྲེགས་འཇིགས་པའི་སྒྲ།། ངུ་འབོད ་ཙེཅེར་ལྷང་ལ་སོགས་པ།། གསང་སྔགས་གསུང་གི་འཁོར་ལོར་ཤེས།། ལྕགས་བསྲེགས་ས་གཞི་མེ་འོད་ཀྱང་།། རྣམ་པར་དག་པའི་ཞིང་ཁམས་ལ།། འཁོར་བའི་སྐྱོན་མེད་འོད་ཟེར་འགྱེད།། དེ་ཕྱིར་འོད་གསལ་ཡེ ་ཤེས་སྐུ།། འཇིགས་པའི་གཤིན་རྗེ་གཤེད་པོ་ཡང་།། ཐུབ་དྲུག་གཟུགས་སྐུར་རྣམ་པར་མཐོང་།། དེ་ཕྱིར་ལས་དག་འཁོར་བ་མེད།། སངས་རྒྱས་ས་ནི་ད་ལྟ་ནོན།། བརྫུན་ཟེར་ལྷ་ཡི་སླུ་བའི་བདུད།། ངེས་དོན་སྙིང་པོ ་རྟོགས་པ་ཡིས།། ས་བཅུའི་བྱང་ཆུབ་སེམས་དཔར་མཐོང་།། སེམས་ཅན་དོན་བྱེད་རྒྱལ་བའི་བཀའ།། རྣལ་འབྱོར་རྒོད་པ་ཟིལ་གནོན་པས།། སྣང་བ་ཆོས་དབྱིངས་དོན་ལྡན་ཕྱིར།། འགོགས་མེད་རྟགས་ཏུ་ངེས ་རྟོགས་པས།། རྒོད་པ་ལྷག་མཐོང་འབྲས་བུར་མཐོང་།། རྣལ་འབྱོར་འཕྲོ་བ་ཟིལ་གནོན་པས།། རིག་པ་འཕྲོ་བས་ཐམས་ཅད་གཉེན།། དེ་ཕྱིར་རང་རིག་ཆོས་སྐུར་ཤེས།། དེ་ལྟར་རྟོགས་པའི་འབྲས་བུའི་མཆོག། ལུང ་ལྡན་བྱ་བ་ཟིལ་གནོན་པས།། རྟོག་པའི་ཉོན་མོངས་ཀུན་དང་བྲལ།། ཀློང་ཟིམ་ཤེས་པ་ཆོས་སྐུར་གསལ།། སངས་རྒྱས་འབྲས་བུ་ཡེ་ཤེས་ཀློང་།། རྣལ་འབྱོར་རྨུགས་པ་ཟིལ་གནོན་པས། མི་གཡོ་རང་བྱུང་བདེ་བ ་དེ།། ཏིང་འཛིན་ཀུན་གྱི་མཆོག་ཏུ་ནི།། རྒྱལ་བ་ཀུན་གྱི་འབྲས་བུར་བསྔགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྦྲུལ་སྐུ་འཁོར་བའི་འགྲོ་དྲུག་ཀྱང་།། བདེན་པར་འཛིན་པའི་རྟོག་མེད་ཕྱིར།། དུས་གསུམ་སངས ་རྒྱས་སྤྲུལ་པའི་འཁོར།། ལུས་མེད་བདུད་ནི་འབྱུང་མི་སྲིད།། བདུད་མེད་ངེས་པའི་འབྲས་བུ་ནི།། མེ་ལོང་དང་ནི་གཟུགས་བརྙན་ལྟར།། ཆོས་ཀུན་གཟུགས་བརྙན་ཆོས་ཀྱི་དབྱིངས།། དེ་ལས་ཉམས་ཞེན་མེད་ཀྱང ་བྱུང་མེད་རྒྱལ་བའི་གནས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལྷ་སྒོམ་གྱི་བདུད་ཟིལ་གྱིས་གནོན་པའི་རྟགས་དང་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ ་དང་དོན་བདུན་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྣམ་སྨིན་ལུས་ཀྱི་སྒོ་ལྔ་ཡི།། འཁོར་བའི་སྡུག་བསྔལ་སྤང་སྡུད་མེད།། བག་ཆགས་བྲལ་ཕྱིར་ཞེན་པ ་མེད།། སྤྱོད་པའི་བདུད་ནི་འབྱུང་མི་སྲིད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འདུ་འཛི་ལོངས་སྤྱོད་ཟིལ་གནོན་པས།། ཞེན་མེད་བྱས་པ་གང་བྱས་ཀྱང་།། ཀུན་བཟང་རོལ་པ་ཡིན་པར་ཤེས།། དེ་ཙམ་ཉིད་ན་ཆགས ་མེད་གྲོལ།། གནས་ལ་ཞེན་པ་ཟིལ་གྱིས་གནོན།། གང་ལ་འདུག་པ་འོག་མིན་གནས།། ཏིང་ངེ་འཛིན་ལས་མ་ཉམས་ཕྱིར།། འབྲས་བུ་ཆོས་ཀྱི་དབྱིངས་སུ་གསལ།། ཡོན་ཏན་གཡེང་བདུད་ཟིལ་ནོན ་ན།། གང་བྱས་དོན་ལ་མ་གོལ་བས།། རྣམ་རྟོག་ཡེ་ཤེས་རང་སར་གྲོལ།། ཆེད་དུ་མ་བྱས་ལྷུན་གྱིས་གྲུབ།། འཁོར་ངན་བདུད་ནི་ཟིལ་ནོན་ན།། དགྲ་གཉེན་མེད་པའི་རིགས་སྤྱོད་ཀྱིས།། ཀུན་ཀྱང་ཡེ་ཤེས་ལྟ་རུ ་ཤེས།། འཁོར་བའི་མིང་མེད་འབྲས་བུ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྤྱོད་པའི་བདུད་མེད་འབྲས་བུ་ནི།། རང་རིག་འགྱུར་མེད་ཆོས་སྐུར་ཤེས།། དེ་ཡི་ཡོན་ཏན་འཇིག་རྟེན་དུ།། གཟུགས་སྐུ་རྣམ་གཉིས ་འགྲོ་དོན་མཛད།། དེ་ཕྱིར་སྐྱོན་མེད་ཡེ་ཤེས་ནི།། པདྨ་དང་ནི་འདམ་བཞིན་དུ།། གོས་མེད་རང་རིག་ཏིང་འཛིན་གསལ།། མ་རིག་མེད་ཕྱིར་སྐྱོན་མི་གོས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱོད་པའི་བདུད་ཟིལ་གྱིས་ནོན་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་བརྒྱད་པའོ།། །། དེ་ནས་འདུས་པའི་སྙིང་པོ་ལ།། ཀུན་རིག་ཆོས་རྗེས་བཀའ་སྩལ ་པ།། ལྷ་ལས་ཟིལ་གནོན་བདེ་སྡུག་ཉམས།། བསམ་གཏན་རོ་ལ་ཞེན་པ་མེད།། རང་བྱུང་འཇིགས་མེད་ཉམས་དང་ལྡན།། ལུས་མེད་ཡེ་ཤེས་ཆོས་སྐུར་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུང་བསྟན་བདུད ་ནི་ཟིལ་ནོན་ན།། ཡང་དག་བཀའ་ལ་ཡིད་ཆེས་པས།། ལུང་སྟོན་རང་བྱུང་རོལ་པར་ཤེས།། བླང་དོར་མེད་པའི་འབྲས་བུ་ཡིན།། ཉམས་ལ་ཞེན་པ་ཟིལ་ནོན་ན།། ཡོན་ཏན་ལྟར་མེད་འབྲས་བུ་སྟེ།། བདེན་པ་ངེས་པར ་མཐོང་བའི་ཕྱིར།། ས་ནོན་སྒྲིབ་པ་ངེས་པར་དག། ཚུལ་འཆོས་བདུད་ནི་ཟིལ་ནོན་པས།། གཡོ་སྒྱུ་མེད་པའི་ཉམས་ལྡན་ཕྱིར།། ཞེ་སྡང་བྲལ་བས་རེ་དོགས་མེད།། ངེས་པའི་གདེང་ལྡན་འབྲས་བུའི་མཆོག། བོགས ་འདོན་བདུད་ནི་ཟིལ་ནོན་ན།། བདེ་བ་ཞེན་བྲལ་ཆོས་སྐུར་ཤེས།། དབང་ལ་མི་བརྟེན་རྟོགས་པ་ཤར།། དེ་ཕྱིར་སངས་རྒྱས་མངོན་དུ་གྲུབ།། སྐུར་འདེབས་བདུད་ནི་ཟིལ་གནོན་པས།། ཞེ་སྡང་རང་གྲོལ་ཅིར་མི་རྟོག། ་ཐུགས་རྗེ་ལྡན་པས་འགྲོ་དོན་འབྱུང་།། དེ་ཕྱིར་གཡོ་མེད་འབྲས་བུ་ཡིན།། སྒྲོ་འདོགས་བདུད་ནི་ཟིལ་གནོན་པས།། ངེས་དོན་ཐུགས་གསལ་འཆང་བའི་ཕྱིར།། ང་རྒྱལ་མེད་ཕྱིར་དོན་ཉིད་གསལ།། འབྲས་བུ་རང་བྱུང ་ངོ་བོ་ཉིད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་རྟོགས་པ་ལ།། རྒྱ་མཚོར་ཉི་ཟླའི་གཟུགས་བརྙན་བཞིན།། རང་རང་མོས་པ་སོ་སོ་ལ།། གཞན་དོན་མ་བཙལ་ཤུགས་ལས་འབྱུང་།། དཔེར་ན་ཆང་གི་ར ་རོ་བཞིན།། བྱང་ཆུབ་སེམས་དཔའ་ལས་དག་ལ།། ལོངས་སྤྱོད་རྫོགས་པའི་སྐུར་མཐོང་ནས།། ལྡེམ་དགོངས་ཆོས་རྣམས་སྐུ་ཡིས་སྟོན།། དད་ལྡན་ཉན་ཐོས་རང་རྒྱལ་ལ།། ཅི་ཡང་སྤྲུལ་པའི་སྐུར་མཐོང་ནས།། ་གསུང་གི་སྒོ་ནས་ངེས་དོན་དུ།། བཀྲི་དྲང་ཟབས་ཀྱི་ཆོས་རྣམས་སྟོན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། ངེས་དོན་ཡེ་ཤེས་ཆོས་སྐུ་འདི།། ཐམས་ཅད་སངས ་རྒྱས་དགོངས་པའི་ཆོས།། སེམས་ཅན་མིང་མེད་བདེ་གཤེགས་ལ།། བྱིན་རླབས་ཆོས་ཀུན་ཐུགས་ཀྱིས་སྟོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་གསུམ་གསུངས་པ་དེ་དག་ཀྱང་།། གདུལ་བྱའི་འཁོར་ལ་ཕྱེ་བ ་ལས།། དོན་ལ་དབྱེར་མེད་ངོ་བོ་གཅིག། དེ་ཕྱིར་ཐིག་ལེ་ཉག་གཅིག་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉམས་ཀྱི་བདུད་ཟིལ་གྱིས་ནོན་པའི ་འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱ་དང་དོན་དགུ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ཆེ་བ་སྣ་ལྔའི་དབྱེ་བ་ཇི་ལྟར་ཡིན།། ཆོས་སྐུའི་འཁོར་ནི་ཇི་ལྟར་དག། ལོངས་སྐུའི་འཁོར་གྱི་རོལ་པ་གང་།། སྦྲུལ་སྐུའི་འཁོར་གྱི་བརྟག་ཐབས་ཅི།། བྱང་ཆུབ་ཆེ་བ་ཇི ་ལྟར་འབྱུང་།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་ལྟ་བ་ནི།། ནམ་མཁའ་ཉི་མ་རྒྱ་མཚོ་བཞིན།། མ་སྤྲོས་མ ་བསྡུས་རང་སྣང་ལ།། ཆོས་སྐུ་གསལ་བ་མ་གཡོས་པ།། ཀུན་ལ་ཁྱབ་པའི་རིག་པ་གསལ།། དེ་སྐད་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུ་གསལ་བའི་དོན།། ངེས་པར་རང་རིག་དབང་ཐོབ་པས།། དེ་ལ་བརྩོན ་འགྲུས་བྱ་མི་དགོས།། དེ་ཕྱིར་སངས་རྒྱས་ཆོས་ཀྱི་སྐུ།། འབབ་ཆུ་མར་མེ་དུག་སྔགས་བཞིན།། དམིགས་པ་དྲག་ལ་སྒོ་ལྔ་གསལ།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་ཏེ།། གསལ་ཙམ་ཉིད་ནས་ནུབ་པ་མེད།། དེ་ཡང་འདུས ་པའི་སྙིང་པོ་ཉོན།། རྒྱལ་ཐབས་སྤྱི་བླུགས་འཆི་བ་ཡིས།། མཚན་མ་ཟིལ་གྱིས་གནོན་པའི་ཕྱིར།། རིག་པ་དབང་གི་ཆེ་བ་ཡིས།། འདོད་ཁམས་ཉི་ཤུ་ཟིལ་གྱིས་ནོན།། ས་གཞི་ཆུ་ཟླ་གང་ག་བཞིན།། སྣ་ཚོགས་སྣང་ལ ་གཟུང་དུ་མེད།། ཆེ་བའི་ཡོན་ཏན་རྒྱུན་མི་འཆད།། མེད་ལ་མི་ཟད་འབྱུང་བའི་གཏེར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་པ་རང་གྲོལ་ཆེ་བ་ཡིས།། འགྲོ་དྲུག་གཡང་ས་གཅོད་པའི་ཕྱིར།། རང་བྱུང་ཆོས་སྐུ་ངོས ་ཟིན་པས།། གཟུགས་ཁམས་བཅུ་བདུན་དེ་མི་འཁོར།། ཁྱུང་དང་རིན་ཆེན་ཀླུ་བདག་བཞིན།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཆོས་སྐུ་རང་རིག་ངོས་ཟིན་ཕྱིར།། ཀུན་གཞི་དུག་གསུམ་རྩད་ནས་བཅད།། དེ ་ཕྱིར་རང་བྱུང་དོན་འདི་གཅེས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་སྤྱི་བླུགས་ཆེ་བ་ཡིས།། གོལ་ས་ཕྱི་ནང་ཆོད་པའི་ཕྱིར།། ངེས་པའི་དོན་ལ་བསྒོམ་མི་དགོས།། གཟུགས་ཁམས་བཞིར་ནི་དེ་མི་སྐྱེ།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། རྒྱུན་དུ་འབྲལ་མེད་ཏིང་འཛིན་གྱིས།། ཡེ་ཤེས་ཆེན་པོར་ལ་ཟློས་པས།། ས་བཅུ་རིམ་གྱིས་ངེས་མི་བགྲོད།། དེ་ཕྱིར་ངེས་དོན་རབ་ཏུ་གཅེས།། ད་ཡང་འདུས་པའི་སྙིང་པོ ་ཉོན།། ངེས་པའི་དབང་རྣམས་གཅིག་ཏུ་རྟོགས།། དེ་དོན་མ་བཅོས་ཆོས་ཉིད་ཀྱིས།། བཅོས་པའི་མཚན་མ་ཟིལ་གྱིས་གནོན།། དམིགས་པ་མེད་པའི་ནམ་མཁའ་ཡིས།། དམིགས་པའི་འབྱུང་བ་ཟིལ་གྱིས་གནོན།། སྐྱེ ་བ་མེད་པའི་ཡེ་ཤེས་ཀྱིས།། སྐྱེ་བའི་ཕུང་པོ་ཟིལ་གྱིས་གནོན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རིག་པ་ཆོས་ཀྱི་སྐུ་ཉིད་དུ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། འབྱུང་གནས་ཐམས་ཅད་ང་ཡི་ཐུགས།། འདི ་ལས་མ་གཏོགས་སངས་རྒྱས་མེད།། རིག་པའི་ངེས་དོན་ཐམས་ཅད་འདི།། སངས་རྒྱས་ཀུན་གྱི་མེས་པོ་ཡིན།། འདི་ལས་མ་བྱུང་སངས་རྒྱས་མེད།། དེའི་ཕྱིར་དབང་གསུམ་རབ་ཏུ་གཅེས།། རྫོགས་པ་ཆེན་པོ་ངེས ་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རིག་པ་དབང་གི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་བརྒྱད་ཅུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ ་པོས་བཀའ་སྩལ་པ།། ཆོས་སྐུའི་འཁོར་གྱི་ཆེ་བ་ཡི།། བསྒོམ་པའི་སྐྱོན་ནི་མ་དག་ན།། རང་རིག་ཡེ་ཤེས་ངོས་ཟིན་ཕྱིར།། ཆོས་སྐུ་རྟོག་པ་མེད་པར་བཤད།། འབྱུང་བའི་འདོད་ཡོན་ལྔ་སྤྱོད་ཚེ།། ལོངས་སྤྱོད་རྫོགས ་པའི་སྐུ་ཡི་ངང་།། འགྲོ་དྲུག་གནས་སུ་སྣང་བའི་ཚེ།། སྦྲུལ་སྐུ་ཐུབ་པ་ཆེན་པོའི་ངང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་ཟངས་དང་ལྕགས་རྣམས་ལ།། གསེར་འགྱུར་རྩི་ཡིས་ཐེབས་གྱུར་ནས།། ཐམས་ཅད ་གསེར་དུ་འགྱུར་བ་ལས།། ཟངས་དང་ལྕགས་སུ་མི་འགྱུར་བཞིན།། མ་རིག་རྟོག་པའི་མཚན་མ་ལ།། ཡེ་ཤེས་ཆོས་སྐུའི་རྩིས་ཐེབས་ན།། ཁམས་གསུམ་འཁོར་བའི་མིང་མེད་ཕྱིར།། གདོད་ནས་མ་སྤངས་ཡེ་སངས ་རྒྱས།། བཙལ་བ་མེད་པ་ཡེ་ནས་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མི་ནུབ་པ་ཡི་འོད་གསལ་ཕྱིར།། དེ་ཉིད་ལྷུན་གྲུབ་དོན་རྟོགས་ན།། རྟག་ཀྱང་ཡེ་ཤེས་ཆེན་པོར་རྟག། ཆད་ན་འཁོར་བ་རྩད་ནས་ཆད།། ་ལྡན་ན་སྐུ་གསུང་ཐུགས་སུ་ལྡན།། སྣང་ན་རང་རིག་ཡེ་ཤེས་སྣང་།། ཡིན་ན་ཡེ་ཤེས་སངས་རྒྱས་ཡིན།། མིན་ན་ཁམས་གསུམ་འཁོར་བ་མིན།། དག་ན་རྣམ་རྟོག་མཚན་མ་དག། ད་ཡང་འདུས་པའི་སྙིང་པོ་ཉོན།། ་གོལ་ན་ཆོས་ཀྱི་སྐུ་རུ་གོལ།། འཕྲོས་ན་ཆོས་ཀྱི་དབྱིངས་སུ་འཕྲོས།། བྱིང་ན་ཡེ་ཤེས་ཀློང་དུ་བྱིང་།། གསལ་ན་རང་སེམས་ཆོས་སྐུར་གསལ།། འཕྱོས་ན་ཆོས་ཀྱི་ཀློང་དུ་འཕྱོས།། དེ་སོགས་ཡོན་ཏན་སྐྱོན་རྣམས ་ཀུན།། ཆོས་སྐུར་འདུས་པའི་དོན་རྟོགས་ན།། མ་རྟོགས་ཉིད་ཀྱང་ཡེ་ཤེས་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཡེ་ཤེས་ཆོས་སྐུ་ནི།། མ་བསྒོམས་ཡེ་ཤེས་ཆེན་པོའི་དོན།། བརྗོད་པ་མེད་པའི་ཡེ་ཤེས ་ལ།། དམིགས་པ་མེད་པའི་ཏིང་འཛིན་གསལ།། ཤེས་པ་དྲང་ཐད་སོ་མ་ལ།། འདུ་ཤེས་མ་བསྒོམས་བརྟུལ་ཞུགས་བསྐྱེད།། ཅི་ཡང་མི་བསྒོམས་གང་ཡང་མེད།། ཡེ་ཤེས་ཟང་ཐལ་ཉིད་དུ་བཞག། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་སྐུའི་འཁོར་གྱི་ཆེ་བའི་སྣང་བ་དག་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གཅིག་པའོ།། ། དེ་ནས་འདུས་པའི ་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ལོངས་སྐུའི་འཁོར་གྱི་ཆེ་བ་ནི།། ཀུན་བཟང་རོལ་པར་དག་པའི་ཕྱིར།། སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་ཕྱིར།། ཡེ་ཤེས་ཆེན་པོ་བདེ་བའི་ངང་།། ཕྱི་ནང་སྐྲ ་སྐད་སྣ་ཚོགས་པ།། གསང་སྔགས་གསུང་གི་འཁོར་ལོ་ཡིན།། རྐྱེན་གྱིས་ཆགས་སྡང་སྐྱེས་པའི་ཕྱིར།། རང་བྱུང་ཡེ་ཤེས་ཤར་བ་ཡིན།། ཤྭ་དང་སེར་བ་ལ་སོགས་པ།། ཀུན་བཟང་ཐུགས་རྗེའི་རོལ་པ་ཡིན།། ངམ་གྲོག ་ཚེར་གདོང་གཡང་ས་ཡང་།། རྣམ་པར་དག་པའི་ཞིང་ཁམས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཚན་མ་སྤངས་པའི་ཕ་རོལ་ན།། བསྒོམ་པ་བྱ་བ་ལོགས་ན་མེད།། སྡུག་བསྔལ་སྤངས་པའི་ཕ་རོལ་ན།། བདེ་བ ་བྱ་བ་ལོགས་ན་མེད།། མ་རིག་སྤངས་པའི་ཕ་རོལ་ན།། རང་རིག་ཡེ་ཤེས་ལོགས་ན་མེད།། གཏི་མུག་སྤངས་པའི་ཕ་རོལ་ན།། ཆོས་ཉིད་ཡེ་ཤེས་ལོགས་ན་མེད།། འདོད་ཆགས་སྤངས་པའི་ཕ་རོལ་ན།། བདེ་ཞིང་སྐྱིད ་པ་ལོགས་ན་མེད།། ཞེ་སྡང་སྤངས་པའི་ཕ་རོལ་ན།། སྙིང་རྗེ་བྱ་བ་ལོགས་ན་མེད།། འཁོར་བ་སྤངས་པའི་ཕ་རོལ་ན།། མྱ་ངན་འདས་པ་ལོགས་ན་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་རིག་སངས་པའི་ཕ་རོལ ་ན།། སངས་རྒྱས་རྟོགས་པ་ལོགས་ན་མེད།། ཆོས་ཅན་སྤངས་པའི་ཕ་རོལ་ན།། ཆོས་དབྱིངས་རྣམ་དག་ལོགས་ན་མེད།། ཆོས་དབྱིངས་ཡེ་ནས་བསྒོམ་མེད་པས།། སེམས་ལ་དམིགས་པའི་སྐྱོན་མེད་པས།། རང ་གསལ་སྙིང་པོ་ཡེ་ཤེས་འདི།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། ཡང་དག་རང་བྱུང་ཆོས་ཀྱི་སྐུ།། མི་དམིགས་པར་ཡང་བསྒོམ་དུ་མེད།། བྱ་བྲལ་ནམ་མཁའ་ཇི་བཞིན་ནོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད ་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ལོངས་སྐུའི་འཁོར་གྱི་རོལ་པའི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས ་བཀའ་སྩལ་པ།། སྦྲུལ་སྐུའི་འཁོར་གྱི་ཆེ་བ་ནི།། རྟོག་མེད་དག་པ་ངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། རང་བྱུང་ངེས་དོན་ཐམས་ཅད་འདི།། ལུང་ལྡན་རྟོགས་པའི་ཡེ་ཤེས་ཀྱི།། གལ་ཏེ་མཚན་མ ་འགྱུ་ན་ཡང་།། དོན་དྲེག་འགལ་སྒྲུབ་མེད་པའི་ཕྱིར།། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། མ་དྲན་གཉིད་དང་དུབ་ལ་སྩོགས།། གར་དགར་སོང་ཚེ་དེ་ཉིད་ལ།། ངོ་བོ་ཉིད་དྲན་གནོད་མི་ནུས།། ད་ཡང་རྡོ་སྟེ ་སེམས་དཔའ་ཉོན།། གདམས་ངག་ཅན་དང་འཕྲད་གྱུར་ན།། ཐ་མས་མི་རྟོག་གདམས་ངག་མིན།། དབང་པོ་རབ་ཀྱིས་བཙལ་དུ་མེད།། སྒྱུ་མའི་ཡུལ་ལ་སྤྱད་པར་བྱ།། དང་པོ་ཀུན་བཟང་ཐུགས་རྗེས ་ཀྱང་།། དེ་ཉིད་ཚིག་ཏུ་ཕྱུང་བའི་ཕྱིར།། ཚིག་གིས་དོན་ནི་མཚོན་པར་ནུས།། ཚིག་ཉིད་དོན་ཡིན་ཟེར་བ་འཁྲུལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གང་དག་བཀྲི་དོན་བདེན་གཉིས་བྲལ།། ཡང་དག་སྙིང་པོ་ཆོས ་ཉིད་ལ།། བསྒོམ་དུ་ཡོད་དང་མེད་པ་ཡི།། ཚིག་ཏུ་འཛིན་མེད་ཡེ་གནས་བདེན།། སྣང་བའི་ཡུལ་ལ་རྟོག་མེད་ཕྱིར།། སེམས་ལ་གཏད་ཅིང་གཟུང་དུ་མེད།། ཇི་སྲིད་བར་དུ་གཏད་ཡོད་ན།། དེ་སྲིད་བར་དུ་འཁྲུལ་པ ་ཡིན།། དེ་ཕྱིར་གཏན་ནས་གཟུང་དུ་མེད།། དེ་ལ་སྐྱོན་གྱིས་གོས་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུའི་དགོངས་པ་འདི།། སེམས་ལས་འདས་པའི་སངས་རྒྱས་ཉིད།། གང་ཡང་མ་བསམས ་རིག་པ་གསལ།། དེ་དོན་སངས་རྒྱས་དགོངས་པ་ཡིན།། སེམས་མིན་ཆོས་སྐུའི་དོན་རྟོགས་ཕྱིར།། ཡུལ་ཉིད་སེམས་སུ་མི་བསྒོམ་ཕྱིར།། སྒོམ་པ་པོ་ཡང་མེད་པར་འགྱུར།། གང་གིས་གང་ལ་བསམ་ཞིང་བསྒོམ།། དེ ་ཕྱིར་རང་སེམས་རྟོགས་པས་ཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་གསལ་སྙིང་པོ་ཞེན་མེད་པས།། རྒྱུན་དུ་ཡོད་པའི་ཆོས་ཉིད་ལ།། མ་ཡེངས་དོན་ལ་གང་གནས་པ།། དེ་ནི་རྣལ་འབྱོར་ངེས་པའི་མཆོག། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྦྲུལ་སྐུའི་འཁོར་གྱི་རོལ་པ་ཆེ་བར་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ ་ཡིས།། བྱང་ཆུབ་སེམས་དཔའ་ཆེ་བའི་མཆོག། འདུས་པའི་འཁོར་ལ་བཀའ་སྩལ་པ།། མ་རྟོགས་སྐྱོན་རྣམས་དག་པ་ཡི།། སྙིང་པོ་དོན་གྱི་འབྲས་བུ་ཆོས།། གང་ཞིག་སྣོད་དང་ལྡན་པ་ཡིས།། ཤེས་ནས་དེ་ལ་གང ་གནས་པ།། རང་རིག་ཉིད་ལ་དབང་ཐོབ་ཕྱིར།། སྐྱེ་བ་གཞན་དུ་མི་ལེན་པར།། སངས་རྒྱས་རིན་ཆེན་འཛིན་པ་ཐོབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཆོས་སྐུ་དེ་ཉིད་ནི།། ཇི་བཞིན་མ་བཅོས་མ་བསླད ་པར།། དེ་བཞིན་ཉིད་དུ་བློ་བཞག་པས།། ཡེ་ཤེས་དེ་ཉིད་མ་ཡིན་པ།། བསྒྲུབ་དང་སྒྲུབ་པ་ག་ལ་ཡོད།། དེ་ཕྱིར་ཡེ་ཤེས་མངོན་འགྱུར་ན།། མེད་ལ་མི་ཟད་རིན་ཆེན་གཏེར།། ཁམས་གསུམ་རིན་ཆེན་རྙེད་པའི་མི།། ཇི ་ལྟར་འདོད་པ་ཉིད་དུ་འབྱུང་།། དེ་བཞིན་ཡེ་ཤེས་ཆོས་སྐུ་ནི།། རྟོགས་པས་ཆོག་ཕྱིར་རང་བྱུང་སྐུ།། ཆེ་བའི་ཡོན་ཏན་རྒྱུན་མི་འཆད།། ཅི་ཡང་ཀུན་འབྱུང་ཆོས་ཀྱི་རྟེན།། དེ་བཞིན་ཉིད་དུ་ཀུན་རིག་ན།། འཁོར་བ་དང ་ནི་མྱ་ངན་འདས།། སོ་སོར་ཡོད་པ་མ་ཡིན་ཏེ།། ཇི་བཞིན་ཆོས་དེ་རྟོགས་ངེས་ན།། དེ་ལ་འཁོར་བའི་རང་བཞིན་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱང་ནི་བག་ཆགས་ཉོན་མོངས་བྱང་།། ཆུབ་ནི་ཆོས་སྐུ་ཐིག ་ལེ་ཆུབ།། སེམས་དཔའ་སྐྱོན་གསལ་འགྱུར་བ་མེད།། ཆེ་བ་རང་བྱུང་ཡེ་ཤེས་ཆེ།། དེ་ཕྱིར་བྱང་སེམས་ཆེ་བར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་བཅོས་པ་ཡིས་གདམས་ངག་གིས།། བལྟ། ་བ་ཡངས་པའི་ནམ་མཁའ་ལ།། འཛིན་པ་མེད་པའི་ཡེ་ཤེས་གད་ལ།། གང་ཡང་མ་སྤངས་ལྷུན་གྱིས་གྲུབ།། མི་གཡོ་མི་རྟོག་དེ་ཉིད་ལྟར།། དེ་མཐོང་མུན་པ་རྣམ་པར་སངས།། སངས་རྒྱས་ཀུན་གྱི་མཆོག་ཏུ་བཤད།། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བདུན་པའོ།། ། ་དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། རྣལ་འབྱོར་དོན་ལ་ཚོགས་སོགས་ཕྱིར།། ཡེ་ཤེས་རང་གནས ་ཆེ་བ་དང་།། བདག་དོན་ཡེ་ཤེས་རང་གནས་དང་།། ཡེ་ཤེས་ཀློང་གི་ཚོགས་འཁོར་དང་།། དེ་དོན་འཛིན་སྤྱོད་ཕྲིན་ལས་དང་།། ཆོས་སྐུའི་གཟུགས་བརྙན་གདབ་པ་དང་།། ཕྱི་ཡི་མཆོད་གཏོར་གཏོང་བ་རྣམས།། ཀུན ་རིག་སྟོན་པས་གསུང་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རྣལ་འབྱོར་རང་གནས་ཆེ་བའི་དོན།། ངོ་བོ་དབྱེ་བ་ངེས་ཚིག་དང་།། ཏིང་འཛིན་ལམ་དང་འབྲས་བུ ་དང་།། སྐྱོན་དང་ཡོན་ཏན་བརྒྱད་དུ་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངོ་བོ་འཁོར་འདས་རྣམ་གཉིས་ལ།། བྱང་ཆུབ་སྙིང་པོས་ཁྱབ་པའི་ཕྱིར།། ཡེ་ཤེས་རང་བྱུང་གནས་ཡིན་ཏེ། ལུང་ལྡན་ཡེ་ཤེས་ངེས ་པའི་གནས།། རང་གནས་དབྱེ་བ་བདག་གཞན་གཉིས།། བར་དོ་རྣམ་གཉིས་གང་རུང་དུ།། ལུང་ལྡན་ངེས་པའི་གདམས་ངག་གིས།། ཐུན་མོང་མ་ཡིན་གནས་མཆོག་བྱ།། ངེས་ཚིག་སངས་རྒྱས་བདེན་ལྡན་གནས།། ་སྐྱེ་ཤི་མེད་པ་རང་བྱུང་སྐུ།། འཕོ་འགྱུར་མེད་ཕྱིར་ཡེ་ཤེས་གནས།། དེ་ལྡན་འདུ་འབྲལ་མེད་པའི་ཆོས།། ཏིང་འཛིན་རིམ་གྱིས་མ་བསྐྱེད་པ།། རང་བྱུང་ཆོས་སྐུ་དྲན་ཙམ་ན།། དེ་ཡི་ངང་ལ་གནས་པ་ཡིན།། དགོངས་པ ་དེ་དག་རྒྱལ་བས་གསུངས།། ངང་ངམ་རང་རིག་རྒྱུན་དུ་ནི།། ཆེད་དུ་བྱར་མེད་ལམ་གྱི་མཆོག། དེ་ཡང་འབྲལ་མེད་བགྲོད་མི་དགོས།། དེ་ཡི་འབྲས་བུ་སངས་རྒྱས་ཏེ།། དེ་ལ་ཡིད་ཆེས་གདེང་ཟིན་པས།། སྒྲིབ་སྦྱོང་མི ་དགོས་རང་བྱུང་སྐུ།། ཕྱི་མ་མ་ཡིན་ད་ལྟ་ཡིན།། ཡོན་ཏན་ཐུན་མོང་མཆོག་གི་ནི།། མ་བཙལ་དངོས་གྲུབ་ཆེན་པོར་ཐོབ།། དེ་ཕྱིར་ཕྱོགས་འདིར་ཡོན་ཏན་འབྱུང་།། དུས་གཅིག་རྟག་པས་རེ་དོགས་བྲལ།། སྐྱོན་ནི ་གནས་མ་འབྱོངས་པ་ཡིས།། ཅི་སྤྱོད་གོལ་བས་གདེང་དང་བྲལ།། དེ་ཕྱིར་སྐྱོན་ནི་དུག་ལྔ་རྒྱས།། རྣམ་སྨིན་བདག་གཞན་གཉིས་ཀ་བརླག། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་གནས་ཀྱང་དབྱེ་བ་ནི།། ཆོས་སྐུ ་རྟོགས་པའི་གནས་ཀྱི་མཆོག། དེ་ཕྱིར་སངས་རྒྱས་དགོངས་པའི་དོན།། འབྲས་བུ་དུས་དེ་ཉིད་དུ་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི ་རྒྱུད་ལས། ཡེ་ཤེས་རང་གནས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བདག་དོན་རང་གནས་མཆོག་ཏུ་གསུངས།། ་བདག་ཉིད་འཆི་བའི་དུས་བྱུང་ནས།། འཆི་ལྟས་ཚང་ནས་ཉམ་ཟག་ཚེ།། མི་དགའ་མི་བསམ་མཉེན་མི་ཆགས།། དགྲ་ལ་མི་བསམ་དོན་མི་བསམ།། ཁ་ཆེམས་མི་ཕོར་དོན་ལ་བཞག། གལ་ཏེ་བོར་ན་ཆོས་དང ་བསྟུན།། སྔ་ཕྱི་མི་བསམ་ཆོས་དོན་དྲན།། བདག་དོན་རང་གནས་མཆོག་ཏུ་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འདི་ནུབ་ཕྱི་མ་ཡ་ངའི་ཚེ།། ལུས་མཉེན་རྩ་དྲོད་མེད་པ་ལ།། བཀྲག་མདངས་གསལ་ལ་དྲི་མ ་མེད།། ཡ་ཡོ་མེད་པར་ཟུང་ཐུབ་འབྱུང་།། དེའི་ཚེ་འཆི་ལྟས་བཟང་པོ་ནི།། སྨད་ནས་དྲོད་ཡལ་སྙིང་ཁར་འདུས།། སྤྱི་བོར་བུན་གྱིས་མཐོངས་སུ་ཡལ།། བར་དོ་ཆོས་སྐུ་དྲན་པའི་རྟགས།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། འཆི་ཁར་བླ་མའི་དོན་གསལ་ན།། རྟོག་པ་རང་གི་དུས་དེར་ནི།། སྐད་ཅིག་དོན་དྲན་འཁྲུལ་མིན་གསལ།། དེ་དྲན་མི་འགྱུར་ལྷག་མེད་བསྟན།། དེ་ཚེ་ཡིད་ཆེས་ཡང་མེད།། ངེས་དོན་བསྟན་པ་དེ་མ་ཐག། ཡེ ་ཤེས་ཟང་ཐལ་ཆོས་སྐུ་ཉིད།། སྐད་ཅིག་གཅིག་ལ་མངོན་འགྱུར་ཏེ།། རྗེས་དྲན་དྲུག་གི་ངེས་རྙེད་ནས།། སངས་རྒྱས་དགོངས་པར་ངེས་པར་གྲོལ།། དེ་ཕྱིར་རང་གནས་བདག་དོན་གྲུབ།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། མདོར་ན་འཆི་ཁར་དངོས་མེད་པའི།། ངེས་དོན་མ་རྙེད་གཟུངས་ལྡན་ན།། རང་གནས་ཆེན་པོ་རང་ལ་གནས།། ཡེ་ཤེས་རང་གནས་ཆོས་སྐུར་དྲན།། ཤི་མ་ཐག་ཏུ་མངོན་སངས་རྒྱ།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བདག་གི་ཡེ་ཤེས་མན་ངག་རང་གནས་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་དྲུག་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། དད་ལྡན་འདུས ་པའི་འཁོར་རྣམས་ལ།། གཞན་དོན་རང་གནས་བཀའ་སྩལ་པ།། སློབ་མ་དད་ལྡན་གང་ཡང་རུང་།། ཡེ་ཤེས་རང་གནས་བྱ་བའི་ཕྱིར།། ཏིང་འཛིན་དཀྱིལ་འཁོར་དངོས་ཀྱང་རུང་།། ལུང་ལྡན་རྣལ་འབྱོར་དམ་པ ་ཡིས།། གཞུང་དུ་བསྐྱེད་ཅིང་བྲིས་ནས་ཀྱང་།། གཞན་དོན་ཚེ་འདས་པར་དོ་ལ།། ལུང་ལྡན་བྱིན་རླབས་ཕན་དོན་དུ།། གོས་ལྷམ་གདུགས་དང་སྨྱུག་ལྡེམ་ལ།། ཚེ་འདས་སེམས་ཀྱིས་རྟེན་དུ་བྱ།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། ལུང་ལྡན་ངེས་པའི་རྣལ་འབྱོར་པས།། ཤེས་པ་གཟུགས་ཀྱིས་རྟེན་ལ་བསྟིམས།། དབང་བསྐུར་གདམས་ངག་ངེས་དོན་བསྟན།། ཆོས་སྐུ་ཡོད་ཕྱིར་རྟོགས་ངེས་པས།། ཡང་དང་ཡང་དུ་བཏུད་ཀྱིན་བསྟན།། ་དེ་ལྟས་གཟུགས་ནི་ལྡེག་པ་དང་།། སྤྱན་གྱི་ཡིད་ཀྱིས་མཐོང་བ་དང་།། བདེན་པར་ཆོས་ཉིད་ཉན་བསམས་པས།། དེ་ལུང་བསྟན་པས་བྱིན་གྱིས་བརླབས།། དེ་ནས་འདི་སྐད་བརྗོད་བྱ་སྟེ།། ཚེ་འདས ་རིགས་ཀྱི་བུ་ཁྱོད་ཉོན།། སྔོན་ཚེ་ཐོག་མ་མེད་པ་ནས།། ད་ལྟ་ལུས་རྗེས་ཕན་ཆད་དུ།། མ་རིག་དབང་གིས་ལས་ངན་བྱས།། འཁོར་བའི་སྡུག་བསྔལ་ཉམ་ཟག་པ།། དེ་བཟློག་དོན་དུ་རྒྱལ་བའི་བཀའ།། དུས་འདི་ཡིད ་ཀྱི་ཚུར་ཉོན་ཅིག། ཅི་ལ་ཅི་བསྟན་སེམས་དཔའ་ཉོན།། བག་ཆགས་ཡིད་ཀྱི་རྟེན་བྱེད་པར།། གོས་ལྷམ་མེ་ཆུ་ཟས་ཀྱི་རྟེན།། ཁྱོད་ཀྱི་ཡིད་ནི་གནས་པར་གྱིས།། ཁྱེད་ཀྱི་སེམས་ཀྱི་མུན་གསེབ་དུ།། རང་རིག་སྒྲོལ་མ ་ངས་འདེགས་ཀྱིས།། སྔ་ཕྱིར་མ་བཏང་ཡིད་ཀྱིས་ཟུང་།། ཡོད་མེད་མཐའ་བྲལ་ཆོས་ཀྱི་སྐུ།། ཞེན་འཛིན་བྱིང་རྒོད་རྐྱེན་དང་བྲལ།། རྒྱུན་དུ་མི་གཏང་ཏིང་འཛིན་གསལ།། དེ་ལ་རྟག་ཏུ་གནས་པར་གྱིས།། དེ་སྐད་ཅེས ་ནི་ལན་གསུམ་བརྗོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཚེ་ལུང་ལྡན་ཐུགས་དང་ནི།། ཚེ་འདས་སེམས་ནི་གཅིག་ཏུ་འགྱུར།། དེ་ནས་རང་བྱུང་ངོ་བོ་ལ།། ལུང་ལྡན་ལྷག་མཐོང་དོན་གསལ་བས།། རྗེས་དྲན་དྲུག ་དང་ཡོན་ཏན་ལྔ།། དུས་གཅིག་དྲན་པའི་ཡེ་ཤེས་ཏེ།། ཚེ་འདས་སེམས་ལྡན་ལྷག་མཐོང་བཤད།། ཡོན་ཏན་རྫོགས་པའི་ཆོས་སྐུ་ལ།། དུས་གསུམ་མི་འགྱུར་ཆོས་སྐུ་ལ།། གང་བྱམས་ཕ་མ་ལ་སོགས་དང་།། སློབ ་དཔོན་མཆེད་དང་གང་གསུངས་པ།། ཚེ་འདས་ཤི་བ་མི་བཟོད་ཚེ།། མྱ་ངན་སྨྲེ་སྔགས་མ་འདོན་པར།། སྙིང་རྗེ་ཟུང་ལ་དགོངས་པ་ཡིས།། ཁ་དོག་དབྱིབས་ལ་རྟེན་བཅས་པར།། ངེས་དོན་སྙིང་པོ་ཆོས་སྐུ་བསྟན། ཡེ ་ཤེས་ཆོས་སྐུ་རྩེ་གཅིག་པའི།། ཡིད་གཉིས་གཅིག་ཏུ་གྱུར་བསམ་ལ།། དེ་ལྟའི་གདུང་གི་ངང་བཞག་ན།། ཚེ་འདས་ལུས་ཀྱི་དོན་རྟོགས་ནས།། ཆོས་སྐུའི་ངང་ལ་གནས་པར་ངེས།། དེ་ཚེ་རིག་པ་ཆོས་སྐུར་འགྱུར།། ་དེངེས་དོན་གཅིག་ཤེས་གནས་ཀྱི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐོས་བསམ་མ་བྱས་སྐྱེ་བོ་ཡང་།། རྣལ་འབྱོར་པ་ཡི་བྱིན་རླབས་ཀྱིས།། སངས་རྒྱས་ས་ལ་ངེས་འགྲོ་ན།། སྔོན་སྦྱངས་འཕྲོ་ཅན་སྨོས་ཅི ་དགོས།། དེ་བཞིན་རྣལ་འབྱོར་ངེས་ལུང་གིས།། ངེས་པར་ཐུགས་རྗེས་བཟུང་གྱུར་ན།། ལྟ་བའི་ངང་དུ་ཚོགས་མཆོད་ནས།། ཚེ་འདས་འབྲས་བུ་མངོན་སངས་རྒྱས།། དེ་ཕྱིར་ཚེགས་མེད་དོན་པོ་ཆེ།། རྒྱལ་བའི་བཀའ ་ལས་དེ་སྐད་གསུངས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གཞན་གྱི་དོན་བྱེད་ཡེ་ཤེས་རང་གནས་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བདུན་པའོ།། ། ་དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཡེ་ཤེས་ཀློང་ཚོགས་བཀའ་སྩལ་པ།། གཞུང་དང་མཐུན་པའི་གནས་མཆོག་ཏུ།། དམ་ཚིག་སེལ་མེད་འཁོར་ཚོགས་ལ།། དབང་དང ་གདམས་ངག་རྫོགས་པ་ལ།། ཡེ་ཤེས་ཚོགས་ཀྱི་འཁོར་ལོ་བསྐོར།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་ཡོ་བྱད་ཚོགས་པ་ཡི།། ལོ་དང་ཟླ་བ་ཞག་གྲངས་ལ།། ཡེ་ཤེས་འཁོར་ལོ་བསྐོར་བའི ་ཕྱིར།། ནང་ནུབ་གུང་གཉིས་ཚོགས་ཀྱིས་མཆོད།། དེ་རྗེས་མི་ཚིག་མ་ཆོད་པར།། ཆོས་སྐུ་དྲན་པ་མ་ཡེངས་པར།། ཉམས་དང་རྟགས་ནི་འབྱུང་བའི་ཕྱིར།། རྒྱུན་དུ་འབྲལ་བ་མེད་པར་བསྒོམ།། ལུང་ལྡན་ངེས་པའི་བླ ་མས་ཀྱང་།། མི་ཚིག་བླ་འོས་མ་བསླད་པར།། བར་བར་དང་ནི་སྐབས་སྐབས་སུ།། ངེས་དོན་རྒྱུད་དང་གདམས་ངག་བསྟན།། དེ་རྗེས་དད་ལྡན་འཁོར་གྱིས་ཀྱང་།། གཞན་དུ་མ་ཡེངས་ཡང་ཡང་བསྒོམས།། ཉམས ་དང་ཚད་དུ་མ་གྱུར་པར།། རྐྱེན་དབང་མི་བཏང་ཚད་དུ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྱི་ནང་གསང་བ་རྣམ་གསུམ་གྱི།། ཉམས་དང་རྟགས་ནི་རྫོགས་ལྡན་ན།། སངས་རྒྱས་ངེས་པར་འབྱུང་བའི་ཕྱིར།། རྣལ ་འབྱོར་ཚད་དང་ལྡན་པ་ཡིན།། དེ་མ་བྱུང་གི་བར་དུ་ནི།། གདམས་ངག་ཅན་གྱི་ནན་ཏན་བྱ།། མ་བྱུང་མ་བསྒོམས་གདེང་དང་ལྡན།། མི་ཡི་ལུས་ལ་སངས་རྒྱས་ཐུགས།། འབྲས་བུ་ཐམས་ཅད་དུས་འདིར་སྨིན།། ད ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཚེ་དང་ལྡན་འཁོར་གྱིས་ཀྱང་།། དཔྱད་བཟོ་རིག་པ་མ་ཡིན་པའི།། ཉམས་མྱོང་རྟོགས་པའི་གདེང་ཡང་དབུལ།། དོན་དང་མཐུན་པའི་གདེང་བྱུང་ན།། བཀྲ་ཤིས་ཚོགས་ནི་བསྐོར ་བར་བྱ།། རྐྱེན་དབང་མ་བཏང་ཏིང་འཛིན་ནི།། ལོ་ལྔ་བར་ནི་མ་ཆད་ན།། ཚེ་ལ་དབང་ཐོབ་རིག་འཛིན་ཐོབ།། ཕྱི་མ་སངས་རྒྱས་སྨོས་ཅི་དགོས།། ལུང་ལྡན་ངེས་པའི་རྣལ་འབྱོར་པས། ལོ་གསུམ་པར་ནི་མཆོད ་པར།། སྔ་ཕྱི་མ་བཏང་དོན་གསལ་ན།། མངོན་ཤེས་དྲུག་འབྱུང་བདེན་པ་མཐོང་།། ཆོས་སྐུ་དྲན་པས་ངེས་པའི་དོན།། ཟླ་གསུམ་པར་ནི་མ་ཆད་ན།། ཆོས་འཕྲུལ་བཅོ་བརྒྱད་ཟིལ་གནོན་པས།། དངོས་གྲུབ་ཐོབ་ནས ་གེགས་མི་ཚུགས།། ཆོས་སྐུ་དྲན་པའི་ལྷག་མཐོང་ནི།། ཟླ་གཅིག་པར་ནི་མ་ཆད་དུ།། གོམས་པ་ཀློང་དུ་འགྱུར་བར་ངེས།། དེ་ཕྱིར་ལྷ་ཡི་རིག་འཛིན་ཐོབ།། གདམས་ངག་ཡོད་པའི་རྣལ་འབྱོར་པས།། ཞག་བདུན་པར ་ནི་མཆོད་པར།། ཚིག་ཙམ་མ་ཡིན་ཉམས་སུ་མྱོང་།། འཁོར་བར་མི་ལྟུང་དངོས་གྲུབ་ཐོབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་མཁའ་དང་མཉམ་པ་ལས།། སྒྲིབ་པ་མ་ལུས་ཅིག་ཆར་བྱུང་།། ཚོགས་གཉིས ་ཀུན་རྫོགས་རྫོགས་སངས་རྒྱས།། གནོད་བྱེད་མུ་སྟེགས་བྱད་རྣམས་བཟློག། ཉམས་ཆགས་ཐམས་ཅད་འདི་ཡིས་སྐོང་།། ཟས་ནོར་དངོས་གྲུབ་འདི་ཡིས་ཐོབ།། བསམ་པ་ཐམས་ཅད་འདི་ཡིས་འགྲུབ།། འདི་ཡིས ་བསོད་ནམས་བརྗོད་མི་ནུས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་ཀྱི་ཚོགས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་བརྒྱ་དང་གྱ་བརྒྱད་པའོ།། ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། གང་གི་མཛད་སྤྱོད་རྫོགས་ཆེན་ཡང་།། ཕྲིན་ལས་རྣམ་པ་བཞི་ཡི་ནི།། དོན་ལྡན་དབང་བསྐུར་དབྱེ་ལ་སོགས།། ཚོགས་མཆོད ་རིམ་པ་གང་བྱེད་ཀྱང་།། ཡིད་དང་མཐུན་པའི་གནས་དག་ཏུ།། དམ་ཚིག་སེལ་མེད་འཁོར་སོགས་ཏེ།། དཀྱིལ་འཁོར་མཎྜལ་གཞུང་བཞིན་བྱ།། ཡེ་ཤེས་ཚོགས་ཆེན་བསགས་པའི་ཕྱིར།། དགའ་ལྡན་ལྷ་ཡིས་ལོངས ་སྤྱོད་དང་།། འབྱོར་ལྡན་མི་ཡི་ལོངས་སྤྱོད་དང་།། དགོས་ལྡན་འཕྲུལ་གྱི་ལོངས་སྤྱོད་རྣམས།། ཡིད་དང་དངོས་གྲུབ་བསགས་བྱས་ལ།། སྔོན་དུ་འགྲོ་བའི་ལས་བྱས་ཏེ།། གནས་ཁང་བྱིན་གྱིས་བརླབས་པ་དང་།། ཏིང ་འཛིན་ཞལ་ཟས་སྤྲོས་བསྐྱེད་ནས།། དམ་ཅན་འདུ་བར་བསྒོ་བ་དང་།། ཐུགས་དམ་བསྐུལ་དང་ཚར་བཅད་ནས།། གསང་པའི་ལྷ་མོས་མཚམས་བཅད་དེ།། རྣལ་འབྱོར་གནོང་བཤགས་བྱས་ནས་ནི།། དཀྱིལ་འཁོར ་བསྐྱེད་དང་དབང་བསྐུར་ཏེ།། དོན་རྟོགས་བྱིན་གྱིས་བརླབས་མི་དགོས།། མ་རྟོགས་སྔགས་དང་ཡིག་འབྲུས་བརླབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡིད་ཀྱིས་མདུན་གྱི་ནམ་མཁའ་ལ།། དུས་གསུམ་བཞུགས ་པའི་སངས་རྒྱས་དང་།། བླ་མེད་ཁྲག་འཐུང་རིག་ལྔའི་ཚོགས།། རིག་འཛིན་རྗེ་བཙུན་བླ་མ་རྣམས།། མཁའ་འགྲོ་འཁོར་བཅས་སྤྱན་དྲངས་ནས།། ཅི་འབྱོར་པ་ཡིས་ཚོགས་དྲང་སྟེ།། དེ་ནས་རྣལ་འབྱོར་དད་ལྡན་གྱིས།། ་སྣང་བ་གཟུགས་ཀྱི་མཆོད་པ་དང་།། བསྒྲལ་བ་སྲོག་གི་མཆོད་པ་དང་།། ཐབས་དང་ཤེས་རབ་བདེ་བ་ཡིས།། ཡེ་ཤེས་ལྷ་ལ་རྫོགས་པར་མཆོད།། ལྷག་མ་རོལ་དང་ལྷ་གཤེགས་ནས།། སྐྱེ་ཤི་དུས་ཀྱི་སྨོན་ལམ ་བཏབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་ཚོགས་ཆེན་གཉིས་རྫོགས་ཀྱིས།། སྟོང་གསུམ་སངས་རྒྱས་སར་ཤེས་ཀྱང་།། གྲོང་ཡུལ་གནས་ལ་ཕྱག་མི་བྱེད།། ཅི་སྤྱོད་རྒྱལ་བའི་མཛད་སྤྱོད་ཀྱང་།། འདུ་འཛི ་གཡེང་བའི་དབང་མི་བཏང་།། རྣམ་སྨིན་ལུས་དང་མ་བྲལ་ཀྱང་།། སེམས་ལ་ཆོས་སྐུ་ཤིན་ཏུ་གསལ།། ཉིན་དང་མཚན་མོ་དབྱེ་རུ་མེད།། ཅི་སྤྱོད་རང་བྱུང་ཡེ་ཤེས་ལ།། མ་ཆགས་དང་དུ་བླང་བ་མེད།། རྟོག་པ་སྐྱོན་དུ ་དོར་བ་མེད།། དཀའ་ཐུབ་ཚུལ་གྱིས་བསྡམ་པ་མེད།། གང་ཡང་བློ་ཡི་རྟེན་མེད་ཀྱང་།། འོན་ཀྱང་མ་དད་དྲང་བའི་ཕྱིར།། རེ་ཞིག་ཙམ་དུ་དཀའ་ཆོས་སྤྱད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གསང་སྔགས་ཚོགས་དབུལ་བའི་ལེའུ་སྟེ་བརྒྱ་དང་གྱ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས།། རྣལ་འབྱོར་རིག ་འཛིན་བསྒྲུབ་བྱའི་ཕྱིར།། ཆོས་སྐུའི་གཟུགས་བརྙན་བཀའ་སྩལ་པ།། རྟེན་མེད་དམ་ནི་རྟེན་ཅན་ལ།། སྐུ་གདུང་རིང་སྲེལ་གདབ་པའི་ཕྱིར།། ལྟ་བའི་ངང་དུ་རྫོགས་པར་ནི།། རྣལ་འབྱོར་པ་ཡིས་ཏིང་འཛིན་གྱིས།། ་ལུང་ལྡན་བཀའ་དང་མཐུན་པར་གདབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་སྟོང་ཉིད་བློ་ལྡན་པས།། སྣང་ཞིང་སྲིད་པའི་ཆོས་རྣམས་ནི།། གཟུགས་སྐུ་ཡིན་སེམས་ཁེངས་པར་གདབ།། སྤྲོས ་བྲལ་མི་དམིགས་ལྟ་བའི་ངང་།། ཆོས་སྐུ་ཐག་ཆོད་རིག་པ་ཡིས།། ཅིར་ཡང་སྣང་བ་ལོངས་སྤྱོད་སྐུ།། འགྲོ་དོན་མཛད་པ་སྤྲུལ་པའི་སྐུ།། སྐད་ཅིག་གཅིག་ལ་རྫོགས་པར་གདབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི ་མ་དང་ནི་ཟེར་བཞིན་དུ།། རང་གི་ཆོས་སྐུ་ལྷག་མཐོང་ལས།། སངས་རྒྱས་ངེས་པར་འབྱུང་བ་ནི།། བརྐོས་ཕོར་དང་ནི་རྒྱ་བཞིན་དུ།། ཅི་བཏབ་སྦྲུལ་སྐུ་བསམ་མི་ཁྱབ།། ཕྱི་ནང་སྣོད་བཅུད་མ་ལུས་པ།། སྦྲུལ་སྐུ་ཐུབ ་པ་དྲུག་ཏུ་གདབ།། དེ་ཡིས་སྤྲུལ་པ་སྣ་ཚོགས་འགྱེད།། འགྲོ་དོན་མཛད་པས་འཁོར་བ་སྟོངས།། མ་ལུས་སངས་རྒྱས་ཉིད་དུ་འགྱུར།། དེ་ཡང་མི་དམིགས་ཆོས་སྐུ་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟེན་ཅན ་འབྱུང་ལྔའི་རྟེན་དེ་ཡང་།། སྣང་སྲིད་རྡུལ་ཕྲན་གྲངས་བཞིན་དུ།། གཟུགས་སྐུ་རིང་སྲེལ་བསམ་མི་ཁྱབ།། དེ་སྙེད་སེམས་ཅན་མ་ལུས་ཀུན།། ལོངས་སྐུ་གྲངས་མེད་བརྗོད་མི་ལངས།། ས་བཅུའི་སེམས་དཔའ་ཉིད་དུ ་འགྱུར།། སེམས་ཅན་མིང་མེད་གཟུགས་ཀྱི་སྐུ།། ཐམས་ཅད་སངས་རྒྱས་ཉིད་དུ་བརྡལ།། ཅི་བཏབ་བྱེ་བ་སྟོང་དང་འདྲ།། ནམ་མཁའ་ཁེངས་པར་རང་བྱུང་སྐུ།། མཚན་ཉིད་དཔེ་བྱད་ལ་སོགས་པ།། མ་བཙལ་རང ་བཞིན་ལྷུན་གྲུབ་ཚང་།། གཟུགས་སྣང་སྐུ་ལ་གྲག་པ་གསུང་།། དྲན་རྟོགས་ཐུགས་ལ་ཡེ་ཤེས་ཀློང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྡན་རྣལ་འབྱོར་དམ་པ་ནི།། ཆོས་སྐུའི་ངང་ལ་གདུང་རྣམས་འབྱུང་།། ་གཟུགས་སྐུ་བསྒོམ་པས་རིང་སྲེལ་འབྱུང་།། སྙིང་རྗེ་ལྡན་པས་མཆོད་རྟེན་འབྱུང་།། བླ་མ་མཉེས་ན་འོད་སྒྲ་འབྱུང་།། སྣང་སྲིད་མ་ལུས་སངས་རྒྱས་སྐུ།། དེ་ཡི་ཡོན་ཏན་བརྗོད་མི་ལང་།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་རང་རྒྱུད་ལས། ཆོས་སྐུའི་ངང་ལ་ཚ་ཚ་གདབ་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་དགུ་བཅུ་པའོ།། ། དེ་ནས་ཀུན་རིག་སྟོན་པ་ཡིས།། རྣལ་འབྱོར་ཚོགས་ནི ་བསགས་པའི་ཕྱིར།། ཕྱི་ཡི་མཆོད་གཏོར་བཀའ་སྩལ་པ།། རྣལ་འབྱོར་ལྟ་བ་རྟོགས་པ་ཡིས།། རྟེན་ཅན་དང་ནི་རྟེན་མེད་པའི།། བླ་མེད་མཆོད་གཏོར་གཏོང་བའི་ཚེ།། དང་པོ་རྟེན་ཅན་རིམ་པ་ནི།། ཕྱི་ཡི་འཇིག་རྟེན ་སྣོད་ནང་དུ།། བདུད་རྩིའི་རྒྱ་མཚོ་གཏིང་ཟབ་གྱུར།། དེ་སྟེང་འབྲུ་ཡིས་ཕྱེ་བཏབ་པས།། གསེར་གྱིས་ས་གཞི་ཆེན་པོར་གྱུར།། མེ་ཏོག་སྣ་ཚོགས་གཏོར་བ་ཡིས།། འཛམ་གླིང་བྱེ་བ་ཕྲག་བརྒྱར་བསམ།། རིན་ཆེན་སྣ ་ལྔ་བརྡར་བ་ཡིས།། རིན་ཆེན་རི་བདུན་མ་བསྐྱེད་རྫོགས།། ས་དང་འདྲ་བའི་སྙིང་པོ་ལྔ།། འབྲས་བུ་ཡོན་ཏན་བགྲོད་མེད་པ།། མི་བརྗེད་དྲན་པའི་གཟུངས་ཐོབ་འགྱུར།། སྨན་ལྔ་འབྲུ་ལྔ་བླུགས་པ་ཡིས།། ནད་དང་མུ ་གེའི་བསྐལ་པར་ཐར།། ལྟ་བའི་ངང་དུ་བྱིན་བརླབས་ཕྱིར།། མགྲོན་བཞིར་རིམ་གྱིས་བསྔོ་མི་དགོས།། བསྔོ་བ་མེད་པའི་བསྔོ་བ་ནི།། བླ་མ་མྱ་ངན་འདས་པ་ནས།། འཇིག་ཚོགས་དམྱལ་བ་ཡན་ཆད ་དུ།། བླ་མེད་མཆོད་སྦྱིན་འདི་བསྔོས་པས།། སེམས་ཅན་བསམ་པ་འགྲུབ་གྱུར་ནས།། ལྷན་གྲུབ་ས་ལ་གནས་པར་ཤོག། དེ་ཡང་འདུས་པའི་སྙིང་པོ་ཅན།། རྟེན་མེད་མཆོད་གཏོར་བཏང་བ་ནི།། སེམས་ཉིད་རྣམ ་མཁའི་ཀློང་ཡངས་སུ།། བདུད་རྩི་ཆུར་བསྐྱིལ་རིག་པ་ཡིས།། སངས་རྒྱས་སེམས་ཅན་ཀུན་མཆོད་ནས།། དམིགས་མེད་ཡེ་ཤེས་ཚོགས་སུ་བསྔོ།། དེ་ཕྱིར་དམིགས་མེད་ཡེ་ཤེས་ཀྱིས།། རྟེན་མེད་མཆོད་གཏོར་འདི ་བཏང་བས།། ཀུན་ཀྱང་རང་བྱུང་ཡེ་ཤེས་སུ།། ཡེ་ནས་དོན་ནི་རྟོགས་འགྱུར་ནས།། སྐྱེད་མེད་མི་འགྱུར་ཐོབ་པར་ངེས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད ་ལས། བྲིའི་མཆོད་གཏོར་གཏང་བའི་ལེའུ་སྟེ་བརྒྱ་དང་གོ་གཅིག་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་སྟོན་པ ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། གཉིས་མེད་གསུམ་གྱི་ལ་བཟླ་ཡི།། སངས་རྒྱས་སེམས་ཅན་ཇི་ལྟར་གཅིག། སྐྱོན་ཡོན་གཞི་ལ་ཇི་ལྟར་མེད།། འཁྲུལ་པ་མ་རིག་གང་ལྟར་ལགས།། ཀུན་རིག ་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལ་བཟླ་བ་ཡི་ངེས་ཚིག་ནི།། དུས་གསུམ་སངས་རྒྱས་ཐམས་ཅད་ལ།། ཡང་པའི་ཡེ་ཤེས་ནི།། སེམས་ཅན ་ཀུན་ལ་གནས་པ་ཡི།། བདེ་གཤེགས་སྙིང་པོ་ཆོས་སྐུར་བདེ།། ཀུན་ཁྱབ་རང་བྱུང་ངོ་བོར་མཐུན།། དེ་ཕྱིར་སེམས་ཅན་སངས་རྒྱས་གཅིག། རིག་དང་མ་རིག་གཉིས་ཀ་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ཕྱིར་གཉིས ་སུ་མེད་པར་ནི།། ངེས་པའི་དོན་དུ་ལ་བཟླའོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་རིག་ངོ་བོ་ཉིད་ཀྱི་གཞི།། སངས་རྒྱས་སེམས་ཅན་གཉིས་ལ་གནས།། དེ་ཕྱིར་ངོ་བོ་གཅིག་པར་ནི།། རྒྱལ་བ་ཀུན་གྱི་རབ་ཏུ ་བསྔགས།། ཆོས་ཀྱི་སྙིང་པོ་རང་བྱུང་སྐུ།། འཁོར་འདས་རྩ་བ་དེ་ཡིན་ཕྱིར།། དེ་ལས་སངས་རྒྱས་སེམས་ཅན་བྱུང་།། དེ་ཕྱིར་རང་བྱུང་ཀུན་གྱི་གཞི།། དཔེར་ན་མར་མེ་སྟོང་བཏང་ཡང་།། འོད་ཀྱི་ངོ་བོ་གཅིག་ལས ་མེད།། དེ་བཞིན་སངས་རྒྱས་རྣམས་མང་ཡང་།། ཐུགས་ནི་ཐིག་ལེ་གཅིག་ཏུ་གཅིག། སེམས་ཅན་ལས་ཀྱི་རྣམ་སྨིན་གྱི།། མ་རིག་རྐྱེན་གྱིས་བསྐྱེད་པའི་ཕྱིར།། སྐྱེ་འགྲོ་གཟུགས་སྩོགས་མང་གྱུར་ཀྱང་།། དོན་མ་ཤེས ་པས་སེམས་ཅན་ཏེ།། བསྐལ་པར་འཁྱམས་ཀྱང་སྟོང་བྲལ་མེད།། དེ་ཕྱིར་སངས་རྒྱས་སེམས་ཅན་གཅིག། གཅིག་ལས་འཁོར་འདས་སྣ་ཚོགས་བསྐྱེད།། དེ་ཕྱིར་རང་བྱུང་ངོ་བོ་སྟེ།། རྟོགས་པར་བྱ་བ་ཤིན་ཏུ་གཅེས།། ་ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཐུགས་དང་སེམས་ཅན་སེམས།། སོ་སོར་སྣང་བ་མ་ཡིན་ཏེ།། རྩ་བ་ཆོས་སྐུ་རོ་གཅིག་པ།། གཉིས་སུ་མེད་པར་ལ་བཟླའོ།། རྫོགས་པ་ཆེན་པོ་ངེས་དོན ་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་གཞི་ལ་གཅིག་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ་སྐྱོན་ཡོན་གཞི་ལ་མེད་པའི་ཕྱིར།། འཁོར་བ་དག་གི་སྡུག་བསྔལ་ནི།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་།། ནད་ནི་བཞི་བརྒྱ་རྩ་གཅིག་དང་།། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཡང་།། རྐྱེ་རྒ་ན་འཆི་བཞི་རུ་འདུས།། ་སངས་རྒྱས་རྣམས་ཀྱི་ཆེ་བ་ཡང་།། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་།། མཚན་ནི་སུམ་ཅུ་རྩ་གཉིས་དང་།། སྟོབས་དང་མི་འཇིགས་ལ་སོགས་པ།། ཐིག་ལེ་ཆོས་སྐུ་རྟོགས་པར་འདུས།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། བསོད་ནམས་ཚོགས་བསྐྱེད་འབྲས་བུ་ནི།། སངས་རྒྱས་ཆེ་བའི་ཡོན་ཏན་ཡིན།། མ་རིག་ཉོན་མོངས་ལ་སོགས་པ།། སེམས་ཅན་ལུས་དང་བག་ཆགས་ཡིན།། དགེ་སྡིག་གཉིས་ཀྱི་འབྲས་བུ་ནི།། དྲང་དོན་ཆོས ་ལ་བདེན་འཛིན་ཀྱང་།། གཞི་ལ་སྐྱོན་ཡོན་གཉིས་མེད་ཕྱིར།། བླང་དོར་མེད་པར་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་འཁྲུལ་པའི་སྣང་བ་ནི།། གཙང་དང་མི་གཙང་གཉིས་ཀའི་གཞི།། ལུད་པ་ལ ་སོགས་གང་རུང་ལ།། བྱ་ཁྱི་རྣམས་ཀྱི་ཟས་སུ་མཐོང་།། མི་རྣམས་ཀྱིས་ནི་མི་གཙང་མཐོང་།། དེ་བས་སྣང་བ་མ་ངེས་ཕྱིར།། དོན་ལ་བླང་དོར་མེད་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཞི་ལ་སྣང་བ་མེད་པ ་ཡང་།། རང་གི་རང་སེམས་འཁྲུལ་བའི་ཕྱིར།། འཇིག་རྟེན་ཆོས་ལ་བླང་དོར་བྱས།། དེ་ཕྱིར་མ་རིག་རྨོངས་པས་ནོར།། དེ་བས་སྣང་ཞིང་སྲིད་པའི་ཆོས།། མེད་ལ་ཡོད་འཛིན་བག་ཆགས་བློ།། ཆོས་བརྒྱད་བཟང་ངན ་གཙང་སྨེ་རྣམས།། སྤང་སྡུད་བླང་དོར་མེད་པར་ནི།། མ་ཞེན་དམ་པར་ལྟར་མེད་ན།། སྣང་བ་རང་སར་གྲོལ་བའི་ཕྱིར།། བླང་དོར་མེད་པར་ལ་བཟླའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ཆོས་སྐུ་གཅིག ་གཅིག་ལ།། གང་ཡང་མེད་ཕྱིར་སྤང་བླང་མེད།། དེ་ཕྱིར་ངེས་དོན་སྙིང་པོ་ལ།། བསྒོམ་དུ་མེད་ཕྱིར་འབྲལ་བ་མེད།། ངེས་དོན་སངས་རྒྱས་དགོངས་པ་ལ།། ཉི་ཤར་མུན་གྲིབ་མེད་པ་ལྟར།། ངེས་དོན་རྟོགས་པས་སྐྱོན ་ཡོན་མེད།། དེ་ཕྱིར་བླང་དོར་མེད་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་སྐུར་ཡེ་ཤེས་ངོས་ཟིན་ན།། གང་ཡང་རང་བྱུང་ལྷུན་གྲུབ་ཆོས།། དེ་ལས་གཞན་པའི་ཆོས་མེད་ཕྱིར།། བླང་དོར་མེད་པར་ལ་ཟླའོ།། ་རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྐྱོན་ཡོན་གཞི་ལ་མེད་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས ་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཆོས་སྐུ་གཞི་ངེས་རྟོག་པ་ལ།། མ་རིག་མེད་པས་དུག་ལྔ་གྲོལ།། ཐམས་ཅད་རང་བྱུང་ཆོས་སྐུར་གསལ།། ལུང་ལྡན་རྐྱེན་གྱིས་མ་རིག་དག། དུག་ལྔ ་བྱང་ཆུབ་ལམ་ཡིན་ཕྱིར།། སྐུ་ལྔ་ལྷུན་གྲུབ་ཡེ་ནས་རྫོགས།། འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ།། ཞེ་སྡང་སྦྲུལ་སྐུ་ཡེ་སངས་རྒྱས།། གཏི་མུག་ཆོས་སྐུ་མ་རིག་སངས།། ང་རྒྱལ་ངོ་བོ་ཉིད་སྐུ་དག། ཕྲག་དོག ་གསང་བའི་སྐུ་རུ་རྫོགས།། དུག་ལྔ་གཅིག་ཤེས་བྱང་ཆུབ་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ཡོད་ན་མ་རིག་སེལ།། དེ་ཕྱིར་ལུང་ལྡན་ངེས་པའི་དོན།། བཀའ་རྒྱུད་ཆོས་འདི་སངས་རྒྱས་གསུངས།། མ ་རིག་སེལ་བའི་སྒྲོན་མེ་ཡིན།། ཉི་ཟླས་དེ་ལ་འགྲན་མི་ཚུགས།། མ་རིག་མེད་ཕྱིར་སངས་རྒྱས་འགྲུབ།། ཡེ་ཤེས་ཤར་བས་ཐམས་ཅད་མཁྱེན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐིག་ལེ་རྟོགས་པས་གང་ཡང ་འགྲུབ།། ཀུན་གཞི་བརླགས་པས་ཡོན་ཏན་རྫོགས།། སྣང་བ་མེད་པས་ཞིང་ཁམས་དག། སེམས་དང་བྲལ་བས་ཆོས་སྐུ་གསལ།། མ་རིག་མེད་པས་གཞི་དང་ཕྲད།། རྟེན་པ་མེད་པས་རེ་བ་མེད།། གོལ་ས་མེད་པས ་ལྟུང་བ་མེད།། འཁོར་བ་མེད་པས་དོགས་པ་བྲལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བསྒོམ་དུ་མེད་པས་ཡེངས་མི་སྲིད།། སྐྱེ་འགགས་མེད་ཕྱིར་བྱིང་རྒོད་སངས།། རང་བྱུང་རིག་པའི་ཡེ་ཤེས་འདི།། སུས་ཀྱང་མ་བྱས ་བྱེད་པ་མེད།། དེ་ཕྱིར་ཆོས་ཀྱི་སྙིང་པོ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་རིག་པ་གཞི་ལ་མེད་ཅིང་དག་པར་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ ་བཞི་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ་རྣམས་སྐྱེ་བ་ཇི་ལྟར་མེད།། རོལ་པ་འགག་མེད་ཇི་ལྟར་འཆར།། མཚན་ཉིད་གཉིས་མེད་གཏན་ཚིགས་གང་།། རང་བློ་ངོ་བོ་ཇི་ལྟར་གྲོལ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན ་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། རང་བཞིན་སྐྱེ་མེད་གཏན་ཚིགས་ནི།། གཞི་ལ་སྣང་བ་མེད་པའི་ཕྱིར།། ཆོས་རྣམས་ཐམས་ཅད་སྤྲོས་དང་བྲལ།། དེ་ཕྱིར་རང་བཞིན་སྐྱེ་བ་མེད།། ཚིག་ཏུ་སྨྲ་བརྗོད་ཡུལ ་ལས་འདས།། བརྗོད་མེད་དོན་ལ་ཡིད་ཆེས་ཕྱིར།། རང་གསལ་སྐྱེ་མེད་ཆོས་ཀྱི་སྐུ།། དེ་དོན་ངེས་པར་རྟོགས་པས་ཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་སྐུ་སྟོང་པའི་རང་བཞིན་ལ།། ངོ་བོ་ཉིད་ཀྱིས་དམིགས ་སུ་མེད།། དེ་ཕྱིར་ཡེ་ཤེས་ཀློང་གི་ལམ།། རྟོགས་པའི་སྒྲ་བསམ་ཡུལ་ལས་འདས།། དངོས་གཞི་མེད་ཕྱིར་སྐྱེ་བ་མེད།། སྐྱེ་མེད་དོན་འདི་སུས་རྟོགས་པ།། དེ་ནི་རྣལ་འབྱོར་དམ་པའི་ཐུགས།། སྐྱེ་མེད་དོན་ལ་ཡིད་ཆེས ་པས།། རང་བྱུང་ཐུགས་ལ་ཡེ་ཤེས་ལུས།། ཁ་དོག་དབྱིབས་སུ་མེད་པའི་ཕྱིར།། དངོས་པོ་ཡུལ་གྱི་མཐའ་ལས་འདས།། སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས།། རང་གི་ངོ་བོ་བརྗོད་དུ་མེད།། རྒྱུ་མེད་ཕྱིར ་ན་སྐྱེ་བ་མེད།། རྐྱེན་མེད་ཕྱིར་ན་འཇིག་པ་མེད།། དེ་ཕྱིར་སེམས་དང་བྲལ་བའི་ཐུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་སྐྱེ་མེད་སྤྲོས་དང་བྲལ།། བརྗོད་དུ་མེད་པས་རང་ཡིད་ཆེས།། རྒྱུ་རྐྱེན་མ་བསྐྱེད ་དོན་གྱི་ཕྱིར།། ལྷུན་གྱིས་གྲུབ་པས་ཐག་བཅད་དོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བཞིན་སྐྱེ་བ་མེད་པའི་གཏན་ཚིགས་བསྟན་པའི་ལེའུ་སྟེ ་བརྒྱ་དང་གོ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རོལ་པ་གང་ཡང་མི་འགག་པས།། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་འབྱུང་།། དེ་ཕྱིར་རོལ་པ་འགག་མེད་པ།། ་སངས་རྒྱས་ཀུན་གྱི་ཆེ་བར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ནང་འབྱུང་བ་སྣ་ཚོགས་པ།། སྣང་སྟོང་དབྱེར་མེད་ཀུན་ཁྱབ་མཁའ།། མཐའ་དབུས་མེད་ལས་ཐམས་ཅད་འབྱུང་།། དེ་ཕྱིར་ནམ་མཁའ་ཀུན ་གྱི་གཞི།། རྩི་ཤིང་ནགས་ཚལ་ཐམས་ཅད་བསྐྱེད།། ཐེག་ཆེན་སྤོ་ལ་ཀུན་གནས་ནས།། བྱང་ཆུབ་དཔེར་ནི་བསྟན་པའི་ཕྱིར།། དེས་ན་རོལ་པ་འགག་པ་མེད།། ཐམས་ཅད་སྡུད་པར་བྱེད་པའི་ཕྱིར།། གཞི་གནས་རྣམ ་དག་ཆུ་ཆེན་པོ།། མི་གཙང་གོལ་སྒྲིབ་འཁྲུད་པའི་དཔེ།། དེ་ཕྱིར་རོལ་པ་འགག་པ་མེད།། གང་ཡང་ཆགས་པའི་རྟེན་བྱེད་ཕྱིར།། ཤེས་བྱ་ཐོགས་མེད་ཡེ་ཤེས་རླུང་།། མ་རིག་རྣམ་རྟོག་འཐོར་བའི་དཔེ།། དེ་ཕྱིར་ཀུན ་བཟང་རོལ་པར་བསྟན།། ཐམས་ཅད་མ་ལུས་ཀུན་བསྲེགས་ཕྱིར།། ལྷག་མཐོང་ཡེ་ཤེས་འོད་འབར་མེ།། བྱིང་རྒོད་མཐར་འཛིན་འཇོམས་པའི་དཔེ།། དེ་ཕྱིར་རོལ་པ་འགག་པ་མེད།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། ཆོས་སྐུ་ངོ་བོ་ཉིད་ཀྱི་གླལ།། སྣང་བ་འདི་ནི་ཆོས་ཀྱི་དབྱིངས།། དེ་ཡང་རང་གསལ་ཆོས་ཉིད་རྩལ།། འབྱུང་བ་ཡེ་ཤེས་ལྔ་རུ་དག། དེ་ཕྱིར་འགག་མེད་རོལ་པ་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐེག ་པའི་ཆོས་རྣམས་ཐམས་ཅད་ནི།། མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས།། ཅིར་ཡང་སྣང་བ་སྤྲུལ་པའི་སྐུ།། དེ་ཕྱིར་རོལ་པ་དགག་མེད་ཤར།། སྣང་སྲིད་འབྱུང་བའི་སྒྲ་སྐད་ཀུན།། ཁྱབ་གསལ་རང་བཞིན་གོ ་བའི་སྒྲ།། གསང་སྔགས་གསུང་གི་འཁོར་ལོར་ཤར།། དེ་ཕྱིར་འགག་མེད་རོལ་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ངེས་པའི་ཡེ་ཤེས་ཀྱི།། ངང་པས་ཚིམ་བྱེད་ཆོས་ཀྱི་དྲི།། ལྷག་མཐོང་ཚོར་བ་རང ་བྱུང་སྐུ།། དེ་ཡང་ཆོས་ཉིད་རོལ་པ་ཡིན།། ཆོས་སྐུ་ཐིག་ལེ་ཉག་གཅིག་ལ།། རྩལ་ནི་ཆོས་དབྱིངས་ཉམས་སུ་མྱོང་།། མྱོང་ཡང་དོན་དུ་འཛིན་པ་མེད།། དེ་ཡང་འགག་མེད་རོལ་པ་ཡིན།། རང་བྱུང་སངས་རྒྱས་ཡེ་ཤེས ་ཏེ།། བདེ་མཆོག་དོན་ལ་རེག་པའི་ཆོས།། དེ་རྩལ་དོན་ལ་རེག་པ་མེད།། དེ་ཡང་འགག་མེད་རོལ་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཅིང་ཡང་མི་སེམས་གཏི་མུག་ལ།། ལྷག་མཐོང་རང་རིག ་ཡེ་ཤེས་ཤར།། དེ་ཙམ་ཉིད་ན་བསྒོམ་མི་དགོས།། དེ་ཡང་རོལ་པ་འགག་མེད་ཡིན།། སྔ་ཕྱི་རྟོག་པ་དངོས་འཛིན་བྲལ།། དངོས་པོ་ཀུན་བཅོམ་ཞེ་སྡང་ཉིད།། དེ་ཡིས་དོན་ལ་འགྱུར་མེད་ཕྱིར།། འགག་མེད་ང་ཡི་རོལ ་པ་ཡིན།། ངེས་པའི་ལུང་ལྡན་གདམས་ངག་གིས།། གདེང་ཉམས་ཆེ་བའི་དོན་ཉིད་ལ།། ཡེ་ཤེས་ང་རྒྱལ་དོན་ཉིད་ཆེ།། ངེས་པའི་དོན་དང་འབྲལ་མི་ཕོད།། སྡུག་བསྔལ་གང་ཡང་མེད་པའི་ཕྱིར།། བདེ་ཆེན་རང་བཞིན ་སྙིང་རྗེ་ཆགས།། ཞེན་པ་གང་ཡང་མེད་པའི་ཕྱིར།། དེ་ཡང་རོལ་པ་འགག་མེད་ཡིན།། གོལ་དང་ལྟུང་བ་མེད་པའི་ཕྱིར།། ཆོས་ཉིད་གཞན་ལ་ཕྲག་དོག་མེད།། དེ་ཕྱིར་རང་བྱུང་ཡེ་ཤེས་ཤར།། དེ་ཡང་འགག་མེད་རོལ ་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འབྱུང་བ་འདོད་ཡོན་དུག་ལྔ་ཀུན།། ཐམས་ཅད་ཡེ་ཤེས་ཆོས་སྐུར་ཤར།། ཀུན་གྱི་རང་བཞིན་དེ་ཤེས་པས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ངེས ་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རོལ་པ་འགག་མེད་ཀྱི་བསྟན་ཚིགས་གཏན་པའི་ལེའུ་སྟེ་བརྒྱ་དང་གོ་དྲུག་པའོ།། །། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི ་འཁོར་ལ་བཀའ་སྩལ་པ།། མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས།། ངེས་དོན་རྩ་བ་ཆོས་སྐུ་ལ།། ལུང་ལྡན་རྐྱེན་གྱིས་ཡིད་ཆེས་བྱ།། སངས་རྒྱས་སེམས་ཅན་ངོ་བོ་ལ།། རང་བྱུང་ཡིན་ཕྱིར་གཉིས་སུ་མེད།། དེ ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཉིད་རྟོགས་པས་འཁོར་འདས་དག། མེད་ཕྱིར་མཚན་ཉིད་གཉིས་སུ་མེད།། ཕྱི་དང་ནང་དང་སྣོད་དང་བཅུད།། མཐོ་རིས་ངན་སོང་དགེ་དང་སྡིག། དག་དང་མ་དག་གཙང་སྨེ་དང་།། ་ཡིན་དང་མིན་དང་བླང་དོར་དང་།། བྱ་དང་མི་བྱ་སྐྱོན་ཡོན་སོགས།། ཐ་སྙད་གཉིས་སུ་འདུས་པ་ཀུན།། དཔེར་ན་རི་བོང་རྭ་བཞིན་དུ།། ཚིག་ཏུ་ཡོད་ཀྱང་དོན་ལ་མེད།། དེ་ཕྱིར་མཚན་ཉིད་གཉིས་མེད་པའི།། གཏན ་ཚིགས་ཆེན་པོར་བཞག་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་དང་བྲལ་བའི་ཆོས་སྐུ་ནི།། མེད་པ་མ་ཡིན་དྲན་ཞིང་ཚོར།། ཆད་པ་མ་ཡིན་རིག་ཅིང་གསལ།། རྟག་པ་མ་ཡིན་དངོས་པོ་མེད།། གཉིས་སུ་མ ་སོང་ཟླ་བོ་མེད།། གཅིག་ཏུ་མ་ངེས་ཀུན་ལ་ཁྱབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཅན་རང་གི་མཚན་ཉིད་ནི།། གདོད་ནས་གཉིས་སུ་མེད་པ་ཡི།། ཆོས་རྣམས་རྩ་བ་གཅིག་པའི་དོན།། གཏན་ཚིགས་དག ་གིས་ཡིད་ཆེས་བྱ།། གཉིས་མེད་ཞེན་པའི་རྟག་པ་ནི།། འདྲེས་པའི་གཉིས་མེད་མ་ཡིན་ཏེ།། གང་ཡང་མ་འདྲེས་རང་བྱུང་སྐུ།། ཆད་ནས་གཉིས་མེད་མ་ཡིན་ཏེ།། སངས་རྒྱས་སྙིང་པོ་ཆོས་སྐུར་ཡོད།། དེ་ཕྱིར་གཞི་ལ ་འཁོར་འདས་ནི།། གཉིས་ཀ་མེད་ཕྱིར་མཐར་མ་རེག། རང་བྱུང་ཆོས་སྐུ་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཚན ་ཉིད་གཉིས་སུ་མེད་པའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་བདུན་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། ངོ་བོ་ཉིད་དུ་བློ་གྲོལ་བའི།། གཏན ་ཚིགས་ངེས་པར་ཡིད་ཆེས་དོན།། ལུས་ངག་རྩོལ་བ་མེད་པའི་ཕྱིར།། རང་བྱུང་བློ་ལ་འཆིང་གྲོལ་མེད།། དེ་ཕྱིར་ངོ་བོ་ཉིད་དུ་གནས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཟུང་འཛིན་སྐྱོན་གྱིས་མ་གོས་པས།། རྣམ ་རྟོག་བློ་ནི་རང་སར་གྲོལ།། དེ་ཕྱིར་ངེས་དོན་ཡེ་ཤེས་ཀློང་།། རྒྱུ་དང་རྐྱེན་ལས་མ་བྱུང་བའི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ཉིད་རྟོགས་པས་ཆོས་སྐུར་གྲོལ།། ཡང་དག་སངས་རྒྱས་འདི་ལས་མེད།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། ཆོས་ཉིད་དུས་གསུམ་མི་འགྱུར་ཕྱིར།། ལས་ཀྱི་དབང་དུ་གཞི་མི་འགྱུར།། དེ་ཕྱིར་ཆོས་ཉིད་རྟོགས་པས་གྲོལ།། དེ་ལ་སོགས་པ་གང་ཡང་མེད།། ངེས་པའི་ལུང་ལྡན་ཡིད་ཆེས་པས།། ངེས་པའི ་གདེང་རྙེད་རྣལ་འབྱོར་དེ།། མི་ཡི་ལུས་ནི་འདི་ཉིད་ལས།། སངས་རྒྱས་འབྲས་བུ་ད་ལྟ་ཐོབ།། དེ་ཕྱིར་རང་བློ་ངོ་བོ་ཉིད།། དུས་འདིར་གྲོལ་བས་བཙལ་དུ་མེད།། འཛིན་མེད་གསལ་བས་བསྒོམ་མི་དགོས།། དེ་ཕྱིར ་ཡང་དག་དགོངས་པའི་གདེང་།། དེ་དང་སུ་ལྡན་བསྒོམ་པའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། བྱང་ཆུབ་སེམས་ནི་རྣམ་པར་དག། དེ་དོན་རང་བྱུང་དོན་རྟོགས་པས།། སངས་རྒྱས་གཞན་དུ་བསྒྲུབ་མི ་དགོས།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས།། ཆོས་ཉིད་དག་ཏུ་བློ་གྲོལ་ཕྱིར།། ཉོན་མོངས་སྡུག་བསྔལ་རང་སར་གྲོལ།། དེ་ལ་སྐྱོན་གྱིས་མི་གོས་ཏེ།། རང་བྱུང་ལུས་ལ་ཡེ་ཤེས་ཐུགས།། སེམས་ཅན་རང་བློར ་འཛིན་པ་མེད།། དེ་ཕྱིར་ཉམས་པ་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་ཁམས་ཀུན་མ་ལུས་པ།། བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་།། ནམ་མཁའ་ཚིག་པར་མི་འགྱུར་བཞིན།། ངེས་དོན ་རྟོགས་པའི་རྣལ་འབྱོར་ལ།། ལྷ་སྲིན་མཁའ་འགྲོ་དགྲར་ལངས་ཀྱང་།། གནོད་པས་མི་ཚུགས་བཀའ་བཞིན་བྱེད།། དེ་ཕྱིར་ལུང་ལྡན་ཤིན་ཏུ་གཉེན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ ་མཁའ་དང་མཉམ་པའི་རྒྱུད་ལས། བློ་ངོ་བོ་ཉིད་དུ་གྲོལ་བའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་བརྒྱད་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་དགུ་པའོ།། །། དེ་ནས་ཀུན་རིག་སྟོན་པ་ལ།། འདུས་པའི ་འཁོར་གྱི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། ངེས་དོན་གདུལ་བྱའི་འབྲས་བུ་ནི།། སྐུ་གསུམ་སྟོན་པ་ཇི་ལྟར་འབྱུང་།། དེ་འཁོར་ལས་ཅན་གང་ལ་གསུངས།། འགྱུར་མེད་རྒྱུན་གྱི་དཔེ་དོན་གང་། ་མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པས་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སངས་རྒྱས་ངོ་བོ་སྐུ་གསུམ་ལས།། ཆོས་སྐུ་རང་བྱུང་རིག་པ་དེ།། དུས་གསུམ་དག ་ཏུ་སྐྱེ་འགག་མེད།། འགྲོ་འོང་མེད་ཕྱིར་ཡེ་ནས་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་ཆོས་སྐུའི་མཐུན་དཔེ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་ཆེ།། དངོས་མེད་ཀུན་ཁྱབ་དུས་གསུམ་གཅིག། མཐའ ་དབུས་རིས་སུ་དབྱེ་རུ་མེད།། དེ་དོན་རང་བྱུང་ངོ་བོ་དེ། ཚིག་ཏུ་བརྗོད་མེད་རང་རིག་སྐུ།། ཐུགས་ལ་གསལ་ཕྱིར་ངེས་ཤེས་པས།། དེ་ཕྱིར་ཀུན་བཟང་ཆོས་ཀྱི་སྐུ།། ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང་།། རང་བཞིན ་འོག་མིན་བྱང་ཆུབ་ཐུགས།། དེ་ལ་འགྱུར་བ་རྡུལ་ཙམ་མེད།། རང་བྱུང་རིག་པ་རྣམ་པར་དག། སྙིང་པོ་ཆོས་སྐུའི་ཐུགས་ཀ་ནི།། རྒྱུ་འབྲས་གཞི་ལ་མེད་པའི་དོན།། ཆོས་ཉིད་སྤྲོས་བྲལ་སྙིང་པོ་ཡི།། འཁོར་འདས་མ ་ལུས་ལྷུན་གྱིས་རྫོགས།། ཆོས་སྐུ་སྟོན་པ་ཀུན་བཟང་གི།། དགོངས་པའི་ངེས་དོན་བྱིན་རླབས་ཀྱིས།། ཕྱོགས་བཅུར་ཉིད་ལས་མི་གཞན་འཁོར།། དུས་གསུམ་སངས་རྒྱས་རྣམས་ལ་བཤད།། རྫོགས་པ་ཆེན་པོ་ངེས ་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཆོས་ཀྱི་སྐུའི་གདུལ་བྱ་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་དགུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས ་བཀའ་སྩལ་པ།། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ།། དེ་ཡིས་གདུལ་བྱ་ངེས་པར་འབྱུང་།། དེ་དོན་ལེགས་པར་བཤད་ཀྱིས་ཉོན།། ལོངས་སྐུ་འབྱུང་བའི་མཐུན་དཔེ་ནི།། ནམ་མཁའ་དངོས་མེད་སྟོང་པ་ལ།། ་གཞའ་ཚོན་སྣ་ལྔ་མ་འདྲེས་གསལ།། དེ་ཙམ་ཉིད་ན་དངོས་མེད་ཡིན།། དེ་བཞིན་རང་གི་ངོ་བོ་ལ།། སྐྱེ་མེད་ཆོས་སྐུ་ཉིད་ཀྱི་རྩལ།། རིག་ལྔ་སྐུ་མདོག་བརྒྱན་པ་བྱུང་།། དེ་ཕྱིར་ལོངས་སྐུ་སངས་རྒྱས་ཡིན།། ཀུན་གཞི ་ཆོས་སྐུ་གཞི་ཆ་ལ།། སྔ་ཕྱི་བག་ཆགས་མེད་པར་གསལ།། འབྱུང་ལྔ་རོལ་པ་སྣ་ཚོགས་ཀྱང་།། ཞེན་པ་མེད་པ་ཆོས་ཀྱི་དབྱིངས།། ཡང་དག་ངེས་པའི་འབྲས་བུ་རྙེད།། ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས།། ལྡེམ ་དགོངས་ཕྱི་ནང་གསང་བའི་དོན།། ས་བཅུའི་རིག་འཛིན་སེམས་དཔའ་ལ།། གསང་སྔགས་རང་གི་ངོ་བོས་བསྟན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། ་ལོངས་སྐུའི་འཁོར་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་ཐམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྤྲུལ་པའི་སྐུ་ཡི་སངས་རྒྱས་ནི།། ཅིར་ཡང་སྟོན་ཕྱིར ་སྤྲུལ་པའི་སྐུ།། འགྲོ་བའི་དོན་ཕྱིར་གདུལ་བྱ་ལ།། ཅི་རིགས་པར་ནི་དོན་མཛད་དེ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞན་དོན་སྦྲུལ་སྐུའི་མཐུན་དཔེ་ནི།། ངེས་མེད་བྲག་ཆ་ཁྱུང་དང་ནི།། སེང་གེ་ཆུ་ཟླ་གཟུགས ་བརྙན་དང་།། མུ་དུམ་ཝ་རའི་མེ་ཏོག་འདྲ།། སྦྲུལ་སྐུ་རང་གི་ངོ་བོ་ནི།། ཐུབ་པ་དྲུག་ཏུ་སྒྲ་སྦྲུལ་ཏེ།། མི་ཡི་ཤཱཀྱ་ཐུབ་པར་སྤྲུལ།། ལྷ་མི་རྣམས་ཀྱིས་སྟོན་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞིང ་ཁམས་སྲིད་གསུམ་གནས་རིས་འདིར།། འགྲོ་དྲུག་སེམས་ཅན་ལས་དག་ལ།། ཚོགས་གཉིས་བསགས་པའི་ཐབས་བསྟན་ནས།། སྒྲིབ་སྦྱང་འབྲས་བུ་རིམ་གྱིས་འབྱུང་།། སྦྲུལ་སྐུའི་གསུང་གི་སྒོ་ནས་ནི།། གང་ལ་གང ་འོས་དྲང་དོན་དུ།། དགེ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྲུལ་པའི་སྐུའི ་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་གཅིག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། འབྲས་བུ་ངེས་པར་མཐར་ཟུག་ཕྱིར།། ཆེ་བའི་ཡོན་ཏན་གཏན་ལ ་དབབ།། དེ་དོན་ལེགས་པར་བཤད་ཀྱིས་ཉོན།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དེ་ལས་འཁོར་འདས་ཐམས་ཅད་བསྐྱེད།། གཞི་ལ་འཁོར་འདས་གྲུབ་པ་མེད།། གཞི་ལ་མཐོང ་སྣང་སྣ་ཚོགས་པས།། འཁྲུལ་ངོར་བདེན་ཀྱང་དོན་ལ་མེད།། དེ་ཕྱིར་རང་བྱུང་ཀུན་གྱི་གཞི།། དེ་ལ་བསྐྱེད་པར་ནུས་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་གསེར་རྒྱུ་གཅིག་པ་ལ།། དབྱིབས་དང ་གཟུགས་ནི་ཐ་དད་པར།། བྱས་པ་དེ་དག་མིང་རེར་གྲགས།། གྲགས་ཀྱང་གསེར་གྱི་ངོ་བོར་གཅིག། དེ་བཞིན་འཁོར་འདས་སྣ་ཚོགས་ལ།། བླུན་པོ་རྣམས་ཀྱིས་ཐ་དད་བཟུང་།། དེ་ཕྱིར་སྤོང་སྡུད་ཞེན་པ་བྱས།། གཞི ་ལ་ངོ་བོ་གཅིག་ལས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནོར་བུ་རིན་ཆེན་ལ།། རྙེད་པ་ཡོད་ལ་སྟོར་བ་མེད།། རང་བྱུང་ངོ་བོ་རྟོགས་པ་ལ།། མ་བཙལ་ཡོན་ཏན་ཐམས་ཅད་འབྱུང་།། དེ་ཕྱིར་ཆོས་སྐུ ་ཉིད་ཀྱི་རྩལ།། རྟོགས་པའི་བྱིན་རླབས་སྐུ་གསུམ་འབྱུང་།། ཆོས་སྐུ་ཀུན་བཟང་ངེས་དོན་ལ།། རྟོགས་པས་ཆོག་ཕྱིར་ཡེ་སངས་རྒྱས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐུ་ཡིས་སྤྲུལ་པ་སྣང་མཛད་ཀྱིས།། དག་པར ་སྤྱོད་པའི་རྣལ་འབྱོར་ལ།། ཕྱི་རྒྱུད་རྣམ་གསུམ་ཆོས་བསྟན་ཏེ།། རྡོ་རྗེ་འཛིན་པའི་ས་རུ་བཏགས།། དཔེར་ན་གསེར་སྦྲུལ་མིག་གིས་ནི།། འདོད་པའི་ཡོན་ཏན་རྣམ་ལྔ་ཡང་།། དུས་གཅིག་ཉམས་སུ་མྱོང་བ་དང་།། དར ་ཡ་ཀན་གྱི་སྨན་མཆོག་བཞིན།། སྐུ་དང་ཡེ་ཤེས་མ་ལུས་པའི།། ཆེ་བའི་ཡོན་ཏན་འབྱུང་འདོད་པས།། གཞན་དོན་སྨོན་ལམ་མཐར་ཕྱིན་པས།། ལོངས་སྤྱོད་རྫོགས་སྐུ་འགྲོ་དོན་བྱེད།། ད་ཡང་འདུས་པའི་སྙིང་པོ ་ཉོན།། ཐུགས་ཀྱི་སྤྲུལ་པ་བྱུང་བ་ནི།། རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ།། སྣོད་དང་ལྡན་པའི་རིག་འཛིན་ལ།། རྒྱུད་ལུང་གཉིས་ཀྱི་ངེས་པའི་ཆོས།། སྐྱེ་བ་ཚེ་གཅིག་བསྒྲུབ་གྱུར་ན།། རྡོ་རྗེ་འཆང་གི་ས་ལ་གཏུགས།། དེ ་ཡང་འདུས་པའི་སྙིང་པོ་ཉོན།། སྨན་མཆོག་རྒྱལ་པོ་ཆེན་པོའི་དཔེ།། ལྷ་ཡིས་བདུད་རྩི་མ་གི་ཏས།། ཤི་བ་ཀུན་སློངས་སྨན་གྱི་མཆོག། གང་ལ་རེག་པས་འཚོ་བར་ལྟར།། ཡང་ཏི་ཐིག་ལེ་ཉག་གཅིག ་ལ།། ངེས་པའི་ལུང་ལྡན་དོན་བསྟན་ན།། ལུས་ངག་རྩོལ་བ་མི་དགོས་པར།། བསྟན་དང་སངས་རྒྱས་དུས་མཉམ་འབྱུང་།། དེ་ཕྱིར་མན་ངག་ཤེས་པ་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། གསུང་གི་སྤྲུལ་པ་ཤཱཀ ་ཐུབ་ཀྱིས།། སེམས་ཅན་སྐྱེ་བོ་ལས་དག་ལ།། སྡེ་སྣོད་རྣམ་པ་གསུམ་གྱི་ཆོས།། བསྐལ་པ་གྲངས་མེད་རྣམ་གསུམ་ན།། འབྲས་བུ་བཅུ་གཅིག་ས་གནན་འདོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་དཔག ་བསམ་ལྗོན་ཤིང་ལ།། བསོད་ནམས་ཆེ་ཆུང་རིམ་པ་ཡིས།། འབྲས་བུ་སྣ་ཚོགས་རབ་འབྲིང་འབྱུང་།། དེ་ཕྱིར་ལས་དང་རྐྱེན་ལས་འབྱུང་།། དེ་བཞིན་དྲང་དོན་ཆོས་རྣམས་ཀུན།། གང་ཟག་བློ་ཡི་རིམ་པ་ལས།། ཅི ་རིགས་པ་ཡི་ཆོས་བསྟན་པས།། འབྲས་བུ་ལྷ་དང་མི་རུ་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་ཆོས་ཀྱིས་སངས་མི་རྒྱ།། ཨ་མྲའི་འབྲས་བུ་སྨིན་མི་སྲིད།། མ་རྟོགས་ཆོས་ཀུན་ཅི་སྤྱད་ཀྱང་།། རྣམ་པར་གྲོལ ་བར་མི་འགྱུར་རོ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་མཐར་ཐུག་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་གཉིས་པའོ།། །། དེ་ནས་འདུས ་པའི་ཚོགས་རྣམས་ལ།། འགྱུར་མེད་དོན་གྱི་དཔེ་དོན་ནི།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཆུ་བོ་ཆེན་པོའི་དཔེ་བཞི་ཡིས།། མི་འགྱུར་དོན་ཆེན་ངེས་མཚོན་པ།། བཤད་ཀྱིས་འཁོར་རྣམས་ལེགས་པར་ཉོན།། ཆུ ་གཞན་སྐྱེ་འབྲི་ཡོད་མོད་ཀྱང་།། ཆུ་བོ་ཆེན་པོ་གང་གཱ་ལ།། དབྱར་སྐྱེ་དགུན་འབྲི་མེད་པར་ནི།། རྒྱུན་མི་ཆད་པར་རྟག་པ་བཞིན།། རང་བྱུང་སྐྱེ་མེད་རྣལ་འབྱོར་ལ།། དུས་དང་རྣམ་པ་ཐམས་ཅད་དུ།། ལྟ་བ་འཕེལ ་འགྲིབ་མེད་པར་ནི།། ཡེ་ཤེས་ཆེན་པོ་རྒྱུན་མི་ཆད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་གཞན་མཚོ་རབ་ཡོད་མོད་ཀྱང་།། ཆུ་བོ་ཆེན་པོ་པཀྵ་ཡི།། གཏིང་ལ་རིང་ཐུང་མེད་འབབ་ཅིང་།། དྲག་དལ་མེད་པར་སྙོམས ་པ་བཞིན།། ཐེག་གཞན་རེས་འཇོག་ཡོད་གྱུར་ཀྱང་།། ངེས་དོན་ཆོས་ཉིད་ཏིང་འཛིན་ལ།། ཐུན་མཚམས་མེད་པར་རྒྱུན་དུ་གནས།། དེ་ཕྱིར་འབྱུང་འཇུག་མེད་པར་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆུ ་གཞན་འགྱུར་འགྱུར་ཡོད་མོད་ཀྱང་།། ཆུ་ཆེན་ནེ་རཉྫ་ན་ལ།། ཀྱག་ཀྱོག་མེད་པར་དལ་འབབ་ཅིང་།། དྲང་པོར་འགྱུར་བ་མེད་པ་བཞིན།། ཐེག་གཞན་བླང་དོར་ཆེད་བྱེད་ཀྱང་།། ངེས་དོན་ཡང་ཏི་རྫོགས་ཆེན་ལ།། ་བཟང་ངན་ཆེ་ཆུང་མེད་པར་མཉམ།། འགྱུར་མེད་བླང་དོར་མེད་པར་སྤྱོད།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཆུ་གཞན་སྨན་དུག་གཉིས་ཡོད་ཀྱང་།། སི་ཏིའི་ཆུ་བོ་ཆེན་པོ་ལ།། དུག་མེད་སྨན་གྱིས་ནད་ཀུན་སེལ།། ་ཀུན་ལ་སྨན་པའི་སྨན་མཆོག་བཞིན།། ངེས་དོན་རྟོགས་པའི་འབྲས་བུ་ནི།། གོལ་སྒྲིབ་ལྟ་སྤྱོད་ངེས་པའི་མཆོག། འགྲོ་བ་ཀུན་ལ་ཕན་པའི་ཆོས།། ཕྱི་མ་མ་ཡིན་དུས་འདིར་འབྱུང་།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། ཆུ་བོ་བཞི་འདུས་རྒྱ་མཚོ་རུ།། ཆུ་བྲན་མང་པོ་ཀུན་འདུས་པ།། རྒྱ་མཚོ་ཆེན་པོར་རོ་གཅིག་བཞིན།། ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ།། བལྟ་བསྒོམ་སྤྱོད་པ་འབྲས་བུར་འདུས།། དེ་ཕྱིར་རང་རིག་ཆོས་སྐུ ་ཉིད།། དེ་རྩལ་སྣང་བ་ཆོས་དབྱིངས་ལ།། གང་ཡང་མ་འགགས་ལྷུན་གྱིས་འགྲུབ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྱུར་བ་མེད་པའི་དཔེ་དོན ་མཐར་ཐུག་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་གསུམ་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་སོ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་ཆོས་ཀྱི་རྒྱལ་པོ ་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། མཚན་ཉིད་སངས་རྒྱས་ཇི་ལྟར་བཞེད།། ཀྲི་ཡོག་སངས་རྒྱས་ཇི་ལྟར་འདོད།། བསྐྱེད་རྫོགས་གཉིས་ཀྱི་སངས་རྒྱས་གང་།། ཨ་ཏིའི་སངས་རྒྱས་ཅི་ལྟར་གང་།། ཡང་ཏིའི ་སངས་རྒྱས་ཇི་ལྟར་གནས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་ལ།། ཉན་ཐོས་རང་རྒྱལ་མདོ་སྡེ་ནི།། བསྐལ་པ་གྲངས་མེད་གསུམ་དུ་ནི།། ་ཚོགས་ནི་རྣམ་པ་གཉིས་བསགས་ཏེ།། ལམ་ལྔ་རིམ་གྱིས་བགྲོད་བྱེད་དེ།། དཀའ་ཐུབ་མཐར་ཕྱིན་འབྲས་བུར་ངེས།། བུད་མེད་ལུས་པོར་ཕོ་ལུས་ཐོབ།། བདེན་བཞི་སྤང་བླང་ཉན་ཐོས་ཀྱི།། ས་རྣམས་གནོན་པའི ་འབྲས་བུ་ནི།། དགྲ་བཅོམ་ཆེན་པོ་སྡུག་བསྔལ་བྲལ།། ཚངས་པར་སྤྱོད་པའི་དགེ་སློང་ཚོགས།། བདེ་སྒྱིད་ལྡན་པ་སྦྲུལ་སྐུའི་ཚུལ།། བྱ་བ་བྱས་ཤིང་ཨརྟན་པ།། ཟག་པ་ཟད་ཅིང་འཁོར་བ་སྟོངས།། ད་ཡང་རྡོ་རྗེ ་སེམས་དཔའ་ཉོན།། ཡང་ཏི་རྫོགས་ཆེན་ཡས་བལྟས་ན།། འགྲོ་དོན་མི་བྱེད་ཐབས་དང་བྲལ།། ཆོས་སྐུ་མ་རྟོགས་ཤེས་རབ་བྲལ།། ལུང་ལྡན་ངེས་པའི་དོན་མ་མཐོང་།། ཐབས་མེད་ཤེས་རབ་བྲལ་བའི་ཕྱིར།། ཉན ་རང་རྒྱལ་ཉིད་དུ་ལྟུང་།། དེ་ཕྱིར་ངེས་པའི་སངས་རྒྱས་མིན།། བྱང་ཆུབ་སེམས་དཔའི་འབྲས་བུ་ཡང་།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། འགྲོ་བའི་དོན་དུ་དཀའ་སྤྱད་ཕྱིར།། ཐབས་ནི་ཕ་རོལ་ཕྱིན་པ ་བཅུས།། སྒྲིབ་གཉིས་སྦྱངས་ནས་ཚོགས་གཉིས་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་ཏུ་འོད་ཀྱི་ས་ལ་ནི།། མི་ལུས་མེད་པར་ལོངས་སྐུའི་ཚུལ།། མཚན་དང་དཔེ་བྱད་ཐམས་ཅད་ལྡན།། དོན་དམ་རང ་བཞིན་མེད་པ་ཡི།། སངས་རྒྱས་ཆེ་བའི་ཆོས་ཀུན་མཁྱེན།། གདུལ་བྱ་འཁོར་གྱིས་ལོངས་སྐུར་མཐོང་།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱང་།། ཡང་ཏི་རྫོགས་ཆེན་ལས་བལྟས་ན།། ་ངེས་དོན་སྙིང་པོ་མ་མཐོང་ཕྱིར།། གཞི་ན་མ་རིག་ཡོད་པས་ནས།། རྩོལ་བ་བྱས་པས་ཆོས་སྐུ་བསྒྲིབས།། དེ་ཕྱིར་ཡང་དག་སངས་རྒྱས་མིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས ་ནམ་མཁའ་དང་མཉམ་པའི་རྒྱུད་ལས།། རྒྱུ་མཚན་ཉིད་ཀྱི་སངས་རྒྱས་འདོད་ལུགས་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་བཞི་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ་ཀྲི་ཡ་ལྷ་དང་ལྷ་མོ་དང་།། ཕོ་མོ་གཉིས་ཀྱི་ཚུལ་དུ་གནས།། མིང་སྲིང་ལྕམ་དྲལ་ཚུལ་དུ་ཡོད།། ཐབས་དང་ཤེས་རབ་བདེ་བ་ཡང་།། བལྟ་བའི་ཚུལ་དུ་བལྟས་པས་ཚིམ།། མི་ཚེ་བདུན་དུ་བསྒྲུབས་པའི་མཐུས།། དྲང ་སྲོང་རིག་འཛིན་ས་ཐོབ་སྟེ།། སྐྱེ་བ་མེད་པའི་རྡོ་རྗེ་འཛིན།། རིགས་གསུམ་མགོན་པོར་སངས་རྒྱས་པ།། བྲམ་ཟེའི་ཚུལ་དུ་གཙང་སྤྱད་པས།། དག་པའི་སངས་རྒྱས་འབའ་ཞིག་ཡོད།། དེ་ཡང་འདུས་པའི་སྙིང་པོ ་ཉོན།། ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུ་ལ།། གཟུགས་བརྙན་ཆུ་ཟླ་ལྟ་བུ་ལ།། འགྲོ་དོན་སྨོན་ལམ་སྟོབས་ཀྱིས་བྱེད།། དེ་ཕྱིར་དག་པའི་སངས་རྒྱས་འདོད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོ་ག་རྣལ་འབྱོར ་སེམས་དཔའ་ཡིས།། འབྲས་བུ་ཕྱག་རྒྱ་བཞི་བསྒྲུབ་སྟེ།། འབྲས་བུ་སྟུག་པོ་བཀོད་པའི་སར།། ཆོས་ཀྱི་དབྱིངས་སུ་སངས་རྒྱས་འདོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐབས་དང་ཤེས་རབ་བདེ་སྤྱོད་ནི།། ལྷ་དང ་ལྷ་མོ་ཀུན་ཀྱང་ནི།། ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན།། སེམས་དཔའ་སེམས་མ་མང་པོ་ཀུན།། འཇིག་འབྲལ་མེད་པའི་ཡེ་ཤེས་ལྷ།། ཆགས་པའི་ཚུལ་གྱིས་བསྟན་པའི་ཚུལ།། ལག་བཅངས་འཁྱུད་པ་ཙམ་གྱིས ་ཀྱང་།། བདེ་བ་ཆོས་ཀྱི་དབྱིངས་སུ་སྨིན།། གསང་སྔགས་ཐབས་ཆེན་འབྲས་བུའི་མཆོག། སངས་རྒྱས་ས་ནི་གཞའ་ཚོན་བཞིན།། རང་བཞིན་མེད་པར་སྐྱེ་འཆི་བྲལ།། རྣམ་པར་སྣང་མཛད་ལ་སོགས་པའི།། སངས ་རྒྱས་བདེ་སྐྱིད་ཀུན་ལྡན་ཕྱིར།། གཞལ་ཡས་དཀྱིལ་འཁོར་ཞིང་ཁམས་རྣམས།། བསམ་པ་ཙམ་གྱིས་རང་བཞིན་འབྱུང་།། དཔེར་ན་འཕྲུལ་དགའི་ལོངས་སྤྱོད་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཀྲི་ཡོག ་སངས་རྒྱས་ཀྱང་།། ཡང་ཏི་རྫོགས་ཆེན་ཡས་བལྟས་ན།། རྩེ་མོ་འདྲ་སྟེ་ཨ་ཏི་སློབ།། ཡང་དག་ངེས་དོན་མ་ཤེས་པས།། རེ་དོགས་ཡོད་ཕྱིར་ལྷུན་གྲུབ་མིན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གསང་སྔགས་ཕྱི་རྒྱུད་ཀྱིས་སངས་རྒྱས་འདོད་ལུགས་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ ་སྩལ་པ།། རྣལ་འབྱོར་ཆེན་པོའི་སངས་རྒྱས་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར།། དཀྱིལ་འཁོར་མ་ལུས་རང་ལ་རྫོགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བསྒྲུབ ་སངས་རྒྱས་སྐྱེ་བ་འདིར།། རྡོ་རྗེ་འཆང་གི་ས་ནོན་ཚེ།། ཐབས་དང་ཤེས་རབ་བདེ་སྤྱོད་པ།། དགའ་འདུས་ཕོ་མོའི་དཔེ་བཞིན་དུ།། འཁྲིག་པའི་སྦྱོར་བའི་ཐབས་ཀྱིས་ཀྱང་།། སངས་རྒྱས་ཐམས་ཅད ་བསྐྱེད་པར་བྱེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཞི་ཁྲོའི་ལྷ་ཚོགས་རྒྱན་དང་བཅས།། འདོད་ཆགས་འཁྲིག་པའི་ཚུལ་དུ་གནས།། དེས་བསྐྱེད་སངས་རྒྱས་ངོ་བོ་ལ།། ཡེ་ནས་ལྷ་ཡི་དཀྱིལ་འཁོར་ཉིད།། བགྲང ་གིས་མི་ལང་ཕོ་མོ་ཀུན།། འགྲོ་དོན་མ་ལུས་དུས་གཅིག་བྱེད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཆོས་རྣམས་སྣང་སྟོང་དབྱེར་མེད་པར།། ནམ་མཁའ་སྟོང་ལ་གཞའ་ཚོན་འདྲ།། སྐྱེ་ཤི་མེད་པ་སྨོས་ཅི་དགོས།། དུས ་འདིར་འབྱུང་བས་ཁྱད་པར་འཕགས།། དེ་ཕྱིར་ཐབས་ལ་བསྟེན་པའི་མིས།། འབྲས་བུ་བྱང་ཆུབ་ཆུད་མི་འཛའ།། ཐབས་ཀྱི་ནང་ན་དམ་པའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྗེས་སུ་རྣལ་འབྱོར་སངས་རྒྱས ་ནི།། མ་བསྐྱེད་རྫོགས་པས་ཡེ་ཤེས་ཀློང་།། ལྷ་ཡིས་དཀྱིལ་འཁོར་རང་བྱུང་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་བཟང་རོལ་པ་ཐབས་ཀྱི་ཡབ།། ཀུན་ཏུ་བཟང་མོ་ཤེས་རབ་ཡུམ།། བདེ་ཆེན་གཉིས་མེད་རོལ ་པའི་རྩལ།། གཞའ་ཚོན་རིག་འདྲ་དངོས་མེད་གསལ།། ཐུགས་ནི་རིག་པའི་ཡེ་ཤེས་ཅན།། ཕྱི་ནང་བཙལ་དུ་གང་ཡང་མེད།། ནམ་མཁའི་དཀྱིལ་དུ་ཉི་ཤར་ལྟར།། རང་ལ་རྫོགས་པས་བསྐྱེད་མི་དགོས།། བཙལ་དུ ་མེད་པས་སྐྱེ་ཤི་མེད།། འདུ་འབྲལ་མེད་པའི་སངས་རྒྱས་ལ།། ཀུན་ཏུ་བཟང་པོའི་ས་ཞེས་གདགས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་རྒྱུད་ལུང་སངས་རྒྱས་ཀྱང་།། ཡང་ཏི་རྫོགས་ཆེན་ཡས་བལྟས་ན།། རང ་བྱུང་ངེས་དོན་མ་ཤེས་པར།། ཆེད་དུ་བྱས་པའི་རྩོལ་བས་སྒྲིབས།། རེ་དོགས་ཕྲ་མོ་ཡོད་པའི་ཕྱིར།། ངེས་ལུང་མ་ཤེས་སྣང་བར་འཆེལ།། གཟུགས་ཅན་སངས་རྒྱས་འདོད་པའི་ཕྱིར།། ཆོས་སྐུའི་སངས་རྒྱས་དོན་ལ ་སྒྲིབས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐིག་ལེ་རྒྱུད་ལུང་གི་སངས་རྒྱས་འདོད་ལུགས་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་དྲུག་པའོ།། །། དེ ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཐིག་ལེ་ཉག་གཅིག་མངོན་བྱུང་ནས།། ལུང་ལྡན་ངེས་པའི་དོན་ཕྱིར་དུ།། རྣམ་སྨིན་ལུས་དང་བྲལ་མ་ཐག། མངོན་ཤེས་དྲུག་དང་རྗེས་དྲན ་དྲུག། ཐོག་མཐའ་མེད་པར་སངས་རྒྱས་ཚེ།། སྐད་ཅིག་གཅིག་ལ་མ་རིག་སངས།། ལུས་མེད་རིག་པའི་ཡེ་ཤེས་རྒྱས།། རང་བྱུང་ཐུགས་ལ་སྐྱེ་འཆི་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན།། ནམ་མཁའ་ཉི་མའི ་སྙིང་པོ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལུས་ཅན་སངས་རྒྱས་ལ།། སེམས་ཅན་མེད་ཕྱིར་དོན་མི་དགོས།། རང་བྱུང་རིག་པའི་ཆོས་སྐུ་ལ།། རང་ལ་ཡོད་པ་ངེས་ཤེས་ཕྱིར།། ཆེད་དུ་རྩོལ་བས་བསྒྲུབ། ་མི་དགོས།། རང་བྱུང་རིག་པའི་ཆོས་སྐུ་ལ།། དུས་གསུམ་འཁྲུག་ཀྱང་འཕོ་འགྱུར་མེད།། སྟོང་གསུམ་ཞིག་ཀྱང་ཉམས་མི་སྲིད།། རང་བྱུང་ཆོས་སྐུ་ཁ་མིག་ཅན།། དེ་ཡི་གཟུགས་བརྙན་གཟུགས་སྐུ ་གཉིས།། མ་བཙལ་རང་བྱུང་ཆོས་སྐུར་སྟོན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱུད་ལུང་ཉན་ཐོས་ཡན་ཆད་ལ།། འབྲས་བུ་གཟུགས་སྐུ་འབྱུང་མི་སྲིད།། ཡིད་སྨོན་གྱིས་ནི་སངས་རྒྱས་ཀྱང་།། ངེས་དོན་ཡང་ཏིའི ་སངས་རྒྱས་མིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རྫོགས་པའི་སངས་རྒྱས་ནི།། དུས་དང་རྣམ་པ་ཐམས་ཅད་དུ།། འདུས་མ་བྱས་པའི་སངས་རྒྱས་ནི།། དངོས་མེད་རང་བྱུང་རིག་པའི་སྐུ།། ངེས་དོན་ཆོས ་སྐུར་ཤེས་པ་ལ།། དྲང་བའི་དོན་དུ་གཟུགས་སྐུར་འབྱུང་།། ཐབས་ལ་མི་བརྟེན་ཡོན་ཏན་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡང་དག་ངེས ་དོན་གྱི་སངས་རྒྱས་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་བདུན་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་བཞི་བཅུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། ཀུན་རིག ་རང་བྱུང་སྟོན་པ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རིག་འཛིན་སེམས་དཔའི་དོན་ཆེད་དུ།། སངས་རྒྱས་རྟོགས་པ་བཤད་དུ་གསོལ།། རྒྱལ་སྲས་སྤྲུལ་པའི་དོན་ཆེད་དུ།། རིག་འཛིན་རྟོགས་པ་བཤད་དུ ་གསོལ།། དད་ལྡན་འཁོར་གྱི་དོན་ཆེད་དུ།། རྒྱལ་སྲས་རྟོགས་པ་བཤད་དུ་གསོལ།། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ།། མཁའ་འགྲོ་སྡེ་ལྔ་འཁོར་བཅས་པས།། རང་རང་རྟོགས་པ་བཤད་དུ་གསོལ།། དེ་སྐད་ཞུས ་པས་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ད་ཡང་འདུས་པའི་འཁོར་བཞི་ཀུན།། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ།། རང་སེམས་ཆོས་སྐུར་རྟོགས་པའི་དོན།། རང་རང་ཐུགས་ལ་མངའ་བ་ཡི།། ་ཚིག་ཏུ་མཚོན་པ་འདིར་བརྗོད་ཅིག། དེ་སྐད་གསུངས་པས་དོན་གོ་ནས།། ཀུན་རིག་སྟོན་པའི་སྤྱན་སྔ་རུ།། འདུས་པའི་འཁོར་ནི་རྣམ་བཞི་ཡི།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། ཉིད་ལས་མི་གཞན་འཁོར ་རྣམས་ནི།། ཕྱོགས་བཅུ་དག་པའི་སངས་རྒྱས་ནི།། རྡོ་རྗེ་གསང་བ་རིན་ཆེན་སྙིང་།། དྲི་མེད་གྲགས་དང་ལས་རབ་གྲུབ།། རྒྱལ་བའི་དབང་པོ་བསོད་ནམས་སྙིང་།། ཞི་བ་བདེན་དང་ཉི་མའི་འོད།། ནམ་མཁའི་སྙིང་པོ ་འབུམ་གཟིགས་རྣམས།། རིག་འཛིན་སེམས་དཔའི་དོན་ཆེད་དུ།། རང་རང་རྟོགས་པའི་གདེང་ཉམས་ནི།། གོ་རིམ་བཞིན་དུ་རྟོགས་བརྗོད་པ།། དངོས་པོ་མེད་པའི་ཆོས་ཉིད་ལ།། རིག་པ་སྐྱེ་འགག་མེད་པའི ་གནས།། དེ་ཡི་ངང་ལས་མ་གཡོས་ན།། ལྷུན་གྲུབ་ཡེ་ཤེས་ཆོས་ཀྱི་སྐུ།། ཡང་ནི་གདེང་ཉམས་འདི་གསུངས་པ།། རྟོག་མེད་མ་བརྗོད་འགྱུར་བ་མེད།། ཡེ་ཤེས་ཆེན་པོ་རྒྱུན་མི་ཆད།། དེ་ནི་རང་བྱུང་ཆེན་པོ་སྟེ།། སྐྱོན ་གྱིས་མ་གོས་ལྷུན་གྱིས་གྲུབ།། ཡང་ནི་གདེང་ཉམས་འདི་གསུངས་པ།། རིག་པ་སྐྱེ་འགག་མེད་པ་ལ།། སྔ་ཕྱི་བྲལ་བས་བྱང་ཆུབ་སེམས།། འབྲལ་བ་མེད་པས་སྐྱེ་མི་ཚུགས།། མ་བཙལ་མ་གྲུབ་ཆོས་ཀྱི ་སྐུ།། ཡང་ནི་གདེང་ཉམས་འདི་གསུངས་པ།། ཕུང་པོ་མེད་ཕྱིར་སྐྱེ་ཤི་བྲལ།། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། མ་འགགས་དོན་ལ་བཙལ་དུ་མེད།། ངེས་དོན་དགོངས་པ་སངས་རྒྱས་ཐུགས།། ཡང་ནི་གདེང་ཉམས ་འདིར་གསུངས་པ།། གདོད་ནས་འགྱུར་མེད་ངོ་བོ་ལ།། སྐྱོན་མེད་དག་པས་བཅོས་མི་དགོས།། དེ་དོན་རང་བྱུང་རིག་པ་ལ།། ཡེ་ཤེས་སྐུ་ལ་གཡོས་པ་མེད།། ཡང་ནི་འདེང་ཉམས་འདིར་གསུངས་པ།། རྒྱུ་ལས་མ་བྱུང ་ཆོས་ཉིད་ལ།། སྐྱོན་མེད་དོན་ལ་མ་ཡེངས་པས།། ཆེད་དུ་མ་བྱས་རྩོལ་བ་གྲོལ།། དེ་ཉིད་རང་རིག་ཆོས་སྐུར་རྟོགས།། ཡང་ནི་དོན་རྟོགས་འདིར་གསུངས་པ།། ཆོས་སྐུ་ཐིག་ལེ་ཉག་གཅིག་ལ།། ཡེངས་མེད་རྒྱུན་དུ་མི ་འབྲལ་བས།། དེ་ཉིད་བསྒོམ་པས་མཆོག་ཏུ་བཤད།། རང་ལ་ཤར་བའི་ཡེ་ཤེས་སྐུ།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཡུལ་མེད་རིག་པའི་ཡེ་ཤེས་ལ།། བལྟས་པས་ཐིག་ལེ་དངོས་མེད་མཐོང་།། གཞན ་ནས་མི་འབྱུང་རང་ལ་རྙེད།། དེ་ལ་མ་ཡེངས་ངེས་དོན་མཆོག། ཡང་ནི་རྟོགས་དོན་འདིར་གསུངས་པ།། གང་ལ་མི་གནས་རང་བྱུང་བ།། མ་འགགས་རིག་པ་རང་ལ་ཤར།། འཕེལ་འགྲིབ་མེད་པ་ནམ་མཁའ་འདྲ།། དེ ་ཉིད་རྟོགས་པས་ཆོས་སྐུར་ཤེས།། ཡང་ནི་རྟོགས་དོན་འདིར་གསུངས་པ།། དྲན་མེད་རིག་པའི་དོན་གསལ་ནས།། དེ་ལ་ཡིད་ཆེས་དོན་ལ་གནས།། ཡེ་ཤེས་རང་ཤར་བཅོས་པ་མེད།། འགྱུར་མེད་རང་གསལ་ཆོས་ཀྱི ་སྐུ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉིས་བརྒྱ་དང་བརྒྱད་པའོ།། ། ་དེ་ནས་ཀུན་བཟང་སྤྱན་སྔར་ནི།། རིག་འཛིན་རྟོགས་པ་བརྗོད་པའི་ཕྱིར།། བློ་གྲོས་གཙོ་དང་རྣམ་དག་སྙིང་།། ནམ་མཁའི་ཡོན་ཏན་འོད་རླབས་ཅན།། ཤེས་རབ་བླ་མ་རྒྱལ་མཚན་འཛིན།། རྣམ་པར་གྲོལ་བའི ་ཏིང་འཛིན་དབང་།། ཆོས་དབང་དང་ནི་བསོད་ནམས་བརྩེགས།། བདུད་བཅོམ་དང་ནི་སེང་གེའི་སྒྲ།། རིན་ཆེན་མཐོང་དང་བརྩེ་བ་ཅན།། དབང་ཕྱུག་གཙོ་དང་ཡིད་དགེ་དང་།། མཐོང་ན་དགའ་དང་བདེན་མོས ་དང་།། གསུང་བརྩེགས་ལ་སོགས་འཁོར་རྣམས་ཀུན།། རྒྱལ་སྲས་སྤྲུལ་པའི་དོན་ཆེད་དུ།། གོ་རིམ་བཞིན་དུ་རྟོགས་པ་བརྗོད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རྩ་བ་ཆོས་སྐུའི་དོན་བཙལ་བ།། བསམ ་པས་མི་རྙེད་བཞག་པས་རྙེད།། དྲན་པ་རང་གསལ་བྱིང་རྒོད་བྲལ།། སྐྱེ་མེད་མི་འགྱུར་བྱ་བཙལ་བྲལ།། ཉམ་ང་མེད་པའི་བདེ་བའི་མཆོག། ཡང་ནི་གདེང་ཉམས་འདིར་གསུངས་པ།། གསལ་བ་མ་ཡེངས་ཆོས་ཀྱི་སྐུ།། ་མ་བསྒོམས་འབྲལ་མེད་ཏིང་ངེ་འཛིན།། དམིགས་སུ་མེད་པས་ནམ་མཁའ་འདྲ།། འདུ་འབྲལ་མེད་པར་རྒྱུན་དུ་གནས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། སེམས་ལ་གཉེན་པོ་མེད་པས་ན།། ་བསམ་པའི་ཡུལ་ལས་འདས་པའི་ཕྱིར།། གཞན་ནས་མ་འོངས་རྒྱུན་མི་འཆད།། དེ་ཉིད་རང་རིག་ཆོས་སྐུར་རྟོགས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་རིག་པ་རང་ཤར་ཕྱིར།། མ་རིག་མུན་པ་རྩད ་ནས་གཅོད།། དེ་ལ་མཉེན་པོས་བཅོས་སུ་མེད།། གདོད་ནས་རང་བྱུང་སངས་རྒྱས་ཐུགས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཆོས་ཉིད་ཡེ་ནས་མ་བཅོས་པ།། དེ་ཉིད་ནམ་མཁའི་རང་བཞིན་ལྟར།། སྐྱེ་མེད ་རང་གསལ་ཆོས་ཉིད་ལ།། རྒྱུན་དུ་འབྲལ་མེད་བྱང་ཆུབ་ཀློང་།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་དག་པ་པདྨ་འདྲ།། འཁོར་བའི་སྐྱོན་གྱིས་གོས་པ་མེད།། དེ་ཕྱིར་ཆོས་ཉིད་ངང་ལ་ནི།། འབྲལ་མེད ་བྱང་ཆུབ་སེམས་སུ་གསལ།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཟབ་མོའི་ཚིག་ལ་ཇི་ལྟར་ཀྱང་།། དཔེས་ཀྱང་མཚོན་མེད་བརྗོད་ལས་འདས།། དམིགས་པའི་ཡུལ་བྲལ་ཆོས་ཀྱི་སྐུ།། དེ་ལས་མི་འགྱུར་མཉམ ་པའི་མཆོག། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ཆོས་སྐུ་མཐའ་དབུས་མེད།། དེ་ལ་མ་ཡེངས་རྩོལ་བསྒྲུབ་འདས།། མཚོན་དུ་མེད་པས་རྐྱེན་མི་ཚུགས།། དེ་ཕྱིར་དུས་གསུམ་འབྲལ་བ་མེད།། ཡང་ནི ་གདེང་ཉམས་འདིར་གསུངས་པ།། སྙིང་པོ་ཆོས་སྐུའི་རིག་འཛིན་དེ།། ལྷུན་གྱིས་གྲུབ་ཕྱིར་ཡེ་ཤེས་ཀློང་།། དེ་ཡི་ངང་ལ་འཁོར་བ་མེད།། དེ་ཕྱིར་སངས་རྒྱས་དགོངས་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས ་པ།། འབྱུང་བཞི་ཞིག་པའི་ནམ་མཁའ་བཞིན།། ཆོས་ཉིད་སྙིང་པོ་རིག་པ་ནི།། ཡེ་ཤེས་རང་གསལ་འགྱུར་བ་མེད།། དེ་ཕྱིར་བསྒོམ་མེད་བྱང་ཆུབ་སྐུ།། ཡང་ནི་གདེང་ཉམས་འདིར་གསུངས་པ།། མཚན་མའི་ཡུལ་མེད ་བྱང་ཆུབ་ལམ།། དེ་ལས་མ་བཙལ་རང་བ་བཞག་ན།། ཡང་དག་དོན་གྱི་དགོངས་པ་སྟེ།། དེ་ཉིད་མི་འབྲལ་བསྒོམ་པས་མཆོག། ཡང་ནི་གདེང་ཉམས་འདིར་གསུངས་པ།། མངོན་གསུམ་མི་གནས་ཆོས་སྐུ་ལ།། ཐ་དད ་བྲལ་བའི་ཡེ་ཤེས་ཤར།། དེ་ལས་མཚོན་པའི་མིང་མ་རྙེད།། དེ་ལས་མ་གཡོས་བསྒོམ་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། བསྒོམ་པས་རྙེད་པར་མི་འགྱུར་ཏེ།། མ ་བསྒོམས་པས་ཀྱང་སྟོར་བྲལ་མེད།། དེ་ཕྱིར་ཆོས་ཉིད་འབྲལ་བ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ཆོས་ཉིད་ནམ་མཁའ་འདྲ།། དེ་ཕྱིར་ཏིང་འཛིན་སྤྲོས་མེད་གསལ།། དེ་ལ་གཉེན་པོས ་བཅོས་སུ་མེད།། དེ་ཕྱིར་འབྲལ་མེད་དགོངས་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཡུལ་གྱི་མཚན་མ་སྣ་ཚོགས་པ།། དེ་ཙམ་ཉིད་ན་རང་བཞིན་ཤེས།། དེ་ཕྱིར་སེམས་རྟོགས་ཆོས་སྐུར་གསལ།། དེ་ལ ་སྐྱོང་དུ་རྡུལ་ཙམ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། མ་བཙལ་པ་ཡི་ཆོས་ཉིད་ལ།། རྟོག་དཔྱོད་མེད་པ་བསྒོམ་པ་སྟེ།། ཉམས་ནི་ཤེས་རིག་གསལ་བ་ལ།། དེ་ལས་མ་ཡེངས་བསྒོམ་པ ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས་པ།། གང་ཡང་མ་སྤངས་སྐྱོན་མ་གོས།། འགྲོ་འོང་མེད་པར་རྒྱུན་དུ་གནས།། བྱིང་རྒོད་སྐྱོན་གྱི་དབང་མི་འགྲོ།། དེ་ལ་སྒྲིབ་མེད་སངས་རྒྱས་ཐུགས།། ཡང་ནི་གདེང་ཉམས ་འདིར་གསུངས་པ།། མ་བཙལ་རང་ལས་རྙེད་པའི་ཕྱིར།། ལྷག་མཐོང་ལྟ་བ་དྲན་པས་བཟུང་།། དེ་དང་མི་འབྲལ་སྒོམ་པའི་གདེང་།། ཡེ་ནས་ཡོད་པས་སྟོར་བྲལ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། སྐུ ་མེད་དམིགས་དང་བྲལ་བའི་ཕྱིར།། ཕྱག་རྒྱ་བསྒྱུར་མི་དགོས་པར་ངེས།། གསུང་མེད་རིག་པའི་དགོངས་པ་ཡིན།། ཡེ་ཤེས་ཐུགས་ལ་འགྱུར་བ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞན་ཡང་རིག་འཛིན་སེམས ་དཔའི་ཚོགས། བསམ་གྱིས་མི་ཁྱབ་གྲངས་ལས་འདས།། རང་རང་གདེང་ཉམས་མངོན་དུ་གསུངས།། དེ་དོན་ངེས་པའི་ཆོས་སྐུར་གཅིག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རིག་འཛིན་སེམས་དཔའི་འཁོར་གྱིས་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉིས་བརྒྱ་དང་དགུ་པའོ།། །། དེ་ནས་རྒྱལ་སྲས་སྤྲུལ་པའི་ཚོགས།། ཚངས་པ་བརྒྱ་བྱིན་རྒྱལ་ཆེན ་བཞི།། ཐགས་བཟང་རིས་དང་གང་བ་བཟང་།། མཁའ་ལྡིང་རྒྱལ་པོ་རྟ་མགོ་ཅན།། ཟུར་ཕུད་ལྔ་པ་ནོར་སྲུང་དང་།། མགྲིན་བཅུ་དང་ནི་ཀླུ་རྒྱལ་རྣམས།། ཀུན་རིག་སྟོན་པའི་སྤྱན་སྔར་ནི།། རང་རང་རྟོགས་པ་བརྗོད ་པའི་ཕྱིར།། ངེས་དོན་གདེང་ཉམས་འདིར་གསུངས་པ།། རྩོལ་སྒྲུབ་བྲལ་བ་བྱང་ཆུབ་ཐུགས།། རེ་དོགས་མེད་པས་གོལ་ས་མེད།། དེ་དོན་མ་བྲལ་ཆོས་ཉིད་ལ།། རྒྱུན་དུ་མི་འབྲལ་ཡེ་ནས་གནས།། ཡང་ནི་རྟོགས་དོན ་འདིར་གསུངས་པ།། སྣང་བ་ཆོས་དབྱིངས་རྟོགས་མེད་ལ།། སྒྲོ་སྐུར་བྲལ་བས་ཆོས་ཀྱི་དབྱིངས།། དེ་ཉིད་དུས་མཉམ་རང་གསལ་བ།། སངས་རྒྱས་ཀུན་གྱི་དགོངས་པར་གོ།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ་གོལ་ས་མེད་པའི་ལྟ་བ་ལ།། བྱིང་རྒོད་བྲལ་བའི་བསྒོམ་པ་གསལ།། ཕྲག་དོག་མེད་པའི་སྤྱོད་པ་བདེ།། དེ་ཉིད་ཡེ་ཤེས་ཆོས་ཉིད་ཀློང་།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ནོར་བུ་ཆུ་འདངས་དཔེ་བཞིན་དུ།། ་དྲན་པ་ཙམ་གྱིས་མ་རིག་སངས།། བཙལ་དུ་མེད་པས་ཡེ་སངས་རྒྱས།། དེ་ཉིད་དུས་ནས་གཟུགས་སྐུ་འབྱུང་།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ངེས་དོན་ལུང་ལ་ཡིད་ཆེས་པས།། ཐེ་ཚོམ་མེད་པར་རང་བྱུང ་གསལ།། རིག་པ་མ་འགགས་བདེ་ཆེན་ཀློང་།། དེ་ལས་མི་འགྱུར་དགོངས་པར་ཤེས།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཡུལ་གྱི་མཚན་ཉིད་ཅིར་སྣང་ཡང་།། ཡིད་ཀྱིས་དགག་བསྒྲུབ་མེད་པར་ནི།། ཆོས ་དབྱིངས་གདེང་ལྡན་ངེས་དོན་ལ།། སྤང་དང་སྡུད་པའི་ཞེན་མེད་བདེ།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ལུང་ལ་ཡིད་ཆེས་དགོངས་པ་བདེ།། ཟབ་ལ་རྒྱ་ཆེ་དགོངས་པ་གསལ།། དེ་དོན་རྟོགས ་གོམས་འབྲས་བུ་ལ།། སངས་རྒྱས་ངེས་པ་དེ་ལ་བྱ།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཚེ་རབ་སྔོན་ནས་མཐུ་བརྟས་པས།། སྔ་ཕྱི་ཞེན་པའི་རྟོག་པ་ལ།། མ་ཡེངས་ཆོས་ཉིད་རང་གསལ་བ།། དེ་ལ་བསྒོམ་དུ ་བརྡུལ་ཙམ་མེད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། རང་བྱུང་ངེས་དོན་རྒྱུན་མི་ཆད།། དེ་ལ་རྟག་ཏུ་ཡིད་བརྟས་ན།། བག་ཆགས་སྒྲིབ་པ་ཤུགས་ལ་དག། ཡེ་ཤེས་མཚོ་ཆེན་སངས་རྒྱས་ཡིན།། ཡང་ནི་རྟོགས ་དོན་འདིར་གསུངས་པ།། དུས་དང་རྣམ་པ་ཐམས་ཅད་དུ།། ཆོས་སྐུའི་དོན་ལས་མི་འདའ་ཕྱིར།། ཡང་དག་ཏིང་འཛིན་རྒྱུན་མི་འཆད།། དེ་ཕྱིར་ངེས་དོན་འགྱུར་བ་མེད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ་འཁོར་བས་མ་བསླད་ཏིང་འཛིན་ལ།། མ་བསྒོམས་ཆོས་ཉིད་ད་ལྟའི་ཐུགས།། བསྒོམ་དང་མི་བསྒོམ་ཅི་ཕྱིར་འཇུག། མཉམ་རྗེ་མེད་པར་རྒྱུན་དུ་གནས།། ཡང་ནི་རྟོགས་དོན་འདིར་གསུངས་པ།། རང་སེམས་མ ་བཅོས་རང་ལུགས་ལ།། མ་བཙལ་དང་བཞག་བསྒོམ་པ་སྟེ།། བརྗོད་དུ་མེད་པས་ཉམས་མྱོང་གསལ།། དེ་དོན་རང་བྱུང་རྟོགས་པ་ཡིན།། ཡང་ནི་དོན་རྟོགས་འདིར་གསུངས་པ།། ངེས་དོན་ཆོས་ཉིད་འགྱུར་མེད་ལ།། ་བློ་ཡིས་བརྟགས་པ་ཐམས་ཅད་མེད།། གང་ཡང་མ་སྤངས་རང་བྱུང་ལ། དེ་ལ་བསྒོམ་དུ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱལ་སྲས ་སྤྲུལ་པའི་འཁོར་གྱིས་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉིས་བརྒྱ་དང་བཅུ་པའོ།། ། དད་ཉན་འཁོར་ལ་ཕན་དོན་དུ།། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ཀྱིས།། ཀུན་རིག་སྟོན་པའི་སྤྱན་སྔར་ནི།། རང་རང ་རྟོགས་པ་བརྗོད་པའི་ཕྱིར།། ངེས་པའི་དོན་རྟོགས་འདིར་གསུངས་པ།། གཏི་མུག་མུན་པ་འཐིབ་པ་ལ།། ཐོག་མཐའ་ཆོད་པས་མ་རིག་སངས།། ཡུལ་འདི་མ་བཤིགས་ཆོས་ཀྱི་དབྱིངས།། དེ་ཉིད་རང་སེམས་རྟོགས་པ ་ཡིན།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཞེ་སྡང་ཁ་དོག་ཡུལ་ལ་སྐྱེ།། ཕྱི་ཡི་གོལ་ས་གཅོད་ཤེས་ན།། ཞེ་སྡང་རང་གྲོལ་རྒྱལ་བའི་ཐུགས།། དེ་དུས་ཉིད་ན་ཆོས་ཀྱི་སྐུ།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ་དོན་རྟོགས་བདེ་བའི་ཡེ་ཤེས་ཤར།། ང་རྒྱལ་ངོ་བོ་ཉིད་ཀྱི་སྐུ།། དེ་དོན་མི་འབྲལ་ཆོས་ཀྱི་སྐུ།། དེ་ལ་རྐྱེན་གྱིས་གནོད་མི་ཚུགས།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཕོ་མོ་ཆགས་པ་ཅི་སྤྲད་ཀྱང་།། གོལ་མེད་ཡེ ་ཤེས་རྒྱུན་མི་འཆད།། སྔ་ཕྱིར་མ་སོང་ཞེན་མེད་ཕྱིར།། བདེ་ཆེན་ལོངས་སྤྱོད་ཆེན་པོར་ཤར།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ལྷ་དམན་ཆོས་ལ་ཕྲག་དོག་ཀྱང་།། གོལ་ས་ཡིན་ཕྱིར་ངེས་མེད་དག། དེ་ཕྱིར ་བྱང་ཆུབ་བདེ་བའི་ཀློང་།། དེ་ལ་སྐྱོན་གྱིས་གོས་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་རིག་འཛིན་སྤྱན་ལམ་དུ།། འཇིག་རྟེན་མཁའ་འགྲོས་འདི་སྐད་གསོལ།། དམ་བཅས་དོན་ལས ་བདག་མི་འདའ།། བཀའ་བཞིན་བགྱི་བའི་དོན་ཆེད་དུ།། ངེས་དོན་འདུས་པའི་རྒྱུད་ཆེན་འདི།། མི་ནུབ་པ་རུ་བདག་གིས་བསྲུང་།། འདི་ལ་འགལ་བྱེད་སྡིག་ཅན་ཀུན།། མྱུར་དུ་བསྒྲལ་ལ་གཞལ་དུ་རྔུབས།། དེ་ཡང ་སྟོན་པའི་འཁོར་ཀུན་ཉོན།། བདག་ཅག་ཡིད་ཀྱིས་དམ་བཅས་པས།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། སྡིག་ཅན་བསད་ན་གྲོལ་བར་ངེས།། རྣམ་སྨིན་ལུས་ལ་ལོངས་སྤྱོད་ཀྱི།། སངས་རྒྱས་རིག་འཛིན ་རྣམས་ཀྱིས་ཀྱང་།། རང་སེམས་ཆོས་སྐུར་བྱིན་གྱིས་བརླབ།། དེ་སྐད་བརྗོད་པའི་དོན་གསན་ནས།། ཀུན་རིག་སྟོན་པའི་འཁོར་རྣམས་ལ།། རྩ་བ་ངེས་པའི་དོན་འདི་གསུངས།། ལེགས་སོ་དང་ལྡན་འཁོར་རྣམས ་ཉོན།། ཤེས་རབ་བློ་ཡིས་ཁྱད་པར་ལས།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད་ངོ་བོ་གཅིག། དེ་ཕྱིར་འཁོར་རྣམས་ཆོས་སྐུར་རྟོགས།། སངས་རྒྱས་འབྲས་བུ་དེ་ཉིད་ཡིན།། རྫོགས་པ་ཆེན་པོ་ངེས ་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མཁའ་འགྲོ་མས་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉིས་བརྒྱ་དང་བཅུ་གཅིག་པའོ།། སྡོམ་དུ་བསྡུས་ཏེ་བསྟན་པ་ཞེ་གཅིག་པའོ།། ། ་དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ལྟ་བའི་སྙིང་པོའི་དོན་གཏད་པ།། ཆོས་ཀྱི་རྒྱལ་པོ་ཀུན་རྫོགས་འདི།། སྐལ་ལྡན་འདུས་པའི་འཁོར་རྣམས་ཀྱིས།། ཡིད་ལ་བརྣགས་ཤིང་བཅང ་བར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་ཡི་བསྟན་པའི་སྙིང་པོ་འདི།། སངས་རྒྱས་ཀུན་གྱི་གསང་བའི་ཆོས།། རིག་འཛིན་རྣམས་ཀྱིས་ཐུགས་ལ་སྤོས།། ཆོས་སྐྱོང་རྣམས་ཀྱིས་གཏེར་དུ་བཙས།། དེ་དོན་མན ་ངག་ངེད་དོན་འདིའི།། ངེས་དོན་གསང་བའི་རྒྱུད་གཏད་པས།། རྒྱུད་འདི་ཐོས་པའི་ཡོན་ཏན་ནི།། དོན་ཐོས་སངས་རྒྱས་ལག་ཏུ་ཐོབ།། ཆོས་སྐུ་ཡེ་ཤེས་དུས་འདིར་རྟོགས།། ཆོས་རྣམས་རྩ་ནས་དུས་གཅིག་ཤེས།། ་རྒྱུད་འཛིན་པས་ནི་དངོས་གྲུབ་ཐོབ།། ཀུན་ཏུ་བཟང་པོ་ད་ལྟ་ཡིན།། གང་ཞིག་སངས་རྒྱས་དངོས་འདོད་པ།། རྒྱུད་ཆེན་འདི་ལ་བལྟ་བར་གྱིས།། སངས་རྒྱས་བསྟན་པ་ནུབ་ཀ་རུ།། ང་ཡི་ཆོས་འདི་དུས་དེ་རུ།། ་མན་ངག་སྙིང་པོ་འབྱུང་ངེས་ཀྱིས།། ཕྱི་རབས་རྣལ་འབྱོར་དོན་ལ་ཆོངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལན་གཅིག་དུས་ཀྱི་དེང་སང་ན།། འདྲ་མིན་བསླུ་ཆོས་དར་བའི་ཚེ།། འཕྱར་འཚགས་འཚོང་ལ་འདི ་བསྟན་ན།། འདི་སྡུག་ཕྱི་མ་དམྱལ་བར་ལྟུང་།། འདུས་པའི་སྙིང་པོ་ཡང་ཉོན་ཅིག། རང་བྱུང་ཆོས་སྐུའི་དོན་སྟོན་པའི།། གདམས་ངག་འདི་ནི་ལྷ་མི་ཀུན།། ཕྱི་ནང་སྡེ་སྣོད་བཀའ་རྒྱུད་རྣམས།། ཇི་ལྟར་མཁས་ཀྱང ་རྨོངས་པ་ཡིས།། ངེས་དོན་ཆོས་ལ་འཕྱ་སྐུར་འདེབས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལོག་སྲེད་ཞེན་ཆགས་མ་ངེས་ལ།། ནམ་ཡང་བསྟན་པར་མ་གསུངས་སོ།། ཉན་ཐོས་ལ་སོགས་ལྟ་དམན་ལ།། ་བསྟན་ཀྱང་གོ་བར་མི་འགྱུར་ཏེ།། མི་ཐེག་ཁལ་ཆེན་བཀལ་བ་བཞིན།། དོན་མ་གོ་བས་ངན་སོང་ལྟུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་བས་རང་སེམས་སྔོན་སྦྱངས་པས།། རྣལ་འབྱོར་གང་ཞིག་དད་ལྡན་ལ།། ་འཆི་ཀ་སྙིང་པོའི་དོན་མཚོན་ནས།། ངེས་དོན་རྒྱུད་འདི་གཏད་པར་གྱིས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་དག་ངེས་དོན་ཁྱད་པར་ཅན།། འབྲས་བུ་ངེས་པའི་དོན་ཆེན་འདི།། བླ་མར་མི་གུས་ང་རྒྱལ་ཅན།། ་ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། འབུལ་བ་མེད་པར་གདམས་ངག་འདོད།། བཀའ་རྐུན་བྱས་པས་ཕྱི་ཟག་ཐུང་།། དོན་མ་གོ་བས་ཆོས་ལ་སྡང་།། འགྲན་སེམས་བཙུག་པས་མཆེད་དང་མཁོན།། ལྟ་བ་མེད ་པས་གཟུང་འཛིན་ཆེ།། བདག་མེད་མ་ཤེས་རང་མཐོང་བྱེད།། ང་རང་མཁས་ཟེར་བླ་མ་སྨད།། སྔོན་ནས་ཡོད་ཟེར་ང་རྒྱལ་ཆེ།། གཞན་ནས་རྙེད་ཟེར་བཀའ་རྐུན་བྱེད།། གདམས་ངག་མེད་པར་ཡོད་ཚུལ་སྟོན།། ཕྱི ་ནས་འབུལ་ཟེར་ཐབས་ཀྱིས་འབྲིད།། ནོར་ཕོངས་གཞོག་ངོམས་ཁ་གསགས་ཅན།། གཡོ་སྒྱུ་ཟབས་ཀྱིས་ཆོས་འདོད་པར།། ངེས་དོན་འདུས་པའི་རྒྱུད་ཆེན་འདི།། ནམ་ཡང་བསྟན་པར་མ་གསུངས་སོ།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། འགལ་བྱེད་ཀུན་ལ་འདི་བསྟན་ན།། ཀུན་བཟང་ང་ཡིས་བཀའ་བཅག་པས།། མཁའ་འགྲོའི་དམོད་མོ་དུག་ལྟར་གཏོང་།། གཙང་རིས་མགོན་པོ་ཐོག་ལྟར་བརྡེག། གྱིང་ཆེན་སྙིང་ལ་ཕུག་ལྟར ་འདེབས།། རྒྱལ་ཆེན་བཞི་ནི་ཐོག་ལྟར་བརྡེག། དམ་ཅན་རྣམས་ནི་ཁྱི་ལྟར་ཟུག། མི་གཡེང་བ་བཙའ་བཅའ་གཞི་ཉམས་པ་ལ།། ནད་དང་མུ་གེ་རྟག་ཏུ་འོང་།། མི་དགེ་སྡུག་བསྔལ་སྣ་ཚོགས་འབྱུང་།། མ་ཉེས་མི ་རྣམས་ཀུན་ཀྱང་སྡང་།། མནོས་པ་མི་འགྲུབ་ཆོམ་རྐུན་འོངས།། འགོང་འདྲེ་ཆགས་ནས་བསོད་ནམས་བསྒྲུབ།། ཡི་མུག་འདུག་པའི་གནས་མི་རྙེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སློབ་དཔོན་བསླུས་པས་འཁོར ་མི་འདུ།། རང་ཆེ་འདོད་པས་མཆེད་དང་འཁོན།། བླ་མ་སྤངས་པས་ཆོས་མི་བཙུན།། བཀའ་རྐུན་བྱས་པས་གདམས་ངག་མེད།། ཚུལ་འཆོས་བྱས་པས་མི་རྣམས་འཕྱ།། འདོད་པ་ཆེ་བས་དད་པ་ལོག། རྩལ་བཤད ་བྱས་པས་གཞུང་མ་ཚུགས།། ངེས་དོན་བཅོས་པས་རང་རྒྱུད་བསྲེགས།། བླ་མ་སྨད་པས་མནར་མེད་ལྟུང་།། རང་གིས་རང་བསླུ་སྙིང་རེ་རྗེ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་འདུས་པའི་རྒྱུད་ཆེན་འདི།། ་མར་མེ་འཆི་ཀའི་འོད་བཞིན་དུ།། བསྟན་པ་འཇིག་ཀའི་དུས་དག་ཏུ།། ཀུན་བཟང་ཐུགས་རྗེའི་བྱིན་རླབས་ཀྱིས།། རྣལ་འབྱོར་སྐལ་ལྡན་རྣམས་ལ་འབྱུང་།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལན་གཅིག་དུས་ཀྱི་དེང ་སང་ན།། གསངས་སྔགས་དར་དྲགས་ནུབ་ག་རུ།། ཤཱཀ་ཐུབ་སྤྲུལ་པ་ཡིན་ངེས་ཤིག། བྱང་ཆུབ་མྱུ་གུ་སྐྱེས་ནས་ནི།། བསྟན་པ་ཙམ་གྱིས་སངས་རྒྱ་བ།། དུས་འདིར་སྐལ་ལྡན་རྣམས་ལ་འབྱུང་།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། སྔགས་དང་མཚན་ཉིད་རྩོད་དུས་སུ།། རྣམ་པར་སྣང་མཛད་སྤྲུལ་པ་ནི།། ཤྲཱི་སིདྡྷ་ཞེས་བྱ་བ།། རང་རིག་མཚན་ཉིད་སྟོན་པ་འབྱུང་།། དེ་ལ་ཉེ་འཁོར་དམ་པ་ནི།། མི་གཡོ་མགོན་གྱི་སྤྲུལ་པ ་ནི།། བི་མ་ལ་མི་ཏྲ་བྱ་བ།། སངས་རྒྱས་དགོངས་པ་འཛིན་པ་འབྱུང་།། དེ་ཡིས་མི་ལས་སྐལ་ལྡན་འགར།། དུས་དེར་སངས་རྒྱས་མངོན་འགྱུར་བྱེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཡང་ངེས་དོན་འབྲས་བུ་ནི།། ་གུ་ལང་གསེར་བཞིན་མི་ནུབ་ཙམ།། སྣོད་ལྡན་འགའ་ལ་བསྟན་པ་ལས།། སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་ཡིན།། ཀུན་ཀྱང་ངེས་པར་དེ་ལྟར་ཞོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་མ་རྟོགས་ལྟ་དམན་གྱིས།། ་ལམ་ལྔ་སྦྱངས་ཤིང་ཚོགས་བསགས་ཀྱང་།། ངེས་དོན་མ་ཤེས་འབྲས་བུ་མེད།། དེ་བས་རང་བྱུང་སྙིང་པོ་འདི།། ལུང་ལྡན་བསྟན་ལ་རྟོགས་པར་གྱིས།། དེ་རྟོགས་འབྲས་བུ་སངས་རྒྱས་འབྱུང་།། འགྲོ་བའི་མགོན་པོས ་འདི་སྐད་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསང་བའི་མན་ངག་རྒྱུད་ཆེན་འདི།། ལན་གཅིག་དུས་ཀྱི་དེང་སང་ན།། འདྲ་མིན་བསླུ་ཆོས་དར་བའི་ཚེ།། དམ་ཉམས་ཁ་བསགས་ཅན་གྱིས་བསླུས།། གསང ་བཤད་མ་ནོར་ཡོད་ཟེར་ནས།། ཞི་འབོལ་ཆགས་ཆུང་ཚུལ་འཆོས་ཏེ།། སྣོད་དང་ལྡན་ལ་བཤད་ཀྱི་ཟེར།། རང་ལ་ངེས་པའི་གདེང་མེད་པར།། མཁས་བཙུན་དག་ལ་ཁུངས་ཕྱུང་སྟེ།། ནོར་ཟས་དཔག་མེད་ངས་ཕུལ ་ཟེར།། རྫུན་གྱི་དཔེ་ཆུང་བྲིས་ནས་བཀྲམ།། འབྱོར་ཚད་ཕུལ་ཅིག་ཟེར་ནས་བསླུས།། མཁས་པ་རྣམས་ནི་བསྐུར་མི་ཚུགས།། བླུན་པོས་བླུན་བསླུས་སྙིང་རེ་རྗེ།། ཁ་ཙམ་རྫུན་ཚིག་སྨྲས་ནས་ཀྱང་།། བསྟན་རྒྱུ ་མེད་ཕྱིར་ཕྱིས་བསྟན་ཟེར།། རང་མེད་གདམས་ངག་གཞན་འཚོལ་འགྲོ།། མ་རྙེད་འཕྱར་ཀ་སྟོང་ཞིང་འཕྱ།། རྙེད་ན་བསྟན་གྱིས་ནོར་ཕུལ་ཟེར།། ཀུན་བསླུས་སུན་བཏོན་ཆོས་དང་བྲལ།། གཅིག་བསླུས་སེམས་ཅན ་བརྒྱ་བསད་པས།། སྡིག་པ་ཤིན་ཏུ་ཆེ་བ་ཡིན།། དེ་ཕྱིར་རང་འདོད་ཆོས་མི་བཤད།། དེ་ཡང་འདུས་པའི་སྙིང་པོ་ཉོན། ལན་གཅིག་དུས་ཀྱི་དེང་སང་ན།། སྣོད་ལྡན་ཀུན་ལ་ཆོས་འདི་གསུངས།། དེ་ཚེ་ཐེག་དམན་སྒྲོ ་སྐུར་འདེབས།། རང་གིས་རང་བསླུས་འཁོར་བར་ལྟུང་།། དེ་ཡང་འདུས་པའི་འཁོར་ཀུན་ཉོན།། འདི་ལ་སྨོན་ཅིང་འཛིན་པ་ལ།། སངས་རྒྱས་རྣམས་ཀྱི་བྱིན་གྱིས་རློབས།། རིག་འཛིན་རྣམས་ཀྱིས་ཐུགས་རྗེ་བསྐྱེད།། ་མཁའ་འགྲོ་རྣམས་ཀྱིས་བར་ཆད་བསྲུངས།། བསོད་ནམས་མི་བཟད་གཏེར་དང་འཇལ།། ཕྱི་མའི་འབྲས་བུ་དུས་འདིར་སྨིན།། ཀུན་ཏུ་བཟང་པོས་དེ་སྐད་བཤད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ།། ་ལྟ་སྒོམ་ཐམས་ཅད་ཀྱི་སྙིང་པོ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐ་མ་རྒྱུད་གཏད་ཅིང་བཟུང་བའི་ལེའུ་སྟེ་ཉིས་བརྒྱ་དང་བཅུ་གཉིས་སོ།། །། ཆོས་དང་ཐེག་པ་ཐམས་ཅད་ཀྱི ་ཡང་རྩེ། ལྟ་བ་ཐམས་ཅད་ཀྱི་མེ་ལོང་། སྒོམ་པ་ཐམས་ཅད་ཀྱི་འབྲལ་མེད། སྤྱོད་པ་ཐམས་ཅད་ཀྱི་ལ་ཟློ། དམ་ཚིག་ཐམས་ཅད་ཀྱི་བསྲུང་མཚམས། འབྲས་བུ་ཐམས་ཅད་ཀྱི་ཡང་སྙིང་། ཐེག་པ་ཐམས་ཅད་ཀྱི་ཟིལ ་གནོན། ཤེས་རབ་ཐམས་ཅད་ཀྱི་རྒྱང་ཤིང་། དམན་པ་རྣམས་ནི་སྐྲག་པར་བྱེད་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་སྤྱི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ ་གཉིགས་ཛྙཱ་ན་ཀུ་མཱ་ར་དྲན་པའི་ཡེ་ཤེས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ཉང་ཏིང་འཛིན་བཟང་པོས་ལྕགས་སྒྲོམ་ནག་པོའི་ནང་དུ་བྲམ་ཟེའི་རྒྱུད་དྲུག་གདམས་ངག་དང་བཅས་པ། བསེ་སྒྲོམ་སྨུག་པོར་བཅུག། དབུ ་རུ་རྡོ་རྗེའི་རྫ་གཟོང་ཕུག་མོའི་བྲག་ལ། མཁའ་འགྲོ་རྡོ་རྗེ་སྤྱན་གཅིག་མ་དང་། བཛྲ་སཱདྡྷ་ལེགས་པ་རྩལ་ལ་གཏད། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་རིན་པོ་ཆེ་གསེར་གྱི་དྲིལ་ཤིང་ཅན་འདི་གཏད་ནས་སྦས ་པ་འབྲོམ་ཡེ་ཤེས་སྙིང་པོ་བཏོན།། ། @#།། རྒྱ་གར་སྐད་དུ། སན་དྷི་མ་ཧཱ་ཨརྠ་ས་མུ་དཱ་ཡ་བིང་བཱཀ་སྭ་ཡམྦྷ་སུ་ཁ་ཙཀྲ་ཏནྟ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་རང ་