| Wylie | e-texts produced with BDRC’s OCR application |
ཕབ་པའོ།། གཏེར་རྒྱ། སྦས་རྒྱ། གཏད་རྒྱ།། ། རྒྱ་གར་སྐད་དུ།། ག་ག་ན་གརྟྟི་ཏ་ར་བ་ཎ་མཻ་གྷ་ཛྱོ་ཏུ་བེ་ཤོརྨྨི་སྭ་མཱ་ཛ་ས་མཱ་ནྱ་ཛ་ཡ་མུ་དྲ་གྲནྨ་ཏནྟ། བོད་སྐད་དུ། ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང ་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད།། ཐིག་ལེ་ཀུན་འདུས་ལ་ཕྱག་ཚལ་ལོ།། འདི་སྐད་བདག་གིས་ཅིར་ཡང་མ་ཐོས། ཅིར་ཡང་མ་མཚོན། ཚིག་ཏུ་མ་བརྗོད། དུས་མེད་པ་ན། སྐྱེ་མེད་སྙིང་པོའི་ཀློང་ན་ཀ་དག་ཆོས་སྐུ ་བཞུགས།། དངོས་མེད་དང་དངས་འཁོར་ལ་བློ་འདས་བྱར་མེད་གསུངས།། སྔོན་མེད་ཕྱིས་མེད་དུས་གསུམ་དབྱེར་མེད་དུས།། སྡུད་པ་པོ་ནི་དངོས་མེད་དང་དངས་སོ།། དེ་ནི་ཕུན་སུམ་ཚོགས་པར་བསྟན་པའོ།། དེ ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། ཕུན་སུམ་ཚོགས་དོན་དེ་ལྟར་ན།། སངས་རྒྱས་བྱ་བ་ཡོད་དམ་མེད།། སེམས་ཅན་བྱ་བ་ཅི་ལ་ཟེར།། དེ་ཉིད་ངོ་བོ་གཅིག་མི་གཅིག། གཅིག་ན་འཁོར ་འདས་གཉིས་བྱུང་གང་།། མི་གཅིག་འབྲེལ་པ་མེད་ལགས་སམ།། ཞེས་སྟོན་པ་ལ་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད།། ཀ་དག་ཉིད་ལ་སངས་རྒྱས ་ཡོད་མ་ཡིན།། སེམས་ཅན་བྱ་བ་འགྱུ་སེམས་སྡུག་བསྔལ་ཅན།། དེ་གཉིས་གཞི་ལ་གྲུབ་པ་གང་ཡང་མེད།། མེད་ལས་བྱུང་བས་ངོ་བོར་གཅིག་པ་སྟེ།། ངོ་བོ་གཅིག་ལ་སྣང་ཚུལ་རྣམ་པ་གཉིས།། འཁོར་དང་མྱ་ངན ་འདས་པ་གཉིས་བྱུང་ཡང་།། ཐ་དད་མ་ཡིན་ངོ་བོར་འབྲེལ་པ་ཡིན།། ཞེས་གསུངས་སོ།། ཕུན་སུམ་ཚོགས་པ་དང་གླེང་བསློང་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། ཀ་དག ་ཉིད་ལ་འདི་སྐད་ཞུས།། སེམས་དང་ཆོས་རྣམས་ཡོད་དམ་མེད།། སྐུ་དང་ཡེ་ཤེས་གང་ལ་ཟེར།། དུག་ལྔ་སྐུ་ལྔ་ཡོད་དམ་མེད།། མ་རིག་ཡེ་ཤེས་ཅི་ལ་ཟེར།། འཁོར་བ་མྱང་འདས་ཡོད་དམ་མེད།། སངས་རྒྱས་སེམས ་ཅན་ཅི་ལ་ཟེར།། དགེ་སྡིག་བྱ་བ་ཡོད་དམ་མེད།། མཐོ་རིས་ངན་སོང་ཅི་ལ་ཟེར།། ཆོས་རྣམས་ཉན་བཤད་ཡོད་དམ་མེད།། ཐེག་སྒོ་རབ་འབྱམས་ཅི་ལ་ཟེར།། བག་ཆགས་སྒྲིབ་གཡོགས་ཡོད་དམ་མེད།། ལས་འཕྲོ ་རྣམ་སྨིན་ཅི་ལ་ཟེར།། ཞེས་སྟོན་པ་ལ་ཞུས་སོ།། འཁོར་གྱིས་གླེང་སློང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དང་དངས་ཁྱེའུ་ཆུང་གིས།། ཆོས་དང་སེམས་རིག་ཡོད་དམ་མེད།། ཅེས་ཞུས་པ་དང་། སྟོན་པས ་འཁོར་ལ་བཀའ་སྩལ་པ།། དངོས་མེད་ཀ་དག་སྟོང་པ་ལ།། ཆོས་རྣམས་མིང་ཡང་ཡོད་མ་ཡིན།། ཆོས་སུ་སྣང་བ་འཁྲུལ་པའི་སེམས།། ཆོས་རྣམས་སེམས་ཀྱི་འཁྲུལ་པ་ཡིན།། བྱར་མེད་བློ་འདས་ཆོས ་རྣམས་མེད།། སེམས་མེད་རིག་མེད་འཛིན་རྟོག་མེད།། སེམས་མེད་ཀ་དག་ཀློང་དུ་གྱུར།། རིག་མེད་དང་དངས་སྟོང་སང་ངོ་།། གསལ་གདངས་ཅིར་ཡང་བརྗོད་དུ་མེད།། ཅེས་གསུངས་སོ།། སེམས་དང་ཆོས་མེད ་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དང་དངས་ཁྱེའུ་ཆུང་གིས་ཞུས་པ། སྐུ་དང་ཡེ་ཤེས་ཅི་ལ་ཟེར།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྐུ་དང་ཡེ་ཤེས་བླ་དགས་ཡིན།། ཀ ་དག་ཉིད་ལ་སྐུ་དང་ཡེ་ཤེས་མེད།། ཅེས་གསུངས་སོ།། སྐུ་དང་ཡེ་ཤེས་མེད་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། ངང་དངས་ཁྱེའུ་ཆུང་གིས་ཞུས་པ།། དུག་ལྔ་སྐུ་ལྔ་ཡོད་དམ་མེད།། མ་རིག་བྱ་བ་ཅི་ལ ་ཟེར།། ཞུས་པས། སྟོན་པས་བཀའ་སྩལ་པ། ཀ་དག་དྲི་མེད་དུག་མེད་པས།། དུག་ལྔ་སྐུ་ལྔ་གཉིས་ཀ་མེད།། འདོད་ཆགས་ཞེ་སྡང་གཏི་མུག་མེད།། ང་རྒྱལ་ཕྲག་དོག་ཀ་ནས་དག། སྐུ་གསུམ་དབྱེར་མེད་སྐུ་ལྔ ་མེད།། ཀ་དག་སྟོང་གསལ་མ་རིག་མེད།། ཅང་མེད་ཡེ་གསལ་ཡེ་ཤེས་མེད།། མ་རིག་ཡེ་ཤེས་རྣམ་གཉིས་ཀྱང་།། ཀ་དག་མ་དག་རྣམ་གཉིས་ལས།། མ་རིག་ཡེ་ཤེས་གྲུབ་པ་མེད།། ཅེས་གསུངས་སོ།། དུག་ལྔ ་རིག་ཡེ་ཤེས་མེད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། ངང་དངས་ཁྱེའུ་ཆུང་གིས་ཞུས་པ།། འཁོར་བ་མྱ་ངན་ཡོད་དམ་མེད།། སངས་རྒྱས་སེམས་ཅན་ཅི་ལ་ཟེར།། ཞུས་པས། སྟོན་པས་བཀའ་སྩལ ་པ།། འཁོར་བ་མྱ་ངན་བློ་ཡི་ཡུལ།། ཆགས་སྡང་བློ་ཡུལ་མ་ཟད་པར།། འཁོར་བ་ཟད་པར་མི་འགྱུར་རོ།། དངོས་མེད་བློ་འདས་འཁོར་འདས་ཆོས།། རྣམ་རྟོག་རང་སངས་ཀ་དག་རྒྱས།། ཅི་ཡང་མི་འགྱུར་འཛིན། ་རྟོགས་སངས།། སྡུག་བསྔལ་དང་དངས་བདེ་ཆེན་རྒྱས།། སེམས་ཅན་རྟོག་སངས་ཀ་དག་རྒྱས།། ཀ་དག་དངོས་མེད་བློ་འདས་ལ།། སངས་རྒྱས་སེམས་ཅན་ཡོད་མ་ཡིན།། ཞེས་གསུངས་སོ།། འཁོར་འདས་མེད་པར ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། ངང་དངས་ཁྱེའུ་ཆུང་གིས་ཞུས་པ།། དགེ་སྡིག་མཐོ་རིས་ངན་སོང་གང་།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཀ་དག་རྟོགས་ན་དགེ་སྡིག་མེད།། གཉིས་ཀ། ་བྱར་མེད་མ་བྱས་པས།། མཐོ་རིས་ངན་སོང་སྐྱེ་ལྷུང་མེད།། དངོས་མེད་ཀ་དག་རྣལ་རྟོག་པས།། དགེ་སྡིག་མཐོ་རིས་ངན་སོང་མེད།། སྡིག་པ་མི་སྤྱོད་མི་དགེ་སྦྱོད།། ཀ་དག་རེ་དོགས་ཁར་མི་འཚོང་།། ཞེས་གསུངས ་སོ།། དགེ་སྡིག་མེད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །། ངང་དངས་ཁྱེའུ་ཆུང་གིས་ཞུས་པ། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། ཐེག་པ་བརྒྱད་ཁྲི་བཞི་སྟོང་ཡོད་དམ་མེད།། ཉན་བཤད་མཚོན་ཚིག་ཅི་ལ ་ཟེར།། ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐེག་པ་བརྒྱད་ཁྲི་བཞི་སྟོང་རྣམས།། མ་རྟོགས་ལོག་རྟོགས་དྲང་ཕྱིར་ལས།། ཀ་དག་དང་ལ་ཆོས་ཀུན་མེད།། མེད་ལས་སྣ་ཚོགས་མེད ་ལ་ཐིམ།། དབྱེར་མེད་གཅིག་འདྲེས་ཐ་སྙད་མེད།། བློ་འདས་དངོས་མེད་རྟོགས་པ་ཡིན།། མཚོན་པའི་ཚིག་གོ་རྒྱ་མཚོ་མེད།། ཆོས་མེད་བཤད་མེད་ཉན་པ་མེད།། མཚོན་མེད་དཔེ་མེད་ཟླ་མེད་དོ།། ཞེས་གསུངས ་སོ།། ཆོས་སྐུ་ལ་ཉན་བཤད་མེད་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང་གིས།། སྐྱེ་མེད་ཀ་དག་ཆོས་སྐུ་ལ།། བག་ཆགས་སྒྲིབ་གཡོགས་ཡོད་དམ་མེད།། ལས་འཕྲོ་རྣམ་སྨིན་ཅི་ལ ་ཟེར།། ཞེས་ཞུས་པས།། སྟོན་པས་འཁོར་ལ་བཀའ་སྩལ་པ།། སྟོང་གསལ་ཀ་དག་དོན་རྟོགས་ན།། བག་ཆགས་སྒྲིབ་གཡོགས་མ་རིག་མེད།། ལས་འཕྲོ་རྣམ་སྨིན་བསྒྲིབ་མི་སྲིད།། ཀ་དག་སྟོང་གསལ་དངས་སང ་དེ།། གསལ་དག་ཀློང་ན་ཅི་ཡང་མེད།། ཅི་སྣང་ཅིར་ཡང་མ་གྲུབ་སྟེ།། རྩལ་སྣང་རང་བྱུང་ཉིད་དུ་དངས།། དབྱེར་མེད་གདེང་ལྡན་སྒྲིབ་གཡོགས་མེད།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། རང་བྱུང་ཡེ་ཤེས་ཡོད་མ ་ཡིན།། བྱར་མེད་ལས་མེད་རྣམ་སྨིན་མེད།། ཅེས་གསུངས་སོ།། བག་ཆགས་ལས་ཀྱི་རྣམ་སྨིན་མེད་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ངང་དངས་ཁྱེའུ་ཆུང་གིས་ཞུས་པ།། ནམ་མཁའ་འབྲུག ་སྒྲོགས་དཔེ་ཡིས་མཚོན་ནས་ནི།། གནམ་ཐོག་རྒྱ་མཚོར་བབས་པ་ཇི་ལྟར་བསྟན།། ཆུ་སྲིན་ནོར་བུ་རྒྱ་མདུད་དཔེ་གང་མཚོན།། ཞེས་ཞུས་པ་དང་། དེ་ནས་སྟོན་པས་འཁོར་ལ་བཀའ་སྩལ་པ།། མཁའ་ཀློང་ཕྱོགས ་མེད་ནམ་མཁའི་ཀློང་ཡངས་ནས།། ཀ་དག་སྤྱི་རྗེ་བློ་འདས་འབྲུག་སྒྲོགས་པས།། དངོས་མེད་ཀློང་ནས་སྟོང་གདངས་འབྲུག་སྟོང་ལྡིར།། སྤྱི་ཕུད་དགུ་རྩེ་རྣམ་དག་བློ་འདས་བབས།། འཁོར་བའི་རྒྱ་མཚོ་ཀློང་བཅས ་ཉོན་མོངས་རླབས།། བྱ་རྩལ་ཞེ་འདོད་མེད་པར་ཆུ་སྲིན་མགྲིན་པར་ཆུད།། དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འཆང་།། དངོས་མེད་རྒྱ་ལས་བློ་འདས་འཕྲུལ་གྱི་མདུད།། དུས་གསུམ་མི་འགྱུར་ཐིག་ལེ་ཉག ་གཅིག་རྒྱུད།། ཉོན་མོངས་གཏན་བརླག་གནམ་ཐོག་ཀློང་བབ་རྒྱུད།། དྲག་ལ་མྱུར་བས་རྡུག་མེད་ཐོག་བབས་པས།། ཀ་དག་དངོས་མེད་བློ་འདས་ཡང་གསང་རྒྱུད།། ནམ་མཁའི་དཔེས་བསྟན་སྙིང་པོ་ཆོས་ཉིད ་སྟོན།། ཕྱོགས་མེད་སྟོང་གསལ་གསལ་ལ་དངོས་གཞི་མེད།། འབྲུག་སྒྲོག་དཔེས་མཚོན་མ་བཀག་རྩལ་ཟེར་སྟོན།། སྣང་སྟོང་གྲག་སྟོང་རིག་སྟོང་དབྱིངས་སུ་དངས།། ཡིད་རིག་གར་ཡང་མི་འགྱུ་སྙིང་པོ་མ ་ལ་ཐིམ།། ཐོགས་བཇུག་མེད་པའི་གདམས་པའི་ཐོག་བརྒྱབས་པས།། ཁམས་གསུམ་འགྲོ་དྲུག་ཉོན་མོངས་དུག་ལྔ་བརླག། རྒྱ་མཚོའི་ཀློང་གི་རུས་སྦལ་ནོར་བུ་མདུད།། དགོངས་པ་མི་འགྱུར་གཡོ་འགུལ་མེད་པའི ་ཀློང་།། རུས་སྦལ་མཁར་གཞོང་བཅུག་པས་གར་མི་བརྟོལ།། ཀ་དག་དངོས་མེད་རྟོག་པ་ལས་གཞན་མེད།། མེད་ལས་སྣ་ཚོགས་ཅད་མེད་ཅིར་ཡང་སྣང་།། གཅིག་ནི་མ་གྲུབ་སྟོང་ཉིད་ལས་བྱུང་དངས ་སང་ངེ།། ཡེ་མེད་དངོས་མེད་སྟོང་གསལ་ངང་གིས་དངས།། གཏིང་གསལ་འོད་གསལ་ཅང་མེད་བྱ་བཙལ་མེད།། བསམ་མེད་བསམ་གྱིས་མི་ཁྱབ་མཚོན་ཚིག་མེད།། བརྟག་མེད་བརྟག་དཀའ་བཙལ་མེད་བཞག་ན ་གསལ།། ཐ་སྙད་ཙམ་ཡིན་སྒྲ་བསམ་ཡུལ་ལས་འདས།། ཞེས་གསུངས་སོ།། ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད་ལས། རྒྱུད་ཀྱི་མཚོན་དཔེ་བསྟན་པའི་ལེའུ་སྟེ་བཅུ ་པའོ།། །། ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་ཆུ་སྲིན་ནོར་བུ་འཕྲུལ་གྱི་རྒྱ་མདུད་གྱི་རྒྱུད་རྫོགས་སོ།། །། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ལོ་ཙྪ་བ་སྐ་བ་དཔལ ་བརྩེགས་ཀྱིས་བསྒྱུར་ནས་ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ་གདམས་པ། རིན་པོ་ཆེའི་གཏེར་དུ་སྦས་སོ།། །། རྒྱ་གར་སྐད་དུ། དྲྀཥྚི་མ་ཧཱ་ནི་ཡ་མ་རཏྣ་དཱི་པ་མཱུ་ལ་ཏནྟྲ། བོད་སྐད་དུ། ལྟ་བ་ལ་ཤན་ཆེན་པོ་རིན་ཆེན ་