| Wylie | e-texts produced with BDRC’s OCR application |
སྐུ་ལ་གཏད་དོ།། ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཅེས་བྱ་བ་ལེའུ་ཉེར་གཅིག་པ་རྫོགས་སོ།། །། དགེ་ལེགས་སོ།། །། རྒྱ་གར་སྐད་དུ། བཛྲ་སཏྭ་ཤ་ཏཱ་ཀྵ་རཱ་ཀ་ཨ་བྷི་ཥེ་ཀོཏྟ་མ་ཧཱ་ར་ཛ་ཏན་ཏྲ་ནཱ་མ། ་བོད་སྐད་དུ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཚང་ཆེན་པོ་ལ་ཕྱག་ཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན ་གཤེགས་པ་ཐམས་ཅད་འོག་མིན་རྡོ་རྗེའི་གནས་ཀྱི་དང་པོ་ན་བཞུགས་ཏེ། ཆོས་ཉིད་འབྱེད་པ་མེད་པའི་ངང་ལས། ཐུགས་རྗེ་བྱམས་པ་ཆེན་པོས་འགྲོ་བ་རྣམས་ལ་གཟིགས་པ་དང་། བྱང་ཆུབ་ཀྱི་མྱུ་གུ་སྐམས་པའི ་སེམས་ཅན་དག་མཐོང་སྟེ། དེའི་ཚེ་དེའི་དུས་ན། ཕྱོགས་བཅུ་ཀུན་ནས་རྒྱལ་བ་ཐམས་ཅད་འདུས་ནས་བཀའ་འགྲོས་ཏེ་ཐུགས་རྗེའི་དོན་བགྲོ་བ། ཀྱེ་མ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། འཇིག་རྟེན་འདོད་ཁམས ་དམ་ཚིག་སྐྱོན།། ཉེས་བྱས་རྣམ་སྨིན་རྒྱུ་ལས་བཟློག། དེ་ཡི་གཉེན་པོ་ཁྱོད་ཉིད་ཡིན།། ཞེས་བགྲོའོ།། རྡོ་རྗེ་འཆང་བ་རྡོ་རྗེ་འཛིན།། དེ་ཉིད་སྤྲུལ་པས་འདི་སྐད་གསུངས།། དུས་ལ་བབ་བམ་དེ་བཞིན་དུ།། ཉེས་བྱས ་རྣམ་སྨིན་ལ་སྤྱོད་པའི།། ངན་སོང་ན་རཀ་གནས་ནས་འདྲེན།། ཞེས་པ་ཞལ་གྱིས་བཞེས་པ་དང་།། དེ་ནས་སྟོན་པ་ཀུན་བཟང་དང་།། ཀུན་རིག་རྣམ་པར་སྣང་མཛད་སོགས།། མི་གཡོ་མཉམ་པའི་ངང་ལ ་བཞུགས།། ཕྱོགས་བཅུའི་ཞིང་ཁམས་དེ་བཞིན་ནོ།། དེ་ནས་སྟོན་པ་རྡོ་རྗེ་སེམས།། གནས་ཀྱི་དང་པོ་འོག་མིན་དུ།། ལག་ན་རྡོ་རྗེ་རྒྱལ་སྲས་འཁོད།། འཁོར་བ་ཟུགས་རྗེས་བཟུང་བའི་དུས།། འཁོར་བ་དོང་སྡུག ་འགྱོད་ཚངས་གསུངས།། རྒྱུད་མཆོག་རྡོ་རྗེ་རྒྱལ་པོ་དང་།། དབང་མཆོག་རྒྱལ་པོའི་རྒྱུད་འདི་བསྟན།། སློབ་དཔོན་སློབ་མས་ཉེས་བྱས་པའི།། གཅེར་བུ་ལུས་སྲུལ་ན་ར་ཀ། པྲེ་ཏ་ཀ་དང་ཏིརྱ་ཀ།། རིམ་པ་བཞིན་དུ ་དོན་བྱེད་དེ།། ནརྀ་དང་དེ་ཝ་ཨ་སུ་ར།། དྲུག་གི་གནས་ནས་འདོད་བྱེད་པའི།། དབང་མཆོག་རྒྱལ་པོའི་བསྟན་པ་འབྱུང་།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི ་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་དང་།། སྤྲུལ་པ་ལག་ན་རྡོ་རྗེ་ཡིས།། འཇིག་རྟེན་རྒྱལ་བ་རབ་འབྱམས་དང་།། རྒྱལ་སྲས་སྤྲུལ་པ་འདུས་རྣམས ་ལ།། དམ་ཚིག་རྩ་བ་ཉམས་པ་ཡི།། སློབ་མས་སློབ་དཔོན་ཉེས་བྱས་ཏེ།། འདུལ་ཏེ་དྲང་བའི་དུས་བབས་སམ།། གདུལ་བྱར་ཐུགས་རྗེས་གཟིགས་པ་དང་།། ཉེས་སྐྱོན་སྔོན་བྱུང་ཅི་ཡི་རྒྱུ།། ཅེས་པ་མཁྱེན་བཞིན་སྨྲས ་པ་དང་།། ཀུན་བཟང་རྡོ་རྗེ་རྣམ་སྣང་གིས།། སྤྲུལ་པ་ཉིད་ལ་བཀའ་སྩལ་པ།། རྒྱལ་སྲས་འཁོར་འདུས་སྔོན་བྱུང་ནི།། ཇིག་རྟེན་ཞིང་ཁམས་མི་མཇེད་འདིར།། བྲམ་ཟེ་དུང་གི་ཕྲེང་བ་ཅན།། རྒྱལ་བ་རྣམས་ལ་བསྙེན ་བཀུར་བས།། རིག་པའི་གནས་ལྔ་ལ་མཁས་པ།། བྱང་ཆུབ་སེམས་དཔའི་རིགས་ཅན་གཅིག། བས་མཐའི་དུར་ཁྲོད་གནས་ན་བསྒྲུབ།། མཁས་པ་ཀུན་གྱི་སེང་གེར་གྱུར།། དེ་ལྟ་བུ་ཡི་སློབ་དཔོན་ལ།། ཡུལ་ཁམས ་སྐྱོང་བའི་རྒྱལ་པོའི་བུས།། བློ་སྦྱོང་རིག་པ་རྫོགས་བྱས་ནས།། རྒྱལ་པོའི་གོང་ན་བྲམ་ཟེ་གནས།། རྒྱལ་བུ་ཕྲག་དོག་ངན་སེམས་སྐྱེས།། བླ་མ་བྲམ་ཟེ་སྒྲུབ་པ་ལ།། མཁའ་འགྲོའི་ཚོགས་ཀྱིས་བརྡའ་བརྟན་པ།། རྣལ ་འབྱོར་གསེར་སྣོད་ངན་དུག་གཡོ།། དུག་ཅན་སྣོད་ལ་བྲོས་པར་འོས།། མ་བྲོས་ཉེས་སྐྱོན་ལུས་སེམས་འབྲལ།། ཅེས་པ་དམ་ཚིག་བརྡའ་བསྟན་ཡང་།། རྣལ་འབྱོར་པས་ནི་བསམ་གཏན་མཛད།། དེ་ནས་རྒྱལ་བུས ་བྲམ་ཟེ་བོས།། མྱོས་ཆང་བླུད་ནས་རྔན་བྱས་པ།། དབང་པོའི་དངས་མ་གསལ་བྱེད་མིག། ལྕགས་ཀྱི་ཟུར་མ་ཕྲ་མོས་གཙགས།། ཚིག་སྒོ་གསལ་བྱེད་སྨྲ་བའི་ལྕེ།། ལྕགས་ཀྱུས་དྲངས་ཏེ་སྤུ་གྲིས་བཅད།། ལུས་ལ་རུས ་སྦལ་ཁྲག་གིས་བྱུགས།། མི་གཙང་དམེ་བའི་བུད་མེད་ཀྱིས།། ལུས་ལ་བརྫི་བཅག་ཉེ་བར་བྱས།། རྐང་པའི་སྐྱིད་པ་མཚོན་གྱིས་བཅད།། ལག་པའི་སྲན་ཚོ་དེ་བཞིན་བྲེགས།། དེ་ལྟར་རྔན་བྱས་བཞག་པ་ན།། བྲམ་ཟེ ་དྲན་པ་སད་པ་ལས།། མིག་དབྱེར་མིག་མེད་ལྕེ་ཡང་མེད།། འགྲོ་བའི་རྐང་མེད་ལུས་སྟོབས་བྲལ།། བུད་མེད་ཀྱིས་བརྫིས་འགུལ་སྟོབས་མེད། རུས་སྦལ་ཁྲག་བྱུགས་ཆུ་བུར་དང་།། རྐང་པ་ལ་སོགས་ནད་རྣམས ་བྱུང་།། དྲན་པ་རང་ཡང་རབ་རིབ་འདུག། རྟབས་ཏེ་བྲམ་ཟེས་བསམས་པ་ལ།། འདི་ལྟར་བདག་ལ་འདི་བྱུང་བ།། སྔོན་མའི་ལས་ཀྱི་རྣམ་སྨིན་ནམ།། འོན་ཏེ་གཞན་གྱིས་ཕྲག་དོག་བྱས།། མཉམ་པར་བཞག་སྟེ ་བལྟས་པ་ལས།། རང་ལ་རྒྱལ་བུས་རྔན་བྱས་མཐོང་།། དེ་ནས་བྲམ་ཟེ་དམོད་པ་བོར།། ཀྱེ་མ་ཀྱེ་ཧུད་རྒྱལ་བུ་ཁྱོད།། ལོ་དང་ཟླ་བར་བསླབས་སྦྱངས་ནས།། རིག་པའི་གནས་ལ་མཁས་བྱས་པས།། ལན་དུ་འདི་ལྟར ་རྔན་བྱེད་པ།། ཁྱོད་ཀ་སྐྱེ་བ་གཅིག་གིས་སུ།། སེམས་ཅན་སྲུལ་པོ་གཅིག་ཏུ་སྐྱེས།། ཚེ་ཐུང་ནད་ཀྱིས་ལུས་གཟིར་བ།། དམུས་ལོང་ལྐུགས་པ་མཛེ་ལྐོག་དང་།། ཤ་བཀྲ་བས་ལྡག་ཆུ་བུར་དང་།། རྐང ་ལག་ཞ་གྲུམ་དབུལ་པོ་དང་།། ལུས་ལ་ཤ་ཟས་ཚང་འཆའ་ཤོག། ཚེ་འཕོས་ནས་ཀྱང་ན་ར་ཀ་གནས།། ཁ་འཁོར་སྡུག་བསྔལ་ཐར་མེད་ཤོག། དེ་ལས་ཐར་ཡང་པྲེ་ཏ་ཀ། ཏིརྱ་ཀ་ཡི་ཁ་འཁོར་ཤོག། དུས་དང ་རབས་ཐམས་ཅད་དུ།། འཕགས་པའི་ཞལ་ནི་མི་མཐོང་ཞིང་།། བྱང་ཆུབ་མྱུ་གུ་སྔོ་བསྐམ་ཤོག། ཅེས་པ་ངན་སེམས་དམོད་པ་བོར།། ཉེས་བྱས་དམ་ཉམས་རྒྱལ་བུ་དེ།། དེ་ནས་མྱུར་དུ་ལུས་དག་ལ།། ནད་རྣམས ་ཀུན་ཕོག་ཚེ་དུས་བྱས།། རང་གི་ཉེས་བྱས་རྣམ་སྨིན་དང་།། བྲམ་ཟེའི་དམོད་པ་སྨོན་ལམ་གྱིས།། སེམས་ཅན་ལུས་སྲུལ་གཅེར་བུར་སྐྱེས།། ལུས་ལ་ནད་སྣ་སྣ་ཚོགས་བྱུང་།། ཤ་ཟ་སྟོང་གི་ཚང་ཡང་བཅས།། བྱང་ཆུབ ་མྱུ་གུ་སྔོ་བསྐམས་ནས།། ན་ར་ཀ་གནས་ན་སྡུག་བསྔལ་སྤྱོད།། ཚ་གྲང་གཤེགས་གཏུབས་ལ་སོགས་མྱོང་།། དེ་བཞིན་པྲེ་ཏ་ཏིརྱ་འཁོར།། རྣམ་སྨིན་སྡུག་བསྔལ་དེ་སྤྱོད་པས།། རྡོ་རྗེ་སེམས་དཔའ་རྡོ་རྗེ ་འཛིན།། ཐུགས་རྗེ་ཆེན་པོས་དེ་ལས་དྲོངས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། སྔོན་བྱུང་རྒྱུ་རྐྱེན་གཏམ་རྒྱུད་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་དང་།། ལག་ན་རྡོ་རྗེ་སྟོབས་ཆེན་གྱིས།། སྐད་མཐུན་ཚིག་སྒོ་གཅིག་པ་ཡིས།། རྒྱལ་བའི་ཚོགས་ལ་འདི་སྐད་པ་བརྗོད།། དེ་ལྟར་འདུལ་བའི་དུས་ཡིན་ན།། ཐབས་མཆོག་གང་གིས་དྲང་བར་བྱ།། སླར ་གསོལ་བ་དེ་བསྟན་དུ་གསོལ།། ཅེས་པ་རྒྱལ་བ་ལ་ཞུས་པས།། ཀུན་བཟང་རྡོ་རྗེ་རྣམ་སྣང་གིས།། སྤྲུལ་པ་ཉིད་ལ་བཀའ་སྩལ་པ།། ལེགས་སོ་སེམས་དཔའ་རྡོ་རྗེ་འཛིན།། མཁྱེན་པར་གྱུར་ཀྱང་ཞུས་པ ་ལེགས།། རིག་པ་འཛིན་པ་རིགས་ཀྱི་བུ།། གསང་སྔགས་དམ་ཚིག་ཉམས་པ་ལ།། ན་ར་ཀ་དོང་ནས་སྤྲུགས་པ་ཡིས།། འགྱོད་ཚངས་བཤགས་པའི་རྒྱལ་པོ་སྒྲོགས།། ཆོས་ཉིད་དོན་གྱི་སྒྲོན་མ་ཐེག། ལུས་ངག་ཡིད ་གསུམ་བརྩོན་འགྲུས་ཕྱུང་།། སྐུ་གསུང་ཐུགས་ཀྱི་ཚངས་པ་ཐོབ།། ངན་སོང་དོང་སྦུགས་སྐུ་གསུམ་མཐོང་།། ཕྱི་ནང་གསང་བའི་དབང་བསྐུར་གྱིས།། རྒྱུད་དྲུག་གནས་ནས་ངེས་པར་དྲོངས།། ཡེ་ཤེས་ལྔ་ལྡན་ཆོས ་སྐུ་ཐོབ།། ཡུལ་མེད་མིང་གི་སྒྲོ་འདོགས་ཆོད།། གསང་སྔགས་བླ་མེད་རྡོ་རྗེ་ལ།། ཐབས་མཆོག་བླ་ན་མེད་པ་བཞུགས།། ཉན་ཐོས་རང་རྒྱལ་ལྟ་བུ་མིན།། དཔེར་ན་ཉན་ཐོས་འདུལ་ཁྲིམས་ནི།། རྫ་སོ་མ་བཏང་ཆག་པ ་འདྲ།། ཆག་པར་གྱུར་ན་གསོ་ཐབས་མེད།། གསང་སྔགས་རྡོ་རྗེ་ཐེག་པ་ནི།། རིན་ཆེན་གསེར་འདྲ་རྒྱུ་མཆོག་བཟང་།། གསེར་དངུལ་སྣོད་འདྲ་ཞོམས་ཀྱང་བཅོས།། སྔ་མ་བཞིན་དུ་ལེགས་པར་སོས།། དེ་བཞིན ་གསང་སྔགས་དམ་ཚིག་ནི།། ཉམས་ཆག་བྱུང་ཡང་གསོ་ཐབས་ཡོད།། སྦྱང་ཐབས་མང་ལ་ཐབས་སྒོ་མང་།། སྤྱི་ཁྲུས་ངན་སོང་དོང་སྦུགས་མཛོད།། དབང་མཆོག་རྒྱུད་དྲུག་སྐྱེ་སྒོ་ཆོད།། ཡུལ་མེད་སྒོ ་འདོགས་གཉིས་མེད་ཆོད།། ཅེས་ལུང་བསྟན་ཏོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། ཉམས་པ་གསོ་ཐབས་ལུང་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རྡོ་རྗེ་སེམས ་དཔའ་དང་།། ལག་ན་རྡོ་རྗེ་འཛིན་པ་ཡིས།། སངས་རྒྱས་ཀུན་ལ་འདི་སྐད་གསོལ།། ཀྱེ་ཀྱེ་རྒྱལ་བ་རྒྱ་མཚོའི་ཚོགས།། གསང་སྔགས་བླ་མེད་རྡོ་རྗེ་ལ།། དམ་ཚིག་བསྡུས་རྒྱས་ཇི་ལྟར་ལགས།། སྲུང་སྡོམ་ཉམས་པ་ཇི ་ལྟར་བསྐང་།། ཞེས་པ་མཁྱེན་བཞིན་དུ་ཞུས་པས།། རྒྱལ་བ་འདུས་པས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན།། གསང་སྔགས་འབྲས་བུའི་ཐེག་པ་ལ།། དམ་ཚིག་རྩ་བ་རྣམ་པ་གསུམ།། སྐུ་དང་གསུང ་དང་ཐུགས་གསུམ་མོ།། ཡན་ལག་དམ་ཚིག་ཉི་ཤུ་ལྔ།། མི་སྤང་ལྔ་དང་བླང་བ་ལྔ།། སྤྲད་བྱ་ལྔ་དང་བསྒྲུབ་བྱ་ལྔ།། གཞན་ཡང་ཉིང་ལག་བསམ་ལས་འདས།། འབུམ་སྡེ་ལ་སོགས་དམ་ཚིག་ཀྱང་།། རྩ་བ་ཡན་ལག ་ཤེས་པར་བྱ།། བསྙེན་བསྒྲུབ་རྣམ་བཞིའི་སྒོར་ཞུགས་ནས།། དམ་ཚིག་དེ་དག་བསྲུང་བར་བྱ།། ལེགས་པར་བསྲུང་དང་བསྲུང་དུ་མེད།། ཡན་ལག་ཉི་ཤུ་རྩ་ལྔ་ཡང་།། རྩ་བའི་དམ་ཚིག་གསུམ་དུ་འདུས།། ལུས་ངག ་ཡིད་གསུམ་བག་ཡོད་བྱ།། ཆག་ཉམས་ཐམས་ཅད་གསུམ་ལས་འབྱུང་།། སྐུ་གསུང་ཐུགས་ནི་ལུས་ངག་ཡིད།། བྱིན་བརླབ་བཤགས་སྦྱང་སྤང་སྒྲུབ་དང་།། རང་འཁྲུངས་རྡོ་རྗེ་གསེར་ཉིད་དོ།། ཡིད་ཀྱི་སྒོ་ནས་ཆག ་ཉམས་ན།། ཐུགས་ཀྱི་ལྟ་བས་བཤགས་པར་བྱ།། ལྟ་བ་ལོག་པ་ཉམས་པ་ཆེ།། ཡིན་པ་མེད་པ་ལྟ་བའི་མཆོག། ཡིད་ཀྱི་བཤགས་ཐབས་ཆེན་པོ་ཡིན།། ལུས་ཀྱི་སྒོ་ནས་ཆག་ཉམས་ན།། ཕྱག་རྒྱ་སྐུ་ཡི་བསྒོམ་པས ་བཤགས།། ཕྱོགས་སུ་འཛིན་པ་ཉམས་པ་ཆེ།། ཡེངས་པ་མེད་པ་བསྒོམ་པའི་མཆོག། དགེ་ལས་ལུས་ཀྱི་བཤགས་ཐབས་ཡིན།། ངག་གི་སྒོ་ནས་ཆག་ཉམས་ན།། སྔགས་དང་བཟླས་བརྗོད་སྤྱད་པས་བཤགས།། ཚུལ ་ཆོས་སྤང་བླང་ཉམས་པ་ཆེ།། ཡིན་མིན་མེད་པ་སྤྱོད་པའི་མཆོག། མཛད་སྤྱོད་ངག་གི་བཤགས་ཐབས་ཡིན།། དེ་ལྟར་དམ་ཚིག་གསུམ་བཤགས་ན།། ཉི་ཤུ་རྩ་ལྔ་བཤག་པ་རྣམས།། ཐམས་ཅད་མ་བྱུང་མ་སྐྱེས ་ཏེ།། ཡན་ལག་དམ་ཚིག་བཤགས་སུ་མེད།། ཅི་ཕྱིར་བསྲུང་བྱ་སྲུང་བྱེད་མེད།། སྐྱེ་མེད་དམ་ཚིག་ཤེས་པར་གྱིས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། དམ་ཚིག ་མཚོན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་དང་།། ལག་ན་རྡོ་རྗེ་སེམས་ཅན་ལུས་སྲུལ་པོའི་དེ་ཉིད་ཀྱི་མདུན་དུ་བྱོན་ཏེ། མནར་མེད་ཉམ་ཐག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ན་ར་ཀ་བུདྡྷ ་ཙཀྵཱ་ཨ་བེ་ཤ་ཡ་ཨ། ཞེས་བསྒྲགས་པས། དེ་ནས་ལས་ངན་སེམས་ཅན་དེས།། སྔོན་གྱི་ལས་ངན་དྲན་གྱུར་ཏེ།། སྡུག་བསྔལ་གནོང་ནས་འགྱོད་པ་སྐྱེས།། རྡོ་རྗེ་ཉིད་ལ་ངོ་སྨད་དེ།། ཀྱེ་མ་ཀྱེ་ཧུད་ཀྱེ་ཧུད ་ནོངས།། ཐུགས་རྗེས་འགྲོ་བ་བདག་ལ་སྐྱོབས།། ཐབས་མཆོག་རྒྱལ་པོས་བསྒྲལ་དུ་གསོལ།། སླད་ནས་མི་འཆབ་མི་བགྱིད་དོ།། ཞེས་གདུང་བ་ཕྱུང་བ་ལས། དེ་ནས་རྡོ་རྗེ་སེམས་དཔས། སེམས་ཅན་ལས་ངན་དེ་ཡི ་རྣ་ལམ་དུ་འགྱོད་ཚངས་ཀྱི་རྒྱལ་པོ་ན་རག་དོང་སྤུག་འདི་བཀའ་སྩལ་ཏོ།། ཉོན་ཅིག་ལས་ངན་སེམས་ཅན་ཁྱོད།། འགྱོད་སེམས་ཕྱུང་ལ་ཡིད་གཏོད་ཅིག། ངག་སྒོ་གསལ་བརྗོད་བརྐྱང་ཕྱག་འཚོལ།། ཞེས་གསུངས ་ནས་བཀའ་སྩལ་པ།། ཧོ་དུས་གསུམ་འཇིག་རྟེན་རབ་འབྱམས་མ་ལུས་ཀྱི།། རྒྱལ་བ་རྒྱ་མཚོ་རྣམས་ལ་ཕྱག་འཚལ་ལོ།། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་།། བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག། ཀུན ་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ།། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་།། གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ།། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི།། རིགས་ལྔ་བདེ ་བར་གཤེགས་ལ་ཕྱག་འཚལ་ལོ།། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ།། དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ།། རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ།། རྣམ་ཤེས་དབང་པོ་དག་པས ་སྐུ་གསུང་ཐུགས།། བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ།། སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ།། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན།། མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ ་མཆོད།། དབང་ཕྱུག་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ།། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཀྱིས།། རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ།། མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ།། དྲག་ཤུལ་ཐབས་ཀྱིས ་འགྲོ་བ་འདུལ་མཛད་པ།། ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུངས།། ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ།། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ།། རྡོ་རྗེ ་སྒོ་མ་བཞི་ལ་ཕྱག་འཚལ་ལོ།། སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་འདུལ་བའི་གཙོ།། ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱང་།། བཅོམ་ལྡན་ཐུབ་པ་རྣམས་ལ་ཕྱག་འཚལ་ལོ།། གསལ་མཚེར་ལྷུན་སྡུག ་གཟི་བརྗིད་ཕྱོགས་བཅུར་འཕྲོ།། མཉེན་ལྕགས་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་ཚོགས།། རྒྱལ་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ།། རང་བཞིན་སྒྱུ་འཕྲུལ་ཞི་བའི་ལྷ་རྣམས་ལ།། གང་ཞིག་ལུས་ངག་གུས་པས ་ཕྱག་འཚལ་ན།། ཉམས་ཆག་ཀུན་ཀྱང་མ་ལུས་བྱང་བར་འགྱུར།། དེ་བས་དེ་ལ་གུས་པར་ཕྱག་འཚོལ་ཞིག། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས་ལེའུ་སྟེ་ལྔ་པའོ།། །། དེ་ནས་རྡོ་རྗེ་སེམས ་དཔས་བཀའ་སྩལ་པ།། བརྩོན་འགྲུས་ཕྱུང་ཞིག་ལས་ངན་སེམས་ཅན་ཁྱོད།། འདི་ལྟར་རྒྱལ་བ་དབང་དུ་གསོལ་ལ་ཕྱག། ལུས་གུས་ཚིག་གསལ་མོས་གུས་ལྡན་པས་འཚོལ།། ཧོ། རང་བཞིན་སྐུ ་འཕྲུལ་ཆེན་པོའི་དཀྱིལ་འཁོར་ནི།། ཞི་བ་ཆོས་ཉིད་དང་ལས་མ་གཡོས་ཀྱང་།། ཕྲིན་ལས་མཐར་ཕྱིན་ཐབས་མཆོག་ཁྲོ་བོར་སྟོན།། འབར་བ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ།། ཧོ། རང་རིག་ཡེ་ཤེས་ཐབས་ཀྱི་རྒྱལ ་པོ་མཆོག། སངས་རྒྱས་ཀུན་གྱི་སྤྱི་དཔལ་ཁྲོ་བོའི་རྗེ།། ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། རང་བཞིན་རྣམ་དག་ཆོས་ཉིད་དབྱིངས་གནས་པ།། ཡུམ་ཆེན་དཔལ་འབར་རྔམས་པའི་ཆ་ལུགས་ཅན།། ཁྲོ་མོ་གནམ ་ཞལ་མ་ལ་ཕྱག་འཚལ་ལོ།། འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བའི།། གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི།། དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད ་ཅིང་།། མཁའ་འགྲོའི་མི་བཟད་འབར་བའི་སྤྲིན་འཕྲོ་མ།། གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ།། ཕྱོགས་བཅུའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར།། གདུག་པའི་ཚོགས་འཇོམས་ཁྲོ་རྒྱལ་ཚོགས་སུ ་སྦྲུལ།། ཡེ་ཤེས་མཚོན་ཆས་དགྲ་བགེགས་ཀུན་སྒྲོལ་བ།། བདུད་འདུལ་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ།། ཕྱོགས་བཞིའི་སྒོ་གཅོད་ཡེ་ཤེས་བཞི་ཡི་དང་།། གདུག་པའི་ཚོགས་རྣམས་མ་ལུས་འདུལ་བྱེད་པ།། ཕྱག་རྒྱ་བཞི ་ཡིས་འགུགས་འཆིངས་སྡོམ་ཞིང་གཏོགས།། སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཁྲོ་བོ་ཆེ་མཆོག་གི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་ནི་སེམས་དཔས་བཀའ་སྩལ་པ།། ཧོ། ་ཁྲོ་གཏུམས་འཇིགས་བྱེད་དཔལ་ཆེན་ཧེ་རུ་ཀ། དྲེགས་པ་རུ་དྲ་འདུལ་བའི་ཐབས་མངའ་བ།། ཁྲག་འཐུང་རིགས་ལྔའི་ཚོགས་ལ་ཕྱ་ཚལ་ལོ།། ཁྲོ་མོ་དབང་ཕྱུག་ཀྲོ་དྷི་ཡུམ་ཆེན་ལྔ།། ཁྲོ་རྒྱལ་སྐུ་ལ་གཉིས་མེད་དགྱེས ་སྐོསློང་མ།། ཁྲག་འཐུང་ཡུམ་ཆེན་རྣམས་ལ་ཕྱག་འཚལ་ལོ།། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན།། ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ།། ནམ་མཁའི ་ལུས་ཅན་གར་ཡང་ཐོགས་མེད་ཅིང་།། འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ།། ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི།། ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར ་བསྲུངས།། སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཡང་དག་གི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་ཅིག་སེམས་དཔས་བཀའ་སྩལ་པ།། ཧོ། མི་གནས་མི་དམིགས་ཆོས ་སྐུར་དག་པ་ལས།། བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་བསྟན་པ།། ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ།། ཁྲོ་མཆོག་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་ལོ།། ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས ་ཀྱང་།། གདུག་པ་འདུལ་ཕྱིར་གཤིན་རྗེའི་སྐུ་ལ་སྦྱོར།། སྦྱོར་སྒྲོལ་ཁྲོ་མོའི་ཚོགས་ལ་ཕྱག་འཚལ་ལོ།། ཆོས་ཉིད་སྤྲོས་བྲལ་ཞི་བ་ཆེན་པོ་ལས།། གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ།། ཕྱོགས ་སྐྱོང་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་ལོ།། ཆོས་ཉིད་དབྱིངས་ནས་སྐུ་བསྐྱེད་ཡུམ་གྱི་ཚུལ།། གཤིན་རྗེའི་སྐུ་ལ་སོ་སོར་དགྱེས་པར་འཁྲིལ།། ཕྱོགས་སྐྱོང་ཡུམ་གྱི་ཚོགས་ལ་ཕྱག་འཚལ་ལོ།། ཐུགས་ཉིད་མི་རྟོག་ཡང་། ་དག་ཡེ་ཤེས་ཀྱིས།། འཁོར་བ་འཇིག་དང་མི་གཏོང་དབྱིངས་སུ་སྒྲོལ།། གཤིན་རྗེའི་སྒོ་མ་བཞི་ལ་ཕྱག་ཚལ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། འཇམ་དཔལ་གཤིན་རྗེའི་ལེའུ་སྟེ་བརྒྱད ་པའོ།། །། དེ་ནས་ཡང་ཅིག་སེམས་དཔས་བཀའ་སྩལ་པ།། ཧོ། དབང་ཆེན་ཀུན་འདུས་རྟ་འགྲིན་དབང་གི་ལྷ།། ཤེས་རབ་གཟི་ལྡན་ཨེ་ཀ་ཛ་ཊཱི་མ།། དབང་སྡུད་སྲས་དང་བཅས་ལ་ཕྱག་ཚལ་ལོ།། སྲིད་གསུམ ་ས་འཇིག་རྟེན་རབ་འབྱམས་འདིར།། འཇིག་རྟེན་འདས་དང་མ་འདས་དབང་བསྔ་ཕྱིར།། དྲག་པོའི་ཚུལ་གྱིས་མ་ལུས་གཟིར་ཞིང་གནོན།། ཟིལ་གནོན་ཁྲོ་བོ་བརྒུད་ལ་ཕྱག་འཚལ་ལོ།། ཤེས་རབ་སེམས་མ་ཡུམ ་གྱི་གཞལ་ཡས་འདིར།། རང་བྱུང་ཡེ་ཤེས་ཐུགས་ལས་སྐུ་སྤྲུལ་པ།། ཟིལ་གནོན་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་ལོ།། འཁོར་བའི་ལས་ཉོན་དྲག་ཅིང་རྩུབ་པ་ལ།། ཐབས་ལྡན་འཕྲུལ་གྱི་ཕྱག་མཚན་སྣ་ཚོགས ་ཀྱིས།། འགྲོ་དྲུག་གནས་ནས་འདྲེན་པའི་དོན་མཛད་པ།། ཡེ་ཤེས་སྒོ་མ་བཞི་ལ་ཕྱག་ཚལ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། པདྨ་དབང་གི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་ཅིག ་སེམས་དཔས་བཀའ་སྩལ་པ།། ཧོ། ཐབས་ལྡན་ཤེས་རབ་གཉིས་མེད་བྱང་ཆུབ་སེམས།། ཕྱོགས་བཅུའི་ཁྲོ་བོ་ཀུན་གྱི་འབྱུང་གནས་ཡུམ།། དཔལ་ཆེན་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ།། ཕྲིན་ལས་རྣམ་བཞིས ་དགྲ་བགེགས་འདུལ་མཛད་ཅིང་།། ཡེ་ཤེས་ཕུར་པས་ཐམས་ཅད་དབྱིངས་སུ་འདེབས།། སྲས་མཆོག་རིགས་བཞིའི་ཚོགས་ལ་ཕྱག་འཚལ་ལོ།། ཕྱོགས་བཅུའི་དྲེགས་པ་སྩོལ་བའི་གདན་སྟེང་ན།། ཧཱུཾ་དང་ཕཊ་ཀྱིས ་སྲིད་གསུམ་འཁོར་བ་འཇིག། ཕྱོགས་བཅུའི་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ།། བདེ་ཆེན་དབྱིངས་ལས་ཁྲོ་མོའི་ཚོགས་སུ་བསྟན།། ཁྲོ་བོའི་སྐུ་ལ་སོ་སོར་དགྱེས་པར་འཁྲིལ།། ཕ་རོལ་ཕྱིན་བཅུའི་ས་ལ་བསྐྱེད་རྫོགས ་སྦྱོར།། ཡེ་ཤེས་ཁྲོ་མོ་བཅུ་ལ་ཕྱ་འཚལ་ལོ།། འབར་བའི་ཕོ་ཉ་མཆེ་གཤོག་སྤྲུལ་པའི་ཚོགས།། ཅི་བགྱིའི་བཀའ་ཉན་ཡང་སྦྲུལ་ལས་བྱེད་པ།། འཇིག་རྟེན་ཁ་ལོ་བསྒྱུར་བའི་ཕོ་ཉ་མཆོག། ཟ་བྱེད་པ་བཅུའི་ཚོགས་ལ ་ཕྱག་འཚལ་ལོ།། དྲག་པོའི་ལས་མཛད་ཕྲ་མེན་མགོ་བརྙན་ཅན།། མི་བཟད་རྔམ་པ་ཟ་བྱེད་མགྱོགས་མའི་ཚོགས།། ཐུགས་ཀྱི་སྤྲུལ་པས་ཕྱག་རྒྱ་སྣ་ཚོགས་སྟོན།། གསོད་བྱེད་མ་བཅུའི་ཚོགས་ལ་ཕྱག་འཚལ ་ལོ།། སྙིང་རྗེ་མ་བྲལ་ལས་བྱེད་རྫུ་འཕྲུལ་ཅན།། ཐོགས་མེད་ཀུན་ཏུ་རྒྱུ་བའི་ཕོ་ཉར་བསྟན།། སྒོ་བཞིའི་ལས་མཛད་རྣམས་ལ་ཕྱག་འཚལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཕྲིན་ལས་ཕུར་པའི ་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་ཅིག་ཐབས་སྒོ་བཀའ་སྩལ་པ།། ཆོས་དབྱིངས་ཡུམ་གྱི་ངང་ལས་སྐུ་སྤྲུལ་པ།། ཕ་རོལ་ཕྱིན་དྲུག་ཡེ་ཤེས་དྲུག་གི་དང་།། ཐུགས་རྗེས་སེམས་ཅན་མ་ལུས་དོན་ལ ་དགོངས།། དབྱིངས་ཀྱིས་ཡུམ་དྲུག་ཚོགས་ལ་ཕྱག་འཚལ་ལོ།། དགོངས་སྤྱོད་རྒྱ་མཚོ་དཔག་གི་མི་ལོངས་ཀྱང་།། ཐུགས་རྗེས་སེམས་ཅན་མ་ལུས་དོན་ལ་དགོངས།། སྙིང་རྗེའི་དབང་གིས་ཇི་ལྟར་འདུལ་མཛད ་མ།། རྗེ་མོ་བཅུ་བཞིའི་ཚོགས་ལ་ཕྱག་འཚལ་ལོ།། འགྲོ་བའི་དོན་ཕྱིར་སྣ་ཚོགས་སྐུར་སྟོན་ཅིང་།། ཞིང་ཆེན་གསར་རྙིང་ཚོགས་ལ་ལོངས་སྤྱོད་པས།། གནོད་བྱེད་བགེགས་ཀྱི་ཚོགས་དཔུང་འཇོམས་མཛད་མ།། སྲིད ་པ་མ་མོའི་ཚོགས་ལ་ཕྱག་འཚལ་ལོ།། མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། ཀུན་ཀྱང་དུས་ལས་མི་འདའ་དམ་ཚིག་ཅན།། གདུག་པ་ཐམས་ཅད་མ་ལུས་འདུལ་མཛད་མ།། དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག ་འཚལ་ལོ།། གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར།། སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཏེ།། ཕྲིན་ལས་རྣམ་བཞིས་བཀའ་ཡི་བསྟན་པ་བསྲུང་།། བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། མ་མོའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་ཅིག་ཐབས་སྒོ་བཀའ་སྩལ་པ།། གང་ལ་གང་འདུལ་དེ་ལ་དེར་བསྟན་ནས།། སོ་སོའི་སྒྲུབ ་མཆོག་ཡི་དམ་རྟགས་འཆང་བ།། སྒྲུབ་པའི་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ།། ལྷུན་གྲུབ་ཕྱག་རྒྱ་རྣམ་སྨིན་ཚེ་ལ་དབང་།། སོ་སོའི་རིགས་སུ་རིག་འཛིན་ཕྱག་རྒྱ་བརྙེས།། རིགས་ཀྱི་རིག་འཛིན་རྣམས་ལ་ཕྱག ་འཚལ་ལོ།། རིག་འཛིན་ས་ལ་གཉིས་མེད་ལྷུན་གྱིས་གྲུབ།། རྡོ་རྗེ་འཛིན་པ་ཀུན་གྱི་ངོ་བོ་ཉིད།། རྡོ་རྗེ་ཆོས་མཆོག་ཡོན་ཏན་འབྱུང་བའི་གཙོ།། རྡོ་རྗེ་སློབ་དཔོན་རྣམས་ལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། དབང ་མཆོག་རྒྱུད་པོའི་ལས་རིག་འཛིན་རྣམས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡང་ཅིག་སྦྱངས་ཐབས་བཀའ་སྩལ་པ།། དམིགས་མེད་ཟབས་ཀྱིས་སྣ་ཚོགས་སྐུ་གཟུགས་སྟོན།། སྐུ་མདོག་ཕྱག་མཚན་ཅིར ་ཡང་སྤྲུལ་ཞིང་བསྒྱུར།། སངས་རྒྱས་བསྟན་པ་བསྲུང་བའི་ལས་མཛད་པ།། འཇིག་རྟེན་བསྟན་སྲུང་རྣམས་ལ་ཕྱག་འཚལ་ལོ།། རྒྱལ་བའི་བསྟན་པ་བསྲུང་བར་ཞལ་བཞེས་ནས།། ལེགས་ཉེས་ལྟངས་འཛིན་དམ་ཚིག ་རྗེས་གཅོད་ཅིང་།། བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་པ།། དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ།། འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ཅན།། ལས་ཀྱི་དབང་གིས་དྲེགས་པའི་སྟོབས ་བརྙེས་ཤིང་།། དམ་ཚིག་དབང་གིས་བཀའ་ཡི་བསྟན་པ་སྲུང་།། སྔགས་བདག་དམ་ཅན་ཚོགས་ལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས་བསྟན་སྲུང་གི་ལེའུ་སྟེ་བཅུ ་གསུམ་པའོ།། །། དེ་ནས་ཡང་ཅིག་སྦྱངས་ཐབས་བཀའ་སྩལ་པ།། ལས་ངན་སེམས་ཅན་ཉེས་བྱས་ཁྱོད།། ལུས་ངག་ཡིད་གསུམ་གུས་པས་བརྩོན་འགྲུས་ཕྱུང་།། དཀྱིལ་འཁོར་ལྷ་ཚོགས་དཔང་དུ་གསོལ་ལ ་མཐོལ།། དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ།། ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།། མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ།། མངོན་པར་བྱང་ཆུབ་སྐུ་ལ ་ཕྱག་འཚལ་ལོ།། ཐུགས་རྗེས་ཞི་མཛད་ལྷ་ལ་ཕྱག་འཚལ་ལོ།། ཐབས་མཆོག་དམར་ནག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ།། སྐྱོན་མེད་སྒྲ་སྒྲོག་པདྨའི་གསུང་ལ་ཕྱག་འཚལ་ལོ།། ཡང་དག་དོན་ལྡན་ཁྲག ་འཐུང་ཐུགས་ལ་ཕྱག་འཚལ་ལོ།། ཉེས་པའི་ནད་སེལ་བདུད་རྩི་སྨན་ལ་ཕྱག་འཚལ་ལོ།། ཕྲིན་ལས་དྲག་པོ་ཕུར་པའི་ཚོགས་ལ་ཕྱག་འཚལ་ལོ།། མཁའ་འགྲོ་རྣམ་བཞི་མ་མོའི་ཚོགས་ལ་ཕྱག་འཚལ་ལོ།། ས་དང ་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ།། བསྟན་པ་བསྲུང་མཛད་དམ་ཅན་ཚོགས་ལ་ཕྱག་འཚལ་ལོ།། དགྲ་བགེགས་སྒྲོལ་མཛད་སྔགས་བདག་ཚོགས་ལ་ཕྱག་འཚལ་ལོ།། ཞེས་གསུངས་སོ།། རྡོ ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། ནོངས་པ་དབང་གསོལ་ཕྱག་འཚལ་རྟེན་གྱི་སྐབས་ལས། དཀྱིལ་འཁོར་བསྡུས་པའི་ལེའུ་སྟེ་བཅུ་བཞི་པའོ།། །། རྡོ་རྗེ་སེམས་དཔས་བཀའ ་སྩལ་པ།། གང་གིས་རྒྱལ་བཞི་ཁྲོ་ཡི།། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན།། ཉམས་ཆག་མ་ལུས་ལྟ་ཅི་སྨོས།། མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་།། ན་ར་ཀ་གནས་ཀྱང་དོང་སྤྲུགས་ཏེ།། རིག་འཛིན་རྒྱལ་པོའི་ཞིང ་དུ་གྲགས།། དེ་སྐད་ཅེས་པ་བསྒྲགས་པ་དང་།། དམྱལ་བའི་གནས་ཀྱི་སེམས་ཅན་རྣམས།། དྲན་པ་སླར་ནི་རྙེད་པར་གྱུར།། སྡུག་བསྔལ་སྐབས་དེར་ཞི་བ་ལས། རྡོ་རྗེ་སེམས་དཔས་འདི་སྐད་གསུངས།། ཞིང་ཁམས ་རྒྱལ་བ་རྒྱ་མཚོ་དགོངས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་ཡང་སྙིང་བདག་གིས་བརྗོད།། ཀུན་ནས་བྱིན་གྱིས་བརླབ་པར་མཛོད།། ཀྱེ་ཀྱེ་སྟོན་པ་སངས་རྒྱས་རྣམས།། དུས་གསུམ་རྒྱལ་བའི་ཡང ་སྙིང་འདིས།། འཚམས་མེད་ཉེས་བྱས་རྣམ་སྨིན་བྱང་།། གསང་སྔགས་དམ་ཚིག་སོ་རུ་ཆུད།། མི་དགེ་རྣམས་ལ་སྨོས་ཅི་དགོས།། གང་ཞིག་ནད་ཀྱིས་ཉེན་གྱུར་ཀྱང་།། སྡུག་བསྔལ་དེ་ལས་ངེས་པར་གྲོལ།། འགྲོ་བའི ་ནད་རིམས་བྱུང་བའི་ཚེ།། བདག་ཉིད་ཡི་དམ་གསལ་བ་ཡིས།། སྙིང་པོ་འདི་བརྗོད་དེས་མི་ཚུགས།། གང་ཞིག་ངན་སྔགས་མཚོན་བརྡེག་ཀྱང་།། སྙིང་པོ་འདི་བརྗོད་རང་ལ་བཟློག། དོན་གཉེར་ལམ་འགྲོ་འདི་བརྗོད ་ན།། འཇིགས་པའི་དགྲ་ལས་ངེས་པར་གྲོལ།། གདོན་འཇིགས་འགེགས་ཀྱིས་འཚེ་བའི་ཚེ།། རིག་པ་འདི་བརྗོད་གདོན་དེ་འཇིལ།། སེམས་ཅན་གང་ཞིག་བུ་འདོད་ཀྱང་།། རིག་པ་འདི་བཟླས་རབས ་དེས་ཟིན།། ཉོན་མོངས་དབུལ་ཞིང་ཕོངས་པས་ཀྱང་།། སྙིང་པོ་འདི་བརྗོད་རིན་ཆེན་རྙེད།། གང་ཞིག་འཁོར་བསྡུ་འདི་བརྗོད་ན།། སྲིད་པ་གསུམ་ཡང་འཁོར་དུ་འདུ།། ཕྲིན་ལས་རྣམ་བཞི་ངེས་པར་འགྲུབ།། ཉམས ་སྒྲིབ་ཐམས་ཅད་དག་བྱེད་པའི།། ཡི་གེ་བརྒྱ་པ་བདག་གིས་བརྗོད།། ཉམས་ཆག་ཐམས་ཅད་འདི་ཡིས་སྐོངས།། ཞེས་སྨྲས་ཏེ་ངན་སོང་དོང་ནས་སྤྲུགས་པ་འདི་གསུངས་སོ།། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ། ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲེ་ཡཾ་ཀུ་རུ་ཧཱཾ། ཧ་ཧ་ཧ་ཧ་ཧཽ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨ། འདི་ནི་དུས་ལ་བབ་པའི་ཚེ།། གསུམ་མམ་བདུན་ནམ་བཅུ་བཞིའམ།། ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད།། ལྷ་བསྒོམ་གསལ་བས་བརྗོད་བྱས་ན།། ཉམས ་ཆགས་ཐམས་ཅད་སྐོང་བར་བྱེད།། ངན་སོང་གསུམ་ལས་ཐར་བར་འགྱུར།། ཡི་དམ་དག་ཏུ་འདི་བརྗོད་ན།། དུས་གསུམ་རྒྱལ་བའི་སྲས་སུ་འགྱུར།། དེ་ནས་ལས་ངན་སེམས་ཅན་དམྱལ་བ་པ་རྣམས་ཀྱིས།། མགོན ་པོ་སེམས་ཅན་ལ་དགོངས་པ་ཨ་ལ་ལ་ཧོ།། ཞེས་སྨྲས་སོ།། དེ་ནས་དུས་གསུམ་སངས་རྒྱས་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་གསུངས་པ། ཐུགས་ཀྱི་ཡང་སྙིང་བརྗོད་པ་ལགས་སོ།། ཞེས་ཆེད་དུ་བརྗོད་དེ་གནང་བ ་བྱིན་ནོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཡང་སྙིང་གསང་སྔགས་བཤད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཛྲ་པཱ་ཎི་ཡིས།། ལས་ངན་སེམས་ཅན་དེ་ལ་ནི།། སྔགས་ཀྱི་སྣོད་དུ་རུང་བའི་ཕྱིར།། དང ་པོའི་སེམས་བསྐྱེད་དད་བྱས་ནས།། བུམ་པ་ལྷ་ཡི་དབང་བསྐུར་དང་།། ན་ར་ཀ་གནས་ནས་དྲངས་པ་ཡི།། གསང་བའི་སྔགས་ཀྱིས་དབང་བསྐུར་རོ།། བུམ་པ་རྫས་དང་ལྡན་ཐོགས་ནས།། ལས་ངན་དེ་ཡི་གཙུག་ཏུ ་བཞག། རིག་པའི་ཚིགས་བཅད་འདི་བརྗོད་དོ།། ཧཱུཾ་ཀུན་བཟང་ཡབ་ཡུམ་བུམ་པ་ན།། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས།། སེམས་ཅན་ཁྱོད་ལ་དབང་བསྐུར་བས།། ན་ར་ཀ་སྡུག་བསྔལ་བྲལ་བར་ཤོག། དུ་ད་ཧ ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཧཱུཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨ། ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཨ།། ཞེས་དབང་བསྐུར་བས།། དུས་དེར་ན་རག་གི་གནས་དོང་སྤྲུག་པར ་གྱུར་ཏོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས།། ན་རག་དོང་སྤྲུག་པའི་ལེའི་སྟེ་བཅུ་དྲུག་པའོ།། །། དེ་ནས་སེམས་ཅན་ལས་ངན་དེ།། ཡི་དྭགས་གནས་སུ་ཡང་སྐྱེས་ཏེ།། ཕྱི་ནང་གཉིས་ཀའི་སྡུག ་བསྔལ་མྱང་།། རྣམ་སྨིན་ཡི་དྭགས་ཆེན་པོར་གནས།། དེ་ནས་ལག་ན་རྡོ་རྗེ་ཡིས།། ཡེ་དྭགས་དེ་ཡི་རྩར་བྱོན་ནས།། ལས་ངན་དེ་ལ་འདི་སྐད་བསྒྲགས།། པྲེ་ཏ་ཀ་ཙཀྵུ་པྲ་བེ་ཤ་ཡ་ཨ།། དེ་སྐད་རྣ་བར་བསྒྲགས་པ ་ཡིས།། སྔོན་གྱི་ལས་ངན་ཡོངས་སུ་དྲན།། ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས།། ཐུགས་རྗེས་ཟུང་ལ་བདག་སྐྱོབས་ཤིག། བདག་ལུས་སྒྲོལ་ལ་བདེ་ལ་འཁོད།། མགོན་པོས་མྱུར་དུ་བདག་སྐྱོབས་ཤིག། ཅེས་པ་གསོལ་བ ་བཏབ་པ་དང་།། དེ་ནས་བཛྲ་པཱ་ཎི་ཡིས།། རིན་ཆེན་སྒྲོམ་བུ་ལག་ཐོགས་ནས།། ལས་ངན་དེ་ཡི་གཙུག་ཏུ་བཞག། རིག་པའི་ཚིགས་བཅད་འདི་བརྗོད་དོ།། ཨཱ། རིན་ཆེན་སྒྲོམ་གྱི་བུམ་པ་ན།། རྒྱལ་བཞི་ཁྲོའི་ལྷ ་གས་བཞུགས།། སེམས་ཅན་ཁྱོད་ལ་དབང་བསྐུར་བས།། པྲེ་ཏའི་སྡུག་བསྔལ་བྲལ་བར་ཤོག་པྲེ་པ་ཙ་པ་ཙ། སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཨཱཿཔདྨ་སཏ་ས་མ་ཡ་མ་ནུ་པཱ་ལ་ཡ། པདྨ་སཏ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ ་བྷཱ་ཝ། སུ་ཏོཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སུ་པོཥྱོ་མེ་བྷཱ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཨཱཾ་ཨཽ་ཨ་ཨ་ཧཱཾ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་པདྨཱ་མཱ་མེ་མུཉྩུ། པདྨཱ་བྷཱ་ཝ་མ་ཧཱ་ས་མ་ཡ། ་པདྨ་སཏ་ཨཿཔདྨ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་བས། དུས་དེར་ཡི་དྭགས་རིགས་གསུམ་ལ།། རྒྱུ་བ་གནས་པ་རྣམ་པར་སྨིན།། ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན།། ཡི་དྭགས་གནས་ངན་དེ་ལས་ཐར།། མཐོང ་ལོག་སྡུག་བསྔལ་ལས་གྲོལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས།། པྲེ་ཏ་ཀ་དོང་སྤུག་གི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ལས་ངན་སེམས་ཅན་དེ།། བྱོལ་སོང་གནས་སུ་ཡང་སྐྱེས་སོ།། བྱོལ་སོང་རིགས ་བཞི་ཡོད་པ་ལས།། གོར་མ་རྡོ་ཡི་འབུ་རུ་སྐྱེས།། སྔོན་གྱི་ལས་ངན་བག་ཆགས་ཀྱིས།། དེ་ཡི་རྣམ་པར་སྨིན་པ་བྱུང་།། རིགས་བཞིའི་བྱོལ་སོང་དཔག་ཏུ་མེད།། བསྡུས་པས་སུམ་འབུམ་ཉི་ཁྲི་ཡོད།། ཤིན་ཏུ་བསྡུས ་པས་རིགས་བཞི་ཡིན།། དེ་དག་ཀུན་ཏུ་སྐྱེས་པ་ལ།། དེ་ནས་ལག་ན་རྡོ་རྗེ་ཡིས།། སེམས་ཅན་དེ་ཡི་གམ་དུ་བྱོན།། ལས་ངན་དེ་ལ་འདི་སྐད་བསྒྲགས།། ཏིརྱ་ཀ་ཙཀྟཱ་པྲ་བེ་ཤ་ཡ་ཨཱཿདེ་སྐད་སེམས་ཅན་དེས་ཐོས ་པས།། སྔོན་གྱི་ལས་ངན་དེ་དྲན་ནས།། ཀྱེ་མ་ཀྱེ་ཧུད་བདག་འདྲ་སོགས།། ལས་ཀྱི་རྣམ་སྨིན་རང་ལ་སྨིན།། མགོན་པོའི་ཐུགས་རྗེས་བདག་སྒྲོལ་ཅིག། ཞེས་གསོལ་བ་བཏབ་པ་དང་། དེ་ནས་བཛྲ་པཱ་ཎི་ཡིས།། ལས ་ངན་སེམས་ཅན་བྱོལ་སོང་ལ།། ཤེས་རབ་པུ་སྟི་ལག་ཐོགས་ནས།། ལས་ངན་དེ་ཡི་གཙུག་ཏུ་བཞག། རིག་པའི་བདེན་ཚིག་འདི་བརྗོད་དོ།། ཨོཾ་ཤེས་རབ་རིག་པའི་པུསྟི་འདི།། དུས་གསུམ་སངས་རྒྱས་ཞི་ཁྲོའི ་གསུང་།། སེམས་ཅན་ཁྱོད་ལ་དབང་བསྐུར་བས།། ཏིརྱའི་སྡུག་བསྔལ་བྲལ་བར་ཤོག། སུ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུ་ཧཱ་ཧཱུཾ་ཕཊ། ཨོཾ་བུདྡྷ་སཏྭ་ས་མ་ཡ། མ་ནུ་པ་ལ་ཡ། བུདྡྷ་སཏྭ་ཏྭེ་ནོ་པ་ཏིཿ། ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བུདྡྷ་མཱ་མེ་མུཉྩ་བུདྡྷ་བྷ་ཝ་མ་ཧཱ་ས་མ ་ཡ། བུདྡྷ་སཧཱ་ཨཿཽ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་བ་དང་། ཡང་དེའི་དུས་སུ་བྱོལ་སོང་གླེན་ལྐུགས་དང་། བསད་བཅད་དང་། ཉིང་ཤ་ཉིང་གིས་ཟ་བ་ལས་ཐར་ཏེ། འཁོར་དེར་བྱོལ་སོང་ཁྲི་སུམ་སྟོང་བདེ་བ ་རྙེད་དོ།། ལས་ངན་གྱི་སེམས་ཅན་དེ་ཡང་རྡོ་རང་ཞིག་སྟེ།། བྱོལ་སོང་གི་མུན་པ་ལས་ཐར་རོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཏིརྱ་ཀ་རང་གྲོལ་ངན་སོང་དོང་སྦུགས་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས ་ལས་ངན་སེམས་ཅན་དེས།། ལྷ་མིན་ནས་སུ་སྐྱེས་ཏེ་ཡང་།། འགྲོ་ལ་གནོད་སེམས་མཐོ་རིས་འཁྲུག། འཐབ་རྩོད་ལས་ལ་དགའ་ཞིང་ནད་རིམས་གཏོང་།། མི་དགེའི་ལས་བྱེད་དགེ་ལ་བར་ཆོད་གཏོང་།། སྒྲ་གཅན ་ནག་པོར་བྱ་བར་སྐྱེས།། ལྷ་ལ་ཁོང་ཁྲོས་འཁྲུག་པར་བྱེད།། དཔུང་གི་སྟོབས་ཀྱིས་ཐམས་ཅད་བྲེད་པར་བྱེད།། ལྷ་ཡུལ་དམག་འདྲེན་བསམ་གཏན་འཁྲུགས།། དེ་ནས་ལག་ན་རྡོ་རྗེ་ཡང་།། སེམས་ཅན་དེ་ཡི་གནས ་སུ་བྱོན།། ལས་ངན་དེ་ལ་འདི་སྐད་བསྒྲགས།། དེ་བ་ཨ་སུ་ར་ཙཀྵཱ་པྲ་བེ་ཤ་ཡ་ཨ།། སྒྲ་གཅན་ནག་པོས་དེ་ཐོས་པས།། སྔོན་གྱི་ལས་ངན་དེ་རུ་དྲན།། མགོན་པོ་ཉིད་ལ་ངོ་དམའ་ཞིང་།། གདུང་བའི་སྨྲེ་སྔགས་འདི་སྐད ་སྨྲས།། ཨེ་མ་བདག་འདྲའི་སེམས་ཅན་ཞིག། སྔོན་གྱི་ལས་ངན་དག་ལས་བྱུང་།། ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས།། བདག་ལུས་ངན་པ་བསྒྲལ་དུ་གསོལ།། སྔར་བྱས་འགྱོད་དེ་མཐོལ་བཤགས་བསྡམ།། ཐུགས་རྗེས ་ཟུང་ལ་དབང་བསྐུར་སྦྱོངས།། སླད་ནས་བྱང་ཆུབ་མཆོག་ཐོབ་མཛོད།། ཅེས་གསོལ་བ་མང་དུ་བཏབ་པོ།། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། ཕྱག་ན་གོ་མཚོན་ཐོགས་ནས་སུ།། ལས་ངན་དེ་ལ་དབང་བསྐུར་བསྒྲལ།། རིག ་པའི་བདེན་ཚིག་འདི་བརྗོད་དོ།། ཧཱ། ཤེས་རབ་དོན་མཚོན་རལ་གྲི་དང་།། བདུད་ཀྱི་མཚོན་དྲུག་གོ་ཆ་འདི།། དུས་གསུམ་སངས་རྒྱས་རྣམས་ཀྱི་སྦྱོར་སྒྲོལ་ཏེ།། ཞི་ཁྲོ་རྒྱལ་བ་རྣམས་ཀྱི་ཕྱག་མཚན་འདིས།། སེམས ་ཅན་ཁྱོད་ལ་དབང་བསྐུར་བསྒྲལ།། ཨ་སུ་ར་ཡི་སྡུག་བསྔལ་བྲལ་བར་ཤོག། ཏྲི་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཧཱུཾ་ཕཊ། ཧ་ཀརྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཀརྨ་སཏྭ་ཏྲེ་ནོ་པ་ཏིཿ། དྲེ་ཌྷོ་མེ་བྷ་ལ། སུ་ཏོཥྛ་མེ་བྷ་ལ། ་ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ།། སརྦ་ཀརྨ་སུ་ཙ་མེ། ཀརྨ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། ཀརྨ་མཱ་མེ་མུཉྩཱ། ཀརྨ་བྷ་ཝ། མ་ཧཱ་ས་མ་ཡ། ཀརྨ་སཏྭ་ཨ། ཧཱ་ཨ་བི ་ཥིཉྩ་ཨཿཞེས་དབང་བསྐུར་བས་ལྷ་མ་ཡིན་གཞན་རྣམས་ཀྱང་བྱམས་པའི་སེམས་སྐྱེས་ཏེ། སྙིང་རྗེ་ཚད་མེད་པ་ལ་གནས་སོ།། འཐབ་རྩོད་ཐམས་ཅད་དུས་དེར་རང་ཞིའོ།། སྒྲ་གཅན་ནག་པོ་དེ་བཛྲ་པཱ ་ཅིས་བསྒྲལ་ལོ།། ལྷ་མ་ཡིན་གཞན་རྣམས་ཀྱང་དགེ་བའི་སེམས་ལ་གནས་ཏེ། སྐྱེ་བ་གཉིས་པ་དང་གསུམ་པ་ཤ་སྟག་ཏུ་གྱུར་ཏོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྒྲ་གཅན་ནག་པོ་བསྒྲལ་བའི་ལེའུ་སྟེ་བཅུ་དགུ ་པའོ།། །། དེ་ནས་སྔར་གྱི་སེམས་ཅན་དེས།། ལྷ་ཡི་གནས་སུ་སྐྱེ་བ་བླངས།། ལྷ་གནས་རྣམ་པ་གསུམ་ལས་ནི།། འདོད་ཁམས་སུམ་བཅུ་རྩ་གསུམ་གྱི།། དགེ་བའི་ངང་ཚུལ་བྱ་བར་སྐྱེས།། ལྷ་མོ་བདུན་དང་ལྡན ་ཅིག་འགྲོགས།། འདོད་ཡོན་ཆགས་པ་ཅན་དེ་ལ།། བཛྲ་པཱ་ཎིས་འདི་སྐད་བསྒྲགས།། དེ་ཝ་ཙ་ཀྵ་པྲ་བེ་ཤ་ཡ་ཨཿདགེ་བའི་ངང་ཚུལ་དེ་ཐོས་ནས།། སྔོན་གྱི་ལས་ངན་སྐྱེ་བ་དྲན།། རང་གི་རྒྱན་བཀྲོལ་ཐོགས་ནས ་ནི།། འགྲོ་མགོན་ཉིད་ལ་ངོ་དམའ་ཞིང་།། ཀྱེ་མ་ཀྱེ་ཧུད་ཐུགས་རྗེ་ཆེ།། བདག་འདྲ་རྨོངས་པ་འདུ་འཛི་ཅན།། དམ་ཚིག་རྩ་བ་ཉམས་པའི་སྐྱོན།། ངན་སོང་མཐོ་རིས་གནས་ན་འཁོད།། མི་འཆབ་མཐོལ་བཤགས་མེ ་ཏོག་བཞེས།། དབང་བསྐུར་ལྷ་ཡི་གནས་ནས་དྲོངས།། ཞེས་གསོལ་རང་གི་རྒྱུན་ཕུལ་ལོ།། དེ་ནས་ལག་ན་རྡོ་རྗེ་ཡིས།། ང་རྒྱལ་ཕྲག་དོག་འཇོམས་བྱེད་པའི།། པི་ཝང་ལག་ཏུ་ཐོགས་ནས་ནི།། དགེ ་བའི་ངང་ལ་དབང་བསྐུར་ནས།། རིག་པའི་བདེན་ཚིག་འདི་བརྗོད་དོ།། སྲ། ལོངས་སྤྱོད་བདུད་ཀྱི་གཡེངས་འཇོམས་པའི།། པི་ཝང་སྙན་པའི་དོན་བྱེད་འདིས།། དེ་བ་ཁྱོད་ལ་དབང་བསྐུར་བས།། སྐྱེ་བ་གཅིག་གིས ་ལས་རྫོགས་ཤོག། ཨ་སརྦ་ཏ་ཐཱ་ག་ཏ་བིདྷནྨ་ཁཌྒ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སྭ་རཏྣ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། རཏྣ་སཏྭ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི ་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་རཏྣ་མཱ་མེ་མུཉྩ། རཏྣ་བྷ་ཝ་མ་ཧཱ་ས་མ་ཡ། རཏྣ་སཏྭ་ཨ། སཱ་རཏྣ་ཨ་བྷི་ཥིཉྩ་ཨཿ། ཞེས་དབང་བསྐུར་བས། ལྷ་གཞན ་མས་ཀྱང་དགེ་བ་ལ་བརྩོན་འགྲུས་དང་ལྡན་པར་གྱུར་ཏེ། སྐྱེ་བ་གཅིག་པ་ཤ་སྟག་དུ་བྱུང་བར་གྱུར་ཏོ།། དགེ་བའི་ངང་ཚུལ་ལྷ་ཡི་འཕོ་ལྟུང་ལས་དུས་དེར་གྲོལ་བར་གྱུར་ཏོ། དབང་མཆོག་རྒྱལ་པོའི་རྒྱུད་ལས། ལྷ ་ཡི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ལས་ངན་སེམས་ཅན་དེ།། གླིང་མཆོག་འཛམ་གླིང་མི་རུ་སྐྱེས།། སྐྱེ་བ་གཅིག་པའི་བྱང་ཆུབ་སེམས།། རིག་འཛིན་གསང་སྤྱོད་རྣལ་འབྱོར་དེ།། སྔར་བྱས་ལས་ཀུན་དྲན་པ ་ཅན།། རིག་པའི་བློ་ཅན་སྔོན་སྦྱངས་སྟོབས།། འགྱོད་སེམས་དྲག་པོས་དཀའ་ཐུབ་སྤྱོད།། འཕགས་པ་བླ་མ་མཉེས་པར་བྱེད།། གསང་བདག་ཕྱག་ན་རྡོ་རྗེས་ཀྱང་།། ངན་སོང་སྦྱོང་བའི་རྒྱུད་དབང་བསྐུར།། བུམ ་པ་ཐབས་ཤེས་གསང་ཚིག་གིས།། དབང་མཆོག་བསྒྲུབ་པ་དེ་ལ་བསྐུར།། འགྲོ་བའི་སྐྱེ་སྒོ་བཅད་པའི་ཕྱིར།། རང་རྒྱུད་སྦྱོང་བའི་སྔགས་རྗོད་པ།། ཧཱུཾ་བི་ཤ་མུ་ཙ་ལ་ཙན་དྷ་ཙན་དྷ་ཧཱུཾ་ཕཊཿདེ་ནས་དམ ་ཚིག་ཉམས་པ་གསོ་བའི་ཕྱིར།། བཤགས་པའི་རྒྱལ་པོ་བརྒྱ་པ་བརྗོད།། ཡི་དམ་ལྷ་ནི་གསལ་བྱས་ལ།། འཕྲོ་འདུས་འགྱོད་སྦྱོངས་ཚར་བཅད་བྱ།། རྒྱལ་བ་ཞི་ཁྲོ་དཔང་གསོལ་ལ།། ཕྱག་འཚལ་མོས་གུས་བཤགས་པ ་བྱ།། གསར་སྔགས་འབྲུ་བརྒྱའི་བཤགས་པ་བརྗོད། ཧཱུཾ་ཧཱུཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྷི་མྨེ་པྲ་ཡཙྪ། ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ། བཛྲ་སཏྭ་ཨ། ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བྷུཥྚ་ཨ་བྷི་ཥིཉྩ་ཨཿ། སཱ་རཏྣ་ཨ་བྷི་ཥིཉྩ་ཨཿ། ་ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཿཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཿ། ཞེས་ཕྱག་མཚན་དུ། རིན་པོ་ཆེའི་པར་བུ་དང་། གསེག་ཤང་དང་། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་དང་། དྲིལ་བུ་ལ་སོགས་པས ་དབང་བསྐུར་ཏེ། བདེན་པའི་ཚིགས་བཅད་འདི་ཡང་བརྗོད། ཧཱུཾ་རིན་ཆེན་པར་བུའི་བུམ་པ་ན།། རྒྱལ་བཞི་ཁྲོའི་ལྷ་ཚོགས་བཞུགས།། རིགས་ཀྱི་བུ་ལ་དབང་བསྐུར་བས།། ལྷ་དབང་ལུས་ལ་ཐོབ་པར་ཤོག། ་གསེག་ཤང་དྲང་སྲོང་སྒྲ་སྒྲོགས་འདི།། ཐུགས་རྟགས་ཞི་ཁྲོའི་ལྷ་ཡི་བརྡའ།། རིགས་ཀྱི་བུ་ལ་དབང་བསྐུར་རོ།། ཨ་བ་དྷཱུ་ཏཱིའི་དབང་ཐོབ་ཤོག། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས།། རིགས་ཀྱི ་བུ་ལ་དབང་བསྐུར་བས།། འཁོར་ལོ་ལྔ་ལ་དབང་རྫོགས་ཤོག། ཅེས་སྔགས་ཏིང་འཛིན་ཚིགས་བཅད་ཀྱིས།། རིག་འཛིན་དེ་ལ་དབང་བསྐུར་བས།། ལྷ་དབང་ལུས་ཀྱིས་ཐོབ་པར་གྱུར།། རང་ལུས་རྒྱལ་བའི་སྐུར ་རྫོགས་ཀྱང་།། མྱ་ངན་འདས་པའི་དོན་མ་རྟོགས།། རྟོག་བཅས་ལྷ་ཡི་དབང་ཞེས་བྱ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ལྷ་དབང་བསྐུར་བའི་ལེའུ་སྟེ་ཉེར་གཅིག་པའོ།། །། དེ་ནས་རྡོ་རྗེ ་སེམས་དཔའ་ཡིས།། བློ་ལྡན་སློབ་བུ་དེ་ལ་ནི།། ཐབས་ཀྱི་དབང་བསྐུར་བརྡའ་རུ་བསྟན།། ཤེས་རབ་དབང་བསྐུར་ཤེས་སམ་བལྟ།། གསང་བའི་དབང་བསྐུར་རང་ཉམས་བསྟན།། ཚིག་གི་དབང་བསྐུར་མེད་པར ་བསྟན།། ཐབས་ཀྱི་དབང་བསྐུར་བསྟན་པ་ནི།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི།། སྣང་བ་ཡོད་མེད་བརྡའ་རུ་བསྟན།། གཅིག་ལས་སྣ་ཚོགས་བསྒྱུར་བྱས་པས།། སྣང་བ་ཡོད་མེད་བསྟན་པ་ཡིན།། ལྷ་ཚོགས་བསྐུར ་བ་མིང་གིས་མཚོན།། རི་རབ་གླིང་བཞི་དཀྱིལ་འཁོར་དང་།། བུམ་པ་སྐུ་དང་རྡོ་རྗེ་དང་།། འཁོར་ལོ་རིན་ཆེན་པདྨ་དང་།། རྒྱ་གྲམ་རལ་གྲི་ཙེ་གསུམ་དང་།། ཕུར་བུ་མདའ་དང་གཞུ་དང་ནི།། མེ་ལོངས་དབྱིབས་དང ་ཁ་དོག་ཏུ།། བླ་མས་མིང་བཏགས་དེ་ལ་ནི།། སློབ་མའི་ཤེས་རབ་ལྟ་བ་མིན།། དཔེ་ཡི་དོན་དེ་ཤེས་ན་ཤེས་རབ་ཡིན།། གསང་བའི་དབང་བསྐུར་བསྟན་པ་ནི།། རང་ལ་རང་གསལ་བསྟན་པ ་ཡིན།། རང་ངོ་ཤེས་ན་གསང་དབང་ཐོབ། གཅིག་པ་ཤེས་ན་ཐམས་ཅད་དེ།། མཉམ་པ་ཉིད་ནི་ངོ་མཚར་ཆེ།། ཡོད་ན་ཡོད་པར་ཡེ་ནས་མཉམ།། མེད་ན་མེད་པར་ཡེ་ནས་མཉམ།། བདེན་ན་བདེན་པར་ཡེ་ནས ་མཉམ།། རྫུན་ན་རྫུན་པར་ཡེ་ནས་མཉམ།། སྟོང་ན་སྟོང་པར་ཡེ་ནས་མཉམ།། དངོས་ན་དངོས་པོར་ཡེ་ནས་མཉམ།། མཉམ་པ་ཉིད་དུ་ཤེས་པ་ནི།། གསང་བའི་དབང་བསྐུར་ཐོབ་པ་ཡིན།། ཚིག་གི་དབང་བསྐུར་རང ་མེད་བསྟན།། ང་བདག་འདུག་ན་ནམས་ཀྱང་འཁོར།། དབང་མེད་རོ་དང་བྲལ་བ་ནི།། ཚིག་གཅིག་ཚིག་མེད་དབང་གི་མཆོག། ང་མེད་བདག་མེད་སྣང་བ་མེད།། ཅེས་གསུངས་སོ།། རིག་འཛིན་དགེ་མཐོང་དང་།། ་འཁོར་འདུས་པ་མང་པོ་དང་། ཐེག་པ་བརྒྱད་པོའི་ལས་དང་པོ་པ་རྣམས་བརྒྱལ་ཏེ། ས་ལ་འགྱེལ་བར་གྱུར་ཏོ།། ལ་ལ་ངུ་ཞིང་སྨྲེ་སྔགས་འདོན། ལ་ལ་ནི་སྐྲག་ཅིང་སྤངས་པར་གྱུར་ནས་སྐུར་པ་འདེབས། ལ་ལ་ནི ་མོས་པ་ལོག་སྟེ་ཁ་ན་མ་ཐོ་བ་སྨྲ། ལ་ལ་ནི་ཡི་ཆད་དེ་བྱས་པ་ལ་དོན་མེད་པ་ཀྱེ་མ་ཀྱེ་ཧུད། གསང་བདག་རྡོ་རྗེ་མ་གསུང་ཞིག། ཅེས་གླེང་ངོ་།། ཡིད་མ་རང་བ་རྣམས་ནི་མུ་སྟེགས་པ་བདེན་ནོ།། ཞེས་རང་རང ་སྨྲའོ།། དེ་ནས་ལག་ན་རྡོ་རྗེས་འཁོར་དེ་དག་ལ་ཡིད་ཆེས་པར་བྱ་བའི་ཕྱིར། བོས་ཤིང་བསྡུས་ཏེ་འདི་སྐད་ཅེས་གསུངས་སོ།། འདུས་པ་རྣམས་ཐེ་ཚོམ་བཅད་པར་བྱའོ།། རྡོ་རྗེ་སེམས་དཔའི་ཞལ་དང་སྤྱོད་ཀྱིས ་ལོངས་ཤིག། ཆོས་ཀྱི་སྐུ་དང་མཇལ་ཏེ་འོང་ངོ་།། ཞེས་གསུངས་ཏེ། འཁོར་རྣམས་སླར་འདུས་ཏེ་རྡོ་རྗེ་སེམས་དཔའི་དྲུང་དུ་བསྐོར་བ་དང་། ཕྱག་དང་མཆོད་པའི་ཚོགས་ཀྱིས་མཆོད་དེ་འཁོད ་དོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། གསང་བའི་ཆོས་ཉིད་ལ་ཡིད་མ་ཆེས་པའི་ལེའུ་སྟེ་ཉེར་གཉིས་པའོ།། །། དེ་ནས་བཛྲ་པཱ་ཎི་ཡིས།། རྡོ་རྗེ་འཆང་ལ་འདི་སྐད་གསོལ།། ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ ་མཆོག། གསང་སྔགས་གསང་བ་མཉམ་མི་མཉམ།། ང་བདག་རང་སྣང་ཡོད་དམ་མེད།། ཆོས་ཅན་དངོས་གཅིག་བདེན་ནམ་རྫུན།། བག་ཆགས་རེ་དོགས་འབྲལ་མི་འབྲལ།། ཞེས་ཞུས་པས།། རྡོ་རྗེ་སེམས་དཔས ་བཀའ་སྩལ་པ།། སྟོབས་ཅན་རྡོ་རྗེ་འཁོར་འདུས་ཉོན།། ཆོས་ཉིད་ཆོས་སྐུའི་དགོངས་ཚད་ནི།། མཉམ་པ་ཉིད་དུ་མཁྱེན་པ་ཡིན།། མཉམ་པ་ཉིད་ལ་གཉིས་མེད་དེ།། དཔེར་ན་ཆོས་ཅན་ངོ་བོ་གཅིག། ཕྱི་རོལ་ཀ་བ ་བུམ་པ་དང་།། དཔེར་ན་རྡོ་རྗེ་ལྟ་བུ་འདི།། མིང་གིས་ཡིན་ནམ་གཟུགས་ཀྱིས་ཡིན།། མཚོན་པས་ཡིན་ནམ་ལས་ཀྱིས་ཡིན།། འདུས་པས་ཡིན་ནམ་འབྲལ་བས་ཡིན།། མདོག་གིས་ཡིན་ནམ་དབྱིབས་ཀྱིས ་ཡིན།། བསམ་པས་ཡིན་ནམ་གང་གིས་ཡིན།། རྡོ་རྗེ་འཛིན་པའི་འཁོར་ཚོགས་ཀུན།། མིང་གིས་རྡོ་རྗེ་ཡིན་པས་ན།། མིང་གི་གང་གྲགས་རྡོ་རྗེ་འམ།། གཟུགས་ཀྱིས་རྡོ་རྗེ་ཡིན་པས་ན།། གཟུགས་སུ ་གང་སྣང་རྡོ་རྗེའམ།། འདུས་པས་རྡོ་རྗེ་ཡིན་པ་ན།། ས་རྡོ་བོང་བ་རྡོ་རྗེའམ།། བྲལ་བའི་རྡོ་རྗེ་ཡིན་པས་ན།། འདུས་བྱས་ཐམས་ཅད་རྡོ་རྗེའམ།། མཚོན་པས་རྡོ་རྗེ་ཡིན་པས་ན།། དཔེ་བཀོད་ཐམས་ཅད་རྡོ ་རྗེའམ།། ལས་ཀྱིས་རྡོ་རྗེ་ཡིན་པས་ན།། སེམས་ཅན་ཐམས་ཅད་རྡོ་རྗེའམ།། མདོག་གིས་རྡོ་རྗེ་ཡིན་པས་ན།། དཀར་དམར་ཐམས་ཅད་རྡོ་རྗེའམ།། དབྱིབས་ཀྱིས་རྡོ་རྗེ་ཡིན་པས་ན།། ཟླུམ་པ་ལ་སོགས་རྡོ ་རྗེའམ།། བསམ་པས་རྡོ་རྗེ་ཡིན་པས་ན།། ཡིད་སྨོན་ཐམས་ཅད་རྡོ་རྗེའམ།། དེ་ལྟར་རྒྱུ་ཡིས་ཡིན་པ་མེད།། རྡོ་རྗེ་བྱ་བ་གང་ལ་ཟེར།། ཉོན་མོངས་རྟོགས་པ་སྐྱེས་པ་རྣམས།། དཔེར་ན་ཆོས་ཅན་རྡོ་རྗེ་འདི།། མིང་གིས ་ནོ་ངེས་པར་འཇུག། གཟུགས་ཀྱིས་ཡིན་ནོ་སྒོ་ང་རལ།། མཚོན་པས་ཡིན་ནོ་ཆོས་ཅན་འདི།། ལས་ཀྱིས་ཡིན་ནོ་ཆོས་བདུན་ལྡན།། འདུས་པས་ཡིན་ནོ་འབྲལ་བ་ཡིན།། མདོག་གིས་ཡིན་ནོ་ཞི་རྒྱས ་ཀྱིས།། དབྱིབས་ཀྱིས་ཡིན་ནོ་དེ་བཞིན་ནོ།། བསམ་པས་ཡིན་ནོ་དེ་བཞིན་ནོ།། དེ་ལྟར་རྒྱུ་ཡིས་ཡིན་པ་སྟེ།། སྣང་སྲིད་ཐམས་ཅད་རྡོ་རྗེ་ཡིན།། རྡོ་རྗེར་མ་གྱུར་གང་ཡང་མེད།། དེ་ལྟར་རྡོ་རྗེ་མཚོན་པ་འདི།། ཡིན་ན ་ཡེ་ནས་ཡིན་པར་མཉམ།། ཆོས་ཅན་ཡེ་ནས་ཡོད་པར་མཉམ།། མེད་ན་མེད་པར་ཡེ་ནས་མཉམ།། བདེན་ན་བདེན་པར་ཡེ་ནས་མཉམ།། རྫུན་ན་རྫུན་པར་ཡེ་ནས་མཉམ།། སྟོང་ན་སྟོང་པར་ཡེ་ནས་མཉམ།། དངོས ་ན་དངོས་པོར་ཡེ་ནས་མཉམ།། སྣང་ན་སྣང་བར་ཡེ་ནས་མཉམ།། མཉམ་ཉིད་མཁའ་འདྲ་གུད་ན་མེད།། དཔེར་ན་གསེར་གཟུགས་ཆུ་ཡི་རོ།། དུག་མཆོག་ཧ་ལ་འབར་བ་དང་།། སྨན་མཆོག་ག་པུར་དཀར་པོ ་གཉིས།། སྨན་དང་དུག་ཏུ་ཡེ་ནས་མཉམ།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། ཆོས་ཉིད་མཉམ་པ་ཆོས་སྐུའི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ ་ཏོ།། ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ཆེ།། བདག་སྣང་ལོག་པ་ཡོད་དམ་མེད།། ཆོས་ཅན་སྣང་བ་བདེན་ནམ་རྫུན།། མི་དགེ་སྡང་དུ་ཡོད་དམ་མེད།། ཅེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ ་འཛིན་པ་སོགས།། ང་མེད་རོ་དང་ཕྲོལ་ཅིག་འཁོར་ཚོགས་ཁྱེད།། ང་དང་སྣང་བ་གཉིས་པ་མེད།། ང་མེད་ང་གཅིག་སུ་ལ་འདུག། སྣང་མེད་སྣང་བ་སུ་ལ་བདེན།། ཆོས་ཅན་དངོས་པོ་གང་ན་འདུག། དགེ་དང་མི་དགེ ་མཉམ་པ་ཉིད།། ང་མེད་བདག་མེད་ང་བདག་གང་།། སུ་ལ་ང་བདག་ཡོད་པ་འཁོར།། གང་ཞིག་ཐེ་ཚོམ་སུས་ཟ་བ།། ང་བདག་ལྟོས་ཤིག་ང་བདག་ལྟོས།། བཙལ་ཀྱང་འདུག་ན་ད་རུང་ཚོལ།། ཚོལ་མཁན་ཚོལ་བས ་ཚོལ་མཁན་མེད།། བལྟས་ཀྱང་མ་མཐོང་ལྟ་མཁན་མེད།། ལྟ་མཁན་ལྟོས་ཤིག་ལྟ་མཁན་མེད།། དཔེར་ན་ཆོས་ཅན་རྡོ་རྗེ་དེ།། དེ་ཡི་དངོས་པོ་གང་གིས་བྱེད།། བུམ་པས་བྱེད་དམ་པདྨས་བྱེད།། སྟེང ་རས་བྱེད་དམ་འོག་རུས་བྱེད།། འདུས་པས་བྱེད་དམ་རྡོ་རྗེ་གང་།། དེ་བཞིན་ང་བདག་དངོས་པོ་དེ།། ལུས་ཀྱིས་བྱེད་དམ་སེམས་ཀྱིས་བྱེད།། ལུས་ཀྱིས་བྱེད་ན་དངོས་པོ་གང་།། མགོ་དང་རྐང་ལག་དབང་པོ ་དང་།། དོན་རྙིང་ནང་ཁྲོལ་ཤ་ལྤགས་རུས།། རྩ་དང་བ་སྒྲ་སྐྲ་སེན་གང་།། དེས་ན་ལུས་ཀྱི་དངོས་པོ་མེད།། སེམས་ཀྱིས་བྱེད་ན་གསལ་སྟོང་དང་།། འགྱུ་དྲན་འཛིན་ཆགས་གང་གིས་བྱེད།། ལུས་སེམས་དངོས་པོ་འདི ་ཞེས་པ།། རྡོ་རྗེ་སེམས་དཔའ་ངས་མ་རྙེད།། མཚོན་པ་ཙམ་དུ་ང་ཞེས་བྱ།། མིང་ཙམ་འདི་ཞེས་བསྟན་པ་ནི།། ཀུན་ཏུ་བཟང་པོས་བསྟན་དུ་མེད།། རྡོ་རྗེ་སེམས་དཔའ་མཚོན་དུ་མེད།། སྣང་བ་མེད་དམ་སྣང་བ ་གང་།། སྣང་བ་ཡུལ་གཅིག་སུ་ལ་བདེན།། ཡུལ་དུ་བདེན་རྫུན་གཅིག་ལ་ལྟོས།། དཔེར་ན་འབྱུང་བ་ཆུ་ལྟ་བུར།། འགྲོ་དྲུག་མུ་སྟེགས་རྟག་ཆད་དང་།། རིམ་དགུ་མཐོང་སྣང་ཐ་དད་པས།། མིང་དུ་བདེན་པ་གཅིག་ཀྱང ་མེད།། དཔེར་ན་རྒྱ་བོད་ཞང་ཞུང་འདྲ།། མིང་ཙམ་འདི་ཞེས་བསྟན་པ་ནི།། རྡོ་རྗེ་སེམས་དཔས་མཚོན་དུ་མེད།། སྣང་བ་ཡོད་མེད་འཁྲུལ་མ་འཁྲུལ།། འཁྲུལ་ན་འཁྲུལ་པ་བདེན་ནམ་རྫུན།། འཁྲུལ་པ་བདེན་ན་སུ་ལ ་བདེན།། འཁྲུལ་པ་རྫུན་ན་དེ་ལྟ་མེད།། མ་འཁྲུལ་པ་ལ་སྣང་ཟེར་སུ།། ཟེར་ན་ཟེར་མཁན་འཁྲུལ་པ་ཡིན།། དེས་ན་ཆོས་ཅན་དངོས་པོ་མེད།། ཡོད་ན་དངོས་པོ་གཏན་ལ་ཕོབ།། གཏན་ལ་ཕེབས་ན་དངོས་པོ ་གང་།། དངོས་པོར་འདོད་པ་བློ་ཕུགས་ཅན།། བློ་ཕུགས་གང་ལྟར་བྱས་ཀྱང་འཁྲུལ།། བློ་ཕུགས་གཏིབ་དང་སྐལ་ལྡན་བུ།། དགེ་དང་སྡིག་པ་ཡེ་ནས་མཉམ།། ཅི་ཕྱིར་བློ་ཕུགས་གྲོལ་ཕྱིར་རོ།། བློ་བཟང་དགེ་བས ་གཏོང་དུ་མེད།། སྡིག་པས་གནོད་པ་བསྐྱལ་བ་མེད།། ཅི་སྟེ་མཚན་མ་མེད་པས་སྨོན་པ་མེད།། སྟོང་པ་ཉིད་ལ་ཕན་གནོད་མེད།། བག་ཆགས་བཟང་རྟོག་ངན་རྟོག་ཡིན།། རྟོག་པས་ནམས་ཀྱང་འཁོར་བ ་བྱེད།། འཁོར་བའི་ནང་ན་ཁྱད་པར་ཆེ།། དགེ་བ་སྤྱོད་ཅིག་རིགས་ཀྱི་བུ།། བག་ཆགས་རོ་དང་བྲལ་བར་གྱིས།། བག་ཆགས་རོ་དང་མ་བྲལ་ན།། འཁོར་བའི་གཟུང་ཟག་མི་ཆོད་དོ།། སྐྱེ་བའི་རྟེན་ཕུར་ཕྱུང་རེ ་ཀན།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། རྟོག་པ་ཐེ་ཚོམ་གྱི་གེགས་བསལ་བ་ཆོས་སྒྲ་ཞལ་མཐོང་གིས་ལེའུ་སྟེ་ཉེར་བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པའི ་འཁོར།། དཔེར་ན་སྣང་བ་སྣ་ཚོགས་ཀྱང་།། སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་ནོ།། སྒྱུ་མའི་དངོས་པོ་གང་གི་བྱེད།། སྒྱུ་མའི་རྟེན་འབྲེལ་ཅི་ཡིས་བྱེད།། དཔེར་ན་སྐྱེས་བུ་གཉིད་ལོག་ན།། རྨི་ལམ་དགེ་སྡིག་ཆོ་འཕྲུལ ་ནི།། དངོས་པོར་སྣང་བ་ཇི་བཞིན་རྨི།། ཉིན་པར་བག་ཆགས་མཚོན་པ་ལ།། དེ་ལ་དངོས་པོ་ཡོད་དམ་མེད།། དཔེར་ན་མདང་གིས་རྨི་ལམ་ན།། སྐྱེས་བུ་མཚོན་ཐོགས་མང་པོ་ཡིས།། བདག་གསོད ་འཐབ་མཁོན་རི་ལ་དེད།། བྲེད་སྔངས་ངལ་ཆད་ཤི་མེད་བྲོས།། སད་པར་གྱུར་ན་དེ་ཅིར་སྣང་།། དེ་བཞིན་སྣང་བའི་དངོས་པོ་འདི།། རི་རབ་གླིང་བཞི་འབྱུང་བ་ཀུན།། དགྲ་གཉེན་ཆགས་སྡང་སྡུག་བསྔལ་ཀུན།། སྒྱུ ་མ་རྨི་ལམ་ཇི་བཞིན་ནོ།། ཡོད་ནས་མི་སྣང་མེད་ནས་སྣང་།། མཐོང་སྣང་ཆོས་ཀུན་ཡོད་པ་མེད།། མེད་ལ་ཡོད་གཟུགས་འཁྲུལ་པ་ཡིན།། འཁྲུལ་པའི་དུས་ན་ཡོད་པ་མེད།། ཀུན་རྫོབ་ཙམ་དུ་སུ་ལ་བདེན།། བདེན ་ནམ་བདེན་ན་འགྲོ་བ་ཀུན།། ཐམས་ཅད་མ་ལུས་མཐུན་པར་རིགས།། དེས་ན་ཕྱོགས་མཐུན་ཙམ་ཡང་མེད།། དཔེར་བ་དངོས་པོ་ཆུ་ལྟ་བུ།། རིགས་དྲུག་རྟག་ཆད་ཐེག་པ་རྣམས།། ཕྱོགས་མཐུན་ཙམ་ཡང་མི་སྣང ་ཕྱིར།། དེས་ན་མེད་ནས་སྣང་བ་ཡིན།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྣང་བའི་གནད་བསལ་བའི་ལེའུ་སྟེ་ཉེར་ལྔ་པའོ།། །། དེ་ནས་ལག་ན་རྡོ་རྗེ་ཡིས།། སྟོན་པ་ཉིད་ལ་འདི་སྐད ་གསོལ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་།། མེད་ནས་སྣང་བའི་དཔེ་དོན་གང་ལགས། བཀའ་སྩལ་པ། ཉོན་ཅིག་འདུས་པའི་འཁོར་ཚོགས་ཁྱེད།། འཁྲུལ་པ་སྣང་བ་སྣ་ཚོགས་འདི།། ཡོད་ནས་མི་སྣང་མེད་ནས ་སྣང་།། དཔེར་ན་སྒྱུ་མའི་དཔེ་བརྒྱད་འདྲ།། སྐྱེས་བུ་གཉིད་ལོག་རྨི་ལམ་ན།། བུ་དང་ཆུང་མ་ནོར་ཕྱུགས་ལྡན།། ཤིན་ཏུ་ལོངས་སྤྱོད་སྒྱིད་ལྡན་ལ།། གོ་མཚོན་དམག་མང་དག་གིས་ནི།། བུ་བསད་ནོར་བཅོམ་སྡུག ་བསྔལ་རྨི།། སྐྱེས་བུ་དེ་ཡིས་རྨི་ལམ་དེ།། ཡོད་ནས་སྣང་ངམ་མེད་ནས་སྣང་།། སད་པར་གྱུར་ན་ཅི་སྙམ་སེམས།། འཁྲུལ་པའི་ཆོས་དེ་ཡོད་དམ་མེད།། དེ་བཞིན་ད་ལྟའི་འཁྲུལ་སྣང་ཡང་།། ཡོད་ནས་སྣང་ངམ་མེད ་ནས་སྣང་།། རྨི་ལམ་ཚུལ་དུ་ཀྲི་ལེ་མཉམ།། རྨི་ལམ་ཆོས་དེ་བདེན་ནམ་རྫུན།། བདེན་ན་བདེན་པར་ཀྲི་ལེ་མཉམ།། རྫུན་ན་རྫུན་པར་ཀྲི་ལེ་མཉམ།། དེ་བཞིན་སྒྱུ་མའི་མཁན་པོ་ཡིས།། སྒྱུ་མའི་སྐྱེས་པ་བུད་མེད ་དང་།། ཁང་ཁྱིམ་རོལ་མོ་གཅན་གཟན་ཀུན།། ཡོད་ནས་སྣང་ངམ་མེད་ནས་སྣང་།། སྒྱུ་མ་ཤེས་པས་སྒྱུ་མ་མེད།། སྒྱུ་མ་བདེན་རྫུན་སྒྱུ་མར་ཤེས།། དེ་བཞིན་འཁྲུལ་པའི་དངོས་པོ་འདི།། འཁྲུལ་པ་བདེན་རྫུན་འཁྲུལ ་པས་ཤེས།། སྒྱུ་མའི་ཆོས་དང་ཀྲི་ལེ་མཉམ།། དེ་བཞིན་སྨིག་རྒྱུ་ཆུར་སྣང་བ།། ཡོད་ནས་མི་སྣང་མེད་ནས་སྣང་།། དངོས་པོའི་ཆུ་ཡང་དེ་བཞིན་ནོ།། སྨིག་རྒྱུ་ཉིད་དང་ཀྲི་ལེ་མཉམ།། ཅིས་ཏེ་བདེན་པ་མེད་པའི ་ཕྱིར།། དེ་བཞིན་མིག་སྐྱོན་མིག་ཡོར་ཀྱང་།། ཡོད་ནས་མི་སྣང་མེད་ནས་སྣང་།། སྐྲ་ལོ་བལ་འདབ་ཁབ་ཙམ་ཀུན།། ཡོད་ནས་མི་སྣང་མེད་སྣང་ཕྱིར།། ཀུན་རྫོབ་དངོས་དང་ཀྲི་ལེར་མཉམ།། དངོས་པོ་འཁྲུལ་པ ་བདེན་པ་མེད།། དེ་བཞིན་སྤྲུལ་པའི་སྤྲུལ་པ་ཡང་།། ཡོད་ནས་མི་སྦྲུལ་མེད་ནས་སྤྲུལ།། སྤྲུལ་པ་ཡིན་པས་ཡོད་པ་མེད།། དེ་བཞིན་འཁྲུལ་པའི་ལས་རྣམས་ཀྱང་།། སྤྲུལ་པ་ཉིད་དང་ཀྲི་ལེ་མཉམ།། ཅི ་ཕྱིར་འཁྲུལ་པ་ཟེར་བས་ཆོག། དེ་བཞིན་གཟུགས་བརྙན་ཆུ་ཟླ་འདྲ།། ཀྲོང་ངེ་འདུག་ཀྱང་སྣང་བ་མེད།། ཡོད་ན་སྣང་བ་མཐུན་ནོ་ཅོག། སྣང་བ་གཅིག་ལ་མཐུན་པ་མེད།། གཟུགས་བརྙན་ཉིད་དང་ཀྲི་ལེ་མཉམ།། དེ ་ལྟར་སྒྲ་བརྙན་ལྟ་བུ་དེ།། ཡོད་ནས་མ་བཏགས་མེད་ནས་བཏགས།། ཡོད་ན་མིང་བཏགས་གཅིག་པར་རིགས།། གཅིག་ལ་མིང་མང་དོན་མཐུན་མེད།། སྒྲ་བརྙན་ཉིད་དང་ཀྲི་ལེ་མཉམ།། དེས་ན་བྲག་ཆ་ཉིད་དང་ཁྱད ་པར་མེད།། ཡོད་ནས་མི་སྣང་མེད་ནས་སྣང་།། དཔེར་ན་དྲི་ཟའི་གྲོང་འཁྱེར་འདྲ།། ཀྲོང་ངེ་འདུག་པའི་དུས་ན་མེད།། སྣང་བ་རང་གིས་མེད་པ་ཡིན།། མེད་ན་སེམས་ཀྱི་ཆོ་འཕྲུལ་ལྟོས།། སྒྱུ་མའི་ཆོས་ཉིད་མཐོང་ན ་ལྟ་བ་ཡིན།། མཐོང་མེད་མཐོང་ན་ཡིན་པ་མེད།། ལྟ་བ་ཡིན་པ་མེད་པ་ཡིན།། ཞེས་གསུངས་སོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྒྱུ་མ་དང་ཆོས་མཐུན་གྱིས་སྣང་བ་མེད་པར་ཟག་བཅད་པའི་ལྟ་བ་བསྟན་པའི ་ལེའུ་སྟེ་ཉེར་དྲུག་པའོ།། །། དེ་ནས་ཡང་བཀའ་སྩལ་པ། རྡོ་རྗེ་འཛིན་པའི་འཁོར་འདུས་ཉོན།། མཐོང་ངམ་མཐོང་ན་མཐོང་བས་ལྟོས།། མཐོང་བ་མེད་ན་ཅི་ཞིག་བསྒོམ།། དཔེར་ན་དམུས་ལོང་འགའ་དག ་གིས།། གླང་ཆེན་རྩལ་ལྡན་ལག་ནོམས་ནས།། སྣ་དང་མཇུག་མ་རྐང་ལག་རྒྱབ།། རང་རང་གང་རེག་བསྒོམ་པ་འདྲ།། བསྒོམ་པས་གླང་ཆེན་རིང་དུ་སྤངས།། ལྟ་བའི་གནས་ལུགས་མ་རྟོགས་པར།། སྒོམ་པ་བྱེད་པའི ་བླུན་པོ་རྣམས།། དམུས་ལོང་གླང་ཆེན་བསྒོམ་པ་འདྲ།། དེ་བས་མཁས་པས་ལེགས་པར་ལྟོས།། རྨི་ལམ་ལྟོས་ཤིག་མཐོང་བ་ན།། རྨི་ལམ་ཤེས་ནས་རྨི་ལམ་བསྒོམ།། རྨི་ལམ་གོམས་པ་བསྒོམ་པ་ཡིན།། སྒྱུ་མ་མཐོང ་ན་སྒྱུ་མ་བསྒོམ།། སྒྱུ་མའི་གཟུགས་དང་སྒྱུ་མའི་སྒྲ།། སྒྱུ་མའི་དྲི་དང་སྒྱུ་མའི་རོ།། སྒྱུ་མའི་རེག་དང་སྒྱུ་མའི་ཆོས།། སྒྱུ་མ་ལེགས་པར་མཐོང་བ་ན།། སྒྱུ་མ་འདྲིས་པ་བསྒོམ་པ་ཡིན།། བསྒོམ་པར་གྱིས་ཤིག་སྒྱུ་མ ་ལས།། སྒྱུ་མར་སྤྱོད་ཤིག་སྒྱུ་མ་ཡིན།། སྒྱུ་མ་འབྲས་མེད་འབྲས་བུ་ཡིན།། དེ་བཞིན་རྨི་ལམ་སྨིག་རྒྱུ་རྣམས།། དེ་ལྟར་མཁས་པས་ལེགས་པར་ལྟོས།། མཐོང་ངམ་མཐོང་ན་ལྟ་བ་ཡིན།། དེ་དག་གོམས་ན་སྒོམ ་པའོ།། གཉིས་མེད་སྤྲད་ན་སྤྱོད་པ་ཡིན།། འདུ་འབྲལ་མེད་པ་འབྲས་བུའོ།། ཞེས་གསུངས་སོ།། དེ་ནས་རིག་འཛིན་དགེ་མཐོང་དེས།། སངས་རྒྱས་རྡོ་རྗེ་སེམས་དཔའ་དང་།། མགོན་པོ་རྡོ་རྗེ་འཛིན་པ་ལ།། འཛུམ ་པའི་མདངས་ཕྱུང་གུས་བཏུད་ནས།། རྒྱལ་བའི་ཚོགས་ལ་འདི་སྐད་གསོལ།། དྲུག་གི་དཀྱིལ་འཁོར་གཉིས་འདུས་ལྷར།། བདག་འདྲ་མ་རིག་རྟོག་པ་ཡིས།། ཡང་དག་ཉིད་ལ་ལོག་བལྟས་ནས།། རྩ་བའི་དམ་ཚིག ་ཉམས་པའི་ཚོགས།། མི་འཆབ་མི་སྦེད་མཐོལ་ལོ་བཤགས།། སླན་ཆད་བསྡམ་མོ་དབང་མཛོད་ཅིང་།། སྔ་རབས་གོང་དུ་ཅི་བགྱིས་པ།། ལུས་ངག་ཡིད་ཀྱི་འབད་རྩོལ་གྱིས།། ཕ་རོལ་ཕྱིན་དྲུག་ཉམས ་བླངས་ནས།། འགྱོད་ཚངས་དཔང་གསོལ་ཞི་ཁྲོའི་ལྷར།། ལུས་ངག་ཡིད་གསུམ་མོས་ཕྱག་བཤགས།། བྱིན་རླབས་སྔགས་མཆོག་བརྒྱ་པ་ནི།། བདུན་གསུམ་ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་དུ་བཤགས་པ ་བྱ།། སྨྲེ་འགྱོད་མཐོལ་བ་གདུང་བའི་ཚིག། བརྐྱང་ཕྱག་གུས་ཕྱག་ཚིག་གིས་བཤགས།། སེམས་བསྐྱེད་ལ་བརྩོན་འགྲོ་བའི་དོན།། སྨོན་ལམ་བཀྲ་ཤིས་དགེ་བས་བཤགས།། ཐམས་ཅད་ཡུལ་མེད་མིང་བྲལ ་མཐོང་།། རྟོག་པ་མཉམ་ཉིད་ལྟ་བས་བཤགས།། ཨེ་མ་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། འདོད་པའི་ཡོན་ཏན་ལྔར་བསྒྱུར་ཏེ།། ཕྱི་ནང་གསང་བའི་མཆོད་པར་བཞེས།། བ་སྤུ་རྡུལ་ཕྲན་རེ་རེས ་ཀྱང་།། འགྲོ་བའི་དོན་རྣམས་བྱེད་པར་ཤོག། ཅེས་གསོལ་ནས། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་ཕུལ་ལོ།། དབང་མཆོག་རྒྱལ་པོའི་རྒྱུད་ལས། སྒྱུ་མ་བཤགས་མཆོད་སྨོན་ལམ་གྱི་ལེའུ་སྟེ་ཉེར་བདུན ་པའོ།། །། དེ་ནས་འཁོར་དེ་དག་གིས། རྡོ་རྗེ་སེམས་དཔའ་མགོན་པོ་ལགས།། རྒྱུད་ཆེན་འདི་ཡི་དཔེ་མཚོན་ཅི།། གང་གི་དུས་སུ་དར་བར་བགྱི།། ཞེས་ཞུས་སོ།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཉོན་ཅིག ་བཛྲ་པཱ་ཎི་སོགས།། ང་ཡི་རྒྱུད་ཆེན་རྒྱལ་པོ་ནི།། དཔེར་ན་ཉི་མ་མུན་པ་འདྲ།། མུན་ཁུང་སྒྲོལ་བའི་རྒྱུད་དུ་ཟུང་།། དཔེར་ན་ནད་དང་སྨན་ལྟ་བུ།། སྨན་མཆོག་རྒྱལ་པོའི་རྒྱུད་དུ་ཟུང་།། དཔེར་ན་རྩི་ཤིང་མེ་ལྟ ་བུ།། བསྐལ་པའི་མེ་ཆེན་རྒྱུད་དུ་ཟུང་།། དཔེར་ན་དམངས་དང་རྒྱལ་པོ་འདྲ།། དབང་མཆོག་རྒྱལ་པོའི་རྒྱུད་དུ་ཟུང་།། དམ་པ་རིགས་བརྒྱའི་ལྷ་གསལ་བས།། གསང་ཆེན་རིགས་བརྒྱའི་རྒྱུད་དུ་ཟུང་།། དེ་ཉིད་རིགས ་ལྔའི་ལྷར་བསྡུས་ནས།། ཡི་གེ་བརྒྱ་པའི་སྔགས་བརྗོད་པས།། ཡི་གེ་བརྒྱ་པའི་རྒྱུད་དུ་ཟུང་།། ཉམས་ཆག་ཐམས་ཅད་འདིས་བསྐང་བས།། བཤགས་པ་ཆེན་པོའི་རྒྱུད་དུ་ཟུང་།། འགྲོ་དྲུག་གནས་ནས་འདིས་འདྲེན ་པས།། འཁོར་བ་དོང་སྦུགས་རྒྱུད་དུ་ཟུང་།། ཐམས་ཅད་སྒྱུ་མར་ལ་ཟླ་བས།། སྒྱུ་མ་མཉམ་ཉིད་རྒྱུད་དུ་ཟུང་།། སྣང་སྲིད་ལྷ་དང་དཀྱིལ་འཁོར་དང་།། བསྙེན་བསྒྲུབ་བསྐྱེད་རྫོགས་དམ་ཚིག་སྔགས།། ཕྱག་རྒྱ་དབང ་དང་དམ་ཚིག་དང་།། འཁོར་འདས་ཐམས་ཅད་བལྟས་པས་མཐོང་།། ལྟ་བ་དབང་མཆོག་རྒྱུད་དུ་ཟུང་།། མཐོང་ནས་བསྒོམ་དུ་མེད་པས་ན།། སྒོམ་པ་དབང་མཆོག་རྒྱུད་དུ་ཟུང་།། ཅི་ཡང་སྤྱད་དུ་མེད་པས་ན།། སྤྱོད ་པ་རྒྱལ་པོའི་རྒྱུད་དུ་ཟུང་།། མཐོང་བས་འདུ་འབྲལ་མེད་མཐོང་བས།། འབྲས་བུ་དབང་མཆོག་རྒྱུད་དུ་ཟུང་།། ཉམས་གྲིབ་ཐམས་ཅད་འདིས་དག་པས།། དམ་ཚིག་ཁྲུས་ལུང་རྒྱུད་དུ་ཟུང་།། འཁོར་ཚོགས་འདུས་པ ་ཁྱེད་རྣམས་ཀྱིས།། དབང་མཆོག་རྒྱལ་པོའི་རྒྱུད་འདི་ནི།། དུས་ངན་ཐ་མའི་དུས་དག་ཏུ།། སྔགས་པས་དམ་ཚིག་མི་བསྲུང་བས།། ལས་ཀྱི་འབྲས་བུ་ངན་སོང་འཁོར།། ཟང་ཟིང་ནོར་གྱིས་མིག་བྲིད ་ནས།། ན་རཀ་གནས་སུ་འཁོར་བྱེད་པ།། དེ་དུས་ང་ཡི་རྒྱུད་འདི་འབྱུང་།། དཔེར་ན་ནོར་བུ་རིན་ཆེན་འདྲ།། དབུལ་དང་ནད་དང་འཇིགས་པ་མེད།། ཐར་པའི་ལམ་སྐལ་བྱེད་པར་ངེས།། དཔེར་ན་མཁའ་ལ་ཉི་ཤར ་ནས།། མུན་པའི་སྨག་ཉིད་གསལ་བའི་རྐྱེན།། ཉི་ཟླ་ལྟ་བུར་དོན་བྱེད་ངེས།། དཔེར་ན་མེ་དང་ཤིང་ལྟ་བུ།། ཤིང་ཉིད་མེ་ཡི་གྲོགས་སུ་ངེས།། ཀྱེ་ཧོ། ནམ་མཁའི་དབྱིངས་ན་འབྱུང་བ་གནས།། ས་ཆུ་མེ་རླུང་གང་ཡང ་སྣང་།། ཐམས་ཅད་ནམ་མཁའི་ངང་དུ་ཐིམ།། ཞེས་གསུངས་ནས་སྟོན་པ་ཉིད་མི་སྣང་བར་གྱུར་ཏོ།། དེ་ནས་རིག་འཛིན་གྱི་རྒྱལ་པོ་དགེ་མཐོང་ལ་སོགས་པ་འཁོར་རྣམས་ཀྱིས་མངོན་པར་བསྟོད་དེ་རྗེས་སུ་ཡི་རང ་ངོངོ།། སྤྲུལ་པ་རྣམས་ནི་མངོན་པར་བསྡུས་ཏེ། རྒྱུད་འདི་རྡོ་རྗེ་སྦྲུལ་སྐུ་པདྨ་བྱུང་གནས་ལ་གཏད་དོ། ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། རྒྱུད་ཀྱི་མཚོན་དཔེ་དང་ཡོངས་སུ་གཏད་པའི་ལེའུ་སྟེ་ཉེར་བརྒྱད ་པའོ།། །། ལེའུའི་གྲངས་ནི་ཉི་ཤུ་བརྒྱད།། དབུ་ཞབས་དོན་ནི་གསུམ་དུ་འདུས།། ཡང་དག་དོན་གྱི་མན་ངག་འདི།། སྒྱུ་མ་མཉམ་པ་ཉིད་ལ་བལྟ། ཨུ་རྒྱན་གྱི་མཁན་པོ་པདྨ་བྱུང་གནས་དང་། བོད་ཀྱི་ལོཙྪ་བ ་ནམ་མཁའི་སྙིང་པོས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། བཛྲ་སཏྭ་ཤ་ཏཱ་ཀྵ་ར་ཨ་བྷི་ཥེ་ཀ་ཏོཏྟ་མ་རཱ་ཛ་ཙིཏྟ་ཀརྨ་སརྦ་ས་མ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་ཐུགས་ཕྲིན་ལས་ཐམས ་